འགོ་བརྗོད།
འགོ་བརྗོད།
༄༅། །གནས་བཤད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། རྩོམ་པ་པོ། ཚེ་རིང་དཔལ་འབྱོར། སྦྱིན་བདག་རྡོ་རྗེ་གདན་གྱི་བླམ་ཡེ་ཤེས། ཞུན་དག་པ། ཚེ་དབང་རིག་འཛིན། བཟོ་བཀོད་འབད་མི། བསམ་གཏན། པར་སྐྲུན་གནམ་ལོ། ༢༠༡༣
དེབ་འདི་རྩོམ་པ་པོ་ལས་ཡིག་ཐོག་གི་གནང་བ་མེད་པར་ ག་གིས་ཡང་པར་སྐྲུན་འབད་མི་ཆོག
ISBN # 978-99936-921-0-2
II
འགོ་བརྗོད།
རྩོམ་པ་པོའི་སྔོན་གླེང་། ༈ གནས་བཤད་ཀྱི་སྐོར་ལས་ལོ་རྒྱུས་མདོར་བསྡུས་ཅིག་ཞུ་བ་ཅིན། སྟོན་པ་ བཅོམ་ལྡན་འདས་ཁོ་རང་གི་ཞལ་ལས། ང་བཤགས་ཚར་བའི་ཤུལ་ལུ། སངས་ རྒྱས་སྐུ་འཁྲུངས་པའི་གནས། སངས་རྒྱས་པའི་གནས། ཆོས་འཁོར་བསྐོར་བའི་
གནས། མྱ་ངན་ལས་འདས་པའི་གནས་དང་བཅས་པའི་གནས་ཆེན་བཞིཔ་འདི་
མཇལ། སེམས་ལུ་དྲན། བསྐོར་ར་རྐྱབ། ཕྱག་འཚལ། ཤི་བའི་དུས་ལུ་ཡང་ ང་སེམས་ལུ་དྲན་ཞིནམ་ལས་ཤི་མི་དེ་ཚུ་ག་ར་བདེ་འགྲོ་ལྷ་དང་མིའི་གོ་འཕང་ འཐོབ་འོང་། ཟེར་གསུངས་ནུག།
སངས་རྒྱས་ཀྱིས་གསུངས་དོ་བཟུམ་སྦེ་རང་། ང་བཅས་ར་སྨན་ལྗོངས་འབྲུག་གི་ རྒྱལ་ཁབ་འདི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིནམ་མ་ཚད།
འདི་ནང་བཞུགས་
མི་སྐྱེ་བོ་ཕོ་མོ་དེ་ཚུ་ཡང་། ག་ར་ནང་པའི་ཆོས་ལུ་དད་པ་ཡོད་མི་སངས་རྒྱས་ཀྱི་ རྗེས་འཇུག་ཨིནམ་ལས། ཅིག་འཚོལ་ཏེ།
རང་གི་ལཱ་དང་གཡོག་གི་ཤུམ་ལས་ཡང་དལ་ཁོམ་
རང་གི་མི་ཚེ་ནང་རྡོ་རྗེ་གདན་གྱིས་གཙོས་པའི་རྒྱ་གར་ནང་
པའི་གནས་ཆེན་དེ་ཚུ་ཚར་ཅིག་འདི། ཨིན་གཅིག་མིན་གཅིག་རང་མཇལ་བར་ འབྱོནམ་ཨིན།།
ཨིན་རུང་གནས་མཇལ་བར་འབྱོ ན་པའི་སྐབས་ལུ་མང་ཤ ོ ་ རང་གནས་ཀྱི་ས་ ཁོངས་ནང་ཕྱག་ཅིག་འཚལ་སྦེ་ལོག་འགྱོཝ་མ་གཏོགས།
གཞན་དང་མ་འདྲ་
བའི་སངས་རྒྱས་ཀྱི་མཛད་རྣམ་དེ་ཚུ་སེམས་ལུ་དྲན་ཞིནམ་ལས་མོ ས ་གུས་ གདུང་ཤུ གས་ཀྱི་ཐོག་ལས་རྗེས་སུ་ཡིད་རངས་བསྐྱེད་ནི་དང་།
གསོལ་བ་སྨོན་
ལམ་བཏབ་ནི་ལ་སོགས་པ་ཚུ་ག་ནི་ཡང་མེད་པར་ལོག་འགྱོ་མི་དེ་སེམས་ཕམ་ III
གྱི་གཞི་ཅིག་ཨིན་མས།།
འགོ་བརྗོད།
གནས་དེ་ཚུ་མཇལ་བར་འབྱོན་པའི་སྐབས་ལུ་ཡང་། རང་གིས་ཤེས་དགོཔ་དག་
པ་ཅིག་ཡོད། དེ་ཚུ་མ་ཤེས་པ་ཅིན་གནས་དེ་མཇལ་བའི་སྐབས་ལུ། ག་ཏེ་འགྱོ་
རུང་ས་དང་རྡོ་སྤུངས་སྤུངསམ་ཅིག་ལས་མེད་ནི་དེ་གིས། རང་གི་སེམས་ལུ་དད་ པ་དང་ཡིད་ཆེས་ཅིག་རྩ་ལས་བསྐྱེད་མི་ཚུགས།། ང་བཅས་ཀྱིས་ག་ཅི་ཤེས་དགོཔ་ཟེར་བ་ཅིན།
ཧེ་མ་བཅོམ་ལྡན་འདས་ཁོ་རང་
བཞུགས་པའི་སྐབས་ལུ་དང་། དེ་གི་ཤུལ་ལས་དགེ་འདུན་གྱི་སྡེ་དེ་ཚུ་བཞུགས་
པའི་སྐབས་ལུ་ས་གནས་དེ་ཚུ་ནང་། ལྷ་ཁང་དང་གཙུག་ལག་ཁང་། དགེ་སློང་ བཞུགས་ས་དེ་ཚུ་གྲྭ་མཁས་མཁས་དང་གྲུ་ལམ་ལམ་སྦེ་ཡོདཔ་མ་ཚད།
ཕན་
པ་དང་བདེ་བ་ག་ར་གི་རྒྱུ་ཅིག་ཨིན་མི་སངས་རྒྱས་ཀྱི་བསྟན་པ་འདི་གངས་ལས་ ཉི་མ་ཤར་དོ་བཟུམ་སྦེ་ཡོདཔ་ཨིན་མས། ཨིན་རུང་ན་ལས་ཡར་བརྩིས་པའི་ལོ་ ངོ་བརྒྱད་བརྒྱ་དེ་ཅིག་གི་ཧེ་མར། དུས་རབས་བཅུ་གཉིས་པའི་མཇུག་ཙམ་ཅིག་ ལས།
ནུབ་ཕྱོགས་པའི་དམག་དང་ཕྱི་རོལ་མུ་སྟེགས་པ་དེ་ཚུ་གིས།
སངས་
རྒྱས་ཀྱི་གནས་དང་ནང་པའི་དགོན་སྡེ་དེ་ཚུ། ཤུལ་ཙམ་ཡང་མེད་པར་ཐལ་བར་ བརླགས་ད་ནུག།
ཨིན་རུང་ད་རེས་གནས་ཆེན་དེ་ཚུ་ཚུལ་མ་ཉམས་ཙམ་ཅིག་མཇལ་ནི་ཡོད་མི་
འདི། ཕྱི་གླིངཔ་མཁས་མཆོག་དག་པ་ཅིག་གི་བཀའ་དྲིན་ལུ་བརྟེན་ཏེ་ཨིན། དེ་ ཡང་དུས་རབས་བཅུ་དགུ་པའི་ནང་། པའི་སྐབས་ལུ།
རྒྱ་གར་གཞུང་ཕྱི་གླིང་པའི་འོག་ལུ་སྡོད་
ཕྱི་གླིང་པའི་དཔོན་དེ་ཚུ་གིས།
རྒྱ་གར་གྱི་ས་ཆ་སློང་ཞིནམ་
ལས་ཅ་ལ་རྙིངམ་ཞིབ་འཚོལ་འབདཝ་ད། ནང་པའི་དགོན་སྡེ་དེ་ཚུ་ཐོནམ་ལས་ བརྟེན།
ནང་པའི་དགོན་སྡེ་དེ་ཚུ་ལོགས་སུ་འབད་རང་ཞིབ་འཚོལ་འབད་ནི་ IV
འགོ་བརྗོད།
འགོ་བཙུགས་ནུག།
ཞིབ་འཚོལ་འབད་ཐངས་འདི་ཡང་།
གསརཔ་ཅིག་ངོས་འཛིན་འབད་དོ་བཟུམ་སྦེ། གུ་རུ་རིན་པོ་ཆེའི་ཆིབས་རྟ། པ་ཤུབས་ས།
དང་པར་རང་།
ང་བཅས་འབྲུག་མི་ཚུ་གིས་གནས་ རྡོ་མ་འདྲཝ་ཅིག་མཐོང་པ་ཅིན་
བྱག་ཕུག་ནང་ལས་ཧོ་ཀ་ཅིག་མཐོང་པ་ཅིན་སྒྲིབ་
ཆུ་ཅིག་ཐོན་པ་ཅིན་སྒྲུབ་ཆུ་ཨིན་ཟེར་སླབ་དོ་བཟུམ་མེན་པར།
དུས་རབས་ལྔ་པའི་ནང་རྒྱ་གར་ནང་གནས་བསྐོར་དང་ཆོས་ཞུ་
བར་བྱོན་མི། རྒྱ་མི་གི་དགེ་སློང་ཕཱ་ཤན་དང་། དུས་རབས་བདུན་པའི་ནང་བྱོན་ མི་རྒྱ་མི་དགེ་སློང་ཐང་སན་བླ་མ།
དེ་ལས་དུས་རབས་བཅུ་གཉིས་པའི་མཇུག་
ལུ་བྱོན་མི་བོད་ཀྱི་ཆག་ལོ་ཙ་བ་ཁོང་གསུམ་གྱི་ལམ་ཡིག་(Travel Guide) དེ་ཚུ་ལུ་ཁུངས་གཏུགས་འབད།
གཉིས་པ་ས་གནས་དེ་ནང་ལས་ཐོན་པའི་
ཅ་ལ་དེ་ཚུ་དུས་རབས་ག་ཅི་ནང་གི་ཨིན་ན་ཞིབ་དཔྱད་འབད།
གསུམ་པ་
ཟེརཝ་ད་ཅ་ལ་དེ་ཚུ་གུ་བྲིས་ཏེ་ཡོད་པའི་ཡི་གུ་དེ་ཚུ་ལུ་གཞི་བཞག་ཞིནམ་ལས།
གནས་ཆེན་དེ་ཚུ་རེ་རེ་བཞིན་དུ་ངོས་འཛིན་གནངམ་དང་འབྲེལ་ཏེ་གནས་ཆེན་ རང་རང་སོ་སོའི་གདོང་ཁར་བརྡ་བྱང་ཡི་གུ་རེ་བཙུགས་ཞིནམ་ལས།
མཇལ་
ཆོག་ཆོག་བཟོ་སྟེ་གནང་མི་འདི་ལུ་ག་ནི་བ་བཀའ་དྲིན་ཆེ་བས་ཟེར་ཞུ་ནི་ཨིན།།
༈ བཅུད་དོན་ངོ་མ་འདི་ཞུ་བ་ཅིན། ནང་པའི་གནས་ཆེན་ཚུ་གི་སྐོར་ལས་རྒྱས་ ཤིང་རྒྱསཔ་སྦེ་ཤེས་དགོ་པ་ཅིན། ཉུང་ཤོ་རང་དཔེ་དེབ་ཉི་ཤུ་སུམ་ཅུ་ཅིག་ལྷག་ དགོ་ནི་ཨིནམ་ལས། མི་ཚུ་གི་དོན་ལུ།
ལོ་རྒྱུས་མཁན་འདོད་ཡོད་རུང་ཐུགས་ལུ་དལ་ཁོམ་མེད་
ནང་པའི་གནས་ཆེན་ཚུ་གི་གནས་བཤད་རྒྱས་བསྡུས་རན་
ཏོག་ཏོ་ཅིག་བྲིས་ཏེ་ཡོད་མི་འདི་གིས། འབྲུག་མི་ཚུ་གནས་སྐོར་བྱོན་པའི་སྐབས་ ལུ། རྒྱ་གར་ཤོབ་གཟན་དེ་ཚུ་གི་ཁ་ལུ་ཉན་མ་དགོ་པར། གནས་ཆེན་ག་ཏེ་བྱོན་ V
འགོ་བརྗོད།
རུང་དང་པ་ལུ་གནས་དེ་ངོ་འཕྲོད་ནི་དང་། གཉིས་པ་ལུ་གནས་དེ་ནང་གི་སངས་ རྒྱས་ཀྱི་མཛད་རྣམ།
ཕན་བདེ་འབྱུང་བའི་གཞི་མ་དགེ་འདུན་གྱི་སྡེ།
བསྟན་
པའི་སྦྱིན་བདག་ཆོས་ལྡན་གྱི་རྒྱལཔོ་ཚུ་གི་བྱས་རྗེས་སེམས་ལུ་དྲན་ཞིནམ་ད་ དད་པ་མོས་གུས་ལྷང་ལྷང་བསྐྱེད་ནི། གསུམ་པ་སོངམ་ད་རང་ཡང་སྐྱེས་བུ་དམ་
པ་དེ་ཚུ་གི་མཛད་རྣམ་དང་མཐུན་པའི་གསོལཝ་སྨོན་ལམ་བཏབ་སྟེ། འགྲོ་སོང་ ལེ་ཤ་བཏང་སྟེ་བྱོན་པའི་གནས་བསྐོར་འདི། དོན་དང་ལྡནམ་ཅིག་འགྱོ་ཚུགས་ པའི་རེ་བ་དང་སྨོན་ལམ་ཡོད།།
དེ་ལས་རྡོ་རྗེ་གདན་གྱི་བླམ་ཡེ་ཤེས་མཆོག་གིས། བཟུམ་ཅིག་འབྲི་དགོ་པའི་དྲན་སྐུལ་དང་།
རང་ལུ་གནས་བཤད་འདི་
པར་སྐྲུན་ཀྱི་སྦྱིན་བདག་མཛད་
གནང་མི་འདི་ལུ་ཧིང་དྭངས་མའི་དཀྱིལ་ལས་བཀའ་དྲིན་ཆེ་ཟེར་ཞུ་ནི་དང་། ཝཱ་ ར་ཎ་སཱི་ཕྱག་དཔེ་གཟིགས་ཏེ་བཞུགས་མི་ཆོས་གྲོགས་དགེ་སློང་ཚེ་དབང་རིག་ འཛིན་དང་།
རིག་གཞུང་མཐོ་རིམ་སློབ་གྲྭའི་སློབ་དཔོན་བསམ་གཏན་གཉིས་
ཀྱིས་ཡང་།
གནས་བཤད་འདི་གི་ཞུན་དག་གི་ཕྱག་ལ་གནང་མི་འདི་ལུ་ཁ་ཞེ་
མཇུག་རང་།
གནས་བཤད་འདི་བཟུམ་ཅིག་བྲིས་པའི་དགེ་བ་འདི་ལས་བརྟེན་
གཉིས་མེད་ཀྱི་ཐོག་ལས་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།།
ཏེ། འཛམ་གླིང་རྒྱལ་ཁབ་ག་ཏེ་ལས་ཡང་རིན་བྱིན་ཏེ་ཉོ་ནི་མེད་པའི། ལས་རྒྱུ་ འབྲས་དང་དཀོན་མཆོག་གསུམ་ལུ་ཡིད་ཆེས་ཀྱི་གོམས་གཤིས་བཟངམ་ཅིག
འབྲུག་པའི་མི་སེར་ཚུ་གི་རྒྱུད་ལུ་ངམ་ངམ་ཤུགས་ཤུགས་ཀྱིས་ད་ལྟོ་ཚུན་ཚོད་ ཡོད་མི་འདི།
འཁོར་བ་མ་སྟོང་གི་བར་དུ་རྒྱུན་མ་ཆད་པར་གནས་བཅུག་ཅིག
ཟེར་བའི་སྨོན་ལམ་ཞུ་ནི་ཨིན།།
རྩོམ་སྒྲིག་པ་ཚེ་རིང་དཔལ་འབྱོར། VI
འགོ་བརྗོད།
ཞུན་དག་པའི་གསལ་བཤད། ༈
འཇིག་རྟེན་འཛམ་གླིང་འདི་ནང་ལུ་ཆོས་ཀྱི་སྟོན་པ་མ་འདྲཝ་ལེ་ཤ་བྱོན་
ཡོདཔ་ཨིན་རུང་།
དེ་ཚུ་མང་ཤོ་རང་ཁོང་རང་གིས་ཁོང་ར་
ལྷའི་བང་ཆེན་
(Messenger) ཨིནམ་བཟོ་ནི་དང་། ཁོང་གི་ཆོས་དེ་བཤད་པའི་སྐབས་ལུ་ ཡང་། ཆོས་དེ་ལྷའི་ཁ་འཐེན་ཨིནམ་བཟོ་ཞིནམ་ལས་མི་སེར་མགུ་སྐོར་རྐྱབ་མི་ རྩང་ཙ་ཨིན་མས།།
དེ་ལས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ལ་སོགས་པའི་ཆོས་ ཀྱི་གནས་ལུགས་ངོ་མ་དེ། ལྷ་གིས་གསུངས་གསུངསམ་མེན་པར་རང་གི་ཞིབ་ འཚོལ་དང་འབད་རྩོལ།
བསྒོམ་སྒྲུབ་ཀྱི་ཐོག་ལས་མཁྱེན་ཞིནམ་ལས་གཞན་
ལུ་སྟོན་གནང་མི་འདི། རྒྱལཔོ་ཟས་གཙང་གི་སྲས་སྟོན་པ་ཤཱ་ཀྱ་ཐུབ་པ་ཁོ་རང་ རྐྱངམ་ཅིག་ཨིནམ་དང་། ཁོ་གིས་ དམ་པའི་ཆོས་དེ་ཚུ་གསུངས་པའི་གནས་ སྐབས་ན་ཡང་། ལྷ་ཚངས་པ་དང། ཁྱབ་འཇུག དབང་ཕྱུག ཨ་ལ་དང་། གོཌ་ལ་སོགས་པ་ཚུ་གིས་ཁོ་ལུ་གསུངས་གསུངསམ་ཨིན་ཟེར་བའི་ཤོབ་དེ་མ་
རྐྱབ་པར། ཆོས་ཀྱི་གནས་ལུགས་འདི་ང་རང་གིས་ཧ་གོ་ཡི། ང་གིས་གོ་མི་འདི་ ཁྱེད་ཆ་ཁྱབ་ལུ་སྟོནམ་ཨིན། ཟེར་གསུངས་ཡོདཔ་ལས། འཇིག་རྟེན་ནང་གི་མི་ བསླུ་བ་ཟེར་མི་འདི། སྟོན་པ་བཅོམ་ལྡན་འདས་དང་། ཁོ་གིས་གསུངས་པའི་ ཆོས།
དེ་ཚུ་ཉམས་སུ་ལེན་པའི་དགེ་འདུན་དེ་ཚུ་ཨིནམ་ལས།
མཆོག་གསུམ་འདི་ལུ་མི་བསླུ་བ་ཟེར་སླབ་ཨིན།།
འ་ནི་དཀོན་
དེ་བཟུམ་གྱི་སྟོན་པ་བཅོམ་ལྡན་འདས་དེནི། ལོ་ངོ་སྟོང་ཕྲག་ཕྱེད་དང་གསུམ་གྱི་ སྔོན་མ་ལས་བཤགས་སོངམ་ལས།
ང་བཅས་ཚུ་གིས་མཇལ་ནི་སྐལ་བ་ཅིག་
VII
མིན་འདུག
འགོ་བརྗོད།
ཨིན་རུང་ཁོ་གིས་གསུངས་པའི་ཆོས་དེ་ཉམས་སུ་ལེན།
ཁོ་རང་
དངོས་སུ་བཞུགས་མྱོང་ཡོད་པའི་ས་གནས་དང་དགོན་སྡེ་དེ་ཚུ་མཇལ་བ་ཅིན། རང་རྒྱུད་ལུ་ཡོད་པའི་ཉོན་མོངས་པའི་སེམས་དང་ལས་སྒྲིབ་དེ་ཚུ།
རང་བཞིན་
གྱིས་དག་སྟེ་འགྱོ་ནི་ཨིནམ་ལས། མ་ཤི་གསོན་པོར་སྡོད་པའི་སྐབས་ལས་ཚར་ ཅིག་མཇལ་ད་པ་ཅིན། ཤི་བའི་ཚེ་བློ་འགྱོད་རྩ་ལས་མི་འོང་།། གནས་དེ་ཚུ་མཇལ་བའི་སྐབས་ལུ་ཡང་། ཡོདཔ་ཨིན་ན་དང་།
དང་པ་ལུ་ས་གནས་དེ་ཚུ་ག་ཏེ་ལུ་
དེ་ན་ལུ་སངས་རྒྱས་ཀྱིས་མཛད་པ་ག་ཅི་བཟུམ་ཅིག་
མཛད་མཛདཔ་ཨིན་ན་གི་ ཁུངས་དང་རྒྱུ་མཚན་ཅིག་མ་ཤེས་པ་ཅིན། གནས་ མཇལ་བར་བྱོན་རུང་ཕྱི་རྒྱལ་བལྟ་སྐོར་པ་ཚུ་དང་ཁྱད་པར་ག་ནི་ཡང་མེད་པར།
ཡུལ་འཁོར་སྤྲོ་འཁྱམ་གི་མཐོང་ཚུལ་ཅིག་ལས་མེདཔ་ལས། གནས་ཆེན་སོ་སོ་ གི་ཁུངས་དང་རྒྱུ་མཚན་ལྡན་པའི་གནས་བཤད་ཤེས་དགོཔ་འདི་ག་ནི་བ་ཁག་ ཆེ།།
རྒྱལ་ཁབ་གཞན་གྱི་ཁ་སྐད་ནང་གནས་བཤད་མ་འདྲཝ་ལེ་ཤ་ཡོད་རུང་།
ད་
ལྟོ་ཚུན་ཚོད་ང་བཅས་ར་འབྲུག་པའི་ཁ་སྐད་རྫོང་ཁའི་ནང་ལུ། རྒྱ་གར་ནང་པའི་
གནས་དེ་ཚུ་གི་གནས་བཤད་ལེགས་ཤོམ་ཅིག་མེདཔ་ལས། གནས་བཤད་འདི་
བཟུམ་ཅིག་འབྲི་ནི་གི་རེ་བ་དང་དང་འདོད་ཧེ་མ་ལས་རང་ཡོད། ཨིན་རུང་རང་ ལུ་ལྕོགས་གྲུབ་མེད་པའི་ཁར། མ་ཚུགས་པར་ཡོད་མི་འདི།
དལ་ཁོམ་ཅིག་ཡང་མེད་པར་བསམ་དོན་སྒྲུབ་
ལྷག་བསམ་གངས་ལས་དཀར་བའི་རྡོ་རྗེ་གདན་
གྱི་བླམ་ཡེ་ཤེས་ཀྱིས་དྲན་སྐུལ་འབདཝ་ལས་བརྟེན། ལོ་ངོ་བཅོ་ལྔ་དེ་ཅིག་ལམ་ སྟོན་པའི་ཕྱག་ལཱ་གནང་སྟེ་བཞུགས་པའི་ཁར་
ཕྱི་ནང་གི་ཤེས་ཡོན་གཉིས་ཀ་
ལྡན་པའི་ཆོས་གྲོགས་ཚེ་རིང་དཔལ་འབྱོར་མཆོག་གིས། ཡིག་ཆ་ལེ་ཤ་ཅིག་ལུ་ VIII
འགོ་བརྗོད།
ཁུངས་གཏུགས་འབད་དེ། ནང་པའི་གནས་ཆེན་ཚུ་གི་གནས་བཤད་རྒྱསཔ་འདི་ བཟུམ་ཅིག་བྲིས་གནང་མི་འདི་ལུ་ག་ནི་བཀའ་དྲིན་ཆེ་ཟེར་ཞུ་ནི་དང་།
རང་ལུ་
ལྕོགས་གྲུབ་མེད་རུང་གནས་བཤད་འདི་གི་ཞུན་དག་འབད་ནི་གི་གོ་སྐབས་ཐོབ་ མི་འདི། ང་རང་ཡང་སྐལ་བ་བཟང་ཡི་ཟེར་ཞུ་ནི་ཨིན།།
ཁོ་གི་གནས་བཤད་འདི་ནང་། གནས་ཆེན་རེ་རེ་བཞིན་དུ་ལུ། ལྷག་ནི་གི་དལ་ ཁོམ་དང་ལྕོགས་གྲུབ་མེད་མི་ཚུ་ལུ་གནས་བཤད་མདོར་བསྡུས་རེ་དང་། ཁུངས་ དང་རྒྱུ་མཚན་ལུ་སྤྲོ་བ་ཡོད་མི་ཚུ་གི་དོན་ལུ། གཉིས་པ་ལྷ་ཁང་དགོན་སྡེ་ཚུ་གི་བྱུང་རིམ། བའི་ལོ་རྒྱུས།
དང་པ་སངས་རྒྱས་ཀྱི་མཛད་པ།
གསུམ་པ་ཞིབ་འཚོལ་ལས་བྱུང་
བཞི་པ་ད་ལྟོ་མཇལ་ནི་ཡོད་པའི་གནས་སྟངས་ཚུ་གི་སྐོར་ལས་
གསལ་ཞིང་གསལཝ་སྦེ་བཤད་དེ་ཡོདཔ་ལས། ང་བཅས་ར་འབྲུག་པའི་མི་སེར་
གནས་སྐོར་བྱོན་མི་ཚུ་ལུ་ཕན་ཐོགས་སྦོམ་སྦེ་རང་འབྱུང་ཚུགས་པའི་རེ་བ་སྨོན་ ལམ་དང་བཅས།།
ཞུན་དག་པ་ཚེ་དབང་རིག་འཛིན་རང་གིས་ སྤྱི་ལོ་༢༠༡༣ སྤྱི་ཟླ་༣ པའི་
སྤྱི་ཚེས་༢༡ལུ་བྲིས་མི་འདི་གིས་རང་དང་མཉམ་པའི་ཆོས་གྲོགས་ག་ར་ལུ་ཕན་ ཐོགས་འབྱུང་ཚུགས་པའི་རེ་བ་དང་སྨོན་ལམ་སྦོམ་སྦེ་ཡོད།།
IX
འགོ་བརྗོད།
དཀར་ཆག
རྩོམ་པ་པོའི་སྔོན་གླེང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཞུ་དག་པའི་གསལ་བཤད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སྔོན་དུས་རྒྱ་གར་རྒྱལ་ཁབ་ཀྱི་གནས་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ རྒྱལ་པོ་གཟུགས་ཅན་སྙིང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱ་ནག་གི་དགེ་སློང་ཐང་སན་བླ་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སཱར་ཨེ་ལེཀ་ཛེནྜར་ཀ་ནིང་གམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སཱར་ཨིཊ་ཡེན་ཨར་ནོལཌ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཨ་ནཱ་གི་རི་ཀཱ་དྷརྨ་ པཱ་ལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གནས་བཤད་ངོ་མ།
མཆོད་བརྗོད་དང་ནང་པའི་གནས་ཆེན་རྣམས་ཀྱི་ས་ཁྲ།་་་་་་་་་་་་་་་་་་་་་་་་་་་་་་་་་་ ལུམྦི་ནི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ད་ལྟོ་མཇལ་ནི་ཡོདཔ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ནེ་པཱལ་ལུ་ཡོད་པའི་སེར་སྐྱའི་གྲོང་། ཏི་ལའུ་ར་ཀོཊ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱ་གར་ལུ་ཡོད་པའི་སེར་སྐྱའི་གྲོང་། པི་པ་ར་ཧ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྡོ་རྗེ་གདན་གྱི་སྤྱི་བཤད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བྱང་ཆུབ་ཀྱི་ཤིང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བྱང་ཆུབ་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་རྡོ་རྗེ་གདན་གྱི་གནས་སྟངས།་་་་་་་་་་་་་་་་་་་ སངས་རྒྱས་པའི་རྗེས་ཀྱི་བདུན་ཕྲག་བདུན་གྱི་གནས་ཚུལ།་་་་་་་་་་་་་་་་་་་་་་་་་་་ ལོ་དྲུག་དཀའ་སྤྱད་དང་སུ་ཇཱ་ཏའི་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཤ་བ་རི་པའི་བྲག་ཕུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ X
༠༡ ༠༡
༠༤ ༠༨
༡༤ ༡༨
༢༠
༢༤ ༢༥
༣༠ ༣༡
༣༣
༣༩
༤༢ ༤༥ ༤༥ ༥༤ ༥༧ ༥༩
འགོ་བརྗོད།
ཝཱ་ར་ཎ་སཱིའི་སྤྱི་བཤད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༦༠ ཅཽ་ཁཎྜིའི་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༦༤ ཆོས་འཁོར་གྱི་གནས་ཀྱི་ས་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༦༤ ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་གནས་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༦༦ ས་གནས་འདིའི་གཙུག་ལག་ཁང་ལ་སོགས་པའི་བྱུང་རིམ།་་་་་་་་་་་་་་་་་་་་་་་་་་་་་་་ ༦༨ མྱ་ངན་མེད་ཀྱི་མཆོད་རྟེན་དང་དྲི་གཙང་ཁང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༧༢
མྱ་ངན་མེད་ཀྱི་རྡོ་རིང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༧༣ དྷ་མེག་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༧༤ ཆོས་འཁོར་གནས་ཀྱི་ངོ་སྤྲོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༧༥ རྒྱལ་པོའི་ཁབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༧༧ བྱ་རྒོད་ཕུང་པོའི་རི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༨༨ སོ་ན་བྷན་ཌར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༨༧ ཤིང་རྟ་འདྲེན་པའི་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༨༨ འོད་མའི་ཚལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༨༩ ལོ་མ་བདུན་པའི་རི་ཕུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༩༠ གཟུགས་ཅན་སྙིང་པོའི་བཙོན་ཁང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༩༡
མཉན་ཡོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༩༢ མུ་སྟེགས་པའི་སྟོན་པ་སྡེ་དྲུག་བཏུལ་བའི་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༩༦
སོར་མོ་ཕྲེང་བའི་ལོ་རྒྱུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༩༧ རྒྱལ་བྱེད་ཚལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༠༡
ད་རེས་ནངས་པར་མཇལ་ནི་ཡོདཔ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༠༣ ལྷ་བབས་ཀྱི་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༠༧
ན་ལནྡཱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༡༢ ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་ན་ལནྡཱའི་གནས་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་ ༡༡༤ བི་ཀྲ་མ་ཤཱི་ལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༢༣ XI
འགོ་བརྗོད།
རྩ་མཆོག་གྲོང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༢༥ སྟོན་པའི་རིང་བསྲེལ་ཆ་བརྒྱད་ལུ་བགོ་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༣༣
ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་གནས་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༣༤ གནས་འདི་གི་བྱུང་རབས་ལོ་རྒྱུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༣༧ མྱང་འདས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༣༩ མཱ་ཐ་ཀུང་ཝར་དང་། རཱ་མ་བྷར་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༤༠
ཡངས་པ་ཅན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༤༡ ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་གནས་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༤༦ ད་རེས་ནངས་པར་མཇལ་ནི་ཡོདཔ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༤༨ མཆོད་རྟེན་རྣམ་དག་དྲུང་ཁག་དང་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༥༡ མཆོད་རྟེན་རྣམ་དག་དྲུང་ཁག་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༥༣ ཀཽ་ཤམ་བྷི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༥༤ གྲོང་ཁྱེར་བཅོམ་བརླག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༥༧ རི་བོ་བྱ་རྐང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༥༩
ཨོ་དནྡ་པུ་རི་དང་ཕུ་ལ་ཧ་རི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༦༡ འཇིགས་སུ་རུང་བའི་དུར་ཁྲོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༦༥
རྒྱལ་པོ་ཨ་ཤོ་ཀའི་སན་ཅི་མཆོད་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༦༨ ཨ་ཇནྟའི་བྱག་ཕུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༦༩ ཨི་ལོ་རའི་བྱག་ཕུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༧༡ ལྷོ་ཕྱོགས་དཔལ་གྱི་རི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༧༣
མཚོ་པདྨ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༧༦ ཆུ་མོ་གངྒཱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༨༢ མཇུག་རྩོམ་དང་སྨོན་ཚིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༡༨༩ ཁག་ཆེ་བའི་རྒྱལ་རབས་ལོ་ཚིགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༠༠༡ XII
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས།། སྔོན་མའི་རྒྱ་གར་རྒྱལ་ཁབ་ཀྱི་གནས་སྟངས། ལོ་ངོ་བརྒྱ་དང་སྟོང་ཕྲག་སྔ་རོལ་གྱི།།
མཐའ་མེད་འཕགས་ཡུལ་རྒྱལ་ཁབ་གནས་སྟངས་སྐོར།། ལོ་རྒྱུས་མདོ་ཙམ་སྙིང་ནས་ཞུ་བར་འདོད།།
མཁྱེན་འདོད་ཅན་རྣམས་དགྱེས་ཡངས་སྤྱན་གྱིས་གཟིགས།། སྔོན་མ་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ལུ་རྒྱ་གར་རྒྱལ་ཁབ་འདི་ དཔོན་གཅིག་དང་གཞུང་གཅིག་གི་མངའ་འོག་ལུ་མེན་པར་ལུང་ཕྱོགས་རེ་ནང་རྒྱལཔོ་ རེ་དང་མངའ་སྡེ་རེ་སྦེ་སྡོད་ནུག
མངའ་སྡེ་ལ་ལུ་ཅིག་རྒྱལ་པོའི་མངའ་འོག་ལུ་དང་།
ལ་ལུ་གཅིག་མི་སེར་གྱིས་བཙག་འཐུ་འབད་དོ་ཡོདཔ་མས། མི་སེར་གྱི་གཞུང་དེ་ལུ་
ག་ཎ་དང་། གཎ་ཏནྟྲ། ཇ་ནཱ་པད་ཟེར་སླབ་དོ་ཡོདཔ་དང་། རྒྱལ་པོ་གིས་གཞུང་སྐྱོང་ མི་འདི་ལུ་རཱ་ཇཱ་ཏནྟྲ་ཟེར་སླབ་དོ་ཡོདཔ་ཨིན་མས།
རྒྱུ་མཚན་དེ་ལས་བརྟེན་ཏེ་རྒྱལ་
ཁབ་ཀྱི་སྲིད་དོན་སྐྱོང་ཐངས་ཡང་མ་འདྲཝ་གཉིས་སྦེ་ཡོདཔ་ཨིན་མས།།
འདི་གི་སྐབས་ལུ་རྒྱལ་པོའི་རྒྱལ་ཁབ་༡༦དང་མི་སེར་གྱི་རྒྱལ་ཁབ་༡༡དེ་ཅིག་ཡོད་དོ་
མས། རྒྱལ་པོའི་རྒྱལ་ཁབ་༡༦འདི་ཡང་ ཨན་གཱ། མ་གྷ་དྷ། ཀཱ་ཤི། ཀོ་སཱ་ལ།བཱཇ་ ཇི། མཱ་ལ། སེ་དྲི། བཱཏ་སཱ་ཀུ་རུ། པཱན་ཅཱ་ལ། མཏྶ་ཡཱ། སོ་རཱ་སེ་ན། ཨན་མ་ཀཱ། ཨ་བཱནྟི། གཱན་དྷ་རཱ་དང་། ཀཱམ་བོ་ཇཱ་ཚུ་ཨིན་པས།།
མི་སེར་གྱི་རྒྱལ་ཁབ་༡༡ཀཱ་པི་ལ་བསྟུ་ཤཱཀྱའི་མི་སེར་གྱི་རྒྱལ་ཁབ། པཱ་བ་དང་ཀུ་ཤི་ནཱ་ གར་གཉིསཔ་འདི་མཱ་ལའི་མི་སེར། བཻ་ཤཱ་ལི་འདི་ལིཅྖ་བིའི་མི་སེར། མི་ཐི་ལ་འདི་བི་
1
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ཧ་གི་མི་སེར། རཱ་མ་གྲཱ་མ་འདི་ཀོ་ལི་ཡཱས་ཀྱི་མི་སེར། ཨཱལ་ལ་ཀཱ་པ་བུ་ལི་ཡཱས་ཀྱི་ མི་སེར། ཀེ་སཱ་པུ་ཏ་དང་ཀ་ལིངྒ་ཀཱ་ལ་མཱས་ཀྱི་མི་སེར། དེ་ལས་མོ་ཡིར་ཡཱས་ཀྱི་རྒྱལ་ ཁབ།
པཱིཔ་པཱ་ལ་བཱ་ན་དང་བྷ་གྷ་གཉིས་ལུ་རྒྱལ་ས་སི་སུ་མཱ་ར་གི་རི་འདི་མཉམ་རུབ་
སྦེ་སྡོད་ནུག།
རྒྱལ་ཁབ་འདི་ཚུ་མི་སེར་གྱི་རྒྱལ་ཁབ་ཨིན་རུང་མི་སེར་གྱིས་བཙག་འཐུ་འབད་དེ་ གཞུང་སྐྱོང་མཛད་མི་འདི་ལུ་རྒྱལ་པོ་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན་པས།
ཤུལ་མ་
རྒྱལ་ཁབ་སྦོམ་ཚུ་གིས་ཆུང་ཀུ་ཚུ་དབང་སྟེ་བདེ་སྐྱིད་མེད་པར་སྡོད་པའི་བར་ན་དང་། སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ངོ་༢༠༠དང་།
སྤྱི་ལོའི་སྔོན་གྱི་ལོ་ངོ་༣༡༧པའི་
ནང་ལུ། མཽརྱན་རྒྱལ་བརྒྱུད་ཀྱི་རྒྱལ་པོ་དང་པ་ཅནྡྲ་གུཔྟ་མཆོག་གིས། མ་ག་དྷའི་རྒྱལ་ པོ་ནནྡའི་རྒྱལ་བརྒྱུད་ཆམ་ལ་ཕབས་ཏེ།
རྒྱལ་ས་ལྟེ་བ་པཱ་ཊ་ལི་པུ་ཏྲ་༼པཊ་ན།༽ལུ་
འཛུལཝ་མ་ཚད། དེ་ལས་རིམ་གྱིས་འབད་རྒྱ་གར་ཤར་ལྷོའི་ཀ་ལིངྒ་མ་གཏོགས་པའི་ རྒྱལ་ཁབ་གཞན་ག་ར་དབང་ལུ་བསྡུ་སྟེ་རྒྱལ་ཁབ་གཅིག་འགྱུར་ཆགས་ནུག། དེ་ལས་ཅནྡྲ་གུཔྟའི་སྲས་བིནྡུ་སཱ་ར་དང་།
དེ་གིས་སྲས་ལུ་རྒྱལཔོ་ཨ་ཤོ་ཀ་བྱོན་ཏེ་
རྒྱལཔོ་མཛད་པའི་སྐབས་ལུ། ཀ་ལིངྒ་དང་གཅིག་ཁར་དམག་ཡུན་རིང་སྦེ་རྐྱབ་སྟེ་ཀ་ ལིངྒའི་མི་སེར་སྟོང་ཕྲག་གསུམ་བརྒྱ་ལྷག་ཙམ་བསད་དཔ་ལས། ཀྱི་དམག་མི་རྫོགས་ཏེ།
ཀ་ལིངྒ་ལུ་ཕོ་སྐྱེས་
ཀ་ལིངྒའི་རྒྱལ་པོའི་སྲསམོ་གིས་ཨམ་སྲུའི་དམག་འཁྱིད་དེ་
ཨ་ཤོ་ཀའི་དམག་མི་གཅིག་ཁར་དམག་རྐྱབ་ནུག།
དེ་སྒང་རྒྱལཔོ ་ ཨ་ཤོ ་ ཀ་ཡང་དམག་རྐྱབ་སའི་ས་གོ་ནང་རྨ་ བཏོ ན་ཁྲག་བཏོ ན་དང་ དམར་བསད་འབད་མི་འདི་ལུ་གཟིགས་མ་ཚུགས་པར་དམག་རྐྱབ་ནི་མཇུག་བསྡུ་ དགོཔ་བྱུང་ནུག
དེ་ལས་ཁོ་རང་ཐུགས་ལུ་བཟོད་མ་ཚུགས་པའི་འགྱོད་པ་སྦོམ་སྐྱེད་
2
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་དཀོན་མཆོག་གསུམ་ལུ་སྐྱབས་སུ་འགྲོ་ཞིནམ་ལས་ཆོས་དང་འབྲེལ་བའི་ཕྱག་ ལཱ་གནང་ནི་འགོ་བཙུགས་ཡོདཔ་ཨིན་པས།
དེ་ལས་ས་ཁོངས་སོ་སོ་ནང་ལས་ཕར་
བཞུགས་མི་དགེ་སློང་ཚུ་རྒྱལཔོ་ཁོ་རང་གིས་སྦྱིན་བདག་མཛད་དེ་སྟོན་པའི་ཆོས་སྤེལ་ ཞིནམ་ད།
བྱམས་པ་དང་སྙིང་རྗེའི་ཐོག་ལས་སྡོད་ནིའི་ཐབས་ལམ་ཚུ་སྟོན་གནང་།
མི་སེར་ཚུ་གིས་ཡང་རྒྱལཔོའི་མཚན་ལུ་དྷརྨ་ རཱཇ་ཨ་ཤོ་ཀ་དང་།༼ཆོས་རྒྱལ་མྱ་ངན་ མེད།༽པྲི་ཡ་དཱ་ས། ༼ལྷ་རྣམས་ཀྱིས་དགའ་བ།༽ ཟེར་ཞུ་དོ་ཨིན་པས།།
ཆོས་རྒྱལ་མཆོག་ཆོས་དང་འབྲེལ་བའི་ཕྱག་ལཱ་ནང་ལུ་འབད་བརྩོན་སྐྱེད་དེ་བཞུགསཔ་
མ་ཚད། བྱམས་སྐྱོང་ཁོ་ན་ལུ་བརྩོན་ཏེ་བཞུགས་ནི་དེ་གིས། དམག་གི་སྟོབས་ཤུགས་ ཉམས་སོངམ་ལས།
མཽརྱ་རྒྱལ་བརྒྱུད་དེ་ཁོ་རའི་རྒྱལ་སྲས་ཀུ་ནཱལ་རྒྱལཔོ་མཛད་དེ་
བཞུགས་པའི་སྐབས་ལས་ཉམས་སོང་ནུག།
དེ་གི་ཤུལ་ལས་རྒྱ་གར་ཡོངས་རྫོགས་ལུ་དབང་ཚུགས་པའི་རྒྱལཔོ་མ་བྱུང་བར།
ཧེ་
མ་ག་ཡོད་དོ་བཟུམ་སྦེ། མངའ་སྡེ་རེ་ནང་རྒྱལཔོ་རེ་བཞུགས་ནི་གི་སྲོལ་འདི་བྱུང་ནུག འདི་གི་ཤུལ་མ་མུཛ་ལིམ་གྱིས་དམག་གིས་རྒྱ་གར་ནང་གི་རྒྱལ་ཁབ་ཚུ་དབང་བསྒྱུར་ འབད་དེ་ཕྱི་གླིང་པའི་དམག་མ་འོངས་ཚུན་ཚོད་སྡོད་ནུག།
རིང་པོའི་དུས་ནས་ཨ་ཤོ་ཀ་ཡི་བར།།
འཕགས་ཡུལ་མཛེས་ལྗོངས་ཇི་ལྟར་གནས་པའི་ཕྲིན།། ཅི་རིགས་ཙམ་ཞིག་འདི་ན་འཇོག་པ་ཡིས།།
ཤེས་ལྡན་འགའ་ལ་ཕན་རླབས་ཆར་འབེབས་ཤིག།
3
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱལ་པོ་གཟུགས་ཅན་སྙིང་པོ། King Bimbisara འདོད་རྔམ་མེ་འབར་ལྷ་བྱིན་ཞེས་བྱ་བའི།།
ངན་བསྐུལ་མྱོས་ཆུ་བཏུངས་པའི་ལེ་ལན་གྱིས།།
རྒྱལ་པོ་གཟུགས་ཅན་སྙིང་པོའི་དུས་སྐབས་ནས།། མི་རབས་ལྔ་རིང་ཅི་འབྱུང་གཏམ་གསན་ཞིག།
སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ལུ་ནང་པའི་ཆོས་འདི་རྒྱ་གར་ ནང་གི་རྒྱལ་ཁབ་༡༦ནང་ལུ་དར་ཁྱབ་སོང་སྟེ་ཡོད་དོ་མས།
རྒྱལ་ཁབ་འདི་ཚུ་གི་
གྲངས་སུ་ལས་མ་གྷ་དྷ། ཀོ་སཱ་ལ། ཨ་བཱན་ཏི་དང་། བཱཏ་ས་འདི་ཚུ་སྟོབས་ཤུགས་ ཅན་གྱི་རྒྱལ་ཁབ་ཅིག་སྦེ་སྡོད་ནུག
འདི་གི་སྐབས་ལུ་བཱཇ་ཇིས་ཟེར་བའི་རྒྱལ་ཁབ་
འདི་མི་སེར་གྱི་རྒྱལ་ཁབ་ཅིག་ཨིན་པའི་ཁར་སྦོམ ་ཤོས་ཅིག་དང་སྟོབས་ཤུགས་ཅན་ གྱི་རྒྱལ་ཁབ་ཅིག་འབདཝ་ལས།
གཙང་ཆུ་མ་ཧི་གཱནྡྲ་ཀ་ལས་བཱ་ཧུ་མ་ཏི་ཚུན་རྒྱལ་
ཁབ་འདི་གིས་དབང་དོ་ཡོདཔ་ཨིན་མས།།
མ་གྷ་དྷའི་རྒྱལཔོ་བིམྦི་སཱ་ར་དང་། ཀོ་སཱ་ལའི་རྒྱལཔོ་པྲ་སེན་ཇཱི་ཏ། ཨ་བནྟའི་རྒྱལཔོ་
ཅཱནྡ་པཱ་དྱོ་ཏ། བཱཏ་སའི་རྒྱལཔོ་ཨུ་ཌ་ཡཱ་ན། མི་སེར་རྒྱལ་ཁབ་བཱཇ་ཇིས་ཀྱི་ཚོགས་སྡེ་ བཙག་འཐུ་འགོ་དཔོན་གཱ་ཎཱ་ཡཀྴ་ཚུ་སྟོན་པ་བཅོམ་ལྡན་འདས་དང་དུས་མཉམ་ཨིན་ མས།།
རྒྱལཔོ་བིམྦི་སཱ་ར་མ་གཱ་དྷའི་རྒྱལཔོ་སྦེ་བཞུགས་པའི་སྐབས་ལུ་རཱ་ཇཱ་གྲི་ཧ་འདི་རྒྱལ་ ས་ལྟེ་བ་ཨིན་པས།
རཱ་ཇཱ་བིམྦི་སཱ་ར་དགུང་ལོ་༡༥སྦེ་བཞུགས་པའི་སྐབས་ལུ་ཁོ་རའི་
ཡབ་རྒྱལཔོ་བྷ་ཏི་གིས་རྒྱལ་པོའི་ཁྲི་ཐོག་ལུ་བསྐོས་གནང་ནུག
4
རྒྱལཔོ་བིམྦི་སཱ་ར་
གནས་བཤད་འདོད་འཇོའི་བུམ་བཟང་།
མཆོག་དགུང་ལོ་ཆུང་ཀུའི་སྒང་ལས་རང་ཐུགས་རིགས་མཁས་དྲག སྙིང་རྗེ་ཡོདཔ། མི་སེར་ལུ་བརྩེ་བ་ཡོད་མི་རྒྱལཔོ་ཅིག་ཨིན་པས།།
བྱམས་པ་དང་
བཤད་ཚུལ་གཅིག་ལས་འབད་བ་ཅིན་རྒྱལཔོ ་ བིམྦི་སཱ་ར་མཆོག་སྐུ་ཚེ་ཧེ་མ་ཀླུའི་
རྒྱལཔོ་ལྔ་པ་སྦེ་བཞུགས་པའི་དུས་ལུ་འདས་པའི་སངས་རྒྱས་ཚུ་དང་ཆོས་ཀྱི་འབྲེལ་ བ་ཡོདཔ་སྦེ་སླབ་སྲོལ་འདུག
རྒྱལཔོ་བིམྦི་སཱ་ར་མཆོག་ཁྱིམ་མཚེས་རྒྱལ་ཁབ་ཚུ་
དང་གཅིག་ཁར་གཉེན་གྱི་འབྲེལ་བ་ཡོདཔ་ལས་རྒྱལ་ཁབ་ཀྱི་བར་ན་མཐུན་ལམ་ཚུ་ ལེགས་ཤོམ་ཡོད་དོ་མས།།
རཱ་ཇཱ་བིམྦི་སཱ་ར་ལུ་བཙུནམོ་༣ཡོད་ས་ལས་གཙོ་ཅན་འདི་བཱཇ་ཇིས་ཀྱི་རྒྱལཔོ་མཱ་ད་རའི་
སྲསམོ་འདི་ཨིན་པས། བཙུནམོ་གཅིག་ཀོ་སཱ་ལའི་རྒྱལཔོ་མཧཱ་ཀོ་སཱ་ལའི་སྲསམོ་ཀོ་ སཱ་ལ་དེ་བི་དང་། གཅིག་བེ་དེ་ཡའི་རྒྱལ་པོའི་སྲས་མོ་ཨིན་པས།།
རཱ་ཇཱ་བིམྦི་སཱ་རཱ་མཆོག་ཤུལ་མ་སྟོན་པ་བཅོམ་ལྡན་འདས་དང་ཞལ་མཇལ་ཞིནམ་ ལས་འགོ་བཟུང་།
སྟོན་པའི་སློབ་མ་དང་སྦྱིན་བདག་ཟུང་འབྲེལ་སྦེ་བཞུགས་པའི་
ཤུལ་མ། རྒྱལ་སྲིད་སྐྱོང་སྟེ་ལོ་གྲངས་༥༢དང་། དགུང་ལོ་༦༨བཞེས་པའི་སྐབས་ལུ་ཁོ་ རའི་སྲས་མ་སྐྱེས་དགྲ་གིས་བཀྲོངས་ད་ནུག།
ཨ་ཇཱཏ་ཤ་ཏྲུ་འདི་ཡབ་རཱ་ཇཱ་བིམྦི་སཱ་རདང་བཙུནམོ་ཀོ་སཱ་དེ་བི་ལས་འཁྲུངས་ཡོདཔ་
མས། ཁོ་དགུང་ལོ་ཆུང་ཀུའི་སྒང་ལས་རང་དབུག་ཐུང་དྲག་དང། རྒྱུད་ལུ་བྱམས་པ་ དང་སྙིང་རྗེ་མེདཔ། ཨིན་དོ་མས།
བཞུགས་ས་གཅིག་ཁར་ཙང་ཙ་མ་ཆགས་པར་བཞུགས་མི་ཅིག་
རྒྱལ་སྲས་འདི་སྐུ་ན་སོནམ་དང་ཅིག་ཁར་རྒྱལཔོ་མཛད་ནིའི་འདོད་པ་
ཡང་ཆེ་སུ་ཆེ་སུ་བསྐྱེད་དེ་བཞུགས་པའི་སྐབས།
ངན་སེམས་ཅན་ཅིག་ཨིན་མི་དགེ་
སློང་དེ་བ་དཏྟ་༼ལྷས་བྱིན་༽ཟེར་མི་དང་གཅིག་ཁར་ཆ་རོགས་ཀྱི་འབྲེལ་བ་ཚུད་སོང་ ནུག།
5
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་སྒང་སྟོན་པ་བཅོམ་ལྡན་འདས་ལུ་དད་སེམས་ཅན་གྱི་རྒྱལཔོ་དང་ཚོང་པ།
མི་
སེར་ཚུ་གིས་སྟོན་པ་མཆོག་ལས་ལམ་སྟོན་དང་བཀའ་སློབ་ཞུ། སྟོན་པའི་སྦྱིན་བདག་ མཛད་མི་མང་རབས་ཅིག་འཐོན་དོ་ཡོདཔ་ལས།
དགེ་སློང་ལྷ་བྱིན་སྟོན་པ་ལུ་ཕྲག་
དོག་སྐྱེས་ཏེ་སྟོན་པ་བཅོམ་ལྡན་འདས་བཀྲོང་ཞིནམ་ད་སྐུ་ཚབ་ཁོ་རང་འབད་ནིའི་
འཆར་གཞི་བརྩམས་ཏེ་ཚར་ལེ་ཤཱ་ཅིག་སྟོན་པ་བཀྲོང་ནི་གི་དཔའ་བཅམ་རུང་བཀྲོང་ མ་ཚུགས་པས།
ཁོ་གི་སེམས་ཁར་ལུ་རཱ་ཇཱ་བིམྦི་ས་རཱ་བཞུགས་པའི་རིང་ལུ་སྟོན་པ་
བཀྲོང་ནི་འདི་ལཱ་ཁག་སུ་ཅིག་འོང་ནི་མས་མནོ་སྟེ།
ཐབས་ཤེས་ལེ་ཤཱ་སྟོན་ཏེ་རྒྱལ་
སྲས་འདི་ལུ་ཡབ་བཀྲོང་ཞིནམ་ད་རྒྱལཔོ་མཛད་ད་ཟེར་རྒྱུད་སྐུལ་དང་ལམ་སྟོན་ངན་ པ་འབད་ནུག།
དེ་ལས་ནུབ་གཅིག་འབདཝ་ད་སྲས་འདི་གིས་གྱི་ཅུ་གཅིག་བསྣམས་ཏེ་ཡབ་བཀྲོང་ ནི་འབད་ཡབ་ཀྱི་གཟིམས་ཁང་ནང་བྱོནམ་ད་སྲུང་རྒྱབ་ཚུ་གིས་འཛིན་བཟུང་འབད་དེ་ ཡབ་ཀྱི་སྐུ་མདུན་ལུ་སྐྱེལ་ཡོདཔ་ཨིན་པས།
ཡབ་ཀྱིས་སྲས་འདི་རྒྱལཔོ་མཛད་ནིའི་
འདོད་པ་སྐྱེདཔ་ཨིནམ་མཁྱེན་ཏེ་སྲས་འདི་རྒྱལ་པོའི་ཁྲི་ཐོག་ལུ་བསྐོས་གནང་ནུག
ཨིན་རུང་དགེ་སློང་ལྷ་བྱིན་འདི་གིས་ཡང་འདོད་པ་མ་ཚིམ་པར་རཱ་ཇཱ་ཨ་ཇཱཏ་ཤཏྲུ་ལུ་
ཡབ་བཀྲོང་དགོ་པའི་ངན་བསྐུལ་འབདཝ་ལས་བརྟེན་སྲས་ཀྱིས་ཡབ་བཙོན་ཁང་ནང་ བཙུགས་ཏེ་ཁོ་རའི་མི་ཚུ་ལུ་ཡབ་བཀྲོང་ད་ཟེར་བཀའ་རྒྱ་གནང་ཡོདཔ་མས། འདི་གི་ སྐབས་ལུ་རྒྱལ་སྲས་ཁོ་རའི་བཙུནམོ་གིས་སྲས་གཅིག་འཁྲུངས་ཡོད་པའི་གནས་ཚུལ་
ལྷོད་དེ་ཕོ་བྲང་བྱོན་སོང་ནུག ཕོ་བྲང་ནང་ཕེབས་ཏེ་ཁོ་རའི་སྲས་འདི་ཕྱག་ལུ་བསྣམས་ སྦེ་ཐུགས་ལུ་དགའ་ཚོར་སྦོམ་བྱུངམ་ད་ལུ།
ཁོ་རའི་ཡབ་འདི་ཡང་ཁོ་འཁྲུངས་པའི་
སྐབས་ལུ་ག་དེམ་ཅིག་ཐུགས་མཉེས་མཉེསཔ་འོང་མནོ་བའི་ཐུགས་བསམ་བཞེས་ཏེ། དེ་འཕྲོ་ལས་སྲུང་རྒྱབ་ཚུ་ལུ་ཡབ་བཙོན་ནང་ལས་གཏང་ད་ཟེར་གསུངས་ནུག
6
ཨིན་
གནས་བཤད་འདོད་འཇོའི་བུམ་བཟང་།
རུང་དེ་སྒང་ལས་སྲུང་རྒྱབ་ཚུ་གིས་རྒྱལཔོ་ཁྱོད་རའི་བཀའ་གནངམ་བཞིན་དུ་ཡབ་
བཀྲོངས་དའི་ཟེར་ཞུཝ་ད་སྲས་ཨ་ཇཱཏ་ཤཏྲུ་འདི་ཐུགས་ཕམ་སྦོམ་འབད་རང་བྱུང་ཡོད་
པའི་ཁར། ཁོ་རའི་སྲས་འདི་གིས་ཡང་ཉིནམ་གཅིག་འབདཝ་ད་ཁོ་ཡང་བཀྲོང་ནི་འོང་ མནོ་བའི་ཐུགས་བསམ་བཞེས་ནུག།
དེ་ལས་འགྱོད་སེམས་སྐྱེས་ཏེ་སྟོ ན་པ་བཅོམ་ལྡན་འདས་དང་དགེ་འདུན་པ་ཚུ་ལུ་ ཞབས་ཏོག་བསྙེན་བཀུར་ཅི་དྲག་གང་དྲག་འབད་ཞུ་ཡོདཔ་མ་ཚད།
རྒྱལ་སྲིད་སྐྱོང་
རྒྱལཔོ་ཨུ་དཱ་ཡ་བྷ་དྲ་གི་སྐབས་ལུ་རྒྱལ་ས་ལྟེ་བ་འདི་རཱ་ཇཱ་གྲི་ཧ་ལས།
པཊ་ན་ལུ་སྤོ་
སྟེ་ལོ་ངོ་༣༢འཁོརཝ་ད། སྲས་ཨུ་དཱ་ཡ་བྷ་དྲ་གིས་བཀྲོངས་ཏེ་ཁོ་ར་རྒྱལཔོ་མཛད་ནུག།
བཤུད་འབད་དེ་བཞུགས་པའི་ཤུལ་མ་ཁོ་ཡང་སྲས་ཨ་ནུ་རུདྡྷ་ཀ་གིས་བཀྲོངས་ཏེ་ཁོ་ ར་ཁྲི་ཐོག་ལུ་བྱོན་ཡོདཔ་མས། དེ་ལས་རྒྱལཔོ་ཨ་ནུ་རུདྡྷ་ཀ་ཡང་ཁོ་རའི་སྲས་མུནྡ་ཀ་ གིས་བཀྲོངས་ཞིནམ་ལས་ཁོ་ར་རྒྱལཔོ་མཛད་ནུག།
འདི་བཟུམ་སྦེ་སྲས་ཀྱིས་ཡབ་བཀྲོངས་ནི་འདི་མི་རབས་༥ཚུན་ཚོད་རྒྱུན་མ་ཆད་པར་
འབྱུང་ཡོད་པའི་ཤུལ་མ་མ་གཱ་དྷའི་མི་སེར་ཚུ་གིས་རྒྱལཔོ་གཞན་གསར་བསྐོས་འབད་ ཞིནམ་ལས་འགོ་བཟུང་རྒྱལ་སྲས་ཀྱིས་ཡབ་བཀྲོངས་ནི་འདི་མེདཔ་བཟོ་ཡོདཔ་ཨིན་ པས།།
བསམ་པའི་མོད་ལ་དུང་བས་སྙིང་ན་བ།།
ཡབ་ཀྱི་སྐུ་སྲོག་ལྗོན་དབང་སྐེམས་བྱེད་པའི།། དུས་ངན་ཉི་མ་མི་རབས་ལྔ་ཡི་རིང་།།
མུ་འཐུད་ཤར་བའི་ལོ་རྒྱུས་ཉན་མི་ཕོད།།
7
གནས་བཤད་འདོད་འཇོའི་བུམ་བཟང་།
འོན་ཀྱང་འཕགས་ཡུལ་སྤྱི་ཚོགས་བསོད་ནམས་ལས།། སྲོལ་ངན་ཉི་མ་ནུབ་རིའི་ཕྱོགས་སུ་ཡིབ།།
སྐལ་བཟང་ཟླ་བ་ལྗོངས་འདིའི་མཁའ་ལ་ཤར།།
བདེ་སྐྱིད་བསིལ་ཟེར་བབས་པའི་འཕྲིན་འདི་སྙན།། འཕྲིན་འདི་གཟིགས་པའི་ཡིད་བཟང་ཕོ་མོ་ཚོས།། འདི་ལྟའི་སྐལ་ངན་འཇིག་རྟེན་ཡ་ང་བ།།
འབྱུང་འགྱུར་ད་ལྟའི་དུས་སྐབས་གང་ལ་ཡང་།།
འབྱུང་བ་མེད་པའི་ཐུགས་སྨོན་ཟབ་རྒྱས་གནང་།།
རྒྱ་ནག་གི་དགེ་སློང་ཐང་སན་བླ་མ། Hwen Tsang སྙིང་སྟོབས་ལྷག་བསམ་ཁྱོན་ཡངས་སྐྱེས་བུ་མཆོག། ཐང་སན་བླ་མའི་རྣམ་ཐར་གསེར་རྔ་ཆེ།།
སྲ་བརྟན་དད་པའི་དབྱུ་གུས་རྡུང་དུས་འདིར།།
ཉན་འདོད་རེ་བས་དུང་རྣམས་སྙན་དབང་གཏོད།། རྒྱ་ནག་གི་བཙུན་པ་ཐང་སན་མཆོག་འཛམ་གླིང་ནང་ལུ་མཁས་པའི་སྐད་གྲགས་ རྐྱངམ་གཅིག་མེན་པར་གཞན་ཡང་ལམ་འགྲུལ་པ་དང་སྐད་བསྒྱུར་ནང་ལུ་ཡང་མཁས་ མཆོག་ཅིག་ཨིན་པའི་ཡོངས་གྲགས་ཡོད་པའི་ཁར།
ད་ལྟོ་བར་ན་ཡང་རྒྱ་ནག་གི་
མི་སེར་ཚུ་གིས་གུས་ཞབས་དང་བརྩི་བཀུར་སྦོམ་ཡོདཔ་ཨིན།
8
བཙུན་པ་ཐང་སན་
གནས་བཤད་འདོད་འཇོའི་བུམ་བཟང་།
མཆོག་རྒྱ་ནག་ལུ་སྔོན་མ་ཏཱང་གི་དུས་སྐབས་ལུ་ཧི་ནཱན་ཟེར་བའི་ས་ཁོངས་ནང་སྤྱི་ལོ་ ༦༠༢ལུ་སྐུ་འཁྲུངས་ནུག།
དེ་ལས་དགུང་ལོ་༡༣བཞེསཔ་ད་དགེ་སློང་ནང་འཛུལ་བའི་ཤུལ་མ་སུའི་རྒྱལ་བརྒྱུད་ ཉམས་པའི་རྐྱེན་ལས་རྒྱལ་ཁབ་འདི་ནང་སྲིད་དོན་དང་མི་སྡེའི་ནང་འཁོད་སྟབས་མ་ བདེཝ་འབྱུངམ་ལས།
ཐང་སན་མཆོག་དང་ཕོ་རྒནམ་ཆང་ཇཱི་གཉིས་སི་ཅུའུན་གི་ས་
གནས་ཅེང་ཊུ་ལུ་ཡོད་པའི་ཇིང་ཏུ་དགོན་པ་ལུ་བྱོན་ཏེ་བཞུགས་པའི་རིང་ལུ་ཐེག་ཆེན་ གཞུང་གི་སྐོར་མཛོད་ལ་སོགས་པ་གཟིགས་གནང་ནུག།
ཏཱང་གི་རྒྱལཔོ་ཏའི་ཟོང་གི་སྐབས་དགུང་ལོ་༢༠ལུ་རྒྱ་ནག་ནང་འཁོད་ཡོད་པའི་དགོན་ སྡེ་ཚུ་ནང་བྱོན་ཏེ་ནང་ཆོས་དཔེ་ཆ་ཚུ་ཞིབ་འཚོལ་མཛད་ནི་འགོ་བཙུགས་ཡོདཔ་ཨིན་ པས།
འདི་གི་སྐབས་ལུ་རྒྱ་ནག་གི་སྐད་ཡིག་ནང་ཡོད་པའི་ནང་ཆོས་ཀྱི་དཔེ་ཆ་ཚུ་
གོ་དོན་ཕྱི་འགྱུར་དང་ཆ་མ་ཚངམ་སྦེ་འཐོན་ཡོདཔ་ལས།
སྔོན་མ་རྒྱ་ནག་ལས་དགེ་
སློང་ཕ་ཤཱན་རྒྱ་གར་ནང་ལུ་ནང་ཆོས་ཀྱི་སློབ་སྦྱོང་མཛད་པར་འབྱོན་ཡོད་པའི་ལོ་རྒྱུས་ ཐུགས་ཁར་དྲན་ཏེ།
རྒྱ་གར་ནང་ལུ་འབྱོན་ནིའི་ཐུགས་བཞེད་གནང་སྟེ་ཆང་ཨཱན་ལུ་
བྱོན་ཏེ་ལེགས་སྦྱར་གྱི་སྐུ་ཡོན་བཞེས་ནུག།
སྤྱི་ལོ༦༢༩འི་ནང་ཏཱང་རྒྱལ་ཁབ་དང་ཤ ར་ཕྱོགས་ཊཀ་གོཀ་ཊས་གཉིས་ཀྱི་བར་ན་མ་ སྒྲིག་པར་ཡོད་པའི་སྐབས་ཐང་སན་མཆོག་གི་གཉིད་ལམ་ནང་་རྒྱ་གར་ལུ་འབྱོན་དགོ་
པའི་ལུང་བསྟན་འབྱུང་ནུག འདི་སྒང་ཏཱང་གི་རྒྱལཔོ་གིས་མི་སེར་ཚུ་ཕྱི་རྒྱལ་ཁབ་ནང་ འགྲོ་འགྲུལ་འབད་ནི་བཀག་ཆ་འབད་ཡོདཔ་ལས་རྒྱ་གར་ནང་བྱོག་བྱོན་དགོཔ་འཐོན་ ཡོདཔ་ཨིན་པས།
སྤྱི་ལོ་༦༢༩ལུ་གོ་པི་བྱེ་ཐང་དང་ཧཱ་མི་བརྒྱུད་དེ་༦༣༠འི་ནང་ཏུར་
པན་ལུ་ཕེབས་ནུག འདི་གི་སྐབས་ཏུར་པན་གྱི་རྒྱལཔོ་འདི་ནང་པ་ཅིག་འབདཝ་ལས་
ཆ་རོགས་ག་དེ་དྲག་དྲག་མཛད་ཡོད་པའི་ཁར་ངོ་སྤྲོད་བཀའ་ཤོག་གཅིག་ཡང་གནང་
9
ཡོདཔ་མས།
གནས་བཤད་འདོད་འཇོའི་བུམ་བཟང་།
ས་གནས་འདི་ནང་ལས་ཡར་ཀན་བརྒྱུད་དེ་ཀུ་ཆ་ལུ་ཡོད་པའི་ཐེག་
དམན་གྱི་དགོན་སྡེ་ཚུ་མཇལ། ཀིས་ཏན་ལུ་ལུ་ཕེབས་ནུག།
འདི་ཁ་ལས་ཨཀ་སུ་དང་བེ་དེལ་པཱས་བརྒྱུད་དེ་ཀཱ་ཛ་
ཏོ ག ་མཱཀ་ལུ་མ་འབྱོ ན་པའི་ཧེ་མར་ནུབ་ཕྱོ ག ས་ཊར་ཀིའི་རྒྱལཔོ ་ གེ་རེཊ་ཁཱན་དང་ མཇལ་འཕྲད་མཛད་ཡོདཔ་ཨིནམ་སྦེ། འདི་ཡི་སྐབས་ལུ་ནུས་ཊཀ་ཀི་རྒྱལཔོ་དང་རྒྱ་ ནག་ཏཱང་གི་རྒྱལཔོ་གཉིས་མཐུན་འབྲེལ་ལེགས་ཤོམ་ཡོདཔ་ལས་ཐང་སན་མཆོག་ ལུ་གསོལཝ་ཅིག་ཡང་དྲངས་ནུག
འདི་ནང་ལས་འཕྲོ་འཐུད་བྱོན་ཏེ་ཏཱཤ་ཀེནཊ་ལུ་
དརེས་ནང་པ་ཨུཛ་བེ་གིས་ཏཱན་གྱི་རྒྱལ་ས་བརྒྱུད་དེ་སཱ་མར་ཀནྜ་ལུ་ཡོད་པའི་ནང་པའི་ དགོན་སྡེ་ཚུ་མཇལ།
འདི་ནང་ལས་པཱ་མིར་གངས་རི་གི་ཟུར་ལམ་བརྒྱུད་དེ་ཨ་མུ་
དཱར་ཡ་དང་ཏཱར་མེཛ་ལུ་ཕེབསཔ་ད་ནང་པའི་དགེ་སློང་སྟོང་ཕྲག་ལྷག་ཙམ་དང་མཇལ་ འཕྲད་མཛད་ནུག
གནས་འདི་ནང་ལས་ད་རུང་ཀུན་དུཛ་བརྒྱུད་དེ་བྱོནམ་ད།
ས་
གནས་དེ་ནང་གི་རྒྱལ་སྲས་ཏཱར་དྷུ་དགོངས་པ་རྫོགས་ཡོདཔ་ལས་སྐུ་ཕུང་མེ་མཆོད་ ཕུལ་ས་བཞུགས་དགོཔ་བྱུང་ཡོདཔ་མ་ཚད། ས་གནས་དེ་ཁའི་དགེ་སློང་དྷརྨ་ སིཧཾ་ལུ་ སྲས་ཏཱར་དྷུ་གིས་བཱལ་ཁ་ལུ་ཡོད་པའི་ནང་པའི་དགོན་སྡེ་ནང་ཁོ་གི་དོན་ལུ་འབྱོན་དགོ་
པའི་ཞལ་ཆེམས་ཡོདཔ་ལས་ཐང་སན་མཆོག་ཡག་དགེ་སློང་དེ་དང་མཉམ་གཅིག་ བཱལ་ཁ་ལུ་ཕེབས་ནུག༼ཨཕ་གྷ་ནིས་ཏན༽འདི་གི་སྐབས་དགོན་སྡེ་འདི་ནང་ཐེག་
དམན་གྱི་དགེ་འདུན་པ་སྟོང་ཕྲག་༣བཞུགས་ཏེ་ཡོདཔ་ཨིན་པས། དགོན་སྡེ་འདི་ཡང་ ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་སྦོམ ་ཤོས་ཅིག་ཨིནམ་ལས་བརྟེན་སྟོན་པའི་རིང་ བསྲེལ་ཚུ་ཡང་མཇལ་ནི་ཡོདཔ་མས།
ཐང་སན་མཆོག་གིས་དགོན་སྡེ་འདི་ནང་དགེ་
སློང་པཱ་རཱཇ་ཀཱ་རཱ་དང་གཅིག་ཁར་སློབ་སྦྱོང་མཛད་དེ།
འདི་ནང་ལས་མཧཱ་བི་བྷ་སཱའི་
དཔེ་ཆ་ཐོབ་སྟེ་ཤུལ་མ་རྒྱ་སྐད་ཐོག་ལུ་བསྒྱུར་གནང་ནུག།
10
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ལས་དགེ་སློང་པཱ་རཱཇ་ཀཱ་རཱ་དང་མཉམ་གཅིག་བཱ་མི་ཡན་ལུ་བྱག་གུ་ལུ་བཞེངས་ ཡོད་པའི་སྟོན་པའི་སྐུ་འདྲ་འདི་མཇལ་བར་བྱོན་ནུག ས་གནས་འདི་ནང་ལས་ཤི་བཱར་ པཱས་བརྒྱུད་དེ་ཀཱ་པི་སི་ལུ་ཕེབས་ཡོདཔ་ཨིན་པས།
ས་གནས་འདི་ད་རེས་ནང་པ་ཀཱ་
བྷུལ་ལས་ཀི་ལོ་མི་ཊར་༦༠འི་ས་ཁར་ཡོདཔ་ཨིན་པས་འདི་སྒང་ས་གནས་འདི་གཱན་ དྷ་རཱའི་ས་ཁོངས་ནང་སྡོད་ནུག གནས་འདི་ནང་དགོན་སྡེ་༡༠༠ ལྷག་ཙམ་དང་དགེ་ འདུན་པ་སྟོང་ཕྲག་༦ནང་ལས་མང་ཤོས་ཅིག་ཐེག་ཆེན་ཨིན་པས།
ཐང་སན་མཆོག་
དགོན་སྡེ་འདི་ནང་རྩོད་འགྲན་གྱི་གྲངས་སུ་རྩོད་པ་ཚོགས་ཏེ་བཞུགས་ཡོདཔ་མས།
ས་གནས་འདི་ནང་ལས་ཨ་དི་ནཱ་པུར་༼ཇཱ་ལ་བྷད༽ལུ་ཕེབས་ཏེ་རྒྱ་གར་ནང་ལུ་ཕེབས་ ཚར་ཡི་མནོ་བའི་ཐུགས་བསམ་བཞེས་ནུག
འདི་གི་སྐབས་ལུ་སྤྱི་ལོ་༦༣༠
ཡོདཔ་མས།།
སོང་
ཨ་དི་ནཱ་པུར་ལས་ཧན་ཛ་དང་ཁེ་བར་པཱས་བརྒྱུད་དེ་ཧེ་མའི་དུས་ལུ་གཱན་དྷ་རཱའི་རྒྱལ་ ས་པུ་རུ་ཤཱ་པུར་༼པེཤྦར།༽ལུ་ཕེབས་ནུག
ས་གནས་འདི་ནང་ནང་ཆོས་མར་ཉམས་
