ཁྲོོན་པའིི་ནང་གིི་སྦལ་པ་། རིི་མོོ་བ། ཉིི་མ་ཆོོས་སྒྲོོན།
ཤེེས་རིིག་ལས་ཁུངས་ཀྱིིས་དཔར་འགྲེེམས་ཞུས།
སྔོོན་གླེེང་།
༄༅། །བོོད་མིིའིི་སྒྲིིག་འཛུགས་ཤེེས་རིིག་ལས་ཁུངས་ནས་ལོོ་རབས་དགུ་བཅུའིི་འགོོ་སྟོོད་
ཙམ་ནས་བོོད་སློོབ་ཁག་གིི་སློོབ་ཕྲུག་ཚོོར་སློོབ་དེེབ་ལས་གཞན་པའིི་གཞོོགས་འདེེགས་རྒྱུ་ ཆའིི་སྟོོང་ཆ་སྐོོང་ཐབས་སླད་བརྗོོད་བྱ་འདྲ་མིིན་ལྡན་པའིི་དུས་དེེབ་དང་། མཚར་གཏམ། དུས་ ཆེེན་ངོོ་སྤྲོོད། མིི་སྣའིི་ལོོ་རྒྱུས། ཕ་ཡུལ་ཕྱོོགས་བསྒྲིིགས་དེེབ་ཕྲེེང་། གླིིང་སྒྲུང་། གངས་ལྗོོངས་
བྱིིས་པའིི་བརྙན་དེེབ་སོོགས་དེེབ་རིིགས་སྣ་མང་འདོོན་སྤེེལ་ཞུས་དང་ཞུ་བཞིིན་ཡོོད་མོོད། ཕྱིི་ ལོོ་ ༢༠༡༥ ནས་བཟུང་ཨ་རིིའིི་བོོད་ཀྱིི་ཐེེབས་རྩའིི་མཐུན་འགྱུར་འོོག་ལོོ་རེེར་སློོབ་ཕྲུག་གིི་ ཁམས་དང་མཐུན་པའིི་ཨིིན་ཡིིག་དེེབ་གྲངས་ ༡༠ རེེ་བོོད་བསྒྱུར་ཞུ་འགོོ་ཚུགས་ཡོོད། བོོད་
བསྒྱུར་ཞུས་པའིི་དཔེེ་དེེབ་རྣམས་ལས་མིི་རིིགས་གཞན་གྱིི་རྩོོམ་རིིག་གིི་སྒྱུ་རྩལ་དང་། འབྲིི་ ཐབས། འཚོོ་བ། རིིག་གཞུང་སོོགས་རིིག་ཚན་དུ་མ་རྒྱུས་ལོོན་ཐུབ་རྒྱུ་དང་། དེེ་དག་ལས་ ལེེགས་ཆ་བླངས་ཏེེ་རང་མིི་རིིགས་ཀྱིི་ཁྱད་ཆོོས་བཟང་པོོའི ི་ཐོོག་མཛེེས་རྒྱན་དུ་སྤྲས་རྒྱུར་ དམིིགས་པ་ཡིིན། དེེ་ལྟར་ན་རྒྱ་ཆེེའིི་ཀློོག་པ་པོོ་སྤྱིི་དང་། ཡང་སྒོོས་སློོབ་ཕྲུག་ཚོོས་སྤྲོོ་བ་ཆེེན་ པོོས་ལྗགས་ཀློོག་གནང་བའིི་རེེ་བ་ཞུ་རྒྱུ་བཅས། བོོད་མིིའིི་སྒྲིིག་འཛུགས་ཤེེས་རིིག་ལས་ ཁུངས་ནས། བོོད་རྒྱལ་ལོོ་ ༢༡༥༠ ཆུ་ཡོོས། ཕྱིི་ལོོ་ ༢༠༢༣ ལོོར།