པའི་སྐབས་ཨིན་རུང་རྒྱལཔོ་ཀ་ནིཥྐ་གིས་བཞེངས་ཏེ་ཡོད་མི་མཆོད་རྟེན་ཚུ་མཇལ་
ནུག༼མཆོད་རྟེན་འདི་ཐང་སན་མཆོག་གི་ལམ་ཡིག་ཐོག་ལས་ཞིབ་འཚོལ་འབད་དེ་ སྤྱི་ལོ་༡༩༠༨ནང་ཌི་བི་ཨིས་པུར་ནཱ་གིས་པེ་ཤཱ་ཝཱར་གྱི་ཤར་ལྷོ་ཁ་ཐུག་ལས་ཐོབ་ནུག༽ པེ་ཤཱ་ཝཱར་ལས་སྭཏ་བེལ་ལེ་བརྒྱུད་དེ་ཨོ་ཌི་ཡ་ནཱ་༼ཨོ་རྒྱན་གྱི་ཡུལ།༽ལུ་ཕེབས་
ནུགའདི་སྒང་ས་གནས་དེ་ནང་དགོན་སྡེ་རྙིངམ་༡༤༠༠དེ་ཅིག་མཇལ་ཡོ ད པ་ཨིན་ པས།།
ཧེ་མ་གྱི་དུས་ལུ་དགོན་སྡེ་འདི་ནང་དགེ་འདུན་༡༨༠༠༠ལྷགཔ་ཅིག་བཞུགས་ནུག་ ཟེར་ཨིན་པས།
ས་གནས་འདི་ནང་ལས་བུ་ནར་བེལ་ལེ་དང་ཤཧ་བཱཛ་གྷར་བརྒྱུད་
དེ་ཆུ་བོ་སིནྡྷུ་བརྒལ་ཞིནམ་ལས་ཧུནྜ་ལུ་ཕེབས།
11
འདི་ནང་ལས་ཏཀྵ་ཤཱི་ལ་ལུ་བྱོན་
གནས་བཤད་འདོད་འཇོའི་བུམ་བཟང་།
ནུགའདི་གི་སྐབས་གནས་འདི་ནང་དགོན་སྡེ་༡༠༠དང་།
ཐེག་ཆེན་གྱི་དགེ་སློང་སྟོང་
ཕྲག་༥ལྷག་ཙམ་བཞུགས་ཡོདཔ་ལས་ཐང་སན་མཆོག་སྤྱི་ལོ་༦༣༡ལས་༦༣༣ཚུན་ཚོད་ དགོན་སྡེའདི་ནང་ལོ་༢ཀྱི་རིང་སྐུ་ཡོན་བཞེས་ཏེ་བཞུགས་ཡོདཔ་ཨིན་པས།།
སྤྱི་ལོ་༦༣༣ནང་ཀཤྨིར་ལས་འབད་ཅི་ནཱ་བྷུཀ་ཏི་༼ཕི་རོཛ་པུར༽ལུ་ཕེབས་ཏེ་ལོ་༡གི་ རིང་ལུ། སྲས་བི་ནི་ཏཱ་པྲབྷ་དང་གཅིག་ཁར་སློབ་སྦྱོང་མཛད་པའི་ཤུལ་མར། ༦༣༤ལུ་
པཱཎ་ཇབ་ཀྱི་ས་གནས་ཇཱ་ལན་དྷར་དང་ཀུ་ལུ་བརྒྱུད་དེ་མཱ་ཐུ་རཱ་ལུ་ཕེབས་ནུགའདི་ སྒང་མཱ་ཐུ་རཱ་ལུ་ཧིན་དུའི་ཆོས་ལུགས་ཀྱི་དབང་བསྒྱུར་འབད་དེ་ཡོད་རུང་།
ནང་པའི་
དགོན་སྡེ་ཚུ་དང་ཐེག་ཆེན་ཐེག་དམན་གཉིས་ཀྱིདགེ་འདུན་བསྡོམས་༢༠༠༠ལྷག་ཙམ་ བཞུགས་ཡོདཔ་ཨིན་པས།།
འདི་ནང་ལས་སཱན་ཀཱ་སི་ཡ་༼ལྷ་བབས་གནས༽ལུ་ཕེབས། དེ་བཅོམ་ལྡན་འདས་ཀྱི་ བཞུགས་གནས་ས་ཀེ་ཏ།༼ཨ་ཡོ་དྷ་ཡ་༽ ཤཱ་རཱ་བསྟི ཀཱ་པིལ་བསྟུ། ལུམྦི་ནི། ཀུ་ ཤི་ནཱ་གར་ལ་སོགས་པ་ཚུ་ལུ་རིམ་པ་བཞིན་དུ་བྱོན་ནུག། སྤྱི་ལོ་༦༣༧ལུ་ཀུ་ཤི་ནཱ་གར་
ལས་སཱ་རཱ་ནཱཐ།༼ཝཱ་རཱ་ཎ་སཱི་༽ པཱ་ཊ་ལི་པུ་ཏྲ་༼པཊ་ན༽ བུདྡྷ་གཱ་ཡ་ལས་ནཱ་ལནྡཱ་ ལུ་ཕེབས་ཏེ་ལོ་༢་དེ་ཅིག་བཞུགས་པའི་རིང་ལུ། ཚད་མ་དང་ བརྡ་སྤྲོད་ཀྱི་རིགས་པ། ལེགས་སྦྱར། ཡོ་གཱ་ཅརྱ་ཚུ་གི་སློབ་སྦྱོང་མཛད་གནང་ནུག འདི་སྒང་ནཱ་ལནྡཱའི་གཙུག་
ལག་སློབ་གྲྭ་ནང་ལུ་མཁས་ཤོས་ཅིག་སློབ་དཔོན་ཤཱི་ལ་བྷ་དྲ་བཞུགས་ཡོདཔ་ཨིན་ པས།།
སྐུ་ཡོན་བཞེས་ཚར་བའི་ཤུལ་མ་ནཱ་ལནྡཱ་ལས་འབད་རྒྱལ་ཁབ་དག་པ་ཅིག་ནང་བྱོན་ ཏེ་པུནྡྲ་བཱར་དྷ་ནའི་རྒྱལ་ས་༼བྷངྒལ་དེཤ་གི་ས་ཁོངས་མཧཱ་སྠཱ་ན་གྲི་ཧ།༽ལུ་ཕེབས་
ནུགས་གནས་འདི་ནང་ལས་ཀཱ་མ་རུ་པའི་རྒྱལཔོ་ཀུ་མར་བྷཱ་ས་ཀཱ་ར་བཱར་དྷ་ནཱ་གིས་ ཁོ་གི་རྒྱལ་ཁབ་ནང་ལུ་གདན་འདྲེན་ཞུ་སྟེ་པྲག་ཇོ་ཏིཤ་པུར་༼གོ་ཧ་ཊི་༽ལུ་ཕེབས་
12
གནས་བཤད་འདོད་འཇོའི་བུམ་བཟང་།
གནང་ནུག གནས་འདི་ནང་ལས་ཀཱན་ནུཇ་རྒྱལཔོ་ཧཱར་ཤ་བཱར་དྷན་གིས་ཁོ་རའི་རྒྱལ་ ཁབ་ནང་ཞུ་ཡོདཔ་ཨིན་པས། འདི་ནང་ལས་སྦེ་རྒྱ་གར་ལྷོ་ཕྱོགས་ཁ་ཐུག་བྱོན་ཏེ་ཨཱམ་
རཱ་བཱ་ཏི་དང་། ན་གཱར་ཇུ་ནཱ་ཀོནྡྲ་༼དཔལ་ལྡན་འབྲས་སྤུངས་དང་ལྷོ་ཕྱོགས་དཔལ་གྱི་ རི་༽མཇལ་ཚར་བའི་ཤུལ་མ་སྤྱི་ལོ་༦༤༥འི་ནང་རྒྱ་ནག་ལུ་ལོགས་ཏེ་འབྱོན་ནུག།
འདི་གི་སྐབས་རྒྱ་ནག་ཏཱང་གི་རྒྱལཔོ་ཏཱའི་ཟོང་བཞུགས་ཡོདཔ་མས། ཐང་སན་མཆོག་ གིས་རྒྱ་གར་ནང་ལས་ནང་ཆོས་ཀྱི་དཔེ་ཆ་བསྣམས་ཏེ་ཡོད་མི་ཚུ་རྒྱ་ནག་གི་སྐད་ཡིག་ ནང་ལུ་སྐད་བསྒྱུར་མཛད་པའི་ཤུལ་མ་སྤྱི་ལོ་༦༦༤འི་ནང་ཐང་སན་མཆོག་དགོངས་པ་ རྫོགས་ཡོདཔ་ཨིན་པས།།
ད་རེས་འཛམ་གླིང་ནང་ལུ་ང་བཅས་ལུ་ལམ་སྟོན་བཟང་པོ་གནང་མི་སྟོན་པ་ཤཱཀྱ་ཐུབ་ པ་མཆོག་གི་བཞུགས་གནས་ཚུ་ལོ་ངོ་༦༠༠ལྷགཔ་ཅིག་གི་རིང་གཏེར་བཟུམ་སྦེ་སའི་ འོག་ལུ་ལུས་པའི་ཤུལ་མ་ཐོབ་ཏེ་ངོས་འཛིན་འབད་ཚུགས་མི་འདི་
ཐང་སན་མཆོག་
གིས་ལམ་ཡིག་ནང་ལུ་ཁ་གསལ་སྦེ་བཀོད་དེ་ཡོདཔ་ལས་བརྟེན་ཏེ་ཨིན་པས།།
འདི་འབདཝ་ལས་བརྟེན་ང་བཅས་གནས་བསྐོརཔ་ཡོངས་ཀྱིས་རྒྱ་ནག་གི་དགེ་སློང་ ཐང་སན་མཆོག་ལུ་ཁ་ཞེང་གཉིས་མེད་ཀྱི་དགའ་ཚོར་དང་གུས་བཏུད་ཞུ་དགོཔ་འདུག་ ཟེར་ཞུ་ནི་ཨིན།།
ཐུབ་དབང་ལྷ་ཡི་བྱིན་ཆགས་གནས་མཆོག་རྣམས།།
ཉམས་རྒུད་དགྲ་བོས་ནམ་ཞིག་བརླག་ཚུལ་མཁྱེན།། སྔོན་ནས་ཇི་བཞུགས་ལམ་ཡིག་ཚུལ་དུ་བཀོད།། བདག་སོགས་སྐལ་བར་སྩོལ་མཛད་སྐུ་དྲིན་ལྕི།།
13
གནས་བཤད་འདོད་འཇོའི་བུམ་བཟང་།
ཕལ་པ་ངས་ཀྱང་གང་གི་རྣམ་ཐར་དྲན།།
གང་གིས་མཛད་བཟང་རིན་ཐང་འདི་རིགས་ནས།།
གང་བཞིན་སྟོན་མཆོག་ལྷ་དབང་གནས་མཆོག་གི ངོ་སྤྲོད་གསལ་བཤད་རང་རྒྱལ་སྐད་དུ་བསྒྱུར།། གལ་ཏེ་ལས་འབྲས་སླུ་མེད་ཡིན་ཟེར་ན།།
ངལ་འབྲས་འདིས་ཀྱང་རྒྱལ་བསྟན་ནམ་གནས་རིང་།།
འཕགས་ཡུལ་གནས་མཇལ་ཕེབས་པའི་སྐུ་མགྲོན་ཚོར།། མ་བསྐུལ་ལམ་སྟོན་བགྱི་བར་སྙིང་ནས་སྨོན།།
སཱར་ཨེ་ལེ་ཟེནྜར་ཀཱན་ནིང་གཱམ། སྐུ་ངལ་ཆེ་ཡང་སྙིང་སྟོབས་མ་ཆུང་བར།།
འཕགས་ཡུལ་གནས་རྣམས་འཛིན་མའི་རུམ་ནས་བླངས།། འཇིག་རྟེན་རྟེན་དུ་འཇོག་མཛད་སྐུ་དྲིན་ཅན།། ཀཱན་ནིང་གཱམ་གྱི་ལོ་རྒྱུས་གསན་པར་ཞུ།།
སཱར་ཀཱན་ནིན་གཱམ་འདི་རྒྱ་གར་ནང་ལུ་གནས་བསྐོརཔ་སྦེ་བྱོན་བྱོནམ་ཅིག་མེན་རུང་ ཁོ་རྒྱ་གར་ནང་ལུ་སྤྱི་ལོ་༡༨༣༣ལུ་དམག་མི་གི་སྡེ་བདག་འོག་མ་སྦེ་འབྱོན་པའི་ཤུལ་ མ་བདག་སྐྱོང་གི་ཕྱག་ལཱ་དང་བཟོ་དཔོན། ཚུ་ཡང་གནང་ནུག།
14
དེ་ལས་ས་འཇལ་བརྟག་ཞིབ་ཀྱི་ཕྱག་ལཱ་
གནས་བཤད་འདོད་འཇོའི་བུམ་བཟང་།
སྤྱི་ལོ་༡༨༦༡ནང་ལུ་ཁོ་གིས་རྒྱ་གར་ས་འཇལ་ལས་ཁུངས་འགོ་དང་པ་གཞི་བཙུགས་ མཛད་དེ་༡༨༨༥ལུ་ཁོ་རའི་རྒྱལ་ཁབ་ཨིང་ལེནྜ་ལུ་ལོག་འབྱོན་ཡོདཔ་ཨིན་པས། ལས་ཨིང་ལེནྜ་ལས་ལོག་སྟེ་བྱོན་ཞིནམ་ལས།
དེ་
ལྷ་ཁང་དང་དགོན་སྡེ་རྙིངམ་ཚུ་ཞིབ་
འཚོལ་མཛད་ནི་གི་དང་འདོད་སྦོམ་འབྱུངམ་ལས། རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་
ས་ཁོངས་ནང་ལས་ཕར། ལྷ་ཁང་དང་། རྫོང་། དེ་ལས་དྲན་རྟེན་ཁང་ལ་སོགས་པ་ སྟོང་ཕྲག་ལྷག་ཙམ་མཇལ་ནུག།
འདི་གི་སྐབས་ས་ཁོངས་ལ་ལུ་ཅིག་ནང་གནའ་ཤུལ་བརྟག་ཞིབ་ཀྱི་ཕྱག་ལཱ་མཛད་ནི་
འདི་ཉེན་ཁ་ཅན་གྱི་ཕྱག་ལཱ་ཅིག་ཨིན་དོ་མས། གྲོང་གསེབ་ཀྱི་མི་སེར་ཚུ་གིས་གནས་ ཀྱི་རྙིང་ཤུལ་ཚུ་འཇམ་ཏོང་ཏོ་སྦེ་སྟོན་མ་བཏུབ་མ་ཚད།
འདི་གི་ནང་ལས་ཡང་བྲམ་
ཟེའི་ཆོསཔ་ཚུ་ཡོད་སའི་ས་ཁོངས་ཚུ་ནང་ཉོག་བཤད་དང་སྟབས་མ་བདེཝ་སྦོམ་སྦེ་ འཐོནམ་ལས་བརྟེན། གནས་ཀྱི་རྙིང་ཤུལ་དང་སྐུ་འདྲ་ཚུ་ཞིབ་འཚོལ་འབད་ནིའི་དོན་ ལུ་ཁོ་རང་གི་ཁ་ཐུག་ལས་མ་དངུལ་འབོར་ཆེ་ཏོག་ཏོ་འགྲོ་སོང་གནང་ཏེ་ཞིབ་འཚོལ་ གྱི་ཕྱག་ལཱ་ཚུ་མཛད་དགོཔ་འབྱུང་ནུག
ཨིན་རུང་ཁོ་གིས་འདི་བཟུམ་གྱི་དཀའ་ངལ་
ཚུ་ལུ་གདོང་ལེན་འབད་དེ་གནས་ཀྱི་ཤུལ་ཚུ་ཞིབ་འཚོལ་འབད་དེ་གནས་དག་པ་ཅིག་ གི་ས་ཁོངས་ཚུ་ངོས་འཛིན་འབད་ཚུགས་ནུག།
དེ་ལས་སྤྱི་ལོ་༡༨༦༡ལུ་རྒྱ་གར་ནང་ལུ་གནའ་ཤུལ་བརྟག་ཞིབ་ཚོགས་པ་གསརཔ་ གཅིག་གཞི་བཙུགས་མཛད་ཞིནམ་ལས།
ཁོ་རང་དམག་མི་ནང་ལས་དགོངས་ཞུ་
མཛད་དེ་ཚོགས་པ་དེ་གི་ཡོངས་ཁྱབ་མདོ་ཆེན་མཛད་ནུག
མ་གཞི་ཁོ་རང་ཡེ་ཤུའི་
ཆོས་ལུགས་མཛད་མི་ཅིག་ཨིན་རུང་ནང་པའི་ཆོས་ཀྱི་སྐོར་ལས་ལེགས་ཤོམ་སྦེ་མཁྱེན་ འོང་པའི་སྒང་ལས་ནང་ཆོས་ལུ་དད་པ་དང་ཡིད་ཆེས་མང་སུ་མང་སུ་སྐྱེས་ཏེ།ནང་པའི་ གནས་ཆེན་ཚུ་ཞིབ་འཚོལ་མཛད་ནི་འགོ་བཙུགས་ནུག།
15
གནས་བཤད་འདོད་འཇོའི་བུམ་བཟང་།
ནང་པའི་ཆོས་ཀྱི་ནང་ལས་སངས་རྒྱས་ཀྱི་མཛད་པ་ཚུ་གི་སྐོར་ལས་ཐོན་ནི་ཡོདཔ་ ཨིན་རུང་།
མཛད་པ་དེ་ཚུ་མཛད་སའི་ས་གོ་འདི་ཚུ་ས་གནས་འདི་ནང་ཨིན་ཟེར་བའི་
གནས་ཚུལ་དང་།
དགོན་སྡེ་དེ་ནང་གཙུག་ལག་ཁང་དང་དགེ་སློང་འ་ནེམ་ཅིག་ཡོད་
ཟེར་བ་ལ་སོགས་པའི་གསལ་ཁ་གང་ཡང་མེད་པའི་ཁར།
རྒྱ་གར་གྱི་ས་གནས་དེ་
ཡང་ག་ནི་བ་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཨིནམ་ལས། སར་ཀ་ནིང་གམ་གྱི་ ཧོང་ལས་མནོ་བསམ་གཏང་སྟེ་བལྟ་བ་ཅིན།
ནང་པའི་གནས་ཆེན་ངོས་འཛིན་འབད་
ནི་འདི་ག་ནི་བ་ལཱ་ཁག་ཅན་གྱི་ལས་འགན་ཅིག་ལུ་འགྱུར་ནུག། དེ་ལས་སངས་རྒྱས་ཀྱི་ཐུགས་རྗེ་དང་།
ང་བཅས་རའི་བསོད་ནམས་ཀྱི་མཐུ་ལས་
བརྟེན་ཏེ།
ནང་པའི་གནས་ཆེན་ཚུ་གི་བཀོད་པ་བཤད་དེ་ཡོད་པའི་དཔེ་ཆ་ཅིག་ཁོ་ལུ་
ཨིན་མས།
ལམ་ཡིག་དེ་ནང་ཐང་སན་བླ་མ་ཁོ་རང་རྒྱ་ནག་ལས་རྒྱ་གར་ལུ་ཆོས་ཞུ་
ཐོབ་ཡོད་མི་འདི།
རྒྱ་མི་གི་ཁ་སྐད་ནང་ཡོད་པའི་ཐང་སན་བླ་མའི་ལམ་ཡིག་འདི་
བར་འོང་པའི་སྐབས་ཀྱི་ལམ་བར་གྱི་གནས་ཚུལ་ཆ་ཚང་བྲིས་ཡོདཔ་མ་ཚད།
ནང་
པའི་གནས་ཆེན་དེ་ཚུ་ས་ཆ་ག་ཏེ་ལས་ཀི་ལོ་མི་ཊར་ག་དེམ་ཅིག་གི་ས་ཁར་ཆགས་ཏེ་ ཡོད་པའི་ལོ་རྒྱུས།
གནས་ཆེན་དེ་ནང་ཡོད་པའི་གཙུག་ལག་ཁང་གི་མཐོ་ཚད་དང་རྒྱ་
ཚད་ག་དེམ་ཅིག་ཡོད་པའི་སྐོར། དེ་ལས་དགེ་འདུན་གྱི་སྡེ། དགེ་སློང་ག་དེམ་ཅིག་ བཞུགས་པའི་གྱངས་ཁ། དང་།
སློབ་སྦྱོང་ག་ཅིག་གནང་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་
གཞན་ཡང་རྒྱལ་ཁབ་གཅིག་ལས་གཅིག་ལུ་བརྒྱུད་དེ་འོངས་པའི་སྐབས་ཀྱི་
རྒྱལ་ཁབ་དེ་གི་ཆགས་ཚུལ་རི་དང་གཙང་ཆུ་ས་གཞིའི་གནས་སྟངས།རྒྱལ་པོ་དང་
མི་སེར་གྱི་སྐོར། ཆབ་སྲིད་སྐྱོང་ལུགས། མི་སེར་གྱི་འཚོ་སྐྱོང་འབྲུ་རིགས་ག་ཅི་དང་ ག་ཅི་ཡོད་པའི་སྐོར།
ཤིང་དང་མེ་ཏོག་ག་ཅི་བཟུམ་ཡོད་པའི་སྐོར་ལས་གསལ་ཤིང་
གསལཔ་སྦེ་བྲིས་ཏེ་ཡོདཔ་ཨིན་མས།།
16
གནས་བཤད་འདོད་འཇོའི་བུམ་བཟང་།
སཱར་ཀ་ནིང་གམ་གྱིས་ཡང་ལམ་ཡིག་དེ་དང་འཁྲིལ་ཏེ།
ནང་པའི་གནས་ཆེན་དེ་ཚུ་
ཞིབ་འཚོལ་རིམ་པ་བཞིན་དུ་འབད་དེ། ཤྲ་བསྟི། ཀཽ་ཤམྦྷི། ཀུ་ཤི་ནཱ་གར། རྒྱལ་པོའི་ ཁབ། མ་ཐུ་རཱ། སཱར་ནཱཐ། རྡོ་རྗེ་གདན་ལ་སོགས་པའི་ས་གནས་དེ་ཚུ་ངོས་འཛིན་
འབད་ཚུགས་ཡོདཔ་མ་ཚད། ཤུལ་ལས་རྙོག་གཞི་མི་ཐོན་གྱི་དོན་ལུ་ས་གནས་དེ་ཚུ་ ནང་བརྡ་བྱང་ཚུ་ཡང་བཙུགས་ཏེ་ཡོདཔ་ཨིན།།
ད་རིས་ནང་པ་འཛམ་གླིང་གི་ལྟ་བཤལཔ་སྤྱི་དང་།
པའི་རྗེས་འཇུག་ཚུ་གནས་བསྐོར་བྱོན་པའི་སྐབས་ལུ།
ལྷག་པར་དད་མོས་ཅན་གྱི་སྟོན་
ཐུབ་པ་མཆོག་གི་གནས་ཆེན་ཚུ་མཇལ་ཁ་ཞུ་ཞིནམ་ལས། རྗེས་དྲན་ཞུ་ནི་དང་།
བདག་ཅག་གི་སྟོན་པ་ཤཱཀྱ་ སྟོན་པ་ལུ་བཀའ་དྲིན་
ཕྱག་མཆོད་སྨོན་ལམ་བཏབ་ནིའི་གོ་སྐབས་ཐོབ་མི་འདི།སཱར་
ཀན་ནིང་གམ་གྱིས་མཛད་བྱ་ལས་བརྟེན་ཏེ་ཨིནམ་གནས་བསྐོརཔ་ཡོ ང ས་ཀྱིས་ ཐུགས་ཁར་དྲན་གནང་ཟེར་གསོལ་འདེབས་ཞུ་ནི་ཨིན།།
ཆོས་ལུགས་ལྟ་གྲུབ་གཅིག་པའི་མི་མིན་ཀྱང་།།
ངལ་དུབ་ཁུར་ཆེན་རང་གིས་ཕྲག་པས་བླངས།།
ཡ་མཚན་མཛད་པས་གཞན་དོན་ལྷུར་ལེན་མཁན།། ཀཱན་ནིང་གཱམ་གྱི་སྐུ་དྲིན་ནམ་མཁའ་ཡངས།། ཕྲིན་འདི་སྙན་དུ་སིམ་པའི་སྐུ་མགྲོན་ཚོས།།
དངོས་ཤུགས་བརྒྱུད་པས་གཞན་སྡུག་མ་སྤེལ་བར།། སྐྱེས་མཆོག་གང་བཞིན་སྡིག་མེད་བྱ་བཟང་གིས།།
ལོ་བརྒྱའི་བར་ཡང་གཞན་སྨན་ལས་ལ་འབུངས།།
17
གནས་བཤད་འདོད་འཇོའི་བུམ་བཟང་།
གལ་ཏེ་ཕན་པའི་བྱ་བ་མེད་ན་ཡང་།།
བསམ་བཞིན་གཞན་གནོད་བྱ་བ་མིག་ངན་ཙམ།། བལྟ་བར་མི་ཕོད་ཡ་རབ་སྤྱོད་པའི་རྒྱུན།།
རྒྱུད་ལ་གོམས་ཕྱིར་གང་ཐུབ་བརྩོན་པར་མཛོད།།
༼སཱར་ཨིཊ་ཡེན་ཨར་ནོལཌ༽ རྩོམ་རིག་དགའ་མའི་ཟུར་མིག་ལན་གཅིག་གིས།།
འཛམ་གླིང་སྐྱེས་པའི་ཡིད་དབང་འཕྲོག་མཁས་པ།། ཨིཊ་ཡེན་ཨར་ནོལཊ་ཞབས་ཀྱི་ལོ་རྒྱུས་ཞིག།
སྐུ་མགྲོན་ཡོངས་ཀྱིས་གཟིགས་མོར་འབུལ་བར་སྤྲོ།། སཱར་ཨིཊ་ཡེན་ཨར་ནོལཌ་མཆོག་སྤྱི་ལོ་༡༨༨༥ལུ་རྒྱ་གར་གྱི་མངའ་སྡེ་མཧཱ་རཥ་ཊྲའི་
ས་ཁོངས་པུ་ནེ་ལུ་གྲེཊ་ཀེན་གཙུག་ལག་སློབ་གྲྭའི་དབུ་འཛིན་སྦེ་བཞུགས་ཡོདཔ་
ཨིན་པས། འདི་གི་སྐབས་ལུ་རྒྱ་གར་རྒྱལ་ཁབ་ཀྱི་ཆོས་ལུགས་ཚུ་ལུ་དང་འདོད་སྦོམ་
འབད་ཡོད་པའི་ནང་ལས། ནང་པའི་ཆོས་ལུ་ཆོས་ལུགས་གཞན་ལས་ལྷགཔ་སྦེ་སྤྲོ་བ་ བྱུང་ནུག།
དེ་ལས་སྤྱི་ལོ་༡༨༦༡ལུ་ཨིང་ལེནཌ་ལུ་ལོག་འབྱོན་པའི་ཤུལ་མར། ཌེ་ལི་ཊེ་ལི་ག་རཕ་ ཟེར་མི་གསར་ཤོག་གི་ཞུན་དག་པ་སྦེ་བསྐོས་ཡོདཔ་ཨིན་མས།
ཁོ་གིས་ནང་པའི་
ཆོས་འདི་རྒྱབ་ཤུད་རྐྱབ་མ་བཞག་པར་འཕྲོ་འཐུད་དེ་རང་སློབ་སྦྱོང་གནང་བའི་ཤུལ་
18
གནས་བཤད་འདོད་འཇོའི་བུམ་བཟང་།
མར། ཁོ་རང་གིས་ནང་ཆོས་ནང་ལས་སྐད་བསྒྱུར་མཛད་ཡོད་མི་ཚུ་དོན་ཚན་ལུ་གཞི་ བཞག་ཞིནམ་ལས།
སྙན་རྩོམ་དཱ་ལའིཊི་ཨོཕ་ཨེ་ཤི་ཡ་ཟེར་མི་འདི་རྩོམ་སྒྲིག་མཛད་
གནང་ནུག སྙན་རྩོམ་འདི་ནང་ལུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐོར་ལས་དང་ སྟོན་ པའི་ཆོས་ཀྱི་སྐོར་ལས་བཀོད་ཡོདཔ་ལས།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚུ་ནང་ཧེ་མ་
ལས་གོ་མ་མྱོང་བའི་སྙན་རྩོམ་ཅིག་ལུ་འགྱུར་ཏེ་འཛམ་གླིང་ནང་ལུ་རྩོམ་བྲིསཔ་མཁས་ མཆོག་གི་གྲངས་སུ་ཚུད་ནུག།
སཱར་ཨིཊ་ཡེན་ཨར་ནོལཌ་མཆོག་ཧེ་མ་ལས་རང་གནས་བསྐོར་ལུ་འབྱོན་ནི་གི་ཐུགས་ འདོད་བསྐྱེད་དེ་བཞུགས་ཡོདཔ་ལས། རྡོ་རྗེ་གདན་ལུ་ཕེབས་ནུག
འགོ་དང་པ་རང་ནང་པའི་གནས་མཇལ་བར་
འདི་བསྒང་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དང་བྱང་
ཆུབ་ཤིང་གི་འཛིན་སྐྱོང་འཐབ་མི་འདི་ནང་པའི་མི་རིགས་མེན་པར་ཧིན་དུའི་ཆོསཔ་ཚུ་ གིས་འཛིན་སྐྱོང་འབད་དེ་ཡོདཔ་ལས།
མཆོད་རྟེན་དང་བྱང་ཆུབ་ཤིང་གི་མཐའ་སྐོར་
ལུ་ཚུལ་དང་མ་མཐུན་པའི་གནས་སྟངས་འདི་ལུ་གཟིགས་ཏེ་ཐུགས་ཕམ་སྦོམ་འབྱུང་ ནུག།
དེ་ལས་རྡོ་རྗེ་གདན་གྱི་མཆོད་རྟེན་འདི་བསྐྱར་གསོ་འབད་དེ་ལོག་ལེན་ནི་གི་ཐབས་ ཤེས་འགོ་དང་པ་བརྩམས་ཡོདཔ་མ་ཚད།
རྒྱ་གར་མངའ་སྡེའི་བློན་པོ་དང་མདོ་ཆེན་
སཱར་ཀཱན་ནིང་གམ་ལུ་ཡང་ཞུ་ཡིག་ཚུ་ཕུལ་ཡོད་པའི་ཁར་རྒྱབ་སྐྱོར་གྱི་དོན་ལུ་གསར་ ཤོག་ཚུ་ནང་ཡང་བཀྲམ་སྤེལ་དང་།
ཤྲི་ལངྐའི་མངའ་སྡེའི་སྤྱི་ཁྱབ་ལུ་ཡང་ཞུ་ཡིག་
ཕུལ་གནང་ནུག བཀའ་དྲིན་ཅན་གྱི་འཆར་གཞི་འདི་བཟུམ་བརྩམས་ཏེ་བཞུགས་པའི་ ཤུལ་མར་སྤྱི་ལོ་༡༩༠༤ལུ་དགོངས་པ་རྫོགས་ཡོདཔ་ཨིན་པས།། ད་རེས་ནངས་པ་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་ལུ་ ཆོས་འབད་མི་ཡོངས་ཀྱིས་
ནང་པའི་དགེ་འདུན་པ་དང་ནང་
རང་རང་སོ་སོའི་ཐུགས་བཞེད་དང་བསྟུན་ཏེ་མཇལ་ཁ་
19
གནས་བཤད་འདོད་འཇོའི་བུམ་བཟང་།
དང་། གསོལ་འདེབས་ཕྱག་མཆོད་སྨོན་ལམ་ཚུ་བཏབ་ཚུགས་མི་འདི་ཁོ་གིས་བཀའ་ དྲིན་ཨིན་ཟེར་ཞུ་ནི་ཨིན།།
གང་གི་རྣམ་ཐར་དགའ་ཚལ་ལྡུམ་ར་འདིར།། གང་གི་སྤྱན་ཟུང་རྐང་དྲུག་འཁོར་ཚད་ཀྱིས།།
གང་གི་མཛད་རྣམ་རིན་ཐང་བཅུད་མྱོང་ནས།།
གང་བཞིན་གཞན་དོན་བྱེད་པའི་སྟོབས་རྒྱས་ཤོག།
ཨ་ནཱ་གི་རི་ཀཱ་དྷརྨ་ པཱ་ལ། ཨིཊ་ལེན་ཨར་ནོལྜ་འཆར་གཞི་གཙང་ཆུའི་རྒྱུན།། ནང་པའི་ཞིང་སར་མུ་འཐུད་དྲངས་མཛད་དེ།།
ཐུབ་དབང་གནས་ཀྱི་རྙོག་མ་བསལ་བའི་ལྷ།། དྷརྨ་ པཱ་ལའི་མཛད་རྣམ་ཐིགས་པ་འཐོར།།
ཨ་ནཱ་གཱི་རི་ཀཱ་དྷརྨ་ པཱ་ལ་མཆོག་ཤྲི་ལངྐ་ལས་རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱི་ལུ་སྤྱི་ལོ་
༡༨༩༡གི་ནང་འབྱོན་ནུག ཁོ་ཡང་གནས་ཆེན་ཚུ་གི་གནས་སྟངས་འདི་ལུ་གཟིགས་ཏེ་ ཐུགས་ཀྱིས་བཟོད་མ་ཚུགས་པར་ཧེ་མ་ཨིཊ་ལེནཊ་ཨར་ནོལཌ་མཆོག་གིས་བརྩམས་ ཡོད་པའི་འཆར་གཞི་འདི་འཕྲོ་འཐུད་དེ་མཛད་ནི་འགོ་བཙུགས་ཡོདཔ་ཨིན་པས།།
འདི་བསྒང་རྡོ་རྗེ་གདན་གྱི་མཆོད་རྟེན་འདི་མ་ཧནྟ་གིས་དབང་སྟེ་ཡོད་པའི་ཁར་མཐའ་
20
གནས་བཤད་འདོད་འཇོའི་བུམ་བཟང་།
འཁོར་ལུ་ཡོད་པའི་ས་ཁོངས་ཚུ་ཡང་སྦང་བཏབ་ཏེ་སྡོདཔ་ལས་བརྟེན།
དྷརྨ་ པཱ་ལ་
མཆོག་ལུ་བྱ་སྟབས་མ་བདེཝ་ལེ་ཤཱ་བྱུང་པའི་ཁར་འཐབ་འཛིང་འབད་མི་ཡང་འཐོན་
ནུག ཨིན་རུང་ཁོ་གིས་འབད་བརྩོན་བསྐྱེད་དེ་བྱང་ཆུབ་མཆོད་རྟེན་འདི་ལོག་ནང་པའི་
མི་སེར་ཚུ་ལུ་སྤྲོད་དགོ་པའི་གདོང་ལན་མཛད་དེ་ཐབས་ཤེས་མ་འདྲཝ་སྟོན་པའི་ཤུལ་ མ་ཁྲིམས་ཁང་ནང་ལུ་ཐུག་ཡོདཔ་ཨིན་མས།།
དྷརྨ་ པཱ་ལ་མཆོག་གིས་འཛམ་གླིང་རྒྱལ་ཁབ་ཚུ་ལས་རྒྱབ་སྐྱོར་འཚོ ལ ་ཞིནམ་
ལས།འཕྲོ་འཐུད་དེ་རང་གདོང་ལེན་མཛདཔ་ད་སྤྱི་ལོ་༡༩༤༩ལུ་གྲུབ་འབྲས་བྱུངམ་དང་ གཅིག་ཁར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་པ་༼maha bodhi society༽ཅིག་
ཡང་གཞི་བཙུགས་མཛད་ནུག དུས་དེ་ལས་འགོ་བཟུང་སྟེ་ནང་པའི་མི་སེར་ཡོངས་ལུ་ རྡོ་རྗེ་གདན་གྱི་མཆོད་རྟེན་ནང་ལུ་གུས་བཀུར་ཞུ་ནི་དང་ཕྱག་མཆོད་ལ་སོགས་པ་
ཕུལ་ནིའི་གོ་སྐབས་ཐོབ་ཡོད་མི་འདི། དྷརྨ་ པཱ་ལ་མཆོག་ལུ་ང་བཅས་ནང་པའི་མི་སེར་ ཡོངས་ཀྱིས་ཧིང་ལས་རང་བཀའ་དྲིན་བསམ་དགོཔ་ཅིག་ཨིན་པས།།
དྷརྨ་ པཱ་ལ་མཆོག་གིས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་གནས་རྩ་ཆེ་ཤོ་ ཅིག་ཨིན་མི་རྡོ་རྗེ་གདན་འདི་ནང་ལུ།
ང་བཅས་ནང་པའི་མི་སེར་ཚུ་ལུ་རང་དབང་
རང་ཚད་ཀྱི་ཐོག་ལས་མཇལ་ཁ་ཞུ་ནི་བཟོ་གནང་ཚུགསཔ་ཚུན་ཚོད་ཀྱི་བར་ནང་ལུ་
དཀའཝ་ག་ཅི་བཟུམ་ཅིག་སྤྱད་གནང་ཡོད་ག་གི་སྐོར་ལས་མཁྱེན་འདོད་ཡོད་པ་ཅིན་ དྷརྨ་ པཱ་ལའི་དཔེ་དེབ་ཚུ་ནང་གཟིགས་གནང་།།
དྷརྨ་ པཱ་ལ་མཆོག་སྤྱི་ལོ་༡༩༣༣ལུ་སཱ་རཱ་ནཱཐ་ལུ་ཡོད་པའི་ཁོ་རའི་གཟིམ་ཅུ་ནང་ལུ་ སྦེ། ང་གིས་མི་ལུས་རིན་པོ་ཆེ་ཚར་༢༥ཐོབ་སྟེ། སྟོན་པ་བཅོམ་ལྡན་འདས་ལུ་ཞབས་ ཏོག་ཞུ་ནི་གི་རེ་བ་ཡོད། ཟེར་བའི་ཞལ་ཆེམས་གསུང་གནང་ཞིནམ་ལས་དགོངས་པ་ རྫོགས་སོང་ནུག།
21
གནས་བཤད་འདོད་འཇོའི་བུམ་བཟང་།
གལ་ཆེ་བའི་གཏམ་འདི་ཚར་བརྒྱ་སྦེ་རང་ཞུ་རུང་ཁྱད་མེདཔ་ལས་བརྟེན་ལོག་དེ་རང་ ཞུ་བ་ཅིན་
བསྟན་པ་དར་རྒུད་ཀྱི་བར་ཆད་ལས་བརྟེན་དུས་རབས་༡༢པ་ལས་ནང་
པའི་གནས་ཚུ་༼ཁ་ཆེ༽མུས་ལིམ་གྱིས་སྟོར་བཤིག་བཏང་ཡོདཔ་མ་ཚད། ལུས་རེ་ཡོད་མི་ཚུ་ཡང་སའི་འོག་ལུ་མནེམ་བཞག་ཡོདཔ་ལས།
ལྷག་
དུས་རབས་༡༩པ་
ཚུན་འབདཝ་ད་ཧ་ལམ་ལོ་ངོ་༦༠༠ལྷག་ཙམ་ཅིག་སའི་འོག་ལུ་གཏེར་བཟུམ་སྦེ་ལུས་
ཏེ་ཡོདཔ་ཨིན། ཨིན་རུང་ང་བཅས་རའི་བསོད་ནམས་ཀྱི་ཕུད་མ་རྫོགསཔ་ལས། སྙིང་ སྟོབས་དང་ལྷག་བསམ་འགྲན་ཟླ་བྲལ་བའི་སྐྱེས་བུ་ཁོང་༤གིས་རང་གི་སྐུ་སྲོག་ཡང་ གཏའ་མ་སྦེ་བཙུགས་ཏེ་ཕྱག་ལཱ་མཛད་གནང་ནུག།
སྟོན་པ་ཤཱཀྱ་ཐུབ་མཆོག་གིས་མཛད་པ་སྣ་ཚོགས་སྟོན་གནང་སའི་གནས་ཆེན་ཁག་ མང་རབས་ཅིག་མཇལ་ཁ་ཞུ་ཚུགས་མི་འདི་ཁོང་ཚུ་གིས་བཀའ་དྲིན་ཨིནམ་ལས་
བརྟེན། ཁོང་ཚུ་ལུ་བཀའ་དྲིན་དགའ་ཚོར་བསམ་སྟེ། ང་བཅས་ཚུ་གིས་ཡང་ཁོང་ཚུ་ བཟུམ་སྦེ་རང་གཞན་གཉིས་ཕན་གྱི་ལཱ་ལུ་ག་དེ་དྲག་དྲག་བརྩོན་ནི་དང་།
གལ་སྲིད་
གཞན་ལུ་ཕན་པའི་ལཱ་འབད་མ་ཚུགས་རུང་གཞན་གྱི་སེམས་ལུ་སྡུག་བསྔལ་འབྱུང་ བའི་ལཱ་ཐ་ན་གདོང་གི་རྣམ་འགྱུར་ངན་པ་སྟོན་ནི་ཅིག་ལས་འགོ་བཟུང་སྤངས་ཚུགས་ པའི་གོམས་འདྲིས་མཛད་གནང་ཟེར་ཞུ་ནི་ཨིན།།
22
གནས་བཤད་འདོད་འཇོའི་བུམ་བཟང་།
སྐྱེས་ཆེན་གང་གི་མཛད་རྣམ་གསེར་རྔའི་སྒྲ།།
ཕྱོགས་བརྒྱའི་སྐུ་མགྲོན་རི་དྭགས་སྙན་དུ་སིམ།། སྙིང་ལ་སྔོན་མེད་དགའ་ཚོར་རོ་མཆོག་མྱོང་།།
ཁྱེད་བཞིན་གཞན་དོན་སྤེལ་བའི་མཐུ་ལྡན་ཤོག། དེ་བཞིན་ཞུ་དག་བྱེད་པོ་བདག་གིས་ཀྱང་།།
འཛམ་གླིང་མཐོང་བའི་ཚེ་ལྷག་ཇི་ཡོད་བར།།
དངོས་ཤུགས་བརྒྱུད་པས་སྐྱབས་མེད་འགྲོ་རྣམས་ལ།། ཅི་ཤེས་རིག་པས་ཞབས་ཏོག་བསྒྲུབ་པར་སྨོན།། ཅི་སྟེ་རྟེན་འདིར་གཞན་ཕན་མཐུ་མེད་ཀྱང་།།
རྟེན་འདིར་འབད་པའི་ལས་ཀྱི་འབྲས་བུ་རྣམས།། ཕྱི་མའི་ལུས་རྟེན་ལྗོན་པའི་རྩེར་སྨིན་ཏེ།།
འགྲོ་དྲུག་ཕ་མས་ལོངས་སུ་སྤྱོད་པར་ཤོག།
23
གནས་བཤད་འདོད་འཇོའི་བུམ་བཟང་།
༄༅། །བསྐལ་བཟང་རྣམ་འདྲེན་པདྨོ་སྟོང་གི་དབུས།། ཐུགས་བསྐྱེད་པད་དཀར་ལས་ཀྱང་ཆེས་དཀར་བ།། སྙིགས་དུས་སྐྱབས་མགོན་ཤཱཀྱ་ཐུབ་པ་ཡིས།། འཛམ་གླིང་ཞི་བདེའི་ཤིས་པ་སྩོལ་བར་མཛོད།། འཇིག་རྟེན་ཁམས་འདིར་ཕན་བདེའི་ཆར་འབེབས་ཕྱིར།། བསྟན་པའི་དགའ་ཚལ་འཛིན་སྐྱོང་སྤེལ་བའི་མགོན།། སྟོན་པའི་རྗེས་འཇུག་རྒྱུ་སྐར་འབུམ་ཕྲག་ལ།། དད་པའི་ལྷ་མོས་ནམ་ཡང་མཆོད་ཡོན་བསྟར།། བསྟན་པ་ཡུན་རིང་གནས་པར་བྱ་བའི་ཕྱིར།། ཞབས་ཏོག་བསྙེན་བཀུར་འབུལ་བའི་གཏོང་ཕོད་ཅན།། བསྟན་པའི་སྦྱིན་བདག་ཇི་སྙེད་ཚོགས་ལ་ཡང་།། སྙིང་གི་དཀྱིལ་ནས་ཡི་རངས་མེ་ཏོག་འཐོར།།
24
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱ་གར་དབུས་ཀྱི་ནང་པའི་གནས་ཆེན་རྣམས་ཀྱི་ས་ཁྲ།
ལུམྦི་ནི། Lumbini ༄༅། །རྒྱལ་བ་གཞན་གྱིས་གདུལ་བྱར་མ་གྱུར་པའི།། སྙིགས་དུས་འགྲོ་བའི་ལམ་སྟོན་མཛད་པའི་ཕྱིར།།
ཐུགས་བརྩེ་བླ་མེད་ཐུབ་དབང་འཁྲུངས་པའི་ཡུལ།། ལུམྦི་ནི་ཡི་གནས་སུ་གུས་ཕྱག་འབུལ།།
ད་ན་ལས་མར་གནས་བཤད་འདི་ཞུ་བའི་སྐབས་ལུ་མདོར་བསྡུས་དང་། རྒྱསཔ་ཁག་གཉིས་སྦེ་ཞུ་ནི་ཨིན།།
25
རྒྱས་ཤིང་
གནས་བཤད་འདོད་འཇོའི་བུམ་བཟང་།
ཐོག་མར་ལུམྦི་ནིའི་ས་ཁྲ།
གནས་བཤད་མདོར་བསྡུས།
གནས་ཆེན་འདི་ནང་ལུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག
ཡབ་རྒྱལཔོ་ཟས་
གཙང་དང་། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སྦེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ལུ་ སྐུ་འཁྲུངས་ནུག།
26
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱསཔ།
གནས་བཤད་རྒྱསཔ་སྦེ་ཞུ་བ་ཅིན།
གནས་འདི་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་
ས་མཚམས་སོ་ན་ལི་ལས་ཀི་ལོ་མི་ཀྲར་༢༧དང་།
ཝཱ་རཱ་ཎ་སཱི་ལས་ཀི་ལོ་མི་ཀྲར་
༤༡༣།གོ་རག་པུར་ལས་༩༠། རྩ་མཆོག་གྲོང་ལས་༡༧༦། སེར་སྐྱའི་གྲོང་ཁྱེར་ལས་ཀི་ ལོ་མི་ཀྲར་༩༣་གྱི་ས་ཁར་བལ་ཡུལ་(Nepal)གྱི་ས་ཁོངས་ནང་་ཡོདཔ་ཨིན།།
ད་རེས་ནངས་པ་ལུམྦི་ནིའི་ས་ཁོངས་འདི་ལུ་རུ་མེནྡྲི་ཟེར་སླབ་ཨིན་པས། གནས་འདི་ གི་མཚན་ལུ་ལུམྦི་ནི་ཟེར་ཞུ་དགོ་མི་འདི་ཡང་སྐྱེད་ཚལ་ལྡུམ་ར་འདི་སྟོན་པ་མཆོག་གི་ ཨ་ཞེམོ་ལུམྦི་ནི་ཟེར་མི་འདི་གི་དོན་ལུ་བཟོ་བསྐྲུན་འབད་ཡོདཔ་ལས་བརྟེན་ཏེ། གནས་དེ་གི་མིང་ལུ་ཡང་ལུམྦི་ནི་ཟེར་བཏགས་གནང་ནུག།
ས་
གནས་འདི་ནང་ལུ་ཤིང་དང་མེ་ཏོག་གི་རིགས་མ་འདྲཝ་སྣ་ཚོགས་དང་། ཆུ་རྫིང་ནམ་ མཁའི་ཁ་མདོག་བཟུམ་སྦེ་ཡོད་པའི་ཁར། ཁ་ཐུག་ལུ་བལ་ཡུལ་གྱི་གངས་རི་དང་། ཚོགས་པའི་རྒྱ་ཐང་གི་བར་ན། ཆགས་ཏེ་ཡོདཔ་ཨིན།།
གནས་ཀྱི་ཆགས་ཚུལ་ཡང་བྱང་ཕྱོགས་
ལྷོ་ཕྱོགས་ལུ་ཤིང་འབྲས་ལོ་ཐོག་སྣ་ཚོགས་
ག་ཅི་འདེ་ཉམས་དགའ་ཏོག་ཏོ་དང་མཛེས་ཏོག་ཏོ་སྦེ་
ཤཱཀྱའི་རྒྱལཔོ ་ཤུད་དྷོ་ད་ན་འམ་ཟས་གཙང་མཆོག་གི་བཙུན་མོ་མ་ཡཱ་དེ་བི་འམ་སྒྱུ་ འཕྲུལ་ལྷ་མོ་མཆོག་སྟོན་པ་སྐུ་འཁྲུངས་ནི་གི་དུས་ཚོད་རནམ་ཅིག་ཁར།
མོ་རའི་
ཡབ་ཡུམ་བཞུགས་སར་བྱོན་པའི་བར་ན་ལུམྦི་ནི་ཟེར་བའི་ལྡུམ་ར་དེ་ན་ལྷོདཔ་ད་སྐུ་ གཟུགས་ལུ་མ་བདེཝ་ཆུང་ཀུ་ཅིག་བྱུང་སྟེ། ཕྱག་གཡསཔ་སཱ་ལའི་ཤིང་གི་ཞལ་ལག་ གཅིག་གུ་བཟུང་སྟེ་བཞུགས་པའི་བར་ན། ཡུམ་གྱི་རྩིབ་ལོགས་གཡས་ལས་ན་ཚ་ལ་ སོགས་པ་ག་ནི་ཡང་མེད་པར་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ནུག།
སྐུ་འཁྲུངས་ཚརཝ་ཅིག་སྟོ ན་པ་མཆོག་གིས་ཕྱོ ག ས་བཞི་ལུ་གོམ་པ་བདུན་རེ་སྤོ ་
27
ཞིནམ་ལས།
གནས་བཤད་འདོད་འཇོའི་བུམ་བཟང་།
ང་ནི་འཇིག་རྟེན་འདི་ན་ག་ར་ལས་མཆོག་ཏུ་གྱུར་པ་ཨིན།
གསུངས་གནང་ནུག།
དེ་ལས་ལྷ་ཚངས་པ་དང་བརྒྱ་བྱིན།
ཟེར་
ཀླུ་ཡི་རྒྱལཔོ་ནནྡ་དང་
ཨུཔ་ནནྡ། རྒྱལ་ཆེན་བཞི་ལ་སོགས་པ་ཚུ་གིས་བཅོམ་ལྡན་འདས་ལུ་སྐུ་ཁྲུས་ཕུལ་བ་ ལ་སོགས་པའི་མཛད་པ་ཁྱད་པར་ཅན་བྱུང་སའི་གནས་ཅིག་ཨིན་མས།།
དེ་ལས་སངས་རྒྱས་མྱ་ངན་ལས་འདས་པའི་ཤུལ་མ་ལོ་ངོ་༢༠༠ལྷགཔ་ཅིག་གི་ནང་ ལུ། ཆོས་རྒྱལ་མྱ་ངན་མེད་ཀྱིས་ལུམྦི་ནིའི་གནས་དེ་མཇལ་བར་བྱོན་ཞིནམ་ལས། ས་ གནས་དེ་ན་མཆོད་རྟེན་གཅིག་བཞེངས། ཕྱི་ཁ་ལས་རྡོ་གིས་ར་བ་རྐྱབ། དེ་ལས་རྡོ་ ལས་གྲུབ་པའི་ཀ་ཆེན་གཅིག་བཙུགས་ཞིནམ་ལས།
དེ་གུ་ས་གནས་འདི་སྟོན་པ་སྐུ་
འཁྲུངས་སའི་གནས་ཨིན་ཟེར་བའི་ཡི་གུ་ཡང་བྲིས་ཏེ་གནང་ནུག།
དེ་ལས་ནང་པའི་ཆོས་དར་ཁྱབ་འགྱོཝ་དང་བསྟུན་ས་གནས་དེ་ནང་ཡང་།
ནང་པའི་
གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་ལ་སོ ག ས་པ་རིམ་བཞིན་གོང་འཕེལ་སོ ང་ ཡོདཔ་ཨིན་རུང་།
ཤུལ་ལས་སྤྱི་ལོའི་དུས་རབས་དྲུག་པ་ཙམ་ལས་ས་གནས་དེ་གི་
གཙུག་ལག་ཁང་ཚུ་ཡང་ཉམས་ཆག་ཤོར་ཡོདཔ་མ་ཚད།
དུས་རབས་བཅུ་གཉིས་
པའི་ནང་ལུ་རྒྱ་གར་རྒྱལ་ཁབ་ན་སངས་རྒྱས་ཀྱི་ཆོས་རྩ་མེད་འགྱོ་བའི་དུས་ཚོད་ལས་ འགོ་བཟུང་སྟེ་ས་གནས་དེ་གར་སོང་གུ་སོང་མ་ཤེསཔ་ཅིག་ལུ་འགྱུར་སོང་ནུག།
སྤྱི་ལོ་༦༣༧གྱི་ནང་ལུ་རྒྱ་ནག་གི་དགེ་སློང་ཐང་སན་བླ་མ་བྱོན་པའི་སྐབས་ལུ་གནས་ འདི་ཁར་མཇལ་ནི་ཡོད་པའི་སྐོར་ལས་ཐོ་བཀོད་གནང་སྟེ་ཡོད་མི་འདི་ཞུ་བ་ཅིན། ས་ གནས་དེ་ཁར་ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་གཅིག་དང་། དྲན་མཆོད་རྟེན་བཞི་ཡོདཔ་སྦེ་བཀོད་དེ་འདུག
མཚོའི་མཐའ་སྐོར་ལུ་རྗེས་
མཆོད་རྟེན་བཞི་གི་ནང་ལས་དང་པ་
འདི་སྟོན་པ་སྐུ་འཁྲུངས་པའི་སྐབས་ལུ་ཀླུ་ཡི་རྒྱལཔོ་དགའ་བོ་དང་ཉེ་དགའ་གཉིས་ ཀྱིས་སྐུ་ཁྲུས་ཕུལ་བའི་གནས་ཨིནམ་དང་།
28
མཆོད་རྟེན་གཉིས་པ་འདི་ཡུམ་སྒྱུ་མ་ལྷ་
གནས་བཤད་འདོད་འཇོའི་བུམ་བཟང་།
མཛེས་སྐུ་འཁྲུས་གནང་སའི་གནས།
མཆོད་རྟེན་གསུམ་པ་འདི་བརྒྱ་བྱིན་གྱིས་ཀཱ་
ཤིའི་རས་ཕྱག་ལུ་བསྣམས་ཞིནམ་ལས་སྟོན་པ་ཕྱག་ལུ་ཞུ་ས།
མཆོད་རྟེན་བཞི་པ་
འདི་རྒྱལ་ཆེན་རིགས་བཞི་གིས་སྟོན་པ་ཕང་མ་ལུ་ཞུ་སའི་གནས་ཨིན་ཟེར་གསུངས་ ནུག། གནས་འདི་མ་ཉམས་པའི་ཧེ་མ་གནས་མཇལ་བར་བྱོན་མི་མཇུག་རང་རྒྱ་ནག་ ལས་སྤྱི་ལོ་༧༦༤གི་ནང་ལུ་ཡུ་ཀུང་ད་ཟེར་མི་འདི་བྱོན་ཞིནམ་ལས་ཚུར་གནས་ཀྱི་ལོ་ རྒྱུ་ཚུ་ག་ནི་ཡང་མིན་འདུག།
ཨིན་རུང་དུས་རབས་བཅུ་དགུ་པའི་ནང་ལས།
ཕྱི་ནང་གི་མཁས་པ་ཚུ་གིས་ཞིབ་
འཚོལ་གྱི་ཐོག་ལས་རིམ་པ་བཞིན་དུ་འཚོལ་བའི་གྲུབ་འབྲས་བཟུམ་ཅིག་བཏོན་ཏེ་ ཡོད་མི་འདི། ན་ལས་མར་རིམ་པ་བཞིན་དུ་ཞུ་གེ།།
དེ་ཡང་གནའ་ཤུལ་བརྟག་ཞིབ་མཁས་མཆོག་སྡེ་ཚན་གཅིག་ཌ་ག་སམ་ཤེར་དང་། ཇར་མན་ལས་ཨིན་མི་ཨེ་ལོའིས་ཨེན་ཀྲེན་ཕ་རར་གཉིས་ཀྱི་འགོ་ཁྲིད་ཀྱི་ཐོག་ལས། ལུམྦི་ནིའི་གནས་ཀྱི་ཞིབ་འཚོལ་འབད་བར་བྱོནམ་ད་གནས་ཀྱི་མཐོང་སྣང་མེན་པར་ ནགས་ཚལ་ལུ་འགྱུར་ཏེ་འདུག་ཟེར་ཨིན་པས།
ཞིབ་འཚོལ་སྡེ་ཚན་འདི་གིས་སྤྱི་ལོ་
༡༨༩༥འི་ལོ་ལུ་དང་པ་རང་ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་འདི་ཐོབ་ནུག། གི་གུ་ལུ།
ཀ་ཆེན་འདི་
ཚངས་པའི་ཡི་གུའི་༼བྲཧྨ་ལི་པི།༽ཐོག་ལས་གནས་ཚུལ་ཅིག་བྲིས་ཏེ་
འདུག དེ་ཡང་ག་དེ་སྦེ་ཨིནམ་ཟེར་བ་ཅིན། ༼ལྷ་རྣམས་དགའ་བའི་རྒྱལ་པོ་ཁྲི་ལོ་ ཉི་ཤུ་འཁོར་ཏེ་སྟོན་པ་བཅོམ་ལྡན་འདས་མཆོག་ལུ་མཆོད་པ་ཕུལ་བར་བྱོན་ཡི།
འདི་
ཁར་སྟོན་པ་འཁྲུངས་ས་ཨིནམ་ལས་ཀ་ཆེན་གྱི་ཏོག་ལུ་རྟ་ཡོད་མི་གཅིག་བཟོ་སྐྲུན་ འབདཝ་ཨིན།
དེ་ལས་གྲོང་གསེབ་ཚུ་ལུ་ཡང་དཔྱ་ཁྲལ་མར་ཕབ་འབད་དེ་ལུམྦི་ནིའི་
ས་ཁོངས་འདི་ཆོས་དང་འབྲེལ་བའི་ལྟེ་བ་སྦེ་གཞི་གཙུགས་འབདཝ་ཨིན།༽ བྲིས་ཏེ་འདུག།
29
ཟེར་
གནས་བཤད་འདོད་འཇོའི་བུམ་བཟང་།
ད་ལྟོ་མཇལ་ནི་ཡོད་པའི་ལོ་རྒྱུས།
གནས་ཀྱི་འཛུལ་སྒོ་ལས་གཡོན་ཁ་ཐུག་ཡོད་པའི་ས་པག་ཅུང་གྱང་ཁོག་གི་ཤུལ་ཡོད་ མི་འདི་དུས་རབས་བཞི་པ་དང་ལྔ་པའི་རྒྱལཔོ་གུཔྟའི་སྐབས་ལུ་བཞེངས་ཡོད་པའི་ གཙུག་ལག་ཁང་གི་ཤུལ་རྙིངམ་ཨིན་པས། གཅིག་དང་ཆུའི་རྫིང་གཅིག་ཡོད།
དེ་གི་གདོང་ཕྱོགས་ལུ་བྱང་ཆུབ་ཤིང་
གཏམ་རྒྱུད་ཐོག་ལས་བཤད་དོ་བཟུམ་འབད་བ་
ཅིན། སྟོན་པ་སྐུ་མ་འཁྲུངས་པའི་ཧེ་མ་ཡུམ་སྐུ་ཁྲུས་གནང་ས་ཨིན་ཟེར་བཤདཔ་ཨིན་ མས། ག་དེ་སྦེ་ཨིན་རུང་མཚོ་འདི་ཧེ་མ་བསྐམ་ཚར་ཏེ་ཡོད་རུང་ཤུ ལ་རྙིངམ་འདི་ཁར་
ཤུལ་ལས་བལ་ཡུལ་གཞུང་གིས་གསར་སྒྲུབ་མཛད་གནང་ནུག ཆུ་རྫིང་གི་ཉེ་འདབས་ ལུ་མ་ཡཱ་དེ་བི་གི་གཙུག་ལག་ཁང་དང་། འདི་གི་རྒྱབ་ལུ་ཆོས་རྒྱལ་ཨ་ཤོ་ཀའི་༼ཆོས་ རྒྱལ་མྱ་ངན་མེད༽ཀ་ཆེན་དེ་ཡོད།།
གཙུག་ལག་ཁང་འདི་གི་ནང་ལུ་སྟོན་པའི་འཁྲུངས་རབས་རྡོ་གུ་བྲིས་བྲིཝ་གི་ནང་ལས་
ཡུམ་མ་ཡཱ་དེ་བི་གི་ཕྱག་གཡསཔ་ཤིང་གི་ཞལ་ལག་གུ་བཟུང་མི་དང་རྒྱལ་སྲས་མེ་ ཏོག་པདྨའི་ཐོག་ཁར་གོམ་པ་སྤོ་བའི་ཚུལ་སྦེ་བཞུགས་མི་གཅིག་མཇལ་ནི་ཡོད།
མ་
ཡཱ་དེ་བིའི་གཙུག་ལག་ཁང་འདི་སྟོན་པ་མཆོག་སྐུ་འཁྲུངས་སའི་གནས་ཨིན། གཙུག་ ལག་ཁང་འདི་ཕྱི་ཁར་ལས་གསར་བཞེངས་ཨིན་རུང་། རྒྱལ་མྱ་ངན་མེད་དང་གུཔྟའི་སྐབས་ཀྱི་ཨིནམ་དང་།
ནང་ན་གྱི་རྙིང་ཤུ ལ་འདི་ཆོས་ ཆོས་རྒྱལ་མྱ་ངན་མེད་ཀྱིས་
བཞེངས་ཡོ ད་པའི་མཆོད་རྟེན་འདི་བསྒྱུར་བཅོས་མ་འབད་བར་འདི་གུ་ལུ་གུཔྟའི་ སྐབས་ལུ་གཙུག་ལག་ཁང་བཞེངས་གནང་གནངམ་ཨིན་མས།།
གནས་ཀྱི་ས་ཁོངས་ནང་ལས་ཀི་ལོ་མི་ཊར་གཉིས་དེ་ཅིག་གི་ས་ཁར། ནང་པའི་རྒྱལ་
ཁབ་ཚུ་གིས་བཞེངས་ཡོད་པའི་ལྷ་ཁང་གསརཔ་དེ་ཚུ་མཇལ་ནི་ཡོད། དགོན་པ་ཡོད་ སའི་ས་ཁོངས་འདི་ནང་ལུ་འཛམ་གླིང་སྤྱི་ཚོགས་ཀྱི་དབུ་ཁྲིད་ཐོག་ལས་སྤྱི་ལོ་༡༩༨༧་ དབྱིན་ཟླ་༡༡པའི་དབྱིན་ཚེས་༡་ལུ་འཛམ་གླིང་ཞི་བདེའི་ཉིནམ་སྦེ་རྩི་བསྲུང་ཞུ་ནུག།
30
གནས་བཤད་འདོད་འཇོའི་བུམ་བཟང་།
ཏི་ལའུ་ར་ཀོཊ། སེར་སྐྱའི་གྲོང་། Tilaurakot ལུམྦི་ནི་ལས་ཀི་ལོ ་ མི་ཊར་༢༧་གྱི་ས་ཁར་ཏའུ་ལི་ཧ་བ་ཟེར་བའི་ས་གནས་ཅིག་ ཡོད།
འདི་ཁར་ལས་ཀི་ལོ་མི་ཊར་༦་གྱི་ལམ་ཁར་ཏི་ལའུ་ལར་ཀོཊ་ཟེར་ཅིག་ཡོད།
ས་གནས་འདི་བལ་ཡུལ་པ་ཚུ་གིས་འབད་བ་ཅིན།
སེར་སྐྱའི་གྲོང་ཁྱེར་ཨིནམ་སྦེ་
བཤདཔ་ཨིན་རུང་། ཞིབ་འཚོལ་པ་ཚུ་གིས་འབད་བ་ཅིན། སེར་སྐྱའི་གྲོང་འདི་བལ་ ཡུལ་ལུ་མེན་པར། པས།
འོག་ལུ་བཤད་དོ་བཟུམ་སྦེ་རྒྱ་གར་ས་ཆ་ནང་རང་ཡོདཔ་ཨིན་
ག་ལས་སྒོར་རུང་ས་གནས་འདི་གི་མཐའ་འཁོར་ལུ་མཆོད་རྟེན་དང་གཙུག་
ལག་ཁང་གི་རྙིང་ཤུལ་ཚུ་ཡང་ལེ་ཤ་ཡོདཔ་ཨིན་མས།།
31
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་འདི་ནང་ལས་ཀི་ལོ་མི་ཊར་༡༠་བྱོནམ་ད་ཨ་རའུ་ར་ཀོཊ་ལུ་ལྷོད་འོང་།
འདི་
ནང་སྤོག་ཏོ་གྲུ་བཞི་ཡོད་མི་འདི། ཀ་ནག་མུ་ནི་སྐུ་འཁྲུངས་སའི་རྙིང་ཤུ ལ་ཨིན་མས།།
ཨ་རའུ་ར་ཀོཊ་ལས་ཀི་ལོ་མི་ཊར་༣་གྱི་ལམ་ཁར་ནཱིལ་གི་ལི་ཧ་བ་ཟེར་སར་ཆུའི་རྫིང་ གི་མཐའ་བསྐོར་བརྐྱབ་སྟེ་ཤིང་ནགས་ཀྱིས་གང་ཏེ་ཡོད་མི་འདི་ནི་ལི་སཱ་གར་ཨིན། འདི་གི་ནུབ་ཕྱོགས་ཁ་ཐུག་ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་ཆག་ཆགཔ་གཅིག་ཡོད་མི་ འདི་གུ་ཏོག་རྨ་ བྱ་གཉིས་དང་། ཀ་ཆེན་གྱི་རྩེ་མོ་ལུ། ཨོཾ་མ་ཎི་པདྨེ་ཧཱུྃ།དང་། རྐེད་པར་ བྲཧྨའི་ཡི་གུ་ནང་ལུ་སྦེ།༼རྒྱལཔོ་པྲི་ཡ་དརྴི་ཁྲི་ལོ་༡༤་གི་ཤུལ་མ་ཀ་ནག་མུ་ནི་བུདྷྷ་གི་
མཆོད་རྟེན་འདི་ཉམས་བཅོས་ཐེངས་གཉིས་པ་མཛད་གནང་ཡི། ཁྲི་ལོ་ཉི་ཤུ་འཁོརཝ་
ད་ལུ་ཀ་ནག་མུ་ནི་བུདྷྷ་ལུ་གུས་བཏུད་ཞུ་བ་བྱོནམ་ད་ཀ་ཆེན་འདི་བཟོ་བསྐྲུན་མཛད་ གནང་ཡི།༽ ཟེར་བཀོད་དེ་ཡོདཔ་ཨིན་མས།།
ཏའུ་ལི་ཧ་བ་ལས་ཀི་ལོ་མི་ཊར་༢་ཀྱི་ས་ཁར་ཀུན་དཱན་ཟེར་ས་ཁྱིམ་རྙིངམ་གྱི་གྱང་ ཁོག་སྦོམ་གཅིག་དང་། ས་སྤུངས་ཏེ་ཡོད་པའི་སྤོ་ཏོག་བཞི། དེ་ལས་ཆུ་ཡི་རྫིང་གཅིག་ ཡང་ཡོད།
གནས་འདི་གི་སྐོར་ལས་ཁུངས་དང་དགོས་པ་ཚུ་ཁ་གསལ་སྦེ་བཀོད་དེ་
མེད་རུང་ས་འོག་ལས་སྤྱི་ལོ་༡༩༦༢་ཀྱི་ནང་ལུ་བཏོན་ནུག།
དེ་ལས་ལྷོ་ཁ་ཐུག་ཀི་ལོ་མི་ཊར་༣་གྱི་ས་ཁར་གོ་ཊི་ཧ་བ་ཟེར་བའི་ས་ཁོངས་ནང་ལུ་ ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་གཅིག་ཡོད་རུང་ཀ་ཆེན་འདི་ཉམས་ཆག་ཤོར་ཡོད་པའི་ ཁར་ཏོག་འདི་ཡང་བརླག་སྟོར་ཤོར་ནུག།
32
གནས་བཤད་འདོད་འཇོའི་བུམ་བཟང་།
སེར་སྐྱའི་གྲོང་ཁྱེར། ཀ་པིལ་བསྟུ། Kapilavastu ཐུབ་དབང་དགུང་ལོ་ཉི་ཤུའི་རྩ་དགུའི་བར།།
གནས་འདིར་བཞུགས་ནས་ཤཱཀྱའི་འབངས་འཁོར་རྣམས།། ཆོས་བཞིན་མཛད་པས་དགེ་བར་བསྐྱངས་པའི་ཡུལ།། སེར་སྐྱའི་གྲོང་ཁྱེར་མཇལ་ཕྱིར་ཕེབས་པ་ལེགས།།
གནས་བཤད་མདོར་བསྡུས།
སྟོན་པ་མཆོག་གིས་གནས་འདི་ན་ལུ་ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ་མཛད་ ཡོདཔ་དང་།
སྒྱུ་རྩལ་གྱི་གནས་ལ་མཁས་པ།
བཙུན་མོའི་འཁོར་གྱིས་རོལ་བ་ལ་
སོགས་པའི་མཛད་པ་བསྐྱངས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་རིང་ལུ་བཞུགས་ནུག།
33
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
གནས་འདི་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁོངས་ཨུཏྟ་ར་པྲ་དེཤ་ཀྱི་མངའ་སྡེ་ནང་ཆགས་
ཡོདཔ་ཨིན། ད་རེས་ཡོངས་གྲགས་ལུ་ཀ་པིལ་བསྟུ་ཟེར་སླབ་ཨིན། ས་གནས་འདི་ གོ་རག་པུར་ལས་ཀི་ལོ་མི་ཊར་༩༧་དང་། ཀུ་ཤི་ན་གར་ལས་༡༤༨། ཝཱ་རཱ་ཎ་སཱི་ལས་
༣༡༢། ལུམྦི་ནི་ལས་༩༥། ཤཱ་ར་བསྟི་ལས་༡༤༧། ལག་ནོ་ལས་༣༠༨་ཡོདཔ་ཨིན། འདི་ཁར་སིདྡྷརྠ་ན་གར་གྱི་ཁྲོམ་རྒྱུད་དེ་འགྱོ་དགོཔ་ཨིན། སིདྡྷརྠ་ན་གར་དང་ཀ་པིལ་ བསྟུ་གི་བར་ན་ཀི་ལོ་མི་ཊར་༢༢་ཡོད།།
ད་རེས་ནངས་པར་སེར་སྐྱའི་གྲོང་ཁྱེར་འདི་གི་ས་ཁོངས་ཀྱི་མིང་ལུ། པི་བ་ར་ཧ་བ་ཟེར་ སླབ་ཨིན་མས།
ཧེ་མ་ཤཱཀྱའི་རྒྱལ་ཁབ་སེར་སྐྱའི་གྲོང་འདི་སྦོམ ་ཤོས་ཅིག་མེན་རུང་།
འབྱོར་པ་དང་ལྡན་པའི་རྒྱལ་ཁབ་ཅིག་སྦེ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་རྒྱལ་ཁབ་ གཉིས་དང་གཙང་ཆུ་གཉིས་ཀྱི་བར་ནང་ཆགས་ནུག རྒྱལ་ཁབ་གཉིསཔོ་འདི་ཡང་ཀོ་
ས་ལ་དང་མ་ག་དྷ། གཙང་ཆུ་གཉིསཔོ་འདི་རོ་ཧི་དང་བྷན་གངྒ་ཨིན་པས། སྟོན་པའི་ ཡབ་ཤུད་དྷོ་ད་ན་རྒྱལ་སྲིད་སྐྱོང་སྟེ་བཞུགསཔ་ད་ཀ་པིལ་བསྟུ་འདི་རྒྱལ་ས་ལྟེ་བ་ཨིན་ པས།
སྟོན་པ་མཆོག་གནས་འདི་ནང་དགུང་ལོ་༢༩འི་རིང་ལུ་བཞུགས་པའི་ཁར་སྟོན་
པའི་མཛད་པ་བཅུ་གཉིས་ནང་ལས་གསུམ་འདི་ཁར་མཛད་ནུག
འདི་ཡང་༡བཟོའི་
གནས་ལ་མཁས་པའི་མཛད་པ། ༢བཙུན་མོའི་འཁོར་གྱིས་རོལ་བ། ༣སྐྱེ་རྒ་ན་འཆིའི་ སྡུག་བསྔལ་ཚུ་གཟིགས་ཏེ་འཁོར་བ་ལས་ཐུགས་ངེས་འབྱུང་སྐྱེས་གནང་མི་ཚུ་ཨིནམ་ མས།།
དེ་གིས་མ་ཚད་སངས་རྒྱས་བཅོམ་ལྡན་འདས་རྒྱལ་སྲིད་སྤངས་ཏེ་བྱོན་ཞིནམ་ལས་ལོ་ ངོ་༡༢ཀྱི་ཤུལ་ལས་ཡབ་དང་སྐུ་འཁོར་ཚུ་མཇལ་བར་ས་གནས་དེ་ཁར་བྱོན་ནུག།
ཇ་ཏ་ཀའི་གསུང་དེབ་ནང་ལས་བཤད་དོ་བཟུམ་འབད་ཅིན་སྟོན་པ་སེར་སྐྱ་ལས་བྱོན་
34
གནས་བཤད་འདོད་འཇོའི་བུམ་བཟང་།
ཏེ་ལོ་ངོ་༥འི་ཤུལ་མ་ཡབ་ཟས་གཙང་མཆོག་སྐུ་སྙུངམ་ལས་བརྟེན་ལོག་སྟེ་སེར་སྐྱ་ལུ་ ཕེབས་གནང་ནུག་ཟེར་ཨིན་མས།།
སྟོན་པ་མཆོག་གིས་ཟླཝ་༦་གི་རིང་ལུ།
ས་གནས་འདི་ཁར་བཞུགསཔ་ད་སྟོན་པའི་
སྐུ་མཆེད་ཀུན་དགའ་བོ་དང་སྲས་རཱ་ཧུ་ལ་ལ་སོགས་པ་ཚུ་གིས་ཡབ་ཟས་གཙང་ལུ་ གནང་བ་མ་ཞུ་བར་རབ་ཏུ་བྱུང་དཔ་ལས་བརྟེན།
ཡབ་ཐུགས་ཕམ་བྱུང་ཡོདཔ་སྟོན་
པ་མཆོག་གིས་མཁྱེན་ཏེ་ཤཱ་རིའི་བུ་ལུ་བཀའ་དེ་སྦེ་གནང་ནུག། འགོ་བཟུང་སྟེ།
ཉིནམ་ད་རེས་ལས་
དགེ་འདུན་པའི་གྲངས་སུ་འཛུལ་ཞུགས་འབད་མི་ཚུ་རང་སོའི་ཕམ་
གྱི་གནང་བ་མེད་པར་དགེ་སློང་ནང་འཛུལ་མི་ཆོག་ཟེར་གསུང་གནང་བའི་ཁར་དགེ་ སློང་གྱི་འདུལ་ཁྲིམས་ནང་ལུ།
ཕ་མས་མ་གནང་བ་མ་ཡིན་ནམ།
ཚིག་དོན་ཚུ་འཁོད་དགོཔ་སྦེ་གསུངས་ནུག
ལ་སོགས་པའི་
ཟླཝ་༦་གི་ནང་འཁོད་ཤཱཀྱའི་ན་གཞོན་
༥༠༠་ལྷག་ཙམ་གྱིས་དགེ་སློང་ནང་འཛུལ་ཞུགས་འབདཝ་ལས་བརྟེན། ཧེ་མ་སྟོན་པ་
མཆོག་གི་དོན་ལུ་བཞེངས་ཏེ་ཡོད་མི་གཟིམ་ཅུང་༣་ལས་༡་དགེ་འདུན་པ་ཚུ་བཞུགས་ ས་སྦེ་བཟོ་གནང་ནུག།
ཡབ་ཟས་གཙང་དགོངས་པ་རྫོགས་ཚར་བའི་ཤུལ་ལས་སེར་སྐྱའི་གྲོང་ཁྱེར་འདི་ཡུན་ རིངམ་སྦེ་རང་དབང་རང་བཙན་ལུ་གནས་མ་ཚུགས་པས། རྒྱལ་པོ་ཟས་གཙང་མཆོག་
ལུ་དོ་འགྲན་འབད་མི་རྒྱལཔོ་བྷ་ཧི་ཊར་ཀ་གིས་གནོད་རྐྱེན་བརྐྱབས་ཏེ་སེར་སྐྱ་ལུ་ཡོད་ པའི་རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱི་སྡེ་བཞུགས་ས་ཚུ་སྟོན་པ་ཞལ་བཞུགས་པའི་ སྐབས་ལས་རང་སྟོར་བཤིག་འབད་ཚར་ནུག།
གནས་འདི་ཁར་ལས་ཀི་ལོ་མི་ཊར་ཕྱེད་ཀའི་ལམ་ཁར་གཎ་པ་རི་ཡཱ་ཟེར་མི་ཅིག་ཡོད། གཡུས་ཁ་གི་མི་ཚུ་གིས་བཤད་ཚུལ་བཟུམ་འབད་བ་ཅིན།
ས་གནས་འདི་ཡབ་ཟས་
གཙང་མཆོག་གི་ཕོ་བྲང་རྙིང་ཤུལ་ཨིནམ་སྦེ་སླབ་ཨིན་མས། ས་ཁོངས་འདི་ནང་ལས་
35
གནས་བཤད་འདོད་འཇོའི་བུམ་བཟང་།
རྫམ་དང་ཐ་ལི་རྡོ་སྒྲོམ་ཆག་དཀྲུམ་སོང་མི་གཅིག་ཐོབ་ཡོདཔ་ཨིན་མས།
རྡོ་སྒྲོམ་དེ་
གི་ནང་ལས་ཤིང་སྒྲོམ་ཆག་ཆགཔ་གཅིག་དང་། གསེར་གྱི་རྒྱན་ཆ། གསེར་གྱི་པད་ སྡེར་གུ་ལུ་གླངམ་ཆེ་དང་སེངྒེ་གི་པ་ཏྲ་ཅནམ་གཅིག གསེར་གྱི་འཁོར་ལོ་དང་མུ་ཏིག དེ་ལས་གསེར་སྒམ་ཆུང་ཀུ་གཅིག་དང་ཚེམས་འདྲུབ་ཀྱི་གྱོན་ཆས་ཚུ་ཐོབ་ཡོདཔ་དང་། ཅ་ལ་དེ་ཚུ་ད་ལྟོ་ཀོལ་ཀ་ཏའི་འགྲེམ་སྟོན་ཁང་ནང་ཡོདཔ་ཨིན་མས།།
མཆོད་རྟེན་གནས་ཀྱི་འཛུལ་སྒོ་ནང་ལས་བྱོནམ་ད་གདོང་ཁ་མཆོད་རྟེན་སྒོར་སྒོརམ་
སྦོམ་ཅིག་དང། མཐའ་སྐོར་རྐྱབ་གཙུག་ལག་ཁང་རྙིངམ་གྱི་ཤུལ་ཡོད། མཆོད་རྟེན་ འདི་སྟོན་པའི་རིང་བསྲེལ་གྱི་མཆོད་རྟེན་བརྒྱད་ཀྱི་ནང་ལས་གཅིག་ཨིནམ་ལས་བརྟེན། རྒྱ་གར་ནང་སྟོན་པའི་མཆོད་རྟེན་རྙིང་ཤོས་སྦེ་རྩིས་ཚུལ་ཡོདཔ་ཨིན།།
མཆོད་རྟེན་འདི་དུས་རབས་ལྔ་པའི་ནང་བཞེངས་པའི་ཤུལ་མ་ཉམས་བཅོས་ཐེངས་
༢འབད་ཡོདཔ་ཨིན་མས། མཆོད་རྟེན་འདི་ལོ་ངོ་༧༠༠་ལྷག་ཙམ་ཅིག་ས་འོག་ལུ་ལུས་ ཡོད་པའི་ཤུལ་མ་གནམ་ལོ་༡༩༧༡་གི་ལོ་ནང་ས་འོག་ལས་བཏོན་ནུག།
རྒྱ་ནག་གི་གནས་བསྐོརཔ་ཕ་ཧེན་དང་ཐང་སན་ཙང་གཉིས་ཀྱི་ཐོ་ཡིག་ལྟར་དུ་འབད་ བ་ཅིན་རིང་བསྲེལ་གྱི་མཆོད་རྟེན་དང་།
ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་ཏོག་རྟ་ཡོད་མི་
ཅིག་མ་གཏོགས་གཞན་མཇལ་ནི་ཡོད་པའི་ལོ་རྒྱུས་ཚུ་མིན་འདུག
དེ་འབདཝ་ད་
ཆོས་རྒྱལ་ཨ་ཤོ་ཀ་གིས་བཟོ་བསྐྲུན་གནང་མི་ཀ་ཆེན་འདི་ད་ལྟོའི་བར་ན་ཡང་ཐོབ་མ་ ཚུགས་པར་ལུས་ཡོདཔ་ཨིན་མས།།
གནའ་ཤུལ་བརྟག་ཞིབ་སྡེ་ཚན་ཅིག་ཀེ་ཨེམ་སི་རི་བཱས་ཏ་བྷ་གི་དབུ་འཁྲིད་ཐོག་ལས་ སྤྱི་ལོ་༡༩༧༡་ལས་༡༩༧༧་ཚུན་གནས་ས་འོག་ལས་བཏོན་ནིའི་ཕྱག་ལཱ་ཚུ་རྒྱ་གར་ གཞུང་གི་རྒྱབ་སྐྱོར་ཐོགས་ལས་གནང་ནུག
མཆོད་རྟེན་འདི་ནང་ལས་གཏེར་སྒྲོམ་
ཁག་གཉིས་ཐོབ་ནུག གཏེར་སྒྲོམ་༢ཀྱི་ནང་ལས་ཐོབ་ཡོད་པའི་སྟོན་པའི་རིང་བསྲེལ་
36
གནས་བཤད་འདོད་འཇོའི་བུམ་བཟང་།
ཚུ་ཡང་སྟོན་པའི་སྐུ་ཕུང་མེ་མཆོད་ཕུལ་ཚར་བའི་ཤུལ་མ་རིང་བསྲེལ་དཔྱ་༨་སྦེ་བགོ་ བཤའ་བརྐྱབས་ཡོད་པའི་ནང་ལས་ཤཱཀྱའི་རྒྱལ་ཁབ་ཀྱི་མི་སེར་ཚུ་གིས་བགོ་བཤའ་སྦེ་
ཐོབ་ཡོད་མི་འདི་ཨིན་མས། རིང་བསྲེལ་ཚུ་སྤྱི་ལོ་༡༩༩༠་ལས་རྒྱལ་ས་ལྡི་ལི་གི་རྒྱལ་ ཡོངས་འགྲེམ་སྟོན་ཁང་ནང་འབག་ཡོདཔ་ཨིན་མས།།
གནས་འདི་ཁར་ལས་གཞན་ཐིའུ་དང་ཕྱག་ཐམ་མ་འདྲཝ་ཚུ་ཡང་ཐོ བ ་ཏེ་ཡོ ད པ་ ད།ཕྱག་ཐམ་ཅིག་གི་གུ་ལུ་ཀུ་ཥཱ་ཎ་གྱི་རྒྱལཔོ་ཀ་ཎིཥྐ་ཀའི་སྐབས་ཀྱི་ཚངས་པའི་ཡི་གུ་
ནང་ལུ་དེ་སྦེ་བྲིས་ཡོདཔ་ཨིན་མས། (om dewaputra vihare Kapila-
vastu bhikshu sanghasa, om dewaputra Vihare maha kapilavastubhikshu
sanghasa,)༼ཨོཾ།
ལྷའི་བུའི་གཙུག་ལག་ཁང་།
སེར་སྐྱའི་གྲོང་ཁྱེར་ཆེན་པོའི་དགེ་འདུན་གྱི་གནས།༽ཟེར་བཀོད་དེ་ཡོདཔ་ལས་བརྟེན་
རྒྱལཔོ་ཀ་ཎིཥྐ་གིས་གིས་རིང་བསྲེལ་གྱི་མཆོད་རྟེན་ཉམས་གསོ་ཞུཝ་དང་གཅིག་ཁར་ མཐའ་འཁོར་གྱི་གཙུག་ལག་ཁང་ཚུ་ཡང་བཞེངས་ཡོདཔ་ཨིན་མས།།
སྤྱི་ལོ་༡༨༩༧་དང་༩༨་ཀྱི་ནང་ལུ་ཡང་བསྐྱར་མཆོད་རྟེན་འདི་ཚར་གཅིག་ཞིབ་འཚོལ་ འབད་ནི་འགོ་བཙུགས་ནུག འདི་བསྒང་ཌཔ་ལུ་སི་ཨེབ་པི་གི་འགོ་འཁྲིད་འབད་དེ་ས་ བརྐོཝ་ད།
རིང་བསྲེལ་ཡོད་མི་རྡོ་གི་སྒྲོམ་ཆུང་ཀུ་ལྔ་ཐོབ་ཡོདཔ་མ་ཚད་སྒྲོམ་གཅིག་
གི་ནང་ལས་ཐོན་པའི་ཡི་གུ་གཅིག་ནང་ལུ་སྟོན་པ་མཆོག་གི་མཚན་དང་ཤཱ ཀྱའི་ཚོགས་
པ་གི་བསྐོར་ལས་བཀོད་དེ་འདུག་ཟེར་ཨིན་མས། འདི་ནང་བྲིས་ཏེ་ཡོད་མི་ཡི་གུ་འདི་ ཡང་། ༼སུ་ཀི་ཏི་ བྷ་ཏི་ནཱམ་ ས་བྷ་གི་ནི་ཀ་ནཱ་མ་ ས་པུ་ཏ་ ད་ལ་ནཱ་མ་ ཨི་ཡཾ་ ས་ལི་ལ་ ནི་དྷ་ནེ་ བུ་དྷ་ས་ བྷ་ག་བ་ཏེ་ ས་ཀི་ཡ་ནཱ་མ།༽ ཟེར་བཀོད་དེ་ཡོདཔ་
ལས་ཤཱཀྱའི་རྒྱལ་བརྒྱུད་དང་མི་སེར་ཚུ་གིས་ཐོབ་ཡོད་པའི་རིང་བསྲེལ་གྱི་མཆོད་རྟེན་ ཨིནམ་སྦེ་ཐག་བཅད་འབད་ཚུགས་ནུག།
37
གནས་བཤད་འདོད་འཇོའི་བུམ་བཟང་།
བལ་ཡུལ་གྱི་མཁས་མཆོག་ཚུ་གིས་འབད་བ་ཅིན་ཀཱ་པིལ་བསྟུ་ངོ་མ་འདི་ཏི་ལའུ་ ར་ཀོཊ་ཨིན་ཟེར་ཁས་ལེན་དོ་ཡོདཔ་ཨིན།
ད་རེས་རྒྱ་གར་རྒྱལ་ཁབ་ནང་ཡོད་མི་
ཀཱ་པིལ་བསྟུ་འདི་ཤུལ་མ་ཆགས་ཆགཔ་ཨིནམ་སྦེ་བཤད་ཚུལ་ཡོད།
རྒྱ་གར་གྱིས་
འབད་བ་ཅིན་ཀཱ་པིལ་བསྟུ་འདི་ད་རེས་པི་བ་ར་ཧ་བའི་གཡུས་འདི་ཨིནམ་སྦེ་ཆ་འཇོག་
འབདཝ་ཨིན། དེ་སྦེ་ཆ་འཇོག་འབད་དགོ་མི་འདི་ཡང་སྟོན་པའི་རིང་བསྲེལ་དང་ཕྱག་
ཐམ་ཡིག་ཆ་ཚུ་པི་བ་ར་ཧ་བ་ལུ་ཡོད་པའི་མཆོད་རྟེན་གྱི་རྙིང་ཤུ ལ་ནང་ལས་ཐོབ་ཏེ་ ཡོད་ནི་དེ་གིས་ཨིན་པས།
བལ་ཡུལ་གྱི་ཏི་ལའུ་ར་ཀོཊ་ལས་རིང་བསྲེལ་དང་ཅ་ཆས་
ཚུ་ག་ནི་ཡང་ཐོབ་ཡོད་པའི་ལོ་རྒྱུས་མིན་འདུག།
ཟས་གཙང་སྲས་པོས་མཛད་པ་བསྐྱངས་པའི་གནས།། ལུམྦི་ནི་དང་སེར་སྐྱའི་གྲོང་སོགས་ཀྱི།།
གསལ་བཤད་བསྡུས་རྒྱས་ཕུལ་བའི་ལེགས་ཚོགས་ཀྱིས།། གནས་མཇལ་ཡོངས་ཀྱི་བཞེད་དོན་འགྲུབ་པར་སྨོན།།
38
གནས་བཤད་འདོད་འཇོའི་བུམ་བཟང་།
རྡོ་རྗེ་གདན། Bodh Gaya བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཕྲག་གཅིག། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས།།
ཆོས་སྐུ་མངོན་འགྱུར་གནས་མཆོག་རྡོར་གདན་དུ།། དད་མོས་རྒྱ་མཚོས་ནམ་ཡང་གཙུག་ན་མཆོད།།
གནས་བཤད་མདོར་བསྡུས།
གནས་ཆེན་འདི་ནང་ལུ་རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་གིས་ཕྱི་རུ་བདུད་བཏུལ།
ནུབ་
ཕྱེད་ལུ་མཉམ་པར་གཞག ཐོ་རངས་ཀྱི་དུས་ལུ་སངས་རྒྱས་པའི་མཛད་པ་སྟོན་གནང་ ནུག།
39
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
རྡོ་རྗེ་གདན་གྱི་གནས་འདི་རྒྱ་གར་གྱི་མངའ་སྡེ་བི་ཧཱར་གྱི་ས་ཁོངས་ནང་ལུ་ཆགས་ཏེ་ ཡོདཔ་ཨིན།
ད་རེས་ནངས་པ་གནས་འདི་གི་མཚན་ལུ་བུ་དྷ་གཱ་ཡ་ཟེར་ཞུཝ་ཨིན།
གནས་འདི་ཁ་ལུ་གཱ་ཡ་ཁྲོམ་ལས་འབད་བ་ཅིན་ཀི་ལོ་མི་ཊར་༡༦དང་།
པཊ་ན་ལས་
༡༡༢། ཝཱ་རཱ་ཎ་སཱི་ལས་༢༧༠། རཱཇ་གྲིཧ་ལས་ཀི་ལོ་མི་ཊར་༧༠་དེ་ཅིག་ཡོད།།
ཆུ་བོ་ནིརཉྫ་ནའི་ཉེ་འདབས་ལུ་འཛམ་གླིང་སའི་ལྟེ་བ་ཆགས་ཡོད་པའི་གནས་མཆོག་ རྡོ་རྗེ་གདན་འདི།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ཀྱི་གོ་
འཕང་ཐོབ་སའི་གནས་ཨིནམ་ལས་བརྟེན།
གནས་ཀྱི་ནང་ལས་རྩ་ཆེ་ཏོག་ཏོ་གཅིག་
སྦེ་འགྱུར་ཏེ་ཡོད། དེ་སྦེ་ཨིན་དགོ་མི་གནད་དོན་ཡང་འདས་པའི་སངས་རྒྱས་ཚུ་ཡང་ སངས་རྒྱས་ས་འདི་ཁ་ཨིན་པའི་ཁར།
ད་ལྟ་བའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་འདི་
ཁར་སངས་རྒྱས་རྒྱསཔ་ཨིནམ་དང་།
འདི་བཟུམ་སྦེ་མ་འོངས་པའི་སངས་རྒྱས་ཚུ་
ཡང་གནས་འདི་ཁར་འབྱོན་ཏེ་སངས་རྒྱས་ནི་ཨིནམ་ལས་བརྟེན་ཏེ་ཨིན་མས།།
སྟོ ན་པ་ཤཱཀྱ་ཐུབ་པ་མཆོག་གིས་ལོ ་ དྲུག་དཀའཝ་མ་སྤྱད་པའི་ཧེ་མ་ཆོས་ལུགས་
གཞན་གྱི་མཁས་པ་ཚུ་ཡང་བསྟེན་ཡོདཔ་ཨིན་མས། མཁས་པ་ཚུ་གི་གྱལ་ལས་དང་ པ་ར་ཡངས་པ་ཅན་ལུ་བཞུགས་མི་སློབ་དཔོན་ཨཱ་ལར་དང་ཀཱ་ལམ་ལས་ཏིང་ངེ་འཛིན་ བསྒོམ་ནི་གི་གཞི་རིམ་ཤེས་ཡོན་གྱི་ཆོས་ཚན་ཚུ་སློབ་སྦྱོང་མཛད་ནུག། འདི་བསྒང་ཆུ་
བོ་ནིརཉྫ་ན་ལུ་ཡང་བྲམ་ཟེའི་ཆོས་ལུགས་དང་རྒྱབ་འགལ་འབད་མིའི་ཆོས་ལུགས་ཀྱི་ སློབ་གྲྭ་མ་འདྲཝ་༦༢་དེ་ཅིག་ཡོད་དོ་མས།
སྟོན་པ་མཆོག་ཡང་སངས་རྒྱས་ཚུགས་
པའི་ཆོས་ཅིག་འཐོབ་པའི་ཐུགས་བཞེད་གནང་སྟེ་རྒྱལ་པོའི་ཁབ་བརྒྱུད་དེ་ནིརཉྫ་ན་ལུ་ བྱོན་ནུག།
40
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་ཁར་བཞུགས་ཡོད་པའི་མཁས་པ་ཨུ་དཱ་ཀཱ་རམ་པཱུ་ཏ་ལས་ཤེས་ཡོན་བཞེས་ཏེ་ བཞུགས་པའི་སྐབས་ལུ་འཁོར་ལྔ་སྡེ་བཟང་པོ་དང་གཅིག་ཁར་འགོ་དང་པ་འཛོམས་ ཡོདཔ་མས། ཨིན་རུང་སྟོན་པའི་ཐུགས་ལུ་འདི་ཁར་ལུ་སློབ་སྦྱོང་གནང་ཡོད་པའི་ཆོས་ ཚུ་གིས་སངས་རྒྱས་མི་ཚུགསཔ་ཨིནམ་མཁྱེན་ཏེ།
ལོ་དྲུག་གི་རིང་ལུ་སངས་རྒྱས་
ཚུགས་པའི་ཐབས་ལམ་གྱི་དོན་ལུ་དཀའ་སྤྱད་མཛད་གནང་ནུག།
དེ་ལས་ཉིནམ་གཅིག་འབདཝ་ད་སྟོ ན་པ་དཀའ་སྤྱད་གནང་སྟེ་བཞུགས་སའི་ས་ ཁོངས་ནང་ལུ།
ནོར་རྫིཔ་བུམོ་གསུམ་འོང་སྟེ་གླུ་འཐེན་སྡོད་པའི་བར་ན།
གཅིག་
གིས་གཅིག་ལུ་སྐད་ཀྱི་གདངས་དང་སྙན་ཆའི་སྒྲ་སྒྲིག་མ་སྒྲིག་གི་སྐོར་ལས་སྐོར་ལས་ སྐྱོན་བཏགས་ནི་འགོ་བཙུགས་ནུག
བུམོ་གཅིག་གིས་ཁྱོད་ཀྱི་སྙན་ཆའི་སྒྲ་འདི་སྐད་
ཚ་དྲག་ཨིན་པས་ཁྱོད་རའི་སྐད་ཀྱི་གདངས་ཤུགས་མིན་འདུག
མི་ཚུ་གིས་ཁྱོད་ཀྱི་
གླུ་གཞས་འདི་ལུ་སྤྲོ་བ་མི་བསྐྱེད་ཟེར་སླབཔ་ད། འདི་གི་ལན་ལུ་གཅིག་གིས་ཁྱོད་ཀྱི་
སྙན་ཆའི་སྒྲ་འདི་དམའ་དྲག་ཨིན་པས། ཁྱོད་རའི་སྐད་ཀྱི་གདངས་འདི་ཚ་དྲག་འདུག
ཁྱོད་ཀྱི་གླུ་གཞས་འདི་ལུ་ཡང་སྤྲོ་བ་སྐྱེད་མི་མི་འོང་ཟེར་སླབ་ནུག བར་ན་གི་བུམོ་འདི་
གིས་ངེ་གི་སྙན་ཆའི་སྒྲ་འདི་མཐོ་མ་དྲག་དམའ་མ་དྲག བར་ན་སྐོརམ་ལུ་ཨིན། འདི་ བཟུམ་སྦེ་ང་རའི་སྐད་འདི་ཡང་ཨིན།
འདི་འབདཝ་ལས་མི་ཚུ་གིས་ང་གིས་འཐེན་མི་
གླུ་གཞས་ཚུ་ལུ་སྤྲོ་བ་སྦོམ་ར་སྐྱེདཔ་མས་ཟེར་སླབཔ་ད། སྟོན་པའི་ཐུགས་ལུ་ཐུགས་
བཞེད་མ་འདྲཝ་ཅིག་གནང་ནུག འདི་ཡང་ང་གིས་ཁ་ཟས་ལེགས་ཤོམ་སྦེ་མ་བཞེས་ པར་སྡོད་རུང་སངས་རྒྱས་ནི་ལུ་ཕན་མི་ཐོགས་ནི་ཨིན་མས། ལོངས་སྤྱོད་ས་ཅིག་རུང་ཁེ་ཕན་མིན་འདུག
ཚད་ལས་བརྒལ་ཏེ་
སྐུ་གཟུགས་ཀྱི་སྟོབས་ཤུགས་ཀྱི་དོན་
ལུ་མང་ཉུང་རན་ཏོག་ཏོ་སྦེ་བཞེས་པ་ཅིན་ཕན་ཐོགས་འབྱུང་ནི་མས་མནོ་བའི་ཐུགས་
བསམ་བཞེས་ཏེ་གཡུས་ཀྱི་བུམོ་ལེགས་སྐྱེས་མ་གྱིས་ཨོམ་གྱི་ཐུགཔ་དྲངས་མི་འདི་
41
བཞེས་གནང་ནུག།
གནས་བཤད་འདོད་འཇོའི་བུམ་བཟང་།
སླབ་ཐང་གཅིག་ལས་འབད་བ་ཅིན་སྟོན་པའི་ཐུགས་ལུ་རྟེན་ཅིང་འབྲེལ་འབྱུང་གི་དོན་ འདི་འདི་ཁ་ལས་འཆརཝ་སྦེ་བཤདཔ་མས།
སྟོན་པ་གྱིས་ཨོམ་གྱི་ཐུགཔ་བཞེས་མི་
ལུ་བརྟེན་འཁོར་ལྔ་སྡེ་བཟང་པོ་ཚུ་གིས་མ་དགའ་བ་དེ་སྦེ་སྐྱེས་ནུག ཁས་བླང་བཟུམ་སྦེ་འབད་བ་ཅིན།
དེ་ཡང་ཧེ་མ་གི་
སངས་མ་རྒྱས་ཚུན་ཚོད་ལུ་ན་ཕུད་རྡོག་རེ་དང་ཆུ་
ཐིགས་པ་རེ་མ་གཏོགས་གཞན་ག་ནི་ཡང་མི་བཞེས་ཟེར་བའི་ཁས་བླང་དམ་བཅའ་ ཡོདཔ་ཨིན་རུང་།
ད་ཁས་བླང་འདི་སྤངས་དཱཔ་ལས་ཆོས་སྒྲུབ་མི་གྱི་ཆ་རོགས་མི་
བཏུབ་སྦེ་ཟེར་སྟོན་པ་སྐུ་རྐྱང་སྦེ་བཀོག་བཞག་སྟེ་འཁོར་ལྔ་སྡེ་བཟང་པོ་ཚུ་ས་ཕྱོགས་ གཞན་ཁར་བྱོན་སོང་ནུག།
སྟོ ན་པ་མཆོག་ཨོམ་གྱི་ཐུགཔ་བཞེས་ཞིནམ་ལས་སྐུ་གཟུགས་ཧེ་མ་ག་ཨིནམ་སྦེ་ སྟོབས་ཤུགས་དེ་ཚུ་ཐོབ་ནུག
ཀུ་ཤ་ཆགཔ་གཅིག་བསྣམས་སྦེ།
དེ་ལས་རྩྭ་ཡི་ཚོང་པ་བཀྲ་ཤིས་ཟེར་མི་འདི་ལས་རྩྭ་ ཆུ་བོ་ནི་རཉྫ་ན་བརྒལ་ཞིནམ་ལས་རྡོ་རྗེ་གདན་
ལུ་བྱོན་ཏེ་བྱང་ཆུབ་ཤིང་གི་འོག་ལུ་རྩྭ་གདན་འཐིང་། ནམ་ཅིག་བྱང་ཆུབ་ཀྱི་གོ་འཕང་ ཐོབ་ཚར་ཞིནམ་ལས་མ་གཏོགས་གདན་འདི་གུ་ལས་མི་ལངས་ཟེར་བའི་དམ་བཅའ་
མཛད་དེ་བཞུགས་པའི་མཐའ་མར། ནམ་ཅིག་འབདཝ་ད་ས་ག་ཟླ་བའི་ཚེས་༡༥་གྱི་དྲོ་ པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནུག།
བྱང་ཆུབ་ཤིང་།
རྡོ་རྗེ་གདན་ལུ་བྱང་ཆུབ་མཆོད་རྟེན་མ་བཞེངས་པའི་སྔོན་མ་ལས་བྱང་ཆུབ་ཤིང་འདི་ ཡོདཔ་ཨིན་པས། འདི་ཡང་སྟོན་པ་མཆོག་ལུམྦི་ནི་ལུ་སྐུ་འཁྲུངས་པའི་ཉིནམ་འདི་ལུ་ བྱང་ཆུབ་ཤིང་འདི་ཡང་འཁྲུངས་ཡོདཔ་མས།
42
སྤྱིར་བཏང་བྱང་ཆུབ་ཤིང་དེ་ལུ་ཕོ་མོའི་
གནས་བཤད་འདོད་འཇོའི་བུམ་བཟང་།
དབྱེ་བ་ཡོདཔ་ཨིན། ཕོ་ལུ་པི་པལ་དང་མོ་ལུ་ཨ་ཤྭཐ་ཟེར་ཡོད་རུང་ཡོངས་གྲགས་ལུ་
བྷོ་དི་ཟེར་ཞུཝ་ཨིན་མས། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་འདི་བྱང་ཆུབ་ཤིང་གཞན་དང་ མི་འདྲ་བར་བྱིན་རླབས་ཅན་ཅིག་ཨིན་པའི་ཁར་།
ཤིང་འདི་གྱི་འདབ་མ་ཚུ་ཡང་རྣོ་
ཁིག་ཁི་དང་ཕོ་མོའི་མཚན་རྟགས་ཀྱི་རྣམ་པ་སྦེ་ཡོདཔ་སྦེ་བཤདཔ་མས།།
རྒྱ་ནག་གི་དགེ་སློང་ཐང་སན་ཙང་བྱོན་པའི་སྐབས་ལུ་ཤིང་འདི་ལུ་བྷོ་དི་གྲུར་མ་འམ་ ཤེས་རབ་ཀྱི་ཤིང་ཟེར་གནས་བསྐོརཔ་ཚུ་གིས་དྲི་བཟང་དང་ཨོམ་གྱི་ཁྲུས་གསོལ་ཕུལ་ སྲོལ་འདུག་ཟེར་གསུངས་ནུག།
ག་དེ་འབད་རུང་སྟོན་པ་མཆོག་མྱ་ངན་ལས་འདས་
ཚར་བའི་ཤུལ་མ་བྱང་ཆུབ་ཤིང་འདི་ལུ་རང་བཞིན་གྱིས་རྐྱེན་དང་མིའི་རྐྱེན་ལས་བརྟེན་ ཉམས་རྒུད་ཚར་ལེ་ཤཱ་ཅིག་བྱུང་ནུག
དེ་ཡང་ཧེ་མ་རྒྱལ་པོ་ཨ་ཤོ་ཀ་ནང་པའི་ཆོས་
ལུགས་ནང་མ་ཞུགས་པའི་ཧེ་མ་རྩ་བ་ལས་བཏོག་བཏང་རུང། ར་ཏོག་གུ་ལས་ལོག་ སྟེ་རང་འཁྲུངས་ཡོད་མི་འདི་ཡང་། བཏོག་བཏང་ཚར་བའི་ཤུལ་མ། ༦༠༠ ཚུ་ཚོད་སྡོད་ནུག།
རྒྱལཔོ་ཨ་ཤོ་ཀའི་བཙུནམོ་ཏིར་ཡ་རཀྵི་ཏ་གིས་
ད་རུང་ཡང་ལོག་སྟེ་རང་འཁྲུངས་ཡོད་མི་འདི་སྤྱི་ལོ་
སྤྱི་ལོ་༦༠༠འི་ནང་བེངྒལ་གྱི་རྒྱལཔོ་ནང་པའི་ཆོས་ལུ་ལྡོག་ཕྱོགས་འབད་མི་སཱ་སང་ ཀཱ་གིས་བྱང་ཆུབ་ཤིང་འདི་རྩ་བ་ལས་བཏོག་སྟེ་མེ་སྤར་བཏང་པའི་ཁར་ལོག་མི་སྐྱེ་ནི་
གི་ཐབས་ལུ་ར་ཏོག་ལྷག་མ་ལུས་ཡོད་མི་གུ་ལུ་གུན་ཆག་གི་ཁུ་བ་བླུགས་ཞིནམ་ད། འདི་གི་ཐོག་ལས་ས་བཀང་སྟེ་ཤིང་ཡོད་པའི་ཤུལ་ཙམ་ར་མེདཔ་སྦེ་བཟོ་བཞག་ནུག།
དེ་ལས་སྤྱི་ལོ ་ ༦༢༠་གི་ཤུལ་མར་ནང་ཆོས་ལུ་དད་པ་ཡོ ད་མི་རྒྱལཔོ ་ པུར་ཎ་བྷར་
མ་གྱིས་དོ ན་རྐང་བཙུགས་སྦེ་རང་བྱང་ཆུབ་ཤིང་གི་དོ ན་ལས་རྡོ ་ རྗེ་གདན་ལུ་བྱོ ན་
ཡོདཔ་ཨིན་པས། རྒྱལཔོ་མཆོག་གིས་ས་བརྐོ་ཞིནམ་ད། བ་སྟོང་ཕྲག་ཅིག་གི་ཨོམ་
བླུགས་ཞིནམ་ལས་ཁྲུས་ཕུལཝ་ད་ནུབ་གཅིག་ལུ་རང་ཕིཊ་༣་ལྷགཔ་ཅིག་ལོག་སྟེ་
43
རང་འཁྲུངས་ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ལས་བྱང་ཆུབ་ཤིང་གི་མཐའ་བསྐོར་བརྐྱབ་སྟེ་རྭཝ་ཚུ་ཧེ་མ་
ལས་ལྷགཔ་སྦེ་སྒྲིང་སྒྲིང་བཟོ་གནང་ཡོདཔ་ཨིན་པས།
རྒྱལཔོ་པུར་ཎ་བྷར་མ་མཆོག་
མ་བཞུགས་པའི་ཤུལ་མ་པཱ་ལའི་རྒྱལ་བརྒྱུད་ཀྱིས་སྤྱི་ལོ་༨༡༦་ལས་༡༢༠༡ཚུན་ཚོད་ འཛིན་སྐྱོང་མཛད་གནང་ནུག།
སྤྱི་ལོ་༡༢༠༡་གི་ལོ་ལུ་ཁ་ཆེའི་རྒྱལཔོ་མུ་ཧཱ་མ་དེན་གྱི་དམག་དཔོན་བྷག་ཏི་ཡར་ཁལ་
ཇི་གིས་འགོ་འཁྲིད་འབད་དེ་རྒྱ་གར་ནང་གི་ས་ཁོངས་ཚུ་དབང་དུ་བསྡུ་བའི་སྐབས་ ལུ་ནང་པའི་གནས་ཆ་མཉམ་བརྡལ་ཚུགསཔ་ཚུ་བརྡལ།
བརྡལ་མ་ཚུགས་མི་ཚུ་ས་
འོག་ལུ་བཙུགས་ཡོད་པའི་གྲངས་སུ་ལས་གཅིག་རྡོ་རྗེ་གདན་ཡང་ཨིན་མས། གནའ་
ཤུལ་བརྟག་ཞིབ་མཁས་མཆོག་ཚུ་གིས་བཤད་དོ་བཟུམ་འབད་བ་ཅིན་མཆོད་རྟེན་ རྐྱངམ་ཅིག་ལུ་གནོད་རྐྱེན་བརྐྱབཔ་ཡོདཔ་མ་གཏོགས་བྱང་ཆུབ་ཤིང་འདི་ལུ་གནོདཔ་ མ་སྐྱེལཝ་འོང་ཟེར་ཨིན་མས།
རྒྱུ་མཚན་ག་ཅི་སྦེ་ཟེར་བ་ཅིན་ཨཕ་གྷ་ནིས་ཏན་ལུ་
ཡོད་མི་བྱང་ཆུབ་ཤིང་འདི་ལུ་གནོད་རྐྱེན་ག་ནི་ཡང་མ་བརྐྱབ་པར་དེ་སྦེ་རང་བཞག་སྟེ་ འདུག་ཟེར་ཨིན་མས།།
རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དེ་ལུ་གནོད་སྐྱོན་བྱུང་སྟེ་འབད་རུང་། རྒྱལཔོ་ཨ་ཤོ་ཀའི་
སྲསམོ་སངྒ་མི་ཏྲ་ཟེར་ཞུ་མི་འདི་ཤྲི་ལངྐ་ལུ་བྱོནམ་ད་རྡོ་རྗེ་གདན་ལས་བྱང་ཆུབ་ཤིང་ གི་ལྕངམ་ཅིག་བསྣམས་ཡོད་མི་འདི་ད་རེས་ནངས་པ་ཤྲི་ལངྐའི་ས་གནས་ཨཱ་ནུ་རཱ་དྷ་
པུར་ལུ་མཇལ་ནི་ཡོད་ནི་དེ་གིས་སྟོན་པ་སྐུ་དངོས་བཞུགས་སའི་བྱང་ཆུབ་ཤིང་གི་རྒྱུན་ དེའང་མ་ཆད་པར་ཡོད་ནི་དེ་གིས་སེམས་དགའ་བའི་གཞི་ཅིག་ཨིན་མས།།
44
གནས་བཤད་འདོད་འཇོའི་བུམ་བཟང་།
བྱང་ཆུབ་མཆོད་རྟེན་གྱི་ལོ་རྒྱུས།
རྡོ ་ རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་བཞེངས་མིའི་སྐོར་ལས་བཤད་ཐང་མ་འདྲཝ་ མང་རབས་ཅིག་ཡོད།
བོད་ཀྱི་མཁས་དབང་ཚུ་གིས་གསུང་དོ་བཟུམ་འབད་བ་ཅིན།
མཆོད་རྟེན་འདི་དང་པ་རང་བྲམ་ཟེ་མོ་ཛ་སའི་བུ་ཆུང་ཤོས་ཀྱིས་བཞེངས་ཡོདཔ་སྦེ་
ཨིནམ་མ་ཚད། ནང་ན་གི་སྟོན་པའི་སྐུ་འདྲ་ཡང་ཁོ་གི་སྐབས་ཀྱི་ཨིན་ཟེར་བཤད་སྲོལ་ འདུག
མཐའ་བསྐོར་རྐྱབ་ཡོད་པའི་རྡོ་རིས་ཀྱི་རྭཝ་དང་མཆོད་རྟེན་གྱི་རྩེ་མོ་ལུ་ཡོད་
པའི་མཆོད་རྟེན་ཆུང་ཀུ་འདི་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཏེ་ནང་གཟུངས་ སྟོན་པའི་རིང་བསྲེལ་བྲེ་གང་བཞུགས་ཏེ་ཡོདཔ་སྦེ་སླབ་ཚུལ་ཡོད།།
རྒྱ་ནག་དགེ་སློ ང་ཐང་སང་ཙང་གིས་གསུངས་མི་དང་འཁྲིལ་བ་ཅིན་མཆོད་རྟེན་ བཞེངས་མི་འདི་ནང་པའི་ཆོས་ལུགས་ལུ་མ་འཛུལ་བའི་ཧེ་མ་ལྷ་དབང་ཕྱུག་བསྟེན་མི་ བྲམ་ཟེ་སྤུན་ཆ་གཉིས་ཡོད་མི་དེ།
ནང་ཆོས་ལུ་ཞུགས་ཚར་བའི་ཤུལ་མ་སྤུན་ཆ་སྦོམ་
འདི་གིས་བྱང་ཆུབ་ཤིང་གི་རྩ་བ་གཙུག་ལག་ཁང་གཅིག་བཞེངས།
ཆུང་ཤོས་ཀྱིས་
བྱང་ཆུབ་ཤིང་གི་ལྷོ་ཁ་ཐུག་ས་བརྐོ་ཞིནམ་ད་ཆུ་ཡི་རྫིང་ཅིག་བཟོ་ཡོདཔ་སྦེ་བཀོད་དེ་ འདུག།
གནའ་ཤུལ་བརྟག་ཞིབ་མཁས་མཆོག་ཚུ་གིས་འབད་བ་ཅིན་ཆོས་རྒྱལ་ཨ་ཤོ ་ ཀ་ དང་གུཔྟའི་སྐབས་ལུ་བཞེངས་ཡོདཔ་སྦེ་ཁས་ལེནམ་ཨིན།
ད་རེས་ནངས་པ་གིས་
བཤད་ཚུལ་དང་བསྟུན་པ་ཅིན་བྱང་ཆུབ་མཆོད་རྟེན་འདི་ཚར་༣་དེ་ཅིག་བསྐྱར་བཟོ་
འབད་ནུག་ཟེར་ཨིན་མས། དང་པ་རང་ཆོས་རྒྱལ་ཨ་ཤོ་ཀ་གིས་སྤྱི་ལོའི་སྔོན་གྱི་ལོ་ངོ་ ༢༥༩(259
B.C.E)ནང་ལུ་བྱང་ཆུབ་ཤིང་གི་རྩྭ་བར་ཤཱཀྱ་ཐུབ་པ་སངས་རྒྱས་སའི་
ས་ཁར་བཞུགས་ཁྲི་གཅིག་དང་། བཞུགས་ཁྲིའི་ཉིན་འདུག
བྱང་ཆུབ་ཤིང་གི་མཐའ་སྐོར་རྐྱབ་རྡོ་རིས་ཀྱི་ཀཝ།
ཤར་ཁ་ཐུག་གི་སྒོ་ར་སྒོ་ཚུ་བཟོ་ནུག་ཟེར་ཨིནམ་དང།
45
གནས་བཤད་འདོད་འཇོའི་བུམ་བཟང་།
ད་རེས་ཡོད་མི་བྱང་ཆུབ་མཆོད་རྟེན་འདི།
དུས་རབས་གཉིས་པའི་རྒྱལཔོ་ཧུ་བིཥྐ་
(Huviska)གིས་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་ཡོད་པའི་བཞུགས་ཁྲིའི་གུ་ལུ་ བཞེངས་ནུག་ཟེར་ཨིན་མས། གཉིས་པ་ཨིན་མས།།
ཧུ་བིཥྐ་འདི་ཀ་ཎིཥྐའི་ཤུལ་མ་ཀུ་ཥཱ་ཎ་གི་རྒྱལ་བརྒྱུད་
གནའ་ཤུལ་བརྟག་ཞིབ་ཀྱི་མཁས་མཆོག་སར་ཀ་ནི་གཱམ་གྱིས་སྤྱི་ལོ་༡༨༧༡གི་ལོ་ལུ་ མཆོད་རྟེན་གྱི་ཞིབ་འཚོལ་འབད་བའི་སྐབས་ལུ་བཞུགས་ཁྲིའི་རྩ་བ་ལས།
གསེར་
དང་དངུལ་གྱི་ཐ་ལ་ཚུ་དང་ཅིག་ཁར་རྒྱལཔོ་གུཔྟའི་སྐབས་ཀྱི་རྡོ་གུ་བྲིས་ཏེ་ཡོད་མི་ རྡོ་བརྐོས་ཅིག་ཐོབ་ནུག
རྡོ་བརྐོས་འདི་དང་འཁྲིལ་བ་ཅིན་མཆོད་རྟེན་འདི་ཀུ་ཥཱ་ཎ་
གི་རྒྱལ་པོ་གཉིས་པ་ཧུ་བིཤ་ཀ་གིས་ ཨིནམ་དང་།
རྒྱལ་སྲིད་སྐྱོང་བའི་སྐབས་ལུ་བཞེངས་ཡོདཔ་
ནང་གི་སྟོན་པའི་སྐུ་འདྲ་འདི་ཡང་སྤྱི་ལོ་༣༨༠འི་ནང་ལུ་བཟོ་བསྐྲུན་
འབད་ཡོདཔ་སྦེ་བཀོད་དེ་འདུག་ཟེར་ཨིན་མས།།
ཤྲི་ལངྐའི་རྒྱལཔོ་མེ་གྷ་བར་ན་གིས་གཙུག་ལག་ཁང་སྦོམ་གཅིག་དང་མཐའ་བསྐོར་ལུ་ རྩིགཔ་ཚུ་སྤྱི་ལོ་༣༨༨ལུ་བརྐྱབས་གནང་ནུག།
སྤྱི་ལོ་༡༠༡༠ནང་བེང་གཱལ་གྱི་རྒྱལཔོ་
པཱ་ལའི་རྒྱལ་བརྒྱུད་ཀྱི་དུས་སྐབས་ལུ་མཱ་ཧི་པཱལ་གྱིས་མཆོད་རྟེན་ཉམས་བཅོས་མཛད་ ཡོདཔ་མ་ཚད། དེ་ལས་ཉམས་བཅོས་ཀྱི་ཕྱག་ལཱ་སྦོམ ་ཤོས་ཅིག་བྷར་མའི་རྒྱལ་ཁབ་ ཀྱིས་
སྤྱི་ལོ་༡༠༧༠འི་ལོ་ལུ་མཛད་གནང་ཡོདཔ་ཨིན་མས།
རྒྱ་གར་ནང་ལུ་ནང་
ཆོས་སྒྲུབ་མི་རྒྱལཔོ་གི་གྲས་ལས་མཇུག་ཨིན་མི་པཱན་ཇབ་ཀྱི་ས་གནས་སི་ཝ་ལིག་གི་ རྒྱལཔོ་ཨ་ཤྭཀ་བྷ་ལཱ་གིས་
སྤྱི་ལོ་༡༡༠༦ནང་ལུ་མཆོད་རྟེན་གྱི་ཉམས་གསོ་ཞུ་ནུག།
ཉམས་གསོའི་ཕྱག་ལཱ་གི་ལྟ་རྟོག་དང་བཀོད་བྱ་ཚུ་ཡང་དགེ་སློང་དྷརྨ་ ཀརྟི་གིས་མཛད་ མཛདཔ་ཨིན་པས།།
46
གནས་བཤད་འདོད་འཇོའི་བུམ་བཟང་།
སྤྱི་ལོ་༡༢༣༤འི་ནང་ལུ་བོད་ཀྱི་གནས་བསྐོརཔ་ཆག་ལོ་ཙ་བ་རྡོ་རྗེ་གདན་མཇལ་བར་
བྱོནམ་ད། གནས་འདི་ཁར་བཞུགས་མི་ཚུ་གིས་གཡུས་སྤངས་ཏེ་འགྱོ་ནུག་ཟེར་ཨིན་
མས། མཆོད་རྟེན་གྱི་ནང་ན་ལུ་དགེ་སློང་བཞི་གིས་སྟོན་པའི་སྐུ་འདྲའི་གདོང་ཁ་ལས་ ཡར་ས་པག་ཅུང་གིས་བཅད་རྐྱབཔ་ཞིནམ་ད།
འདི་གི་ཕྱི་ལས་བྱི་བརྐྱབ་འབད་ནང་
ན་སྟོན་པའི་སྐུ་འདྲ་ཡོདཔ་མ་ཤེསཔ་བཟོ་ཞིནམ་ལས་བཅད་ཀྱི་གདོང་ཁར་སྐུ་འདྲ་ གཞན་ཅིག་བཙུགས་བཞག་སྦེ། ཏུརུཤ་ཀའི་དམག་འོང་དེ།
ཆག་ལོ་ཙ་བ་ལུ་དགེ་སློང་ཅིག་གིས་ནཱ་ལུ་མ་སྡོད།
ནཱ་སྡོད་པ་ཅིན་ལེགས་ཤོམ་མི་ཟེར་སླབཔ་ལས་འགྱོ་
དགོཔ་འཐོན་ཡི་ཟེར་བཀོད་དེ་འདུག།
བྱང་ཆུབ་མཆོད་རྟེན་འདི་མུ་ཧ་མཱ་དན་གྱི་དམག་གིས་མེདཔ་བཏང་ཞིནམ་ལས་འགོ་
བཟུང་གནས་འདི་ཁར་གནས་བསྐོར་ལུ་བྱོན་མི་མེདཔ་མ་ཚད་མཆོད་རྟེན་གྱི་འཛིན་ སྐྱོང་དང་ལྟ་རྟོག་འབད་མི་ཡང་མེདཔ་ལས་བརྟེན་དུས་ཡུན་རིངམོ་སྦེ་ནགས་ཚལ་ལུ་ འགྱུར་ཏེ་སྡོད་ནུག།
རྒྱ་གར་ནང་ལུ་ནང་ཆོས་ཉམས་པའི་ཤུལ་མ་སྤྱི་ལོ་༡༤༧༢ལས་
༡༤༩༢ཀྱི་བར་ན་ལུ་བྷར་མིས་ཚུ་གིས་བྱང་ཆུབ་མཆོད་རྟེན་འདི་ཉམས་བཅོས་ཚར་
གསུམ་ཞུ་བའི་ཤུལ་ལས་ལོག་དེ་རང་སྔོན་མ་ག་ཨིན་སྦེ་ཉམས་ཏེ་གྱང་ཁོག་ལུ་འགྱུར་ སོང་ནུག།
ནང་པའི་ཆོས་ཀྱི་ཁ་ཐུག་ལས་འཛིན་སྐྱོང་ཐབས་མི་ག་ཡང་མེདཔ་ལས་ཧིན་དུའི་
ཆོསཔ་མཱ་ཧན་ཏ་གོ་སའི་ན་གི་རི་གིས། སྤྱི་ལོ་༡༥༩༠ལུ་ས་ཁོངས་གནས་སྟངས་ཀྱི་ཁེ་ ཕན་ལུ་མནོ་བསམ་བཏང་སྟེ་ཁོ་རའི་བློ་འདོད་དང་བསྟུན་ས་ཆ་སྦང་ནུག།
གནའ་ཤུལ་བརྟག་ཞིབ་ཀྱི་མཁས་མཆོག་ཅིག་ཨིན་མི་ཌོག་ཀྲར་བྷུ་ཅན་ཧ་མིལ་ཊོན་ སྤྱི་ལོ་༡༨༡༡་ལུ་རྡོ་རྗེ་གདན་ལུ་བྱོན་པའི་སྐབས་ལུ་གནས་འདི་གི་གནས་སྟངས་ཚུ་སྐྱོ་
སི་སི་སྦེ་ཡོདཔ་མ་ཚད་མཐའ་བསྐོར་ལུ་མཆོད་རྟེན་གྱི་རྡོ་དང་ས་པག་ཅུ་ཚུ་ཡང་གྲོང་
47
གནས་བཤད་འདོད་འཇོའི་བུམ་བཟང་།
གསེབ་ཀྱི་མི་ཚུ་གིས་ཁྱིམ་བརྐྱབ་ནིའི་དོན་ལུ་འབག་འགྱོ་དེ་ཟེར་ཨིནམ་སྦེ།
དེ་ལས་
ལོ་༥༠་གི་ཤུལ་མ་སྤྱི་ལོ་༡༨༦༡ལུ་མཁས་མཆོག་སར་ཀཱ་ནིན་གཱམ་བྱོན་པའི་སྐབས་ལུ་
ཧིན་དུའི་བླམ་མ་ཧད་ན་ད་དང་ཁོ་གི་སློབ་མ་ཚུ་གིས་མཆོད་རྟེན་ནང་ན་ལུ་ག་དགའཝ་
སྦེ་ནང་པའི་ཆོས་དང་ཚུལ་མ་མཐུན་པའི་ཆོག་སྒྲིག་ཁོག་ཁོ་འབད་བཞག་ཡོད་པའི་ ཁར།
མཐའ་སྐོར་བརྐྱབ་ཡོད་པའི་ས་ཆ་ཚུ་བླམ་མ་ཧན་ད་ཁོ་རའི་གཞི་ས་ཨིནམ་སྦེ་
སླབ་རུང་ཉམས་བཅོས་ཚུ་ག་ནི་ཡང་མ་འབད་བར་བཞག་སྟེ་འདུག་ཟེར་ཨིན་པས།།
སྤྱི་ལོ་༡༨༧༥འི་ལོ་ནང་ལུ་བྷར་མའི་རྒྱལཔོ་མིན་དཱན་མིན་གྱིས་རྒྱ་གར་གཞུང་ལས་
ཉམས་གསོ་ཞུ་ནི་གི་གནང་བ་ཐོབ་སྟེ་ཉམས་བཅོས་ཀྱི་ཕྱག་ལཱ་འགོ་བཙུགས་རུང་ ལཱ་བཀོད་འབད་མི་ཉམས་མྱོང་མེད་པ་ལས་བརྟེན་ཨིང་ལེནཌ་གཞུང་གིས་༡༨༨༠ལུ་ ཉམས་གསོའི་ལཱ་འབད་ནི་ལཱ་ཚུ་ལོག་རྩིས་ལེན་ནུག།
རྩོམ་རིག་གི་མཁས་མཆོག་ཅིག་ཨིན་པའི་ཁར་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ རབ་ཚུ་ལུ་ཡང་སྤྲོ ་ བ་དང་དད་འདོ ད་ཡོ ད་མི་སར་ཨིཊ་འུཡིན་ཨར་ནོ ལ ཌ་ཟེར་ཞུ་ མི་འདི།
སྤྱི་ལོ་༡༨༨༥འི་ལོ་ནང་རྡོ་རྗེ་གདན་ལུ་བྱོན་ནུག།
ཁོ་རྡོ་རྗེ་གདན་མཇལ་
བར་བྱོནམ་ད་བྱང་ཆུབ་ཆེན་པོའི་མཆོད་རྟེན་འདི་ཧིན་དུའི་ཆོས་བརྒྱུད་འཛིན་མི་མཱ་ ཧན་ད་གིས་དབང་སྟེ་ཡོད་མི་འདི་ལུ་ཐུགས་ཀྱིས་བཟོད་མ་ཚུགས་པར།
ནང་ཆོས་
འབད་མི་ཡོངས་ཀྱི་བྱིན་རླབས་ཅན་གྱི་གནས་ཀྱི་ནང་ལས་གཙོ་ཅན་ཅིག་དང་གལ་ཆེ་ ཤོས་ཅིག་ཨིན་མི་གནས་མཆོག་རྡོ་རྗེ་གདན་འདི་བདག་འཛིན་མ་འབད་བར་
ཆོས་
ལུགས་གཞན་གྱི་ལག་པར་ག་དགའཝ་སྦེ་བཞག་ཡོད་པའི་བསྐོར་ལས་ལོ་རྒྱུས་ཚུ་ གསར་ཤོག་ཐོག་ལས་བཀྲམ་སྤེལ་འབད་ནུག།
གནས་ཚུལ་འདི་ལུ་བརྟེན་ཏེ་ཤྲི་
ལངྐ་ལས་ཨིན་མི་དགེ་བསྙེན་དྷརྨ་ པཱ་ལ་ཡང་ཐུགས་ཀྱིས་བཟོད་མ་ཚུགས་པར་སྤྱི་
ལོ་༡༨༩༡ལས་བྱང་ཆུབ་མཆོད་རྟེན་འདི་ཧིན་དུའི་ཆོས་ལུགས་ཀྱིས་འཛིན་སྐྱོང་འབད་
48
གནས་བཤད་འདོད་འཇོའི་བུམ་བཟང་།
མི་ལས་ནང་ཆོས་འབད་མིའི་ལག་པར་རྩིས་སྤྲོད་དགོཔ་སྦེ་རྒྱ་གར་གཞུང་དང་ཅིག་ ཁར་གདོང་ལེན་འབད་ནི་འགོ་བཙུགས་ཏེ་
སྤྱི་ལོ་༡༩༥༢ནང་ལུ་བཱི་ཧར་མངའ་སྡེའི་
གཞུང་དང་ཅིག་ཁར་ཞལ་འཛོམས་ཚོགས་ཐོག་ལས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ ཚོགས་པ་ཕྱེད་ཀ་ཧིན་དུ་དང་ཕྱེད་ཀ་ནང་པ་གི་འབད་ནི་སྦེ་གྲོས་ཐག་བཅད་ཡོདཔ་མ་ ཚད།
ནུག།
བྱང་ཆུབ་ཆེན་པོའི་ཚོགས་པ་ཟེར་མི་ཚོགས་པ་ཅིག་ཡང་གཞི་བཙུགས་གནང་
བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་མཐའ་སྐོར་ལུ་ཡོད་པའི་གཙུག་ལག་ཁང་དང་མཆོད་
རྟེན་ཚུ་གི་བསྐོར་ལས་རྒྱ་ནག་གི་དགེ་སློང་ཐང་སན་ཙང་གིས་ཡིག་ཐོག་ལུ་བཀོད་དེ་ ཡོད་མི་འདི་ཞུ་བ་ཅིན།
ཧེ་མ་ཐང་སན་གནས་སྐོར་ལུ་བྱོན་པའི་སྐབས་ལུ་བྱང་ཆུབ་
ཆེན་པོའི་མཆོད་རྟེན་གྱི་མཐའ་བསྐོར་ལུ།
ཆོས་ལུ་དད་མོས་ཅན་གྱི་རྒྱལཔོ་དང་མི་
སེར་མང་རབས་ཅིག་གིས་སྦྱིན་བདག་འབད་དེ་གཙུག་ལག་ཁང་དང་མཆོད་རྟེན་ལེ་ཤཱ་
བཞེངས་ཏེ་འདུག་ཟེར་བཀོད་དེ་འདུག ཨིན་རུང་ཁོ་བྱོནམ་ད་ཆུ་བོ་ནི་རཉྫ་ནའི་ཆུ་རུད་ ཀྱི་རྐྱེན་ལས་མཆོད་རྟེན་གྱི་མཐའ་འཁོར་ལུ་ས་དང་བྱེམ་གྱི་མཐོ་ཚད་ཕིཊ་༢ལྷག་ཙམ་ གང་སྟེ་འདུག་ཟེར་ཨིན་པས།།
ཐང་སན་བླ་མ་གིས་གསལ་བཤད་གནང་མི་ས་གནས་ཚུ་ག་ཏེ་ཡོདཔ་ཨིན་ན་འཇམ་
ཏོང་ཏོ་ངོ་ཤེ ས་ནི་གི་དོན་ལུ་ས་ཁྲ་ནང་ཨིན་ཇིའི་ཀ་མད་(ABC)བྲིས་ཏེ་ཡོད་མི་འདི་ ལྟར་དུ་ཞུ་གེ། (A,A)
གཡས་དང་གཡོན་ཕྱོགས་ལུ་གཙུག་ལག་ཁང་གཉིས་ཀྱི་ནང་ལུ་སྤྱན་རས་
གཟིགས་ཀྱི་སྐུ་འདྲ་རེ་ཞལ་ཤར་ཕྱོགས་ལུ་གཟིགས་ཏེ་ཡོད་མི་མཇལ་ནུག
སྐུ་འདྲ་
གཉིས་ཀྱི་ནང་ལས་ལྷོ་ཁ་ཐུག་གི་འདི་ཕྱེད་ཀ་ས་དང་བྱེམ་ནང་ཐིམ་ཏེ་འདུག་ཟེར་ཨིན་ པས། ཤུལ་ལས་སྐུ་འདྲ་གཉིས་ཆ་ར་ཐོབ་མ་ཚུགས་པས།།
49
གནས་བཤད་འདོད་འཇོའི་བུམ་བཟང་།
(B) ཧེ་མ་གྱི་དུས་ལུ་བྱང་ཆུབ་ཤིང་འདི་ཁར་ཡོདཔ་མས།། (S,S)
མཆོད་རྟེན་ནང་གི་འཛུལ་སྒོའི་ཕྱི་ཁར་གཡས་གཡོན་ལུ་རྒྱུ་དངུལ་དཀར་
ལས་སྒྲུབ་པའི་སྤྱན་རས་གཟིགས་དང་རྒྱལ་བ་བྱམས་པ་མགོན་པོའི་སྐུ་འདྲ་རེ་དང་།
སྐུ་འདྲའི་མཐོ་ཚད་ཕིཊ་༡༠ཡོད་དོ་མས། སྐུ་འདྲ་གཉིས་ཆ་ར་ཤུལ་ལས་གར་སོང་མེད་ དེ་འབད་རུང་བཞུགས་སའི་ས་ཁོངས་འདི་ད་ལྟོ་ཡང་མཇལ་ནི་ཡོད།། (U)
ནང་བསྐོར་བྱོན་ལམ་གྱི་བྱང་ཕྱོགས་ཀྱི་གཡོན་ཁ་ཐུག་ལུ་རྡོ་ཕུག་སྦོམ་ཅིག་གི་
གུ་ལུ་གཙུག་ལག་ཁང་ཅིག་ཡོད་དོ་བཟུམ་སྦེ་ཡོད་མི་འདི་ཁར།
50
སྟོན་པའི་སྐུ་འདྲ་
གནས་བཤད་འདོད་འཇོའི་བུམ་བཟང་།
སྤྱན་གནམ་ལུ་གཟིགས་ཏེ་བཞུགས་མི་གཅིག་ཡོད་མི་འདི་ཤཱཀྱ་ཐུབ་པ་མཆོག་སངས་ རྒྱས་ཏེ་ཚར་བའི་ཤུལ་མ་བདུན་ཕྲག་གཅིག་གི་རིང་ལུ་སྤྱན་མ་བཙུམ་པར་བྱང་ཆུབ་ ཤིང་འདི་ལུ་བཀའ་དྲིན་བསམ་ཏེ་གཟིགས་བཞུགས་ས་ཨིན་མས།།
(F) བྱང་ཆུབ་ཤིང་གི་ནུབ་ཁ་ཐུག་གི་ནང་ན་འདི་གཙུག་ལག་ཁང་སྦོམ་ཅིག་གི་ཤུལ་ ཨིན་མས།
འདི་ཁར་ཟངས་དམར་ལས་སྒྲུབ་པའི་སྟོན་པའི་སྐུ་འདྲ་རྒྱན་ཆ་བཞེས་ཏེ་
ཡོད་མི་ཅིག་ཞལ་ཤར་ཕྱོགས་ལུ་གཟིགས་ཏེ་ཡོདཔ་དང་། སྐུ་མདུན་ལུ་རྡོ་ལེབ་ཅིག་ གི་གུ་པ་ཏྲ་ཅི་དང་མ་འདྲཝ་ཅིག་ཡོད་པའི་ཁར་སེམས་ཅན་དང་མི་ག་ཅི་ཨིན་ན་ངོ་ཕྱེ་
མ་ཚུགས་པའི་པ་ཏྲ་ཚུ་ཡང་ཡོདཔ་གཟིགས་ནུག ཞིབ་འཚོལ་མཁས་མཆོག་ཚུ་གིས་ འབད་བ་ཅིན་པ་ཏྲ་ཡོད་མི་རྡོ་འདི་ད་རེས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཕྱི་ཁར་
ཡོད་མི་ཧིན་དུའི་ལྷ་ཁང་ནང་ཡོད་མི་དུས་འཁོར་གྱི་དཀྱིལ་འཁོར་འདི་འོང་ནི་མས་ཟེར་ གསུངས་ནུག། (G)
ས་དབྱིབས་གྲུ་བཞི་ཡོད་མི་འདི་ཧེ་མ་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་མི་
མཆོད་རྟེན་གྱི་ཤུལ་ཨིན་མས།
མཆོད་རྟེན་གྱི་མཐོ་ཚད་ཕིཊ་༡༠༠ཡོདཔ་མས།
ས་
ཁོངས་འདི་ཁར་སྟོ ན་པ་མཆོག་ཆུ་བོ ་ ནི་རཉྫ་ན་ལས་སྐུ་ཁྲུས་གནང་ཚར་ཞིནམ་ ལས།མ་ཧེ་འཚོ་སྡོད་མི་༼སྭསྟི༽
བཀྲ་ཤིས་ལས་རྩྭ་ཆགཔ་གཅིག་བསྣམས་ཏེ་བྱང་
ཆུབ་ཤིང་གི་འོག་ལུ་མ་བྱོན་པའི་ཧེ་མ་རྩྭ་གདན་བཏིངས་ཏེ་བཞུགས་སའི་ས་ཁོངས་
འདི་ནང་ལུ་ཆོས་རྒྱལ་མཆོག་གིས་མཆོད་རྟེན་འདི་བཞེངས་གནང་ནུག འདི་ཡང་བྱང་ ཆུབ་ཤིང་གི་ལྷོ་ཁ་ཐུག་མཇལ་ནི་ཡོད།། (D,D)
བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཤར་ཕྱོགས་ཁ་ཐུག་ལམ་གྱི་གཡས་དང་
གཡོན་ལུ་ད་རེས་མཆོད་རྟེན་གྱི་ཤུལ་ཡོད་མི་འདི་ཁར་ཧེ་མ་མཆོད་རྟེན་རེ་ཡོདཔ་མས།
ས་ཁོངས་འདི་ཁར་བདུད་ཀྱི་རྒྱལ་པོ འི་སྲས་མོ ་ གསུམ་གྱིས་མཛེས་སྡུག་གི་རྣམ་
51
གནས་བཤད་འདོད་འཇོའི་བུམ་བཟང་།
འགྱུར་སྣ་ཚོགས་སྟོན་ཏེ་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ནི་འབདཝ་ད་བར་ཆད་རྐྱབ་ ས་ཨིན་པས།། (K)
བྱང་ཆུབ་ཤིང་གི་ནུབ་ཁ་ཐུག་གཙུག་ལག་ཁང་ཆུང་ཀུ་གཅིག་ཡོད་མི་འདི་ནང་
ལུ་ཀ་ཤྱ་པ་༼འོད་སྲུང་༽གི་སྐུ་འདྲ་ཡ་མཚན་ཆེ་ཏོག་ཏོ་འབད་མི་གཅིག་ཡོདཔ་མས། ཤུལ་མ་གནས་ས་འོག་ལས་བཏོན་པའི་སྐབས་གཙུག་ལག་ཁང་གི་གྱང་ཁོག་གུ་ཡི་གུ་ ཀ་བྲིས་ཏེ་ཡོདཔ་ལས་བརྟེན།
ས་ཁོངས་འདི་རྒྱ་ནག་གི་དགེ་སློང་ཐང་སན་ཙང་གི་
ལམ་ཡིག་ནང་ལུ་བཀོད་དེ་ཡོད་མི་ཨིནམ་སྦེ་ཆ་འཇོག་འབད་ནུག། (E,E)
ཀ་ཤྱ་པའི་སྐུ་འདྲ་ཡོད་ས་ལས་ནུབ་བྱང་ཁ་ཐུག་ས་པག་ཅུང་གི་ཁྱིམ་གཉིས་
ནང་སའི་ལྷ་མོའི་སྐུ་འདྲ་རེ་ཡོདཔ་ཨིན་མས།
ས་ཁོངས་འདི་ཁར་བདུད་ཀྱི་རྒྱལཔོ་
གྱིས་ཤཱཀྱ་ཐུབ་པ་ཁྱོད་སངས་རྒྱས་ནི་གི་དུས་ཚོད་མ་རན། སངས་རྒྱས་ནི་གི་དུས་ལུ་
བབས་པ་ཅིན་འཛོམས་དཔང་ག་ཡོདཔ་ཟེར་སླབ་ད། སའི་ལྷ་མོ་འདི་འཛོམས་དཔང་ སྦེ་བྱོན་ས་ཨིན་མས།
ད་རེས་ས་ཁོངས་འདི་སའི་འོག་ལུ་ཚུད་དེ་ཡོདཔ་ལས་བརྟེན་
མཇལ་བའི་སྐལ་བ་མིན་འདུག། (A,S)
བྱང་ཆུབ་ཤིང་གི་ནུབ་བྱང་ཁ་ཐུག་ཕྱི་བསྐོར་ལམ་གྱི་ཕྱི་ཁར་མཆོད་རྟེན་མཐོ་
ཚད་ཕིཊ་༤༠སྦེ་མི་གཅིག་ཡོད།
མཆོད་རྟེན་འདི་ལུ་ཀུའུན་ཀུ་མ་མཆོད་རྟེན་ཟེར་
ཞུཝ་ཨིན། བཞེངས་མི་འདི་ཙའུ་ཀུ་ཏ་འམ་ཨ་ར་ཆོ་སྱ་ཟེར་མི་ཚོང་པ་ཅིག་ཨིན་མས། མཆོད་རྟེན་གྱི་རྩེ་ལས་རྩ་བ་ཚུན་ཚོད་དྲི་བཟང་ཕུལ་ཡོདཔ་ལས་མཆོད་རྟེན་གྱི་མཚན་ ཡང་ཀུའུན་ཀུ་མ་ཟེར་སླབ་དོ་ཡོདཔ་མས།
འདི་ཡང་ད་རེ་ས་འོག་ལུ་ཚུད་དེ་ཡོདཔ་
ལས་ང་བཅས་གནས་བསྐོརཔ་ཚུ་གིས་མཇལ་ཁ་ཞུ་ནི་མེད།། (N,L)
བྱང་ཆུབ་ཤིང་གི་ཤར་ལྷོ་ཁ་ཐུག་ནང་མཇལ་ནི་ཡོད་མིའི་གཙུག་ལག་ཁང་
གི་ཤུལ་འདི་ཧེ་མ་མཆོད་རྟེན་ཅིག་བཞེངས་ཡོད་པའི་ཤུལ་གྱི་ཐོག་ཁ་ལུ་ད་རེས་རྙིང་
52
གནས་བཤད་འདོད་འཇོའི་བུམ་བཟང་།
ཤུལ་ཡོད་པའི་གཙུག་ལག་ཁང་འདི་བཞེངས་ནུག གཙུག་ལག་ཁང་གི་རྩ་བར་མཆོད་
རྟེན་ཆུང་ཀུ་གཅིག་ཡོདཔ་ཨིན་མས། ས་གནས་འདི་ཁར་ཧེ་མ་ནྱ་གྲོ་ད་ཟེར་བའི་ཤིང་ གཅིག་གི་འོག་ལུ་ཡང་མཆོད་རྟེན་གཅིག་ཡོད་དོ་མས།
མཆོད་རྟེན་འདི་གི་ཟུར་ཁ་
ལུ་སྟོན་པའི་སྐུ་འདྲ་བཞུགས་ཁྲི་གུ་ལུ་བཞུགས་ཏེ་ཡོད་མི་གཅིག་ཡོདཔ་མས། གནས་འདི་ཁར་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ཚརཝ་ད།
ས་
ལྷ་ཚངས་པ་གིས་ཆོས་
ཀྱི་འཁོར་ལོ་བསྐོར་དགོཔ་སྦེ་གསོལཝ་བཏབ་ས་དང་། འདི་ཁར་ལས་ཟངས་ཀྱི་པད་ སྡེར་ཅིག་གི་གུ་ལུ་ནང་ཆོས་ཀྱི་ལྟ་བའི་བསྐོར་ལས་བྲིས་ཏེ་ཡོད་མི་གཅིག་ཡང་ཐོབ་ ནུག།
(C1,
C2,
C3,
C4)ལྕགས་རིའི་ཟུར་བཞི་ལུ་ཡོད་པའི་མཆོད་རྟེན་བཞི་འདི་
སྟོན་པ་མཆོག་རྩྭ་ཀུ་ཤ་བསྣམས་ཏེ་རྡོ་རྗེ་གདན་ལུ་བཞུགས་ནི་སྦེ་བྱོནམ་ད་ས་ཡོམ་
བརྐྱབས་ལས་བརྟེན། དང་པ་ཟུར་བཞི་ལུ་བྱོན་ཏེ་གཟིགསཔ་ད། སི་༤་ནང་ལས་ས་ ཡོམ་བརྐྱབ་ནི་ཉུང་སོ་ཅིག་འགྱོ་ནུག། (I1,
I2)འདི་ཁར་ཡོད་པའི་མཆོད་རྟེན་གཉིས་འདི་ལྷ་ཚངས་པ་དང་ཨིནྡྲ་ར་གཉིས་
ཀྱིས་བཞེངས་ཡོད་རུང་འདི་ཁར་བཞེངས་དགོ་པའི་ཁུངས་དང་དགོས་པ་ཚུ་ཁ་གསལ་ སྦེ་བཀོད་དེ་མིན་འདུག། (M1)
བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཤར་ཁ་ཐུག་ལམ་གྱི་ཟུར་ཁ་ལུ་བདུད་ཀྱི་
རྒྱལཔོ་གིས་སྟོན་པ་མཆོག་ལུ་འཇིགས་སྣང་སྟོན་སའི་ས་གནས་འདི་ཁར་མཆོད་རྟེན་ ཅིག་ཡོདཔ་སྦེ་བཀོད་དེ་འདུག
མཆོད་རྟེན་འདི་ཨེམ་༡དང་ཨེམ་༢ཀྱི་ནང་ལས་ག་
ཨིན་ན་ངོས་འཛིན་འབད་མ་ཚུགས་པར་ཡོདཔ་ཨིན། ཨེམ་༡འདི་གཙུག་ལག་ཁང་གི་ ཤུལ་ཨིན་རུང་གཙུག་ལག་ཁང་འདི་སྔོན་མ་མཆོད་རྟེན་ཉམས་ཚར་བའི་ཤུལ་འདི་ཁར་ བཞེངས་ཡོདཔ་ལས་བརྟེན་ཨེམ་༡དང་༢་ལུ་དོག་པ་འདུག།
53
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱལ་སྲས་དོན་ཀུན་གྲུབ་པ་མཆོག་སངས་རྒྱས་ཚར་བའི་ཤུལ་མ་བདུན་ཕྲག་བདུན་གྱི་ རིང་ལུ་བྱང་ཆུབ་ཤིང་གི་མཐའ་བསྐོར་ལུ་བཞུགས་ཡོད་པའི་ས་ཁོངས། ༡༽ བདུན་ཕྲག་དང་པ།
བྱང་ཆུབ་ཤིང་གི་འོག་ལུ་བཞུགས་ནུག།
༢༽ བདུན་ཕྲག་གཉིས་པ།
མཆོད་རྟེན་གྱི་ཤར་ཁ་ཐུག་ཡོད་པའི་མཆོད་རྟེན་དཀརཔོ་འདི་ལུ་འོད་ཟེར་འཕྲོ་བའི་ མཆོད་རྟེན་དང་།
ཡང་ཅིན་ཨ་ནི་མི་ཤ་ལོ་ཅ་ན་ཟེར་ཞུཝ་ཨིན།
སྟོན་པ་མཆོག་གི་
བདུན་ཕྲག་གཅིག་གི་རིང་ལུ་སྤྱན་མ་བཙུམས་པར་བྱང་ཆུབ་ཤིང་ལུ་གཟིགས་ཞིནམ་ ལས་བྱང་ཆུབ་ཤིང་འདི་གི་བཀའ་དྲིན་བསམ་སྟེ་བཞུགས་ནུག། ༣༽ བདུན་ཕྲག་གསུམ་པ།
ནང་བསྐོར་བརྐྱབ་བྱོནམ་ད་མཆོད་རྟེན་གྱི་བྱང་ཁ་ཐུག་གི་ལམ་གྱི་བར་ན་རྡོའི་གུ་ལུ་མེ་
ཏོག་པདྨའི་པ་ཏྲ་བརྐོ་ཏེ་ཡོད་མི་ནང་ལས་ལ་ལུ་ཅིག་ཆག་དཀྲུམ་འབད་ཡོད་སའི་ས་ ཁོངས་འདི་ལུ་ཅཱན་ཀ་ར་མ་ན་ཅཻ་ཏྱ་ཟེར་སླབ་ཨིན།
སྟོན་པ་མཆོག་གིས་བདུན་ཕྲག་
གཅིག་གི་རིང་ཡར་བྱོན་མར་བྱོན་སྦེ་བཞུགས་ས་དང་། དེ་ལས་སྟོན་པའི་ཞབས་རྗེ་ཚུ་ ཡང་འདི་ཁར་ལས་འབྱུང་ཡོདཔ་ཨིན་པས།།
༤༽ བདུན་ཕྲག་བཞི་པ།
རཏྣ་ག་ར་ཅཻ་ཏྱ་ཟེར་འདི་ཁར་སྟོན་པ་མཆོག་བདུན་ཕྲག་གཅིག་གི་རིང་ལུ་ནོར་བུའི་ རིགས་བདུན་ལས་གྲུབ་པའི་ཁྲི་ཁར་བཞུགས་ས་ཨིན།
ཁྲི་འདི་ཡང་ལྷ་ཨིནྡྲ་གིས་
རྒྱུ་ནོར་བུའི་བྱེ་བྲག་བདུན་གྱིས་འབད་བཟོ་བསྐྲུན་གནང་ཡོདཔ་དང་གཅིག་ཁར་ལྷ་ ཚངས་པ་གིས་ཁྲི་གི་མཐའ་བསྐོར་བརྐྱབ་ཚོགས་ཁང་ཆུང་ཀུ་ཅིག་ཡང་། རྒྱུ་ནོར་བུའི་ རིགས་བདུན་གྱིས་བཞེངས་ཏེ་སྟོན་པ་མཆོག་ལུ་ཕུལ་ནུག
54
སྟོན་པ་མཆོག་འདི་ཁར་
གནས་བཤད་འདོད་འཇོའི་བུམ་བཟང་།
བཞུགས་པའི་སྐབས་ཐུགས་ལུ་མ་འོངས་པའི་རྟེན་འབྲེལ་དང་གདུལ་བྱ་ཚུ་འཆར་ཏེ་ འོངམ་ད་དབུའི་གུ་ལས་འོད་ཟེར་ཁ་མདོག་ལྔ་འབྱུང་ཡོདཔ་མས།
འདི་ལས་བརྟེན་
ད་རེས་ནང་པའི་ཆོས་ཚོགས་ཀྱི་རྟགས་མཚན་སྦེ་ལག་ལེན་འཐབ་དོ་ཡོད་མི་རྒྱལ་དར་
གྱི་ཚོན་ཁ་མདོག་ལྔ་ཡོད་དགོ་མི་འདི་རྒྱུ་མཚན་འདི་ལས་བརྟེན་ཏེ་ཨིན་ཟེར་བཤདཔ་ ཨིན།།
༥༽ བདུན་ཕྲག་ལྔ་པ།
ཨ་ཇ་པཱ་ནི་རོ་དྷ་ཟེར་མི་ཤིང་ཅིག་གི་མིང་ཨིན་པས།
འདི་ཡང་མཆོད་རྟེན་གྱི་གདོང་
ཕྲང་སྟེ་བར་བསྐོར་རྐྱབ་སའི་ཤམ་ཁར་རྡོ་རིས་ཀྱི་ཀཝ་གཅིག་ཡོད།
སྟོན་པ་མཆོག་
བདུན་ཕྲག་གཅིག་གི་རིང་འདི་ཁར་བཞུགསཔ་ད་བྲམ་ཟེ་གཅིག་གིས་སྟོན་པ་མཆོག་ ལུ་བྲམ་ཟེ་ཟེར་མི་འདི་མ་སྐྱེ་བའི་གོང་ལས་རང་བྲམ་ཟེ་ཨིན་ན་
ཡང་ཅིན་སྐྱེས་ཚར་
ཞིནམ་ལས་རྐྱངམ་ཅིག་བྲམ་ཟེ་ཨིན་ན་ཟེར་དྲི་བ་བཀོད་པའི་ལན་ལུ་སྟོན་པ་མཆོག་ གིས་མ་སྐྱེ་བའི་གོང་ལས་བྲམ་ཟེ་ག་ཡང་མེད།
སྐྱེས་ཚར་ཞིནམ་ལས་བྲམ་ཟེ་གྱི་
ལུགས་སྲོལ་དང་བྲམ་ཟེའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་འཁྲིལ་ཏེ་ལག་ལེན་འཐབ་མི་ འདི་ལུ་བྲམ་ཟེ་ཟེར་སླབ་ནི་ཨིན་ཟེར་གསུངས་ནུག ཨ་ཇཱ་པ་ནི་རོ་དྷ་འདི་མིན་འདུག།
ད་རེས་ས་གནས་འདི་ཁར་ཤིང་
༦༽ བདུན་ཕྲག་དྲུག་པ།
མུ་ཅ་ལིནྡའི་མཚོ་ཟེར་མཆོད་རྟེན་གྱི་ལྷོ་ཁ་ཐུག་ཕྱི་བསྐོར་བརྐྱབ་སའི་ཕྱི་ཁར་ཡོདཔ་ ཨིན།
སྟོན་པ་མཆོག་འདི་ཁར་བཞུགས་པའི་སྐབས་ལུ་བདུད་ཀྱིས་ཆོ་འཕྲུལ་སྟོན་ཏེ་
ཧང་སྟོང་མར་ཆརཔ་དང་རླུང་འཚུབས་འོངམ་ལས།
ཀླུའི་རྒྱལཔོ་བཏང་བཟུང་གིས་
ས་འོག་ལས་སྦྲུལ་མགུ་ཏོ་ལེབ་ལེབ་སྦོམ་ཅིག་ལུ་སྤྲུལ་ཏེ་སྟོན་པའི་སྲུང་སྐྱོབ་འབད་ བར་བཅར་ནུག
བདུན་ཕྲག་གཅིག་རྫོགས་ཁམ་ཅིག་ལས་ཆརཔ་དང་རླུང་འཚུབས་
55
གནས་བཤད་འདོད་འཇོའི་བུམ་བཟང་།
ཞི་ཞིནམ་ལས་གནམ་ཧིང་སངས་ས་འགྱོ་བའི་ཤུལ་ལས་སྦུལ་འདི་གིས་འགྲོས་ཀྱིས་
འབད་སྟོན་པ་མཆོག་ས་ཁར་བཞག་ཞིནམ་ད། སྦུལ་འདི་ཀླུའི་རྒྱལ་པོའི་སྐུ་གཟུགས་ ངོ་མ་ལུ་འགྱུར་ཞིནམ་ད་སྟོན་པ་ལུ་ལགཔ་ཐལ་མོ་སྦྱར་ནུག
དེ་ལས་སྟོན་པ་མཆོག་
གིས་འདི་ཁར་ཀླུའི་རྒྱལཔོ་ལུ་ཆོས་གནང་ཡོདཔ་ལས་བརྟེན་མི་ཡུལ་ལུ་ཆོས་མ་ཐོབ་ པའི་ཧེ་མ་ལས་ཀླུ་ལུ་ཐོབ་ཡོདཔ་སྦེ་རྩིས་ཚུལ་འདུག རྒྱལཔོ་བཏང་བཟུང་གི་མཚན་ཨིན་མས།།
མུ་ཅ་ལིནྡ་ཟེར་མི་འདི་ཀླུའི་
༧༽ བདུན་ཕྲག་བདུན་པ།
ར་ཇྱ་ཏ་ནཱ་ཟེར་བའི་ཤིང་འདི་གི་འོག་ལུ་བདུན་ཕྲག་གཅིག་བཞུགས་ནུག
འདི་ཁར་
བཞུགསཔ་ད་འབར་མ་་ལས་ཨིན་མི་ཚོང་པ་ཏཱ་པ་སུ་དང་བྷ་ལཱི་ཀ་གཉིས་ས་གནས་ འདི་ཁར་ལྷོདཔ་ད་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ཏེ་ཡོད་པའི་ལོ་རྒྱུས་གོཝ་ལས།
ཤིང་འབྲས་དང་ཨོམ་ཐུག་ཚུ་བསྣམས་ཏེ་སྟོན་པའི་སྐུ་མདུན་ལུ་བཅར་ནུགཁོང་གཉིས་
ཀྱིས་ཆོས་གནང་དགོཔ་སྦེ་གསོ ལ ཝ་བཏབ་ད་སྐྱབས་སུ་འགྲོ་བའི་ལུང་གནང་ནུག འདི་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།།
མ་གཏོ ག ས་འདི་བསྒང་དགེ་འདུན་གྱི་སྡེ་མ་འབྱུངམ་ལས་བརྟེན་དགེ་འདུན་ལུ་
སྐྱབས་སུ་འགྲོ་བའི་ཚིག་འདི་མ་གསུངས་པས། ཁོང་གཉིས་ཀྱིས་སྟོན་པའི་དབུ་སྐྲ་ཞུ་
འབག་སྟེ་འབར་མ་ལུ་མཆོད་རྟེན་གཅིག་བཞེངས་མི་འདི་ད་ལྟོ་ཡང་མཇལ་ནི་ཡོདཔ་ ཨིན་མས།།
དེ་ལས་སྟོན་པའི་ཐུགས་བཞེད་ལུ་ཁོ་གིས་མཁྱེན་ཏེ་ཡོད་མི་ཆོས་འདི་ཧེ་མ་སྟོན་པ་ མཆོག་གིས་སློབ་དཔོན་སྦེ་བསྟེན་མི་ཨཱ་ལར་དང་ཀཱ་ལམ་གཉིས་ལུ་གནང་ནི་འབདཝ་ ད།
འདི་བསྒང་ལས་སློབ་དཔོན་གཉིས་ཆ་ར་དགོངས་པ་རྫོགས་ཡོདཔ་ཨིན་པས།
ཨིན་རུང་འཁོར་ལྔ་སྡེ་བཟང་པོ་ཚུ་ས་གནས་ཝཱ་རཱ་ཎ་སཱི་ལུ་ཡོདཔ་མཁྱེན་ཏེ་སྟོན་པ་ མཆོག་ཡང་ཝཱ་རཱ་ཎ་སཱི་ལུ་བྱོན་གནང་ནུག།
56
གནས་བཤད་འདོད་འཇོའི་བུམ་བཟང་།
སངས་རྒྱས་སྟོང་ཕྲག་རྫོགས་སངས་རྒྱ་བའི་ཞིང་།།
ཞིང་ཁམས་མཆོག་འགྱུར་རྡོར་གདན་གནས་བཤད་འདི།། འདི་ན་བཀོད་པའི་ལྷག་བསམ་ས་བོན་ལས།།
ལས་འབྲས་རྨད་བྱུང་སྨིན་པར་སྙིང་ནས་སྨོན།།
ལོ་དྲུག་དཀའ་བ་སྤྱད་ས་དང་སུ་ཇ་ཏའི་གནས་ཀྱི་སྐོར། དཀའ་སྤྱད་དམན་པས་བདེན་དོན་མི་རྟོགས་ཚུལ།།
ཐུགས་ལ་མངོན་སུམ་འཁྲུངས་པའི་རྗེས་ཐོགས་སུ།། སྙིང་སྟོབས་དྲག་པོས་བགྲང་བྱ་དྲུག་གི་བར།།
དཀའ་སྤྱད་གནང་བའི་གནས་སུ་བྱོན་པ་ལེགས།། ལོ་དྲུག་དཀའ་སྤྱད་མཛད་པའི་དཀའ་དུབ་ཀྱིས།།
ལྷ་སྲས་སྐུ་གཟུགས་གདངས་ཉམས་སྟོབས་ཤོར་ནས།། འོ་བརྒྱལ་ཆེ་དུས་བུ་མོ་སུ་ཇ་ཏས།།
འོ་ཐུག་དྲངས་པའི་གནས་ཀྱང་མཇལ་བར་ཤོག། རྡོ ་ རྗེ་གདན་གྱི་ཉེ་འདབས་ལུ་ལོ ་ དྲུག་དཀའ་སྤྱད་མཛད་ས་དང་སུ་ཇ་ཏའི་གནས་ གཉིས་མཇལ་ནི་ཡོད། དེ་བཞུགསཔ་ད།
འདི་ཡང་ཆུ་བོ་ནི་རཉྫ་ན་གྱི་སྦོ་ལོག་ཁ་ལོ་དྲུག་དཀའཝ་སྤྱད་
སུ་ཇཱ་ཏ་ལས་ཨོམ་གི་ཐུགཔ་བཞེས་སའི་ས་གནས་འདི་ཁར་ངེས་
57
ཏིག་ཨིན་རུང་།
གནས་བཤད་འདོད་འཇོའི་བུམ་བཟང་།
ས་གནས་འདི་དང་འདི་ཁར་མཛད་པ་འདི་དང་འདི་མཛད་ནུག་ཟེར་
བའི་ས་ཁོངས་ཀྱི་ངོས་འཛིན་འབད་མ་ཚུགས་པར་ལུས་ཏེ་ཡོད།། རྒྱ་ནག་གི་དགེ་སློང་ཐང་སན་ཙང་གི་ཐོ་ཡིག་དང་འཁྲིལ་བ་ཅིན།
སྟོན་པའི་མཛད་
རྣམ་དང་བསྟུན་ཏེ་མཆོད་རྟེན་རེ་ཡོདཔ་སྦེ་གསུངས་ཏེ་འདུག ཁོ་གིས་ལམ་ཡིག་ནང་ ལུ་བཀོད་དེ་ཡོད་མི་དང་འཁྲིལ་ཏེ་གནའ་ཤུལ་བརྟག་ཞིབ་སྡེ་ཚན་གྱིས་ཞིབ་འཚོལ་ འབདཝ་ད།
མཆོད་རྟེན་གཅིག་མ་གཏོགས་མཆོད་རྟེན་གཞན་ཚུ་ཐོབ་མ་ཚུགས་
པས། ཞིབ་འཚོལ་སྡེ་ཚན་གྱིས་ཐོབ་མི་མཆོད་རྟེན་འདི་རྡོ་རྗེ་གདན་ལས་ནི་རཉྫ་ནའི་
ཟམ་བརྒལཝ་ཅིག་ བྷག་རོར་ཟེར་མི་གཡུས་གཅིག་ཡོད། གཡུས་འདི་གི་རྒྱབ་ཁ་ལུ་ སུ་ཇཱ་ཏ་ཀུ་ཊི་ཟེར་མཆོད་རྟེན་གྱི་ཤུལ་རྙིངམ་ཅིག་ཡོད། འདི་ཡིག་ཆ་རྙིངམ་ལུ་ཁུངས་ གཏུགསཔ་ད་བུ་མོ་ལེགས་སྐྱེས་མའམ་སུ་ཇཱ་ཏ་གིས་སྟོན་པ་མཆོག་ལུ་ཨོམ་གི་ཐུགཔ་ དྲངས་སའི་གནས་ཀྱི་ཤུལ་ཨིནམ་སྦེ་བཤད་མི་དང་། བ་ཅིན།
ཡང་ལ་ལོ་གཅིག་གིས་འབད་
ས་གནས་འདི་ཁ་ལས་ ཐད་ཀར་རི་ཡོད་སའི་ཕྱོགས་ལུ་འགྱོཝ་ད། ས་འབུར་འབུར་
ཡོད་སའི་ས་ཁོངས་ནང་ནྱ་གྲོ་དྷའི་ཤིང་གཅིག་ཡོད། དེ་ནང་གཙུག་ལག་ཁང་རྙིང་པའི་
ཤུལ་དག་པ་ཅིག་ཡོད། འ་ནི་ས་ཁོངས་འདི་ལུ་སུ་ཇཱ་ཏ་ཟེར་སླབ་ཨིནམ་དང་། འདི་ ཡང་འོ་ཐུག་དྲངས་སའི་གནས་ཨིནམ་སྦེ་བཤདཔ་ཨིན་མས།
དེ་ལས་ཨ་ཙི་ཅིག་འགྱོཝ་ད་བྱང་ཆུབ་ཤིང་སྦོམ་གཅིག་གི་རྩ་བར་ཡོད་མི་འདི་ཡོངས་ གྲགས་ལུ་ལོ་དྲུག་དཀའ་བ་སྤྱད་སའི་ས་ཁོངས་ཨིནམ་སྦེ་བཤདཔ་ཨིན་རུང་།
ཐང་
སན་བླ་མའི་ལམ་ཡིག་བཤད་མི་ལྟར་དུ་འབད་བ་ཅིན། འོག་ལུ་བཤད་ནི་ཨིན་མི། ཤ་
བ་རི་པའི་བྲག་ཕུག་འདི་ལོ་དྲུག་དཀའ་བ་སྤྱད་སའི་གནས་ཨིནམ་སྦེ་བཤདཔ་མ་ཚད། སུ་ཇ་ཏ་གིས་ཨོམ་གྱི་ཐུགཔ་དྲངས་ས་ཡང་རི་འདི་ཁར་ཨིནམ་སྦེ་བཤད་ནུག།
58
གནས་བཤད་འདོད་འཇོའི་བུམ་བཟང་།
འབྱོར་ལྡན་སེམས་བཟང་སྦྱིན་བདག་ཕོ་མོ་རྣམས།། བུ་མོ་སུ་ཇཱ་ཏ་ཡི་གནས་གཟིགས་པས།།
དོན་ལྡན་དཀའ་སྤྱད་གནང་བའི་ཕོ་མོ་ཚོར།།
བསོད་སྙོམས་འབུལ་འདོད་མོས་པ་རྒྱས་གྱུར་ཅིག།
གྲུབ་ཐོབ ་ཤཱ་བ་རི་པའི་བྲག་ཕུག། ༼མཧཱ་ཀཱ་ལ་ཀེབ༽ གྲུབ་པའི་དཔའ་བོ ་ཤཱ་བ་རི་པ་མཆོག།
ཕྱི་ཚུལ་རི་དྭགས་བསད་མཁན་བཞིན་སྣང་ཡང་།། དོན་དུ་ཉམས་རྟོགས་ཡོན་ཏན་སྐྱོང་བའི་ཞིང་།། ཤཱ་བ་རི་པའི་བྲག་ཕུག་འདིར་ཕེབས་ཤིག།
ལོ་དྲུག་དཀའ་བ་སྤྱད་སའི་གནས་ཀྱི་རྒྱབ་ཁར་རི་གཅིག་ཡོད་མི་དེ་གུ།
གྲུབ་ཐོབ ་ཤཱ་
བ་རི་པའི་སྒྲུབ་ཕུག་ཡོད། གནས་འདིའི་ས་ཁོངས་ཀྱི་མིང་ལུ་ཌུང་གི་ཤཱ་བ་རི་དང་མཧཱ་ ཀཱ་ལ་ཀེབ་ཟེར་སླབ་སྲོལ་གཉིས་ཡོདཔ་མ་ཚད།