སྔོོན་ཁྲོོན་པ་ཞིིག་གིི་ནང་སྦལ་པ་ཞིིག་ཡོོད།
3
ཉིིན་ཞིིག རུས་སྦལ་ཞིིག་རྒྱ་མཚོོའིི་རླབས་ཀྱིིས་དེེད་ ནས་ཁྲོོན་པ་དེེའིི་ནང་ལྷུང་།
4
ཁྱེེད་སུ་ཡིིན། གང་ནས་ ཡོོང་བ་ཡིིན་ནམ།
ང་རུས་སྦལ་ཡིིན།
རྒྱ་མཚོོ་ནས་ཡོོང་བ་ཡིིན།
5
ཁྱེེད་རང་ཕྱིིར་ལོོག་ གིི་མིིན་ནམ།
ང་ཕྱིིར་ལོོག་གིི་མིིན།
འདིིར་གཏན་དུ་སྡོོད་ཀྱིི་ཡིིན།
6
རྒྱ་མཚོོ་ངའིི་ཁྲོོན་པ་འདིིའིི་ ཕྱེེད་ཀ་ཙམ་ཡོོད་དམ།
ཆེེ་བ་ལོོས་ཡོོད།
7
བྱས་ན། ངའིི་ཁྲོོན་པ་ ལས་ཆེེ་བ་ཡོོད་དམ།
ཡོོད་དང་ཡོོད། ཁྱེེད་ཀྱིི་ ཁྲོོན་པ་ལས་ཆེེ་བ་ཡོོད།
8
ཁྱེེ ད ་ཁྲོོ ན ་པ་
འདིི་ནས་ཕྱིིར་ཐོོན་མྱོོང་མེེད་པ་འདྲ། ཐོོས་རྒྱ་དང་
མཐོོང་རྒྱ་དེེ་འདྲའིི་ཆུང་བ་ལ་ཨང་། རྒྱ་མཚོོ་ནིི་ཧ་ཅང་རྒྱ་ཆེེ་བས། ཁྱེེད་ཀྱིིས་རྒྱ་མཚོོའིི་ཚད་འཇལ་མིི་ཐུབ་ལ། ཁྱེེད་ཀྱིི་ཁྲོོན་པ་ འདིི་རྒྱ་མཚོོ་དང་འགྲན་ཐབས་མེེད།
འོོ་ན། ཇིི་ཙམ་གྱིི་ ཆེེ་བ་ཡོོད་དམ།
9
ངའིི་ཁྲོོན་པ་ལས་རྒྱ་མཚོོ་ཆེེ་བ་
སོོ་སོོའི་སྡོོ ི ད་སར་བསྟོོད་བསྔགས་ གཏོོང་གིི་འདུག་སྙམ་ནས། ཧང་སང།...
ཡོོད་མིི་སྲིིད།
10
དྲེེགས་པའིི་ལོོང་བ་འགའ་ཞིིག་ནིི།།
རང་གིི་སྐྱོོན་རྣམས་མ་བསམས་པར།། ཡོོན་ཏན་ཕྲ་མོོས་རབ་མགུ་བ།།
ཁྲོོན་པའིི་ནང་གིི་སྦལ་པ་བཞིིན།།
བྱིི་བས་གླང་ཆེེན་བསླངས་པ།
སྔོོན་བྱིི་བ་ཞིིག་ས་དོོང་གཏིིང་རིིང་པོོ་ཞིིག་ཏུ་ལྷུང་ནས་ཐོོན་མ་
ཐུབ་པར། བཀྲེེས་སྐོོམ་གྱིིས་མནར་ནས་གཟུགས་པོོ་སྐྱོོ་པོོ་ ཆགས་ཤིིང་། སྡུག་སྐད་འདོོན་བཞིིན་བསྡད།
13
གླང་ཆེེན་ཞིིག་ས་དོོང་དེེའིི་འགྲམ་དུ་འགྲོོ་སྐབས་སྒྲ་ཞིིག་ཐོོས་ནས་ལྟ་སྐབས། དེེར་བྱིི་བ་ཞིིག་ཡོོད་པ་མཐོོང་།