ཚུལ་དང་ཁས་ལེན་ཐང་ཡང་མ་འདྲཝ་ཡོདཔ་ཨིན།
གནས་འདི་གི་སྐོར་ལས་བཤད་ འདི་ཡང་ནང་པའི་ནང་ན་ལས་
ཐེག་དམན་ཚུ་གིས་འབད་བ་ཅིན་སྟོན་པ་ལོ་དྲུག་དཀའ་སྤྱད་མཛད་དེ་བཞུགས་ས་ འདི་ཁ་ཨིནམ་སྦེ་རྩིཝ་ཨིན།།
རྒྱ་ནག་གི་དགེ་སློང་ཐང་སན་ཙང་གི་ལམ་ཡིག་ནང་ལུ་ལོ་དྲུག་དཀའ་བ་སྤྱད་སའི་ ས་ཁོངས་ཀྱི་མིང་ལུ་པཱ་རཱ་གྱ་བྷོ་དྷི་ཟེར་བཀོད་དེ་འདུག
59
པཱ་རཱ་གྱ་བྷོ་དྷི་འདི་ཧེ་མ་ས་
གནས་བཤད་འདོད་འཇོའི་བུམ་བཟང་།
ཁོངས་འདི་ཡི་མིང་ཨིན་མས།
ཐེག་ཆེན་ཚུ་གིས་འབད་བ་ཅིན་ཤཱ་བ་རི་པའི་སྒྲུབ་
ཕུག་ཨིནམ་སྦེ་ཁས་ལེནམ་ཨིན་མས། ལོ་རྒྱུས་མ་འདྲཝ་ག་དེ་སྦེ་ཡོད་རུང་བསམ་པ་
བཟང་པོའི་སྒོ་ལས་མཇལ་བ་ཅིན་དགེ་བ་འདི་རང་ལུ་ཐོབ་ཏེ་རང་སྡོད་འོང་ཟེར་ཞུ་ནི་ ཨིན།།
ཞབས་ཟུང་གོམ་པ་བརྒྱ་ཕྲག་དོར་དོར་ནས།། ཡར་ཡར་རི་རྩེའི་སྒྲུབ་ཕུག་མཇལ་བ་ལས།།
མར་མར་ངན་སོང་ལྷུང་རྒྱུའི་སྡིག་སྒྲིབ་རྒྱུན།།
སྦྱང་ཞིང་དག་པའི་བྱིན་རླབས་ཐོབ་གྱུར་ཅིག། ལོ་དྲུག་དཀའ་སྤྱད་མཛད་པའི་གནས་མཇལ་བས།། ཆོས་ཕྱིར་ཡུད་ཙམ་དཀའ་སྤྱད་མ་ཐུབ་པའི།།
ཆོས་མཛད་ཕོ་མོའི་སྙིང་སྟོབས་རྒྱ་ཁྱོན་འདི།།
གོང་དུ་འཕེལ་བའི་བྱིན་རླབས་འཇུག་པར་ཤོག།
ཝཱ་རཱ་ཎ་སཱི། ཀཱ་ཤི། བ་ན་རས། སཱ་ར་ནཱ་ཐ།
དྲང་སྲོང་ལྷུང་བ་རིགས་དྭགས་ཀྱི་ནགས། རྀ་ཥི་པ་ཏན་མྲྀ་ག་དཱ་བ། ལྔ་སྡེའི་འཁོར་གྱིས་གཙོས་པའི་སློབ་མ་ལ།།
དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཞིང་།། ཝཱ་རཱ་ཎ་སཱིའི་གནས་ཀྱི་ཆགས་ཚུལ་ཡང་།།
དགའ་དད་སྤྱན་གྱིས་གཟིགས་ཕྱིར་ཕེབས་པར་ཞུ།།
60
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་མདོར་བསྡུས།
ཝཱ་རཱ་ཎ་སཱི་འདི་སྟོན་པ་མཆོག་དང་འཁོར་ལྔ་སྡེ་བཟང་པོ་ཚུ་ལོ་དྲུག་དཀའ་བ་སྤྱད་ས་
ལས་ཁ་བྱལ་ཞིནམ་ལས་འགོ་དང་པ་མཇལ་ས་དང་། བཀའ་དང་པོ་བདེན་པ་བཞིའི་
ཆོས་ཀྱི་འཁོར་ལོ་བསྐོར་ས་ཨིནམ་མ་ཚད། ནང་པའི་ཆོས་ཀྱི་རྩ་བའི་འབྱུང་ཁུངས་ངོ་ མ་ཅིག་ཨིན།།
གནས་བཤད་རྒྱས་པ།
དེ་ཡང་ས་གནས་འདི་གི་མིང་ཝཱ་རཱ་ཎ་སཱི་ཟེར་མ་བཏགས་པའི་ཧེ་མ་ཀཱ་ཤི་ཟེར་སླབ་དོ་ ཡོདཔ་མས།
ཀཱ་ཤི་གི་དོན་གསལ་ལྡན་ཟེར་ཨིན་རུང་དེ་སྦེ་སླབ་དགོ་པའི་རྒྱུ་མཚན་
ག་ནི་ཡང་བཤད་ནི་མིན་འདུག
ཝཱ་རཱ་ཎ་སཱི་ཟེར་སླབ་དགོ་མི་འདི་ཡང་གྲོང་ཁྱེར་འདི་
གཙང་ཆུ་ཝཱ་རུ་ཎ་དང་ཨ་སཱི་གཉིས་ཀྱི་སྦུག་ན་ལུ་ཆགས་ཏེ་ཡོད་ནི་འདི་གིས་ཝཱ་རཱ་ཎ་ སཱི་ཟེར་བཏགས་ནུག
བཤད་ཐང་གཅིག་ལས་འབད་བ་ཅིན།
61
བ་ན་རས་ཟེར་ཡང་
སླབ་མས།
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་སྦེ་སླབ་དགོ་པའི་ཁུངས་ཡང་
གྲོང་ཁྱེར་འདི་ནང་ལུ་དུས་ཚོད་དང་
བསྟུན་པའི་ཤིང་འབྲས་ཀྱི་ཁུ་བ་དང་གཞན་འཐུང་ནི་གི་རིགས་མ་འདྲཝ་ལེ་ཤཱ་ཅིག་
རང་འཐུང་ཆོག་ཆོག་སྦེ་བཙོང་ནི་ཡོད་ཟེར་བའི་དོན་དེ་རྒྱ་གར་ཁ་སྐད་ནང་ལུ་བ་ནི་ཧུའི་ རས་ཟེར་ཡོད་ནི་དེ་གིས་བ་ན་རས་ཟེར་སླབ་ཨིན་མས།
དེ་འབདཝ་ད་ཝཱ་རཱ་ཎ་སཱི་
འམ་བ་ན་རས་ ཟེར་མི་འདི་ཁྲོམ་གྱི་མིང་ཨིན། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་ བསྐོར་གནང་སའི་ས་གནས་འདི་སཱ་རཱ་ནཐ་ཟེར་སླབ་ཨིན།།
འདི་ཡང་ཝཱ་རཱ་ཎ་སཱིའི་ཁྲོམ་ལས་ཀི་ལོ་མི་ཊར་༡༠གྱི་ས་ཁར་དང་། ཀི་ལི་མི་ཊར་༢༤༠། དགོ།།
པཊ་ན་ལས་༢༦༦།
རྡོ་རྗེ་གདན་ལས་
མུ་གལ་སཱ་རའི་ལས་༡༦་དེ་ཅིག་འབྱོན་
སྔོན་གྱི་དུས་ལུ་ས་ཁོངས་འདི་ལུ་མིང་མ་འདྲཝ་ལེ་ཤཱ་སླབ་ཚུལ་ཡོད་པའི་ནང་ལས་ ཡོངས་གྲགས་ལུ་སཱ་རཱ་ནཐ་ཟེར་མི་དར་ཁྱབ་སོང་ནུག ཡང་
སཱ་རཱ་ནཐ་ཟེར་མི་མིང་འདི་
སཱ་རཾ་ག་ཟེར་མི་འདི་ཀ་ཤའམ་ཤཝ་ལ་སོགས་པའི་རི་དྭགས་དཀོན་དྲག་ཅིག་
གི་མིང་ཨིན་པས། ནཱ་ཐ་ཟེར་མི་སྐྱབས་དང་མགོན་ལུ་གོ་ནི་ཨིནམ་ལས་རི་དྭགས་ཀྱི་
མགོན་པོ་ཟེར་ཨིནམ་དང་། ཡང་ཅིན་སཱ་རཾ་ག་ནཱ་ཐ་ཟེར་ལྷ་དབང་ཕྱུག་གི་མཚན་ཨིན་
མས། ག་ལས་སྒོར་རུང་ སཱ་རཾ་ག་ནཱ་ཐ་ཟེར་མི་འདི་ས་གནས་དེ་ཁར་ཧིན་དུའི་ལྷ་ཁང་ ཅིག་ཡོད་མི་དེ་གི་མིང་ཨིན་པས།
རཱ་ནཱཐ་ཟེར་དར་ཁྱབ་ཡར་སོང་ནུག།
དེ་ལས་བརྟེན་ཏེ་ས་གནས་འདི་གི་མིང་ལུ་ཡང་སཱ་
དེ་ལས་ནང་པའི་ཆོས་ཀྱི་ནང་ལས་འབད་བ་ཅིན་ས་གནས་དེ་གི་མིང་ལུ་དྲང་སྲོང་ལྷུང་ བ་རི་དྭགས་ཀྱི་ནགས་ཟེར་སླབ་ཨིན།
རྒྱས་འཇིག་རྟེན་ནང་བྱོན་པའི་སྐབས་ལུ།
དེ་སྦེ་སླབ་དགོ་མི་དེ་ཡང་།
ཧེ་མ་སངས་
ས་གནས་འདི་ཁར་རང་སངས་རྒྱས་ལྔ་
བརྒྱ་ལྷགཔ་ཅིག་བསྒོམ་རྐྱབ་ཏེ་བཞུགས་ཡོདཔ་ཨིན་མས། ཁོང་ཆ་ཁྱབ་ཀྱིས་སངས་
62
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱས་འདི་ཁར་འབྱོན་ནི་ཨིནམ་ཤེས་ཞིནམ་ལས། ནུག
ཁོང་གི་ཐུགས་ཁ་ལུ་དེ་སྦེ་ཤར་
སངས་རྒྱས་ག་ཏེ་བྱོན་ས་དེ་ན་འཁོར་སློབ་མ་ཡང་ལེ་ཤ་འདུ་འཛོམས་འབད་དེ་
འར་འུར་འོངམ་ཨིན། ང་བཅས་ཆ་ཁྱབ་འདི་ རང་གཅིག་པུ་བསྒོམ་རྐྱབ་སྟེ་སྡོད་མི་ ཅིག་འབདཝ་ལས།
ད་འདི་ཁར་སྡོད་པ་ཅིན་ལེགས་ཤོམ་ཅིག་མི་འོང་ནི་མས།
དེ་
བ་འདི་འགྱོ་བ་ཅིན་དྲག་ནི་ཨིན་མས་ཟེར་མནོ་སྟེ། ཁོང་ཆ་ཁྱབ་ཐུགས་དག་པའི་ཞིང་ ལུ་བྱོན།
སྐུ་གཟུགས་འདི་ཁར་ལྷག་སྟེ་ལུས་ལུསཔ་ཨིན་མས།
དེ་ལས་དྲང་སྲོང་
གི་སྐུ་གཟུགས་ལྷུང་སྟེ་ལུས་པའི་ས་གནས་ཨིནམ་ལས་དྲང་སྲོང་ལྷུང་བ་ཟེར་ཆགས་ ཆགསཔ་ཨིནམ་དང་།
ས་གནས་འདི་ཁར་རི་དྭགས་ཀྱི་རིགས་ལེ་ཤ་བྱམས་པ་དང་
བརྩེ་བའི་ངང་ལུ་གནས་ཏེ་སྡོད་ནི་དེ་གིས་རི་དྭགས་ཀྱི་ནགས་ཟེར་ཨིན་མས། མིང་དེ་ གཉིས་བསྡོམས་ད་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཟེར་ཆགས་ནུག།
ས་ཁོངས་འདི་ནང་ལུ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གི་སྐུ་ཚེ་འདི་ནང་ལུ་རྐྱངམ་གཅིག་
མེན་པར་སྐུ་ཚེ་སྔ་མའི་སྐབས་ལས་རང་བྱ་དང་རི་དྭགས་ལ་སོགས་པའི་སྐྱེཝ་བཞེས་
ཏེ་སེམས་ཅན་གྱི་དོན་མཛད་སའི་ས་གནས་ཁྱད་པར་དུ་འཕགས་པ་ཅིག་ཨིན་པས། དེ་ཡང་སྟོན་པའི་སྐུ་ཚེ་གཅིག་བྲམ་ཟེ་བཟའ་ཚང་ཅིག་ལུ་སྐུ་འཁྲུངས་ཏེ་མཚན་ཡང་ཇོ་ ཏི་པཱ་ལཱ་ཟེར་ཨིན་པའི་སྐབས་ལུ།
འདས་པའི་སངས་རྒྱས་གསུམ་པ་ཀཱཤ་ཡ་པའམ་
འོད་སྲུང་ལས་རབ་ཏུ་འབྱུང་སའི་ས་གནས་ཡང་འདི་ཁར་དང་།
སྐུ་ཚེ་གཅིག་ནང་ལུ་
གླངམོ་ཆེ་མཆེ་བ་དྲུག་ལྡན་འབད་འཁྲུངས་ཏེ་གཡོ་སྒྱུ་ཅན་གྱི་ཤ་རོགསཔ་གཅིག་ལུ་ མཆེ་བ་སྦྱིན་པ་གནང་ས། འབྱུང་ས།
སྐུ་ཚེ་གཅིག་ལུ་བྱའི་སྐྱེ་བ་བཞེས་ཏེ་མཐུན་པ་སྤུན་བཞི་
ཡང་སྐུ་ཚེ་གཅིག་ནང་ཤཝ་སྦེ་འཁྲུངས་ཏེ་བཞུགས་ས་སོགས་ག་ར་ས་
གནས་དེ་ཁར་ཨིན་མས།།
63
གནས་བཤད་འདོད་འཇོའི་བུམ་བཟང་།
ཅོ་ཁཎྜི་མཆོད་རྟེན།
སྟོན་པ་ཤཱཀྱ་ཐུབ་པ་མཆོག་རྡོ་རྗེ་གདན་ལས་སངས་རྒྱས་ཏེ་ཝཱ་རཱ་ཎ་སཱི་ལུ་བྱོནམ་ད་ འཁོར་ལྔ་སྡེ་བཟང་པོ་ཚུ་སཱ་རཱ་ནཐ་ལུ་བཞུགས་ཡོདཔ་མཁྱེན་ཏེ་ས་གནས་འདི་ཁར་
བྱོནམ་ད་ས་གནས་ངོ་མ་འདི་ནང་མ་ལྷོད་པའི་ཧེ་མ་ནགས་ཚལ་གཅིག་ནང་མཇལ་ ཕྲལ་གནང་ནུག
ད་རེས་ནངས་པ་ས་ཁོངས་འདི་གི་མིང་ལུ་ཅོ་ཁཎྜི་ཟེར་སླབ་ཨིན།
འཁོར་ལྔ་སྡེ་བཟང་པོ་གིས་སངས་རྒྱས་བྱོནམ་ཨིནམ་ཤེས་ཏེ་ཁོང་ར་ལྔའི་ནང་འཁོད་ བསྟུན་འགྲོས་དེ་སྦེ་གནང་ནུག གཽ་ཏ་མ་ན་ལུ་བྱོན་དེ། ཁོ་ཁས་བླང་དམ་བཅའ་ཉམས་
པའི་ཆོསཔ་ཅིག་ཨིནམ་ལས། ཁོ་ན་ལུ་བྱོནམ་ད་ང་བཅས་ཆ་ཁྱབ་ཡར་ལོངས་ནི་དང། བཞུགས་གདན་ཕུལ་ནི།
གསོལ་ཆུ་དྲངས་ནི་ལ་སོགས་པའི་ཕེབས་བསུ་མི་འབད་
ཟེར་བསྟུན་གྲོས་འབད་དེ་སྡོད་པའི་བར་ན།
སངས་རྒྱས་ཁོང་གི་རྩ་བར་ཕེབས་ནུག
འདི་བསྒང་ལས་འཁོར་ལྔ་སྡེ་བཟང་པོ ་ ཡང་སངས་རྒྱས་ཀྱི་གཟི་བརྗིད་དང་མཚན་ བཟང་དཔེ་བྱད་ཀྱི་འོད་འདི་ལུ་བལྟ་སྟེ་བཟོད་མ་ཚུགས་པར་རང་དབང་མེད་པར་ཡར་
ལངས་ཏེ་སྟོན་པ་མཆོག་ལུ་ཕེབས་བསུ་ཞུ་དགོཔ་བྱུང་ནུགདེ་ལས་ཁོང་ཆ་ཁྱབ་ཀྱིས་
སྟོན་པ་ལུ། ཚེ་དང་ལྡན་པ༑ འབྱོན་ཡི་ག ཟེར་ཞུཝ་ད།སྟོན་པ་མཆོག་གིས། ང་ལུ་ ཚེ་དང་ལྡན་པ་ཟེར་མ་སླབ། ང་ཆོས་ཀྱི་བདུད་རྩི་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ ཅི། ཟེར་གསུངས་ནུག།
ཆོས་འཁོར་གྱི་གནས་ཀྱི་ས་གནས།
དེ་ལས་སྟོན་པ་དང་འཁོར་ལྷན་འཛོམས་བྱུང་བའི་དགའ་སྤྲོ་དང་བཅས་པའི་ཐོག་ལས་
ཆོས་འཁོར་བསྐོར་སའི་ས་གནས་དེ་ཁར་བྱོན་ནུག ས་གནས་དེ་ཁར་སངས་རྒྱས་སྟོང་ གིས་ཆོས་འཁོར་བསྐོར་སའི་བཞུགས་ཁྲི་སྟོང་ཕྲག་གཅིག་ཡོད་ས་ལས་འདས་པའི་
64
གནས་བཤད་འདོད་འཇོའི་བུམ་བཟང་།
སངས་རྒྱས་གསུམ་གྱིས་བཞུགས་ཁྲི་གསུམ་ལུ་བསྐོར་ར་ཚར་རེ་གནང་སྦེ་བཞུགས་ ཁྲི་བཞི་པའི་གུ་ལུ་བཞུགས་ཏེ།
སྐུ་གཟུགས་ལས་འོད་ཟེར་འཕྲོ་ཞིནམ་ལས་འཛམ་
གླིང་གེ་ར་ལུ་ཁྱབ་སྦེ་མཛད་པའི་སྐབས་ལུ་ས་ཡང་སྤར་ནུག མཆོག་གིས་དུང་དཀར་གཡས་འཁྱིལ་དང་།
དེ་ལས་ལྷ་ཚངས་པ་
བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་
རྩིབས་སྟོང་ཕྲག་གཅིག་ཡོད་མི་ཅིག་ཕུལ། དེ་ལས་ལྷ་གཞན་ཚུ་གིས་ཡང་མཆོད་པའི་ ཡོ་བྱད་སྣ་ཚོགས་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་གནང་ཟེར་གསོལཝ་བཏབ་མི་ལུ་ བརྟེན་ཏེ་འཁོར་བར་འཁོར་ཚུལ་དང་། ཀྱི་འཁོར་ལོ་བསྐོར་གནང་ནུག།
ཐར་པ་འཐོབ་ཚུལ་གྱི་བདེན་པ་བཞི་ཡི་ཆོས་
ཆོས་འཁོར་བསྐོར་བའི་དུས་ཚོད་འདི་བྱང་ཕྱོགས་བོད་ཀྱི་བཤད་ཚུལ་བཟུམ་སྦེ་འབད་ བ་ཅིན་ཆུ་སྟོད་ཟླ་བ་ཟེར་ཟླ་བ་དྲུག་པའི་ཚེས་བཞི་ལུ་ཨིནམ་སྦེ་བཤདཔ་ཨིན་རུང་།
ལྷོ་ཕྱོགས་གནས་བརྟན་སྡེ་པའི་བཤད་ཚུལ་ལྟར་དུ་འབད་བ་ཅིན་ཟླ་བ་དྲུག་པའི་ཚེས་ བཅོ་ལྔ་ལུ་ཨིནམ་སྦེ་བཤདཔ་ཨིན་མས།།
དེ་ལས་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྐབས་ལུ་ནགས་ཚལ་གྱི་རི་དྭགས་ཕོ་ མོ་ཟུང་ཅིག་འོང་སྟེ།
སངས་རྒྱས་ཀྱི་སྐུ་མདུན་ལུ་ཡོད་མི་ལྷའི་དབང་པོ་གིས་ཕུལ་
མི་གསེར་གྱི་འཁོར་ལོ་འདི་ལུ་མིག་ཏོ་མ་བཙུམ་པར་བལྟ་སྟེ་སྡོད་ཡོདཔ་སྦེ་བཤདཔ་ ཨིན་མས།
དེ་ལས་བརྟེན་ཏེ་རི་དྭགས་ཆོས་འཁོར་གྱི་བཟོ་བཀོད་དེ་ཤུལ་ལས་ན་
ལནྡའི་རྟགས་དང་ཐེའུ་སྦེ་ལག་ལེན་འཐབ་ཡོདཔ་མ་ཚད།
ད་རེས་ནངས་པར་
དགོན་པ་དང་བཤད་གྲྭ་ཚུ་གི་སྒོ་ཁར་རི་དྭགས་ཆོས་འཁོར་མཇལ་ནི་ཡོད་མི་འདི་ཡང་ ས་གནས་འདི་ན་ཆོས་འཁོར་ལོ་བསྐོར་དོ་ཟེར་བའི་རྟགས་མཚན་ཅིག་སྦེ་ལག་ལེན་ འཐབ་དོ་ཡོདཔ་ཨིན།།
65
གནས་བཤད་འདོད་འཇོའི་བུམ་བཟང་།
ས་གནས་འདི་གི་སྐོར་ལས་ཐང་སན་བླ་མའི་ལམ་ཡིག་ནང་བཤད་དོ་བཟུམ་འབད་བ་
ཅིན། དེ་ཡང་། ཝཱ་རུ་ཎ་གཙང་ཆུ་ལས་རྒྱང་གྲགས་༡༠་དེ་ཅིག་འགྱོཝ་ད་དགེ་འདུན་
གྱི་ཀུན་དགའ་ར་བའི་ནང་ལུ་ལྷོདཔ་ཨིན་མས། འདི་གི་མཐའ་སྐོར་གྱི་ལྕགས་རི་ནང་ ལུ་ར་བ་གིས་སྦེ་བཅད་བརྐྱབ་སྟེ་ནང་ན་སྡེ་ཚན་༨ སྦེ་བཟོ་སྟེ་འདུག འདི་ནང་ཡོད་མི་
ཁྱིམ་ཐོག་གི་གཡབ་དང་རབ་གསལ་ཚུ་མ་འདྲཝ་ཅིག་སྦེ་བཟོ་བསྐྲུན་འབད་དེ་འདུག འདི་ནང་ལུ་ཨ་ནེ་དགོན་པ་གཅིག་དང་དགོན་པ་འདི་ནང་ལུ་ཨ་ནིམ་༡༥༠༠་ལྷག་ཙམ་
ཅིག་གནས་བརྟན་སྡེ་པའི་ལུགས་ཀྱི་སློབ་སྦྱོང་འབདཝ་མས། དེ་ལས་ལྕགས་རི་ནང་ ལུ་གཙུག་ལག་ཁང་མཐོ་ཚད་ཕིཊ་༢༠༠སྦེ་མི་གཅིག་འདུགའདི་གི་ཁྱིམ་ཐོག་གི་ཏོག་ ཨམ་ཅུ་ཀུ་ལི་བཟོ་བལྟ་བཟུམ་སྦེ་གསེར་གྱིས་བཟོ་བཟོཝ་བཟུམ་ཅིག་དང་
རྩིགཔ་
གྱི་འགྱམ་དང་ཨེ་ཁུག་ཚུ་རྡོ་ཨིན་རུང་ཀ་རིང་དང་རྩིག་ཁུ་ཚུ་ས་པག་ཅུང་ཨིན་མས།
ཕྱོགས་བཞི་བསྐོར་ར་རྐྱབ་སྟེ་རྩིག་ཁུང་གི་གཅིག་ཤུལ་གཉིས་མཐུད་བརྐྱབ་སྟེ་འདི་གི་ ནང་ན་སྟོན་པའི་སྐུ་འདྲ་གསེརགྱིས་བཞེངས་ཡོདཔ་བཟུམ་རེ་འདུག
བར་ན་ལུ་སྟོ ན་པ་ཆོས་འཁོར་བསྐོར་བའི་ཕྱག་རྒྱ་ཡོ ད་མི་སྐུ་འདྲ་ཚད་སྟོ ན་པ་རང་ གི་སྐུ་གཟུགས་དང་འདྲན་འདྲན་འབད་མི་གཅིག་རྒྱུ་རག་གིས་བཞེངས་བཞེངསམ་ གཅིག་དང་།
གཙུག་ལག་ཁང་འདི་ཡི་ལྷོ་ནུབ་ཁ་ཐུག་ཆོས་རྒྱལ་ཨ་ཤྭ་ཀ་གིས་
བཞེངས་མི་རྡོ ་ ཡི་མཆོད་རྟེན་གཅིག་རྩིག་པའི་འགྱམ་ལས་ཞིག་སྟེ་ཡོ ད་རུང་ཕིཊ་ ༡༠༠ལྷག་ཙམ་རྩིགཔ་ཚུ་དེ་སྦེ་རང་འདུག ༧༠འབད་མི་༡་ཡང་འདུག
དེའི་གདོང་ཁར་རྡོ་རིང་ཀ་ཆེན་ཕིཊ་
ཀ་ཆེན་འདི་གུ་ལས་འོད་གཡང་ཊི་དཀར་ཡོལ་གྱི་འོད་
བཟུམ་དང་ མེ་འབར་བའི་འོད་བཟུམ་ཚུ་འབྱུང་ནི་འདུག ཀ་ཆེན་འདི་ལུ་ཐད་ཀར་དུ་
བལྟ་སྟེ་སྨོན་ལམ་བཏབ་ད་མ་འོངས་པ་ལུ་རང་ལུ་བཟང་ངན་ག་ཅི་བཟུམ་འབྱུང་འོང་
ག་མེ་ལོང་ནང་ལུ་རང་གི་གཟུགས་བརྙན་མཐོང་དོ་བཟུམ་སྦེ་གསལ་ཏོག་ཏོ་མཐོང་
66
གནས་བཤད་འདོད་འཇོའི་བུམ་བཟང་།
ཚུགསཔ་ཅིག་ཡོདཔ་ཨིན།།
དེའི་ཟུར་ཁ་མཆོད་རྟེན་གཅིག་ཡོད་མི་འདི་ཀུན་ཤེས་ཀོཎྜི་ནྱ་གིས་སྟོན་པ་བཅོམ་ལྡན་ འདས་འགོ་དང་པ་མཇལ་ས་ཨིན།
འདི་གི་ཟུར་ཁ་མཆོད་རྟེན་གཅིག་ཡོད་མི་འདི་
འདས་པའི་སངས་རྒྱས་གསུམ་གྱི་བཞུགས་ས་དང་བྱོན་ལམ་གྱི་གནས་ཨིན། གནས་ དེའི་ས་ཁོངས་ཀྱི་མཇུག་རང་མཆོད་རྟེན་གཅིག་ཡོད་མི་འདི་རྒྱལ་བ་བྱམས་པ་མགོན་ པོ་མ་འོངས་པའི་སངས་རྒྱས་སྦེ་འབྱོན་ནིའི་ལུང་བསྟན་གནང་ས་ཨིན་པས།
ས་
ཁོངས་འདི་གི་ནུབ་ཁ་ཐུག་ལུ་མཆོད་རྟེན་གཅིག་ཡོད་མི་འདི་མི་ཡི་ཚེ་ལོ་ཉིས་ཁྲི་ཐུབ་
པའི་སྐབས་ལུ་སངས་རྒྱས་འོད་སྲུང་གིས་སྟོན་པ་བཅོམ་ལྡན་འདས་ལུ་ཚེ་ལོ་བརྒྱ་ པའི་སྐབས་ལུ་ཤཱཀྱ་ཐུབ་པ་ཟེར་མི་འདི་སངས་རྒྱས་འོང་ཟེར་ལུང་བསྟན་གནང་སའི་ གནས་ཨིན།།
ས་ཁོངས་འདི་གི་ཉེ་འདབས་ལུ་འདས་པའི་སངས་རྒྱས་གསུམ་གྱི་བྱོ ན་ལམ་ཨིན་ ཟེར་རྡོ་ཧོནམ་བརྩིགས་ཏེ་རྒྱ་ཚད་གོམ་པ་༥༠དང་ཐོག་ཚད་ཕིཊ་༧་འདུག ལུ་སྟོན་པ་བྱོན་པའི་རྣམ་པ་ཅན་གྱི་སྐུ་འདྲ་གཅིག་དང་།
དེའི་གུ་
དེའི་དབུ་གུ་ལས་དབུ་སྐྲ་
ཚུ་ཐོན་ཏེ་ཡ་མཚན་ཆེ་ཏོག་ཏོ་སྦེ་ཆོས་དང་འབྲེལ་བའི་རྟགས་མཚན་ཚུ་གསལ་ཏོག་ ཏོ་དང་ཧ་ལས་སི་སི་སྦེ་འབྱུང་ནི་འདུག
ནང་ན་མཚོ་ཧིང་སངས་ས་གོམ་པ་༢༠༠
སམ་གྷ་རཱ་མའི་ནུབ་ཁ་ཐུག་ལྕགས་རིའི་
དེ་ཅིག་སྦེ་མི་གཅིག་འདུག
འ་ནི་མཚོ་
འདི་སྟོན་པ་སྐུ་ཁྲུས་གནང་ས་དང་ དེའི་ནུབ་ཁ་ཐུག་མཚོ་གོམ་པ་༡༥༠ སྦེ་མི་ཅིག་ ཡོད་མི་འདི་ཁ་སྟོན་པའི་ན་བཟའ་ཆུ་འཁྱུ་ས་ཨིན།
མི་སྤྱོད་ལམ་ངན་པ་ཚུ་གིས་མཚོ་
འདི་ནང་གཟུགས་འཁྱུ་བ་འོངམ་ད་ཆུ་སྲིན་ཚུ་གིས་གནོདཔ་སྐྱེལ་ཏེ་མང་རབས་ཅིག་ བསད་ནུག
སྤྱོད་ལམ་ཟབ་ཏོག་ཏོ་སྦེ་འཁྱུ་བ་ཅིན་ཆུ་སྲིན་ཚུ་གིས་གནོད་པ་མེདཔ་
ལས་བརྟེན་འཚེར་སྣང་སྐྱེད་དགོཔ་མེད། མཚོ་འདི་གི་ཟུར་ཁ་སྟོན་པའི་ན་བཟའ་འཁྱུ་
67
གནས་བཤད་འདོད་འཇོའི་བུམ་བཟང་།
ས་ཨིན་ཟེར་རྡོ་གྲུ་བཞི་གཅིག་གི་གུ་ལུ་གྱོན་ཆས་ཀཱ་ཤིའི་རས་ཀྱི་དཔར་གྱི་ཤུལ་ཡང་ འདུག མི་དད་པ་ཅན་ཚུ་གིས་འདི་ཁར་ཕྲལ་ཕྲལ་རང་མཆོད་པ་ཚུ་ཕུལཝ་མས། འདི་ གི་སྐབས་ལུ་མི་སེམས་ངན་པ་དང་དད་པ་མེད་མི་ཚུ་གིས་རྡོ་འདི་ལུ་བརྙས་བཅོས་ འབད་བ་ཅིན་རླུང་འཚུབས་དང་ཆརཔ་རྐྱབ་ནི་འདུག
མཚོ་དེའི་ཟུར་ཁ་ཐག་ཉེ་ས་ལུ་
མཆོད་རྟེན་གཅིག་ཡོད་མི་འདི་སྟོན་པའི་སྐུ་ཚེ་སྔ་མ་གླངམ་ཆེན་གྱི་རྒྱལཔོ་མཆེ་བ་དྲུག་
ལྡན་གྱི་སྐྱེ་བ་བཞེས་པའི་སྐབས་ལུ་འདོད་པ་ཅན་གྱི་ཤ་རོགསཔ་གཅིག་གིས་ཆོསཔ་ ཨིནམ་བཟོ་སྟེ་གྱོན་ཆས་དམརཔོ་གྱོན་ཞིནམ་ད། གོ་གི་ནང་ན་མདའ་གཞུ་འབག་སྟེ་ གླངམ་ཆེ་འདི་སྒུག་སྡོད་པའི་བར་ན་གླངམ་ཆེ་འདི་འོང་ནུག
དེ་ལས་ཤ་རོགསཔ་འདི་
གོ་ལ་དམརཔོ་གྱོན་ཡོདཔ་ལས་གླངམ་ཆེ་གི་གུས་ཞབས་འབད་དེ་མཆེ་བ་ཚུ་སྟོན་ཏེ་ ཕུལ་ནུག ས་གནས་འདི་གི་ཟུར་ཁ་ལུ་མཆོད་རྟེན་གཅིག་ཡོད། འདི་ཁར་སྟོན་པའི་ སྐུ་ཚེ་གཅིག་ནང་ལུ་བྱའི་སྐྱེ་བ་བཞེས་ཏེ་མཐུན་པ་སྤུན་བཞི་འབྱུང་ས་དང་།
མཆོད་
རྟེན་འདི་གི་སྦོ་ལོག་ཁ་ལུ་མཆོད་རྟེན་གཅིག་ཡོད་མི་འདི་སྟོན་པ་མཆོག་དང་དེ་བ་དྷ་ཏ་ གཉིས་སྐུ་ཚེ་གཅིག་ནང་ཤཝ་སྦེ་སྐྱེ་བ་བཞེས་སའི་གནས་ཨིན། ཟེར་གསུངས་ནུག།
ས་ཁོངས་འདི་ནང་ལུ་ལྷ་ཁང་དང་མཆོད་རྟེན་ལ་སོགས་པའི་བྱུང་རིམ་གྱི་སྐོར།
སྤྱི་ལོའི་ཧེ་མ་༢༥༠ནང་ལུ་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་པའི་མཆོད་རྟེན་གཉིས་ དང་།
རྡོ་རིང་ཡུག་གཅིགམ་གྱི་ཀ་ཆེན་གཅིག་བཙུགས་གནང་ནུག
གཉིསཔོ་འདི་ཡང་དྷ་མེག་མཆོད་རྟེན་དང་། པས།
མཆོད་རྟེན་
དྷརྨ་ རཱ་ཇི་ཀཱའི་མཆོད་རྟེན་གཉིས་ཨིན་
སྤྱི་ལོ་༧༨ནང་ཀུ་ཥཱ་ན་གི་རྒྱལཔོ་ཀ་ནིཥྐ་གིས་གཙུག་ལག་ཁང་དག་པ་ཅིག་
གསར་བཞེངས་མཛད་ནུག
ད་ལྟོ་འགྲེམ་སྟོན་ཁང་ནང་སྟོན་པའི་སྐུ་འདྲ་བཟོ་བཀོད་
ཡ་མཚན་ཆེ་ཏོག་ཏོ་གཅིག་མཇལ་ནི་ཡོད་མི་འདི།
68
ཀ་ནིཥྐ་རྒྱལཔོ་མཛད་དེ་ལོ་༣གྱི་
གནས་བཤད་འདོད་འཇོའི་བུམ་བཟང་།
ཤུལ་མ་དགེ་སློང་བྷ་ལ་རཱ་གིས་ས་གནས་མ་ཐུ་རཱ་ལས་བསྣམས་བྱོན་ཏེ་མཆོད་རྟེན་ འདི་ནང་ཕུལ་ཡོདཔ་མས།།
སྤྱི་ལོའི་དུས་རབས་༤དང་༥པའི་ནང་ལུ་ཀུ་མཱར་གུཔྟ་གི་གཙུག་ལག་ཁང་གཙོ་བོ་མཱུལ་ གནྡྷ་ཀུ་ཊི་འདི་རྒྱ་བསྐྱེད་གནངམ་དང་གཅིག་ཁར་དྷ་མེག་མཆོད་རྟེན་གྱི་ཕྱི་ཁར་ལས་ རྡོ་གུ་པ་ཏྲ་བརྐོ་སྟེ་བཙུགས་གནང་ནུག
རྒྱལཔོ་མཆོག་གིས་མཆོད་རྟེན་འདི་ཁར་
བཙུགས་གནང་མི་སྟོན་པའི་སྐུ་གཅིག་གུ་ཁོ་རའི་མཚན་བྲིས་ཏེ་ཡོད་མི་ཅིག་ཤུལ་མ་ གནས་ས་འོག་ལས་བཏོནམ་ད་ཐོབ་ནུག།
སྤྱི་ལོའི་དུས་རབས་ལྔ་པ་༤༡༤གི་ཤུལ་མ་རྒྱ་གར་བྱང་ཕྱོགས་ཁ་ཐུག་ལས་འོང་མི་
བྷར་བཱ་རོས་ཀྱི་དམག་སྡེ་ཧན་དཀརཔོ་༼ཝའིཊི་ཧཱན༽ཟེར་མི་ཚུ་གིས་གནས་འདི་ལུ་ གནོད་རྐྱེན་ཚར་གཅིག་བརྐྱབས་ནུག
སྤྱི་ལོ་༦༠༦དང་༦༤༧གྱི་སྐབས་ལུ་ནང་ཆོས་
འབད་མི་རྒྱལཔོ་མཐའ་མ་ཧར་ཤཱ་གིས་གཙུག་ལག་ཁང་དང་མཆོད་རྟེན་ཚུ་ལོག་སྟེ་ རང་ཉམས་བཅོས་མཛད་མཛདཔ་ཨིན་པས། གནས་འདི་སྟོར་བཤིག་བཏང་ནུག་
སྤྱི་ལོ་༡༠༡༧ནང་མཧཱ་མུད་གྷ་ཛི་གྱིས་
ཨིན་རུང་༡༠༢༦
ནང་པཱ་ལའི་རྒྱལཔོ་མ་ཧི་པཱ་
ལ་གི་སྐབས་ལུ་ཁོ་གི་སྐུ་མཆེད་སྠི་ར་པཱ་ལ་དང་བྷ་སན་ཏ་པཱ་ལ་གཉིས་ཀྱིས་ཧེ་མ་ག་ ཨིནམ་སྦེ་ཉམས་བཅོས་གནང་ཡོདཔ་ཨིན་པས།
སྤྱི་ལོ་༡༡༡༤ལས་འགོ་བཙུགས་
༡༡༥༤ཚུན་རྒྱལཔོ་གོ་བིནྡཱ་ཅནྡྲ་གུཔྟ་དང་བཙུནམོ་ཀུ་མ་རཱ་དེ་བི་གཉིས་ཀྱིས་གནས་ འདི་འཛིན་སྐྱོང་མཛད་ནུག བཙུནམོ་ཀུ་མ་རཱ་དེ་བི་མཆོག་ནང་ཆོས་རྣམ་དག་སྒྲུབ་མི་ ཅིག་ཨིནམ་ལས་གནས་འདི་ནང་གཙུག་ལག་ཁང་གསར་བཞེངས་དང་ཉམས་བཅོས་ ཀྱི་ཕྱག་ལཱ་མང་རབ་ཅིག་མཛད་མཛདཔ་ཨིན་མས།
སླབ་ཚུལ་ཅིག་ལས་འབད་བ་
ཅིན་རྒྱལཔོ་གོ་བིནྡཱ་ཅནྡྲ་གུཔྟ་འདི་ལྷ་དབང་ཕྱུག་གིས་རྫུ་འཕྲུལ་གྱིས་འབད་ཝཱ་རཱ་ཎ་
སཱི་འདི་ཏུ་རུཤ་ཀའི་དམག་དཔུང་ལས་སྲུང་སྐྱོབ་འབད་ནིའི་དོན་ལུ་རྒྱལཔོ་སྦེ་བཀོད་
69
གནས་བཤད་འདོད་འཇོའི་བུམ་བཟང་།
ཡོད་པའི་ལོ་རྒྱུ་ཡང་བཤད་ནི་འདུག།
སྤྱི་ལོ་༡༡༩༣ལས་རྒྱལཔོ་གོ་བིནྡཱ་ཅནྡྲ་གུཔྟ་མ་བཞུགས་པའི་ཁར་རྒྱ་གར་བྱང་ཕྱོགས་ ནང་ཡོད་པའི་རྒྱལ་ཁབ་ཚུ་མཱ་ཧོམ་མེ་དཱན་གྱི་དབང་དུ་བསྡུ་ཞིནམ་ལས་ཝཱ་རཱ་ཎ་སཱི་ ལུ་ལྷོད་ནུག
འདི་སྒང་རྒྱལཔོ་འདི་ཇེ་ཡེ་ཅནྡྲ་ཟེར་མི་བཞུགས་མི་འདི་ཡང་མཱ་ཧོམ་མེ་
དཱན་གྱི་དམག་གིས་བཀྲོངས་དཔ་ཨིན་པས།
དེ་ལས་ཝཱ་རཱ་ཎ་སཱིའི་ཧིན་དུའི་ལྷ་ཁང་
མང་རབ་ཅིག་སྟོར་བཤིག་འབད་བའི་སྐབས་ལུ་ནང་པའི་གནས་ཚུ་ཡང་སྟོར་བཤིག་ བཏང་དཔ་ཨིན་པས། ལྷ་ཁང་དང་རྒྱལ་པོའི་ཕོ་བྲང་ནང་ལས་རིན་ཐང་ཅན་གྱི་ཅ་ཆས་ ཚུ་འབག་འགྱོཝ་ད་གཅིག་ཁར་ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་ཀ་ཆེན་གྱི་ཏོག་སྦེ་ཡོད་མི་ སེངྒེའི་སྤྱན་ནོར་བུའི་བྱེ་བྲག་ཚུ་ཡང་བཏོན་འབག་ནུག།
དུས་སྐབས་འདི་ལས་འགོ་བཟུང་སྤྱི་ལོ་༡༧༩༤ཚུན་ཚོད་གནས་ཚུ་ས་འོག་ལུ་ལུས་ ཡོདཔ་ཨིན།
དེ་ལས་སྤྱི་ལོ་༡༧༩༤ལུ་ཝཱ་རཱ་ཎ་སཱི་གི་རྒྱལ་བརྒྱུད་ཇཱ་གཱཏ་སིང་གིས་ཁོ་
རའི་མཚན་དང་ཅོག་འཐདཔ་སྦེ་བཏགས་ཡོད་པའི་ས་ཁོངས་ཇཱ་གཱཏ་གནྗ་ལུ་ཁྱིམ་
བརྐྱབ་ནིའི་དོན་ལུ་རྡོ་ཚུ་སཱ་རཱ་ནཱ་ཐ་ལས་བཏོན་པའི་སྐབས་དྷརྨ་ རཱ་ཇི་ཀའི་མཆོད་རྟེན་
འདི་ཐོབ་ནུག འདི་སྒང་མཆོད་རྟེན་འདི་མ་ཉམས་པར་ཡོད་དོ་མས། མཆོད་རྟེན་གྱི་
རྡོ་ཚུ་ཁོ་དགོ་སྦེ་མནོ་སྟེ་ལཱ་འབད་མི་ཚུ་ལུ་མཆོད་རྟེན་འདི་བཤིག་བཅུག་ནུག མཆོད་ རྟེན་འདི་བཤིགཔ་ད་འདི་ནང་ལས་རྡོ་སྒྲོམ་ཧོནམོ་སྦོམ་གཅིག་གི་ནང་ལུ་རྡོ་ཀ་མ་རུ་ པའི་སྒྲོམ་ལྗང་ཁུ་གཅིག་གི་ནང་ལས་སྟོན་པའི་རིང་བསྲེལ་དང་མུ་ཏིག
གསེར་གྱི་
འདབ་མ་དང་། གཞན་ནོར་བུའི་བྱེ་བྲག་ཚུ་ཐོབ་ཡོདཔ་ཨིན་པས། རིང་བསྲེལ་འདི་ སྟོན་པའི་རིང་བསྲེལ་ཨིནམ་མ་ཤེས་པའི་ཁར་ཧིན་དུའི་ལུགས་སྲོལ་ལས་ཚེ་འདས་ཀྱི་ རུ་ཏོ་ཁྱིམ་ནང་བཞག་མ་བཏུབཔ་ལས་བརྟེན་ཆུ་མོ་གངྒ་ནང་བཤགས་ད་ནུག།
སྤྱི་ལོ་༡༨༡༥ལུ་གནའ་ཤུལ་བརྟག་ཞིབ་ཚོགས་པའི་ཞིབ་འཚོལ་པ་ཀོལ་ནཱལ་སཱི་མེཀ་
70
གནས་བཤད་འདོད་འཇོའི་བུམ་བཟང་།
ཀེན་ཟི་གིས་གནས་ཀྱི་ས་ཁོངས་འདི་སའི་འོག་ལས་བཏོན་ནི་འགོ་བཙུགས་ཏེ།
ས་
ཁོངས་ཚུ་ནང་ལས་ཐོབ་ཡོད་པའི་སྐུ་འདྲ་ཚུ་ཀོལ་ཀ་ཏའི་འགྲེམ་སྟོན་ཁང་ནང་ཡོད།
སྤྱི་ལོ་༡༨༣༥ལས་༡༨༣༦ཚུན་ཨེ་ལེག་ཟེནྡྲ་ཀཱ་ནིང་གམ་གྱིས་ཞིབ་འཚོལ་འབད་ནུག འདི་སྒང་དྷ་མེག་མཆོད་རྟེན་ནང་ལས།
ཨོཾཿ
ཡེ་དྷརྨ་ ཧེ་ཏུ་པྲ་བྷ་བ་ལ་སོགས་པའི་
རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་བྲིས་ཏེ་ཡོད་པའི་རྡོ་ལེབ་གཅིག་དང་།
དྷརྨ་ རཱ་
ཇི་ཀའི་མཆོད་རྟེན་ནང་ལས་རྡོ་སྒྲོམ་ནང་བཙུགས་ཏེ་ཡོད་པའི་རིང་བསྲེལ་གྱི་སྣོད་འདི་ ཐོབ་ནུག
རིང་བསྲེལ་གྱི་རྡོ་སྒྲོམ་འདི་ད་རེས་ནངས་པ་ཀོལ་ཀ་ཏའི་འགྲེམ་སྟོན་ཁང་
ནང་ལུ་ཡོད།།
ཀཱ་ནིང་གམ་གྱི་ས་ཁོངས་ནང་བཞག་ཡོད་པའི་སྐུ་འདྲ་དང་ལུགས་བཟོ་༤༠ལྷག་ཙམ་ ཅིག་རྡོ་ཡི་གུ་ལུ་པ་ཏྲ་བརྐོ་སྟེ་ཡོད་མི་ཚུ།
ཤུལ་མ་གཞན་གྱིས་གཙང་ཆུ་ཝཱ་རུ་ཎ་གི་
ཟམ་དང་ཁྱིམ་ཚུ་བཟོ་བསྐྲུན་འབདཝ་ད་འབད་སྤྱོད་བཏང་ནུག།
སྤྱི་ལོ་༡༨༥༡ལས་༡༨༥༢ཀྱི་བར་མེ་ཇོར་ཀེཊ་ཊོ་དང་ཨི་ཐོ་མཱས་ཀྱིས་གཙུག་ལག་ཁང་ གི་ཤུལ་རྙིངམ་ཚུ་ཞིབ་འཚོལ་འབད་དེ་ས་འོག་ལས་བཏོན་ནུག
སྤྱི་ལོ་༡༩༠༤ལས་
༡༩༠༥་ནང་ཨེཕ་སི་ཨོའེར་ཊེལ་གྱིས་ཞིབ་འཚོལ་འབད་དེ་མུལ་གྷནྡྷ་ཀུ་ཊི་གཙུག་
ལག་ཁང་དང་ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་ཀ་ཆེན། ས་གནས་འདི་ནང་གི་འགྲེམ་སྟོན་ ཁང་ནང་བཞུགས་ཡོད་མི་སྟོན་པའི་སྐུ་འདྲ་ཚུ་སའི་འོག་ལས་ཐོབ་དེ་ཡོདཔ་ཨིན་པས།།
71
གནས་བཤད་འདོད་འཇོའི་བུམ་བཟང་།
དྷརྨ་ རཱ་ཇི་ཀཱའི་མཆོད་རྟེན། Dharmarajika Stupa
གནས་ཀྱི་འཛུལ་སྒོ་ནང་ལས་དྷ་མེག་མཆོད་རྟེན་ལུ་བྱོན་སའི་ལམ་གྱི་གཡོན་ཁ་ཐུག་ ལུ། དྷརྨ་ རཱ་ཇི་ཀཱ་མཆོད་རྟེན་གྱི་ཤུལ་རྙིངམ་ཡོད། མཆོད་རྟེན་འདི་ཆོས་རྒྱལ་ཨ་ཤོ་ ཀ་གིས་བཞེངས་གནང་པའི་སྐབས་ལུ་རྒྱ་ཚད་མི་ཊར་༡༣,༤༩
ཡོདཔ་ཨིན་རུང་འདི་
གུ་རྒྱ་སྐྱེད་གསར་ཐེབས་འགོ་དང་པ་ཀུ་ཥཱ་ཎའི་སྐབས་ལུ་སྐྱེལ་ནུག།
སྤྱི་ལོ་༥༠༠དང་༦༠༠འི་ནང་ལུ་རྒྱ་སྐྱེད་བཏངམ་དང་གཅིག་ཁར་སྐོར་ལམ་རྒྱ་ཚད་མི་
ཊར་༤་༨༨དང་མཐའ་བསྐོར་ལུ་རྩིག་སྐོར་མཐོ་ཚད་མི་ཊར་༡༣༥དང་ཕྱོགས་བཞི་ལུ་ འཛུལ་སྒོ་བཞི་ཡང་བཟོ་གནང་ནུག
དུས་རབས་༧པའི་ནང་ལུ་སྐོར་ལམ་ཁ་སྐོང་
འབད་དེ་ཕྱོགས་བཞིའི་འཛུལ་སྒོ་༤རྡོ་རིང་ཡུག་གཅིགམ་གྱི་བཙུགས་ནུག ཤུལ་མ་ཁ་སྐོང་ཚར་གཅིག་དུས་རབས་༩་པའི་ནང་ལུ་དང་། བི་གིས་དུས་རབས་༡༢ནང་ལུ་ཉམས་བཅོས་མཛད་ནུག
འདི་གི་
མཇུག་ར་ཀུ་མཱ་རཱ་དེ་
ཇཱ་གཏ་སིང་གིས་སྤྱི་ལོ་
༡༧༩༤ལུ་ཆུ་མོ་གངྒཱའི་ནང་ལུ་བཤགས་བཏང་མི་སྟོན་པའི་རིང་བསྲེལ་ཡང་མཆོད་རྟེན་ འདི་གི་ནང་གཟུངས་ཨིན་པས།།
མུལ་གནྡྷ་ཀུ་ཊི། ༼དྲི་གཙང་ཁང་།༽ Main Buddhist Shrine
དྲི་གཙང་ཁང་འདི་ཡི་འཛུལ་སྒོ་ཤར་ཕྱོགས་ཁ་ཐུག་དང་། རྒྱ་ཚད་ཕྱོགས་རེ་ནང་ལུ་མི་ ཊར་༡༨, ༢༩ ཡོདཔ་ཨིན།།
རྒྱ་ནག་གི་དགེ་སློང་ཐང་སན་ཙང་གི་ཐོ་ཡིག་དང་འཁྲིལ་བ་ཅིན། ཚད་མི་ཊར་༦༡ཡོདཔ་དང་།
འདི་ནང་བསྒོམ་གནང་ས་དང་།
ཆོས་ཁང་གི་མཐོ་
སྟོན་པ་བཅོམ་ལྡན་འདས་བཞུགས་པའི་སྐབས་ལུ་
ཆོས་ཁང་འདི་གི་རྡོ་གཅལ་ནང་ལུ་ཡར་མར་བྱོན་ཏེ་
བཞུགས་ས་ཨིན་སྦེ་ཟེར་བཀོད་དེ་འདུག
ས་ཁོངས་འདི་ཁར་ལས་སྟོན་པའི་སྐུ་འདྲ་
72
གནས་བཤད་འདོད་འཇོའི་བུམ་བཟང་།
སྦོམ་ཅིག་ཐོབ་ཡོདཔ་ཨིན་མས།
སྐུ་འདྲ་འདི་དུས་རབས་དང་པོའི་ནང་།
ལས་ཨིན་མི་བྷིཀྵུ་བཱ་ལཱ་གྱིས་ཕུལ་ནུག།
མཱ་ཐུ་རཱ་
ཨ་ཤོ་ཀའི་རྡོ་རིང་ཀ་ཆེན།Asoka Pillar
རྡོ་རིང་ཡུག་གཅིགམ་གྱི་ཀ་ཆེན་གྱི་མགུ་ཏོག་འདི་སེངྒེ་ཕྱོགས་བཞི་ལུ་གཟིགས་ཏེ་ ཡོད་མི་རེ་རེ་འདུག འདི་གུ་འཁོར་ལོ་རྩིབས་༣༢སྦེ་མི་ཡང་ཡོདཔ་ཨིན་པས། འཁོར་ ལོའི་རྩིབས་༣༢
ཡོད་མི་འདི་སངས་རྒྱས་ལུ་མཚན་བཟང་པོ་༣༢
ཡོད་པའི་རྟགས་
མཚན་དང་། ཆོས་ཀྱི་འཁོར་ལོ་མཚོན་བྱེད་ཀྱི་རྟགས་ཡང་ཨིན་པས། དེ་ལས་ཀ་ཆེན་
གྱི་ཏོག་སེངྒེ་བཞི་ཡོད་མི་འདི་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་སྐབས་ལུ་ གཞན་ལུ་འཇིགས་པ་མེད་པའི་མི་འཇིགས་པ་བཞིའི་བརྡ་མཚོན་ཨིན་པས།།
ད་རེས་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་སྦུག་ལུ་ཡོད་མི་འཁོར་ལོ་འདི་ཆོས་ཀྱི་འཁོར་
ལོའི་འཁོར་ལོ་འདི་ཨིན་པའི་ཁར་ལུ། རྒྱ་གར་གཞུང་གི་ཐ་ལ་དང་ཤི ་ཀི། རུ་པི་ཚུ་གི་ ནང་ན་ལུ་ཡང་ཆོས་རྒྱལ་ཨ་ཤོ་ཀའི་ཀཝ་ཏོག་སེངྒེ་༤ཡོད་མི་འདི་བཙུགས་ཏེ་ཡོདཔ་ ཨིན།།
སེངྒེ་མགོ་བཞི་མ་འདི་རྒྱ་གར་རྒྱལ་ཡོངས་ཀྱི་རྟགས་སྦེ་ཚུད་དགོ་མི་འདི་ཡང་།
སྤྱི་
ལོ་༡༩༤༧གྱི་ལོ་ལུ་རྒྱ་གར་རྒྱལ་ཁབ་འདི་ཕྱི་གླིངཔ་གཞུང་ལས་རང་བཙན་ཐོབ་པའི་ སྐབས་ལུ།
ཁྲིམས་བཟོའི་འགོ་དཔོན་འདི་ཌོག་ཊར་ཨེམ་བེཌ་ཀཱར་ཨིནམ་ལས།ཁོ་
གིས་བཟོ་གནང་གནངམ་ཨིན་མས།
ཁོ་གིས་དེ་སྦེ་བཟོ་དགོ་མི་འདི་ཡང་།
རྒྱལ་
ཁབ་འདི་སངས་རྒྱས་བཅོམ་ལྡན་འདས་དང་འབྲེལ་བ་དམ་ཟབ་ཡོདཔ་མ་ཚད། ཆོས་
རྒྱལ་ཨ་ཤོ་ཀ་ཡང་རྒྱལ་ཁབ་འདི་ལུ་དྲིན་ཅན་ཅིག་ཨིནམ་ལས། རྒྱལ་ཁབ་འདི་གི་མི་ སེར་ཡོངས་ཀྱིས་སྟོན་པ་བཅོམ་ལྡན་འདས་དང་།
73
ཆོས་རྒྱལ་ཨ་ཤོ་ཀའི་བཀའ་དྲིན་
གནས་བཤད་འདོད་འཇོའི་བུམ་བཟང་།
དྲན་ནི་དོན་ལུ་ཨིན་མས།།
ཀ་ཆེན་གུ་ལུ་ཡི་གུ་ཅིག་བྲིས་ཏེ་ཡོད།
ཡི་གུ་འདི་བྲིས་དགོ་མི་དེ་ཡང་།
ཆོས་རྒྱལ་
ཨ་ཤོ་ཀའི་སྐབས་ལུ་ཉན་ཐོས་སྡེ་པ་ནང་ཕན་ཚུན་སྟོན་པའི་བཀའ་ཨིནམ་དང་མེན་ པའི་སྐོར་ལས་བྱེལཝ་ལང་དོ་ཡོདཔ་ཨིན་མས།
རྒྱུ་མཚན་དེ་ལས་བརྟེན་ཏེ་རྒྱལ་པོ་
མཆོག་གིས་བྱེལཝ་སློང་མི་ཆོག་པའི་བཀའ་གནང་གནངམ་ཨིན་མས།
བཀའ་དེ་ག་
དེ་སྦེ་འདུག་གོ་ཟེར་བ་ཅིན། རབ་བྱུང་དང་ཁྱིམ་པ་ག་དང་གཱ་ཨིན་རུང་། ད་ལས་ཕར་ དགེ་འདུན་ནང་མ་མཐུན་པའི་རྙོག་གཞི་བཟོ་བ་ཅིན།
ཁྱིམ་པའི་གོ་ལ་དཀརཔ་གྱོན་
ཞིནམ་ལས་དགེ་འདུན་གྱི་གནས་ལས་ཕྱིར་བསྐྲད་གཏང་ནི་ཨིན། ཟེར་བྲིས་ཏེ་འདུག།
དྷ་མེག་མཆོད་རྟེན། Dhamek stupa
མཆོད་རྟེན་འདི་གནས་ཀྱི་ས་ཁོངས་ནང་གི་མཆོད་རྟེན་མཛེས་ཤོས་དང་སྦོམ ་ཤོས་ ཅིག་ཨིན་པའི་ཁར་།
གནས་འདི་དང་ཕུག་ལས་རང་སྙན་གྲགས་དང་བརྩི་མཐོང་
ཡོད་པའི་རྟགས་མཚན་ལུ་མཆོད་རྟེན་ཚུ་གི་གྲངས་སུ་ལས་འདི་རྐྱངམ་ཅིག་བཞུགས་
ནུག མཆོད་རྟེན་འདི་གི་བཟོ་རྣམ་འདི་རྒྱ་རྫི་བཟུམ་དང་། རྒྱ་ཚད་མི་ཊར་༢༨,༥༠མཐོ་ ཚད་འགྱམ་མ་བརྩི་བར་མི་ཊར་༣༣,༥༣ ཡོདཔ་ཨིན།
དང་།
འགྱམ་བརྩི་བ་ཅིན་མི་ཊར་༤༢,༠༦
མཆོད་རྟེན་གྱི་གཞི་བཀོད་འདི་སྤྱིར་བཏང་གཤམ་གྲུ་བཞི་ནར་ནར་སྦེ་
འགྱམ་རྡོའི་རྩིགཔ་ཚུ་ལུ་མ་བརྟེན་པར་ས་གཞི་གུ་ལས་རྩིགཔ་གིས་འབད་བཟོ་བཀོད་ སྒོར་སྒོར་བཟོ་སྟེ་མཐོ་ཚད་མི་ཊར་༡༡,༢༠ བཟོ་བསྐྲུན་འབད་དེ་འདུག
དེའི་གུ་ལས་ཡར་ས་པག་ཅུང་གིས་སྦེ་
མཐོ་ཚད་ཕྱེད་ཀ་ལས་ཕར་རྩིག་ཁུག་བརྒྱད་ཡོད་མི་ནང་
ལུ་སྔོན་མ་སྟོན་པའི་སྐུ་འདྲ་རེ་ཡོད་དོ་མས། དེའི་བར་ན་ལས་ཕར་གཡུང་དྲུང་དང་མེ་
ཏོག བྱ་དང་མི་གི་པ་ཏྲ་བརྐོ་སྟེ་ཡོད་མི་ཚུ་རྒྱལཔོ་གུཔྟའི་སྐབས་ཀྱི་ཨིན་པས། སྐད་
74
གནས་བཤད་འདོད་འཇོའི་བུམ་བཟང་།
བསྒྱུར་འབད་མི་རང་གི་བསམ་འཆར་ལུ་འབད་བ་ཅིན།
མཆོད་རྟེན་འདི་ཆོས་ཀྱི་
འཁོར་ལོ་འདི་ལུ་གཞི་བཞག་སྟེ་བཞེངས་ནུགའདི་ཡང་མཆོད་རྟེན་གྱི་བཟོ་བལྟ་འདི་ འཁོར་ལོ་དང་འདྲ་བའི་ཁར་ཕྱེད་ཀ་ལས་ཕར་རྩིག་ཁུག་བརྒྱད་སྦེ་ཡོད་མི་འཁོར་ལོའི་ རྩིབས་བརྒྱད་ཀྱི་རྟགས་མཚན་ཨིན་པས།
རྒྱུ་མཚན་འདི་ལས་བརྟེན་མཆོད་རྟེན་འདི་
གི་མཚན་ཡང་དྷརྨ་ ཅ་ཀྲ་ཟེར་བཏགས་གནང་གནངམ་ཨིན་པས་ཟེར་ཞུ་ནི་ཨིན།།
ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས།
དྷ་མེག་མཆོད་རྟེན་ནང་ལས་རྡོ་བརྐོས་ཡི་གུ་ཅིག་ཐོབ་ཡོད་མི་གུ་ལུ་མཆོད་རྟེན་འདི་ ཡི་མཚན་དྷརྨ་ ཅ་ཀྲ་ཟེར་བཀོད་དེ་ཡོདཔ་ལས་བརྟེན་སྟོན་པ་བཅོམ་ལྡན་འདས་ཀྱིས་ ཆོས་འཁོར་དང་པ་བསྐོར་གནང་སའི་ས་ཁོངས་ཡང་འདི་ཁར་ཨིནམ་སྦེ་བཤད་དོ ་ ཡོདཔ་ཨིན།
ཨིན་རུང་ཨ་ཤོ་ཀའི་རྡོ་རིང་དང་མཆོད་དེ་ཚུ་ག་ར་ད་ཅི་གོང་ལུ་ཞུ་མི་ས་
ཁོངས་དེ་ཚུ་ནང་ཨིནམ་ལས་ཆོས་འཁོར་བསྐོར་སའི་ས་ཁོངས་ཡང་དེ་དང་འབྲེལ་བ་
ཡོད་པའི་ས་ཁོངས་ཅིག་ནང་དགོཔ་ཨིནམ་དང་། དགེ་འདུན་ཆོས་འཕེལ་གྱིས་བཤད་ དོ་བཟུམ་འབད་བ་ཅིན། ཆོས་འཁོར་གནས་ཀྱི་མཐའ་འཁོར་ལུ་རྡོའི་ལྕགས་རི་བསྒོར་
ཏེ་ཡོད་ཟེར་གསུངས་ཡོདཔ་ལས། དྲི་གཙང་ཁང་གི་ནང་ན་ཡོད་པའི་མཆོད་རྟེན་ཞིག་
རོ་ཕྱི་ཁ་ལས་རྡོ་ཡུག་གཅིགམ་གྱི་ལྕགས་རི་བསྒོར་ཏེ་ཡོད་མི་དེ་ཆོས་འཁོར་གྱི་ས་ གནས་ངོ་མ་ཨིནམ་བཟུམ་ཅིག་འདུག།
75
གནས་བཤད་འདོད་འཇོའི་བུམ་བཟང་།
ཝཱ་རཱ་ཎ་སཱིའི་གནས་བཤད་འདི་ལ་བརྟེན།།
ཝཱ་ཎར་གནས་མཇལ་ཕེབས་པའི་དད་ལྡན་ཚོས།། གནས་ཀྱི་ས་ཕྱོགས་ཐུགས་ལ་གསལ་པོར་ངེས།།
གནས་མཇལ་ཕེབས་པའི་བཞེད་དོན་བསྐང་གྱུར་ཅིག། མ་འོངས་རྣམ་འདྲེན་ལྔ་པ་བྱམས་མགོན་གྱིས།།
ཆོས་འཁོར་དགའ་སྟོན་སྩོལ་བའི་དགེ་ལེགས་ཉིན།། བདག་སོགས་ཕ་མ་ཀུན་ཀྱང་གནས་འདི་རུ།།
འཛོམ་པའི་སྐལ་བཟང་ཐོབ་པར་ལན་བརྒྱར་སྨོན།། དེ་བཞིན་གནས་མཇལ་ཕེབས་པའི་སྐུ་མགྲོན་ཚོས།། བཏང་སྙོམས་ངང་དུ་ལོགས་ནས་མ་ཕེབས་པར།། ནམ་ཞིག་བདེན་བཞིའི་ཆོས་ཀྱི་དོན་རྟོགས་ཏེ།།
བདེན་འཛིན་རྣམ་རྟོག་སྤོང་བའི་ཐུགས་སྨོན་གནང་།།
76
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱལ་པོའི་ཁབ། Rajgir
རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པའི།།
རྒྱལ་སར་ཆགས་པའི་གནས་མཆོག་རྒྱལ་པོའི་ཁབ།། རྒྱལ་ཁབ་ཡུལ་ལུང་སོ་སོ་ནས་ཕེབས་པའི།།
རྒྱལ་བའི་རྗེས་འཇུག་ཡོངས་ཀྱིས་གཟིགས་པར་བསྐུལ།།
77
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་མདོར་བསྡུས།
གནས་འདི་ནང་ལུ་སྟོན་པ་མཆོག་གིས་ཁྱིམ་བདག་དཔལ་སྦས་དང་། སྐྱོང་གཉིས་བཏུལ་གནང་ཡོདཔ་མ་ཚད།
གླང་པོ་ནོར་
རྒྱལཔོ་གཟུགས་ཅན་སྙིང་པོ་གིས་སྦྱིན་
བདག་མཛད་དེ་ཆོས་མང་རབས་ཅིག་གསུངས་ནུག
དེ་ལས་རྒྱལཔོ་གཟུགས་ཅན་
སྙིང་པོའི་རྒྱལ་ཁབ་ཀྱི་ལྟེ་བ་ཡང་གནས་འདི་ནང་ལུ་ཨིན་པས།། གནས་བཤད་རྒྱས་པ།
རྒྱལ་པོའི་ཁབ་འདི་ཧེ་མ་སངས་རྒྱས་ཞལ་བཞུགས་པའི་སྐབས་ལུ་གྲོང་ཁྱེར་ཆེན་པོ་ ༦ཡོད་ས་ལས་ཡོངས་གྲགས་ཆེ་ཤོས་ཅིག་དང་།
གྲོང་ཁྱེར་ཚུ་གི་དབུས་སམ་སྦུག་ན་
རང་ཡོདཔ་ལས་མ་ག་དྷ་འམ་དབུས་འགྱུར་འཆང་ཟེར་སླབ་དོ་ཡོདཔ་མས། པར་དུ་སངས་རྒྱས་ཀྱི་བཞུགས་གནས་རྩ་ཆེ་ཤོས་
ལྷག་
ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་
ཅན་སྙིང་པོའི་རྒྱལ་ས་དང་ཤུ ལ་མ་ཁོ་གི་སྲས་མ་སྐྱེས་དགྲའི་རྒྱལ་ཁབ་ཀྱི་ལྟེ་བ་ཡང་ ཨིན་པས།
རྒྱལ་པོའི་ཁབ་ཀྱི་ས་ཁོངས་འདི་གི་མིང་ལུ་ད་རེས་ནངས་པ་རཱཇ་གིར་
༼རཱ་ཇ་གྲིཧ༽ཟེར་དར་ཁྱབ་སོང་སྟེ་ཡོདཔ་ཨིན་རུང་སྔོན་མ་གྱི་དུས་ལུ་འབད་བ་ཅིན་
མིང་གཞན་ཡང་སླབ་སྲོལ་ཡོད་དོ་མས། འདི་ཡང་རཱ་མ་ཡཱ་ཎའི་དུས་སྐབས་ལུ་འབད་ བ་ཅིན་ཝ་སུ་མཱ་ཏི་དང་།
མཧཱ་བྷཱ་རཏ་ཀྱི་དུས་ལུ་བཱར་ཧ་དྲཐཱ་པུ་རཱ་ཟེར་སླབཔ་ཨིན་
པས། ས་གནས་འདི་གི་མཐའ་འཁོར་ལུ་གི་རི་དྷ་རཱ་ཀུ་ཊ༼བྱ་རྒོད་ཕུང་པོའི་རི།༽དང་ ། བཱའི་བྷ་རཱ། བི་པུ་ལཱ་ཅལ། པཱཎྡྲ་བཱ་གི་རི། རི་ཥི་གི་རི་ཟེར་རི་༥ ཡོདཔ་ཨིན། སྟོན་
པ་བཅོམ་ལྡན་འདས་བཞུགས་པའི་སྐབས་ལུ་རྒྱལ་པོ་བིམྦྷི་སཱ་རཱའི་རྒྱལ་ཁབ་མ་ག་དྷ་ གི་རྒྱལ་ས་ལྟེ་བ་སྦེ་ཆགས་ཡོདཔ་ལས་ས་གནས་ཀྱི་མིང་ཡང་རཱཇ་གིར་རམ་རྒྱལ་པོའི་ ཁབ་ཟེར་ཡོངས་གྲགས་འགྱོ་ནུག།
78
གནས་བཤད་འདོད་འཇོའི་བུམ་བཟང་།
ས་གནས་འདི་ཁར་འགྱོ་ནི་གི་དོན་ལུ། རྡོ་རྗེ་གདན་ལས་ཀི་ལོ་མི་ཊར་༩༥། པཊ་ན་ ལས་༡༠༥། ཝཱ་རཱ་ཎ་སཱི་ལས་༣༣༣། ནཱ་ལནྡཱ་ལས་ཀི་ལོ་མི་ཊར་༡༥ཡོད།།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སངས་རྒྱས་ནིའི་དོན་ལུ་ཡངས་པ་ཅན་ ལས་སྦེ་རྡོ་རྗེ་གདན་ལུ་བྱོནམ་ད་ཡང་བྱོན་ལམ་འདི་ལས་བརྒྱུད་དེ་བྱོན་ནུག
འདི་
བསྒང་རྒྱལ་པོ་བིམྦྷི་སཱ་རཱ་སྟོན་པ་མཆོག་དང་འགོ་དང་པ་མཇལ་ཕྲད་མཛདཔ་ད་ཤཱཀྱའི་
རྒྱལ་སྲས་ཨིནམ་ཤེས་ཏེ་སྟོན་པ་མཆོག་ལུ་རྒྱལ་སྲིད་སྐྱོང་སྟེ་བཞུགས་གནང། ཁོ་གི་ རྒྱལ་ཁབ་ཕྱེད་ཀ་ཕུལ་གེ་ཟེར་ལོག་ཅི་ལོག་ཅི་ཞུ་མི་དེ་གསན་མ་བཏུབ་རུང་། སངས་ རྒྱས་ཚར་བའི་ཤུལ་མ་ལོ ག ་འབྱོ ན་དགོཔ་སྦེ་གསོ ལ ཝ་བཏབ་མི་འདི་ཞལ་གྱིས་ བཞེས་ནུག།
ལོ་༦གི་ཤུལ་མ་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་གདན་ལུ་སངས་རྒྱས་ཏེ་ཝཱ་རཱ་ཎ་སཱི་
ལུ་ཆོས་ཀྱི་འཁོར་ལོ་བསྐོར་གནང་ཞིནམ་ལས་དགེ་སློང་གསརཔ་འཛུལ་མི་སྟོང་ཕྲག་ ལྷགཔ་ཅིག་དང་གཅིག་ཁར་གནས་འདི་ནང་བྱོན་ཏེ་བཞུགསཔ་ད་འདི་གི་ལོ་རྒྱུས་ རྒྱལ་པོ་བིམྦྷི་སཱ་རཱ་གིས་གསན་ཏེ། མཇལ་ཕྲད་མཛད་དེ།
བྱ་རྒོད་ཕུང་པོའི་རི་ལུ་བྱོན་ཏེ་སྟོན་པ་མཆོག་དང་
སྟོན་པ་མཆོག་དང་འཕགས་པའི་དགེ་འདུན་པ་ཚུ་གསོལཝ་
ལུ་གདན་འདྲེན་ཞུ་ནུག འདི་གི་ནངས་པར་སྟོན་པ་འཁོར་དང་བཅསཔ་ལུ་གསོལཝ་ དྲངས་ཞིནམ་ལས།
བེ་ནུ་ཝན་ཟེར་སྤག་ཤིང་གི་ལྡུམ་ར་འདི་སངས་རྒྱས་འཁོར་དང་
བཅས་པའི་བཞུགས་གནས་སྦེ་ཕུལ་ཏེ་རྒྱལཔོ་ཁོ་རང་ཡང་སྦྱིན་བདག་དང་སློབ་མ་ གཉིས་ཆ་རང་མཛད་དེ་བཞུགས་ནུག།
གནས་འདི་ནང་ལས་སངས་རྒྱས་ཀྱི་སློབ་མ་མཁས་མཆོག་མང་རབས་ཅིག་རབ་ཏུ་ བྱུང་ཡོད་མི་གྲལ་ལས་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་ཡང་ཧེ་མ་ཆོས་ལུགས་
གཞན་གྱི་སློབ་དཔོན་སཱན་ཇ་ཡའི་འོག་ལུ་སློབ་སྦྱོང་འབད་དེ་མཁས་པ་ལུ་འགྱུར་ཏེ་
79
སློབ་མ་༢༥༠
གནས་བཤད་འདོད་འཇོའི་བུམ་བཟང་།
ལྷག་ཙམ་ཡོད་དེ་འབད་རུང་།
ཐུགས་ཁར་ལུ་ཁོང་གཉིས་ཀྱི་སྒྲུབ་
མི་ཆོས་འདི་གིས་ཐར་པའི་ལམ་མི་ཐོབ་ནི་ཨིནམ་མཁྱེན་ཏེ།
ཐར་པ་ཐོབ་ཚུགས་
པའི་ལམ་སྟོན་འབད་མི་སློབ་དཔོན་ཅིག་ཞིབ་འཚོལ་འབད་དེ་བཞུགས་པའི་སྐབས་ ལུ།འཁོར་ལྔ་སྡེ་ལས་གཅིག་ཨིན་མི་ཨ་ཤྭ་ཇིཏ་༼འཕགས་པ་རྟ་འཐུལ།༽
བསོད་
འདི་ལུ་ལྟ་སྟེ་ཤཱ་རིའི་བུ་ཧ་ལས་ཏེ་ཁྱོད་ཀྱི་སློབ་དཔོན་གྱི་མཚན་ག་ཅི་སྨོ།
ཆོས་ག་
སྙོམས་ལུ་བྱོནམད་ཤཱ་རིའི་བུ་དང་འགོ་དང་པ་མཇལ་ནུག
ཨ་ཤྭ་ཇིཏ་གི་སྤྱོད་ལམ་
ཅི་བཟུམ་ཅི་སྒྲུབ་སྨོ་ཟེར་དྲི་བའི་ལན་ལུ། ཨ་ཤྭ་ཇིཏ༑ ཁྱོད་ཀྱིས་མ་གོ་ག རྒྱལཔོ་ ཟས་གཙང་གི་སྲས་གཞོན་ནུ་དོན་ཀུན་གྲུབ་པ་མཆོག་གིས་རྒྱལ་སྲིད་སྤངས་ཏེ་སེམས་ ཅན་ཡོངས་ཀྱི་དོན་ལུ་ཐར་པའི་ལམ་འཚོལ་ཏེ་ལོ་དྲུག་དཀའ་སྤྱད་མཛད་པའི་ཤུལ་མ་ སངས་རྒྱས་ཏེ་ཡོད་མི་འདི་ངེད་ཀྱི་སློབ་དཔོན་ཨིན།
ཁོ་གིས་གསུངས་མི་ཆོས་འདི་
གཞན་དང་མ་འདྲ་བ་ཅིག་ཨིན་ཟེར་སླབ་ད། ཤཱ་རི་བུའི་ཐུགས་ལུ་ཚོར་སྣང་མ་འདྲཝ་ ཅིག་བྱུངམ་ལས་མཽངྒལ་བུ་ཡང་ཁྱིད་དེ་སྟོན་པ་མཇལ་བར་བྱོན་ནུག
དེ་ལས་ཤཱ་རིའི་
བུ་དང་མཽངྒལ་གྱི་བུ་ཡང་གནས་འདི་ནང་ལས་སངས་རྒྱས་ཀྱི་སློབ་མ་སྦེ་རབ་ཏུ་བྱུང་ ཡོདཔ་མས།།
དེ་ལས་གཞན་ཡང་སྟོན་པ་བཞུགས་སའི་གནས་མང་རབས་ཅིག་ཡོད་པའི་གྲངས་སུ་
ལས་གནས་འདི་ཐུགས་མཉེས་ཤོས་ཅིག་ཨིནམ་དང་། གནས་འདི་ནང་བཞུགས་པའི་
སྐབས་ལུ་མང་ཤོས་ཅིག་རང་སྤག་ཤིང་གི་ལྡུམ་ར་དང་། ༼བེ་ནུ་ཝན༽ བྱ་རྒོད་ཕུང་ པོའི་རི་༼གིར་དྷ་ཀུ་ཊི༽ལུ་བཞུགས་དོ་ཡོདཔ་ལས། སྟོན་པ་མཆོག་གིས་འཁོར་སློབ་
མ་ཚུ་ལུ་ཆོས་མང་རབས་ཅིག་གནས་འདི་གཉིས་ནང་གསུངས་གནང་ཡོདཔ་ཨིན་ མས།།
80
གནས་བཤད་འདོད་འཇོའི་བུམ་བཟང་།
བྱ་རྒོད་ཕུང་པོ འི་རི་ལུ་ཡོ ད་མི་བི་སཱ་ཁ་ཀུན་རྭའི་ནང་ལུ་དགེ་འདུན་པ་ཚུ་ཞལ་ འཛོམས་ཅིག་ཚོགསཔ་ད་ཀུན་དགའ་བོ་སྟོན་པའི་ཕྱག་ཞུ་མི་ཉེ་གནས་དང་།
དབྱར་
གནས་འདི་མཉན་ཡོད་ལུ་འཚོགས་ནི་འབད་གྲོས་བསྡུར་འབད་ཞིནམ་ལས་སྟོན་པ་ མཆོག་ལུ་ཞུཝ་ད་སྟོན་པ་མཆོག་གིས་ཡང་ཆ་འཇོག་མཛད་གནང་ནུག།
རྒྱལ་པོ འི་ཁབ་ཀྱི་གནས་འདི་ལུ་མིང་གཞན་འཆམ་ཁ་བཟོ ་ བའི་གནས་༼དབྱེན་
ཟླུམ་གནས་༽ཟེར་ཡང་སླབ་ཨིན་མི་དེ་ཡང་དགེ་འདུན་ལྟ་བ་མ་མཐུནམ་བྱུང་མི་འདི་ མཐུནམ་སྦེ་བཟོ་ཡོདཔ་ལས་བརྟེན་དབྱེན་ཟླུམ་པའི་གནས་ཟེར་ཡོངས་གྲགས་འགྱོ་ ནུག
སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཤུལ་ལུ།
རྒྱལཔོ་མ་སྐྱེས་
དགྲ་༼ཨ་ཇཱ་ཏ་ཤ་ཏྲུ་༽གིས་ཐོབ་མི་སྟོན་པའི་རིང་བསྲེལ་འདི་ནང་གཟུངས་སྦེ་ཕུལ་ཏེ་ མཆོད་རྟེན་གཅིག་བཞེངས་ནུག།
དེ་ལས་རྒྱལཔོ་ཁོ་རང་གིས་སྦྱིན་བདག་མཛད། འདྲེན་ཐོག་ལུ།
ཉན་ཐོས་འོད་སྲུང་མཆོག་གི་འགོ་
སཔ་ཏཱ་པཱ་ནི་བྱག་ཕུག་ནང་དགེ་འདུན་པ་ལྔ་བརྒྱ་ལྷག་ཙམ་ཅིག་
འཛོམས་ཞིནམ་ལས།
སངས་རྒྱས་ཀྱིས་གསུངས་མི་ཆོས་དེ་ཚུ་ལུ་སྐྱོར་སྦྱངས་
༼བཀའ་བསྡུ་དང་པ།༽ཚར་ཅིག་མཛད་གནང་ནུག།
གྲོང་ཁྱེར་ནང་གི་འཛུལ་སྒོའི་བྱང་ཁ་ཐུག་མཆོད་རྟེན་གཅིག་འདུག རྒྱས་ཀྱི་ཕ་སྤུན་གྱི་སྤུན་ཆ་ལྷས་བྱིན་དང་།༼དེ་བ་དཏྟ༽
འདི་ཁར་སངས་
མ་ག་དྷའི་རྒྱལཔོ་མ་སྐྱེས་
དགྲ་༼ཨ་ཇཱ་ཏ་ཤ་ཏྲུ༽མ་སྐྱེས་དགྲ་གཉིས་ཁ་བསྡོམས་ཏེ་སྟོན་པ་བཀྲོང་ནི་སྦེ་གླངམ་ ཆེ་འཆོལ་ལོང་བཏངམ་ད་ལུ།
སྟོན་པའི་ཕྱག་བརྐྱངས་ཏེ་རྫུ་འཕྲུལ་གྱིས་འབད་ཕྱག་
སོར་ལྔ་ལས་སེངྒེ་རེ་རེ་ཐོན་འོངམ་ད་གླངམ་ཆེ་འཆོལ་ལོང་འདི་རང་བཞིན་གྱི་འཇམ་ ཏོག་ཏོ་ལུ་འགྱུར་སའི་གནས་ཨིན་པས།།
མཆོད་རྟེན་འདི་ཁར་ལས་བྱང་ཤ ར་ཁ་ཐུག་ལུ་མཆོད་རྟེན་གཅིག་ཡོད་མི་འདི་ཤཱ་རིའི་
81
གནས་བཤད་འདོད་འཇོའི་བུམ་བཟང་།
བུ་དང་། འཕགས་པ་རྟ་ཐུལ་འགོ་དང་པ་མཇལ་སའི་གནས་ཨིན།།
ས་གནས་འདི་གི་ཐག་ཉེ་ས་བྱང་ཁ་ཐུག་ལུ་གཡུརཝ་གཏིང་རིངམ་སྦེ་ཡོད་མི་ཟུར་
ཁ་མཆོད་རྟེན་གཅིག་ཡོད་མི་འདི། སྟོན་པ་མཆོག་གིས་མུ་སྟེགས་པ། ཁྱིམ་བདག་ དཔལ་སྦས་༼ཤྲི་གུཔྟ་༽བཏུལ་བའི་གནས་ཨིན།།
འདི་གི་ལོ་རྒྱུས་འདི་ཡང་སྔོན་མ་སངས་རྒྱས་ཞལ་བཞུགས་པའི་སྐབས་ལུ། ས་གནས་ འདི་ནང་གི་མི་སེར་མང་ཤོ་ར་ནང་པའི་ཆོས་ལུ་དད་པ་སྐྱེས་ཏེ་འགྱོ་དོ་ཡོདཔ་ལས། ཕྱི་ རོལ་པ་བྲམ་ཟེའི་ཆོས་ལུགས་འཛིན་མི་ཚུ་དང་།
ཕྱི་རོལ་པའི་སྦྱིན་བདག་ཨིན་མི།
ཁྱིམ་བདག་དཔལ་སྦས་ལ་སོགས་པ་དེ་ཚུ་ངལ་མ་རངས་པར་སྡོད་དོ་ཡོདཔ་ཨིན་ མས།
དེ་ལས་ཁོང་ཆ་ཁྱབ་ཀྱིས་སྟོན་པ་བཅོམ་ལྡན་བཀྲོང་ནི་གི་བསྟུན་གྲོས་རྐྱབ་སྟེ།
ཁྱིམ་བདག་དཔལ་སྦས་ཀྱི་སྒོའི་ཕྱི་ཁ་ལུ་གཡུརཝ་གཏིང་རིངམ་ཅིག་བརྐོ་བའི་ནང་ན་ མེ་རོ་བཙུགས། དེའི་ཁ་ལས་ཨེན་ཏ་སྐྱེལ་སྦེ་བཞགཔ་མ་ཚད། གསོལཝ་གི་ནང་ལུ་
ཡང་དུག་བླུག་འབད་བཞག་སྟེ། མེ་གྱིས་བཀྲོང་མ་ཚུགས་རུང་དུག་ལས་བྱོག་མི་ཐལ་ ཟེར་དེ་བཟུམ་གྱི་གྲ་བསྒྲིགས་རྐྱབ་སྟེ་བཞག་ནུག པ་ཉིན་མའི་གསོལཝ་ལུ་གདན་འདྲེན་ཞུ་ནུག།
དེ་ལས་སྟོན་པ་འཁོར་དང་བཅས་
དེ་སྒང་སྟོན་པ་ལུ་དད་པ་ཡོད་པའི་མི་ཅིག་གིས་གནས་ཚུལ་དེ་སྟོན་པ་ལུ་ཞུ་ཞིནམ་ ལས་ད་རེས་གསོལཝ་བཞེས་པར་མ་འབྱོན་ཟེར་གསོལཝ་བཏབ་རུང་།
སྟོན་པ་
མཆོག་གིས། དེ་ལུ་ཚ་གྱང་ལང་མི་དགོ། འདི་བཟུམ་གྱི་བྱ་བ་ངན་པ་གིས་དེ་བཞིན་ གཤེགས་པའི་སྐུ་གཟུགས་ལུ་གནོད་རྐྱེན་བརྐྱབ་མི་ཚུགས། གནང་ནུག།
དེ་ལས་གསོལཝ་བཞེས་པར་བྱོན་ཞིནམ་ལས་
ཐེམ་ཁར་སྐྱེལ་གནངམ་ཅིག་མེ་བཙུགས་སའི་དོང་འདི་ ཆུ་ཡི་རྫིང་ལུ་འགྱུར།
ཟེར་གསུངས་ཏེ་བྱོན་
སྟོན་པའི་ཞབས་སྒོ་
ཡན་ལག་བརྒྱད་ལྡན་གྱི་
འདི་གི་ཐོག་ཁ་ལས་ཕར་དྲི་ཞིམ་ཏོག་ཏོ་ཡོད་མི་མེ་ཏོག་པདྨ་
82
གནས་བཤད་འདོད་འཇོའི་བུམ་བཟང་།
ཤར་ཏེ་སྟོན་པ་ལུ་གནོད་སྐྱོན་ག་ནི་ཡང་བྱུང་མ་ཚུགས་པས།
གིས་ཁོང་གིས་དྲངས་མི་གསོལཝ་བཞེས་ཚར་ཞིནམ་ལས།
དེ་ལས་སྟོན་པ་མཆོག་
འདོད་ཆགས་ཞེ་སྡང་
གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་ དུག་མི་མངའ།
།སངས་རྒྱས་གཟིར་བས་དུག་བཅོམ་མོ།།
ལ་སོགས་པའི་ཆོས་ཚུ་
གསུངས་པའི་སྐབས་ལུ་ཁྱིམ་བདག་དཔལ་སྦས་ཡང་ལྟ་གྲུབ་ངན་པ་འདི་སྤངས་ཏེ་ སངས་རྒྱས་ཀྱི་སློབ་མ་འབད་ཞུགས་ནུག།
ས་ཁོངས་འདི་ནང་ལས་བྱང་ཤ ར་ཁ་ཐུག་གྲོང་ཁྱེར་གྱི་སྒོར་ལྟབ་འདི་ཁར་མཆོད་རྟེན་
གཅིག་ཡོད་མི་འདི་ཧེ་མ་ཡོངས་གྲགས་ཅན་གྱི་སྨན་པ་འཚོ་བྱེད་གཞོན་ནུ་༼ཇི་བ་ ཀ༽
ཟེར་མི་དེ་གིས་སྟོན་པ་བཅོམ་ལྡན་འདས་ལུ་མཆོད་ཁང་གཅིག་བཞེངས།
མཐའ་འཁོར་ལུ་ཤིང་འབྲས་དང་མེ་ཏོག་གི་རིགས་མ་འདྲཝ་ལེ་ཤཱ་བཙུགས་ཏེ་ཕུལ་
མི་གནས་ཀྱི་ཤུལ་ཨིན་པས། གྱང་གི་འགྱམ་དང་མཐའ་ལུ་ཤིང་གི་ར་ཏོ་ཚུ་ད་ལྟོ་ཡང་ མཐོང་ས་འདུག ས་ཁོངས་འདི་ཡི་ཟུར་ཁ་ལུ་འཚོ་བྱེད་གཞོན་ནུའི་ཁྱིམ་གྱི་ཤུལ་དང་། གདོང་ཁ་ཆུ་དོང་གཅིག་འདུག།
དེ་ལས་བྱང་ཤར་ཁ་ཐུག་རྒྱང་གྲགས་༡༥འི་ས་ཁར་བྱ་རྒོད་ཕུང་པོའི་རི་ཡོད།
འདི་གི་
བྱང་ཁ་ཐུག་དང་འཛུལ་སྒོའི་ནུབ་ཁ་ཐུག་ལུ། བི་པཱུ་ལ་ཟེར་མི་རི་ཅིག་འདུག རྒྱ་གར་
གྱིས་སྤྱིར་བཏང་བཤད་སྲོལ་འབད་བ་ཅིན་རི་འདིའི་ལྷོ་ནུབ་བྱག་གི་ཁ་ཐུག་ཧེ་མ་ཚ་ དྲོད་རན་ཏོག་ཏོ་ཡོད་མི་ཆུའི་རྐ་༥༠༠
ཡོད་ས་ལས་༡༠རྐྱངམ་ཅིག་ཡོདཔ་དང་།
ཆུ་
དེ་ཚུའི་རྐ་ངོ་མ་འདི་བོད་གངས་ཅན་ལྗོངས་ཀྱི་གངས་རིའི་ལྷོ་ཁ་ཐུག་ཡོད་མི་མ་དྲོས་ མཚོ་ལས་ཡན་ལག་༥༠༠
སྦེ་ས་འོག་ལས་བརྒྱུད་དེ་ཚར་གཅིག་གུ་ས་གནས་འདི་
ཁར་ཐོན་འོངམ་ཨིན་ཟེར་སླབ་ཨིན་མས། དེ་འོངམ་ད་
དྲོད་ཡོད་མི་འདི་ཡང་ས་འོག་ལས་བརྒྱུད་
དམྱལ་ཁམས་ཀྱི་མེའི་དྲོད་ཤུགས་ཡར་འཛེགས་ཏེ་འོངམ་ལས་བརྟེན་
83
གནས་བཤད་འདོད་འཇོའི་བུམ་བཟང་།
ཨིན་ཟེར་བཤདཔ་མས། ཆུ་འདི་ཚུ་ཐོན་ས་འདི་ཡང་རྡོའི་གུ་ལུ་སེངྒེ་དང་གླངམ་ཆེ་གི་
བཟོ་བལྟ་སྦེ་པ་ཊ་བརྐོ་སྟེ་ཡོད་པའི་ཁ་ལས་ཐོན་ཏེ་རྡོའི་ཁྲུས་གཞོང་ནང་བབས་ཨིན་ མས།
འདི་ནང་བསགས་ཡོད་མི་ཆུ་དེ་གིས་ནད་གཞི་སྣ་ཚོགས་དྲག་ཚུགས་ཟེར་
སྦང་མི་ཡང་འདུག
ཚ་ཆུ་འདི་གི་གཡས་དང་གཡོན་གྱི་ཟུར་ཁ་ལུ་མཆོད་རྟེན་རེ་དང་།
ཀུན་དགའ་རྭ་བའི་ཤུལ་དང་གཅིག་ཁར་ལུ་འདས་པའི་སངས་རྒྱས་གསུམ་དང་ད་ལྟ་ བའི་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གི་བཞུགས་ས་དང་བྱོན་ལམ་ཚུ་མཇལ་ནི་ཡོད། དེ་གི་མཐའ་འཁོར་ལུ་མཚམས་པ་དང་རི་ཁྲོདཔ་སྒོམ་ཉམས་ལེན་གནང་སྟེ་བཞུགས་ མི་ཡང་མང་རབས་ཅིག་ཡོདཔ་ཨིན་མས།།
རྒྱལ་ཁབ་གཞན་ནས་ཕེབས་པའི་གནས་བསྐོར་པས།། རྒྱལ་པོའི་ཁབ་ཀྱི་གནས་མཆོག་མཇལ་བ་་ཡིས།།
རྒྱལ་བས་གསུངས་པའི་དགེ་སྡིག་དོན་རྟོགས་ནས།། རྒྱལ་བའི་གསུང་དང་མཐུན་པའི་ལས་སྒྲུབས་ཤོག། དེ་བཞིན་ཆོས་ལྡན་འབྲུག་གི་དཔོན་འབངས་སུ།། མ་གཱ་དྷ་ཡིས་གནས་སུ་ཕེབས་པ་ལས།།
རྒྱལ་བའི་ཆོས་ཀྱི་བྱིན་རླབས་སྙིང་ལ་ཞུགས།། ཆོས་མཐུན་བྱ་བས་མི་ཚེ་རྫོགས་པར་སྨོན།།
ཡང་སྒོས་སྐུ་དྲིན་མཚུངས་མེད་མགོན་གཅིག་པུ།། མི་དབང་ཡབ་སྲས་དམ་པའི་བཞེད་དོན་ཡང་།།
གེགས་མེད་ཇི་བཞིན་འགྲུབ་པའི་ཐུགས་སྨོན་དང་།། སྐུ་ཚེ་ཡུན་བརྟན་སྨོན་ལམ་གནང་བར་འཚལ།།
84
གནས་བཤད་འདོད་འཇོའི་བུམ་བཟང་།
བྱ་རྒོད་ཕུང་པོའི་རི། Gridhakuti Hill སྟོན་པས་ཆོས་འཁོར་བར་པ་བསྐོར་བའི་ཞིང་།། བྱ་རྒོད་ཚོགས་སྡོད་འདྲ་བའི་རི་ཡི་རྩེར།།
དད་མོས་ཞབས་ཟུང་གོམ་པ་དོར་དོར་ནས།།
གནས་མཇལ་ཕེབས་པར་སྙིང་ནས་ལེགས་སོ་ཡོད།། གནས་བཤད་མདོར་བསྡུས།
སྟོན་པ་མཆོག་གིས་གནས་འདི་ནང་ལུ་ཆོས་འཁོར་རིམ་པ་༣གྱི་ནང་ལས་བཀའ་བར་ པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་ནུག། གནས་བཤད་རྒྱས་པ།
གནས་འདི་གི་མཚན་བྱ་རྒོད་ཕུང་པོའི་རི་ཟེར་ཞུ་དགོ་མི་འདི་ཡང་ཐག་རིང་ས་ལས་ མཇལ་བ་ཅིན་རི་འདི་གི་བཟོ་རྣམ་འདི་བྱ་རྒོད་ལེ་ཤཱ་འཛོམས་ཏེ་སྡོད་སྡོདཔ་བཟུམ་ སྦེ་ཡོདཔ་ལས་བརྟེན་བྱ་རྒོད་ཕུང་པོའི་རི་ཟེར་གསུང་མི་ཁག་གཅིག་དང་།
ཧེ་མ་
ས་གནས་འདི་དུར་ཁྲོད་ཨིནམ་ལས་བརྟེན་དུས་ཨ་རྟག་རང་བྱ་རྒོད་ལེ་ཤཱ་འཁོར་ཏེ་ སྡོདཔ་ལས་བྱ་རྒོད་ཕུང་པོའི་རི་ཟེར་གསུང་མི་ཁག་གཉིས་ཡོད།། འགྲུལ་འཁོར་བཞག་ས་ལས་བྱ་རྒོད་ཕུང་པོའི་རི་ལུ་བྱོནམ་ད་གི་ གཟུགས་ཅན་སྙིང་པོའི་ལམ་ཟེར་ཞུཝ་ཨིན།
བྱོན་ལམ་འདི་ལུ་
དེ་སྦེ་ཞུ་དགོ་མི་འདི་ཡང་
རྒྱལ་པོ་
གཟུགས་ཅན་སྙིང་པོ་མཆོག་ སྟོན་པ་མཇལ་བར་བྱོན་པའི་སྐབས་ལས་རང་ དམག་
མི་ཚུ་གིས་བྱོན་ལམ་འདི་བཟོ་ཡོདཔ་ཨིན་མས། བྱོན་ལ་བདའ་སྟེ་བྱོནམ་ད་ ལག་
85
གནས་བཤད་འདོད་འཇོའི་བུམ་བཟང་།
པའི་གཡོན་ཁ་ཐུག་ལུ་མཆོད་རྟེན་གྱི་ཤུལ་གཅིག་ཡོད།
འ་ནི་རྒྱལ་པོ་ཆིབས་རྟ་ལས་
བབས་སའི་གནས་ཨིན་མས། དེ་ལས་ལམ་རྒྱ་གྲམ་གྱི་གཡས་ཁ་ཐུག་མཆོད་རྟེན་གྱི་
ཤུལ་ཡོད་ས་འདི་་ རྒྱལ་པོ་མཆོག་གིས་ཕྱག་ཞུ་མི་ཚུ་ལོག་གཏང་སྦེ་ རྒྱལ་པོ་སྐུ་རྐྱང་ སྦེ་བྱ་རྒོད་ཕུང་པོའི་རི་ལུ་སྟོན་པ་མཇལ་བར་བྱོན་པའི་ཤུལ་ཨིན་མས།། དེ་ལས་་བྱོནམ་ད་དང་པ་རང་བྱག་ཕུག་ཡོད།
བྱག་ཕུག་འདི་ཉན་ཐོས་མཽངྒལ་བུ་ཡི་
སྒྲུབ་ཕུག་ཨིན་ཟེར་སླབ་ཨིན་མས། འདི་གི་ལྟག་ལུ་ཡང་བྱག་ཕུག་གཅིག་ཡོད། འདི་ ཉན་ཐོས ་ཤཱ་རི་བུའི་སྒྲུབ་ཕུག་ཨིན་ཟེར་བཤདཔ་ཨིན་པས། དེ་བྱོནམ་ད།
འདི་ཁ་ལས་འཕྲོ་མཐུད་
མཐོང་གསལ་ཆེ་ཏོག་ཏོ་དང་སེམས་བག་ཆགས་ཏོག་ཏོ་ཡོད་མི་སྤོག་
ཏོ་ཅིག་གུ་ལྷོད་འོང་། འདི་གི་མཐའ་འཁོར་ལུ་རྩིགཔ་བརྐྱབས་ཏེ་ནང་ན་ལུ་རྡོ་གཅལ་ དང་སྟེགས་ཁྲི་ཡང་བསྒྲིགས་ཏེ་ཡོད།
རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་གིས་ཆོས་འཁོར་
བར་པ་འདི་གནས་འདི་ནང་བསྐོར་གནང་གནངམ་ཨིནམ་དང། བཅོམ་ལྡན་འདས་ཀྱིས་ལོ་༥ལྷགཔ་ཅིག་ཤེར་ཕྱིན་དང་། སོགས་པ་གསུངས་ཡོདཔ་ཨིན་པས།
འདི་ནང་སྟོན་པ་
མདོ་སྡེ་པདྨ་དཀར་པོ་ལ་
འདི་མ་ཚད་སྟོན་པའི་ཉན་ཐོས་ཀུན་དགའ་བོ་
ལ་སོགས་པ་ཡང་ལོ་ལེ་ཤཱ་གི་རིང་གནས་འདི་ནང་ལུ་སྒོམ་གནང་སྟེ་བཞུགས་ཡོད་ པའི་ལོ་རྒྱུས་ཡང་འདུག འདི་འབདཝ་ལས་གནས་བསྐོརཔ་ཚུ་གིས་རང་རང་སོ་སོའི་ དལ་ཁོམ་དང་བསྟུན་ཏེ་གནས་འདི་ནང་བཞུགས་ཞིནམ་ལས་ཤེས་རབ་སྙིང་པོ་དང་། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྩ་བ་ཚུ་ཡང་ཁ་ཐུན་སྦེ་གནང་སྲོལ་ཡོདཔ་ཨིན།།
86
གནས་བཤད་འདོད་འཇོའི་བུམ་བཟང་།
སོ་ན་བྷན་ཌཪ། Sonabander
མ་སྐྱེས་དགྲ་ཡིས་ཡབ་རྗེ་བཀྲོངས་པའི་མཐར།། བཙུན་མོ་ཀོ་ས་དེ་བི་ཐུགས་ཕམ་སྟེ།།
གྱ་ནོམ་དངོས་རྫས་ཇི་ཡོད་སྦས་པའི་གནས།། སོ་ན་བྷན་ཌར་བྲག་ཕུག་མཇལ་བར་ཞུ།།
གནས་འདི་གི་སྐོར་ལས་བཤད་ཐང་མ་འདྲཝ་ཡོད་དེ་འབད་རུང་རྣ་རྒྱུན་གྱི་གཏམ་རྒྱུད་ ཅིག་ལུ་གཞི་བཞག་སྟེ་ཞུ་བ་ཅིན། སྲས་མ་སྐྱེས་དགྲ་གིས་རང་གི་ཡབ་གཟུགས་ཅན་ སྙིང་པོ་བཙོན་ཁང་ནང་ལུ་བཙུགས་ཏེ་བཀྲོངས་པའི་ཤུལ་མར།
བཙུནམོ་ཀོ་སཱ་དེ་བི་
ཐུགས་ཕམ་ཏེ་བང་མཛོད་ནང་ཡོད་མི་རིན་པོ་ཆེ་དང་གསེར་དངུལ་གྱི་རིགས་ཚུ་བྱག་ ཕུག་འདི་ནང་བཙུགས། ཕྱི་ལས་སྒོ་བསྡམས་ཞིནམ་ལས་འདི་གུ་མོ་རའི་ཕྱག་གིས་ཡི་ གུ་བྲིས་ཏེ་དེ་སྦེ་གསུངས་ནུག
མ་འོངས་པའི་དུས་སྐབས་ལུ་ཡི་གུ་འདི་ལྷག་ཚུགས་
གསུངས་པའི་ལོ་རྒྱུས་འདུག།
བྱག་ཕུག་ནང་ན་འཛུལ་ཏེ་བལྟཝ་ད་ལོག་ཅིག་ཁར་
མི་གཅིག་འཐོན་འོང་།
འདི་གི་སྐབས་ལུ་སྒོ་འདི་ཡང་རང་བཞིན་གྱིས་ཁ་ཕྱེ་འོང་ཟེར་
སྒོ་གི་ཤུལ་དང་། ཧེ་མ་བཙུནམོ་ཀོ་ས་དེ་བི་གྱིས་བྲིས་གནང་མི་ཡི་གུ་ཚུ་ལེགས་ཤོམ་ འབད་བལྟ་བ་ཅིན་བྱག་གུ་ལུ་ད་རེས་ནང་པ་ཡང་མཇལ་ནི་ཡོད་ཟེར་ཞུ་ནི་ཨིན།། བཤད་ཐང་གཅིག་ལས་འབད་བ་ཅིན།
མཛད་མཛདཔ་ཨིན་ཟེར་སླབ་ཨིན་མས།།
གནས་འདི་ནང་ལུ་བཀའ་བསྡུ་དང་པོ་ཡང་
ངེས་བདེན་གསལ་བཤད་ཕུལ་བའི་མཐུ་མེད་ཀྱང་།།རིང་ནས་གྲགས་པའི་རྣ་རྒྱུན་གཏམ་ལ་བཅོལ།།
གསལ་བཤད་ཟེགས་མ་བབས་པའི་རྟེན་འབྱུང་འདིས།།ཀུན་གྱི་བཞེད་འདོད་བུམ་པ་དགང་བར་སྨོན།།
87
གནས་བཤད་འདོད་འཇོའི་བུམ་བཟང་།
ཤིང་རྟ་འདྲེན་པའི་གནས།
ཤཱཀྱའི་སྲས་པོ་རྫོགས་སངས་རྒྱས་པའི་གཏམ།། བིམྦི་སཱ་རའི་སྙན་དུ་སིམ་པའི་མོད།།
ཤིང་རྟར་མཆོད་རྫས་གཏམས་ནས་འདྲེན་པའི་དུས།།
ཤིང་རྟའི་འཁོར་ལོའི་རྗེས་འབྱུང་གནས་འདི་གཟིགས།། གནས་འདི་གི་སྐོར་ལས་ཡང་གསལ་བཤད་འབད་ཐང་སྣ་ཚོགས་ཡོད།
ཨིན་རུང་
གཅིག་ཞུ་བ་ཅིན། ཧེ་མ་རྒྱལ་པོ་བིམྦི་སཱ་ར་འམ་གཟུགས་ཅན་སྙིང་པོ་གྱིས་ཤཱཀྱ་ཐུབ་
པ་མཆོག་སངས་རྒྱས་ནུག་ཟེར་བའི་ལོ་རྒྱུས་གསན་ཏེ། སངས་རྒྱས་མཆོག་ལུ་འཕུལ་ ནི་སྦེ་འབུལ་བ་ཚུ་ཤིང་རྟ་གུ་ལུ་སྐྱེལ་ཏེ་བྱོནམ་ད།
ཤིང་རྟ་རྒྱལཔོ་ཁོ་ར་གཅིག་གིས་
འབད་འཐེན་པའི་སྐབས་ལུ། རྒྱལཔོ་ཁོ་རའི་འགྱུར་མེད་ཡིད་ཆེས་དད་པ་དང་སྟོན་པ་ ཤཱཀྱ་ཐུབ་པ་མཆོག་གི་ཐུགས་རྗེ་ལས་བརྟེན།
འཐོན་འཐོནམ་ཨིན་ཟེར་བཤདཔ་ཨིན་མས།།
རྡོ་གུ་ལུ་ཤིང་རྟ་འཁོར་ལོའི་པར་འདི་
འདས་པའི་གཏམ་གྱི་དགའ་མ་དཔང་པོར་བཅོལ།། ད་ལྟ་གསལ་བཤད་མདོ་ཙམ་གླེང་བ་ཡིས།།
མ་འོངས་གནས་འདིར་ཕེབས་པའི་འབྲུག་མི་ཚོར།། ཕན་བདེའི་ཉི་མ་ཅི་ཡང་འཆར་བར་ཤོག།
88
གནས་བཤད་འདོད་འཇོའི་བུམ་བཟང་།
The Venuvana འོད་མའི་ཚལ། ཚ་ཆུའི་སྦོ་ལོགས་ཁར་གཞུང་ལམ་གྱི་རྩ་བ་ལུ་ བེ་ནུ་ཝ་ན་ཟེར་བའི་ལྡུ་ར་གཅིག་ཡོད། འ་ནི་ལྡམ་ར་འདི་
རྒྱལ་པོ་གཟུགས་ཅན་སྙིང་པོ་གིས་སྟོན་པ་མཆོག་ལུ་ཕུལ་ཡོདཔ་
ཨིནམ་དང་། དེ་ཡང་སྟོན་པ་མཆོག་ལུ་རྒྱ་གར་གྱི་རྒྱལཔོ་ཚུ་གིས་ཕུལ་ཡོད་པའི་ལྡུམ་
ར་ཚུ་གི་གྲལ་ཁ་ལས་འགོ་དང་པ་ཨིན་པས། བེ་ནུ་ཝ་ན་ཟེར་མི་དོན་དག་འདི་པགས་
ཤིང་ལྡུམ་ར་ལུ་གོཝ་ཨིན། སྟོན་པ་མཆོག་རྡོ་རྗེ་གདན་ལུ་སངས་རྒྱས། ཝཱ་ར་ཎཱ་སི་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཤུལ་མ་རྒྱལ་པོའི་ཁབ་ལུ་བྱོན་ཏེ་ བྱ་རྒོད་ཕུང་པོའི་རི་ལུ་ བཞུགས་པའི་སྐབས་ རྒྱལ་པོ་གཟུགས་ཅན་སྙིང་པོ་གིས་ སྟོན་པ་འཁོར་དང་བཅས་ པ་གདན་འདྲེན་ཞུ་ཞིནམ་ལས་ གསོལ་བ་དྲངས་ཚར་བའི་ཤུལ་མ་ རྒྱལ་པོ་ཁོ་རའི་
ལྡུམ་ར་གྲངས་སུ་ལས་དགའ་ཤོ་གཅིག་ཨིནམ་མི་བེ་ནུ་ཝ་ན་འདི་ སྟོན་པ་འཁོར་དང་ བཅས་པའི་བཞུགས་གནས་སྦེ་ཕུལ་ནུག
ལྡུམ་ར་འདི་ནང་ལུ་ཆུ་རྫིང་གཅིག་ཡོད་མི་
འདི་གི་མིང་ལུ་ ཀ་རཎྜ་ཟེར་སླབ་ཨིནམ་དང་། ཆུ་རྫིང་འདི་སྟོན་པའི་སྐུ་ཁྲུས་གནང་ སའི་ཆུ་རྫིང་ཨིནམ་མ་ཚད། གནས་འདི་ནང་ལུ་ སྟོན་པ་མཆོག་བཞུགས་པའི་རིང་ མདོ་སྡེ་མང་རབ་ཅིག་གསུངས་ཡོད་པའི་ཁར། ག་ལ།
གནས་འདི་ཤ་རི་པུ་ཏྲ་དང་།
མོོའུ་
འོད་སྲུང་ཆེན་པོ་ལ་སོགས་པའི་སྐད་གྲགས་ཅན་གྱི་འཁོར་ལེ་ཤ་ཅིག་ར་རབ་
ཏུ་འབྱུང་སའི་གནས་ཨིན་མས། ཨིན་རུང་ཤུལ་ལས་ནང་པའི་བསྟན་པའི་ཉམས་པའི་ སྐབས་ལུ་ མུ་སི་ལིམ་གྱི་མི་རོ་བཞག་ས་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས།།
89
གནས་བཤད་འདོད་འཇོའི་བུམ་བཟང་།
Saptapani Cave ལོ་མ་བདུན་པའི་རི་ཕུག ཚ་ཆུ་ཡོད་ས་ལས་ཡར་འཛེགས་འགྱོཝ་ད་
གཅེར་བུ་པའི་ཨ་དི་ནཱཐའི་༼ཐོག་མའི་
མགོན་པོ༽ ལྷ་ཁང་ཡོད་ས་ལྷོད་ནི་དང་། འདི་ཁ་ལས་བྱང་ཁ་ཐུག་ལས་མར་ གདན་ ཁྲི་འབབ་འགྱོཝ་ད་སྒྲུབ་ཕུག་དྲུག་ཡོད། ཨིནམ་དང་།
ས་གནས་འདི་ལུ་འོད་སྲུང་ཕུག་ཟེར་སླབ་
འཕགས་པ་འོད་སྲུང་གིས་དབུ་འཁྲིད་མཛད་ཐོག་ལས་བཀའ་བསྡུ་
དང་པ་མཛད་སའི་གནས་ཨིན། འདི་ཡང་སྟོན་པ་བཅོམ་ལྡན་འདས་བཤགས་ཞིནམ་ ལས་ཟླ་བ་དྲུག་གི་ཤུལ་མ་ འོད་སྲུང་གིས་བཀའ་བསྡུ་གི་དབུ་འཁྲིད་མཛད། རྒྱལ་པོ་ མ་སྐྱེས་དགྲ་གིས་སྦྱིན་བདག་མཛད་ཞིནམ་ལས་
བཀའ་བསྡུ་མཛད་པའི་སྐབས་ལུ་
དགྲ་བཅོམ་པའི་གོ་འཕང་ཐོབ་མི་དེ་ཚུ་གིས་བཀའ་བསྡུ་མཛད་ཆོག་ནི་དང་། མ་ཐོབ་ མི་དེ་ཚུ་སྒྲུབ་ཕུག་ནང་ན་བྱོན་མ་ཆོགཔ་སྦེ་ཨིན་མས།།
དེ་ལས་དགྲ་བཅོམ་པ་དེ་ཚུ་རང་ར་སོ་སོའི་བརྫུ་འཕྲུལ་མ་འདྲ་བའི་ཐོག་ལས་སྒྲུ་ཕུག་ ནང་ནང་བྱོནམ་ད་ ཚུགས་པས།
ཀུན་དགའ་བོ་འདི་
དགྲ་བཅོམ་པ་མ་ཐོབ་ལས་བརྟེན་བྱོན་མ་
ཁོ་གིས་དེ་ཚེ་ཞག་གཅིག་རིང་ངེ་འཛིན་བསྒོམས་བཞུགས་ཏེ་
ནངས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་ཞིནམ་ལས་
དེ་གི་
སྐུ་གཟུགས་འོད་གསལ་
བཟུམ་ལུ་བསྒྱུར་ཞིནམ་ལས་ སྒྲུབ་ཕུག་ནང་ན་བྱོན་ནུག དེ་ལས་ཟླཝ་བདུན་གྱི་རིང་ སྟོན་པའི་བཀའ་དེ་ཚུ་སྐྱོར་བའི་སྐབས་ལུ་ ཀུན་དགའ་བོ་ཁྲི་ལུ་བཞུགས་ཞིནམ་ལས། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ནང་།
ཞེས་པ་ལ་སོགས་པའི་སྒོ་ནས་མདོ་
སྡེ་གསུངས། ཉེ་བར་འཁོར་༼ཨུ་པ་ལི།༽ གྱིས་འདུལ་བ་དང་། འོད་སྲུང་གིས་མ་ མོ༼མངོན་པ༽ ནུག།
དེ་ཚུ་གསུངས་སྦེ་
དགྲ་བཅོམ་པ་དེ་ཚུ་གི་ཐུགས་རྒྱུད་ལུ་བཟུང་
90
གནས་བཤད་འདོད་འཇོའི་བུམ་བཟང་།
Bimvisara Jail གཟུགས་ཅན་སྙིང་པོའི་བཙོན་ཁང་། ཚ་ཆུ་ལས་རྡོ་རྗེ་གདན་ཁ་ཐུག་བྱོནམ་ད་
གཞུང་ལམ་གཡོན་ཁ་ཐུག་ཀི་ལོ་མི་ཊར་
གཅིག་ཙམ་ཅིག་བྱོནམ་ད་ བིམ་བི་སཱ་ར་ཇེལ་ཟེར་མི་གཅིག་མཇལ་ནི་ཡོད། འ་ནི་
གནས་འདི་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ ཁོ་རའི་སྲས་མ་སྐྱེས་དགྲ་གིས་བརྩོན་ ཁྲིམས་ནང་བཟུགས་ཡོད་པའི་གནས་ཤུལ་ཨིན།
ཡབ་རྒྱལ་པོ་གཟུགས་ཅན་སྙིང་
པོ་བརྩོན་ནང་བཙུགས་པའི་སྐབས་ སྲས་འདི་གིས་ཁོ་རའི་ཡབ་ལུ་ ཁྱོད་རང་གི་རེ་ བ་བསྒྲུབ་དགོཔ་ག་ཅི་ཡོདཔ།
ང་ལུ་གསུངས་པ་ཅིན་ང་གིས་བསྒྲུབ་གེ་ཟེར་ཞུཝ་ད།
ཡབ་ཀྱིས་ ངེད་ཀྱི་རེ་བ་ག་ནི་ཡང་མེད་ ཨིན་རུང་ངེད་ཀྱི་བརྩོན་ཁང་འདི་ནང་ བྱ་ རྒོད་ཕུང་པོའི་རི་མཐོང་ཚུགས་པའི་སྒོ་ཅུ་གཅིག་བཏོན་གནང་། ལས་བྱ་རྒོད་ཕུང་པོའི་རི་ལུ་
ང་རང་སྒོ་ཅུ་འདི་ནང་
སྟོན་པ་བཅོམ་ལྡན་འདས་ཡར་མར་བྱོནམ་ད་མཇལ་
ཚུགས་པ་ཅིན་ རེ་བ་རྫོགསཔ་ཟེར་རུང་དེམ་ཅིག་ཨིན་ཟེར་གསུངས་ནུག། དེ་ལས་ཡབ་ཀྱིས་གསུངས་བཞིན་དོ་བཟུམ་སྦེ་
བརྩོན་ཁང་འདི་ནང་
བྱ་རྒོད་ཕུང་
པོའི་རི་ཁ་ཐུག་ལུ་སྒོ་ཅུ་གཅིག་བཟོ་ཡོདཔ་དང་། ཡབ་རྒྱལཔོ་སྐུ་གཟུགས་བཙོན་ཁང་ ནང་བཞུགས་རུང་། སྤྱན་གྱིས་བྱ་རྒོད་ཕུང་པོའི་རི་ལ་གཟིགས་ཞིནམ་ལས་ ཐུགས་
ལུ་སྐྱོ་བ་དང་སྡུག་བསྔལ་ག་ནི་ཡང་མེད་པར་བཞུགས་ནུག ཨིན་རུང་སྲས་དེ་ངལ་མ་ རངས་པར་
ཡབ་རྒྱལཔོ་ལུ་ཁྲིམས་གཅོད་དམ་དམ་སྦེ་བཀལ་དགོ་པའི་བཀའ་རྒྱ་
གནང་སྟེ་བྱོན་པའི་ཤུལ་ལུ་ བཙོན་ཁང་ནང་ར་བཀྲོངས་ད་ནུག།
91
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་མཇལ་ཕེབས་པའི་སྐུ་མགྲོན་སེམས་བཟང་ཚོར།། བྱ་རྒོད་ཕུང་པོའི་གནས་བཤད་མཆོད་སྤྲིན་འདི།།
ཕངས་མེད་དགའ་གུས་བདག་པོས་འབུལ་ལགས་ན།། དགྱེས་བརྩེའི་ཐུགས་ཀྱིས་ཅི་དགར་བཞེས་པར་སྨོན།།
མཉན་ཡོད། ཤྲ་བསྟི། Sravasti དཀའ་དུབ་ངལ་བ་བརྒྱ་ཕྲག་མགོར་ལྷུང་ཡང་།། དད་མོས་མེ་ལྕེ་འབར་བའི་ཕོ་མོ་རྣམས།།
སྙིང་སྟོབས་ཞུམ་པ་མེད་པའི་གོ་འཁྲབ་བཞེས།།
འདི་ན་ཕེབས་པར་ལྷས་ཀྱང་ཕེབས་བསུ་གནང་།།
92
གནས་བཤད་འདོད་འཇོའི་བུམ་བཟང་།
སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་དབྱར་གནས་ཐེངས་༢༥ འི་རིང་བཞུགས་ས་དང་།མུ་ སྟེགས་པའི་སྟོན་པ་སྡེ་དྲུག་དང་རྫུ་འཕྲུལ་འགྲན་བསྡུར་གནང་ས་། དེ་ལས་སྡིག་ཅན་ སོར་མོའི་ཕྲེང་བ་ཡང་དག་པའི་ལམ་ལུ་བཙུགས་གནང་སའི་གནས་ཨིན།། གནས་བཤད་རྒྱས་པ།
གནས་འདི་ཡང་ཧེ་མ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་དུས་སྐབས་ལུ་ གྲོང་ཁྱེར་ཆེན་པོ་༦སྦེ་བརྩི་ནི་ཡོད་མི་གྲངས་སུ་ལས་གྲོང་ཁྱེར་ཀོ་སཱ་ལའི་རྒྱལ་ས་ལྟེ་ བ་ཨིན་པས།
སྟོན་པ་མཆོག་ཡུན་རིངམ་སྦེ་བཞུགས་སའི་གནས་༢ལས་༡གནས་
འདི་ཨིན། གནས་ཀྱི་ཆགས་ཚུལ་འདི་ཡང་གཙང་ཆུ་ཅིག་གི་སྦོ་ལོགས་ཁར་ཆགས་ཏེ་ ཡོད། གཙང་ཆུ་དེ་གི་མིང་ཡང་ཧེ་མ་འབད་བ་ཅིན་ཨ་ཅི་རཱ་བཱ་ཏི་ཟེར་སླབ་ཨིནམ་དང་། ད་རེས་ནངས་པ་རཱཔ་ཏི་ཟེར་དར་ཁྱབ་ཡར་སོང་ནུག། གནས་འདི་མིང་ལུ་མཉན་ཡོད་ཟེར་ཞུ་མི་འདི་ཡང་།
སྔོན་མ་གྱི་དུས་ལུ་དྲང་སྲོང་
མཉན་པ་༼ཤྲ་བསྟ༽ཟེར་མི་ཅིག་བཞུགས་ཡོདཔ་ལས་མཉན་ཡོད་ཟེར་བའི་མིང་འདི་ དར་ཁྱབ་སོང་ནུག བཤད་ཐང་གཅིག་ལས་འབད་བ་ཅིན་མཧཱ་བྷཱ་རཏ་ཀྱི་སྐབས་ལུ་ཤྲ་ བཱསྟ་ཟེར་མི་རྒྱལཔོ་ཅིག་གིས་བཞུགས་གནས་འདི་ཁར་ཨིནམ་ལས། མིང་ཡང་ཤྲ་བཱསྟི་ཟེར་བཏགས་ཡོདཔ་སྦེ་བཤད་ཚུལ་འདུག།
ས་གནས་ཀྱི་
སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་གནས་འདི་ནང་ལུ་ཆོ་འཕྲུལ་སྟོན་པའི་མཛད་པ་དང་། མུ་སྟེགས་པའི་སྟོན་པ་སྡེ་དྲུག་བཏུལ་བའི་མཛད་པ་ཚུ་སྟོན་གནང་བའི་ཁར་ བཅོམ་ལྡན་འདས་
སྟོན་པ་
དུས་ཡུན་རིངམ་སྦེ་བཞུགས་སའི་བཞུགས་གནས་རྩ་ཆེ་ཏོག་ཏོ་
དང་ཁྱད་དུ་འཕགས་པ་ཅིག་ཨིན།།
93
གནས་བཤད་འདོད་འཇོའི་བུམ་བཟང་།
སྟོན་པ་མཆོག་མཉན་ཡོད་ལུ་ཕེབས་པའི་ལོ་རྒྱུས།
སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གནས་འདི་དང་འབྲེལ་བ་འབྱུང་དགོ་མི་འདི་ཡང་ཧེ་
མ་ས་གནས་འདི་ནང་ལས་ཨིན་མི་ཡོངས་གྲགས་ཅན་གྱི་ཚོང་པ་སུ་དཱཏྟ་འམ་མིང་ གཞན་ཁྱིམ་བདག་མགོན་མེད་ཟས་སྦྱིན་༼ཨ་ནཱ་ཐཱ་པིནྡྲི་ཀ༽ཟེར་མི་ཅིག་ཡོ ད པ་ མས།
ཁོ་རྒྱལ་པོའི་ཁབ་ལུ་ཚོང་དཔོན་ཅིག་གི་མནའ་མ་སྦེ་བཏང་ཡོད་མི་ཁོ་རའི་
སྲིངམོ་འཕྱད་པ་འགྱོཝ་ད།
འདི་ནང་ལུ་སྟོན་པ་བཅོམ་ལྡན་འདས་མཆོག་དང་དགེ་
སློང་ཚུ་གསོལཝ་ལུ་གདན་འདྲེན་ཞུ་ནིའི་བཅའ་སྒྲིགས་རྐྱབ་མི་དང་ཁ་ཐུག་རྐྱབ་ནུག
དེ་ལས་ཁོ་གིས་སྐུདཔོ་ལུ་ག་ཅི་གི་དོན་ལུ་གྲ་སྒྲིགས་འབདཝ་སྨོ་ཟེར་དྲིཝ་ད། སྐུདཔོ་ གིས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅསཔ་ནཱ་ལུ་གསོལཝ་བཞེས་པ་ འབྱོན་ནི་ཨིན་ཟེར་སླབ་ནུག
དེ་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཁོ་ཡང་ཧིང་
ལས་རང་སྟོན་པ་མཇལ་ནི་གི་སྤྲོ་བ་སྐྱེད་དེ་སྡོད་པའི་བར་ན་རང་སྟོན་པ་འཁོར་དང་ བཅས་པ་ཕེབས་གནང་ནུག ཁོ་གིས་སྟོན་པ་མཆོག་གི་ཞལ་མཇལཝ་ཙམ་ཅིག་གིས་ སེམས་ལུ་ཡིད་ཆེས་དང་དགའ་ཚོར་སྦོམ་སྐྱེས་ཞིནམ་ལས། སྟོན་པ་མཆོག་ མཉན་ ཡོད་ལུ་ཡང་འབྱོན་དགོཔ་སྦེ་ཞུཝ་ད་ཞལ་གྱི་བཞེས་གནང་ཡོདཔ་ཨིན་པས།།
ཁོ་རང་མཉན་ཡོད་ལུ་ལྷོད་དེ་སྟོན་པ་མཆོག་བཞུགས་སའི་ས་ཁོངས་སྐྱིད་ཏོང་ཏོ་ཅིག་
ཞིབ་འཚོལ་འབདཝ་ད། རྒྱལཔོ་པཱར་སཱེ་ན་ཇཱི་ཏ་གིས་ཁོ་རའི་སྲས་ཇཱི་ཏ་ལུ་གནང་ཡོད་ མི་ལྡུམ་ར་འདི་ལས་དགའཝ་ད་སྐྱིད་པའི་ས་ཁོངས་ཅིག་མ་ཐོབ་པར།
རྒྱལ་སྲས་ཇཱི་
ཏ་བཞུགས་སར་བཅར་ནུག འདི་སྒང་རྒྱལ་སྲས་མཆོག་གིས་ལྡུམ་རའི་གོང་ཚད་འདི་ ས་ཁ་ལས་ཕར་གསེར་ཊམ་བཀྲམས་ཏེ་ཁྱབ་ས་ཚུན་ཚོད་བཙོང་ནི་ཨིན་ཟེར་གསུངས་ ནུག།
དེ་ལས་ཁོ་གིས་ཁོ་རའི་བང་མཛོད་ནང་ཡོད་མི་གསེར་དངུལ་གེ་ར་འབག་སྟེ་
94
གནས་བཤད་འདོད་འཇོའི་བུམ་བཟང་།
ལྡུམ་རའི་ས་ཁོངས་ནང་ལུ་དཔྱ་༣དེ་ཅིག་བཀྲམ་སྟེ་དཔྱ་༡་གུ་ལྷོདཔ་ད་རྒྱལ་སྲས་ཇཱི་
ཏ་བྱོན་ཏེ་གཟིགས་པའི་སྐབས་ལུ། ལྡུམ་ར་འདི་གསེར་ཊམ་གྱི་ལ་བཟུམ་གཟིགསཔ་ ལས་ཧ་ལས་ཏེ།
གསེར་ཊམ་དེ་ཅིག་གིས་བཏུབ་འབད་ཟེར་གསུངས་ཏེ་ལྡུམ་ར་འདི་
མགོན་མེད་ཟས་སྦྱིན་ལུ་གནང་ཡོདཔ་མ་ཚད།
འདི་ཁར་རྒྱལ་སྲས་མཆོག་གིས་
འཛུལ་སྒོ་ཅིག་ཡང་བཟོ་བསྐྲུན་གནང་ཡོད་པའི་ཁར་ལུ། དགའ་རྭ་བ།
གཙུག་ལག་ཁང་དང་ཀུན་
སྟོན་པའི་བཞུགས་ཁང་ཚུ་བཞེངས་ནིའི་དོན་ལུ་ཤིང་ཆ་ཚུ་ཡང་གནང་
ཡོདཔ་ཨིན་པས།།
དེ་ལས་མགོན་མེད་ཟས་སྦྱིན་གྱིས། གཙུག་ལག་ཁང་དང་ཀུན་རྭ། སྟོན་པའི་བཞུགས་ ཁང་ཚུ་བཞེངས་པའི་སྐབས་ལུ་ལཱ་བཀོད་དེ་ཚུ་ག་ར་ཤ་རི་བུ་གིས་མཛད་གནང་ཡི་ཟེར་
ཨིན་མས། ལྡུམ་ར་འདི་ནང་སྟོན་པ་བཞུགས་ས་དང་། གཙུག་ལག་ཁང་ཚུ་ག་ནི་བ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཡོདཔ་མ་ཚད།
མཐའ་འཁོར་གནས་སྟངས་ཚུ་ཡང་ ཧིང་
སངས་ས་དང་། གསོལ་ཆུའི་དོན་ལུ་ཆུ་དོང་ཡང་བཟོ་བསྐྲུན་འབད་དེ་ སྟོན་པ་བཅོམ་ ལྡན་འདས་གདན་འདྲེན་ཞུ་ནུག།
དེ་ལས་སྟོནཔ་མཆོག་ཕེབས་ཞིནམ་ལས་རྒྱལ་སྲས་ཇི་ཏཱ་དང་ཨ་ནཱ་ཐཱ་པིནྡྲ་ཀཱ་གཉིས་
ཀྱིས་གཙུག་ལག་ཁང་དང་ལྡུམ་ར་གི་རྟེན་འབྲེལ་མཛད་སྒོའི་སྐབས་ལུ་ལྷག་བསམ་ རྣམ་དག་གི་ཐོག་ལས།
ལྡུམ་ར་དང་གཙུག་ལག་ཁང་དང་བཅས་པ་བཅོམ་ལྡན་
འདས་ལུ་ཕུལ་ནུག། སྟོན་པ་མཆོག་གིས་ལྡུམ་རའི་མིང་ཡང་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་རྭ་བ་དང་།
རྒྱལ་བྱེད་ཚལ་གྱི་གཙུག་ལ་ཁང་༼ཨ་ནཱ་ཐཱ་པིནྡྲ་ཀཱ་ཨ་རཱ་མཱ
།ཇི་ཏཱ་ཝན་བི་ཧར༽ཟེར་བཏགས་གནང་ནུག།
དུས་འདི་ལས་འགོ་བཟུང་སྟོན་པ་ཞལ་བཞུགས་པའི་སྐབས་ལུ་ལོ་གྲངས་༢༥འི་རིང་ ལུ་དབྱར་གནས་ས་གནས་འདི་ཁར་ཚོགས་གནང་ཡོད་པའི་ཁར།
95
ཆོ་འཕྲུལ་སྣ་
གནས་བཤད་འདོད་འཇོའི་བུམ་བཟང་།
ཚོགས་སྟོན་ཏེ་མུ་སྟེགས་པའི་སྟོན་པ་སྡེ་དྲུག་འཁོར་དང་བཅས་པ་བཏུལ་བའི་མཛད་ པ་དང་། སོར་མོའི་ཕྲེང་བ་ཡང་དག་པའི་ལམ་སྟོན་ཚུ་གནང་ནུག།
ཁོང་གི་ལོ་རྒྱུ་འདི་ཡང་
སྟོན་པ་སྡེ་དྲུག་བཏུལ་བའི་ལོ་རྒྱུ།
སྟོན་པ་སྡེ་དྲུག་གིས་
དེ་སྒང་རྒྱ་གར་ནང་ལུ་ཡོངས་གྲགས་ཡོད་མི་མུ་སྟེགས་པའི་
སངས་རྒྱས་བཅོམ་ལྡན་འདས་མཆོག་ལུ་སྔོན་མ་ལས་རང་
རྫུ་འཕྲུལ་སྟོན་ནིའི་ནུས་པ་དང་སྟོབས་ཤུགས་ག་དྲག་ག་འགྲན་བསྡུར་འབད་དགོཔ་ སྦེ་ཞུ་རུང་སྟོན་པ་མཆོག་གིས་ཞལ་གྱིས་བཞེས་མ་བཏུབ་པས།
མཇུག་རང་སྟོན་
པ་དགུང་ལོ་༥༧བཞེསཔ་ད་ས་གནས་འདི་ནང་འགྲན་བསྡུར་འབད་ནི་སྦེ་ཞལ་གྱིས་ བཞེས་ནུག
འདི་གི་དོན་ལུ་རྒྱལ་སྲས་ཇཱི་ཏ་གི་ཡབ་པཱ་ར་སཱེ་ནཱ་ཇཱི་ཏ་གིས་དམིགས་
མཛད་ནུག
དེ་ལས་ཟླཝ་དང་པའི་ཚེས་༡གི་དྲོ་པ་མུ་སྟེགས་པའི་སྟོན་པ་སྡེ་༦བྱོན་
བསལ་འབད་ཚོགསས་ཁང་ཅིག་དང་།
འདི་གི་ནང་ན་བཞུགས་ཁྲི་༧བཟོ་བསྐྲུན་
ཏེ་ཁྲི་ཁར་བཞུགསཔ་ད།
སྟོན་པ་བཅོམ་ལྡན་འདས་མཆོག་རླུང་མ་ལུ་ཆིབས་ཏེ་
བཤིགས་གནང་ཞིནམ་ལས་
ལོག་དེ་རང་ཕྱི་གསལ་ནང་གསལ་ཅན་གྱི་ཚོགས་ཁང་
མི་ཚུ་གིས་གནམ་ལོ་༢༠༡༡
གི་ལོ་ལུ་སྤར་སྐྲུན་འབད་མི་རྟ་མགོ་མཐོ་སློབ་ཀྱི་དུས་
ཕུར་བྱོན་ཞིནམ་ད་སྐུ་གཟུགས་ལས་ཆུ་དང་མེའི་ཆོ་འཕྲུལ་སྟོན་ཏེ། སྦེ་བཟོ་གནང་ནུག
ཚོགས་ཁང་འདི་
ཆོ་འཕྲུལ་དུས་ཆེན་གྱི་སྐོར་ལས་ཆ་ཚང་འབད་མཁྱེན་འདོད་ཡོད་
དེབ་༼བློ་གསལ་དགའ་བའི་ཟློས་གར༽འདི་གཟིགས་གནང་།།
96
གནས་བཤད་འདོད་འཇོའི་བུམ་བཟང་།
སོར་མོ་ཕྲེང་བའི་ལོ་རྒྱུ།
འདི་གི་ཟུར་ཁ་ཡོད་མི་མཆོད་རྟེན་སྦོམ་ཅིག་ཡོད་མི་འདི་སོར་མོའི་ཕྲེང་བ་གིས་ངན་ པའི་བྱ་བ་སྤངས་ཏེ་སྟོན་པའི་ཆོས་ལུ་སྐྱབས་སུ་འགྲོ་བའི་གནས་ཨིན།།
སོར་མོའི་ཕྲེང་བ་ཟེར་མི་འདི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་མཆོག་
གནས་འདི་ནང་བཞུགས་པའི་སྐབས་ལུ་འབྱུང་ཡོདཔ་མས། དེ་ཡང་སྔོན་མ་རྒྱལཔོ་པ་ རཱ་སེ་ནཱ་ཇི་ཏཱའི་བློན་པོ་ཚུ་གི་ནང་ལས་བློན་པོ་མཁས་ཤོས་ཅིག་ཡོདཔ་ཨིན་པས། ཁོ་
གི་ཨམ་སྲུ་འདི་ལས་བུ་མཚན་རྟགས་ལེགས་ཤོམ་དང་བྱད་ངོ་རིས་གཞན་ལས་ཁྱད་ དུ་འཕགསཔ་ཅིག་སྐྱེས་ནུག
དེ་ལས་བུ་ཡི་མཚན་རྟགས་བཟང་ངན་ཚུ་བལྟ་ནིའི་
དོན་ལས་མཚན་རྟགས་ལྟ་མི་ཅིག་འབོ་སྟེ་བུ་འདི་སྟོནམ་ད།
འདི་གིས་བུ་འདི་ལུ་བསོད་ནམས་ཆེ་བའི་རྟགས་མཚན་འདུག
མཚན་རྟགས་བལྟ་མི་
སེམས་སྤྱང་དྲག་དང་
གཞན་ལས་ཁྱད་དུ་འཕགས་པ་ཅིག་འོང་ནི་མས་ཟེར་སླབ་སྟེ། མིང་ཡང་མི་གདུང་བ་ ཟེར་བཏགས་ནུག།
མི་གདུང་བ་འདི་ལོ་ན་གཞོན་པའི་སྒང་ལས་རང་སྟོབས་ཤུག་ཆེ་དྲག་དང་གནམ་ཁ་ ལས་བྱ་འཕུར་རུང་མཆོངས་ཏེ་བདའ་ཟིན་པའི་རྩལ་ལ་ཅན།
ལམ་འགྱོ་བ་ཅིན་རྟ་
དང་འདྲན་འདྲ་འགྱོ་ཚུགས་པའི་མགྱོགས་དྲག་ཅན་ཅིག་སྦེ་ཡོདཔ་ལས།
ཡབ་བློན་
པོ ་ ཡང་བུ་འདི་བྱ་སྤྱོ ད་རྩུབ་དྲག་འདུག་ལེགས་ཤོ མ ་ཅིག་བཟོ ་ དགོ་པས་མནོ ་ བའི་ ཐུགས་བཞེད་གནང་ནུག
འདི་སྒང་གཡུས་འདི་ནང་ལུ་བྲམ་ཟེའི་སློབ་དཔོན་མཁས་
པ་ཅིག་བཞུགས་སྟེ་ཡོདཔ་ཨིན་པས། ཁོ་གི་འོག་ལུ་སློབ་མ་༥༠༠དེ་ཅིག་ཨ་རྟག་རང་ སློབ་སྦྱོང་འབད་དེ་སྡོད་མི་ཡོདཔ་མས།
བློན་པོ་གིས་བུ་མི་གདུང་བ་ཡང་སློབ་དཔོན་
འདི་གི་འོག་ལུ་བཙུགས་སྟེ་སློབ་སྦྱོང་འབད་བཅུག་ནུག
97
བུ་མི་གདུང་བ་གིས་སློབ་
གནས་བཤད་འདོད་འཇོའི་བུམ་བཟང་།
མ་གཞན་ཚུ་གིས་ལོ་༡ལུ་ཤེས་མི་འདི་ཁོ་གིས་ཉིནམ་༡
ནང་ཤེ ས་ཚུགས་དོ་ཡོདཔ་
ལས་བརྟེན་ཡུན་རིངམ་སྦེ་མ་འགོར་བར་སློབ་སྦྱོང་མཐར་འཁྱོལ་ནུག
བྲམ་ཟེ་སློབ་
དཔོན་འདི་གིས་ཡང་ཁོ་ལུ་བློ་གཏད་དང་ཡིད་ཆེས་སྦོམ་སྐྱེད་དེ་ག་ཏེ་བྱོན་སར་ཁྱིད་ དེ་སྡོད་ཡང་གཅིག་ཁར་སྡོད་དོ་ཡོདཔ་མས།
མི་གདུང་བ་འདི་གཟུགས་གཞི་དང་ངོ་
རིས་ལེགས་པའི་ཁར་ལུ་སློབ་སྦྱོང་གི་ཐད་ལས་འབད་རུང་གཞན་ལས་དྲག་ཤོས་ཅིག་ འབད་ནི་དེ་གིས།
སློབ་དཔོན་གྱི་ཨམ་སྲུ་ཡང་ཁོ་ལུ་ཆགས་ཏེ་འབད་རུང་ཁོ་ལུ་སླབ་
མ་ཚུགས་པར་དགའ་བའི་གཏམ་འདི་ཧིང་ཁ་རང་ལུས་ཏེ་ཡོདཔ་ཨིན་པས།།
ཉིནམ་ཅིག་འབདཝ་ད་སྦྱིན་བདག་གཅིག་གིས་བྲམ་ཟེ་སློབ་དཔོན་དང་སློབ་མ་ཚུ་
ཟླཝ་གསུམ་གྱི་རིང་ལུ་ཁོ་སྡོད་སར་འབྱོན་དགོ་པའི་ཞུ་བ་འཕུལ་ཡོདཔ་ལས་བརྟེན་ སློབ་དཔོན་གྱིས་ཨམ་སྲུ་ལུ་ང་དང་ངེད་ཀྱི་སློབ་མ་ཚུ་ཟླཝ་༣
གྱི་རིང་ལུ་སྦྱིན་བདག་
འདི་གི་ཁྱིམ་ནང་འགྱོ་ནི་ཨིན། འདི་འབདཝ་ད་སློབ་མ་ཚུ་གི་གྲས་ལས་༡ཕྱི་ཁར་དང་ ནང་ན་གི་ལཱ་འབད་མི་སྦེ་བཞག་དགོ་སྦེ་མནོ་ཡི། ག་བཞག་པ་ཅིན་དྲག་ག་ཟེར་དྲིཝ་ ད། ཨམ་སྲུ་གིས་ ཁྱིམ་ནང་གི་ལཱ་གི་སྐོར་ལས་ལེགས་ཤོམ་སྦེ་ཧ་གོ་མི་འདི་ མི་ གདུང་བ་ལས་ལྷགཔ་ག་ཡོདཔ། ཁོ་བཞག་པ་ཅིན་བཏུབ་ཟེར་སླབ་ལས་བརྟེན་ཁྱིམ་ ལཱ་འབད་མི་སྦེ་སྡོད་དགོཔ་བྱུང་ནུག།
སློ བ ་དཔོ ན་དང་སློ བ ་མ་ཚུ་རྒྱབ་ཐལ་བའི་ཤུལ་ལས་ཨམ་སྲུ་འདི་མི་གདུང་བ་ལུ་ དགའ་སེམས་ཡོད་ནི་འདི་གིས། ལུས་ཀྱི་རྣམ་འགྱུར་དང་གདོང་གི་དགའ་འཛུམ་སྟོན། ཧན་པའི་གཏམ་བརྒྱ་བཤད་སྟོང་བཤད། ཆགས་པའི་ཟུར་མིག་གི་མདའ་མོ་སྟོང་ཕྲག་
སྟོང་ཕྲག་སྦེ་བརྐྱབས་རུང་། མི་གདུང་བའི་སེམས་ལུ་གནོད་མ་ཚུགས་པས། དེ་ལས་
མོ་གིས་ཚར་ཅིག་འབདཝ་ད། ང་ཁྱོད་ལུ་ཧེ་མ་ལས་དགའ་རུང་ད་ལྟོ་ཚུན་ཚོད་སླབ་མ་
ཚུགས། ད་རེས་འབད་བ་ཅིན་ང་བཅས་གཉིས་ལས་གཞན་ག་ཡང་མེད། ད་ང་དང་
98
གནས་བཤད་འདོད་འཇོའི་བུམ་བཟང་།
གཅིག་ཁར་སྡོད་གེ་ཟེར་སླབཔ་ད་ མི་གདུང་བ་གིས་ང་བྲམ་ཟེ་ཅིག་ཨིན། བྲམ་ཟེའི་ ཆོས་ནང་ལས་སློབ་དཔོན་གྱི་ཨམ་སྲུ་དང་གཅིག་ཁར་ཞག་ཉལ་མ་བཏུབ་སྦེ་ཡོད་ཟེར་ སླབ་སྟེ་ཉན་ཁུག་མ་བཏབ་པར་སྡོདཔ་ལས་མོ་གི་འདོད་པ་གྲུབ་མ་ཚུགས་པས།།
དེ་ལས་མོ ་ ཁོང་ཁྲོ་ལངས་ཏེ་སློ བ ་དཔོ ན་ལོ ག ་བྱོ ན མ་ད་མོ ་ གི་གོ་ལ་འདི་ཚུ་ཡང་ ཧྲལ།གདོང་གུ་ལུ་ཡང་སེནམོ་གྱིས་རྨ་ བཏོན་ཞིནམ་ལས་ཉལ་ཏེ་སྡོད་དཔ་ཨིན་པས། སློབ་དཔོན་གྱིས་ག་ཅི་འབད་ཡི་ཟེར་དྲིཝ་ད་སྔུ་ཡི་སྔུ་ཡི་རང་དེ་སྦེ་སླབ་ནུག
ཁྱོད་
ཀྱིས་བློ་གཏད་དང་ཡིད་ཆེས་ཡོད་མི་སློབ་མ་མི་གདུང་བ་འདི་གིས། ཁྱོད་ཚུ་རྒྱབ་ཐལ་ བའི་ཤུལ་ལས་ང་འབད་སར་འོངམ་ད། ང་ལུ་དེ་སྦེ་འབད་ཡི་ཟེར་སླབ་ནུག ལུ་དེ་སྦེ་སླབ་ནུག
ང་གིས་ཉན་མ་བཏུབཔ་ལས་བརྟེན་ཁོ་གིས་
དེ་ལས་སློབ་དཔོན་དགོངསམ་ཁྲེལ་ཏེ་ཨམ་སྲུ་
མི་གདུང་བ་འདི་སྟོབས་ཤུགས་འབད་བ་ཅིན་མི་སྟོང་ཕྲག་གཅིག་
ཡོད་རུང་མི་ཐུབ། འདི་མ་ཚད་ཁོ་བློན་པོའི་སྲས་ཅིག་ཡང་ཨིནམ་ལས་བརྟེན། ཐབས་ ཤེས་ཅིག་སྟོན་ཏེ་ལཱ་ངན་པ་ཅིག་འབད་བཅུག་གེ་ཟེར་སླབ་ནུག།
དེ་ལས་སློབ་དཔོན་གྱིས་མི་གདུང་བའི་སྦོ་ལོག་ཁར་སོང་ཞིནམ་ལས་གཏམ་ཧན་ཏོང་ ཏོ་འབད་གསུང་སྟེ་སྤྲོ་བ་སྐྱེད་བཅུག་འབད།
མི་གདུང་བ་ལུ་ཁྱོད་ཀྱི་ཧེ་མ་ལས་ད་ལྟོ་
ཚུན་ཚོད་ང་ལུ་ལེགས་ཤོམ་འབད་ཕྱག་ཞུ་བའི་བཀའ་དྲིན་དགའ་ཚོར་སེམས་ཁར་
ཡོད། ད་ཁྱོད་ལུ་ཧེ་མ་ག་ལུ་ཡང་མ་སྟོན་མི་གསང་བའི་ཆོས་ཅིག་སྟོན་ནི་ཨིན། འདི་
ཁྱོད་ཀྱིས་སྒྲུབ་ཚུགས་པ་ཅིན་ཚངས་པའི་ལྷ་ལུ་སྐྱེ་ནི་ལུ་ཐེ་ཚོམ་མེད་ཟེར་གསུངམ་ད་
མི་གདུང་བ་དགའ་དྲག་སྟེ་པུས་མོ་ས་ཁར་བཙུགས་ཏེ་གསང་བའི་ཆོས་སྟོན་གནང་ ཟེར་གསོལཝ་བཏབ་ད།
སློབ་དཔོན་གྱིས་ཁྱོད་ཀྱིས་ཉིན་ཞག་བདུན་གྱི་རིང་ལུ་དགེ་
བ་བསྲུང་ཏེ་མི་སྟོང་ཕྲག་གཅིག་བསད་ཞིནམ་ལས། ལགཔ་གྱི་མཛུབ་མོ་རེ་རེ་བཞིན་ དུ་གཏོགས་ཞིནམ་ལས་སྐུདཔ་གིས་བརྒྱུད་དེ་ཕྱེམ་སྦེ་བཏགས་པ་ཅིན།
99
མཛུབ་མོ་
གནས་བཤད་འདོད་འཇོའི་བུམ་བཟང་།
སྟོང་ཕྲག་གཅིག་ལངམ་ད་ལུ་ལྷ་ཚངས་པ་དངོས་སུ་མཇལ་ཏེ་ཚེ་འཕོསཔ་ཅིག་ཚངས་ པའིལྷ་ལུ་སྐྱེ་འོང་ཟེར་བའི་ལམ་སྟོན་གནང་ནུག།
མི་གདུང་བའི་སེམས་ལུ་དོགས་པ་སྐྱེས་ཏེ་སློབ་དཔོན་ལུ་སྲོག་གཅོད་དེ་ཚངས་པའི་ ལྷ་ལུ་སྐྱེ་འོང་ཟེར་མི་འདི་རིགས་པ་དང་མི་མཐུན་པས་ཟེར་ཞུཝ་ད། སློབ་མ་ཨིན།
ཁྱོད་ངེད་ཀྱི་
ག་ཅི་འབད་ང་གིས་སྟོན་མི་ཆོས་འདི་ལུ་ཡིད་ཆེས་བསྐྱེད་མ་ཚུགསཔ་
སྨོ། ངོ་ཚ་དང་ཁྲེལ་མེད་པའི་མི་ཁྱོད་ནཱ་ལུ་མ་སྡོད་པར་ག་ཏེ་འགྱོ་རུང་སོང་ཟེར། གྱི་
ཅུ་ཅིག་ལུ་སྔགས་བརྐྱབས་འབད་ས་ཁ་ལུ་བཙུགས་བཞགཔ་ད། མི་གདུང་བའི་རྒྱུད་ ལུ་རང་བཞིན་གྱིས་འབད་ཁོང་ཁྲོའི་སེམས་སྐྱེས་འོངམ་ལས། སློབ་དཔོན་གྱིས་མཁྱེན་ ཏེ་ལག་པར་གྱི་ཅུ་སྤྲོད་ནུག
དེ་ལས་མི་གདུང་བ་གིས་མི་༩༩༩བསད་དེ་མཛུབ་མོ་ཚུ་
གཟུགས་ལས་མར་ཕྱེངམ་བཟུམ་སྦེ་བཏགསཔ་ལས་མིང་ཡང་སོར་མོའི་ཕྲེང་བ་ཟེར་ བཏགས་ནུག།
ཁོ་ཉིནམ་དཀརཔོ་ལུ་ཕྱི་ཁར་འགྱོ་ནི་འདྲོག་སྟེ་སྡོདཔ་ད་ཨའི་སེམས་ཀྱིས་བཟོད་མ་ ཚུགས་པར་བཞེས་སྒོ་འབག་འབད་འཚོལ་བ་འོང་ཡོདཔ་ཨིན་མས། ལུ་མཛུབ་མོ་༡
འདི་སྒང་ཁོ་
རྐྱངམ་ཅིག་དགོཔ་ལས་ཨའི་འབད་སར་རྒྱུགས་སོང་ཞིནམ་ལས་
ཨའི་གསད་ནི་འབདཝ་ད། འབདཝ་སྨོ་ཟེར་དྲིཝ་ད།
ཨའི་གིས་ཁྱོད་ག་ཅི་འབད་བྱ་བ་ངན་པ་འདི་བཟུམ་ཅིག་ ང་སློབ་དཔོན་གྱིས་བཀའ་དང་འཁྲིལ་ཏེ་འབདཝ་ཨིན།
འདི་འབདཝ་མཛུབ་མོ་སྟོང་༡ལང་པ་ལུ་ཕུད་རྡོག་༡ གིས་ཆདཔ་མས། ད་ཨའི་ཁྱོད་ ར་གསད་དགོ་ཟེར་སླབ་སྟེ་གསད་ནི་འབདཝ་ད།
སངས་རྒྱས་ཀྱིས་མཁྱེན་ཏེ་དགེ་
སློང་ཅིག་ལུ་སྤྲུལ་འབད་སོར་མོའི་ཕྲེང་བ་འབད་སར་བྱོན་ནུག ཁོ་གིས་དགེ་སློང་ཅིག་ འོང་ས་མཐོང་པའི་ཤུལ་ལས་ཨའི་གསད་ནི་བཞག་ཞིནམ་ད།
ཚ་ངེར་སྟོན་ཏེ་དགེ་
སློང་འདི་གསད་ནི་འབད་ག་དེམ་ཅིག་རྒྱུགས་རུང་དགེ་སློང་གི་རྟིང་བདའ་མ་ཟིན་པར་
100
གནས་བཤད་འདོད་འཇོའི་བུམ་བཟང་།
འུ་སྡུག་ཐང་ཆད་དེ། སོར་མོའི་ཕྲེང་བ་གིས། དགེ་སློང་ཁྱོད་དུམ་དྲག་ཅིག་སྡོད་གནང་ ། ཟེར་སྐད་རྐྱབཔ་ད་ལུ། དགེ་སློང་འདི་གིས། ང་ནཱ་རང་སྡོད་ཡོད། རྒྱུགས་མི་འདི་ ཁྱོད་རང་ཨིན་མས། ཟེར་གསུངམ་ད། སོར་མོའི་ཕྲེང་བ་གིས། ག་དེ་འབད་ཨིན་ན། ཁྱོད་ཀྱིས་སྡོད་ཡོད་ལོ། ང་གིས་བདའ་ཟིན་ནི་རང་མིན་འདུག ཟེར་ཞུ་ནུག དགེ་ སློང་འདི་གིས།
ངེད་ཀྱི་གཟུགས་དང་དབང་པོ་ཚུ་དུས་ཨ་རྟག་རང་ཞི་ཞིང་དུལ་བ་
དང་ཏིང་ངེ་འཛིན་གྱི་ངང་ལུ་སྡོད་ཡོདཔ་ཨིན། གྱིས་གསུང་ལུ་ཡིད་ཆེས་བསྐྱེད་དེ། མ་ཚུགས་པར།
ཁྱོད་ལམ་ལོག་པ་སྟོན་མི་སློབ་དཔོན་
ཁྱོད་རང་གི་སེམས་ཡང་མགུ་སྐོར་རྐྱབ་སྟེ་སྡོད་
ཉིན་མཚན་མེད་པར་མི་བསད་དེ་མཐའ་མེད་པའི་སྡིག་པ་བསགས་
ཏེ་རྒྱུགས་དོ། ཟེར་གསུངསམ་ཅིག སོར་མོའི་ཕྲེང་བ་གིས་ཧ་གོ་སྟེ་གྱི་ཅུ་འདི་ས་ཁར་ བཞག་སྦེ་དགེ་སློང་འདི་ལུ་སྐྱབས་སུ་མཆིའོ་ཟེར་ཕྱག་འཚལ་ནུག
དེལས་སྟོན་པའི་
སྐུ་གཟུགས་དངོས་སུ་སྟོན་ཏེ་སྐུ་གཟུགས་ལུ་མཚན་བཟང་པོ་༣༢ཚུ་ཡང་གསལ་ཏོག་ ཏོ་འབད་སྟོན་གནངམ་ད་སོར་མོའི་ཕྲེང་བ་ལུས་ས་ལུ་བརྡབས།
སྦོམ་སྐྱེས་ཏེ་སངས་རྒྱས་ཀྱི་སྐུ་མདུན་ལུ་སྡིག་པ་བཤགས་ནུག།
སེམས་ལུ་འགྱོད་པ་
སྟོ ན་པ་མཆོག་གིས་ཐུགས་ཀྱི་བརྩེ་བ་རྒྱ་ཆེ་ས་ལས་གཟིགས་ཏེ་བཀའ་སློ བ ་དང་ སེམས་གསོ།
ལམ་སྟོན་ལེགས་ཤོམ་གནངམ་ལས་བརྟེན་ཡ་རབས་ཀྱི་བྱ་སྤྱོད་དང་
ལྡན་པའི་མི་བཟང་པོ་ཅིག་ལུ་འགྱུར་ཡོདཔ་ཨིན་པས།
དེ་ལས་ཁོ་དགེ་སློང་ནང་
འཛུལ་ནི་སྦེ་སྟོན་པ་མཆོག་ལུ་གསོལཝ་བཏབ་ད་ལེགས་སོ་ཟེར་བའི་བསྔགས་བརྗོད་ གནང་སྟེ་དགེ་སློང་ནང་བཙུགས་གནང་ནུག།
གྲོང་ཁྱེར་འདི་ནང་ལས་ལྷོ་ཁ་ཐུག་རྒྱང་གྲགས་ལྔ་དྲུག་དེ་ཅིག་འགྱོཝ་ད་རྒྱལ་བྱེད་ ཚལ་༼ཇེ་ཏ་ཝན་༽ལུ་ལྷོད་འོང་། འདི་ནང་ལུ་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ བཅོམ་ལྡན་འདས་ལུ་ཕུལ་ཡོད་མི་གཙུག་ལག་ཁང་ཚུ་ཉམས་ཆག་ཤོར་ཏེ་གྱང་ཁོག་
101
རྐྱངམ་ཅིག་འདུག
གནས་བཤད་འདོད་འཇོའི་བུམ་བཟང་།
ཤར་སྒོའི་གཡས་དང་གཡོན་ལུ་རྡོ་རིང་ཀཝ་རེ་རེ་མཐོ་ཚད་ཕིཊ་
༧༠ལྷག་ཙམ་ཡོད་པའི་ཁར། གཡོན་གྱི་ཀ་ཆེན་འདི་གུ་འཁོར་ལོའི་པ་ཏྲ་བརྐོ་སྟེ་འདུག
གཡས་ཀྱི་ཀ་ཆེན་གྱི་ཏོག་འདི་གླང་གི་བཟོ་བལྟ་སྦེ་འདུག ཀ་ཆེན་གཉིས་ཆ་ར་རྒྱལཔོ་ ཨ་ཤོ་ཀ་གིས་བཟོ་བསྐྲུན་མཛད་མཛདཔ་ཨིན་མས། སོང་སྟེ་ཁྱིམ་གྱི་འགྱམ་འདི་ཚུ་ལུས་ཏེ་འདུག
ཧེ་མ་ཡོད་མི་སྡོད་ཁྱིམ་ཚུ་ཧྲམ་
གྱང་ཁོག་འདི་ཚུ་གི་བར་ན་ས་པག་ཅུ་
གི་ཁྱིམ་གཅིག་དང་ནང་ན་ཡོད་མི་སྟོན་པའི་སྐུ་འདྲ་འདི་རྒྱལཔོ་སེར་རྒྱལ་༼པ་རཱ་སེ་
ན་ཇཱི་ཏ༽གྱིས་བཞེངས་གནང་ནུག་ཟེར་ཨིན་མས། དེ་བཞེངས་དགོ་མི་དེ་ཡང་། སྟོན་ པ་ལྷ་ཡི་གཡུས་ལས་བབས་ཏེ་འབྱོན་པའི་ཤུལ་ལས།
རྒྱལཔོ་ཨུ་ཌ་ཡ་ནཱ་གིས་རྒྱུ་
ཙནྡན་ཤིང་གིས་སྦེ་སྟོན་པའི་སྐུ་འདྲ་ཅིག་བཞེངས་དཔ་ཨིན་པས། འདི་གི་སྐོར་ལས་
རྒྱལཔོ་གསེར་རྒྱལ་གྱིས་གསན་ཏེ། ཁོ་གིས་ཡང་སྟོན་པའི་སྐུ་འདྲ་ཅིག་བཞེངས་དགོ་ པས་ཟེར་ཐུགས་བཞེད་གནང་སྟེ་བཞེངས་གནངམ་ཨིན་མས།།
རྒྱལ་བྱེད་ཚལ་གྱི་ལྡུམ་རའི་བྱང་ཤར་ཁ་ཐུག་ཡོད་པའི་མཆོད་རྟེན་འདི། སྟོན་པ་བཅོམ་ ལྡན་འདས་ཀྱིས་དགེ་སློང་ནདཔ་ཅིག་གི་གཟུགས་ཆུ་འཁྱུ་སྟེ་གནང་སའི་གནས་ཨིན་ པས།།
ལྡུམ་ར་འདི་གི་ནུབ་བྱང་ཁ་ཐུག་མཆོད་རྟེན་ཆུང་ཀུ་ཅིག་ཡོ ད་མི་འདི་མཽངྒལ་གྱི་བུ་ དང་ཤཱ ་རིའི་བུ་གཉིས་རྫུ་འཕྲུལ་སྟོན་པའི་གནས་ཨིན་མས།
དེ་གི་ལོ་རྒྱུ་དེ་ཡང་ཚར་
ཅིག་འབདཝ་ད། མཽདྒ་བུ་གིས་ཤཱ་རིའི་བུ་ལུ། སྟོན་པ་མཆོག་གིས་ཁྱོད་བྱོན་དགོཔ་ སྦེ་གསུང་དེ་ཟེར་ཞུཝ་ད།
ཤཱ་རིའི་བུ་གིས་ཨ་ཙི་ཅིག་སྒུག་གནང་།
ལྷནམ་བཏབ་ཚརཝ་ཅིག་འགྱོ་གེ་ཟེར་གསུངས་ནུག མགྱོགས་སུ་ཅིག་སྦེ་མ་བྱོན་པ་ཅིན།
ངེད་ཀྱི་གོ་ལ་
།དེ་ལས་མཽངྒལ་བུ་གིས་ཁྱོད་
ང་གིས་རྫུ་འཕྲུལ་གྱིས་འབད་ཁྱོད་རའི་གཟིམ་
ཅུང་དང་སྦྲགས་ཏེ་འབག་ཞིནམ་ལས་སྟོན་པའི་སྐུ་མདུན་ལུ་བསྐྱལ་ནི་ཟེར་གསུངམ་
102
གནས་བཤད་འདོད་འཇོའི་བུམ་བཟང་།
ད། ཤཱ་རིའི་བུ་གིས་སྐེ་རགས་ཤུབས་ཏེ་ས་ཁར་བཞག་སྦེ། ཁོ་ལུ་སྐེ་རགས་འདི་འཐུ་
ཚུགས་པ་ཅིན་ངེད་ཀྱི་གཟུགས་འདི་སྤར་འོང་གསུངམ་ལས།མཽངྒལ་བུ་གིས་རྫུ་འཕྲུལ་ གྱི་ནུས་པ་ག་དེམ་ཅིག་སྟོན་རུང་སྐེ་རགས་འདི་འཐུ་མ་ཚུགས་པར་སྡོད་ནུག དེ་ལས་ ཧང་ཏོ་མར་ས་སྤརཝ་ལས་ཚ་ངད་བཏོན་ཏེ་རྫུ་འཕྲུལ་གྱིས་འབད་སྟོན་པ་བཞུགས་
སར་བྱོནམ་ད། ཁོ་གི་ཧེ་མ་ཤཱ་རིའི་བུ་ཕེབས་ཏེ་ཡོདཔ་ཨིན་པས། འདི་སྒང་མཽངྒལ་
བུ་གིས། ང་ལུ་རྫུ་འཕྲུལ་ག་དེམ་ཅིག་ཡོད་རུང་ཤེས་རབ་ཅན་གྱིས་ནུས་པ་དང་དོ་མི་ མཉམ་པས་ཟེར་གསུངས་ནུག།
མཆོད་རྟེན་ཆུང་ཀུ་འདི་གི་ཐག་ཉེ་ས་ལུ་ཆུ་དོང་ཅིག་ཡོད་མི་འདི་སྟོན་པ་ཞལ་བཞུགས་ པའི་སྐབས་ཀྱི་གསོལ་ཆུ་ཨིན་པས། འདི་གི་ཟུར་ཁ་ལུ་ཡོད་མི་མཆོད་རྟེན་འདི་རྒྱལཔོ་ ཨ་ཤྭ་ཀ་གིས་བཞེངས་གནང་ནུག།
ད་རེས་ནངས་པ་གནས་འདི་ནང་ལུ་མཇལ་ནི་ཡོད་པའི་རིགས།
རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་ཨང་༡༢པའི་འཛུལ་སྒོ་ལས་བྱོནམ་ད་གཡོན་ཁ་ ཐུག་ལུ་གཙུག་ལག་ཁང་ཆུང་ཀུ་ཅིག་གི་མཐའ་འཁོར་ལུ་བསྐོར་ར་རྐྱབ་སའི་ལམ་
དང་གཅིག་ཁར་ཆོས་ཁང་ཆུང་ཀུ་༢ཡོད། ཧེ་མ་གྱི་དུས་ལུ་འདི་ཁར་སྟོན་པའི་སྐུ་འདྲ་
༡དང་། གཡོན་ཁ་ཐུག་རྒྱལ་བ་བྱམས་པ་མགོན་པོ་དང་སྤྱན་རས་གཟིགས་ཀྱི་སྐུ་འདྲ་
རེ་ཡོད་དོ་མས། ཤུལ་ལས་གནས་ཀྱི་ཤུལ་འདི་ས་འོག་ལས་བཏོན་པའི་སྐབས་ལུ་ཐོད་ པ་དང་རུསཔ་ཚུ་ཐོབ་ནུག ཡོདཔ་མས།
གཙུག་ལག་ཁང་འདི་རྒྱལཔོ་གུཔྟའི་སྐབས་ལུ་བཞེངས་
འདི་ཁར་ལས་བྱོནམ་ད་ལམ་གྱི་མཇུག་ལུ་དགོན་པའི་རྙིང་ཤུལ་རྡོ་
གཅལ་དང་ཆུ་དོང་ཡོད་མི་ཅིག་འདུག
དགོན་པ་འདི་སྤྱི་ལོའི་དུས་རབས་༦པའི་ནང་
ལུ་བཞེངས་པའི་ཤུལ་ལས་བསྐྱར་གསོ་ཚར་གཉིས་འབད་ཡོདཔ་ཨིན་པས།།
103
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་ཀྱི་ཤུལ་འདི་ཁར་ལས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་དང་།
ལི་གི་ཕོརཔ།
ལྕགས་ཀྱི་གཟར་རུ། རྒྱགས་རྫི་ཕྱེད་ཀ་ས་འོག་ལུ་བཙུགས་ཏེ་ཡོདཔ་ཚུ་ཐོབ་ནུགའདི་ ཁར་ལས་ཐོ བ ་མི་ཅ་ཆས་ཚུ་གི་གྲས་ལས་སྤྲོ་བ་ཆེ་ཤོ ས ་དང་ཡིད་ཆེས་ཏོ ག ་ཏོ ་འདི་ ཟངས་ཀྱི་པད་སྡེར་གུ་ལུ་རྒྱལཔོ་གོ་བིནྡ་ཅནྡྲ་རཱའི་དུས་སྐབས་ཀྱི་རྡོ་བརྐོས་ཡིག་ཐོག་ བཀོད་དེ་ཡོད་མི་ནང་ལུ།
གཡུས་༦གི་ཁྲལ་གྱི་འོང་བབ་དང་གཅིག་ཁར་ཕྱག་འཇལ་
ཚུ་དགོན་པ་འདི་ནང་བཞུགས་མི་དགེ་སློང་ཚུ་གི་དོན་ལུ་དགོན་པའི་གཙོ་འཛིན་དགེ་
སློང་བུདྡྷ་བྷཏ་ཏཱ་རཱ་ཀའི་ཕྱག་ལུ་ཕུལ་ཡོདཔ་སྦེ་བྲིས་ཏེ་འདུགགཡུས་༦གི་མིང་ཐོ་ནང་