14
གླང་ཆེེན་གྱིིས་མཇུག་མ་ས་དོོང་དེེར་བརྐྱངས་པ་དང་། བྱིི་བས་དེེ་ལ་འཇུས་ ནས་ས་དོོང་ནས་ཐར་ཐུབ་ཙམ་བྱུང་།
15
བྱིི་བ་དེེ་ཧ་ཅང་དགའ་ནས་གླང་པོོ་ཆེེ་ལ། ཁྱེེད་ནིི་བདག་གིི་སྲོོག་སྐྱོོབ་དྲིིན་ཆེེན་ ཡིིན་པས། ངས་ཀྱང་ཁྱེེད་ཀྱིི་བཀའ་དྲིིན་མིི་བརྗེེད་པར་བྱེེད་ཀྱིི་ཡིིན། ཞེེས་ཞུས།
16
གླང་པོོ་ཆེེས། ཁྱེེད་ཀྱིིས་སྡུག་སྐད་འདོོན་པ་ཐོོས་པས་སྙིིང་རྗེེ་སོོང་། དེེར་བརྟེེན་
ཁྱེེད་རང་ཕྱིིར་བཏོོན་པ་ཡིིན། ཁྱེེད་ཀྱིིས་ང་ལ་ཕན་ཐོོགས་རྒྱུའིི་རེེ་བ་མེེད་ཀྱང་།
དྲིིན་ལན་འཇལ་གྱིི་ཡིིན་ལབ་པ་ཙམ་གྱིི་ཡག་པོོ་རེེད། ཁྱེེད་རང་སྐྱིིད་པོོའི་ངང་ ི སྡོོད། ཅེེས་ལབ་སྟེེ་ཕྱིིན།
17
དེེ་ནས་དུས་ཡུན་རིིང་པོོ་ཕྱིིན་པའིི་རྗེེས། གླང་པོོ་ཆེེ་དེེ་ལུས་སྟོོབས་ཉམས་པ་ དང་། ས་དོོང་ཞིིག་ཏུ་འགྱེེལ་ནས་ལངས་མ་ཐུབ་པར་སྡུག་སྐད་རྒྱག་བཞིིན་ ཡོོད་པ་བྱིི་བ་དེེས་མཐོོང་།
18
བྱིི་བས་དེེ་མ་ཐག་བྱིི་བའིི་ཚོོགས་རྣམས་སྐད་བཏང་བ་ དང་། གླང་ཆེེན་དེེ་ཡར་སློོང་ཐབས་བྱས།
19
བྱིི་བ་ཚང་མས་ཕྱོོགས་གཅིིག་ནས་ས་བྲུས་ཏེེ། མཐར་གླང་ཆེེན་དེེ་ ཡར་བསླངས།
ཀུན་ལ་མཐོ་དམན་མེད་པ་ཡི།། ཉི་མ་ལྟ་བུའི་ཕན་བྱས་ན།།
ཀུན་གྱིས་ལན་རྣམས་ལྡོན་འགྱུར་ཏེ།། བྱི་བས་གླང་ཆེན་བསླངས་པ་བཞིན།།
20
བསམ་གཞིིག་གྱིིས། ) ཁྱེད་ཀྱིས་སྒྲུང་བཀླགས་ཏེ་ཅི་ཞིག་ཚོར་བྱུང་ངམ། ) རང་ཉིད་ངོས་ནས་དེ་ལྟ་བུའི་སྒྲུང་ཞིག་རྩོམས།
) སྒྲུང་དེ་གཉིས་ཀྱི་མི་སྣ་གཙོ་བོ་ངོས་བཟུང་སྟེ་ཁྱད་པར་བྲིས། ) ཁྱེད་ལ་སྒྲུང་དེ་གཉིས་ནས་བསླབ་བྱ་གང་ཐོབ་བྱུང་ངམ།