ཡོད་པའི་གྲལ་ལས་གཡུས་ལ་ལུ་ཅིག་ད་ལྟོ་ཡང་རྡོ་བརྐོས་ནང་བྲིས་ཏེ་ཡོད་མི་མིང་ འདི་གུ་རང་གནས་ཏེ་འདུག་ཟེར་ཨིན་པས།།
དགོན་པའི་རྙིང་ཤུལ་དེའི་སྦོ་ལོག་ཁ་ལུ་མཆོད་རྟེན་བརྒྱད་ཀྱི་ཤུལ་ཡོད། ཚུ་ས་པག་ཅུང་གིས་བཞེངས་ཏེ་ཡོདཔ་མས།
མཆོད་རྟེན་
མཆོད་རྟེན་གཅིག་གི་ཤུལ་རྙིངམ་འདི་
ནང་ལས་དུས་རབས་༥པའི་ནང་གི་ཕྱག་དམ་ཅིག་ཐོབ་མི་གུ་ལུ། མིང་བུདྡྷ་དེ་བ་ཟེར་
བྲིས་ཏེ་ཡོདཔ་ལས་བརྟེན། དགོན་པ་འདི་ནང་བཞུགས་མི་སྐྱེས་བུ་དམ་པ་ཚུ་གི་རིང་ བསྲེལ་གྱི་མཆོད་རྟེན་༨བཞེངས་བཞེངསམ་འོང་ནི་མས།།
བྱོན་ལམ་བདའ་སྟེ་ཨཱ་ནནྡ་བྷོ་དྷི་ཟེར་བའི་བྱང་ཆུབ་ཤིང་ཅིག་ཡོད། གསུང་དེབ་ནང་ལས་འབད་བ་ཅིན།
དེ་ཡང་ཇཱ་ཏ་ཀའི་
སྟོན་པ་མཆོག་ས་ཁོངས་འདི་ནང་ལས་ཕྲལ་
ཕྲལ་རང་ས་གནས་གཞན་ཁ་བྱོནམ་དགོཔ་འཐོན་དོ་ཡོདཔ་ལས། སྟོན་པ་མཇལ་ཁ་ ཞུ་བར་འོང་མི་ཚུ་གིས་སྟོན་པ་བཅོམ་ལྡན་འདས་མཇལ་བའི་གོ་སྐབས་མ་ཐོབ་པར་ ལོག་འགྱོ་བའི་སྐབས་ལུ་མེ་ཏོག་དང་གཞན་ཡང་མཆོད་པའི་ཡོ་བྱད་ཚུ།
སྟོན་པའི་
བཞུགས་ཁང་དྲི་གཙང་ཁང་༼གཱན་དྷ་ཀུ་ཊི༽གི་སྒོའི་རྩ་བ་ལུ་ཕུལ་བཞག་སྦེ་འགྱོ་
དོ་ཡོདཔ་ཨིན་པས། འདི་གི་ལོ་རྒྱུ་ཚུ་མགོན་མེད་ཟས་སྦྱིན་གྱིས་ཤེསཔ་ལས། སྟོན་
104
གནས་བཤད་འདོད་འཇོའི་བུམ་བཟང་།
པ་མཆོག་ས་གནས་གཞན་ཁ་ལས་འདི་ནང་ལུ་ལོག་ཕེབས་པའི་དུས་ལུ་དེ་སྦེ་ཞུ་ཡི་ ཟེར་ཨིན་མས། དེ་ཡང་། སྟོན་པ་མཆོག་ས་ཕྱོགས་གཞན་ཁ་ལུ་བྱོནམ་ད། ནཱ་ལུ་
ལོག་འབྱོན་པ་ལུ་དུས་ཡུན་རིངམ་སྦེ་འགོརཝ་མས། འདི་གིས་མ་ཚད། སྟོན་པ་མ་ བཞུགས་པའི་སྐབས་ལུ་ས་གནས་འདི། སྟོང་ཧང་ཧ་དང་སེམས་ཡང་མ་དགའ་སི་སི་ འབདཝ་མས།
འདི་འབད་ནི་དེ་གིས་སྟོན་པ་མཆོག་མ་བཞུགས་རུང་བཞུགསཔ་ད་
ཅོག་འཐདཔ་སྦེ་ཕྱག་མཆོད་ཕུལ་ནི་དང་། ང་བཅས་ས་གནས་འདི་ནང་སྡོད་མི་ཆ་ཁྱབ་ བག་ཆགས་ཏོག་ཏོ་སྦེ་བསྡད་ཚུགས་པའི་ཐབས་ཤེས་ཅིག་མཛད་གནང་། ད།
ཟེར་ཞུཝ་
སྟོན་པ་མཆོག་གིས་ཀུན་དགའ་བོ་ལུ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་སོན་ཅིག་
འབག་འོང་འབད། ས་གནས་འདི་ནང་བཙུག་དགོ་པའི་བཀའ་གནངམ་ལས། ཀུན་
དགའ་བོ་གིས་ཡང་བྱང་ཆུབ་ཤིང་གི་སོན་འབག་འོངམ་ཞིནམ་ལས་བཙུགས་ཡོདཔ་ མས།
བྱང་ཆུབ་ཤིང་འདི་བཙུགས་མི་ཀུན་དགའ་བོ་ཨིནམ་ལས་ཤིང་འདི་གི་མཚན་
ཡང་ཨཱ་ནཱནྡ་བྷོ་དྷི་ཟེར་བཏགས་གནང་ནུག་ཟེར་ཨིན་མས།།
བྱང་ཆུབ་ཤིང་ལས་བྱང་ཁ་ཐུག་བྱོནམ་ད་ལམ་གྱི་གཡོན་ཁ་ཐུག་ཀོ་སམ་བཱ་ཀུ་ཊི་ཟེར་
མི་ཅིག་ཡོད། འདི་ཡང་སྟོན་པ་མཆོག་གིས་བཞུགས་ཁང་ཐུགས་མཉེས་ཤོས་གཉིས་ ནང་ལས་གཅིག་འདི་ཨིན་པས།
སྟོན་པ་ཞལ་བཞུགས་པའི་སྐབས་ལུ་མགོན་མེད་
ཟས་སྦྱིན་གྱིས། ཤིང་གིས་འབད་བཞེངས་ཏེ་ཕུལ་ཡོད་མི་འདི་ཤུལ་མ་ས་པག་ཅུ་གིས་ འབད་བསྐྱར་གསོ་འབད་ཡོདཔ་ཨིན་པས།། གནས་ས་འོག་ལས་བཏོན་པའི་སྐབས་ལུ།
སར་ཀཱ་ནིན་གཱམ་གྱིས་ཤུལ་རྙིངམ་འདི་
ནང་ལས། དགེ་སློང་བཱ་ལ་གིས་ཕུལ་མི་རྒྱུ་ཆ་བྱེམ་གྱི་རྡོ། ཚོས་གཞི་ཤ་ཁ་གིས་འབད་ བཞེངས་ཏེ་ཡོད་མི་སྟོན་པའི་སྐུ་འདྲ་ཅིག་ཐོབ་ནུག།
105
སྤྱི་ལོ་༦༣༩འི་ནང་ལུ།
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱ་ནག་གི་དགེ་སློང་ཐང་སན་ཙང་གནས་བསྐོར་བྱོན་པའི་
སྐབས་ལུ་དགོན་པ་དང་གཙུག་ལག་ཁང་མང་ཤོས་ཅིག་རང་ཧྲམ་སྟེ་ཡོད་རུང་། སམ་བཱ་ཀུ་ཊི་འདི་མ་ཧྲམ་པར་ཡོདཔ་ལས།
ཀོ་
ནང་ན་སྟོན་པའི་སྐུ་འདྲ་མཇལ་ཚུགས་
ཅི་ཟེར་བྲིས་ཏེ་འདུག སྐུ་འདྲ་འདི་ད་རེས་ནངས་པ་ཀོལ་ཀ་ཏའི་འགྲེམ་སྟོན་ཁང་ནང་ བཞུགས་སྟེ་ཡོད།།
ས་གནས་འདི་ཁ་ལས་བྱོནམ་ད།
དྲི་གཙང་ཁང་༼གཱན་དྷ་ཀུ་ཊི༽གི་ཤུལ་རྙིངམ་
ཡོད།འདི་ཡང་སྟོན་པའི་བཞུགས་ཁང་༢ལས་༡
ཨིན།
བཞུགས་ཁང་འདི་ཧེ་མ་གྱི་
དུས་ལུ་འབད་བ་ཅིན་དྲི་བཟང་གིས་དྲིམ་ཡོད་པའི་སྟོ ན་པའི་བཞུགས་ཁང་ཡོ ངས་ གྲགས་ཅན་ཅིག་ཨིན་པས།
ད་རེས་ཀྱི་ཤུལ་རྙིངམ་འདི་རྒྱལཔོ་གུཔྟའི་སྐབས་ཀྱི་
ཨིན་མས།འདི་ཁར་ལས་བྱང་ཁ་ཐུག་བྱོནམ་ད་ལམ་གྱི་གཡོན་ཁ་ཐུག་མཆོད་རྟེན་ཨང་ ༩པའི་རྙིང་ཤུལ་ཡོད། ཐོབ་ནུག
འདི་ཁ་ལས་རྒྱལཔོ་གུཔྟའི་སྐབས་ཀྱི་སྟོན་པའི་སྐུ་འདྲ་གཅིག་
སྐུ་འདྲ་འདི་ཡང་སིཾ་ཧཱ་དེ་བ་ཟེར་མི་ཅིག་གིས་ཕུལ་ཡོདཔ་འབད་སྐུ་འདྲའི་
འོག་ལས་ཕར་བྲིས་ཏེ་འདུག།
ལམ་གཞན་མིའི་ཁ་ཐུག་ལུ་ཡང་མཆོད་རྟེན་སྦོམ་ཅིག་གི་ཤུལ་རྙིངམ་ཡོད་མི་འདི་ ཡང་རྒྱལཔོ་གུཔྟའི་སྐབས་ལུ་བཞེངས་བཞེངསམ་ཨིན་པས།
མཆོད་རྟེན་གྱི་ཤུལ་
རྙིངམ་འདི་ནང་ལས་སྟོན་པའི་སྐུ་འདྲ་༡ཐོབ་མི་འདི་གུ། རྒྱལཔོ་ཀུ་ཤཱ་ནཱ་གི་དུས་ལུ་ས་ གནས་མཱ་ཐུ་རཱ་ལས་དྷརྨ་ ནཱནྡའི་བུ་སཱི་བ་དྷ་ར་གི་སྦྱིན་བདག་འབད་དེ་སཱི་བ་མི་ཏྲ་གིས་ བཟོ་བསྐྲུན་འབད་དེ་གནས་འདི་ནང་ཕུལ་ཡོདཔ་སྦེ་བཀོད་དེ་འདུག།
བྱང་ཁ་ཐུག་གི་མཇུག་ལུ་གཙུག་ལག་ཁང་སྦོམ་ཅིག་སྒོ་ཤར་ཁ་ཐུག་ཡོད་མི་འདི་དུས་ རབས་༡༢པའི་ནང་ལུ་བཞེངས་པའི་ཤུལ་མ་མེ་རྐྱེན་འབྱུང་ཡོདཔ་མས།།
106
གནས་བཤད་འདོད་འཇོའི་བུམ་བཟང་།
རྒྱལ་བྱེད་ཚལ་ལས་མི་ཊར་༥༠༠ལྷགཔ་ཅིག་གི་ས་ཁར་པཱཀ་ཀི་ཀུ་ཊི་དང་ཀཱཅ་ཆི་ཀུ་ ཊི་ཟེར་མཆོད་རྟེན་གྱི་ཤུལ་རྙིངམ་གཉིས་ཡོད། འདི་སོར་མོའི་ཕྲེང་བའི་གནས་ཨིནམ་སྦེ། གིས་ངོས་འཛིན་འབད་ནུག
འདི་གཉིས་ནང་ལས་པཱཀ་ཀི་ཀུ་ཊི་
གནའ་ཤུལ་བརྟག་ཞིབ་མཁས་མཆོག་ཚུ་
ཀཱཅ་ཆ་ཀི་ཊི་འདི་ཀུ་ཤཱ་ནའི་རྒྱལ་པོའི་སྐབས་ལས་རང་
བཞེངས་ཡོདཔ་སྦེ་ངོས་འཛིན་འབད་ཚུགས་ཏེ་ཡོད་རུང་། ག་ཅི་གི་དོན་ལས་བཞེངས་ ཡོདཔ་ཨིན་ན་དང་།
འདི་ནང་ལུ་ག་བཞུགས་བཞུགསཔ་ཨིན་ན་གི་ལོ་རྒྱུས་ཚུ་ཁ་
གསལ་སྦེ་ཐོབ་མ་ཚུགས་པས།།
གནས་ངོ་མ་ཤེས་མུན་པར་འཁྱམས་མཁན་ལ།། གནས་ཀྱི་ངོ་སྤྲོད་མཛུབ་བརྡ་སྟོན་པའི་དགེས།།
གནས་མཆོག་འདི་ཡི་ལོ་རྒྱུས་ཀུན་མཁྱེན་ནས།།
གནས་བསྐོར་ཕེབས་པའི་འབྲས་བུ་སྨིན་པར་ཤོག།
ལྷ་བབས་གནས། Sankisa ལྷ་ཡི་བླ་མ་སུམ་རྩེན་གྲོང་ཁྱེར་དུ།།
ལྷ་དང་ཡུམ་ལ་ཆོས་སྟོན་གནང་བའི་མཐར།།
ལྷ་ཡི་ཡུལ་ནས་བབས་ཏེ་ཕེབས་པའི་གནས།།།
ལྷ་བབས་གནས་ཀྱི་གནས་བཤད་གཟིགས་པར་གསོལ།།
107
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་བསྡུས་པ།
གནས་འདི་ནང་ལུ་སྟོན་པ་བཅོམ་ལྡན་འདས་ལྷ་ཡི་གཡུས་ལུ་ཕེབས་ཏེ།
ཡུམ་
སྒྱུ་འཕྲུལ་ལྷ་མཛེས་དང་ལྷ་ཚུ་ལུ་ཆོས་གནང་ཏེ་ཟླཝ་༣དེ་ཅིག་བཞུགས་པའི་ཤུལ་ ལས།ལྷ་ཡི་གཡུས་ལས་ས་གནས་འདི་ནང་ལུ་བབས་ཏེ་འབྱོན་ནུག།
108
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
གནས་ཆེན་བརྒྱད་ཀྱི་ནང་ལས་ལྷ་བབས་ཀྱི་གནས་ཀྱི་ས་གནས་འདི་རྒྱ་གར་ནུབ་ཁ་ ཐུག་ཡོད་པའི་ཁར།
གནས་བསྐོརཔ་མང་ཤོས་ཅིག་གིས་རང་ཧ་མ་གོ་བར་གནས་
འདི་མཇལ་བར་བྱོན་མི་ཚུགས་དོ་ཡོདཔ་ཨིན། གནས་འདི་གི་མཚན་སན་ཀི་སཱ་ཟེར་ སླབ་དགོ་མི་འདི་ཡང་།
སྔོན་མ་སངས་རྒྱས་ཀྱི་ཡབ་རྒྱལཔོ་ཟས་གཙང་གིས།སངས་
རྒྱས་ཀྱི་དོན་ལུ་བཞེངས་ཏེ་ཡོད་མི་མཆོད་རྟེན་སཱན་ཀཱས་ཡཱ་ལས་རྟ་དྲངས་ཏེ་སླབ་ སླབ་ཅིག་ཨིན་པས། ད་རེས་ནངས་པ་གནས་འདི་སཱན་ཀི་སཱ་ཟེར་སླབ་ཨིན།།
ས་གནས་འདི་བྷ་སཱནྟ་པུར་ཟེར་ཕཱར་རུ་ཁཱ་བཱཏ་རྫོང་ཁག་གི་ས་གནས། ཕཱ་ཏེ་གྷར་ལས་ ཀི་ལོ་མི་ཊར་༣༧གྱི་ས་ཁར།
གཙང་ཆུ་ཀཱ་ལི་གི་སྦོ་ལོག་ཁ་ལུ་ཆགས་ཏེ་ཡོདཔ་ཨིན།
ལཱཀ་ནཱལུ་ལས་འབད་བ་ཅིན་ཀི་ལོ་མི་ཊཪ་༡༨༠།
ཀཱན་ནཱའུཇ་ལས་༨༠།
ལྷ་བབས་ཀྱི་གནས་ཀྱི་ཟེར་ཞུ་དགོ་མི་འདི་ཡང་
སྟོན་པ་བཅོམ་ལྡན་མཉན་ཡོད་ལུ་
ལས་༡༧༥དེ་ཅིག་འབྱོན་དགོ།
ཆོ་འཕྲུལ་སྟོན་པའི་ཤུལ་ལས་ལྷ་ཡུལ་ལུ་ཟླཝ་༣གྱི་རིང་ལུ་།
ཨག་རཱ་
ཡུམ་མ་ཡཱ་དེ་བི་དང་ལྷ་
ཚུ་ལུ་ཆོས་གནང་ཚར་ཞིནམ་ལས་མི་ཡུལ་ལུ་ལོག་སྟེ་བྱོནམ་ད་ས་གནས་འདི་ནང་ལུ་
འབྱོན་ནི་དེ་གིས་ཨིན། སྟོན་པ་མཆོག་ལྷ་ཡི་གཡུས་ལས་བྱོནམ་ད་ལུ་ཡང་རྫུ་འཕྲུལ་ གྱིས་འབད།
རིན་ཆེན་གསེར་དང་ནོར་བུ་བྱེ་བྲག་སྣ་བདུན་ལས་གྲུབ་པའི་ཨེ་ཁུག་
གསུམ་དཔྱངས་པའི་སྦུག་ཁ་ལས་སྟོན་པ་བབས་ཏེ་བྱོན།
གཡས་དངུལ་གྱི་ཨེ་ཁུག་
ལས་ལྷ་ཚངས་པ་ཕྱག་ལུ་རྔ་ཡབ་བསྣམས་ཏེ་བྱོན། གཡོན་ཟངས་ཀྱི་ཨེ་ཁུག་གུ་ལས་ ལྷའི་དབང་པོ་བརྒྱ་བྱིན་ཕྱག་ལུ་གདུགས་དཀརཔོ་བསྣམས་ཏེ་བྱོན་པའི་ཁར།
ལྷ་ཡི་
བུ་དང་བུ་མོ་ཚུ་གིས་ཡང་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་འབག་སྟེ་སངས་རྒྱས་
ཀྱི་ཕྱག་ཞུ་སྦེ་མི་གཡུས་ལུ་ལྷོད་ནི་གོམ་པ་བདུན་དེ་ཅིག་གི་ས་ལས་ལྷ་ཚུ་ཡལ་ཏེ་
109
འགྱོ་ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
ཨེ་ཁུག་གོམ་པ་༧དེ་ཅིག་ལོ་ངོ་བརྒྱ་ཕྲག་ལྷགཔ་ཅིག་ས་གནས་འདི་ནང་
ལུས་པའི་ཤུལ་མར་ས་འོག་ལུ་ཐིམ་ཡོདཔ་ལས། རིངམ་ག་དེམ་ཅིག་བརྐོ་རུང་ཐོབ་མ་ཚུགས་པར་
ཆོས་རྒྱལ་ཨ་ཤོ་ཀ་གིས་ས་གཏིང་ ཧེ་མ་ཨེ་ཁུག་ཡོད་པའི་ས་ཁོངས་
ནང་ལུ་ཆོས་རྒྱལ་མཆོག་གིས་ས་པག་ཅུང་དང་རྡོ་དེ་ལས་ནོར་བུའི་བྱེ་བྲག་ཚུ་བཙུགས་
ཏེ། ཧེ་མ་ག་ཨིནམ་སྦེ་མཐོ་ཚད་ཕིཊ་༧༠འབད་མི་ཨེ་ཁུག་༣བཟོ་བསྐྲུན་འབད་བའི་གུ་ ལུ། ཆོས་ཁང་གཅིག་དང་། ནང་ན་སྟོན་པའི་སྐུ་འདྲ་དང་། གཡས་དང་གཡོན་ལས་
ལྷ་ཚངས་པ་དང་བརྒྱ་བྱིན་གྱི་སྐུ་འདྲ་རེ་བཞེངས་ཏེ་ཡོད་མི་འདི། རྒྱ་ནག་གི་དགེ་སློང་ ཐང་སན་ཙང་གིས་དངོས་སུ་མཇལ་ནི་ཡོདཔ་སྦེ་བཀོད་དེ་འདུག།
གནས་འདི་གི་སྐོར་ལས་ཐང་སན་ཙང་གི་ལམ་ཡིག་ནང་བཀོད་དེ་ཡོད་མི།
གནས་ཀྱི་ལྕགས་རི་ནང་ལུ་རྩ་ཅན་གྱི་ཨེ་ཁུག་༣བྱང་ལས་ལྷོ་ཁ་ཐུག་གོ་རིམ་སྒྲིག་ ཞིནམ་ད།
གདོང་ཤར་ཁ་ཐུག་གོར་ཏེ་འདུག
འདི་ཁར་སྟོན་པ་བཅོམ་ལྡན་འདས་
ལྷ་ཡུལ་ལས་བབས་ཏེ་འབྱོན་པའི་ས་གནས་ཨིན་པས།
དགོན་པའི་ས་ཁོངས་ཀྱི་
ཕྱི་ཁར་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་མི་རྡོ་རིང་གི་ཀ་ཆེན་མཐོ་ཚད་ཕིཊ་༧༠དང་ ཏོག་སེངྒེ་ཡོད་མི་ཅིག་འདུག
ཨེ་ཁུག་༣ཡོད་སའི་ཟུར་ཁ་མཆོད་རྟེན་གཅིག་ཡོད་མི་
འདི་འདས་པའི་སངས་རྒྱས་གསུམ་དང་ད་ལྟ་བའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་ བཞུགསཔ་ཀྱི་གནས་ཨིན་པས།
འདི་གི་ཟུར་ཁ་མཆོད་རྟེན་གཅིག་ཡོད་མི་འདི་སྟོན་
པ་བཅོམ་ལྡན་འདས་ལྷའི་གཡུས་ལས་བབས་ཏེ་སྐུ་ཁྲུས་གནང་ས་དང་།འདི་གི་ཟུར་ ལུ་བཞུགས་ཁང་ཅིག་ཡོད་མི་འདི་སྟོན་པ་ཏིང་ངེ་འཛིན་ལུ་བཞུགས་པའི་གནས་ཨིན།
བཞུགས་ཁང་འདི་གི་ཟུར་ཁ་ལུ་རྨང་གཞི་རྩིགཔ་གོམ་ཚད་༥༠དང་མཐོ་ཚད་ཕིཊ་༧་ ཡོད་མི་འདི་སྟོན་པ་མཆོག་ཡར་མར་ཕེབས་ཏེ་ལུས་སྦྱོང་གནང་ས་ཨིན་པས།
110
རྨང་
གནས་བཤད་འདོད་འཇོའི་བུམ་བཟང་།
གཞི་རྩིགཔ་གི་གཡས་དང་གཡོན་ལུ་ཡོད་མི་མཆོད་རྟེན་ཆུང་ཀུ་༢འདི་ལྷ་ཚངས་པ་ དང་བརྒྱ་བྱིན་གྱི་བཞེངས་གནང་ནུག
འདི་༢ཀྱི་གདོང་ཁར་མཆོད་རྟེན་༡ཡོད་མི་འདི་
དགེ་སློང་མ་ཨུཏྤལ་ལའི་མདོག་ཅན་གྱི་སྟོན་པ་མཇལ་ས་ཨིན།
དེ་ལས་སྟོན་པའི་
དབུ་སྐྲ་བསིལ་ས་དང་ཕྱག་སེན་བཏོག་སའི་ས་སྒོ་ཚུ་ནང་ཡང་མཆོད་རྟེན་རེ་བཞེངས་ ཏེ་འདུག ཟེར་བཀོད་དེ་འདུག།
འདི་ཚུ་ག་ར་ལོ་གྲངས་༡༤༠༠ལྷགཔ་ཅིག་གིས་ཧེ་མ་ཐང་སན་ཙང་བྱོན་པའི་སྐབས་ ཀྱི་ལོ་རྒྱུས་ཨིན། གི་ཀཝ།
ད་རེས་ནངས་པ་འབད་བ་ཅིན་གནས་འདི་ནང་ཨ་ཤོ་ཀའི་རྡོ་རིང་
ཏོག་གླངམ་ཆེ་ཡོད་མི་ཆག་དུམ་ཅིག་མ་གཏོགས་མཇལ་ནི་མེད་རུང་སྟོན་
པ་བཅོམ་ལྡན་འདས་མཆོག་གིས་བྱིན་གྱིས་རླབས་གནང་བའི་ས་གནས་ཅིག་ཨིནམ་
ལས། བསམ་པ་བཟང་པོའི་སྒོ་ལས་མཇལ་ཁ་ཞུ་བ་ཅིན་བསོད་ནམས་འདི་ཐོབ་པ་ལུ་ ཐེ་ཚོམ་གནང་དགོཔ་མེད་ཟེར་ཞུ་ནི་ཨིན།།
ལྷ་བབས་གནས་ཀྱི་གནས་བཤད་ཕུལ་བ་ཡིས།།
ལྷ་བབས་གནས་བསྐོར་ཕེབས་པའི་སྐུ་མགྲོན་ཚོས།། ལྷ་བབས་གནས་ཀྱི་ལོ་རྒྱུས་ལེགས་པར་མཁྱེན།།
ལེགས་མཇལ་གནང་བས་ལེགས་འབྲས་ལེགས་སྨིན་ཤོག།
111
གནས་བཤད་འདོད་འཇོའི་བུམ་བཟང་།
ནཱ་ལནྡཱ། Nalanda
ཉན་ཐོས་མཆོག་ཟུང་རྣམ་གཉིས་འཁྲུངས་ཡུལ་དང་།། སྟོན་དང་བསྟན་འཛིན་བརྒྱ་ཕྲག་བྱོན་པའི་ཞིང་།། ནཱ་ལནྡཱ་ཡི་གནས་བཤད་མདོ་ཙམ་ཞིག།
གུས་པས་ཕུལ་གྱིས་དྭང་བས་གསན་པར་ཞུ།། གནས་བཤད་བསྡུས་པ།
ས་གནས་འདི་ཧེ་མ་ཨམ་ཅུ་ཀུ་ལི་ཤིང་གི་ལྡུམ་ར་ཨིན་པས། ཚོང་དཔོན་༥༠༠གིས་ཉོ་
ཞིནམ་ལས་སངས་རྒྱས་ལུ་ཕུལ་ཡོདཔ་ལས་སྟོན་པ་མཆོག་གིས་གནས་འདི་ནང་ལུ་ ཆོས་འབྲེལ་གྱི་མཛད་པ་ལེ་ཤཱ་མཛད་ཡོད་པའི་ཁར།
སྟོན་པའི་ཕྱག་ཞུ་མི་ཉན་ཐོས་
མཆོག་ཟུང་རྣམ་༢འདི་ཡང་ས་གནས་འདི་ནང་ལུ་སྐུ་འཁྲུངས་ཡོདཔ་ཨིན།
དེ་ལས་
གཙུག་ལག་སློབ་གྲྭ་སྦོམ་ཅིག་ཡང་ཆགས་ཡོདཔ་ལས་བརྟེན་རྒྱ་གར་ནང་གི་པཎྜི་ཏ་ དང་གྲུབ་ཐོབ་མང་རབས་ཅིག་སྐུ་ཡོན་སྦྱང་སའི་ས་གནས་དང་ཤེ ས་ཡོན་སྣ་ཚོགས་ཀྱི་ གྲོང་ཁྱེར་ཅིག་ཡང་ཨིན་པས།།
གནས་བཤད་རྒྱས་པ།
འཛམ་གླིང་ནང་ལུ་གཙུག་ལག་སློབ་གྲྭ་རྙིང་ཤོས་དང་སྦོམ ་ཤོས་ཅིག་ཨིན་མི་ནཱ་ལནྡཱ་ འདི།
རྒྱལ་པོའི་ཁབ་དང་བི་ཧཱར་ཤཱ་རིཕ་ལས་ཀི་ལོ་མི་ཊར་༡༥འི་བར་ནང་ཆགས་ཏེ་
ཡོདཔ་ཨིན།
ནཱ་ལནྡཱའི་གནས་ཤུལ་འདི་ནང་དགོན་སྡེ་༡༡དང་ལྷ་ཁང་༥དེ་ཅིག་ས་
ཁོངས་ཨེ་ཀར་༣༠༥འི་ས་ཁར་ཁྱབ་ཏེ་ཡོད།
112
སྟོན་པ་ཞལ་བཞུགས་པའི་སྐབས་ལུ་ནཱ་
གནས་བཤད་འདོད་འཇོའི་བུམ་བཟང་།
ལནྡཱ་འདི་རྒྱལ་པོའི་ཁབ་དང་ཡངས་པ་ཅན་གྱི་བྱོན་ལམ་ཁར་ཨིནམ་ལས་བརྟེན་སྟོན་ པ་བྱོན་པའི་སྐབས།
ས་ཁོངས་འདི་ནང་གི་པཱ་བ་རི་ཀཱའི་ཨམ་ཤིང་ལྡུམ་ར་ནང་བྱོན་ཏེ་
བཀའ་ཆོས་ཚུ་གནང་བཞུགས་སའི་གནས་ཅིག་དང་། གནས་ཡང་འདི་ཨིནམ་སྦེ་རྩིཝ་ཨིན།
སྐུ་ཚེ་བྱིན་གྱིས་རླབས་པའི་
ག་དེ་སྦེ་ཨིན་རུང་སྟོན་པའི་སློབ་མ་ཤཱ་རིའི་བུ་
དང་མཽངྒལ་གྱི་བུ་༢ཡང་ས་གནས་འདི་ཁར་སྐུ་འཁྲུངས་པའི་ཁར་ཤཱ་རིའི་བུ་འདི་མྱ་ ངན་ལས་འདས་ས་ཡང་འདི་ནང་ཨིན་པས།།
དེ་ལས་ས་གནས་འདི་སྟོན་པ་ཞལ་བཞུགས་པའི་སྐབས་ལས་རང་བྱིན་གྱིས་རླབས་
ཡོད་པའི་ས་ཁོངས་ཅིག་འབདཝ་ལས་ཤུལ་མ་དགོན་སྡེ་དང་གཙུག་ལག་སློབ་གྲྭ་ཚུ་
རྒྱ་ཆེ་ཏོག་ཏོ་སྦེ་ཆགས་ཏེ་མཁས་པ་མང་རབས་ཅིག་བྱོནམ་ཞིནམ་ལས། སྤྱིར་བཏང་ ཨེ་ཤི་ཡཱའི་རྒྱལ་ཁབ་ཚུ་ནང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་རྒྱུད་འདི་དར་ཁྱབ་སོང་ཏེ།
འདི་ནང་གི་མི་སེར་ཚུ་གིས་ལས་རྒྱུ་འབྲས་དང་དགེ་སྡིག་གི་རྣམ་གཞག་ཁས་ལེན་ ཤེས་མི་འདི་ཡང་།
ནཱལནྡཱའི་ཆོས་ཁང་འདི་ནང་ལས་བྱོན་མི་མཁས་པ་ཡོངས་ཀྱིས་
མཛད་བྱ་བཟང་པོའི་བཀའ་དྲིན་ལས་བརྟེན་ཏེ་ཨིན་པས།།
ནཱ་ལནྡཱ་ཟེར་བའི་ཚིག་གི་དོན་ཡང་སྦྱིན་པས་མི་ཚིམ་ཟེར་བའི་དོན་ཨིན་པས།
འདི་
ཡང་སྟོན་པ་བཅོམ་ལྡན་འདས་མ་བཞུགས་པའི་ཤུལ་མ་གནས་འདི་ནང་བཞུགས་མི་
མཁས་པ་ཚུ་གིས་གཞན་ལུ་ཡོན་ཏན་སྦྱིན་ནི་ལུ་ངོམས་ནི་དང་ཚིམ་ནི་མེདཔ་ལས་ བརྟེན། གཙུག་ལག་སློབ་གྲྭའི་མཚན་ཡང་ཤྲི་ནཱ་ལནྡཱ་ཟེར་ཡོངས་གྲགས་འགྱོ་ནུག།
ཆོས་རྒྱལ་ཨ་ཤོ་ཀ་གིས་ཤཱ་རིའི་བུའི་ཆོས་ཁང་མཇལ་བ་བྱོན་པའི་སྐབས་ལུ་ཆོས་ཁང་ འདི་གུ་ལྷ་ཁང་ཅིག་གསར་བཞེངས་གནང་ནུག འདི་གི་ཤུལ་མ་སྤྱི་ལོའི་སྔོན་གྱི་དུས་ རབ་༢པའི་ནང་།
སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་སྐབས་ལུ་བྲམ་ཟེ་སུ་བིཥྞུ་
གིས་ལྷ་ཁང་༡༠༨བཞེངས་ཕུལ་ནུག
དེ་ལས་དུས་རབས་༤པ་དང་༥པའི་ནང་ཀུ་མཱ་
113
གནས་བཤད་འདོད་འཇོའི་བུམ་བཟང་།
ར་གུཔྟ་གིས་དགོན་སྡེ་སྦོམ་ཅིག་གཞི་བཙུགས་མཛད་ཞིནམ་ལས་གུཔྟའི་རྒྱལ་བརྒྱུད་ ཀྱིས་འཛིན་སྐྱོང་འབད་དེ་དུས་རབས་༨པ་ཚུན་ཚོད་སྡོད་ནུག།
དུས་རབས་༨པའི་ནང་ལས་པཱ་ལའི་རྒྱལ་བརྒྱུད་ཀྱིས་བདག་འཛིན་མཛད་དེ་དུས་
རབས་༡༢ ཚུན་ལུས་པའི་ཤུལ་མར། མུས་ལིམ་ཁ་ཆེའི་དམག་འོངས་པའི་སྐབས་ དམག་དཔོན་བཱག་ཏི་ཡཱར་ཁཱལ་ཇི་གིས་གཙུག་ལག་སློབ་གྲྭའི་དགོན་སྡེ་མགོ་ལས་
མཇུག་ཚུན་སྟོར་བཤིག་འབད་བའི་ཁར་དཔེ་མཛོད་ཁང་ཡང་མེ་སྤག་བཏང་ཡོདཔ་ ལས་ཏཱ་ལའི་ལོ་མའི་དཔེ་ཆ་པོསྟི་ས་ཡ་༩དེ་ཅིག་ཡོད་ས་ལས་མང་ཤོས་ཅིག་རང་མེ་
གིས་ཚིགས་སོང་ནུག ཨིན་རུང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐུགས་སྨོན་དང་རྗེས་ འཇུག་ང་བཅས་ཚུ་གིས་ཁ་རྗེ་དང་བསོད་ནམས་ལས་བརྟེན་ཏེ་འཁྲུངས་མི་ལོ་ཙཱ་བ་ཚུ་ གིས་ནཱ་ལཱནྡཱའི་གཙུག་ལག་སློབ་གྲྭ་ཡར་རྒྱས་འགྱོ་བའི་སྐབས་ལས་རང་། ཆོས་ག་ར་ བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་ནང་ལུ་བསྒྱུར་ཚར་ཡོདཔ་ལས། ཡའི་རྒྱལ་ཁབ་ནང་ནཱ་ལནྡཱའི་ཆོས་རྒྱུན་མ་ཉམས་པར་ཡོདཔ་ཨིན།།
ད་ལྟོ་ཧི་མ་ལ་
དུས་རབས་༧་པའི་རྒྱ་ནག་གི་དགེ་སློང་ཐང་སན་ཙང་ནཱ་ལནྡཱའི་གཙུག་ལག་སློབ་གྲྭ་ ནང་ལུ་སྐུ་ཡོན་བཞེས་ནིའི་དོན་ལས་ལོ་༥བཞུགས་པའི་སྐབས་ལུ། ཁོ་གིས་ན་ལནྡཱའི་ གནས་ཚུལ་མཐོང་ཐོས་བྱུང་མི་དེ་ཚུ་ཡིག་ཐོག་ལུ་དེ་སྦེ་བཀོད་ནུག།
དེ་ཡང་སྟོན་པ་མྱ་ངན་ལས་འདས་ཚར་བའི་ཤུལ་མ་རྒྱལ་ཁབ་འདི་གི་རྒྱལཔོ་སཱ་ཀཱ་རཱ་
དི་ཏྱ་ཟེར་མི་དཀོན་མཆོག་ལུ་གསུམ་ལུ་གུས་ཞབས་ཡོད་པའི་རྒྱལཔོ་ཅིག་བཞུགས་ ནུག རྒྱལཔོ་འདི་གིས་དགོན་སྡེ་ཅིག་གཞི་བཙུག་གནང་ནིའི་དོན་ལུ་སའི་བརྟག་ཞིབ་ འབདཝ་ད་ནཱ་ལནྡཱའི་ས་ཁོངས་འདི་ས་ཆ་གཞན་ལས་ལེགས་ཤོམ་ཡོདཔ་ལས་བརྟེན་ དགོན་པ་ཅིག་གསར་བཞེངས་མཛད་མཛདཔ་ཨིན་པས།
དགོན་སྡེ་འདི་བཞེངས་
ནིའི་དོན་ལུ་ས་བརྐོ་བའི་སྐབས་ལུ་ཀླུ་ལུ་གནོད་རྐྱེན་འབྱུང་ཡོདཔ་ལས། རྒྱལཔོ་གིས་
114
གནས་བཤད་འདོད་འཇོའི་བུམ་བཟང་།
ས་གནས་འདི་ནང་ཡོངས་གྲགས་ཡོད་མི་གྲངས་ཅན་པའི་ཆོས་ལུགས་ཀྱི་མཁསཔ་ ཅིག་གདན་འདྲེན་ཞུ་འབད་ཀླུ་ཡི་ཞི་ཐབས་གཟིགསཔ་ད། ནུག
འདུག
འདི་གིས་དེ་སྦེ་གསུང་
ས་གནས་འདི་གཞན་ལས་ལྷག་པའི་བྱིན་རླབས་དང་རྟགས་མཚན་བཟང་པོ་
དགོན་སྡེ་གཞི་བཙུགས་མཛད་པ་ཅིན་ལོ་སྟོང་ཕྲག་གི་རིང་ལུ་མཁས་པ་ལེ་
ཤཱ་འབྱུང་སྟེ་ཡོངས་གྲགས་འཐོན་འོང་།
ཨིན་རུང་ཀླུ་ལུ་གནོད་རྐྱེན་འབྱུང་མི་ལས་
བརྟེན་མང་སུ་ཅིག་ལུ་ཞལ་ལས་ཁྲག་བསྐྱུག་ནི་གི་གནོདཔ་ཚུ་འོང་ནི་ཨིན་པས་ཟེར་ གསུངས་ནུག།
རྒྱལཔོ་འདི་གི་སྲས་བུདྡྷ་གུཔྟ་རྒྱལཔོ་གི་ཁྲི་ཐོག་ལུ་བྱོན་ཏེ། ཁོ་རའི་ཡབ་ཀྱིས་བཞེངས་ ཡོད་པའི་དགོན་སྡེའི་ལྷོ་ཁ་ཐུག་དགོན་པ་ཅིག་གསར་བཞེངས་མཛད་པའི་ཁར།
ཁོ་
གི་སྲས་ཏ་ཐཱ་ག་ཏ་གུཔྟ་གིས་ཡང་ཤ ར་ཁ་ཐུག་དགོན་པ་ཅིག་བཞེངས་ཡོདཔ་ཨིན་
པས། འདི་གི་ཤུལ་ལས་རྒྱལཔོ་བཱ་ལཱ་དིཏྱ་གིས་བྱང་ཤར་ཁ་ཐུག་དགོན་པ་ཅིག་དང་། ཁོ་གི་སྲས་བཛྲ་ཟེར་མི་འདི་རྒྱལཔོ་གི་ཁྲི་ཁར་ཕེབས་ཏེ་ནུབ་ཁ་ཐུག་ལུ་དགོན་པ་ཅིག་
བཞེངས་ནུག རྒྱལཔོ་བཛྲ་གི་ཤུལ་མ་རྒྱ་གར་གྱི་ས་གནས་ལྟེ་བ་ལས་ཨིན་མི་རྒྱལཔོ་ ཅིག་གིས་བྱང་ཁ་ཐུག་ལུ་དགོན་པ་སྦོམ་ཅིག་བཞེངསམ་དང་གཅིག་ཁར།
མཐའ་
བསྐོར་ལུ་ལྕགས་རི་དང་བྱང་ཁ་ཐུག་ལུ་འཛུལ་སྒོ་ཅིག་ཡང་བཟོ་བསྐྲུན་མཛད་དེ་ནང་ ན་ལུ་སྟོན་པའི་སྐུ་འདྲ་ཅིག་བཞེངས་ཏེ་ཕུལ་ཡོདཔ་མ་ཚད། ཧེ་མ་དགོན་སྡེ་བཞེངས་
གནང་མི་ཚུ་གིས་བཀའ་དྲིན་བསམ་ནི་དང་སྦྱིན་བདག་མཛད་མི་ཚུ་གིས་སྐུ་ཚེ་ཞབས་ པད་བརྟན་ནིའི་དོན་ལུ།
དགོན་པ་འདི་ནང་དགེ་སློང་༤༠ཉིནམ་ཨ་རྟག་རང་སྐུ་རིམ་
གནང་བཅུག་ཏེ་གསོལ་ཚོགས་ཀྱི་སྦྱིན་བདག་ཡང་།
རྒྱལཔོ་མཆོག་གིས་མཛད་དེ་ད་
ལྟོའི་བར་ན་ཡང་སྔར་ག་ཨིནམ་འབད་མཛད་དང་མཛད་བཞིན་དུ་འདུག།
115
གནས་བཤད་འདོད་འཇོའི་བུམ་བཟང་།
གཙུག་ལག་སློབ་གྲྭ་འདི་ནང་ལུ་ད་ལྟོ་ཡང་ལྕོགས་གྲུབ་ཅན་གྱི་དགེ་འདུན་པ་སྟོང་ ཕྲག་ལས་བཅད་དེ་བཞུགས་ཡོད་ནི་འདི་གིས་ནཱ་ལནྡཱའི་གཙུག་ལག་སློབ་ཁང་འདི་ བྱིན་རླབས་དང་གཟི་བརྗིད་ཆེ་ཏོག་ཏོ་འབད་མཇལཝ་མས། འདི་ནང་བཞུགས་མི་དགེ་ འདུན་པ་ཚུ་བྱ་བ་སྤྱོད་ལམ་ཟབ་ཏོག་ཏོ་དང་ཚུལ་དང་མཐུནམ་འབད་བཞུགསཔ་ལས།
རྒྱ་གར་ནང་གི་མི་སེར་ཚུ་གིས་ཡང་གུས་ཞབས་དང་བརྩི་མཐོང་ཆེ་ཏོག་ཏོ་འབདཝ་ མས།
དྲོ་པ་གནམ་ཤར་དཀརཝ་ལས་འགོ་བཙུགས་ཕྱི་རུ་གནམ་མ་སྲོ་བར་དུ་ཆོས་
ཀྱི་བགྲོ་གླེང་དང་རྩོད་འགྲན་ཚུ་གནང་སྟེ་བཞུགས་པའི་ཁར། རྒས་ཤོ་དང་གཞོན་ཤོའི་ བར་ན་ནང་ཡང་གུས་ཞབས་དང་། ཏོག་ཏོ་འདུག
དགེ་འདུན་ནང་ཕན་ཚུན་ཡང་ག་ཅི་འདེ་མཐུན་
ཕྲལ་ཕྲལ་སྐབས་མ་དད་པའི་སྤྱོད་མ་དང་སློབ་སྦྱོང་མ་འབད་བར་ལེ་
ལོ་ཆེ་དྲགས་འབད་སྡོད་མི་རེ་འཐོན་པ་ཅིན། ཁྲིམས་བསྐྱལ་ནི་གི་ལུགས་སྲོལ་འདུག ཁྲིམས་འདི་ཡང་ཁོ་གི་གཟུགས་ཀྱི་གྱིབ་མ་འདི་རང་ལུ་ཕོག་མ་བཅུག་པར་ལམ་ཕར་
དང་ཚུར་ལས་ཟུར་དེ་འགྱོ་ཞིནམ་ལས་ཁོ་ངོ་ཚ་བཅུགཔ་མས།གཙུག་ལག་སློབ་གྲྭ་
འདི་ནང་སློབ་དཔོན་དང་མཁན་པོ་བསྡོམས་༣༠༠༠དང་། སློབ་སྦྱོང་འབད་མི་དགེ་སློང་ དང་གཞན་སློབ་སྦྱོང་འབད་མི་ཡོངས་བསྡོམས་༡༠༠༠༠། འདི་ནང་སློབ་སྦྱོང་གནང་མི་ དེ་ཚུ་གཙོ་བོ་ཐེག་ཆེན་གྱི་ཆོས་ལུ་སློབ་སྦྱོང་འབདཝ་ཨིན་རུང་། བྱེད་ཀྱི་གཞུང་དང་།
སྒྲ་དང་ཚད་མ།
བཟོ་དང་གསོ་བ།
དེ་གི་ཞོ་ཁར་རིག་
ལུགས་ཀྱི་བསྟན་བཅོས་
ལ་སོགས་པའི་བསྟན་བཅོས་མ་འདྲཝ་སྟོང་ཕྲག་སྟོང་ཕྲག་ལུ་སློབ་སྦྱོང་མཛདཔ་ཨིན་ མས།། ཟེར་བཀོད་ནུག།
དེ་ལས་དུས་རབ་༡༣པའི་ནང་ལས་ནཱ་ལནྡཱའི་གཙུག་ལག་སློབ་གྲྭ་འདི་གྱང་ཁོག་ལུ་ འགྱུར་ཏེ་ལོ་ངོ་༧༠༠དེ་ཅིག་གི་རིང་ལུས་པའི་ཤུལ་ལས།
དུས་རབས་༡༩པའི་ནང་ལུ་
ཕྱི་གླིངཔ་བྷུ་ཅཱ་ནཱོན་ཧཱ་མིལ་ཊོན་གྱིས་ས་ཁོངས་འདི་ནང་ལས་སྟོན་པའི་སྐུ་འདྲ་ཚུ་ཐོབ་
116
གནས་བཤད་འདོད་འཇོའི་བུམ་བཟང་།
ཡོདཔ་ལས། ནཱ་ལནྡཱའི་ཤུལ་ཨིནམ་ཤེས་ཏེ་གནམ་ལོ་༡༩༡༥ལུ་ས་འོག་ལས་བཏོན་ནི་ གི་ལཱ་ཚུ་འགོ་བཙུགས་ནུག།
དེ་ལས་གཙུག་ལག་སློབ་ཁང་འདི་ནང་ལུ་རྩོད་པ་ཚོགས་པའི་སྐབས་ལུ།
སྡེ་སྣོད་
གསུམ་༼ཏྲི་པི་ཊ་ཀ༽གྱི་སྐོར་ལས་དྲི་བ་བཀོད་དེ་ལན་རྐྱབ་མ་ཚུགས་མི་ཚུ་ལུ་བརྩི་ མཐོང་སྦོམ་མེདཔ་ལས།
ལ་ལུ་ཅིག་ངོ་ཚ་སྦེ་གཡིབ་སྡོད་དགོཔ་ཡང་བྱུངམ་མས།ས་
གནས་སོ ་ སོ ་ ནང་བཞུགས་མི་མཁས་པ་ཚུ་འདི་ནང་བྱོ ན་ཞིནམ་ལས་གྲོས་བསྡུར་ འབད་དེ་དོགས་སེལ་ཚུ་ཡང་མཛད་ནི་འདུག
འདི་ནང་ལས་མཁས་པའི་གྲངས་སུ་
ཚུད་ཞིནམ་ལས་ས་གནས་གཞན་ཁ་ལུ་བྱོན་ཏེ་སློབ་སྦྱོང་དར་ཁྱབ་ལེགས་ཤོམ་འབད་ མཛདཔ་ལས་བརྟེན་ནཱ་ལནྡཱ་ལས་བྱོན་མི་ཚུ་མཁས་པ་ཨིན་པའི་གཏམ་སྙན་གྲགས་ ཐོབ་མི་ཡང་མང་རབས་ཅིག་འདུག།
པཎྜི་ཏ་ཕྱོགས་ག་སྟེ་ལས་ཡང་མཁསཔ་སྦེ་ཐོན་ཏེ་གཞན་གྱིས་འགྲན་ཟླ་འབད་མ་ ཚུགས་མི་ཚུ་འཛུལ་སྒོའི་སྒོ་སྲུངམ་འབད་བསྐོས་ཏེ། བསྡུར་འབད་བ་འོང་མི་ཚུ།
ས་གནས་གཞན་ལས་གྲོས་
དང་པ་རང་སྒོ་སྲུང་པ་གིས་གཏིང་ཟབ་དྲགས་འབད་
བཀོད་མི་དྲི་བའི་ལན་སླབ་དགོ་པས།
རྒྱུ་མཚན་འདི་ལས་བརྟེན་འདི་ནང་འཛུལ་
ཞུགས་འབད་བ་མ་འོངས་པའི་ཧེ་མ་ལས་སློབ་སྦྱོང་འབད་དེ་འོང་དགོཔ་ཨིན་མས།
མི་གྲངས་༡༠དེ་ཅིག་འཛུལ་བཞུགས་འབད་བར་འོང་མི་ལས་གཉིས་གསུམ་དེ་ཅིག་
གིས་མ་གཏོགས་དྲི་བའི་ལན་རྐྱབ་མ་ཚུགསཔ་ལས། གཞན་མི་གྲངས་བདུན་བརྒྱད་ དེ་རེ་ལོག་འགྱོ་དགོ་པས།
ནང་ན་ཚུད་མི་ཚུ་གྲོས་བསྡུར་འབད་བའི་སྐབས་ཉམ་ཆུང་
ཏོག་ཏོ་སྦེ་རྩོད་འགྲན་འབད་དེ་མིང་གཏམ་དང་ཡོངས་གྲགས་འཐོན་ཞིནམ་ལས། ནཱ་
ལནྡཱའི་གཙུག་ལག་སློབ་གྲྭའི་མཁས་པ་མིང་གཏམ་ཅན་གྱི་གྲངས་སུ་ཚུདཔ་མས། ད་ ལྟོ་ཚུན་གྱི་བར་ན་དེ་བཟུམ་གྱི་མིང་གཏམ་འཐོན་ཏེ་འབྱོན་མི་མཁས་པ་མང་རབས་
117
གནས་བཤད་འདོད་འཇོའི་བུམ་བཟང་།
ཅིག་ཡོད་པའི་གྲངས་སུ་ལས།
དཔྱེ་བཟུམ་ཅིག་ཞུ་བ་ཅིན་སློབ་དཔོན་ཀླུ་སྒྲུབ་ཡབ་
སྲས་གཉིས། སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་ཞི་བ་འཚོ། དཔལ་ ནཱ་རོ་པ་དང་།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ།
རྒྱལ་སྲས་ཞི་བ་ལྷ།
སློབ་དཔོན་ཟླ་
བ་གྲགས་པ། ཕྱོགས་གླང་ཆོས་གྲགས། སློབ་དཔོན་ཐོགས་མེད་ལ་སོགས་པ་དང་། གཞན་ཡང་མཁས་པ་དང་གྲུབ་པའི་སློབ་དཔོན་གྱངས་ཁ་མ་ཆོདཔ་ཅིག་བྱོན་ནུག།
གནས་འདི་ནང་ལུ་སྟོ ན་པའི་མཛད་རྣམ་དང་གཞན་སྟོ ན་པའི་རྗེས་འཇུག་ཚུ་གིས་
མཛད་པ་སྟོན་གནང་སའི་ས་ཁོངས་༡༠༠ལྷགཔ་ཅིག་ཡོདཔ་སྦེ་ཐང་སན་བླ་མའི་ལམ་
ཡིག་ནང་བཤད་དེ་འདུག དེ་གི་སྐོར་ལས་ཁོ་གིས་གསུངས་མི་འདི་སྐད་བསྒྱུར་འབད་ དེ་ཞུ་བ་ཅིན།དགོན་སྡེའི་ནུབ་ཁ་ཐུག་ཡོད་པའི་གཙུག་ལག་ཁང་འདི་ཧེ་མ་སྟོན་པ་
བཅོམ་ལྡན་འདས་མཆོག་གིས་ཟླཝ་༣གྱི་རིང་ལུ་ལྷ་དང་མི་ཚུ་ལུ་ཆོས་ཀྱི་འཁོར་ལོ་ བསྐོར་གནང་ས་ཨིན། ཅིག་ཡོད་མི་འདི།
བའི་གནས་ཨིན་པས།།
དེ་ལས་ལྷོ་ཁ་ཐུག་གོམ་པ་༡༠༠དེ་ཅིག་གི་ས་ཁར་མཆོད་རྟེན་
ཧེ་མ་དགེ་སློང་གཅིག་གིས་ཐག་རིང་ས་ལས་སྦེ་སྟོན་པ་མཇལ་
འདི་གི་ལོ་རྒྱུས་ཡང་ སྟོན་པ་བཅོམ་ལྡན་འདས་འཁོར་དང་བཅསཔ་འབད་བྱོནམ་ད་ ཐག་རིང་ས་ལས་འོང་མི་དགེ་སློང་ཅིག་ས་ཁོངས་འདི་ཁར་ལྷོདཔ་ད་། སྟོན་པ་འཁོར་ དང་བཅསཔ་མཇལ་བ་ཙམ་གྱིས་སེམས་ཀྱི་ཧིང་ལས་རང་དད་པ་སྐྱེད་དེ་འོངམ་ལས། ཁོ་གིས་གཟུགས་ས་ལུ་བརྡབས་ཏེ་ཕྱག་འཚལ་བའི་སྐབས།
སེམས་ཁ་ལུ་འཁོར་ལོ་
བསྒྱུར་བའི་རྒྱལཔོ་ཅིག་གིས་གོ་གནས་ཐོབ་བཅུག་ཟེར་སྨོན་ལམ་བཏབ་ནུག སྒང་སྟོན་པ་མཆོག་གིས་ཕྱག་ཞུ་མི་ཚུ་ལུ་དེ་སྦེ་གསུངས་ནུག། ཁོ་ལུ་ཆོས་སྒྲུབ་ནི་གི་ལྕོགས་གྲུབ་ཡང་འདུག སྦོ་ལོག་ཁ་རང་འདུག
འདི་
བསྒྲུབ་པ་ཅིན་སྒྲུབ་ནི་གི་ལམ་ཡང་
འཁོར་ལོ་བསྒྱུར་བའི་རྒྱལཔོ་ཐོབ་ནི་གི་འདོད་པ་སྐྱེད་མི་འདི་
118
གནས་བཤད་འདོད་འཇོའི་བུམ་བཟང་།
ལུ་སྡིག་ཆེ་བས། བརྟེན།
ཨིན་རུང་ཁོ་གིས་གཟུགས་ས་ཁར་བརྡབས་ཏེ་ཕྱག་འཚལཝ་ལས་
ཁོ་འཁོར་ལོ་བསྒྱུར་བའི་རྒྱལཔོ་ལུ་སྐྱེས་འོང་།
འདི་འབདཝ་ད་ཁོ་གིས་
སེམས་ཀྱི་གདིང་ལས་རང་མིའི་འཇིག་རྟེན་གྱི་དགའ་སྤྲོ་འདི་ལུ་འདོད་པ་ཡོད་ནི་དེ་ གིས། ཆོས་སྒྲུབ་ནི་གི་ལམ་ཐག་ཉེ་ས་ཡོད་མི་འདི་ཐག་རིངམ་བཟོ་དའི་ཟེར་གསུངས་ སའི་གནས་ཨིན།།
འདི་གི་ལྷོ་ཁ་ཐུག་སྤྱན་རས་གཟིགས་ཀྱི་སྐུ་འདྲ་བཞེངས་ཏེ་བཞུགས་མི་ཅིག་འདུག སྐུ་འདྲ་འདི་གིས་ཕྲལ་ཕྲལ་སྐབས་ཕྱག་ལུ་སངས་ཕོར་བསྣམས་ཏེ་སྟོན་པའི་གཙུག་
ལག་ཁང་གི་གཡས་བསྐོར་གནང་ས་དགེ་སློང་ཚུ་གིས་མཇལ་བའི་ལོ་རྒྱུས་འདུག སྐུ་ འདྲ་འདི་གི་ལྷོ་ཁ་ཐུག་ཡོད་མི་མཆོད་རྟེན་ནང་ལུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཟླཝ་
༣གྱི་རིང་ལུ་ཆོས་ཀྱི་འཁོར་ལོ་བསྐོར་གནང་པའི་སྐབས་ཀྱི་ཕྱག་སེན་དང་དབུ་སྐྲ་ཚུ་ བཞུགས་ཏེ་ཡོད། ན་ཚ་ཡོད་མི་ཚུ་དད་པ་དང་མོས་གུས་སྐྱེད་དེ་མཆོད་རྟེན་འདི་བསྐོར་ ར་རྐྱབ་པ་ཅིན་དྲག་མི་ཡང་ལེ་ཤཱ་ཡོད་ཟེར་ཨིན་མས།།
མཆོད་རྟེན་འདི་གི་ནུབ་ཁ་ཐུག་ལྕགས་རིའི་ཕྱི་ཁར་ཆུ་རྫིང་གི་ཟུར་ཁ་ཡང་མཆོད་རྟེན་ ཅིག་ཡོད།
འདི་ཁར་མུ་སྟེགསཔ་ཅིག་གིས་བྱི་ཅུ་ཅིག་བཟུང་ཞིནམ་ལས་སྟོན་པ་
མཆོག་ལུ་སྐྱེ་ནི་དང་ཤི་ནིའི་བར་ན་གི་འབྲེལ་བའི་སྐོར་ལས་དྲི་ས་ཨིན་པས། འདི་ནང་ ལས་ཤར་ལྷོ་ཁ་ཐུག་གོམ་པ་༥༠འི་ས་ཁར་ཤིང་ག་དང་ཡང་མ་འདྲཝ་ཅིག་ཡོད་མི་འདི་ སྟོན་པ་མཆོག་གིས་ཚེམས་ས་ཁར་ཤོར་ས་ལས་སྐྱེས་ཡོདཔ་མས།།
འདི་ཁར་ལས་ཤར་ཁ་ཐུག་གཙུག་ལག་ཁང་མཐོ་ཚད་ཕིཊ་༢༠༠ལྷག་ཙམ་འབད་མི་ ཅིག་འདུག
གནས་ཨིན།།
འདི་ནང་ལུ་སྟོན་པ་མཆོག་གིས་ཟླཝ་༤གི་རིང་བཀའ་ཆོས་གནང་སའི་
119
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་ཁར་ལས་བྱང་ཁ་ཐུག་གོམ་ཐེངས་༡༠༠གི་ས་གནས་ལུ་གཙུག་ལག་ཁང་ཅིག་ གི་ནང་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཅིག་བཞུགས་ཏེ་འདུག
སྐུ་འདྲ་འདི་ལུ་དད་
མོས་ཅན་གྱི་སློབ་མ་ཚུ་གིས་ཕྱག་མཆོད་ཕུལ་བའི་སྐབས་ལུ་མི་གཞན་གྱིས་མཇལ་དོ་
བཟུམ་སྦེ་མེན་པར། ཕྲལ་ཕྲལ་སྒོའི་རྩ་བར་བཞུགས། ཕྲལ་ཕྲལ་སྐབས་ཁྱིམ་ཏོག་གི་ གཡབ་ཀྱི་འོག་ལུ་བཞུགས་ཏེ་ཡོདཔ་སྦེ་མཇལ་དོ་ཡོདཔ་ཨིན་མས།།
འདི་གི་བྱང་ཁ་ཐུག་མཐོ་ཚད་ཕིཊ་༣༠༠ཡོད་མི་གཙུག་ལག་ཁང་སྦོམ་ཅིག་ཡོད་མི་འདི་ རྒྱལཔོ་བཱ་ལཱ་དི་ཏྱ་གིས་བཞེངས་ནུག
ནང་གི་སྟོན་པའི་སྐུ་འདྲ་འདི་རྡོ་རྗེ་གདན་གྱི་
མཆོད་རྟེན་ནང་བཞུགས་ཡོད་མི་སྟོན་པའི་སྐུ་འདྲ་དང་ཁྱད་པར་མེདཔ་ཅི་ཡོད།།
དེ་ཁར་ལས་བྱང་ཤ ར་ཁ་ཐུག་མཆོད་རྟེན་ཅིག་ཡོད་མི་འདི་སྟོན་པ་མཆོག་གིས་བདུན་ ཕྲག་༡གི་རིང་ཆོས་གནང་སའི་གནས་ཨིན།
འདི་ནང་ལས་ནུབ་བྱང་ཁ་ཐུག་འདས་
པའི་སངས་རྒྱས་༣དང་ད་ལྟ་བའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་སའི་གནས་ཨིན་ པས།།
འདི་ཁ་ལས་ལྷོ ་ ཁ་ཐུག་རྒྱལཔོ ་ ཤཱི་ལཱ་དི་ཏྱ་གིས་བཞེངས་པའི་ཟངས་ཐག་ཅན་གྱི་ གཙུག་ལག་ཁང་གཅིག་དང།
འདི་ཁར་ལས་ཤར་ཐུག་གོམ་ཚད་༢༠༠འི་ས་ཁར་
ལྕགས་རི་ཕྱི་ཁར་རྒྱལཔོ་པུར་ནཱ་ཝཱརྨ་ གིས་རྒྱུ་ཟངས་ལས་བཞེངས་ཡོད་མི་སྟོན་པའི་ སྐུ་འདྲ་མཐོ་ཚད་ཕིཊ་༨༠འབད་མི་ཅིག
དེའི་བྱང་ཁ་ཐུག་རྒྱང་གྲགས་གཉིས་གསུམ་
ཅིག་གི་ས་ཁར་ས་པག་ཅུ་གིས་འབད་བཞེངས་ཏེ་ཡོད་པའི་གཙུག་ལག་ཁང་ཅིག་གི་ ནང་ལུ་ནང་རྟེན་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ཅིག
སྐུ་འདི་མཐོ་ཚད་དང་རྒྱ་ཚད་སྦོམ་
ཡོདཔ་མ་ཚད་མཇལཝ་ད་ཡང་རང་བཞིན་གྱིས་ཡིད་འཕྲོག་ཚུགསཔ་ཅིག་ཡོད།
ལོ་
གསར་གྱི་ཉིནམ་ལས་འགོ་བཙུགས་ཏེ་ཉིནམ་༧གྱི་རིང་ལུ་རྒྱལཔོ་དང་བློན་པོ་དེ་ལས་
མཐའ་འཁོར་ལུ་ཡོད་པའི་རྒྱལ་ཁབ་ནང་གི་མི་སེར་ཚུ་ཡང་འོང་སྟེ། དྲི་ཞིམ་པའི་སྤོས་
120
གནས་བཤད་འདོད་འཇོའི་བུམ་བཟང་།
དང་། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། སིལ་སྙན་དང་། མཆོད་རྫས་རྣམ་པ་ སྣ་ཚོགས་ཀྱི་སྒོ་ལས་མཆོདཔ་ཕུལ།ཕྱག་དང་བསྐོར་བ་བརྐྱབ་ནི་ཡོད་མི་འདི་ལོ་བསྟར་ གྱི་ལམ་སྲོལ་ཟུམ་ཅིག་ཨིན་པས།།
དགོན་སྡེ་འདི་ནང་ལས་ལྷོ་ཁ་ཐུག་རྒྱང་གྲགས་༨དང་༩འི་ས་ཁར་ཀུ་ལི་ཀཱ་ཟེར་མི་
གཡུས་ཚན་ཅིག་འདུག འདི་ཁར་ཆོས་རྒྱལ་ཨ་ཤོ་ཀ་གིས་མཽངྒ་ལ་གྱི་བུ་སྐུ་འཁྲུངས་ སའི་ས་ཁོངས་ནང་ལུ་མཆོད་རྟེན་ཅིག་བཞེངས་ཏེ་གནང་ནུག གཡུས་འདི་གི་ཟུར་ཁ་ མཆོད་རྟེན་ཅིག་ཡོད་མི་འདི། མཽངྒ་ལ་གྱི་བུ་མྱ་ངན་ལས་འདས་པའི་གནས་ཨིན་པས། མཆོད་རྟེན་འདི་ནང་མཽངྒ་ལ་བུའི་རིང་བསྲེལ་བཞུགས་ཏེ་ཡོད་དོ་མས།།
གཡུས་འདི་ནང་ལས་ཤར་ཁ་ཐུག་རྒྱང་གྲགས་གསུམ་བཞིའི་ས་ཁར་མཆོད་རྟེན་
ཅིག་ཡོད་མི་འདི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་སྟོན་པ་བཅོམ་ལྡན་འདས་མཆོག་
མཇལ་འཕྲད་མཛད་སའི་གནས་ཨིན་པས། གནས་འདི་ཁར་ལས་ཤར་ལྷོ་ཁ་ཐུག་རྒྱང་ གྲགས་༢༠འི་ས་ཁར་ཀཱ་ལ་པི་ནཱ་ཟེར་མི་གཡུས་ཅིག་ཡོད་འདི་ནང་ཆོས་རྒྱལ་ཨ་ཤོ་ཀ་ གིས་ཤཱ་རིའི་བུ་འཁྲུངས་སའི་གནས་ཨིནམ་ལས་བརྟེན་མཆོད་རྟེན་ཅིག་བཞེངས་ནུག
འདི་གི་ཟུར་ཁ་མཆོད་རྟེན་ཅིག་ཡོད་མི་འདི་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་གནས་ ཨིན་མས། ཟེར་གསུངས་ནུག།
འདི་ཚུ་ཐང་སན་ཙང་བྱོནམ་ད་གི་ལོ་རྒྱུས་ཨིན་ཟེར་ཞུ་ནི་ཨིན།
ད་རེས་ནངས་པ་ས་
འོ ག ་ལས་ཐོ བ ་ཡོ ད་པའི་ནཱ་ལཱནྡཱ འི ་ཤུལ་རྙིངམ་འདི་ནང་ལུ་ས་གནས་འདི་ནང་འདི་ བཞུགས་ནུག
འདི་ཁར་འདི་མཛད་ནུག་ཟེར་ཁ་གསལ་སྦེ་ཞུ་ཚུགསཔ་ཅིག་མེདཔ་
ཨིན་རུང་གནས་ཀྱི་ཤུལ་ནང་ཡོད་མི་གཙུག་ལག་ཁང་གི་ཤུལ་རྙིངམ་གྱི་འཛུལ་སྒོ་ ལས་བྱོནམ་ད་གཡས་ཁ་ཐུག་གི་གཙུག་ལག་ཁང་གི་ཤུལ་འདི་ནང་ལས་རྡོ་བརྐོས་ཡི་
121
གནས་བཤད་འདོད་འཇོའི་བུམ་བཟང་།
གུ་བྲིས་ཏེ་ཡོད་མི་ཅིག་གནས་འདི་ས་འོག་ལས་བཏོན་པའི་སྐབས་ལུ་ཐོབ་ཡོདཔ་ཨིན་ པས། འདི་ནང་བཀོད་དེ་ཡོད་པའི་ཡི་གུ་ནང་ལུ།རྒྱལ་པོ་དེ་བ་པཱ་ལའི་སྐབས་ལུ། རྒྱལ་
ཁབ་ སུ་ཝརྞ་དྦི་པའི་རྒྱལཔོ་བཱ་ལ་པུ་ཏྲ་དེ་བའམ་སུ་མི་ཏྲ་གིས། ནཱ་ལནྡཱ་ལུ་གཙུག་ ལག་སློབ་ཁང་ནང་ལུ།
ཁོ་རའི་རྒྱལ་ཁབ་ནང་ལས་སློབ་སྦྱོང་འབད་བར་བྱོན་མི་ཚུ་
བཞུགས་སའི་དོན་ལུ་བཞེངས་ཡི།ཟེར་ཡོདཔ་དང་། འདི་མ་ཚད། རྒྱལ་པོ་དེ་བ་པཱ་ལ་
མཆོག་གིས། གྲོང་གསེབ་དག་པ་ཅིག་གི་ཁྲལ་ཕོགས་དེ། སློབ་སྦྱོང་པ་ཚུ་ལུ་མཐུན་ རྐྱེན་གྱི་རྒྱབ་སྐྱོར་མཛད་གནང་ཟེར་ཞུ་མི་འདི་ཡང་ཆ་འཇོག་འབདཝ་ཨིན།
ཟེར་
བཀོད་དེ་ཡོདཔ་ལས་བརྟེན། གཙུག་ལག་ཁང་འདི་རྒྱལཔོ་བཱ་ལ་པུ་ཏྲ་གིས་བཞེངས་ ཡོདཔ་ཨིན་པས། སུ་ཝརྞ་དྦི་པ་ཟེར་མི་རྒྱལ་ཁབ་འདི་ད་རེས་ནངས་པ་འབད་བ་ཅིན་ ཨིན་ཌོ་ནི་ཤི་ཡ་དང།
གཞན་ཅིག་ཨིན་པས།།
བཱ་ལ་པུ་ཏྲ་འདི་རྒྱལ་ཁབ་འདི་གི་རྒྱལཔོ་སུ་མི་ཏྲ་གི་མཚན་
ནཱ་ལནྡཱའི་གནས་བཤད་དགེ་ཚོགས་ཀྱིས།།ཐག་རིང་རྒྱང་ནས་ཕེབས་པའི་སྐུ་མགྲོན་ཚོས།། ནཱ་ལནྡཱའི་ལོ་རྒྱུས་ཀུན་མཁྱེན་ནས།།དད་མོས་ཡར་ངོའི་ཟླ་བ་ཚེས་པར་ཤོག།
གཞན་ཡང་ཆོས་ལུགས་བཞི་ཡི་མ་མ་ཡང་།།ནཱ་ལནྡཱ་ཡི་ཆོས་རྒྱུན་ཡིན་ཚུལ་རྟོགས།། ཆོས་ལུགས་སོ་སོ་སྒྲུབ་པའི་ཆོས་གྲོགས་རྣམས།།
དག་སྣང་མཐུན་འབྲེལ་ཟབ་རྒྱས་གནང་བར་མཛོད།། འདི་ན་ཆོས་ལུགས་ས་སྐྱ་དགེ་ལུགས་དང་།།
དཀར་བརྒྱུད་རྙིང་མ་རྣམ་བཞི་ཡོད་ན་ཡང་།།
སྒྲུབ་རྗེས་ཐོབ་པ་མཐའ་མའི་འབྲས་བུ་འདི།། རྣམ་དག་ཐར་པའི་གོ་འཕང་གཅིག་ཏུ་ངེས།།
122
གནས་བཤད་འདོད་འཇོའི་བུམ་བཟང་།
Vikramshila
བི་ཀྲ་མ་ཤཱི་ལའི་གཙུག་ལག་སློབ་ཁང་། རྣམ་གནོན་ཉི་མའི་གཙུག་ལག་ཁང། ཕྱོགས་བཞིར་སྒོ་ཆེན་བཞི་ཡིས་རྣམ་བརྒྱན་པའི།། རྣམ་གནོན་ཞི་བའི་གཙུག་ལག་སློབ་ཁང་ལས།།
མཁས་དང་གྲུབ་པ་ནམ་མཁའི་སྐར་ཚོགས་ཙམ།། བྱུང་བས་འཛམ་ཡངས་པའི་གསོས་སུ་གྱུར།།
བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་འདི་
རྒྱ་གར་བི་ཧར་མངའ་སྡེའི་བྱང་ཕྱོགས་ཆུ་མོ་
གངྒཱ་གི་ཉེ་འགྲམ་ལུ་ཆགས་ཡོདཔ་ཨིན།
འདི་ཡང་པཊ་ན་ལས་ཀི་ལོ་མི་ཊར་༢༨༩།
གཱ་ཡ་ལས་༢༩༡། བྷ་གལ་པཱུར་ལས་ ཀི་ལོ་མི་ཊར་༥༠ཙམ་དང་། ཀ་ཧལ་གཱ་འུན་ ཟེར་ས་ལས་ཀི་ལོ་མི་ཊར་ལྔ་དེ་ཅིག་འགྱོཝ་ད་
ཨ་ནནྟ་པཱུར་ཟེར་སར་ལྷོད་ནི་དང་།
དེ་ལས་ལམ་ཆུང་ཀུ་གཅིག་བརྒྱུད་དེ་ཀི་ལོ་མི་ཊར་ལྔ་དེ་ཅིག་གི་ས་ཁར་
ཨན་ཊས་
ཅག་ཟེར་བའི་ས་གོ་འདི་ནང་ བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆགས་ཏེ་ཡོདཔ་ཨིན། གཙུག་ལག་ཁང་འདི་འཚོལ་ནི་གི་དོན་ལུ་
ཞིབ་འཚོལ་ཚར་དག་པ་ཅིག་འབད་བའི་
སྐབས་ལུ་ ས་གནས་གཞན་དག་པ་ཅིག་ནང་ཡང་ གཙུག་ལག་ཁང་འདི་ཡོད་པའི་
དོགས་པ་བྱུང་ཡོདཔ་ཨིན་མས། ཨིན་རུང་ པཊ་ན་གཙུག་ལག་སློབ་ཁང་གིས་ སྤྱི་ ལོ་༡༩༦༠ལས་༦༩ཚུན་ཚོད་ཞིབ་འཚོལ་འབད་བའི་སྐབས་ལུ་
གོང་ལུ་ཞུ་མི་ས་
གནས་ ཨན་ཏས་ཅག་ཟེར་སར་གཏན་འཕེལ་མཛད་ཡོདཔ་དང་། དེ་ལས་རྒྱ་གར་ གཞུང་གི་མནའ་རྫས་ཞིབ་འཇུག་ཁང་གིས་ འཚོལ་ཚར་ལེ་ཤ་འབད་བའི་ཐ་མར་
སྤྱི་ལོ་༡༩༧༢ལས་
༨༠ཚུན་ཚོད་ཞིབ་
གོང་ཞུ་གི་ས་གནས་འདི་རང་གཏན་ཁེལ་སོང་
123
གནས་བཤད་འདོད་འཇོའི་བུམ་བཟང་།
ཡོདཔ་ཨིན།
བི་ཀྲ་མ་ཤཱི་ལ་འདི་ ནང་པའི་གཙུག་ལག་སློབ་ཁང་སྦོམ ་ཤོ་གཅིག་ཨིན་རུང་ འདི་ག་ གིས་བཞེངས་བཞེངས་ཨིན་ན་གསལ་ཁ་ཅིག་མེདཔ་ཨིན་མས། འབྱུང་ནང་ལས་བཤད་དོ་བཟུམ་འབད་བ་ཅིན་ བཞེངས་ཡོདཔ་སྦེ་བཤད་ཡོདཔ་ཨིན་རུང་།
ཏཱ་ར་ནཱ་ཐའི་ཆོས་
བེང་གོལ་གྱི་རྒྱལ་པོ་དྷརྨ་ པཱ་ལ་གྱིས་
གཙུག་ལག་ཁང་འདི་ནང་ཕེབས་མྱོང་
ཡོད་པའི་ ལོ་ཙ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ མདོ་སྡེ་དྲན་པ་ཉེར་བཞག་ གི་མཇུག་བྱང་ནང་བཤད་དོ་བཟུམ་འབད་བ་ཅིན་ ཡོདཔ་སྦེ་བཤད་ནུག
རྒྱལ་པོ་དེ་བ་པཱ་ལ་གིས་བཞེངས་
ཨིན་རུང་གཙུག་ལག་ཁང་ཁོ་རང་གི་མཚན་ལུ་བལྟ་བ་ཅིན་
གུཔྟའི་རྒྱལཔོ་བི་ཀྲ་མ་ཨ་དི་ཏྱ་གིས་བཞེངས་བཞེངསམ་མེན་ན་མནོཝ་ཅིག་འདུག བི་ཀྲ་མ་ཤཱི་ལའི་གཙུག་ལག་སློབ་ཁང་འདི་
ན་ལནྜ་གི་ཤུལ་ལས་བྱུང་ཡོདཔ་དང་།
འདི་ནང་ལུ་རིག་པའི་གནས་གཞན་དང་གཞན་ཡང་སྦྱངས་བརྩོན་འབད་ནི་ཡོད་པའི་ ཁ་ལུ་
གསང་སྔགས་ཀྱི་བསྟན་པ་དར་ཁྱབ་བྱུང་ས་གི་རྩ་བ་གཅིག་ཡང་ཨིན་མས།
གཙུག་ལག་སློབ་ཁང་དེ་ནང་ལས་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་མང་རབས་
ཅིག་བྱོན་ཡོདཔ་དང་། ཡོངས་གྲགས་ཅན་གྱི་པཎ་ཆེན་ན་རོ་པ་དང་། ཇོ་བོ་རྗེ་དཔལ་ ལྡན་ཨ་ཏི་ཤ་ཡང་གཙུག་ལག་སློབ་ཁང་འདི་ནང་ལས་ཐོན་པའི་མཁས་པ་ཅིག་ཨིན་ མས།།
མཁས་པའི་ཁྱུ་མཆོག་ཤེས་རབ་འབྱུང་གནས་དང་།། གྲུབ་པའི་དབང་ཕྱུག་པཎ་ཆེན་ན་རོ་པས།།
སྒོ་བཞི་བསྲུང་ནས་རྒོལ་བ་བཟློག་པའི་གཏམ།། གངས་ཅན་བོད་ཀྱི་ཡིད་ལ་ལྷང་ངེར་གསལ།།
124
གནས་བཤད་འདོད་འཇོའི་བུམ་བཟང་།
རྩྭ་མཆོག་གྲོང་། Kushinagar རང་ལུགས་སྟོནཔ་དགུང་གྲངས་བརྒྱད་ཅུ་ལ།། སཱ་ལའི་ཤིང་དྲུང་མྱ་ངན་འདས་པའི་ཡུལ།།
རྩྭ་མཆོག་གྲོང་ཞེས་བྱ་བའི་གནས་ཆེན་པོ།། མཇལ་ནས་འཆི་བ་མི་རྟག་དྲན་པར་ཞུ།། གནས་བཤད་མདོར་བསྡུས།
གནས་འདི་ནང་ལུ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་དགུང་ལོ་༨༠འམ་༨༡ལུ་མྱ་ངན་ལས་ འདས་པའི་མཛད་པ་སྟོན་གནང་ཡི་ཟེར་བཤད་ཐང་མ་འདྲཝ་༢ཡོད། དེ་ལས་སྟོན་པ་ ཤཱཀྱ་ཐུབ་པའི་སྐུ་གདུང་མེ་མཆོད་ཕུལ་ས་ཡང་ས་གནས་འདི་ནང་ཨིན་པས་ཟེར་ཞུ་ནི་ ཨིན།།
125
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
རྒྱ་གར་ནང་ལུ་གནས་འདི་གི་མཚན་ཡོངས་གྲགས་ལུ་འབད་བ་ཅིན་ཀུ་ཤི་ནཱ་གཱར་ཟེར་ སླབཔ་ཨིན།
ས་གནས་འབད་བ་ཅིན་རྒྱ་གར་གི་མངའ་སྡེ་ཨུཏྟ་ར་པྲ་དཱེཤ་རྫོང་སྡེ་གྱི་
ས་ཁོངས་ནང་ལུ་ཡོདཔ་ཨིན།
འདི་མཇལ་བར་བྱོནམ་ད་གྷོ་རག་པུར་ལས་ཀི་ལོ་མི་
ཊར་༥༥། ལུམྦི་ནི་ལས་གྷོ་རག་པུར་བརྒྱུད་དེ་བྱོན་པ་ཅིན་༡༧༦། ཀ་པིལ་བཱསྟུ་ལས་ ༡༤༨། ཤྲ་བཱསྟི་ལས་༢༧༤། ཝཱ་རཱ་ཎ་སཱི་ལས་༢༧༠དེ་ཅིག་འགྲོ་འགྲུལ་འབད་དགོ།
སྟོན་པ་བཅོམ་ལྡན་འདས་བྱང་ཡངས་པ་ཅན་ལས་གནས་འདི་ནང་བྱོན་པའི་ལམ་ཁར་
ཅཱ་པཱ་ལཱ་ཟེར་མི་ས་ཁོངས་ནང་ཕེབསཔ་ད་ཀུན་དགའ་བོ་ལུ་སྐུ་ངལ་གནང་དགོ་འབད་ ཟེར་གསུངམ་ལས་བརྟེན་གཙུག་ལག་ཁང་ཅིག་ནང་སྐུ་ངལ་གནང་བཅུག་ནུག
དེ་
ལས་ཀུན་དགའ་བོ་ཁོ་རང་ཕྱི་ཁར་སྤང་ཐང་ཅིག་ནང་ཡར་མར་བྱོན་ཏེ་བཞུགས་པའི་ བར་ནང་ས་གཡོམ་རྐྱབ་དོ་བཟུམ་སྦེ་ཞབས་ཀྱི་རྩ་བ་ལས་ཕར་ས་སྤརཝ་ད།
ཀུན་
དགའ་བོའི་སྐུ་གཟུགས་འདར་གསིག་རྐྱབཔ་ལས་ཚ་གྱང་ལངས་ཏེ་འདི་འཕྲོ་ལས་ གཙུག་ལག་ཁང་ནང་ལུ་བྱོན་ཏེ་གཟིགསཔའི་སྐབས་ལུ། བདེ་ཏོག་ཏོ་འབད་བཞུགས་ཡོདཔ་མཇལ་ནུག
སྟོན་པ་མཆོག་སྐུ་ཁམས་
དེ་ལས་ཀུན་དགའ་བོ་གིས་སྟོན་པ་
མཆོག་ལུ་ས་སྤར་བའི་སྐོར་ལས་ཞུཝ་ད། སྟོན་པ་མཆོག་གིས་ང་ཟླཝ་༣གྱི་ནང་འཁོད་ དགོངས་པ་རྫོགས་ནི་འབད་ཐགས་བཅད་ཅིག་ཟེར་གསུངས་ནུག།
དེ་ལས་ཀུན་དགའ་བོའི་སྐུ་གཟུགས་ཀྱི་ཡན་ལག་ཚུ་ལུ་ཚོར་བ་དང་སེམས་ལུ་དྲན་ ཚོར་མེདཔ་ཐལ་ཏེ་སྐྱོའི་ན་སྔུའི་ན་མ་ཤེས་པར།
སྟོན་པ་མཆོག་ལུ་མྱང་ངན་ལས་
མ་འདའ་བར་བཞུགས་དགོཔ་འབད་གསོལཝ་ཚར་༣་དེ་ཅིག་བཏབ་ད་ལུ།
སྟོན་པ་
མཆོག་གིས། ཀུན་དགའ་བོ༑ ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལུ་ཡིད་ཆེས་དང་བློ་ གཏད་ཡོད་པ་ཅིན་ཁྱོད་ཀྱིས་ཤེས་འོང་། སྟོན་པ་ང་གིས་ཟླཝ་༣གྱི་ནང་འཁོད་དགོངས་
126
གནས་བཤད་འདོད་འཇོའི་བུམ་བཟང་།
པ་རྫོགས་ནི་འབད་ཐག་བཅད་མི་འདི་དུས་ཚོད་ཁར་ཨིན། ཟེར་གསུངས་ནུག།
དེ་ལས་ཀུན་དགའ་བོ་གིས་དགེ་འདུན་པ་ཚུ་གདན་འདྲེན་ཞུ་སྟེ་ས་ཁོངས་འདི་ནང་ ཡོད་པའི་ཀུ་ཊཱ་གྷ་རའི་ཚོགས་ཁང་ནང་འཛོམས་ཏེ་བདུན་ཕྲག་༡གི་རིང་སྟོན་པ་མཆོག་ ལས་བཀའ་སློབ་ཚུ་ཞུ་ཡོདཔ་ཨིན་པས།
བཀའ་སློབ་མཇུག་བསྡུ་བའི་ཤུལ་ལས་པཱ་
བ་ཟེར་སའི་ས་གནས་ནང་བྱོན་ནུག། ས་གནས་འདི་ནང་སྟོན་པའི་སློབ་མ་ཅུནྡ་ཟེར་མི་ འདི་ཁོ་རང་འཇིག་རྟེན་ཁྱིམ་པ་ཅིག་ཨིན་པའི་ཁར་ཨཔ་འདི་མགརཝ་ཅིག་ཨིན་མས།
ཅུནྡ་བཟའ་ཚང་ཚུ་གིས་སྟོན་པ་མཆོག་དང་ཕྱག་ཞུ་སྟེ་བྱོན་མི་དགེ་སློང་༣༠༠ལྷགཔ་ ཅིག་ལུ་ཁོ་རའི་ཁྱིམ་ནང་ལུ་འབད་གསོལཝ་ཅིག་དྲངས་ནིའི་དོན་ལུ་གདན་འདྲེན་ཞུ། དེ་ལས་ཅུནྡའི་ཨམ་སྲུ་དང་ཆ་རོགས་ཚུ་གིས་དགེ་སློང་ཚུ་ལུ་གསོལཝ་དྲངས།
ཅུནྡ་
ཁོ་རང་གིས་སྟོན་པ་མཆོག་ལུ་དྲང་ནིའི་དོན་ལུ་དམིགས་བསལ་སྦེ་གྲ་བསྒྲིགས་འབད་ དེ་ཡོད་པའི་ཞལ་ཟས་༼སུ་ཀཱ་རཱ་མཱད་དཱ་བ༽འདི་དྲངས་ནུག
ཟས་འདི་ཙནྡན་ཤིང་
ལས་འབྱུང་མི་ཤ་མུའི་རིགས་ཅིག་གིས་སྦེ་བཟོ་དོ་ཡོདཔ་ཨིན་པས།
སྟོན་པ་མཆོག་
གིས་གསོལཝ་འདི་བཞེས་ཚརཝ་ཅིག་ཅུནྡ་ལུ་ཤ་མུའི་བཞེས་སྒོ་ལྷག་ལུས་ཡོད་མི་ཚུ་ ག་ལུ་ཡང་མ་བྱིན་པར་ས་དོང་ནང་ལུ་བླུགས་ཟེར་གསུངས་ནུག།
དེ་ལས་སྟོན་པ་མཆོག་གིས་ས་གནས་འདི་ཁར་ཡོད་པའི་མི་ཚུ་ལུ་བཀའ་སློབ་གནང་ འབད་དགུང་ཞག་ཨམ་ཅུ་ཀུ་ལི་ཤིང་གི་ལྡུམ་ར་ཅིག་ནང་བྱོན་ཏེ་བཞུགས་ཡོདཔ་མས།
དེ་ཚེ་ཕྱི་རུ་ལས་སྟོན་པ་མཆོག་སྙུང་གཞི་བཏབ་སྟེ་སྐུ་སྙུངམ་ལས་བརྟེན་དགུང་བཞག་ ཅིག་གཟིམ་ར་མ་ཚུགས་པར་གནམ་ནངས་སོ་ནུག
གནམ་ཤར་དཀརཝ་ཅིག་སྟོན་
པ་མཆོག་དང་ཕྱག་ཞུ་མི་ཚུ་ཀུ་ཤི་ནཱ་གར་ལུ་བྱོ ན མ་ད་ལུ་བྱོ ན་ཡི་བྱོ ན་ཡི་རང་སྙུང་ གཞི་འདི་ཡང་ཆེ་སུ་ཆེ་སུ་འབད་སོང་ཏེ་ཤིང་ཅིག་གི་རྩ་བར་སྐུ་ངལ་གནང་སྟེ་བཞུགས་ པའི་སྐབས་ལུ།
སྟོན་པ་མཆོག་གིས་ཀུན་དགའ་བོ་ལུ་ཆུ་ཅིག་འབག་འོང་གནང་ཟེར་
127
གསུངམ་ད།
གནས་བཤད་འདོད་འཇོའི་བུམ་བཟང་།
ཀུན་དགའ་བོ་གིས་འདི་ཁ་གི་ཆུ་འདི་འདམ་ཆུ་ཨིནམ་ལས་བཞེས་མི་
བཏུབ་ནི་ཨིན་མས།
ཀཱ་ཀུཏ་ཐཱ་ལུ་ཆུ་ཧིང་སངས་ས་ཡོད།ཕར་ལུ་ཕེབསཔ་ད་བཞེས་
གནང་ཟེར་ཞུཝ་ད།
སྟོན་པ་མཆོག་གིས་ང་ཤུགས་སྦེ་རང་སྐོམ་ཚིག་ལངས་ཆི་ཡི།
ཀུན་དགའ་ཁྱོད་ཀྱིས་ང་ལུ་ཆུ་ཅིག་ཨིན་ཅི་མིན་ཅི་འབག་འོང་གནང་ཟེར་གསུངམ་ད་
ལུ་། ཀུན་དགའ་བོ་ཐབས་རང་མེད་པར་འདམ་ཆུ་འདི་ནང་ལས་ཆུ་དབོག་སྟེ་ཧོད་ནང་ བླུགཔ་ད་ཧ་ལས་སི་སི་སྦེ་ཆུ་འདི་འདམ་ཆུ་མེན་པར་ཧིང་སངས་ས་སྦེ་འཐོན་ཡོདཔ་ ཨིན་པས།
སྟོན་པ་མཆོག་ཆུ་འདི་བཞེས་ཏེ་དུས་ཡུན་ཐུང་ཀུ་ཅིག་གི་རིང་སྐུ་ངལ་
གནང་བཞུགས་ནུག།
ད་རུང་འབྱོན་ནི་འགོ་བཙུགས་ཏེ་ཀཱ་ཀུཏ་ཐཱ་གཙང་ཆུའི་སྦོ་ལོག་ཁ་ཕེབསཔ་ད། ཁར་སྟོན་པ་མཆོག་སྐུ་ཁྲུས་གནང་།
འདི་
ཆུ་བཞེས་སྦེ་སྦོ་ལོག་ཁ་ཡོད་པའི་ཨམ་ཤིང་གི་
ལྡུམ་ར་ནང་བྱོན་ཏེ་ཕྱག་ཞུཔ་འབད་ཡོད་མི་ཅུནྡ་ལུ་ན་བཟའ་བལྟབ་ད་ཟེར་གསུངས་ ནུག
དེ་ལས་ཁོ་གིས་ན་བཟའ་བལྟབ་ཞིནམ་ལས་སྟོན་པ་མཆོག་བཞུགས་བཅུག་
ཡོདཔ་མས།
དེ་བསྒང་སྟོན་པ་མཆོག་གིས་ཀུན་དགའ་བོ་ལུ་དེ་སྦེ་གསུངས་ནུག
མཇུག་ཨིན།
མི་ཚུ་གིས་ཁོ་ལུ་འོས་འབབ་མེད་པའི་གསོལཝ་དྲངས་ནུག་ཟེར་ཁ་
ཅུནྡ་གིས་དྲངས་མི་གསོལཝ་འདི་
དེ་བཞིན་གཤེགས་པའི་གསོལཝ་བཞེས་ནི་
ཉེས་བཀལ་འོང་། ཨིན་རུང་ཁོ་ལུ་སླབ་དགོ་པས། ངེད་ཀྱི་མི་ཚེ་འདི་ནང་བརྩི་མཐོང་ ཆེ་བའི་བཞེས་སྒོ་ཚར་༢བཞེས་ཅིག
ཚར་ཅིག་ང་ཐར་པའི་ལམ་མ་ཐོབ་པའི་ཧེ་མ་
དང་མཇུག་འདི་མྱ་ངན་ལས་མ་འདའ་བའི་ཧེ་མ་འདི་ཨིན།
ཁོ་ང་ལུ་རིན་ཐང་ཆེ་བའི་
གསོལཝ་ལན་གཅིག་དྲངས་ཚུགས་མི་འདི་ལས་བརྟེན་སེམས་ཁར་དགའ་བ་སྐྱེད་ དགོཔ་མ་གཏོགས་སྐྱོ་དགོཔ་མེད།
ཟེར་གསུངས་ཚར་བའི་ཤུལ་མ་ཡར་བཞེངས་ཏེ།
ཧི་རཱན་ཎ་བཱ་ཏི་གཙང་ཆུ་བརྒལ་ཏེ་མཱ་ལཱ་མི་སེར་གྱི་ས་ཁོངས་ནང་ཡོད་པའི་སཱ་ལའི་
128
གནས་བཤད་འདོད་འཇོའི་བུམ་བཟང་།
ཤིང་གི་ལྡུམ་ར་ཀུ་ཤི་ནཱ་གར་ལུ་ཕེབས་གནང་ནུག།
དེ་ལས་ཀུན་དགའ་བོ ་ གིས་དང་པ་རང་སཱ་ལའི་ཤིང་གཉིས་ཀྱི་སྦུག་ན་ལུ་སྟོ ན་པ་
མཆོག་སྐུ་ངལ་གནང་ས་ཅིག་བཟོ་སྦེ་ཕུལ་ཏེ། སྟོན་པའི་དབུ་བྱང་ཕྱོགས་ལུ་བསྟེན་ཏེ་ སྐུ་ངལ་གནང་སྦེ་མ་གཟིམས་པར་བཞུགས་ནུག།
སློབ་མ་ཚུ་གིས་སྟོན་པ་བཅོམ་ལྡན་འདས་དེ་ཚེ་ནུབ་མོ་ཞིང་ལུ་ཕེབས་ནི་ཨིནམ་ཤེས་
ཏེ་སེམས་སྐྱོ་སྣང་ལྷང་ལྷང་འབད་མ་དགའ་བར་སྡོད་པའི་བར་ན། སྟོན་པ་མཆོག་གིས་ དགེ་སློང་ཨཱ་ནུ་རུད་དྷ་ལུ། ཀུན་དགའ་བོ་མཐོང་ས་མིན་འདུག ག་ཏི་འདུག ཟེར་ གསུངམ་ད་ལུ་ཕྱག་ཞུ་མི་ཅིག་གིས།
ཀུན་དགའ་བོ ་ཤིང་ཅིག་གི་རྒྱབ་ཁར་ཐུགས་
འཁྲུལ་སྣང་ལངས་ཏེ་བཞུགས་ནུག ཟེར་ཞུཝ་ད་ལུ། སྟོན་པ་མཆོག་གིས་ཀུན་དགའ་ བོ་འཁྱིད་ཤོག་ཟེར་གསུངམ་ལས་བརྟེན་ཀུན་དགའ་བོ་སྐུ་མདུན་ལུ་བཅར་ནུག བསྒང་སྟོན་པ་མཆོག་གིས་ཀུན་དགའ་བོ་ལུ་གཟིགས་ཏེ་དེ་སྦེ་གསུངས་ནུག
དེ་
ཀུན་
དགའ་བོ༑ ཁྱོད་སེམས་འཁྲུལ་སྣང་ལངས་དགོཔ་མེད། དེ་བཞིན་གཤེགས་པ་གིས་ ཡང་བསྐྱར་དྲན་གསོ་འབད་དོ། ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་ཨིན། སྐྱེ་ནི་ དངཅིག་ཁར་འཆི་བ།
འཛོམས་པའི་མཐའ་མར་བྲལ་ནི་ཡོད་མི་འདི་འཁོར་བའི་རང་
བཞིན་ཅིག་ཨིན། གལ་སྲིད་སྐྱེ་བ་མེད་པ་ཅིན་འཆི་བ་ཡང་མི་འབྱུང་། དང་པ་འཛོམས་ ནི་མེད་པ་ཅིན་མཐའ་མ་ཁ་བྲལ་ནི་མི་འོང་།
ཀུན་དགའ་བོ༑
ཁྱོད་ཀྱི་མི་ཚེ་ནང་ལུ་
སྙིང་ཐག་པ་ལས་བརྩོན་ཤུགས་སྐྱེད་དེ་ང་ལུ་ཅི་ལྕོགས་གང་ལྕོགས་ཀྱིས་སྒོ་ལས་ཕྱག་
ཞུའི། ང་ཡང་ཁྱོད་ལུ་བཀའ་དྲིན་བསམ་དགོཔ་སྦོམ་ཡོད། ཟེར་གསུང་ཞིནམ་ད་དགེ་ སློང་ཚུ་ལུ་ཞལ་སྒོར་ཏེ། ག་ཡང་མ་འཐོན།
ང་ལུ་ཕྱག་ཞུ་མི་གྲངས་སུ་ལས་ཀུན་དགའ་བོ་བཟུམ་ཅིག་
ཁོ་དེ་བཞིན་གཤེགས་པ་ལུ་ཡིད་ཆེས་ཡོད།
འདས་པའི་སངས་
རྒྱས་ཚུ་ལུ་ཡང་ཀུན་དགའ་བོ་བཟུམ་གྱི་ཕྱག་གཡོགཔ་མ་འབྱུངམ་འོང་།
129
མ་འོངས་
གནས་བཤད་འདོད་འཇོའི་བུམ་བཟང་།
པའི་སངས་རྒྱས་ཚུ་ལུ་ཡང་ཀུན་དགའ་བོ་བཟུམ་གྱི་ཕྱག་ཞུ་མི་མི་འཐོནམ་འོང་། ཟེར་ གསུངས་གནང་ནུག།
དེ་ལས་ཀུན་དགའ་བོ་ཁོ་རང་གི་སྤྱན་ཆབ་ཕྱག་སྦེ་སྟོན་པ་ལུ་དེ་སྦེ་ཞུ་ནུག མཆོག་ས་ཁོངས་འདི་ནང་དགོངས་པ་རྫོགས་མ་གནང་།
སྟོན་པ་
ཀུ་ཤི་ནཱ་གར་འདི་ཁྲོམ་ཆུང་
ཀུ་ཅིག་ཨིན་པའི་ཁར་མཐའ་འཁོར་ལུ་ཡང་འདམ་གྱིས་གང་ཏེ་འདུག
འདི་ལས་
འོས་བབས་ཆེ་བའི་ས་གནས། ཅཱམ་པ། རཱཇཱ་གིར། ཤྲ་བསྟི། སཱཀ་ཀཱ་ཏཱ།ཀོའུ་ཤམ་ བྷི། ཝཱ་རཱ་ཎ་སཱི་ཚུ་ནང་འབྱོན་གེ། ཟེར་ཞུཝ་ད་སྟོན་པ་མཆོག་གིས། ཀུ་ཤི་ནཱ་གར་ འདི་ཡང་གལ་ཅན་ཅིག་ཨིན་།
ཀུན་དགའ་བོ་ཁྱོད་རང་ཀུ་ཤི་ནཱ་གར་སོང་ཞིནམ་ད་
མཱ་ལཱའི་མི་སེར་ཚུ་ལུ་ང་ད་རེས་ཕྱི་རུ་མྱ་ངན་ལས་འདའ་ནི་ཨིན་པའི་གསལ་བསྒྲགས་ འབད།
ཟེར་གསུངས་ནུག།
དེ་ལས་མཱ་ལཱའི་མི་སེར་ཚུ་འཛོམས་ནི་འགོ་བཙུགཔ་
ད་ཅིག་ཁར་ས་ཁོངས་འདི་ནང་ཡོངས་གྲགས་ཡོད་པའི་བྲམ་ཟེའི་ཆོས་ལུགས་འབད་ མི།
སུ་བྷད་དྷ་ཡང་དགུང་ལོ་༡༠༠ལྷག་ཙམ་སོང་ཡོད་རུང་སྟོན་པའི་ཞལ་མ་མཇལ་
བར་ལུས་ཡོདཔ་མས། ད་རེས་སྟོན་པའི་ཞལ་ངེས་པར་དུ་མཇལ་དགོ་ཟེར་སྟོན་པའི་
སྐུ་མདུན་ལུ་བཅར་ནུག། ཁོ་གིས་སྟོན་པ་མཆོག་ལུ་ང་ཧེ་མ་ལས་སྟོན་པའི་གསུང་ལུ་
དང་འདོད་སྐྱེདཔ་སྐྱེད་ས་རང་ཡོད། དེ་འབདཝ་ད་སྟོན་པའི་ཞལ་དངོས་སུ་ད་རེས་མ་
གཏོགས་མཇལ་མ་ཚུགས། ད་ང་གིས་སྟོན་པ་མཆོག་ལུ་ཞུ་ནི་ཅིག་ཡོད་ཟེར་དེ་སྦེ་ཞུ་
ནུག ང་གིས་སྟོན་པ་མཆོག་གི་སློབ་མ་མཁས་ཤོ་པུ་རཱ་ནཱ་ཀཱ་ས་པ། མ་ཁཱ་ལི་གྷོ་སཱ་ལ། ཀེ་སཱ་ཀཱམ་བཱ་ལིན་དང་གཞན་མང་རབས་ཅིག་གི་སྐོར་ལས་གོ་ཡི། ཁོང་སློབ་མ་ཚུ་གི་ གྲལ་ལས་ག་གིས་ཐར་པ་ཐོབ་ཅིག ཟེར་ཞུཝད་སྟོན་པ་མཆོག་གིས། སློབ་མ་འདི་ཚུ་ ཐར་པ་ཐོབ་ཏེ་ཡོད་མེད་ཀྱི་སྐོར་ལས་གྲོས་བསྡུར་འབད་དགོཔ་མིན་འདུག ཁྱོད་ཐར་ པ་ཐོབ་ཚུགས་པའི་ཐབས་ལམ་ཅིག་ང་གིས་སྟོན་གེ།
130
ཟེར་འཕགས་ལམ་ཡན་ལག་
གནས་བཤད་འདོད་འཇོའི་བུམ་བཟང་།
༨ཀྱི་སྐོར་ལས་གསུངས་ཞིནམ་ལས།
འཕགས་ལམ་ཡན་ལག་༨པོ་འདི་ཉམས་སུ་
བླངས་མི་ཚུ་ཐརཔ་ཐོབ་ཡོདཔ་ཨིནམ་ཁྱོད་ཀྱིས་ཧ་གོ་ཚུགས། ཁྱོད་རང་ཆོས་འདི་ལུ་ བསྟེན་པ་ཅིན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུགས་ཟེར་གསུང་མི་འདི་ལུ་དགའ་ཚོར་ སྦོམ་སྐྱེད་དེ།
ཁོ་ཡང་ན་བཟའ་སོར་ཞིནམ་ལས་རབ་ཏུ་འབྱུང་ནུག།
བཞུགས་པའི་སྐབས་ལུ་དགེ་སློང་ནང་འཛུལ་མི་མཇུག་རང་ཁོ་ཨིན་པས། མཆོག་གིས་སློབ་མ་ཚུ་ལུ།
སྟོན་པ་ཞལ་ སྟོན་པ་
ད་རེས་ཁྱོད་ཆ་ཁྱབ་ཀྱི་སེམས་ལུ་དོགས་པ་ག་ཅི་བཟུམ་
ཅིག་ཡོད་རུང་དྲིས།དོགས་བསལ་འབད་ནིའི་དུས་ཚོད་འདི་ད་ལྟོ་ཨིན།
ཟེར་གསུང་
གནངམ་ད་ག་གིས་ཡང་ག་ནི་ཡང་ཞུ་ནི་མེདཔ་ལས། ཀུན་དགའ་བོ་གིས། སྟོན་པ་ མཆོག་གིས་གསུང་གནང་མི་བཀའ་སློབ་ཚུ་ག་ར་གིས་ཧིང་སངས་ས་འབད་རང་ཧ་གོ་
ནུག ང་བཅས་ག་ར་དཀོན་མཆོག་གསུམ་ལུ་ཡིད་ཆེས་དང་བློ་གཏད་ཡོད། ཟེར་ཞུཝ་ ད་།
སྟོན་པ་མཆོག་དུས་ཡུན་ཐུང་ཀུ་ཅིག་གི་རིང་ག་ནི་ཡང་མ་གསུངས་པར་སློབ་མ་
ཚུ་ལུ་གཟིགས་ཏེ་བཞུགས་ཞིནམ་ད།
དེ་ལས་སྟོན་པ་མཆོག་གིས་དགེ་འདུན་པ་ཚུ་
ལུ་དེ་བཞིན་གཤེགས་པ་གིས་ག་ཅི་གསུངམ་ཨིན་ན་ཉོན་ཤིག་ཟེར། ཆོས་ཐམས་ཅད་
མི་རྟག་པའི་རང་བཞིན་ཨིན། སྐྱེ་བ་ཡོད་སར་འཆི་བ་ཡང་ཡོད། ཐར་པའི་གོ་འཕང་ འཐོབ་ནི་ལུ་འབད་བརྩོན་སྐྱེད་དགོ། ཟེར་མཐའ་མའི་བཀའ་སློབ་འདི་གསུངས་ཞིནམ་
ལས། དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་རིམ་པ་དང་གཅིག་ཁར།སྟོན་པའི་སྐུ་ གཟུགས་གུ་ལས་མར།
སཱལ་ཤིང་གི་མེ་ཏོག་ཚུ་ཆར་བབས་དོ་བཟུམ་སྦེ་བབས་ཏེ།
སློབ་མ་ཚུ་ཡང་སྟོན་པ་བཅོམ་ལྡན་འདས་ཞིང་ལུ་ཕེབས་ཚར་བའི་སྒང་ལས་ག་ནི་ཡང་ མེདཔ་བཟུམ་སྦེ་སེམས་སྟོང་ཧང་ཧ་དང་བཟོད་ཐབས་མེད་པའི་མྱ་ངན་དང་འཁྲུལ་ སྣང་གི་ངང་ལུ་ལུས་ཡོདཔ་ཨིན་པས།།
131
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ལས་སྟོ ན་པའི་སློ བ ་མ་ཀུན་དགའ་བོ ་ དང་ཨ་ནུ་རུད་དྷ་གཉིས་ཀྱིས་འགོ་འདྲེན་
འཐབ་སྟེ་དགེ་འདུན་པ་ཚུ་གིས་སྟོན་པ་ཞལ་བཞུགས་པའི་སྐབས་ལུ་གསུངས་ཡོད་ མི་མདོ་དང་གསུང་རབ་ཚུ་འདོན་ནི་འགོ་བཙུགས་ནུག།
འདི་གི་དྲོ་པ་གནམ་ནངས་ཞིནམ་ལས་སྟོན་པ་མྱ་ངན་ལས་འདས་པའི་གནས་ཚུལ་ དེ།
ཀུ་ཤི་ནཱ་གར་གྱི་ས་ཁོངས་ནང་ཁྱབ་སོངམ་ལས་མཱ་ལཱ་ས་གནས་གཞུང་གི་འགོ་
དཔོན་དང་མི་སེར་ཚུ་མྱ་ངན་སྦོམ་ཕོགས་ཏེ།
སྟོན་པའི་སྐུ་གདུང་བཞུགས་སའི་ས་
ཁོངས་ནང་འཛོམས་ནི་འགོ་བཙུགས་ནུག འདི་ཁར་མི་སེར་ཚུ་གིས་མེ་ཏོག་དང་སྤོས།
མཆོད་པའི་སྒྲའི་སྙན་ཆ་ཚུ་འབག་སྟེ་ལ་ལུ་སྐད་རྐྱབ་སྟེ་སྔུ། ལ་ལུ་ཅིག་གིས་ཉིནམ་ད་ རེས་ལས་ང་བཅས་ལུ་སྐྱབས་དང་མགོན་མཛད་མི་མེད་ཟེར་སྔུ། ལ་ལུ་ཅིག་གིས་སྟོན་
པ་ན་ལུ་བྱོན་ཡོདཔ་མ་ཤེས་པར་མཇལ་མ་ཚུགས་ཟེར་བློ་འགྱོད་སྐྱེད་དེ་སྔུ་ཡི་རང་
སྡོད་དཔ་ཨིན་པས། དེ་ཅིག་གི་བར་ན་སྟོན་པའི་སྐུ་གདུང་མཐའ་བསྐོར་ཏེ་མེ་ཏོག་དང་ སྤོས་ཀྱི་དྲི་ཞིམ་གྱིས་གང། སྡོདཔ་ད་ལུ།
མི་སེར་ལ་ལུ་ཅིག་གིས་དབྱངས་ཀྱི་མཆོད་པ་ཚུ་ཕུལ་ཏེ་
དགེ་སློང་ཨ་ནུ་རུད་དྷ་གིས་ཁར་རྔ་བརྡུང་འབད་ཉིནམ་༦གི་རིང་ལུ་ས་
ཐག་རིང་ས་ལས་མཇལ་ཁ་དང་གུས་བཏུད་ཞུ་བ་འོང་མི་ཚུ་གི་དོན་ལས་སྟོན་པའི་སྐུ་
གདུང་འདི་ས་གནས་འདི་ཁར་རང་བཞག་གནང་ནི་ཨིན་ཟེར་གསལ་བསྒྲགས་འབད་ ནུག།
ཉིནམ་༧་སོངམ་ད་མཱ་ལཱའི་འགོ་དཔོན་ཚུ་དྲི་བཟང་ཆུ་གིས་སྟོན་པའི་སྐུ་གཟུགས་འཁྱུ།
རང་ལུགས་རྟེན་འབྲེལ་གྱི་གྱོན་ཆས་ཚུ་གྱོན་ཏེ་སྟོན་པ་མཆོག་གི་སྐུ་གདུང་ཞུ་འབག་ སྟེ།
ཁྲོམ་གྱི་གཞུང་ལམ་བརྒྱུད་དེ་ས་གནས་མཱ་ཀུ་ཏཱ་བཱན་དྷ་ནཱ་ཟེར།
ད་རེས་རཱམ་
བྷར་མཆོད་རྟེན་ཡོད་ས། སྔོན་མ་ལས་རྒྱལ་པོའི་སྐུ་གདུང་མ་གཏོགས་གཞན་གྱི་སྤུར་ བྱང་འབད་མ་ཆོག་པའི་ས་ཁོངས་འདི་ཁར་གདན་འདྲེན་ཞུ་ནུག།
132
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ལས་རས་ཆ་དང་ཟོང་གི་རིམ་པ་ཚུ་སྒྲིག་ཏེ་སྟོན་པའི་སྐུ་གདུང་བསྒྲིལ་ཞིནམ་ད་ སྤུར་སྒྲོམ་དང་པའི་ནང་ལུ་ཞུ། ད་རུང་སྤུར་སྒྲོམ་དང་པ་འདི་གཉིས་པའི་ནང་བཙུགས་ ཞིནམ་ལས།
འོག་ལས་ཙནྡན་ཤིང་དང་དྲི་བཟང་ཡོད་པའི་ཤིང་ཚུ་བརྩིགས་ཡོད་མི་
གུ་ལུ་ཞུ་ནུག དེ་ལས་སྐུ་གདུང་མེ་མཆོད་ཕུལ་ནིའི་དུས་ཚོད་རན་ཏེ་མེ་མཆོད་ཕུལ་ནི་ འབདཝ་ཅིག་མི་གཅིག་རྟ་རྒྱུགས་རྐྱབ་སྟེ་ལྷོད་ནུག
ཁོ་གིས་མཧཱ་ཁ་སཱ་པ་དང་དགེ་
སློང་༥༠༠ལྷགཔ་ཅིག་སྐུ་གདུང་མེ་མཆོད་ཕུལ་ས་ལུ་ལྷོདཔ་སྦེ་བྱོན་དེ་ཟེར་ཞུཝ་ལས་ བསྒུག་ཏེ་བཞུགས་ནུག
དེ་ལས་ཁོང་ཚུ་ཕེབས་ཞིནམ་ལས་དང་པ་རང་སྐུ་གདུང་
བསྐོར་བ་ཚར་༣གནང་འབད་མེ་མཆོད་ཕུལ་དཔ་ཨིན་པས།།
མེ་མཆོད་ཕུལ་ཚར་ཞིནམ་ལས་སྤུར་ཐལ་གུ་ལུ་དྲི་བཟང་གི་ཆུ་བླུགས་ཏེ་སྤུར་སྒྲོམ་ཁ་ ཕྱེ་ལྟཝ་ད། དབུ་ཐོད་དང་། ཚེམས། གཞན་སྐུ་རུས་ཚུ་རིང་བསྲེལ་འབད་བཞུགས་
ཡོདཔ་མས། རིང་བསྲེལ་འདི་ཡང་དཔྱ་༡ལྷ་གིས་བསྣམས། དཔྱ་༡ཀླུ་གིས་བསྣམས་ ཏེ་དཔྱ་༡མི་ཡི་སྐལཝ་སྦེ་ལུས་ཏོ་ཡོད་མི་འདི་གསེར་གྱི་རྒྱགས་རྫི་ནང་ཞུ་སྦེ་གཙུག་ ལག་ཁང་གི་ཆོས་ཁང་གཙོ་ཅན་ཅིག་ནང་ཞུ་ནུག།
དེ་ཅིག་གི་བར་ན་མཐའ་འཁོར་ལུ་ཡོད་པའི་རྒྱལ་ཁབ་ཚུ་གི་འཐུས་མི་སྡེ་ཚན་གཅིག་ གུས་བཏུད་ཞུ་བ་ཨིན་ཟེར་འོང་ཡོདཔ་མས།
ཁོང་ཚུ་ལུ་ཡང་རིང་བསྲེལ་དགོ་ཟེར་
སླབཔ་ད་མཱ་ལཱའི་མི་སེར་དང་འགོ་དཔོན་ཚུ་གིས་བྱིན་མ་བཏུབ་ལས་འཐབ་འཛིང་ འབད་ནི་གུ་རང་ལྷོད་ཡོདཔ་ཨིན་པས། དེ་ལས་སྟོན་པའི་སློབ་མ་ཚུ་དང་། དྷོ་རོ་ནཱ་
ཟེར་མི་བྲམ་ཟེའི་འགོ་དཔོན་ཅིག་གིས་བར་ན་བགོ་བཤའ་བརྐྱབ་ནི་འབད་གྲོས་ཆོད་ བཏོན་ཏེ་འཆམ་ཁ་བཟོ་ནུག
རིང་བསྲེལ་འདི་དཔྱ་༨སྦེ་བགོ་བཤའ་རྐྱབ་ཡོདཔ་ཨིན་
པས། རིང་བསྲེལ་བགོ་བཤའ་ཐོབ་མི་རྒྱལ་ཁབ་༨འདི་ཡང་། ༡མ་གཱ་དྷ། ༢བཱའི་ཤཱ་ ལི། ༣ཤཱཀྱ། ༤ཀོ་ལཱི་ཡ། ༥བུ་ལཱ་ཡ། ༦པཱ་བཱ། ༧བྷེ་ཐཱ། ༨མཱ་ལཱ་རྩིས་ཏེ་༨ཨིན་མས།
133
གནས་བཤད་འདོད་འཇོའི་བུམ་བཟང་།
ཕྱོགས་ཕྱོགས་ལུ་བསྣམས་བྱོན་མི་རིང་བསྲེལ་དཔྱ་༨འདི་གིས་མཆོད་རྟེན་༨ བཞེངས་ ཡོདཔ་ཨིན་མས། མཆོད་རྟེན་༨་ཀྱི་ས་གནས་འདི་ཡང་། མ་གཱ་དྷའི་མི་སེར་ཚུ་གིས་རཱ་
ཇཱ་གིར་ལུ་དང་། འདི་བཟུམ་སྦེ་ལི་ཙ་བྱཱི་གིས་བཱའི་ཤཱ་ལི། ཤཱཀྱ་གིས་ཀཱ་པིལ་བསྟུ། བུ་
ལཱི་གིས་ཨ་ལཱ་ཀ་པཱ། ཀོ་ལི་ཡཱ་གིས་རཱ་མཱ་གྷ་མཱ། བེ་ཐཱ་གིས་བེ་ཐཱ་དེ་པ་ལུ། དེ་ལས་ མཱ་ལཱ་གི་མི་སེར་ཚུ་གིས་མཆོད་རྟེན་གཉིས་བཞེངས་ཡོདཔ་ཨིན་མས། གཅིག་ཀུ་ཤི་
ནཱ་གར་དང་གཅིག་པཱ་བ་ཟེར་མི་ས་ཁོངས་ནང་ཨིན་པས། སྐུ་གདུང་མེ་མཆོད་ཀྱི་ལཱ་ཚུ་ ག་ར་མཇུག་བསྡུ་ཚར་བའི་ཤུལ་ལས་ དགེ་སློང་ཚུ་རང་རང་སོ་སོའི་དགོན་པ་ལུ་བྱོན་
ནི་དང་། ཀུན་དགའ་བོ་དང་། མཧཱ་ཁཱས་ཡ་པཱ། ཨ་ནུ་རུད་དྷ་གསུམ་སྟོན་པའི་ལྷུང་ བཟེད་བསྣམས་ཏེ་རྒྱལ་པོའི་ཁབ་ལུ་ལོག་འབྱོན་ནུག།
གནས་འདི་གི་སྐོར་ལས་ཐང་སན་བླ་མ་བྱོན་པའི་སྐབས་ལུ་ག་དེ་སྦེ་ཡོདཔ་ཨིན་ན་
ཁོང་གིས་གསུངས་མི་འདི་མདོར་བསྡུས་ཅིག་ཞུ་བ་ཅིན།འདི་ནང་ལུ་གྲོང་ཁྱེར་རྙིངམ་
གྱི་གྱང་ཁོག་ཚུ་འདུག མཐའ་འཁོར་ལུ་མི་སྡོད་མི་ཡང་ལེ་ཤ་རང་མིན་འདུག། ཁྲོམ་
གྱི་འཛུལ་སྒོའི་བྱང་ཤ ར་གྱི་ཟུར་ཁ་ལུ་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་མི་མཆོད་རྟེན་ ཅིག་ཡང་འདུག ས་ཁོངས་འདི་དགྲ་བཅོམ་པ་ཅུནྡའི་གཟིམ་ཅུང་གི་རྙིང་ཤུ ལ་ཨིནམ་ དང་། སྦུག་ལུ་ས་འོག་ལས་ཆུ་བཏོན་ནིའི་དོན་ལུ་ས་བརྐོ་སྟེ་བཟོ་ཡོད་པའི་ཆུ་དོང་ཅིག
སྟོན་པ་མཆོག་ལུ་ཞལ་ཟས་དྲངས་ནིའི་གྲ་སྒྲིགས་འབད་བའི་སྐབས་ལུ་བཏོན་ཡོདཔ་ ཨིན་ཟེར་བའི་ཆུ་གཅིག་འདུག དང་ཞིམ་ཏོག་ཏོ་འདུག།
ལོ་གྲངས་མང་རབས་སོང་རུང་ཆུ་འདི་ཧིང་སངས་ས་
ཁྲོམ་གྱི་ནུབ་བྱང་ཁ་ཐུག་ཀི་ལོ་མི་ཊར་༤གི་ས་ཁར་ཨ་ཇི་ཏཱ་བཱ་ཏི་གཙང་ཆུ་བརྒལ་ཏེ་
འགྱོཝ་ད་སཱ་ལའི་ཤིང་གི་ལྡུམ་ར་ཅིག་ནང་ལྷོདཔ་མས། ལྡུམ་ར་འདི་ནང་སཱ་ལའི་ཤིང་ གཞན་དང་མ་འདྲ་བའི་མཐོ་ཚད་ཡོད་པའི་ཤིང་༤འདུག
134
འདི་སྟོན་པ་བཅོམ་ལྡན་
གནས་བཤད་འདོད་འཇོའི་བུམ་བཟང་།
འདས་མཆོག་མྱ་ངན་ལས་འདས་པའི་གནས་ཨིན་པས།
འདི་ཁར་ས་པག་ཅུང་གིས་
སྦེ་བཞེངས་ཏེ་ཡོད་པའི་གཙུག་ལག་ཁང་ནང་ལུ་སྟོན་པ་མྱ་ངན་ལས་འདས་པའི་སྐུ་
འདྲ་དབུ་བྱང་ཁ་ཐུག་སྒོར་མི་ཅིག་འདུག གཙུག་ལག་ཁང་དེའི་ཟུར་ཁ་ཆོས་རྒྱལ་ཨ་
ཤོ་ཀ་གིས་བཞེངས་གནང་མི་མཆོད་རྟེན་ཅིག་ཞིག་འགྱོ་ནིའི་གནས་སྟངས་ལུ་ལྷོད་དེ་ ཡོད་རུང་མཐོ་ཚད་ཕིཊ༢༠༠ལྷགཔ་ཅིག་དེ་སྦེ་རང་འདུག ཁར་རྡོའི་ཀ་ཆེན་ཅིག་འདུག
མཆོད་རྟེན་འདི་གི་གདོང་
ཀ་ཆེན་འདི་གུ་སྟོན་པ་མྱ་ངན་ལས་འདས་པའི་སྐོར་
ལས་རྡོ་གུ་ཡི་གུ་བྲིས་ཏེ་ཡོད་རུང་། ལོ་དང་ཟླ་ཚེས་ཚུ་བཀོད་དེ་མིན་འདུག གཙུག་ ལག་ཁང་གི་ཟུར་ཁ་མཆོད་རྟེན་ཅིག་འདུག
མཆོད་རྟེན་འདི་སྟོན་པའི་སྐུ་ཚེ་སྔ་མ་
བྱའི་རྒྱལཔོ་སྦེ་སྐུ་འཁྲུངས་ཏེ་བཞུགས་པའི་གནས་སྐབས་ལུ་བྱ་སྡེ་ཚན་ཅིག་མེ་ཡི་ འཇིགས་པ་ལས་བསྐྱབས་མཛད་པའི་གནས་ཨིན་པས། ཁ་ལུ་མཆོད་རྟེན་ཅིག་འདུག
མཆོད་རྟེན་འདི་གི་སྦོ་ལོག་
འདི་ནང་ལུ་ཡང་སྟོན་པ་སྐུ་ཚེ་སྔ་མ་ཤཝ་སྦེ་འཁྲུངས་
པའི་དུས་ལུ་སེམས་ཅན་གཞན་གྱི་སྲོགས་བསྐྱབས་མཛད་ས་ཨིན་མས།། དེ་གི་ལོ་རྒྱུས་དེ་ཡང་།
ཅིག་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ས་གནས་འདི་ནང་ལུ་ནགས་ཚལ་སྦོམ་ ནགས་ཚལ་འདི་ནང་མེ་རྐྱེན་འབྱུང་སྟེ་འདི་ནང་འཁྱམས་
ཏེ་སྡོད་མི་སེམས་ཅན་ཚུ་འཐོན་ཏེ་འགྱོ་གེ་མནོ་རུང་གདོང་ཁར་ལུ་རོང་ཆུ་སྦོམ་དང་ རྒྱབ་ཁར་ལས་མེ་སྦོམ་འབད་འབརཝ་ལས་འབད་ས་ག་ནི་ཡང་མེད་པར་སྡོདཔ་ད་ ལུ།
ཤཝ་འདི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཅིག་ཨིནམ་ལས་བརྟེན་སེམས་ཀྱིས་
བཟོད་མ་ཚུགས་པར་ཁོ་རའི་གཟུགས་འདི་རོང་ཆུའི་ཐོག་ལས་ཕར་ཟམ་བཟུམ་བཟོ་ སྟེ་སེམས་ཅན་གཞན་མི་ཚུ་ཆུ་བརྒལ་བཅུགཔ་ད། ཤཝ་ཁོ་རའི་རྩིག་སྒྲོ་ཆག་དཀྲུམ་ འབྱུང་ནུག
ཡོདཔ་ཨིན་པས།
ཨིན་རུང་རྩ་འགེངས་ཏེ་གཞན་གྱི་སྲོགས་བསྐྱབས་འབད་ཚུགས་ཏེ་ དེ་ལས་ཤཝ་འདི་ན་ཟུག་གིས་ཉམ་ཐགས་ཏེ་རོང་ཆུ་འདི་ནང་ལུ་
135
ཐིམ་ཏེ་ཤི་སོང་ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་ཁར་ལྷ་ཚུ་བྱོན་ཏེ་ཤཝ་འདི་གི་རུ་ཏོག་ཚུ་བསྡུ་ཞིནམ་ད་
མཆོད་རྟེན་ཅིག་བཞེངས་ཡོདཔ་ཨིན་པས།།
གནས་འདི་གི་ནུབ་ཁ་ཐུག་ལུ་ཡང་མཆོད་རྟེན་ཅིག་ཡོད། མཆོད་རྟེན་འདི་སྔོན་མ་སྟོན་ པ་བཅོམ་ལྡན་འདས་མཆོག་ཞིང་ལུ་མ་ཕེབས་ཅིག་ཁར་དགེ་སློང་ནང་འཛུལ་མི་ སུ་ བྷ་དྷ་ར་གྱིས་སྟོན་པ་མྱ་ངན་ལས་འདས་པའི་སྐབས་ལུ་མཇལ་མི་ཚུགས་ཟེར་སྟོན་པ་ དགོངས་པ་མ་རྫོགས་པའི་ཧེ་མར་ཁོ་རང་ཞིང་ལུ་ཕེབས་པའི་གནས་ཨིན་མས།།
མཆོད་རྟེན་འདི་གི་ཟུར་ཁ་ལུ་ཡོད་མི་མཆོད་རྟེན་འདི་སྟོན་པ་མྱ་ངན་ལས་འདས་པའི་ སྐབས་ལུ་ཕྱག་ན་རྡོ་རྗེ་སྐུ་གཟུགས་ས་ལུ་བརྡབ་སྟེ་ཤུམ་སའི་གནས་དང་།
འདི་གི་
ཟུར་ཁ་མཆོད་རྟེན་ཅིག་ཡོད་མི་འདི་སྟོན་པའི་སྐུ་གདུང་ལུ་བདུན་ཕྲག་༡གི་རིང་ལུ་ མཆོད་པ་ཕུལ་བའི་གནས་ཨིན་པས།།
འདི་གི་སྦོ་ལོགས་ཁ་ལུ་མཆོད་རྟེན་ཅིག་ཡོད་མི་འདི་སྟོན་པ་མཆོག་གི་ཡུམ་མཱ་ཡ་དེ་བི་ ལྷ་ཡུལ་ལས་བབས་ཏེ་བྱོན་པའི་གནས་ཨིན།
དེ་ཡང་སྟོན་པ་བཅོམ་ལྡན་འདས་མྱ་
ངན་ལས་འདས་ཡོདཔ་ཡུམ་གྱིས་མཁྱེན་ཏེ་ལྷ་ཡུལ་ལས་ས་གནས་འདི་ཁར་ཕེབས་ ཏེ་དེ་སྦེ་གསུང་ནུག
ལྷ་དང་མིའི་བདེ་སྐྱིད་ཡང་ནུབ་སོང་ཡི།
འཛམ་གླིང་གི་མིག་ཏོ་
ཡང་མེདཔ་ཐལ་སོང་ཡི། ད་ཐར་པའི་ལམ་ཡང་སྟོན་མི་མེད་པར་ལུས་སོང་ཡི། ཟེར་ གསུངས་ཏེ་ཐུགས་ལུ་མྱ་ངན་སྦོམ་འབད་བཞེས་པའི་སྐབས་ལུ།
སྤུར་སྒྲོམ་རང་
བཞིན་གྱིས་ཁ་ཕྱེ་ཞིནམ་ལས་འོད་ཟེར་གྱི་ནང་ལས། སྟོན་པ་མཆོག་གིས་ཕྱག་གཉིས་
གཅིག་ཁར་འཐུད་དེ་ཡུམ་ལུ་གུས་བཏུད་ཞུ་ནུག སྟོན་པ་གིས་ཡུམ་མཆོག་ཐག་རིང་ ས་ལས་ཕེབས་ནུག
ཡུམ་མཆོག་གིས་ཆོས་ཀྱི་སྐོར་ལས་ལེགས་ཤོམ་སྦེ་མཁྱེན་མི་
ཅིག་ཨིན། ཐུགས་ལུ་སྡུག་བསྔལ་འདི་བཟུམ་མ་བསྣམས་ཟེར་གསུངས་གནང་ནུག།
གནས་འདི་གི་ཁྲོམ་ཁ་ལས་ཆུ་ཅིག་བརྒལ་ཏེ་གོམ་ཚད་༣༠༠དེ་ཅིག་གི་ས་ཁར་མཆོད་
136
གནས་བཤད་འདོད་འཇོའི་བུམ་བཟང་།
རྟེན་ཅིག་འདུག འདི་ཁར་སྟོན་པའི་སྐུ་གདུང་མེ་མཆོད་ཕུལ་ས་ཨིན་པས། འདི་ཁར་ སའི་བཀྱག་གནགཔ་དང་སེརཔ་ཚ་ཅིག་སྦེ་འདུག
ག་ར་འབད་རུང་འདི་ཁར་དད་
མོས་ཀྱི་སྒོ་ལས་བསྐོར་ར་དང་། ཐུགས་སྨོན་ལེགས་ཤོམ་གནང་སྟེ་འཚོལ་བ་ཅིན་རིང་ བསྲེལ་ཡུངས་དཀར་གྱི་ཚད་བཟུམ་རེ་ཡང་ཐོབ་དོ་ཡོདཔ་མས།། འདི་གི་ཟུར་ཁ་མཆོད་རྟེན་ཅིག་འདུག
མཆོད་རྟེན་འདི་འོད་སྲུང་ཆེན་པོ་ལུ་སངས་
རྒྱས་སྤུར་སྒྲོམ་ནང་ལས་ཞབས་ཕྱི་ཁར་སྟོན་ཏེ་གནང་སའི་གནས་ཨིན།སྟོན་པ་བཅོམ་
ལྡན་འདས་ཞིང་ལུ་ཕེབས་ཏེ་སྐུ་གདུང་གི་སྤུར་སྒྲོམ་ནང་ལས་ཞལ་ཚར་༣གསུངས་ ནུག
དང་པ་སྟོན་པའི་སྐུ་གདུང་གིས་ཕྱག་ཕྱི་ཁར་སྟོན་ཏེ་ཀུན་དགའ་བོ་ལུ་ཐབས་
ལམ་ཚུ་གྲ་སྒྲིག་འབད་དགོ་པའི་སྐོར་དང་། གཉིས་པ་ཡུམ་ལྷ་ཡུལ་ལས་ཕེབས་པའི་ སྐབས་ལུ། གསུམ་པ་འོད་སྲུང་ཆེན་པོ་ལུ་ཨིན་པས།།
འོད་སྲུང་ཆེན་པོ་ལུ་ཞབས་སྟོན་གནང་སའི་མཆོད་རྟེན་གྱི་ཟུར་ཁ་མཆོད་རྟེན་ཅིག་ཡོད་ མི་འདི་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་གནང་ནུག
མཆོད་རྟེན་འདི་མི་ཡི་སྐལཝ་
སྦེ་ཐོབ་མི་སྟོན་པའི་རིང་བསྲེལ་འདི་ད་རུང་ཡང་དཔྱ་༨ལུ་བགོ་བཤའ་བརྐྱབས་སའི་ གནས་ཨིན་མས།། ཟེར་གསུངས་ཏེ་འདུག།
རྩ་མཆོག་གྲོང་གི་གནས་འབྱུང་ཐང་གི་ལོ་རྒྱུས།
གནས་ཆེན་༤གི་ནང་ལས་གནས་འདི་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ པའི་ས་གནས་གལ་ཅན་ཅིག་ཨིན་རུང་།
ཡར་རྒྱས་སྦོམ་ཅིག་ག་ནི་ཡང་མེད་པར་
ལུས་ལུསཔ་ཨིན་མས། དེ་ལས་ལོ་ངོ་༢༠༠ལྷགཔ་ཅིག་གི་ཤུལ་ལས། ཆོས་རྒྱལ་ཨ་
ཤོ་ཀ་ས་གནས་འདི་ན་གནས་བསྐོར་བྱོནམ་ད་ཆོས་རྒྱལ་མཆོག་གིས་སྟོན་པའི་མཛད་ རྣམ་དང་འབྲེལ་བ་ཡོད་པའི་ས་ཁོངས་ཚུ་ནང་མཆོད་རྟེན་རེ་བཞེངས་པའི་ཁར། སྟོན་
137
གནས་བཤད་འདོད་འཇོའི་བུམ་བཟང་།
པ་མྱ་ངན་ལས་འདས་སའི་ས་ཁོངས་ནང་ལུ་རྡོ་རིང་གི་ཀ་ཆེན་བཙུགས་གནང་ནུག
འདི་གི་ཤུལ་ལས་དུས་རབས་༡༠པ་ཚུན་ཚོད་ཀྱི་གནས་སྟངས་ཚུ་ཁ་གསལ་འབད་ བཀོད་དེ་མིན་དུག ག་དེ་སྦེ་ཨིན་རུང་དུས་༡༠པ་དང་༡༡དེ་ཅིག་གི་ནང་ལུ་ཀཱ་ལ་ཅུ་རི་
ཟེར་མི་རྒྱལ་བརྒྱུད་ཀྱི་སྐབས་ལུ། ས་གནས་ཀྱི་སྤྱི་ཁྱབ་ཅིག་གིས་དགོན་པ་ཅིག་དང་ སྦྲགས་ཏེ་ཆོས་ཁང་གཅིག་ནང་སྟོན་པའི་སྐུ་འདྲ་རྩ་བར་བཞུགས་ཡོད་མི་སྦོམ་ཅིག་
བཞེངས་ཡོད་པའི་ལོ་རྒྱུས་རྡོ་གུ་བྲིས་ཏེ་ཡོད་མི་ཅིག་གནས་ཀྱི་ཤུལ་ནང་ལས་ཨིསཊ་
ཨིནྡྲིཡ་ཀམ་པཱ་ཎི་གི་འགོ་དཔོན་བུ་ཅཱ་ནན་གྱིས་གནམ་ལོ་༡༨༥༤ནང་ལུ་ ཐོབ་ཡོདཔ་ ཨིན་པས།།
འདི་གི་ཤུལ་ལས་སར་ཀཱ་ནིན་གཱམ་གྱིས་༡༨༦༡ལས་གནས་ཞིབ་འཚོལ་འབད་དེ་ས་
འོག་ལས་བཏོན་ནི་འགོ་བཙུགས་ཞིནམ་ལས་༡༨༧༦ནང་ལུ་མཆོད་རྟེན་གཙོ་བོ་འདི་ དང་། འདི་གི་གདོང་ཁ་ལས་ད་རེས་ཡོངས་གྲགས་ཡོད་མི་སྟོན་པ་མྱ་ངན་ལས་འདས་ པའི་སྐུ་འདྲ་འདི་ཐོབ་ནུག
དེ་ལས་གནའ་ཤུལ་བརྟག་ཞིབ་མཁས་མཆོག་ཚུ་གིས་
གནས་ཀྱི་ཞིབ་འཚོལ་འབད་ནིའི་ལཱ་འདི་འཕྲོ་འཐུད་དེ་༡༩༡༢ཚུན་ཚོད་ཀྱི་ནང་འཁོད་ དགོན་སྡེའི་ཤུལ་དང་ཐོ་བཀོད་འབད་དེ་ཡོད་པའི་ཡིག་བརྐོ་ཚུ་ཐོབ་ནུག།
གནས་ཀྱི་ཉམས་བཅོས་དང་བསྐྱར་གསོ་འབད་ནིའི་ཕྱག་ལཱ་ཚུ་༡༨༩༠འི་ནང་ལས་ འགོ་བཙུགས་ཏེ་༡༩༢༠ལུ་བྷིཀ་ཤུ་མཧཱ་བིར་གྱིས་འབད་བསྒྲུབས་གནང་ནུག།
གནའ་ཤུལ་བརྟག་ཞིབ་མཁས་མཆོག་སྡེ་ཚན་གཅིག་གི་ཞིབ་འཚོལ་པ་ཚུ་དང་འཁྲིལ་ བ་ཅིན།
སའི་འོག་ལས་ཐོབ་ཡོད་པའི་གཙུག་ལག་ཁང་༡༠གྱི་རྙིང་ཤུ ལ་འདི་དུས་
རབས་༤པ་ལས་༡༡ནང་འཁོད་ཀྱི་ཨིན་པས་ཟེར་བཀོད་དེ་འདུག ཡོངས་གྲགས་ཅན་ གྱི་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་འདི་རྒྱལཔོ་ཀུ་མཱར་གུཔྟའི་སྐབས་ལུ་ས་
གནས་མཱ་ཐུ་ར་ལུ་བཟོ་བསྐྲུན་འབད་དེ་དགེ་སློང་ཧ་རི་བྷ་དྲ་གིས་སྤྱི་ལོ་༤༡༥-༥༦ནང་
138
གནས་བཤད་འདོད་འཇོའི་བུམ་བཟང་།
ལུ་ཀུ་ཤི་ནཱ་གར་ལུ་ཕུལ་ཡོདཔ་ཨིན་པས།
སྐུ་འདྲ་འདི་དུས་རབས་༡༩པའི་ནང་ས་
འོ ག ་ལས་ཐོ བ ་པའི་སྐབས་ལས་རང་ཆག་དཀྲུམ་སོ ང་སྟེ་ཡོདཔ་ལས་ལོག ་ཉམས་ གསོ་ཞུ་ཡོདཔ་ཨིན་པས།
ད་རེས་སྐུ་འདྲ་བཞུགས་སའི་གཙུག་ལག་ཁང་གི་རྒྱབ་
ཁར་ཡོད་མི་མཆོད་རྟེན་འདི་རྒྱལཔོ་གུཔྟའི་སྐབས་ཀྱི་ཨིནམ་དང་།མཆོད་རྟེན་འདི་ཡང་ བཱར་མིས་ཀྱིས་དུས་རབས་འདི་གི་ཧེ་མ་ལོགས་དེ་རང་བསྐྱར་གསོ་འབད་ཡོདཔ་ཨིན་ པས།།
མྱ་ངན་ལས་འདས་པའི་གཙུག་ལག་ཁང་། Nirvana Temple
གནས་ཀྱི་འཛུལ་སྒོ་ལས་བྱོ ན མ་ད་གདོ ང་ཕྲང་སྟེ་ཡོ ད་མི་གཙུག་ལག་ཁང་ནང་ལུ་
སྟོན་པ་བཅོམ་ལྡན་འདས་གཟིམས་ཏེ་བཞུགས་བཞུགསཔ་བཟུམ་ཡོད་པའི་སྐུ་འདྲ་ ཡོད་མི་ས་ཁོངས་འདི་མྱ་ངན་ལས་འདས་པའི་གཙུག་ལག་ཁང་ཨིན།
ད་རེས་ཡོད་
མི་གཙུག་ལག་ཁང་འདི་སྤྱི་ལོ ་ ༡༩༥༦གི་ལོ ་ ལུ་རྒྱ་གར་གཞུང་གིས་སྟོ ན་པ་བཅོམ་
ལྡན་འདས་མྱ་ངན་ལས་འདས་ཏེ་ལོ་གྲངས་༢༥༠༠འཁོར་བའི་དུས་སྟོན་བརྩི་སྲུང་ དང་འཁྲིལ་ཏེ་བཞེངས་ཡོདཔ་མས། ༦.༡
ནང་ན་གི་སྟོན་པའི་སྐུ་འདྲ་རིང་ཚད་མི་ཊར་
ཡོད་མི་འདི་བྱེམ་གྱི་རྡོ་དམརཔོ་ཕུད་རྡོག་གཅིག་གིས་འབད་བཞེངས་ཡོདཔ་
ཨིན་པས།
སྐུ་འདྲ་འདི་གི་དབུ་བྱང་ཁ་ཐུག་དང་ཞལ་འདི་ནུབ་ཁ་ཐུག་སྦེ་ཡོད།འདི་
བཞེངས་ཏེ་ལོ་ངོ་འབད་བ་ཅིན་༡༥༠༠དེ་ཅིག་སོང་ནུག།
མྱ་ངན་ལས་འདས་པའི་མཆོད་རྟེན།
མྱ་ངན་ལས་འདས་པའི་གཙུག་ལག་ཁང་གི་རྒྱབ་ཁར་མྱ་ངན་ལས་འདས་པའི་མཆོད་ རྟེན་བཟོ་རྣམ་རྒྱགས་རྫི་བཟུམ་དང་ཐོགས་ཚད་ཕིཊ་༧༥འབད་མི་ཅིག་ཡོད།
139
མཆོད་
གནས་བཤད་འདོད་འཇོའི་བུམ་བཟང་།
རྟེན་འདི་ཡང་༡༩༢༧གྱི་ལོ་ལུ་ཉམས་གསོ་ཞུ་ཡོདཔ་ཨིན།
མཆོད་རྟེན་འདི་སྟོན་པ་
བཅོམ་ལྡན་འདས་སཱ་ལའི་ཤིང་གཉིས་ཀྱི་བར་ན་མྱ་ངན་ལས་འདས་པའི་ས་ཁོངས་ ནང་ལུ་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་ཡོད་པའི་མཆོད་རྟེན་འདི་ཁར་ལས་ཕར་ཤོ་ བསྒྲིགས་ཏེ་གཅིག་གི་ཕྱི་ཁ་ལས་གཅིག་སྦེ་མཆོད་རྟེན་ལེ་ཤ་ཅིག་བཞེངས་ཡོདཔ་ ཨིན་མས།།
མཆོད་རྟེན་གྱི་ཞིབ་འཚོལ་འབདཝ་ད་ཟངས་ཀྱི་ཟངས་གཞོང་གཅིག་གི་གུ་ལུ་ནཱི་དྷ་ན་ སུ་ཏྲ་གི་ཡིག་བརྐོ་ཅིག་ཐོབ་ནུག
ཡིག་བརྐོའི་མཇུག་ལུ་ཧཱ་རི་བྷ་དྲ་གིས་མཆོད་རྟེན་
འདི་སྤྱི་ལོ་༤༡༣-༤༥༥ལུ་རྒྱ་སྐྱེད་འབད་དེ་སྟོན་པའི་རིང་བསྲེལ་ལྷག་ལུས་ཡོད་མི་ཚུ་ མཆོད་རྟེན་འདི་ནང་བཙུགས་ཡོདཔ་དང་གཅིག་ཁར། གཙུག་ལག་ཁང་ནང་བཞུགས་ ཏེ་ཡོད་མི་སྟོན་པའི་སྐུ་འདྲ་འདི་ཡང་ཕུལ་ཡོདཔ་སྦེ་བཀོད་དེ་འདུག་ཟེར་ཨིནམ་དང་། ད་རེས་མཇལ་ནི་ཡོད་མི་འདི་ཧེ་མ་ལས་ཡོད་མི་མཆོད་རྟེན་གྱི་ཤུལ་རྙིངམ་འདི་གི་ཕྱི་ ཁར་ལས་སྦེ་ཉམས་བཅོས་དང་བསྐྱར་གསོ་འབད་ཡོདཔ་ཨིན་པས།།
མཱཐ་ཀུང་ཝར་ཆོས་ཁང་། Matha Kaur Shrine
གནས་ཀྱི་འཛུལ་སྒོ་ལས་ཕྱི་ཁར་འཐོ ན་ཏེ་བྱོ ན མ་ད་གོམ་པ་༡༠༠ལྷགཔ་ཅིག་གི་ ས་གནས་ཁར་མཱཐ་ཀུང་ཝར་ཆོས་ཁང་ཟེར་གཞུང་ལམ་གྱི་ཟུར་གཡས་ཁ་ཐུག་
ཡོད།གནས་འདི་ཁར་སྟོན་པ་མཆོག་གིས་གསོལ་ཆུ་མཇུག་བཞེས་ས་དང་བསླབ་བྱ་ མཇུག་ཨིན་མི་མྱང་འདས་ཀྱི་མདོ་གསུངས་ས་ཨིནམ་སྦེ་བཤདཔ་ཨིན་མས།།
140
གནས་བཤད་འདོད་འཇོའི་བུམ་བཟང་།
རཱ་མཱ་བྷར་མཆོད་རྟེན། Ramabhar Stupa
མཱཐ་ཀུང་ཝར་ཆོས་ཁང་ལས་ཀི་ལོ་མི་ཊར་༡གི་ས་ཁར་རཱ་མཱ་བྷར་མཆོད་རྟེན་ཡོད།སྔོན་ མ་གྱི་དུས་ལུ་མཆོད་རྟེན་འདི་གི་མཚན་ལུ། མཱ་ཀུ་ཏཱ་བཱན་དྷ་ནཱ་ཅའི་ཏཱི་ཡ་ ཟེར་ཞུ་དོ་ ཡོདཔ་མས།
རཱ་མཱ་བྷར་མཆོད་རྟེན་ཟེར་ཡོངས་གྲགས་འགྱོ་དགོ་མི་འདི་མཆོད་རྟེན་
འདི་གི་ཟུར་ཁ་མཚོ་ཅིག་ཡོད་མི་འདི་གི་མིང་ལས་བརྟེན་ཏེ་འབྱུང་ནུག
མཆོད་རྟེན་
འདི་ས་འོག་ལས་བཏོན་པའི་སྐབས་ལུ་ཡིག་བརྐོ་ཅིག་ཐོབ་ཏེ་ཡོད་མི་ནང་ལས།
མཆོད་རྟེན་འདི་སྟོན་པའི་སྐུ་གདུང་མེ་མཆོད་ཕུལ་བའི་ཤུལ་ཁར་བཞེངས་ཡོདཔ་སྦེ་ བཀོད་དེ་ཡོདཔ་ལས་བརྟེན་སྤུར་བྱང་མཆོད་རྟེན་ཟེར་ཡང་ཞུ་སྲོལ་ཡོདཔ་ཨིན།། རྩ་མཆོག་གྲོང་གི་གནས་མཆོག་མཇལ་བ་ཡིས།། ཀུན་གྱི་ཐུགས་ལ་མི་རྟག་དོན་འཆར་ནས།།
འགྱུར་མེད་རྟག་འཛིན་རྣམ་རྟོག་གོང་བུ་ཞིག། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།
ཡངས་པ་ཅན། བཻ་ཤཱ་ལི། Vaishali ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་།།
སྤྲེལ་གྱིས་སྦྲང་རྩི་མཆོད་ཡོན་ཕུལ་བའི་གནས།། ཡངས་པ་ཅན་ཞེས་བྱ་བའི་བསོད་ནམས་ཞིང་།།
ཡངས་པའི་བསམ་པས་ཡང་ཡང་མཇལ་བར་ཞུ།།
141
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་མདོར་བསྡུས།
གནས་འདི་ནང་སྟོན་པ་བཅོམ་ལྡན་འདས་མཆོག་གིས་བཀའ་མཐའ་མ་ལེགས་པར་ རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ས་དང་།
སྤྱ་ཚུ་གིས་སྟོན་པ་མཆོག་ལུ་སྦྲང་རྩི་
དང་གསོལ་ཆུ་ཕུལ་ས་ཨིནམ་མ་ཚད། མྱ་ངན་ལས་འདའ་ནིའི་ཞལ་ཆེམས་གསུངས་ གནང་ས་ཨིན་མས།།
142
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
གནས་འདི་པཊ་ན་ལས་ཀི་ལོ་མི་ཊར་༥༦དང་། ལས་༣༥འབྱོན་དགོཔ་ཨིན།
མུ་ཟ་ཕཱ་པུར་ལས་༣༦།
ཧཱ་ཇི་པུར་
ཧེ་མ་གྱི་དུས་ལུ་འབད་བ་ཅིན་གནས་འདི་ལི་ཙ་བིའི་
རྒྱལ་ཁབ་ཟེར་འཛམ་གླིང་ནང་འགོ་དང་པ་མི་སེར་རྒྱལ་ཁབ་ཀྱི་ལམ་ལུགས་འཛིན་ པའི་རྒྱལ་ས་ལྟེ་བ་ཅིག་ཨིན་པས། མར།
སྟོན་པ་བཅོམ་ལྡན་འདས་སངས་མ་རྒྱས་པའི་ཧེ་
གནས་འདི་ནང་བཞུགས་པའི་ཤུལ་ལས་རྡོ་རྗེ་གདན་ལུ་འབྱོན་ཡོདཔ་མ་ཚད།
སངས་རྒྱས་ཚར་བའི་ཤུལ་ལས་ཡང་གནས་འདི་ནང་ཚར་ལེ་ཤཱ་ཕེབས་ཏེ་མཛད་རྣམ་ ནང་ལས་སྤྲེའུ་གིས་སྦྲང་རྩི་ཕུལ་མི་བཞེས་གནངམ་མ་ཚད། ལྷའི་མདོ་གསུངས་ས།
ཆོ་འཕྲུལ་སྟོན་པ་སྨན་
ཨ་ནེ་གི་སྡེ་བཙུགས་ནི་གི་གནང་བ་གནང་ས།ཟླཝ་༣
འཁོད་མྱ་ངན་ལས་འདའ་ནིའི་ཞལ་ཆེམས་གསུངས་ཏེ།
ནང་
ཀུན་དགའ་བོ་གིས་དགེ་
འདུན་པ་ཚུ་གདན་འདྲེན་ཞུ་སྟེ་བདུན་ཕྲག་༡གི་རིང་ལུ་ཆོས་འཁོར་མཇུག་ལེགས་པར་ རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ཡང་གནས་འདི་ནང་བསྐོར་གནང་ནུག
འདི་གིས་
མ་ཚད་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་༡༠༠ལྷག་ཙམ་གྱི་ཤུལ་མ་བཀའ་བསྡུ་གཉིས་ པ་ཡང་གནས་འདི་ནང་ལུ་མཛད་མཛདཔ་ཨིན་པས།།
ད་གནས་འདི་ནང་ལུ་སྟོན་པ་མཆོག་གིས་ཨ་ནེམ་གྱི་སྡེ་བཙུག་ཆོག་པའི་གནང་བ་ གནང་ཡོད་པའི་ལོ་རྒྱུས་ཞུ་བ་ཅིན།
འདི་ཡང་སྟོན་པའི་ཡུམ་ཞིང་ལུ་ཕེབས་ཚར་བའི་
ཤུལ་མ་ཡུམ་གྱི་སྐུ་མཆེད་པྲ་ཇཱ་པ་ཏཱི་འདི་ཡབ་ཟས་གཙང་གིས་བཙུནམོ་འབད་བཞེས་ ཏེ་སྟོན་པའི་མ་ཚབ་སྦེ་བཞུགས་ཡོདཔ་མས།
ཤུལ་མ་སྟོན་པ་སངས་རྒྱས་ཚར་
ཞིནམ་ལས་སེར་སྐྱའི་གྲོང་ཁྱེར་ལུ་ཡབ་དང་མཇལ་འཕྲད་མཛད་པ་བྱོན་ཏེ་བཞུགས་ པའི་སྐབས། པྲ་ཇཱ་པ་ཏཱི་གིས་སྟོན་པ་མཆོག་ལུ་མོ་ཡང་ཨ་ནེམ་འབད་འཛུལ་ནིའི་སྐོར་
143
གནས་བཤད་འདོད་འཇོའི་བུམ་བཟང་།
ལས་ཞུཝ་ད་ཞལ་གྱིས་བཞེས་མ་བཏུབ་པས། ཤུལ་པྲ་ཇཱ་པ་ཏཱི་དང་གཅིག་ཁར་སེར་ སྐྱའི་གྲོང་ཁྱེར་གྱི་བུ་མོ་༥༠ལྷག་ཙམ་ཅིག་ཡངས་པ་ཅན་ལུ་གནས་བསྐོར་ལུ་ལྷོད་ནུག
འདི་སྒང་སྟོན་པ་མཆོག་ཡང་གནས་འདི་ནང་བཞུགས་ཡོདཔ་ལས། ད་རུང་ར་མོ་གིས་ ཨ་ནེམ་ནང་འཛུལ་ནིའི་སྐོར་ལས་ཀུན་དགའ་བོ་གིས་སྦེ་ཞུ་བཅུག་པའི་མཐའ་མར།
བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་གནང་ཡོདཔ་ལས་བརྟེན། པྲ་ཇཱ་པ་ཏཱི་དང་ གཞན་སེར་སྐྱའི་གྲོང་ཁྱེར་གྱི་བུ་མོ་༥༠གིས་ཡང་ཨ་ནེམ་ནང་འཛུལ་བཞུགས་འབདཝ་ ལས་བརྟེན། ས་གནས་འདི་ཨ་ནེ་གི་སྡེ་འགོ་དང་པ་འབྱུང་ས་སྦེ་བརྩིཝ་ཨིན།། སྟོན་པ་བཅོམ་ལྡན་འདས་གནས་འདི་ནང་བཞུགས་དགོ་མི་འདི་ཡང་། འདི་ནང་ལས་སྐད་གྲགས་དང་མིང་གཏམ་ཅན།
ཧེ་མ་གནས་
སྤྲོ་སྟོན་ཁང་ནང་ལཱ་འབད་མི་ཨམ་
སྲུ་ཨ་མྲ་པཱ་ལི་འདི་རྒྱལ་པོའི་ཁབ་ལུ་སྡོད་པའི་སྐབས་ལུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ དང་འབྲེལ་བ་ཚུད་དེ་སྲས་འཚོ་བྱེད་གཞོན་ནུ་༼ཇི་བཱ་ཀ༽འཁྲུངས་ཡོདཔ་ཨིན་མས།
ཨིན་རུང་ཨ་མྲ་པཱ་ལི་འདི་སྔོན་མ་རྒྱལཔོ་དང་ཚོང་དཔོན་ཕྱུགཔོ་ཚུ་གི་སྤྲོ་སྟོན་ཁང་ནང་ ལྟདམོ་སྟོན་མི་འབད་སྡོད་མི་ཅིག་འབདཝ་ལས།
རྒྱལཔོ་གཟུགས་ཅན་སྙིང་པོའི་སྐུ་
འཁོར་ཚུ་གིས་སེམས་ཁ་ལུ་མི་བབས་དོ་ཡོད་པའི་ཁར། སྲས་ཇི་བཱ་ཀ་འདི་མི་གཞན་ གྱིས་བཀོག་བཞག་པའི་ཤུལ་མ་རྒྱལཔོ་གཟུགས་ཅན་སྙིང་པོ་གིས་འཐུ་ཞིནམ་ལས་
སྲོག་བསྐྱབས་འབད་འབདཝ་ཨིན་ཟེར་མ་བདེན་པའི་གཏམ་ཚུ་སླབཔ་ལས་བརྟེན། ཨ་མྲ་པཱ་ལི་སེམས་ཕམ་སྦོམ་སྦེ་འབྱུང་ཡོདཔ་ཨིན་པས།
དེ་ལས་རྒྱལཔོ་རྒྱལཔོ་
གཟུགས་ཅན་སྙིང་པོ་གིས་བཻ་ཤཱ་ལི་ལུ་ཨམ་ཤིང་གི་ལྡུམ་ར་ཅིག་ཉོ་ཞིནམ་ལས་མོ་ལུ་ གནང་པའི་ཤུལ་ལས།
མོ་ཡང་གནས་སྤོ་འབད་དེ་འདི་ཁར་འོང་སྟེ་སྡོད་ནུག
ཤུལ་
ལས་མོ་གིས་སྲས་འདི་ཡོངས་གྲགས་ཅན་གྱི་དྲུང་འཚོ་ཇི་བཱ་ཀ་ཟེར་རྒྱལ་པོའི་ཁབ་ལུ་ སྟོན་པ་ལུ་གཙུག་ལག་ཁང་ཚུ་བཞེངས་ཏེ་ཕུལ་མི་འདི་ཨིན་པས།།
144
གནས་བཤད་འདོད་འཇོའི་བུམ་བཟང་།
ཉིནམ་ཅིག་འབདཝ་ད་སྟོན་པ་བཅོམ་ལྡན་འདས་གནས་འདི་ནང་བྱོན་ཏེ་
ཨ་མྲ་པཱ་
ལིའི་ལྡུམ་ར་ནང་བཞུགས་པའི་སྐབས་ལུ་མོ་གིས་སྟོན་པ་འཁོར་དང་བཅས་པ་མོ་རའི་ ཁྱིམ་ནང་གསོལཝ་ལུ་གདན་འདྲེན་ཞུ་ནུག
གསོལཝ་དྲངས་ཚར་བའི་ཤུལ་ལུ་མོ་
རའི་ཨམ་ཤིང་གི་ལྡུམ་ར་འདི་སྟོན་པ་ལུ་ཕུལ་ཏེ་དགོན་སྡེ་ཅིག་གཞི་བཙུགས་མཛད་ གནང་ཡོདཔ་མས། ཀུན་དགའ་བོ་ལུ།
དེ་ལས་ཉིནམ་ཅིག་འབདཝ་ད་སྟོན་པ་བཅོམ་ལྡན་འདས་ཀྱིས་
རྫུ་འཕྲུལ་གྱི་རྐང་པ་བཞིའི་ནུས་པ་ཐོབ་ཚར་མི་ཚུ་ཚེ་ལོ་བསྐལ་
ཆེན་གཅིག་གི་བར་དུ་བཞུགས་རུང་བཞུགས་ཚུགས་ལོ། དེ་བཞིན་གཤེགས་པའི་ཚེ་
ལོ་འདི་ག་དེམ་ཅིག་སྨོ། ཟེར་ཚར་༣དེ་ཅིག་གསུངས་རུང་ཀུན་དགའ་བོ་གིས་ལན་ཞུ་ ནི་མེདཔ་ལས་བདུད་ཚུ་ངལ་རངས་ནུག།
ཀུན་དགའ་བོ་ཁོ་རང་བཞུགས་ས་ལས་བཞེངས་ཏེ་ཤིང་ཅིག་གི་རྩ་བ་ཁུ་སིམ་སིམ་སྦེ་
ཐུགས་བསམ་གཏིང་ཟབ་དྲག་འབད་གནང་བཞུགསཔ་ད་ལུ། བདུད་ཚུ་གིས་སྟོན་པ་ བཞུགས་ས་འོང་སྟེ་སྟོན་པ་མཆོག་ལུ། དྲུག་དཀའཝ་སྤྱད།
ཁྱོད་ཀྱིས་འཛམ་གླིང་འདི་ནང་ལུ་བྱོན་ཏེ་ལོ་
སངས་རྒྱས་ཀྱི་གོ་འཕང་ཐོབ།
ཆོས་ཀྱི་འཁོར་ལོ་རིམ་པ་༣དེ་
ཅིག་ཡང་བསྐོར་གནང་སྟེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྦེ་མཛད་ཅིགད་མྱ་ངན་ལས་ འདས་པའི་བདེ་བ་མངོན་དུ་མ་མཛད་པར་ཡོད།
འདི་འབདཝ་ལས་ད་མྱ་ངན་ལས་
འདའ་བའི་དུས་ལུ་བབས་ཅི་མྱ་ངན་ལས་འདའ་བ་ཅིན་དྲག ཟེར་ཞུཝ་ད། སྟོན་པ་ མཆོག་གིས་ཕྱག་སེན་གྱིས་ས་དབོག་སྟེ།
ངེད་ཀྱི་སེན་མོ་གུ་ཡོད་མི་ས་འདི་འཛམ་
གླིང་གི་སའི་རྡུལ་དང་འདྲན་འདྲ་ཨིན་ན། ཟེར་གསུངམ་ད་ལུ། བདུད་ཚུ་གིས་མེན་ འཛམ་གླིང་གི་སའི་རྡུལ་འདི་བས་མང་ཟེར་ཞུ་ནུག།དེ་ལས་སྟོན་པ་བཅོམ་ལྡན་འདས་
ཀྱིས་ང་གིས་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཚུགས་མི་སེམས་ཅན་འདི་སེན་མོའི་ གུ་ལུ་ཡོད་མི་སའི་རྡུལ་དང་འདྲ།
འཁོར་བའི་སྡུག་བསྔལ་ལས་བསྐྱབ་མ་ཚུགས་མི་
145
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་འཛམ་གླིང་གི་སའི་རྡུལ་དང་འདྲན་འདྲན་ཡོད།
ཨིན་རུང་ཟླཝ་༣གྱི་ནང་འཁོད་
མྱ་ངན་ལས་འདའ་ནི་ཨིན། ཟེར་གསུངམ་ད་ལུ་བདུད་ཚུ་དགའ་ཚོར་སྦོམ་སྐྱེད་དེ་ཡར་ སོང་ནུག།
འདི་གི་སྐབས་ལུ་ཀུན་དགའ་བོ་ལུ་གཉིད་ལམ་རྣམ་རྟོག་ལང་སི་སི་ཅིག་མཐོངམ་
ལས་དེ་འཕྲོ་ལས་སྟོན་པའི་སྐུ་མདུན་ལུ་བཅར་ཏེ་དེ་སྦེ་ཞུ་ནུག ང་ཤི ང་ཚང་ནང་སྡོདཔ་ ད་ངེད་ཀྱི་རྨི་ ལམ་ནང་ལུ་ཤིང་སྦོམ་ཅིག་ཞལ་ལག་དང་འདབ་མ་ག་ནི་བ་ལེགས་ཤོམ་
ཡོད་མི་ཤིང་གཅིག་གི་རྩ་བར་སྡོད་ས་མཐོང་ཅི། དེ་འབདཝ་ཧང་ཏོ་མར་རླུང་འཚུབས་ ཅིག་འོང་སྟེ་ཤིང་ཡོད་པའི་ཤུལ་རང་མེདཔ་བཟོ་དའི། འདི་གི་རྟགས་མཚན་འདི་སྟོན་ པ་མཆོག་མྱ་ངན་ལས་འདའ་ནི་ཨིན་ཟེར་སླབ་ཨིན་མས།ང་བློ་མ་བདེ་བར་ཨིན་ན་མེན་
ན་ཞུ་བལྟ་བར་འོངམ་ཨིན་ཟེར་ཞུཝ་ད། སྟོན་པ་བཅོམ་ལྡན་འདས་ཀྱིས་ང་གིས་ཧེ་མ་ ལས་ཁྱོད་ལུ་ཚར་༣དེ་ཅིག་དྲི་རུང་ཁྱོད་ཀྱིས་ང་འཛམ་གླིང་ནང་བཞུགས་དགོ་པའི་ལན་ གསལ་སླབ་ནི་མེདཔ་ལས།
བདུད་ཀྱི་རྒྱལཔོ་དགའ་ཚོར་སྦོམ་སྐྱེད་དེ་མྱ་ངན་ལས་
འདའ་དགོཔ་འབད་ཨིན་པས། འདི་གཏན་ཁེལ་ཡར་སོང་ཡི། ཁྱོད་ཀྱིས་གཉིད་ལམ་ འདི་བཟུམ་ཅིག་མཐོང་མི་ཡང་འདི་གི་རྟགས་མཚན་ཨིན་པས་ཟེར་གསུངས་ནུག།
གནས་འདི་གི་སྐོར་ལས་དགེ་སློང་ཐང་སན་ཙང་གི་ལམ་ཡིག་ནང་བཀོད་དེ་ཡོད་མི་ འདི་ཞུ་བ་ཅིན།
བཻ་ཤཱ་ལིའི་གྲོང་ཁྱེར་གྱི་རྒྱལ་ས་འདི་གྱང་ཁོག་ལུ་འགྱུར་ཏེ་འདི་ནང་
སྡོད་མི་ཡང་ཉུང་སུ་ཅིག་ལས་མིན་འདུག
ནུབ་ཁ་ཐུག་རྒྱལ་ས་ལྟེ་བའི་ལྕགས་རིའི་
ཕྱི་ཁར་རྒྱང་གྲགས་ལྔ་དྲུག་དེ་ཅིག་ཁར་གཙུག་ལག་ཁང་གཅིག་ནང་གནས་བརྟན་སྡེ་ པའི་དགེ་སློང་ཉུང་སུ་ཅིག་བཞུགས་ཏེ་འདུག།
འདི་གི་ཟུར་ཁ་མཆོད་རྟེན་གཅིག་ཡོད་མི་འདི་ཁར་སྟོན་པ་བཅོམ་ལྡན་འདས་ཀྱིས་ མདོ་སྡེ་དྲི་མེད་གྲགས་པ་གསུངས་སའི་གནས་ཨིནམ་དང་།
146
འདི་ཁར་ཁྱིམ་བདག་
གནས་བཤད་འདོད་འཇོའི་བུམ་བཟང་།
གི་བུ་ཁྱེའུ་རིན་ཆེན་བརྩེགས་པ་གིས་སྟོན་པ་ལུ་རིན་པོ་ཆེ་ལས་གྲུབ་པའི་གདུགས་ གཅིག་ཡང་ཕུལ་ཡི་ཟེར་ཨིན་མས།།
འདི་གི་ཤར་ཁ་ཐུག་མཆོད་རྟེན་གཅིག་ཡོད་མི་འདི་ཁར་ཤཱ་རི་བུ་གིས་མི་སློབ་པའི་
འབྲས་བུ་ཐོབ་པའི་གནས་དང་། འདི་གི་ལྷོ་ཁ་ཐུག་ལུ་མཆོད་རྟེན་གཅིག་ཡོད་མི་འདི།
བཻ་ཤཱ་ལིའི་རྒྱལཔོ་གིས་སྟོན་པའི་རིང་བསྲེལ་བགོ་བཤའ་ཐོབ་མི་འདི་ནང་གཟུངས་སྦེ་ བཙུགས་ཏེ་བཞེངས་གནང་མི་མཆོད་རྟེན་འདི་ཨིན་མས།
འདི་གི་ནུབ་བྱང་ཁ་ཐུག་
ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་གནང་མི་མཆོད་རྟེན་གཅིག་ཡོད།
མཆོད་རྟེན་འདི་
གི་ཟུར་ཁ་ལུ་རྡོ་རིང་ཀ་ཆེན་ཕིཊ་༥༠འབད་མི་ཏོག་སེངྒེ་ཡོད་མི་ཅིག་འདུག
ཀ་ཆེན་
འདི་གི་ལྷོ ་ ཁ་ཐུག་ཆུ་རྫིང་ཅིག་ཡོ ད་མི་འདི་སྤྱ་སྡེ་ཚན་གཅིག་གིས་སྟོ ན་པ་བཞེས་ ནིའི་དོན་ལུ་ས་འོག་ལས་ཆུ་བཏོན་ཏེ་ཕུལ་ས་དང་།
ཆུ་རྫིང་འདི་གི་ལྷོ་ཁ་ཐུག་མཆོད་
རྟེན་ཅིག་ཡོད་མི་འདི་ཁར་སྤྱ་གཅིག་གིས་སྟོན་པའི་ལྷུང་བཟེད་འབག་སྟེ་ཤིང་ཁར་
འཛེགས་ཞིནམ་ད་སྦྲང་རྩི་བླུགས་ཏེ་ཕུལ་སའི་གནས་ཨིན་པས། གཙུག་ལག་ཁང་གི་
བྱང་ཤ ར་ཁ་ཐུག་རྒྱང་གྲགས་གསུམ་བཞི་དེ་ཅིག་ཁར་མཆོད་རྟེན་གཅིག་ཡོད་མི་འདི་ ཁྱེའུ་རིན་ཆེན་བརྩེགས་ཀྱི་གཟིམ་ཅུང་གི་ཤུལ་ཨིན་མས། འདི་གི་ཟུར་ཁ་མཆོད་རྟེན་
གཅིག་ཡོད་མི་འདི། ཨ་མྲ་པཱ་ལའི་ཁྱིམ་ཤུལ་ཨིན་པའི་ཁར་སྟོན་པའི་མ་ཚབ་པྲ་ཇཱ་པ་ ཏཱི་༼སྐྱེ་དགུའི་བདག་མོ༽དང་གཞན་ཨ་ནེ་མང་རབས་ཅིག་མྱ་ངན་ལས་འདས་པའི་ གནས་ཡང་ཨིན་པས།།
གཙུག་ལག་ཁང་གི་བྱང་ཁ་ཐུག་རྒྱང་གྲགས་གསུམ་བཞིའི་ས་གནས་ནང་ལུ་མཆོད་ རྟེན་གཅིག་ཡོད་མི་འདི། སྟོན་པ་བཅོམ་ལྡན་འདས་ཀུ་ཤི་ནཱ་གར་ལུ་བྱོནམ་ད་ཞབས་ བཅགས་གནང་ས་ཨིན།
འདི་གི་ནུབ་བྱང་ཁ་ཐུག་ལུ་ཡང་མཆོད་རྟེན་གཅིག་ཡོད་མི་
འདི་ཁར་སྟོན་པ་མཆོག་གནས་འདི་ཁར་ལས་ཀུ་ཤི་ནཱ་གར་བྱོནམ་ད་བཻ་ཤཱ་ལིའི་གྲོང་
147
གནས་བཤད་འདོད་འཇོའི་བུམ་བཟང་།
ཁྱེར་འདི་ལུ་ཚར་ཅིག་ལོགས་སྟེ་གཟིགས་གནང་ས་ཨིན་མས།། འདི་གི་ལྷོ་ཁ་ཐུག་མཆོད་རྟེན་གཅིག་ཡོད་མི་འདི། མི་ཨམ་ཤིང་གི་ལྡུམ་ར་ཨིན་མས།
ཨ་མྲ་པཱ་ལི་གིས་སྟོན་པ་ལུ་ཕུལ་
ལྡུམ་ར་འདི་གི་ཟུར་ཁ་ཡོད་མི་མཆོད་རྟེན་འདི་
ཁར་སྟོན་པ་བཅོམ་ལྡན་འདས་ཀྱིས་བདུད་ལུ་མྱ་ངན་ལས་འདའ་ནི་སྦེ་ཞལ་གྱི་བཞེས་ གནང་སའི་གནས་ཨིན་མས། ཟེར་གསུངས་ནུག།
ད་རེས་ནངས་པ་མཇལ་ནི་ཡོདཔ།
༡༽ རྡོ་རིང་ཀ་ཆེན་དང་རིང་བསྲེལ་མཆོད་རྟེན།
ཀོ་ལཱུ་ཨ་ཟེར་བའི་ས་ཁོངས་འདི་ཁར་ཆོས་རྒྱལ་ཨ་ཤོ ་ ཀའི་རྡོ ་ རིང་ཀ་ཆེན་གཅིག་ ཡོད། ཀ་ཆེན་འདི་ཧེ་མ་ཆོས་རྒྱལ་ཨ་ཤོ་ཀ་གིས་གྲོང་ཁྱེར་པཊ་ན་ལས་འགོ་བཙུགས་ ཏེ་གནས་བསྐོར་བྱོན་པའི་སྐབས་ལུ་ཀུ་ཤི་ནཱ་གར་ཚུན་གྱི་བར་ན། བསྐྲུན་འབད་དེ་ཡོད་མི་གྲངས་སུ་ལས་གཅིག་ཨིན་པས། ཞལ་འདི་ཀུ་ཤི་ནཱ་གར་ཕྱོགས་ལུ་སྒོར་ཏེ་ཡོདཔ་ཨིན།
ཀ་ཆེན་༥བཟོ་
ཀ་ཆེན་གྱི་ཏོག་སེངྒེ་གི་
དེ་སྦེ་ཡོད་དགོ་མི་འདི་ཡང་
སྟོན་པ་བཅོམ་ལྡན་འདས་གནས་འདི་ཁར་ལས་མྱ་ངན་འདའ་ནིའི་དོན་ལུ་ཀུ་ཤི་ནཱ་ གར་ལུ་ཕེབས་ཡོད་པའི་རྟགས་མཚན་ཨིན་པས།
ཀ་ཆེན་འདི་གི་རྩ་བར་ལྷོ་ཁ་ཐུག་
ཆུ་རྫིང་ཅིག་ཡོད་མི་འདི་སྤྱ་སྡེ་ཚན་ཅིག་གིས་སྟོན་པ་བཞེས་ནིའི་དོན་ལུ་སའི་འོག་
ལས་ཆུ་བཏོན་ཏེ་ཕུལ་ས་དང་། སྤྱ་གཅིག་གིས་སྟོན་པའི་ལྷུང་བཟེད་འབག་སྟེ་ཤིང་གུ་
འཛེགས་ཞིནམ་ད་སྦྱངམ་བླུགས་འབག་འོང་སྟེ་སྤྱ་ཚུ་གིས་སྟོན་པ་མཆོག་ལུ་སྦྱངམ་
ཕུལ་སའི་གནས་ཨིན་པས། འདི་གི་ནུབ་བྱང་ཁ་ཐུག་ས་པག་ཅུང་གིས་བཞེངས་ཡོད་ མི་མཆོད་རྟེན་གྱི་རྙིང་ཤུལ་མཐོ་ཚད་མི་ཊར་༥དང་རྒྱ་ཚད་མི་ཊར་༢༠ འབད་མི་གཅིག་
ཡོད། མཆོད་རྟེན་འདི་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་པའི་ཤུལ་མ་སྤྱི་ལོ་༡༩༧༦ལུ་
148
ས་འོག་ལས་བཏོན་ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
ས་འོག་ལས་བཏོན་པའི་སྐབས་ལུ་མཆོད་རྟེན་འདི་ནང་ལུ་
རྡོ་སྒྲོམ་གཅིག་གི་ནང་ལས་རིང་བསྲེལ་དང་གསེར་དང་ནོར་བུའི་བྱེ་བྲག དེ་ལས་སྟོན་ པའི་སྤུར་ཐལ་དང་།
མཆོད་རྟེན་འདི་གི་ཐོག་ཁར་ལས་སྟོན་པའི་སྐུ་འདྲ་ཚུ་ཐོབ་ནུག
མཆོད་རྟེན་འདི་གི་ཟུར་ཁ་མཆོད་རྟེན་གཉིས་ཡོད་མི་འདི་ནང་ལུ་ཡང་ཧེ་མ་སྟོན་པའི་ རིང་བསྲེལ་ཚུ་བཞུགས་ཏེ་ཡོད་དོ་མས།
དེ་ལས་ལྷ་ཁང་གི་རྙིང་ཤུ ལ་ཚུ་ཐོབ་སྟེ་ཡོད་
རུང་སྟོན་པའི་བཞུགས་ཁང་འདི་ག་ཨིན་ན་ཁ་གསལ་སྦེ་ཞུ་མི་ཚུགས་པས།།
གནས་འདི་གི་གཞུང་ལམ་ལས་ཀི་ལོ་མི་ཊར་༡གི་ས་ཁར་མཆོད་རྟེན་གཅིག་དང་རྡོ་
རིང་གི་ཀ་ཆེན་གཅིག་ཡོད། ཀ་ཆེན་འདི་ཆོས་རྒྱལ་ཨ་ཤོ་ཀའི་ཀ་ཆེན་བཟུམ་སྦེ་ཡོད་ རུང་སྤུས་ཚད་འདི་ཆོས་རྒྱལ་མཆོག་གིས་ས་གནས་གཞན་ཚུ་ནང་བཟོ་བསྐྲུན་འབད་ དེ་ཡོད་མི་ཀ་ཆེན་ཚུ་དང་ཅོག་ཐདཔ་སྦེ་མེདཔ་ལས་བརྟེན་ད་ལྟོ་ཡང་གཏན་གཏན་ ཅིག་འབད་ངོས་འཛིན་འབད་མ་ཚུགས་པར་ལུས་ཏེ་ཡོད།།
༢༽ ལཱིཅྕ་བིའི་མཆོད་རྟེན། (Relic Stupa)
སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ཚར་བའི་ཤུལ་མར་རིང་བསྲེལ་དཔྱ་༨
སྦེ་བགོ་བཤའ་བརྐྱབས་ཡོད་མི་ནང་ལས་དཔྱ་༡གནས་འདི་གི་མི་སེར་ཚུ་ལུ་ཐོབ་ཡོད་ པའི་ཁར།
སྟོན་པ་ཞལ་བཞུགས་པའི་སྐབས་ལུ་གནས་འདི་ནང་ལས་ཀུ་ཤི་ནཱ་གར་
ལུ་བྱོནམ་ད། འདི་ནང་གི་མི་སེར་ཚུ་སེམས་མ་དགའ་བར། སྟོན་པའི་རྟིང་བདའ་སྟེ་
འོངམ་ད་ཁོང་ཚུ་གི་གུས་ཞབས་དང་ཁ་འབྱལ་མ་ཚུགས་པའི་བརྩེ་བ་འ་ནེམ་ཅིག་ཡོད་ མི་འདི་ལུ་གཟིགས་ཏེ་སྟོན་པ་མཆོག་ཡང་ཐུགས་ཀྱིས་བཟོད་མ་ཚུགས་པར་ཕྱག་ལུ་
བསྣམས་ཏེ་ཡོད་མི་ལྷུང་བཟེད་འདི་དྲན་རྟེན་གྱི་དོན་ལུ་གནང་ཏེ་སེམས་གསོ་འབད་ ལོགས་བཏང་རུང་འགྱོ་མ་བཏུབ་ལས།
རྫུ་འཕྲུལ་གྱིས་འབད་སྦུག་ན་ལུ་གཙང་ཆུ་
149
གནས་བཤད་འདོད་འཇོའི་བུམ་བཟང་།
སྦོམ་ཅིག་བཏོན་གནངམ་ད། འབད་ཐབས་ག་ནི་ཡང་མེད་པར་ལྷུང་བཟེད་འདི་འབག་
སྟེ་སྔུའི་སྔུའི་རང་ལོགས་འགྱོ་དགོཔ་འཐོན་ནུག ཤུལ་མ་བགོ་བཤའ་འབད་ཐོབ་ཡོད་ པའི་རིང་བསྲེལ་འདི་གིས་གནས་འདི་ནང་ལུ་མཆོད་རྟེན་༡༣བཞེངས་ཡོད་པའི་གྲངས་ སུ་མཆོད་རྟེན་འདི་གནས་འདི་ནང་གི་མི་སེར་ཚུ་ལུ་གལ་ཆེ་ཤོས་ཅིག་ལུ་འགྱུར་ཏེ་
ཡོདཔ་ལས། མཆོད་རྟེན་གྱི་མཚན་ཡང་ལིཅྖ་བིའི་མཆོད་རྟེན་ཟེར་ཡོངས་གྲགས་སོང་ སྟེ་ཡོདཔ་མས།།
ཤུལ་མ་ཆོས་རྒྱལ་ཨ་ཤོ་ཀ་གིས་མཆོད་རྟེན་འདི་ནང་ལས་རིང་བསྲེལ་བཏོན་ཏེ་ཕྱེད་ ཀ་ཅིག་ལོགས་ཏེ་བཙུགས།
ཕྱེད་ཀ་ཅིག་འདི་མཆོད་རྟེན་སྟོང་ཕྲག་༨༠༠༠
ལྷགཔ་
ཅིག་བཞེངས་མི་མཆོད་རྟེན་ཚུ་གིས་ནང་རྟེན་འབད་བཙུགས་ཡོདཔ་མས། ཆོས་རྒྱལ་
མཆོག་གི་ཤུལ་མར་རྒྱལཔོ་གཞན་མི་གཅིག་གིས་ཡང་རིང་བསྲེལ་བཏོན་ནི་འབདཝ་ ད་ས་སྤརཝ་ལས་བརྟེན་མ་བཏོན་པར་བཞག་དགོཔ་འབྱུང་ནུག། སྤྱི་ལོ་༡༩༥༨ལུ་མཆོད་རྟེན་འདི་ས་འོག་ལས་བཏོན་པའི་སྐབས།
ནང་ན་ལས་རྡོའི་
སྒྲོམ་གཅིག་ནང་ལས་སྟོན་པའི་རིང་བསྲེལ་དང་དུང་དཀར་ཆུང་ཀུ་༡། དེ་ལས་གསེར་
གྱི་པད་སྡེར་ཚུ་ཐོ བ ་ཡོ ད་མི་འདི་ད་རེས་ནངས་པ་པཊ་ན་འགྲེམ་སྟོ ན་ཁང་ནང་ལུ་ མཇལ་ནི་ཡོད།།
ཡངས་པ་ཅན་གྱི་གནས་བཤད་ལམ་སྟོན་པས།། ཡངས་པ་ཅན་དུ་ཕེབས་པའི་སྐུ་མགྲོན་ཚོར།།
ཡངས་པ་ཅན་གྱི་གནས་རྣམས་ངོ་སྤྲོད་ཅིང་།།
ལེགས་མཇལ་ཐུབ་པའི་དགའ་སྟོན་འཕེལ་གྱུར་ཅིག།
150
གནས་བཤད་འདོད་འཇོའི་བུམ་བཟང་།
མཆོད་རྟེན་རྣམ་དག་དྲུང་། Kesariya ལྷ་ཡིས་ལུང་བསྟན་འབྲུག་སྒྲས་ཐུགས་བསྐུལ་ནས།། དགུང་ལོ་ཉེརདགུའི་དུས་ནས་རྒྱལ་སྲིད་སྤངས།། ཁྱིམ་པའི་རྟགས་དོར་རབ་ཏུ་འབྱུང་མཛད་ཞིང་།། མཆོད་རྟེན་རྣམ་དག་དྲུང་དུ་བྱོན་པར་བསྔགས།། གནས་བཤད་མདོར་བསྡུས།
མཆོད་རྟེན་རྣམ་དག་དྲུང་ཟེར་མི་འདི།
སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་དགུང་ལོ་
༢༩ལུ་སེར་སྐྱའི་ཕོ ་ བྲང་ནང་ལས་བྱོ ག ་བྱོ ན་ཏེ་གནས་འདི་ཁར་ལུ་རང་གི་དབུ་སྐྲ་ གཏོགས་ཏེ་རབ་བྱུང་མཛད་སའི་གནས་ཨིན་མས།།
གནས་བཤད་རྒྱས་པ།
མཆོད་རྟེན་རྣམ་དག་དྲུང་ཟེར་སྟོན་པའི་དབུ་སྐྲ་བསིལ་སའི་གནས་འདི་ལུ་ས་ཁོངས་
ཀྱི་ངོས་འཛིན་འབད་ཐང་ཁག་༢སྦེ་ཡོདཔ་ཨིན། ལ་ལུ་ཅིག་གིས་འབད་བ་ཅིན་ཀེ་སཱ་ རི་ཡ་ཟེར་མི་འདི་སྐྱ་བཏོག་ཟེར་སླབ་པའི་དོན་ལུ་གོཝ་ལས་ད་རེས་ནངས་པ་ཀེ་སཱ་རི་ ཡ་ལུ་ཡོད་མི་མཆོད་རྟེན་འདི་རྣམ་དག་དྲུང་ཨིན་ཟེར་བའི་སླབ་སྲོལ་ཅིག་དང་།གཅིག་ ལས་འབད་བ་ཅིན་ས་གནས་ལོ་རཱི་ཡ་ནཱནྡཱ་ལུ་ཡོད་པའི་མཆོད་རྟེན་འདི་ཁར་ཆོས་རྒྱལ་ ཨ་ཤོ་ཀའི་རྡོ་རིང་གི་ཀ་ཆེན་ཡོདཔ་ལས་བརྟེན་མཆོད་རྟེན་རྣམ་དག་དྲུང་འདི།
དེ་
ཨིནམ་སྦེ་བཤདཔ་ཨིན། ག་དེ་སྦེ་ཨིན་རུང་མཆོད་རྟེན་གཉིས་ཆ་རང་སྔོན་མ་གྱི་དུས་ ལུ་འཛམ་གླིང་ནང་ནང་པའི་མཆོད་རྟེན་གྱི་གྲངས་སུ་ལས་སྦོམ ་ཤོས་ཅིག་ཨིན་པས།།
151
གནས་བཤད་འདོད་འཇོའི་བུམ་བཟང་།
གནའ་ཤུལ་བརྟག་ཞིབ་འབད་མི་ཚུ་གིས་ཡང་ཐོ་བཀོད་འབད་དེ་ཡོད་པའི་ཡི་གུའི་
རིགས་དང་གཞན་རྟགས་མཚན་བཀོད་དེ་བཞག་བཞགཔ་གི་ཅ་ཆས་ཅིག་ག་ནི་ཡང་ མ་ཐོ བ པ་ལས་གཏན་གཏན་ཅིག་འབད་ས་གནས་ཀྱི་ངོས་འཛིན་འབད་མ་ཚུགས་ པས།།
ཨིན་རུང་གཏམ་རྒྱུད་དང་ཆོས་ཀྱི་ཡིག་ཆ་ནང་ལུ་བཀོད་དོ ་ བཟུམ་སྦེ་བཤད་པ་
ཅིན།སྟོ ན་པ་བཅོམ་ལྡན་འདས་ཡངས་པ་ཅན་ལས་ཀུ་ཤི་ནཱ་གར་བྱོ ན མ་ད་དགུང་ བཞག་གཅིག་ཀེས་སཱ་པུཏ་ཏ་ལུ་བཞུགས་གནང་ནུག
ཀེས་སཱ་པུཏ་ཏ་ཟེར་མི་ས་
ཁོངས་འདི་ད་རེས་ནངས་པ་ཀེ་སཱ་རི་ཡ་འདི་ཨིན་ཟེར་བཤདཔ་ཨིན་མས། འདི་ཁར་བྱོན་པའི་སྐབས། འོངམ་ད་ལུ་
གནས་
ཡངས་པ་ཅན་གྱི་མི་སེར་ཚུ་གིས་སྟོན་པའི་རྟིང་བདའ་
སྟོན་པ་མཆོག་གིས་ས་ཁོངས་འདི་ནང་ལས་ལོག་སོང་ཟེར་གསུངས་ཏེ་
ལྷུང་བཟེད་གནང་རུང་ལོགས་འགྱོ་མ་བཏུབ་ལས། རྫུ་འཕྲུལ་གྱིས་འབད་མི་སེར་དང་ སྟོན་པའི་སྦུག་ནང་གཙང་ཆུ་སྦོམ་བཏོན་གནངམ་ད་མི་སེར་ཚུ་ཐབས་རང་མེད་པར་
ལོག་འགྱོ་དགོཔ་ཐོན་པའི་གནས་ཨིནམ་ལས་ལིཅྖ་བི་གི་མི་ཚུ་གིས་གནས་འདི་ནང་ ལུ་མཆོད་རྟེན་ཅིག་བཞེངས་བཞེངམ་འོང་ནི་མས་ཟེར་ཨིན་པས།།
ད་རེས་ནངས་པ་ཨིན་ཌོ་ནིཤི་ཡ་ལུ་ཡོད་མི་བོ་རོ་བུ་དུར་མཆོད་རྟེན་འདི་ཀེ་སཱ་རི་ཡའི་ མཆོད་རྟེན་ལུ་དཔྱེ་བལྟ་སྟེ་བཞེངས་ཡོདཔ་སྦེ་བཤད་ཚུལ་འདུག
ཀེ་སཱ་རི་ཡ་གི་
མཆོད་རྟེན་གྱི་མཐོ་ཚད་མི་ཊར་༤༥.༧ ཡོདཔ་ཨིནམ་དང་། ཨིན་ཌོ་ནི་ཤི་ཡ་ལུ་ཡོད་ མི་མཆོད་རྟེན་འདི་མཐོ་ཚད་མི་ཊར་༤༢.༥ཡོདཔ་ཨིན་པས།།
152
གནས་བཤད་འདོད་འཇོའི་བུམ་བཟང་།
ལའུ་རི་ཡ་ནནྡ་ན་གཱར།
གནས་འདི་ཀེ་སཱ་རི་ཡ་ལས་ཀི་ལོ་མི་ཊར་༩༢དང་།
བེཏ་ཏིཧ་ཟེར་ས་ལས་ཀི་ལོ་མི་
ཊར་༢༦བྱོན་དགོ འདི་ནང་ལུ་ལའུ་རི་ཡ་ནནྡ་ན་གཱར་ཟེར་བའི་ཁྲོམ་ཆུང་ཀུ་ཅིག་ཡོད། གནས་འདི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་དང་འབྲེལ་བ་ག་ཅི་ཡོདཔ་ཨིན་
ན་ཁ་གསལ་སྦེ་མེད་དེ་འབད་རུང་སྔོན་མ་གྱི་དུས་ལུ་གལ་ཆེ་ཤོས་ཅིག་ཨིནམ་འདི་ གནས་འདི་ནང་འབྱོན་ཏེ་གཟིགས་པ་ཅིན་མཁྱེན་ཚུགས།
ས་གནས་འདི་བལ་ཡུལ་
༼ནེ་པཱལ༽རྒྱལ་ཁབ་ཀྱི་ས་མཚམས་དང་ཐག་ཉེ་ས་ཅིག་ཁར་ཆགས་ཏེ་ཡོདཔ་ལས་ བརྟེན།
སྟོན་པའི་དབུ་སྐྲ་བསིལ་སའི་མཆོད་རྟེན་རྣམ་དག་དྲུང་ཟེར་མི་འདི།
མེན་ན་མནོ་བའི་དོགས་པ་མི་མང་ཤོས་ཅིག་ལུ་ཡོདཔ་ཨིན།
འདི་
གནས་འདི་གི་མཐའ་
འཁོར་ལུ་སའི་སྤོག་ཏོ་༢༠དེ་ཅིག་གྱལ་རིམ་༣འབད་ཡོདཔ་ཨིན། སྤོག་ཏོ་ལ་ལུ་ཅིག་ གི་ནང་ལས་རིང་བསྲེལ་དང་གསེར་ལེབ་ཏེམ་ཚུ་ཐོབ་ནུག།
ཆོས་རྒྱལ་ཨ་ཤོ་ཀའི་རྡོ་རིང་གི་ཀ་ཆེན་༤༠ལྷག་ཙམ་བཟོ་བསྐྲུན་མཛད་དེ་ཡོད་པའི་
གྲངས་སུ་ལས་གནོད་རྐྱེན་མ་ཕོགས་པར་ལུས་ཏེ་ཡོད་མི་ནང་ལས་གཅིག་ས་གནས་ འདི་ནང་ཡོད་མི་ཀ་ཆེན་འདི་ཨིན་པས། ཀ་ཆེན་གྱི་མཐོ་ཚད་ཕིཊ་༡༢.༨ཡོད། ཀ་ཆེན་ ཡོད་པའི་ས་གནས་འདི་ཁ་ལས་ཀི་ལོ་མི་ཊར་༡ལྷག་ཙམ་གྱི་ས་ཁར། གུ་རམ་ ༼བུ་ རམ༽གྱི་འཕྲུལ་འཐག་གི་རྒྱབ་ལུ་མཆོད་རྟེན་རྙིངམ་གྱི་ཤུལ་ཅིག་མཇལ་ནི་ཡོ ད །
མཆོད་རྟེན་འདི་ཡང་སྔོན་མ་རྒྱ་གར་ནང་ལུ་མཆོད་རྟེན་སྦོམ ་ཤོས་ཅིག་ཨིན་པས། ཨིན་
རུང་ད་རེས་ནངས་པ་མཆོད་རྟེན་གྱི་མཐོ་ཚད་མི་ཊར་༢༤དང་རྒྱ་ཚད་མི་ཊར་༤༥༧དེ་
ཅིག་ལས་མེད། མཆོད་རྟེན་འདི་ནང་ལས་རིང་བསྲེལ་ཚུ་མ་ཐོབ། དེ་འབད་རུང་སྣོད་ ཅིག་གི་ནང་ལས་ཏཱ་ལའི་ཤིང་གི་པགས་ཀོ་ཕྱ་སི་སི་རིངམོ་གཅིག་གི་གུ་ལུ་ནང་པའི་
153
གནས་བཤད་འདོད་འཇོའི་བུམ་བཟང་།
གསུང་རབ་དུས་རབས་༤པའི་ནང་ལུ་བྲིས་ཏེ་ཡོད་མི་ཅིག་ཐོབ་ནུག། ཤཱཀྱའི་རྒྱལ་པོས་ཞབས་པད་བཀོད་པའི་ཞིང་།། རྣམ་དག་དྲུང་དང་ལའུ་རི་ནནྡ་ཡི།།
ལོ་རྒྱུས་མདོ་ཙམ་ཕུལ་བའི་ངལ་འབྲས་ཀྱིས།།
འདིར་ཕེབས་ཡོངས་ཀྱི་ལམ་སྣ་འདྲེན་པར་སྨོན།།
ཀཽ་ཤམ་བྷི། Kaushambi བདག་སོགས་སྟོན་པ་ཐུབ་དབང་ཟས་གཙང་སྲས།།
ཞབས་ཟུང་བསྐྱོད་མཛད་མཛད་པ་བསྐྱངས་པའི་ཞིང་།། ཀོའུ་ཤམ་བྷི་ཡི་གནས་མཆོག་འདི་ཉིད་ཀྱི།།
ལོ་རྒྱུས་རྔ་ཆེན་རྡུང་བར་སྙན་དབང་གཏོད།། གནས་བཤད་མདོར་བསྡུས།
ཀཽ་ཤམ་བྷི་ཟེར་བའི་ས་གནས་འདི་ནང་ལུ།
བློན་པོ་གདངས་ཅན་ཟེར་མི་ཅིག་གིས་
སྟོན་པ་བཅོམ་ལྡན་འདས་གདན་འདྲེན་ཞུ་སྟེ་ལོ་༡གི་རིང་ལུ་བཞུགས་སྟེ་བཀའ་སློབ་ དང་ལྷ་མ་ཡིན་ཅིག་བཏུལ་བའི་མཛད་པ་ཚུ་སྟོན་གནང་ཡོདཔ་ཨིན་པས།།
154
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་བཤད་རྒྱས་པ།
གནས་འདི་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་ས་ཁོངས་ཨ་ལཱ་བྷད་ལས་ཀི་ལོ་མི་ཊར་
༥༥དང་། ཝཱ་རཱ་ཎ་སཱི་ལས་ཀི་ལོ་མི་ཊར་༡༣༢ཀྱི་ས་ཁར་ཆགས་ཏེ་ཡོདཔ་ཨིན།སྟོན་པ་ ཞལ་བཞུགས་པའི་སྐབས་ལུ་ཀཽ་ཤམ་བྷི་འདི་རྒྱ་གར་དབུས་ཀྱི་རྒྱལ་ཁབ་ཚུ་གི་ཁྲོམ་
ཚོགས་སྦོམ ་ཤོས་༦ཡོད་པའི་ནང་ལས་གཅིག་ཨིན་པས། ཁྲོམ་ཚོགས་གཞན་མི་ལྔཔ་ འདི། ༡ཤྲ་བསྟི། ༢ས་ཀེ་ཏ། ༣ཅམ་པ། ༤ཝཱ་རཱ་ཎ་སཱི། ༥རཱ་ཇཱ་གྲིཧ་ཚུ་ཨིན།།
སྔོན་མ་རྒྱལཔོ་ཨུ་ཌ་ཡ་ཎ་གི་སྲས་བོ་དྷི་རཱ་ཇ་ཀུ་མཱར་ཟེར་མི་འདི་སྟོན་པ་བཅོམ་ལྡན་ འདས་ལུ་དད་པ་སྦོམ་ཡོད་མི་ཅིག་ཨིན་པས།
ཁོ་གིས་ས་གནས་སུམ་སཱུ་མཱ་གི་རི་
ལུ་ཀོ་ཀཱ་ཎ་དཱ་ཟེར་མི་ཕོ་བྲང་ཅིག་བཞེངས་ཏེ་སྒོ་འབྱེད་རྟེན་འབྲེལ་འབདཝ་ད་སྟོན་ པ་མཆོག་གདན་འདྲེན་ཞུ་ནུག
སྟོན་པ་མཆོག་འདི་ནང་བཞུགས་པའི་རིང་ལུ་བཀའ་
སློ བ་མང་རབས་ཅིག་གནང་སྟེ་དགོན་སྡེ་གསུམ་ཡང་གཞི་བཙུགས་གནང་ཡོདཔ་ མས། དགོན་སྡེ་༣པོ་འདི་ཡང། གྷོ་སི་ཏཱ་རཱ་མཱ་དང་། ཀུཀ་ཀུ་ཊ་རཱ་མཱ། པཱ་བ་རི་ཀཱ་
155
གནས་བཤད་འདོད་འཇོའི་བུམ་བཟང་།
ཨམ་བཱ་ཝན་ཚུ་ཨིན་མས།།
གནས་འདི་སའི་འོག་ལས་བཏོན་པའི་སྐབས་རྒྱལཔོ་ཀཎིཥྐའི་དུས་སྐབས་ཀྱི་སྟོན་པའི་ སྐུ་འདྲ་༡དང་། རྒྱལཔོ་གུཔྟའི་སྐབས་ཀྱི་དངུལ་རྐྱང་ཚུ་ཐོབ་ནུག།
ད་རེས་གནས་འདི་ཁར་མཇལ་ནི་ཡོད་མི་གྲངས་ལས་གཅིག་ཆོས་རྒྱལ་ཨ་ཤོ་ཀའི་ རྡོ་རིང་ཀ་ཆེན་གྱི་རྙིང་ཤུལ་དང་།
གྷོ་སི་ཏཱ་རཱ་མཱའི་དགོན་སྡེ་གྱི་ཤུལ་ཚུ་ཨིན་པས།ཀ་
ཆེན་གྱི་རྙིང་ཤུ ལ་འདི་ཡང་གྲོང་ཁྱེར་རྙིངམ་གྱི་ཁྲོམ་ལམ་གྱི་གཡོན་ཁ་ཐུག་ཡོད།འདི་ ཁ་ལས་ཤར་ལྷོ་ཁ་ཐུག་མི་ཊར་༥༠༠འི་ས་ཁར་གྷོ་སི་ཏཱ་རཱ་མཱའི་དགོན་སྡེ་རྙིངམ་གྱི་ ཤུལ་ཡོདཔ་ཨིན།
སྟོན་པ་ཞལ་བཞུགས་པའི་སྐབས་ལུ་དང་པ་དགོན་སྡེ་འདི་གཞི་
བཙུགས་གནང་ཡོདཔ་མས།
མི་མཆོད་རྟེན་ཅིག་ཡང་ཡོད།
གནས་འདི་ནང་ཆོས་རྒྱལ་ཨ་ཤོ་ཀའི་དུས་ལུ་བཞེངས་ ད་རེས་ནངས་པ་ཨ་ལ་བྷད་ལུ་ཡོད་མི་ཨ་ཤོ་ཀའི་རྡོ་
རིང་ཀ་ཆེན་འདི་ཧེ་མ་ས་ཁོངས་འདི་ནང་ཡོདཔ་ཨིན་རུང་ཤུ ལ་ལས་མུ་གྷལ་གྱི་སྐབས་ ལུ་ས་ཁོངས་འདི་ནང་ལས་ཨ་ལ་བྷད་ལུ་སྤོ ་ཤུད་འབད་ཡོདཔ་ཨིན་པས། མཆོད་རྟེན་
གྱི་ཤུལ་གྱི་ཟུར་ཁ་ལུ་ཆོས་ཁང་ཅིག་ཡོད། འདི་ནང་ལས་ལྷ་མ་ཡིན་ཧ་རི་ཏིའི་སྐུ་འདྲ་ ཅིག་ཐོབ་ནུག།
གསལ་བཤད་རྔ་ཆེན་བརྡུངས་པའི་སྐལ་བཟང་འདིས།། གནས་མཇལ་རི་དྭགས་ཕོ་མོའི་སྙིང་གི་མཁར།། གནས་མཇལ་དགའ་བ་ཁྲི་ཕྲག་སྦྱིན་ནུས་པའི།།
དགེ་ལེགས་སྣང་བའི་དགེ་མཚན་རྒྱས་པར་ཤོག།
156
གནས་བཤད་འདོད་འཇོའི་བུམ་བཟང་།
མ་ཐུ་ར་འམ་བཅོམ་བརླག། Mathura ཐུབ་དབང་ཞབས་སེན་ཟླ་ཟེར་འཕོས་པའི་ཞིང་།། མ་ཐུ་ར་ཡི་གནས་མཆོག་ཀུ་མུད་ཚལ།།
ཇི་ཡོད་གསལ་བཤད་དྭང་གཙང་རྒྱ་ཤོག་ངོས།།
ཕན་སེམས་སྟོང་གིས་བཀོད་པ་འདི་གཟིགས་ཤིག། མ་ཐུ་རའི་གནས་འདི་རྒྱ་གར་གྱི་རྒྱལ་ས་ལྟེ་བ་དིལླི་ལས་ཀི་ལོ་མི་ཊར་༡༤༥དང་།་ ཨག་རཱ་ལས་༥༨དེ་ཅིག་གི་ས་གནས་ནང་ལུ་ཆགས་ཏེ་ཡོད།
སྟོན་པ་ཞལ་བཞུགས་
པའི་སྐབས་ལུ་གནས་འདི་ནང་ཕེབས་ཏེ་ཡོད་རུང་བྲམ་ཟེའི་ཆོས་ལུགས་ཀྱི་རྙོགས་
དྲག་འཐོན་ཏེ་ཡོདཔ་ལས་དགོན་སྡེ་ཚུ་རྒྱ་ཆེ་ཏོག་ཏོ་སྦེ་ གཞི་བཙུགས་མ་མཛད་པས། སྟོན་པ་བཅོམ་ལྡན་འདས་ཁོ་རང་མ་བཞུགས་པའི་ཤུལ་མར་ ནིཥྐ་དང་།
གནང་ནུག།
ཀུ་ཥཱ་ཎ་གི་རྒྱལཔོ་ཀ་
རྒྱལཔོ་གུཔྟའི་སྐབས་ལུ་ནང་པའི་དགོན་སྡེ་ཚུ་རྒྱ་ཆེཝ་སྦེ་གཞི་བཙུགས་
རྒྱ་ནག་གི་དགེ་སློང་ཐང་སན་བླ་མའི་ཧེ་མ་དགེ་སློང་ཧཕ་ཤཱན་བྱོན་པའི་སྐབས་ལུ་ གནས་འདི་ནང་དགོན་སྡེ་༢༠དང་། ཟེར་བཀོད་གནང་ནུག
དགེ་སློང་སྟོང་ཕྲག་ལྷག་ཙམ་བཞུགས་ཏེ་འདུག་
འདི་སྒང་གནས་འདི་ནང་ལུ་ཀུན་དགའ་བོ་དང་ཤཱ ་རིའི་བུ་དེ་
ལས་མཽངྒལ་བུའི་མཆོད་རྟེན་ཚུ་མཇལ་ནི་ཡོད་ཟེར་གསུངསམ་མ་ཚད།
ལོ་བསྟར་
དབྱར་གནས་གྲོལ་བའི་ཤུལ་མ་དགེ་སློང་དང་མི་སེར་ཚུ་གཅིག་ཁར་འཛོམས་ཏེ་དྲི་ བཟང་གི་སྤོས་དང་།
མེ་ཏོག
མར་མེ་དང་སྙན་ཆའི་རིགས་ཚུ་ལག་ལེན་འཐབ་སྟེ་
དགུང་བཞག་གཅིག་གི་རིང་གུས་བཏུད་ཞུ་ནི་འདི་ལོ་བསྟར་བཞིན་དུ་འདུག།
157
གནས་བཤད་འདོད་འཇོའི་བུམ་བཟང་།
བུམོ་ཚུ་ཨ་ནེའི་ནང་འཛུལ་ཆོག་པའི་གནང་བ་འདི་ཀུན་དགའ་བོ་གིས་སྟོན་པ་མཆོག་ ལུ་ཞུཝ་ལས་གནང་གནངམ་ཨིན་ཟེར།
ཨ་ནེ་མང་ཤོས་ཅིག་གིས་བཀའ་དྲིན་རྗེས་
དྲན་བཟུམ་ཅིག་འབད་ཀུན་དགའ་བོའི་མཆོད་རྟེན་ལུ་གུས་བཏུད་སྦོམ་འབད་རང་ ཞུཝ་མས།ཟེར་བཀོད་དེ་འདུག།
དགེ་སློང་ཐང་སན་ཙང་བྱོན་པའི་སྐབས་ལུ་ཡང་ལམ་སྲོལ་འདི་མ་ཉམས་པར་ཡོད་པའི་ ཁར་ཆོས་རྒྱ་ཨ་ཤོ་ཀའི་མཆོད་རྟེན་ཡང་མཇལ་ནི་འདུག་ཟེར་ཨིན་པས།
ཨིན་རུང་
ཤུལ་མ་སྤྱི་ལོ་༡༠༡༧ནང་ལུ་མཧཱ་མུད་ཀྱི་སྐབས་ལུ་གནས་འདི་ནང་གི་དགོན་སྡེ་སྟོར་ བཤིག་བཏང་ཡོདཔ་ཨིན་པས།།
སྤྱི་ལོ ་ ༡༨༣༦ནང་ལུ་ཀོ་ལོ ་ ནཱལ་ཨེལ་ཨར་ཨེས་ཊེས་ཀྱིས་གནས་འདི་ས་ཡི་འོ ག ་ ལས་བཏོན་པའི་སྐབས་ཐོབ་པའི་ནང་རྟེན་ཚུ་ཀོལ་ཀ་ཏ་འགྲེམ་སྟོན་ཁང་ནང་བསྐྱལ་ ཡོདཔ་དང་།
འདི་གི་ཤུལ་ལས་སར་ཀཱ་ནིང་གཱམ་གྱིས་ཧ་ལས་སི་སི་ཡོད་པའི་ནང་
རྟེན་གྱངས་ཁ་མ་ཆོདཔ་ཅིག་ཐོབ་ནུག འདི་གི་གྲངས་སུ་ལས། རྒྱ་གར་ནང་ཡོད་མི་
སྟོན་པའི་སྐུ་གཞན་མི་ཚུ་ལས་ཡང་བཟོ་བཀོད་ལེགས་ཤོམ་དང་མཛེས་ཏོག་ཏོ་གཟི་
བརྗིད་ཆེ་ཏོག་ཏོ་སྦེ་ཡོད་མི་མ་ཐུ་རའི་སྐུ་འདྲ་འདི་ད་རེས་ནངས་པ་རྒྱལ་ས་དིལླིའི་སྲིད་
བློན་གྱི་བཞུགས་ཁང་། རཱཥ་ཊྲ་པ་ཏི་བྷ་ཝན་ནང་ལུ་བཞུགས་ཏེ་ཡོདཔ་ལས་བརྟེན་ང་ བཅས་ག་ར་གིས་མཇལ་ཁ་ཞུ་ནི་གི་སྐལ་བ་ཐོབ་མི་ཚུགས་པས་ཟེར་ཞུ་ནི་ཨིན།། མ་ཐུ་ར་ཡི་གསལ་བཤད་ཉུང་ཉུང་ཙམ།།
འདི་ན་བརྗོད་པའི་ལས་འབྲས་སླུ་མེད་མཐུས།། རྒྱལ་ལུང་བརྒྱ་ནས་ཕེབས་པའི་སྐུ་མགྲོན་གྱི།།
158
གནས་བཤད་འདོད་འཇོའི་བུམ་བཟང་།
དེད་དཔོན་དམ་པར་འགྱུར་བའི་ཡིད་སྨོན་ཤོར།།
རི་བོ་བྱ་རྐང་། ༼གྷུར་ཕ༽
སྟོན་པའི་རྒྱལ་ཚབ་གནས་བརྟན་འོད་སྲུང་གི།
སྐུ་གདུང་བྱིན་གྱིས་རླབས་པའི་ངོ་མཚར་གནས།། རི་བོ་བྱ་རྐང་ཅན་གྱི་གསལ་བཤད་ཞིག།
འདི་ན་བཀོད་ཡོད་དགྱེས་པས་གཟིགས་སུ་གསོལ།། གནས་བཤད་མདོར་བསྡུས།
གནས་འདི་སྟོན་པའི་རྒྱལ་ཚབ་གནས་བརྟན་འོད་སྲུང་གི་སྐུ་གདུང་བྱིན་གྱིས་རླབས་ཏེ་ གནང་ས་དང་།
སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ལོ་༡༢ཀྱི་རིང་ལུ་རྗེ་བཙུན་
བྱམས་པ་མགོན་པོ་སྒྲུབ་སའི་གནས་ཡང་ཨིནམ་སྦེ་བརྩིཝ་ཨིན།། གནས་བཤད་རྒྱས་པ།
རི་བོ་བྱ་རྐང་ཅན་གྱི་གནས་འདི་སྔོན་མ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ལོ་
༡༢ཀྱི་རིང་ལུ། རྗེ་བཙུན་བྱམས་པ་མགོན་པོ་སྒྲུབ་སའི་གནས་ཨིན་པས། འདི་ཡང་ད་ རེས་འབད་བ་ཅིན་རྡོ་རྗེ་གདན་གྱི་ཉེ་འགྲམ་ལུ་ཡོད་མི་གྷུར་ཕ་ཟེར་མི་འདི་ཨིན།གནས་
འདི་གི་སྐོར་ལས་སྤྱི་ལོ་༤༠༥འི་ནང་རྒྱ་གར་ལུ་ཕེབས་མི་རྒྱ་ནག་གི་དགེ་སློང་ཧཕ་ཤཱན་ གྱིས་ལམ་ཡིག་ཟིན་བྲིས་ནང་ལུ།
གནས་འདི་གི་མཚན་ལུ་གུ་རུ་པཱ་ད་ཟེར་བཀོད་དེ་
ཡོད། གུ་རུ་པཱ་ད་གི་དོན་ཡང་བླ་མའི་ཞབས་ཨིན་པས།།
159
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་ནང་ལུ་གནས་བརྟན་འོད་སྲུང་གི་མཆོད་རྟེན་གཅིག་མཇལ་ནི་ཡོད།
འདི་རྫུ་འཕྲུལ་གྱིས་སྦེ་བྱག་བཀག་སྟེ་བཏོན་ཡོདཔ་སྦེ་བཤད་ཚུལ་འདུག བཀག་བཀགཔ་གི་ཤུལ་འདི་ད་རེས་ཡང་མཇལ་ནི་ཡོདཔ་མ་ཚད། ཡར་མི་གཅིག་འགྱོ་ཚུགས་པའི་ས་སྒོ་འདུག
མཆོད་རྟེན་ བྱག་
འདི་ནང་ལས་
འདི་ཁར་གནས་བརྟན་འོད་སྲུང་གི་སྐུ་
འདྲ་གཅིག་དང་ཕྱག་གི་ཁྲུས་རྫས་རྒྱ་ཚྭ་ཅིག་འདུག འདི་གུ་མགུ་ཏོ་ནཝ་ད་འཕུར་བ་ ཅིན་ཕན་ཟེར་གཡུས་འདི་ནང་གི་མི་ཚུ་གིས་སླབ་སྲོལ་ཡོདཔ་ཨིན་པས།།
གནས་འདི་ཁར་གནས་བརྟན་འོད་སྲུང་དང་དགྲ་བཅོམ་པ་མང་ཤོས་ཅིག་བྱོན་ཡོདཔ་
མས། ཧེ་མ་འབད་བ་ཅིན་འདི་ནང་ལུ་སྟར་གོའི་ཤིང་དང་ཤི ང་འབྲས་སྣ་ཚོགས། དེ་ ལས་རི་དྭགས་སེམས་ཅན་སྟག་དང་སེངྒེ་གཞན་ཡང་སེམས་ཅན་གྱི་རིགས་མ་འདྲཝ་ ལེ་ཤཱ་ཡོ ད པ་ལས་བརྟེན་གནས་འདི་མཇལ་བར་བྱོ ན་པའི་སྐབས་ལུ་འདྲོ ག ་སི་སི་ ཡོདཔ་ཨིན་པས།།
དེ་ལས་ཐང་སན་བླ་མའི་ལམ་ཡིག་ནང་ལས་བཤད་དོ་བཟུམ་འབད་བ་ཅིན།འཕགས་ པ་འོད་སྲུང་བྱོནམ་ད་རི་༣སྦེ་ཡོད་ས་ལས།
ཁོ་གིས་བར་ན་གི་རི་གུ་ལུ་སྐྱེ་དགུའི་
བདག་མོ་གྱིས་སྟོན་པ་མཆོག་ལུ་ཕུལ་མིའི་ན་བཟའ་འདི་ཕྱག་ལུ་བསྣམས་ཏེ་ཏིང་ངེ་ འཛིན་ལུ་བཞུགས།
དེ་ལས་རི་༣གཅིག་ཁར་འཛོམས་ཏེ་འཕགས་པ་འོད་སྲུང་གི་སྐུ་
གཟུགས་ནང་ན་སྦ་ཞིནམ་ད།
རི་༣གྱི་རྩེ་འདི་གཅིག་ལུ་འགྱུར་ནུག་ཟེར་ཨིནམ་མ་
ཚད།མ་འོངས་པ་ལུ་རྗེ་བཙུན་བྱམས་པ་མགོན་པོ་འཇིག་རྟེན་གྱི་ཁམས་ལུ་འབྱོན་ཏེ་ ཆོས་ཀྱི་འཁོར་ལོ་ཚར་༣བསྐོར་གནང་བའི་མཐའ་མར། ལུ་རི་༣འདི་རང་བཞིན་གྱིས་འབད་ཁ་ཕྱེ་ནི་དང་།
གནས་འདི་ནང་ཕེབས་ད་
དེ་ལས་འཕགས་པ་འོད་སྲུང་ཏིང་
ངེ་འཛིན་ལས་བཞེངས་ཏེ་སྟོ ན་པ་ཤཱཀྱ་ཐུབ་པའི་ན་བཟའ་འདི་རྗེ་བཙུན་བྱམས་པ་
160
གནས་བཤད་འདོད་འཇོའི་བུམ་བཟང་།
མགོན་པོ་ལུ་ཕུལ་ཞིནམ་ད་ཕྱག་དང་བསྐོར་ར་རྐྱབ། དེ་ལས་ནམ་མཁའ་ལུ་འབྱོན་ཏེ་ རྫུ་འཕྲུལ་སྣ་ཚོགས་སྟོན་པའི་མཐའ་མར་སྐུ་གཟུགས་ལས་མེ་འབར་ཏེ་མྱ་ངན་ལས་ འདའ་ནི་ཨིན། ཟེར་བཀོད་ནུག།
རི་འདི་གི་སྤོག་ཏོ་གུ་ལུ་མཆོད་རྟེན་ཅིག་བཞེངས་ཏེ་འདུག
གནམ་སྲོ་ཞིནམ་ད་ཐག་
རིང་ས་ལས་མཇལཝ་ད་ཕྲལ་ཕྲལ་སྐབས་འཕྲུལ་མེའི་མེ་བཟུམ་གྱི་འོ ད་མཐོ ང་ནི་ འདུག པས།།
ཨིན་རུང་རི་འདི་གུ་འཛེགས་ཏེ་ལྟ་བ་ཅིན་ག་ནི་ཡང་མཇལ་མ་ཚུགསཔ་ཨིན་
སྟོན་པའི་ཉན་ཐོས་འཕགས་པ་འོད་སྲུང་དང་།།
སློབ་དཔོན་ཐོགས་མེད་ལ་སོགས་བཞུགས་པའི་ཞིང།། རི་བོ་བྱ་རྐང་ཅན་གྱི་ལོ་རྒྱུས་འདིས།།
འདིར་ཕེབས་ཡོངས་ཀྱི་ལམ་སྟོན་བྱེད་པར་ཤོག།
༼ཨོ་ཏནྟ་ར་པུ་རི༽ ཕུ་ལ་ཧ་རི། ནཱ་ལཱནྡཱ་ཡི་བྱང་སྒོ་སྲུང་བའི་ལྷ།།
པཎ་ཆེན་ནཱ་རོ་ཏ་པས་བསྐྱངས་པའི་ཞིང་།། ཕུ་ལ་ཧ་རི་ཞེས་པའི་དགའ་ཚལ་དུ།།
དད་མོས་ཞབས་ཟུང་རེ་ཁཱ་འཇོག་པར་བསྐུལ།།
161
གནས་བཤད་འདོད་འཇོའི་བུམ་བཟང་།
ནཱ་ལཱནྡཱ་ལས་ཀི་ལོ་མི་ཊར་༡༥འི་ས་ཁར་བི་ཧཱར་ཤཱ་རིཕ་ཟེར་མི་ཁྲོམ་ཅིག་ཡོད།
འདི་
གི་ཟུར་ཁ་བཱ་རི་པཱ་ཧར་ཟེར་མི་རི་ཅིག་ཡོདཔ་ཨིན། རི་འདི་གི་གུ་ལུ་ས་སྤག་ཅུང་གིས་
བཞེངས་མི་གཙུག་ལག་ཁང་གྲུ་བཞི་གཅིག་དང་། མཐའ་བསྐོར་ལུ་དགོན་སྡེའི་ཤུལ་ ཚུ་མཇལ་ནི་ཡོད།
གནས་འདི་ཨིན་པས།།
གནས་འདི་པཎ་ཆེན་ནཱ་རོ་པ་བཞུགས་པའི་ཕུ་ལ་ཧ་རི་ཟེར་མི་
བླ་མ་མར་པ་མཆོག་རྒྱ་གར་པཎ་ཆེན་ན་རོ་པ་ལ་སོགས་པའི་མཁས་པ་དང་གྲུབ་པའི་ སློབ་དཔོན་ཚུ་དང་མཇལ།
གསང་སྔགས་གསར་མའི་རྒྱུད་སྡེ་དེ་ཚུ་གངས་ཅན་བོད་
སྐད་ལུ་བསྒྱུར་བའི་མཐའ་མར། ལུ།
བོད་ལུ་འགྲོ་དོན་སྐྱོང་སྟེ་བཞུགས་པའི་སྐབས་ཅིག་
མཁའ་འགྲོ་མ་ཚུ་གིས་རྗེ་བཙུན་མི་ལ་ལུ་མཁའ་འགྲོ་བསྲེས་འཕོའི་གདམས་
ངག་དེ་ཚུ་བླ་མ་ལས་ཞུ་དགོས་པའི་ལུང་བསྟན་གནང་མི་དང་འཁྲིལ།
རྗེ་བཙུན་མི་
ལ་བླ་མའི་སྐུ་མདུན་བཅར་ཏེ་བསྲེས་འཕོའི་གདམས་ངག་སྐོར་ལས་ཞུཝ་ད། མར་པའི་ཐུགས་ལུ།
བླ་མ་
གདམས་ངག་འདི་གི་སྐོར་ལས་ལོ་རྒྱུས་ཅིག་གོ་ཡོདཔ་ཨིན་
རུང་། ཞུ་ཡི་དཔྱད་རིག་ཅིག་མིན་འདུག ད་ཤི་བའི་སྲོག་ལུ་ཐུག་རུང་གདམས་ངག་ འདི་མ་ཞུ་བར་ཐབས་མེད་མནོ་བའི་ཐུགས་བཞེས་གནང་སྟེ། ལོ་ན་རྒས་རུང་རྒྱ་གར་ ལུ་ལོག་སྟེ་བྱོན་ནིའི་ཐུགས་ཐག་དཔྱད།
སློབ་མ་ཚུ་གིས་གསེར་གྱི་འབུལ་བ་དཀར་
ཡོལ་གང་ཕུལ་ཡོད་མི་འདི་བསྣམས་ཏེ། རྒྱ་གར་ནང་ལུ་པཎ་ཆེན་ནཱ་རོ་པ་མཆོག་དང་ མཇལ་བར་བྱོནམ་ད་པཎ་ཆེན་མ་བཞུགས་པའི་དུས་སྐབས་དང་ཁ་ཐུག་རྐྱབ་ནུག སྐུ་ ན་བགྲེས་སོང་རུང་སྲོག་ལུ་མ་གཟིགས་པར་ཁ་ཞེ་གཉིས་མེད་དད་གདུང་དྲག་པོའི་ སྒོ་ལས་གསོལ་བ་དང་སྨོན་ལམ་བཏབ་སྟེ་ཡུན་རིམ་འབད་འཚོལ་བའི་མཐའ་མར།
162
གནས་བཤད་འདོད་འཇོའི་བུམ་བཟང་།
ནགས་ཚལ་ཅིག་ནང་ལུ་མཇལ་ཏེ་ཕུ་ལ་ཧ་རི་ལུ་གདན་འདྲེན་ཞུ་ནུག དེ་ལས་དགོན་ པ་འདི་ཁར་མཁའ་འགྲོ་བསྲེས་འཕོ འི་གདམས་ངག་ཞུ་ནི་སྦེ་གསོ ལ ཝ་བཏབ་ད། པཎ་ཆེན་ནཱ་རོ་པའི་ཞལ་ལས་འདི་ཁྱོད་རང་གིས་དྲན་དྲནམ་སྨོ།
ཡང་ན་ལུང་བསྟན་
འབྱུང་བྱུངམ་སྨོ་ཟེར་གསུངམད། མར་པ་གིས་ང་རང་གིས་ཡང་མ་དྲན། ལུང་བསྟན་ ཡང་མ་འབྱུང་། ང་ལུ་ཐོས་པ་དགའ་ཟེར་མི་སློབ་མ་ཅིག་ཡོད། ཁོ་ལུ་མཁའ་འགྲོའི་ ལུང་བསྟན་འབྱུངམ་ལས་བརྟེན་ཞུ་བ་འོངས་འོངམ་ཨིན་ཟེར་ཞུཝ་ད་ལུ།
པཎ་ཆེན་
ནཱ་རོ་པའི་ཞལ་ལས། ཡ་མཚན་ཆེ་ཏོག་ཏོ་ཨིན་མས། བོད་མུན་པའི་གླིང་འདི་ནང་ལུ་ ཡང་།
ཁྱད་དུ་འཕགས་པའིསྐྱེས་བུ་གངས་ལས་ཉི་མ་ཤར་ཤརཝ་བཟུམ་ཡང་འདུག་
ཟེར་ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ།
བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི།། ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།
ཟེར་གསུངས་ཞིནམ་ད་སྤྱན་བཙུམས་ཏེ་དབུ་གུག་གུག་ཚར་༣མཛདཔ་ད་ལུ། རི་དང་ རྩི་ཤིང་ཚུ་གིས་ཡང་བོད་ཀྱི་ཕྱོགས་ལུ་མགོ་སྒུར་ཏེ་དུས་ད་ལྟའི་བར་ན་ཡང་ཕུ་ལ་ཧ་
རིའི་རི་དང་ཤི ང་ཚུ་གི་རྩེམོ་འདི་བོད་ཀྱི་ཕྱོགས་ལུ་བཀུག་སྟེ་འདུག་ཟེར་རྗེ་བཙུན་མི་ ལའི་རྣམ་ཐར་ནང་ལུ་གསུངས་ནུག།
འདི་མ་ཚད་རྒྱལ་བ་སྐུ་འཕྲེང་༦པ་ཚངས་དབྱངས་རྒྱ་མཚོ་བྱོན་པའི་སྐབས་ལུ་གནས་ འདི་ནང་པཎྜི་ཏ་༥༠༠ཙམ་བཞུགས་ཏེ་ཡོད་པའི་ལོ་རྒྱུས་དང་། གིས་ཡང་གསེར་ཕུལ་ཏེ་མང་ཇ་དྲངས།
རྒྱལ་དབང་མཆོག་
ཟླཝ་༦གི་རིང་ལུ་བདེ་མཆོག་དྲིལ་བུ་ལྷ་ལྔ་
སྙིང་རུས་དྲག་པོའི་སྒོ་ལས་སྒྲུབ་གནང་པའི་སྐབས་ལུ།
ཐུགས་ལུ་ཉམས་རྟོགས་ཀྱི་
ཡོན་ཏན་ཁྱད་པར་ཅན་འཁྲུངས་མི་དེ་ལས་བརྟེན་ཏེ། རྒྱ་གར་འཕགས་པའི་ཡུལ་འདི་ སངས་རྒྱས་ཚུ་གིས་བྱིན་གྱིས་རླབས་པའི་གནས་ཨིན་ཟེར་མི་འདི་ལུ་ཁྱད་དུ་འཕགས་
163
གནས་བཤད་འདོད་འཇོའི་བུམ་བཟང་།
པའི་རྒྱུ་མཚན་ཅིག་གཏན་གཏན་འདུག
བོད་ལུ་སྒྲུབ་པ་ལོ་གཅིག་རྐྱབ་ལས་ས་
གནས་འདི་ན་ཞག་གཅིག་འབད་མི་དྲག་སྦེ་ཟེར་གསུངས་གནང་ནུག།
གནས་འདི་མུསི་ལིམ་གྱིས་དབང་བསྒྱུར་འབད་བའི་ཤུལ་མ་མི་རོ་བཙུགས་སའི་ས་ ཁོངས་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན་པས།
ད་རེས་ནངས་པ་མི་རོ་བཙུགས་ནི་འདི་
བཀག་ཆ་འབད་དེ་ཡོད་རུང་གནས་འདི་མུསི་ལིམ་གྱི་དབང་སྟེ་རང་ཡོད།གནས་འདི་ གི་མཐའ་འཁོར་ལུ་དགོན་སྡེའི་རྙིང་ཤུལ་ཚུ་མཇལ་ནི་ཡོད་རུང་།
རི་འདི་ཁར་ད་རེས་
ནངས་པ་ཤིང་གི་རིགས་ཚུ་མེདཔ་ལས་རྗེ་བཙུན་མི་ལའི་རྣམ་ཐར་ནང་ལུ་གསུངས་ཏེ་ ཡོད་དོ་བཟུམ་སྦེ་མཇལ་ནི་མེད།
ཨིན་རུང་གནས་འདི་ནང་གི་རྡོ་དང་བྱག་ཚུ་བོད་ཀྱི་
ཕྱོགས་ལུ་བཀུག་སྟེ་ཡོདཔ་ཨིན་པས།།
ཚིག་ཉུང་དོན་ཚང་གནས་བཤད་འདི་ཡི་མཐུས།།
གནས་མཇལ་ཡོངས་ཀྱི་ཐུགས་འདོད་ཡིད་བཞིན་ནོར།། ཚེགས་མེད་ཐོབ་པའི་བཀྲ་ཤིས་ཉིན་བྱེད་འོད།།
བསྐལ་བརྒྱའི་བར་ཡང་ཉམས་འགྲིབ་མེད་པར་ཤོག།
164
གནས་བཤད་འདོད་འཇོའི་བུམ་བཟང་།
འཇིགས་སུ་རུང་བའི་དུར་ཁྲོད། Kulasheri གྲུབ་པའི་དཔའ་བོ་དཔའ་མོ་རྣམས།།ཚོགས་ཀྱི་འཁོར་ལོར་རོལ་པའི་ཞིང་།།
འཇིགས་སུ་རུང་བའི་དུར་ཁྲོད་དུ།།གཅིག་པུར་གནས་བསྐོར་མ་ཕེབས་ཅིག། གནས་བཤད་མདོར་བསྡུས།
གནས་འདི་ནང་ལུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚུ་ཕེབས་ཏེ་སྒྲུབ་པ་ ཉམས་ལེན་གནང་ས་དང་།
འདི་ནང་ལུ་དཔལ་ཡེ་ཤེས་མགོན་པོའི་བླ་མཚོ་དང་དུར་
ཁྲོད་། སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་མཇལ་ནི་ཡོད།། གནས་བཤད་རྒྱས་པ།
དུར་ཁྲོད་ཆེ་བ་བརྒྱད་ཀྱི་ནང་ལས་གཅིག་ཨིན་མི་འཇིགས་སུ་རུང་བའི་དུར་ཁྲོད་འདི་ ཇར་ཁནྡྲ་མངའ་སྡེའི་ས་ཁོངས་ནང་ཡོདཔ་ཨིན། མཚན་ལུ་ཀུ་ལཱ་ཤྲི་ཟེར་སླབ་སྲོལ་ཡོད།
ད་རེས་ནངས་པ་གནས་འདི་གི་
གནས་འདི་ཁར་ལྷོད་པ་ལུ་སྣུམ་འཁོར་
བཞག་ས་ལས་དུས་ཡུན་ཚོུད་༡དེ་ཅིག་གྱེན་འཛེགས་ཏེ་འབྱོན་དགོཔ་ཨིན།
གྱེན་
རྫོགསཔ་ཅིག གཡས་ཁ་ཐུག་ཧིན་དུའི་ལྷ་ཁང་ཆུང་ཀུ་ཅིག་དང་། ཕར་ཇའི་ཚོང་ཁང་ དང་།
འདི་ལས་ཕར་བྱོནམ་ད་མཚོ་ཅིག་ཡོད།
མཚོ་གི་གཡས་སྐོར་འབད་གོམ་པ་
༣༠ལྷགཔ་ཅིག་ཁར་ལམ་གྱི་གཡོན་ཁ་ཐུག་ལས་གྱེན་འཛེགས་ཏེ་བྱོནམ་ད་གཡས་ཁ་ ཐུག་གི་སྤོག་ཏོ་གུ་ཧིན་དུའི་ལྷ་ཁང་བཟོ་རྣམ་མཆོད་རྟེན་བཟུམ་ཅིག་ཡོད། འདི་གི་སྦོ་
ལོག་ཁར་འཇིགས་སུ་རུང་བའི་དུར་ཁྲོད་དང་ཧིན་དུའི་ལྷ་ཁང་གི་བར་ན་རྡོའི་གཞོངམ་
165
གནས་བཤད་འདོད་འཇོའི་བུམ་བཟང་།
སྦོམ་ཅིག་ནང་མཚོ་ཆགས་ཆགསཔ་བཟུམ་གྱི་ཆུ་ཡོད།
འདི་ཡེ་ཤེས་མགོན་པོའི་བླ་
མཚོ་ཨིན་ཟེར་སླབ་མི་དང་། བཤད་ཚུལ་གཅིག་ལས་འབད་བ་ཅིན་འོག་གི་མཚོ་སྦོམ་ འདི་ཡེ་ཤེས་མགོན་པོའི་བླ་མཚོ་ཨིན་ཟེར་གསུངས་མི་གཉིས་ཡོདཔ་ཨིན།
ག་དེ་སྦེ་
ཨིན་རུང་ཧེ་མ་གྱི་དུས་ལུ་གྲུབ་ཐོབ་དང་མཁས་པ་མང་རབས་ཅིག་ཕེབས་ཏེ་སྒྲུབ་པ་
གནང་སྟེ་བྱིན་གྱིས་རླབས་ཡོདཔ་ཐེ་ཚོམ་མེདཔ་ལས་གཉིས་ཆ་རང་དད་པའི་སྒོ་ལས་ མཇལ་བ་ཅིན་བྱིན་རླབས་དང་དངོས་གྲུབ་འདི་ཐོབ་ཏེ་རང་སྡོད་འོང་ཟེར་ཞུ་ནི་ཨིན།།
དུར་ཁྲོད་ཀྱི་གདོང་ཁའི་རི་འདི་གུ་སྟོན་པའི་ཞབས་རྗེ་དང་སྐུ་འདྲ་ཡོད་ཟེར་གནས་
འདི་ནང་སྡོད་མི་མི་ཚུ་གིས་སླབ་ནི་ཡོད། འདི་ཁར་སྟོན་པའི་སྐུ་འདྲ་ཡོད་ཟེར་མི་འདི་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་མེན་པར། མཧཱ་བིར་གྱི་སྐུ་འདྲ་ཨིན།
ཕྱི་རོལ་མུ་སྟེགསཔགཅེར་བུ་བའི་སྟོན་པ་
སྟོན་པའི་ཞབས་རྗེས་ཡང་གནས་མཆོག་རྡོ་རྗེ་གདན་ལུ་
ཡོདཔ་སྦེ་བཤདཔ་མ་གཏོགས།
གནས་གཞན་ཁར་ཡོད་པའི་ལོ་རྒྱུས་གོ་མ་མྱོང་།
འདི་འབདཝ་ལས་བརྟེན་རྒྱ་གར་གྱིས་ཁ་ལས་སླབཔ་ཚད་ཅིགཔ་ཆ་བཞག་སྟེ་འབད་
ནི་མེན་པར་རང་ཡང་མནོ ་ཤེས་བསམ་ཤེསཔ་ཀྱི་མི་ཅིག་ཨིནམ་ལས་ག་ཅི་འབད་རུང་ བརྟག་ཤིང་དཔྱད་དེ་འབད་དགོ་པའི་འགན་ཁུག་འདི་རང་རང་སོ་སོ་ལུ་ཕོགཔ་ཨིན་ ཟེར་ཞུ་ནི་ཨིན།།
གནས་འདི་མཇལ་བར་བྱོན་པའི་སྐབས་ལུ་བསམ་པ་བཟང་བཟང་རང་འདྲཝ་སྦེ་ལམ་
སྟོན་པ་འབད་མི་དང་གནས་བཤད་རྐྱབ་སྟེ་ཆ་རོགས་འབད་མི་རྒྱ་གར་ལེ་ཤཱ་འོང་ནི་ ཡོད།
ཆ་བཞག་ཚུགས་པའི་གནས་བཤད་ཅིག་སླབ་ནི་ཡོད་ག་མནོ་བ་ཅིན་བརྒྱ་ཆ་
༩༠ལྷགཔ་ཅིག་ཁུངས་མེད་པའི་མནོ་ཚད་དྲན་ཚད་ཀྱི་གཏམ་རང་ཨིན། མི་འདི་རྒྱ་གར་སེམས་ལེགས་ནི་འདི་གིས་འབདཝ་རྩ་ལས་མེན་པར་
དེ་སྦེ་འབད་ ཐ་ལ་ཅིག་
ཨིན་རུང་ཁེ་སང་བཏོན་གེ་མནོ་བའི་མནོ་བསམ་གྱིས་འབད་ཆ་རོགས་འབད་རྫུ་བཏབ་
166
མི་ཙང་ཙ་ཨིན་ཟེར།
གནས་བཤད་འདོད་འཇོའི་བུམ་བཟང་།
ཨ་ཙི་ཅིག་འབད་རུང་མི་ཕན་ག་མནོ་བའི་མནོ་བསམ་བཏང་ཏེ་
དྲན་གསོ་བཟུམ་ཅིག་ཞུཝ་མ་གཏོགས། འདི་བཟུམ་རྩ་ལས་མཛད་མི་ཆོག་ཟེར་ཞུཝ་ མེན།
ག་དེམ་ཅིག་རི་འདི་གུ་ཁམ་སང་བྱོན་དགོ་མནོ་བ་ཅིན་གྱེན་གཟར་དྲགས་དང་
བྱོན་ལམ་བདེ་ཏོག་ཏོ་མེདཔ་ལས་བརྟེན་མི་རྒས་ཤོ་དང་ཨ་ལུ་ཚུ་འཁྱིད་ནི་འདི་ག་དེ་ དྲག་དྲག་འཛེམས་གནང་ཚུགས་པ་ཅིན་ལེགས་ཤོམ་འོངས་ནི་ཨིན་པས།།
དེ་ལས་དུར་ཁྲོད་ཀྱི་གཡས་ཁ་ཐུག་ལས་མར་བབས་ཞིནམ་ད་གཡས་བསྐོར་འབད་ཨ་
ཙི་ཅིག་ཁ་ཡར་འཛེགས་ཏེ་བྱོནམ་ད་སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་མཇལ་ནི་ཡོད། འདི་མ་གཏོགས་གཞན་ག་ནི་ཡང་མཇལ་ནི་མེད་ཟེར་ཞུ་ནི་ཨིན། འཇིགས་སུ་རུང་བའི་དུར་ཁྲོད་ཀྱི།།
གསལ་བཤད་དེད་དཔོན་བརྫངས་པ་ཡིས།། འདིར་ཕེབས་ཡོངས་ཀྱི་ཕེབས་ལམ་འདི།། འཁྲུལ་མེད་ཇི་བཞིན་སྟོན་པར་ཤོག།
167
གནས་བཤད་འདོད་འཇོའི་བུམ་བཟང་།
སན་ཅི། Sanchi ཨ་ཤོ་ཀ་ཡིས་མཛད་པ་ངོམ་མཛད་ཡུལ།།
སན་ཅི་གནས་ཀྱི་ལོ་རྒྱུས་སྙིང་བསྡུས་ཙམ།།
ཕྱོགས་འདིར་ཕེབས་འདོད་དད་ལྡན་ཡོངས་ཀྱི་སླད།། འདི་ན་བཀོད་ཡོད་དགྱེས་པའི་སྤྱན་གྱིས་གཟིགས།
གནས་འདི་མ་དྷེ་ཡ་པྲ་དེཤ་ཀྱི་རྒྱལ་ས་བྷོ་པལ་ལས་ཀི་ལོ་མི་ཊར་༧༠དང་། ལས་ཀི་ལོ་མི་ཊར་༡༠དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད།
བི་དི་ཤཱ་
སྟོན་པ་བཅོམ་ལྡན་འདས་
ཕེབས་པའི་ས་གནས་ཅིག་མེན་རུང་། ཆོས་རྒྱལ་ཨ་ཤོ་ཀ་གིས་བཙུནམོ་བི་དི་ཤ་དེ་བི་
འཁྲུངས་སའི་གནས་ཨིནམ་ལས། ཆོས་རྒྱལ་མཆོག་གིས་ས་ཁོངས་འདི་གདམས་ཁ་ གནང་སྟེ་མཆོད་རྟེན་ཅིག་བཞེངས་གནང་ནུག།
ཆོས་རྒྱལ་མཆོག་གི་སྲས་མ་ཧིནྡྲ་ཟེར་ཞུ་མི་འདི།
ཤྲི་ལངྐ་ལུ་ནང་པའི་ཆོས་སྤེལ་
ནིའི་དོན་ལུ་འགོ་དང་པ་བྱོན་པའི་སྐབས་གནས་འདི་ནང་ལས་འབྱོན་བྱོནམ་ཨིན་པས།
མཆོད་རྟེན་གྱི་བཟོ་རྣམ་འདི་ཟླུམ་པོ་དང་། མཐའ་འཁོར་ལུ་རྡོ་ཡི་དྲྭ་མིག་ཅན་གྱི་རཝ་
བསྐོར་ཏེ་ཡོད། མཆོད་རྟེན་གྱི་ནང་གཟུངས་འདི་ཡང་སྟོན་པའི་རིང་བསྲེལ་བཞུགས་ཏེ་ ཡོདཔ་ཨིན་པས།
ཕྱོགས་བཞི་ལུ་སྟོན་པའི་འཁྲུངས་རབས་ནང་ལས་ཐོན་མི་མཛད་
རྣམ་ཚུ་རྡོ་ཡི་གུ་པ་ཏྲ་བརྐོ་ཞིནམ་ལས་ཡོད་པའི་ཁར་ཡ་མཚན་ཆེ་ཏོག་ཏོ་དང་ཧ་ལས་ སི་སི་གི་འཛུལ་སྒོ་༤ཡང་ཡོདཔ་ཨིན།
འཛམ་གླིང་ནང་ལུ་སྟོན་པའི་འཁྲུངས་རབས་
རྡོ་གུ་པ་ཏྲ་བརྐོ་སྟེ་ཡོད་མི་མཆོད་རྟེན་འདི་ལས་ལྷགཔ་མེད་པའི་སྐད་གྲགས་ཡོད། ཧེ་
168
གནས་བཤད་འདོད་འཇོའི་བུམ་བཟང་།
མ་མཆོད་རྟེན་འདི་ནང་ལས་སྟོན་པའི་རིང་བསྲེལ་གྱི་སྒྲོམ་གཅིག་དང་། སྟོན་པའི་རྣམ་ ཐར། གཞན་འཁྲུངས་རབས་ཚུ་བྲིས་ཏེ་ཡོད་མི་ཤོག་སྒམ་༤༠༠ཐོབ་ནུག། ཕུན་ཚོགས་བཀོད་པས་བརྒྱན་པའི་ཡིད་འོང་ལྗོངས།། སན་ཅི་གནས་ཀྱི་ལོ་རྒྱུས་འཐོར་བུ་འདི།།
མ་འོངས་ད་ལྟར་གནས་མཇལ་ཇི་ཕེབས་ལ།།
ཕན་པའི་རམ་འདེགས་གྲུབ་པར་སྨོན་ནས་བྲིས།།
ཨ་ཇནྟའི་བྲག་ཕུག Ajanta cave སྲ་བརྟན་བྲག་རི་ཧྲིལ་པོ་གཅིག་གི་ནང་།།
ལྷ་ཡི་བཟོ་བོའི་བཟོ་བཀོད་སྐྱེངས་བྱེད་པའི།། བརྗིད་ཆགས་སྒྲུབ་ཕུག་ཉི་ཤུ་དགུ་ཙམ་གྱི།།
ངོ་མཚར་བཀོད་པ་གཟིགས་ཕྱིར་ཕེབས་པར་མཛོད།། གནས་འདི་མཧཱ་རཥ་ཊྲ་གི་མངའ་སྡེ་ནང་གི་ཁྲོམ་ཨཽ་རང་གཱ་བྷད་ལས་ཀི་ལོ་མི་ཊར་
༡༠༦དང་། ཇལ་གཱ་འོང་ལས་ཀི་ལོ་མི་ཊར་༦༠འི་ས་ཁར་ཡོདཔ་ཨིན། བྱག་ཕུག་ནང་ ལུ་གཙུག་ལག་ཁང་ཚུ་བཟོ་བསྐྲུན་འབད་བའི་སྲོལ་འདི་དང་པ་རང་ནང་ཆོས་སྒྲུབ་མི་ ཚུ་གིས་འགོ་བཙུགས་ཡོད་པའི་བཤད་ཚུལ་ཡོད།
རྒྱ་གར་ནང་ལུ་བྱག་ནང་ལུ་བཟོ་
བསྐྲུན་འབད་མི་གཙུག་ལག་ཁང་༡༢༠༠ཡོད་མི་གྲངས་སུ་ལས་༩༠༠དེ་ཅིག་མཧཱ་རཥ་
169
གནས་བཤད་འདོད་འཇོའི་བུམ་བཟང་།
ཊྲའི་མངའ་སྡེ་ནང་ཡོདཔ་ཨིན།
བྱག་ཕུག་འདི་ཚུ་གི་ནང་ན་ལུ་ཡང་ཕྱི་ཁར་ཡོད་པའི་
གཙུག་ལག་ཁང་བཟུམ་སྦེ་རང་ལྷ་ཁང་དང་བཞུགས་ཁང་གཉིས་ཆ་རང་བཞེངས་ཏེ་ ཡོདཔ་ཨིན།།
རྒྱ་གར་ནང་ལུ་བྱག་ནང་ཡོད་མི་སྒྲུབ་ཕུག་ཚུ་གི་གྲངས་སུ་ལས་ཡོངས་གྲགས་ཅན་ འདི་ཨ་ཇན་ཏའི་སྒྲུབ་ཕུག་འདི་ཨིན་པས།
ཡོངས་གྲགས་ཡོད་དགོ་མི་འདི་ཡང་བྱག་
ཕུག་འདི་ནང་ལུ་བཟོ་བཀོད་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་དང་ཧ་ལས་སི་སི་ཡོད་ནི་འདི་ གིས་དང་།
འདི་མ་ཚད་བྱག་ཕུག་འདི་ནང་དེབ་ནཱ་གར་གྱི་ཡིག་གཟུགས་ནང་བྲིས་ཏེ་
ཡོད་པའི་ལོ་རྒྱུ་འདི་ཚུ་མངམོ་སྦེ་ཡོདཔ་ལས་བརྟེན་ཏེ་ཡང་ཨིན་པས། སྒྲུབ་ཕུག་འདི་ ཚུ་ཡང་བྱག་ནང་ཕར་གྱལ་རིམ་སྒྲིག་ཏེ་བརྐོ་ཡོདཔ་ཨིན། པའི་མཛད་རྣམ་གྱི་ལྡེབ་རི་ཚུ་ཡང་མཇལ་ནི་ཡོད།
ལས་༦པའི་བར་ན་བཟོ་བསྐྲུན་འབད་དེ་ཡོདཔ་མས།།
སྒྲུབ་ཕུག་གི་ནང་ན་སྟོན་
སྒྲུབ་ཁང་འདི་ཚུ་དུས་རབས་༢པ་
སྤྱི་ལོ ་ ༦༤༢ལུ་ཅཱ་ལུག་ཡཱན་གྱི་རྒྱལཔོ ་ ན་ར་སིཧཾ་ཝརྨན་གྱི་ལཱ་འབད་མི་ལག་རྩལ་ ཅན་ཚུ་ཁོ་རའི་རྒྱལ་ཁབ་ནང་ལུ་ཧིན་དུའི་ལྷ་ཁང་བཞེངས་ནིའི་དོན་ལས་འཁྱིད་ཡར་
སོངམ་ལས། གནས་འདི་ནང་སྒྲུབ་ཁང་ལ་ལུ་ཅིག་འཕྲོ་མཐུད་དེ་བཟོ་བསྐྲུན་འབད་མ་ ཚུགས་པར་ལུས་ནུག འདི་ནང་ལུ་གཙུག་ལག་ཁང་དགེ་འདུན་པའི་བཞུགས་གནས་ ཡོངས་བསྡོམས་༢༩དེ་ཅིག་ཡོདཔ་དང་། རའི་བཞུགས་གནས་ཨིན་པས།།
དེ་ཡང་ཐེག་ཆེན་དང་ཐེག་དམན་གཉིས་ཆ་
བྱག་ཕུག་འདི་ཚུ་ལོ་ངོ་སྟོང་ཕྲག་ལྷགཔ་ཅིག་གི་རིང་ཡོད་མེད་མ་ཤེས་པར་ལུས་ནུག་ དེ་ལས་སྤྱི་ལོ་༡༨༡༩ལུ་ཕྱི་གླིང་པའི་དམག་དཔོན་ཇོན་ཨིས་མིཐ་ས་གནས་འདི་ནང་ལུ་ ཤ་བདའ་བར་བྱོན་པའི་སྐབས་གཅན་གཟན་ཅིག་གུ་ཀྲོབ་མདའ་ཕོགས་ཏེ་འབྱོག་ཡར་ སོངམ་ལས།
རྟིང་བདའ་བལྟ་བར་འོངམ་ད་བྱག་ཕུག་གཅིག་ནང་འཛུལ་ས་མཐོང་
170
ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
དམག་དཔོན་དང་དམག་མི་ཚུ་བྱག་ཕུག་གི་རྩ་བར་ག་དེམ་ཅིག་བསྒུག་རུང་
གཅན་གཟན་ཕྱི་ཁར་འཐོན་ནི་མེདཔ་ལས་ནང་ན་ཤི་སོངམ་འོང་མནོ་སྟེ་བྱག་ཕུག་གི་ ཧོག་ཀ་ནང་ལས་ཡར་ལྟཝ་ད་ནང་ན་བྱག་ཕུག་མེན་པར་ལྷ་ཁང་བཟུམ་ཡོདཔ་ལས་ ཧ་ལས་ཏེ་ཚ་ངེར་སྟོན་ཏེ་གཞུང་ལུ་སྙན་ཞུ་འབད་དེ་བྱག་ཕུག་འདི་ཧེ་མ་ག་ཨིནམ་སྦེ་ བཏོན་ནུག།
ཨེ་ལོ་ར་བྲག་ཕུག Ellora cave ཟབ་ཡངས་སྲ་བརྟན་བྲག་ཕུག་ནང་ཤེ ད་ན།།
ཆོས་ལུགས་གསུམ་གྱི་ལྷ་ཁང་མཆོད་རྟེན་སོགས།།
ཕུལ་བྱུང་བཟོ་བཀོད་འབུམ་གྱིས་བརྒྱན་པ་རྣམས།། གཟིགས་པར་འདོད་ཚེ་ཕྱོགས་འདིར་ཁ་ལོ་སྒྱུར།།
ཨེ་ལོ་རའི་བྱག་ཕུག་འདི་ཡང་
ཀི་ལོ་མི་ཊར་༣༠འི་ས་ཁར་ཡོད།།
མཧཱ་རཥ་ཊྲ་འི་མངའ་སྡེའི་ཁྲོམ་ཨཽ་རང་གཱ་བྷད་ལས་
གནས་འདི་ནང་ལུ་བྱག་ཕུག་ཡོངས་བསྡོམས་༣༤ཡོདཔ་ཨིན། འདི་ཚུ་ཡང་ག་ར་ནང་ པ་དང་། ཧིན་དུ། གཅེར་བུ་བའི་ཆོས་ལུགས་༣གྱི་ལྷ་ཁང་དང་མཆོད་རྟེན་སྒྲུབ་ཁང་ ཨིན་པས། བྱག་ཕུག་ཨང་༡ལས་༡༢ཚུན་ནང་པ་ཚུ་གི་ཨིནམ་དང་། ༡༣ལས་༢༩ཚུན་
ཧིན་དུ་གི། ༣༠ལས་༣༤ཚུན་གཅེར་བུ་བའི་ཆོས་ལུགས་ཀྱི་ཨིན་མས། འདི་ཚུ་གི་ནང་ ལས་ནང་པའི་བྱག་ཕུག་འདི་ཚུ་དུས་རབས་༦པ་ལས་༨པའི་བར་ན་བཟོ་བསྐྲུན་འབད་
171
ནུག
གནས་བཤད་འདོད་འཇོའི་བུམ་བཟང་།
ཧིན་དུའི་བྱག་ཕུག་ཚུ་དུས་རབས་༦པ་ལས་༩པའི་བར་ན་དང་།གཅེར་བུ་བའི་
འདི་ཚུ་དུས་རབས་༨པ་ལས་༡༠པའི་བར་ན་བཟོ་བཟོཝ་ཨིན་པས།། བྱག་ཕུག་འདི་ཚུ་གི་ནང་ལུ་ཨ་ཇནྟ་ལུ་བཟུམ་སྦེ་ལྡེབ་རི་མེད་རུང་།
སྟོན་པ་བཅོམ་
ལྡན་འདས་དང་། རྗེ་བཙུན་བྱམས་པ་མགོན་པོ། སྤྱན་རས་གཟིགས། འཇམ་པའི་ དབྱངས་ཀྱི་སྐུ་འདྲ་ཚུ་མཇལ་ནི་ཡོད།
བྱག་ཕུག་༣༤གི་ནང་ལས་ཡོངས་གྲགས་དང་
སྐད་གྲགས་ཆེ་ཤོས་འདི་ཧིན་དུའི་སྒྲུབ་ཕུག་ཨང་༡༦པ་ཀཻ་ལཱཤ་ལྷ་ཁང་འདི་ཨིན་པས།།
ཀཻ་ལཱཤ་ལྷ་ཁང་འདི་ཧིནྡུའི་ལྷ་ཁང་ཨིནམ་སྦེ་བཤདཔ་ཨིན་རུང་། ཞིབ་འཚོལ་པ་ཚུ་གི་ བཤད་དོ་བཟུམ་འབད་བ་ཅིན།
འདི་ཡང་ཧེ་མར་ནང་པའི་ལྷ་ཁང་ཨིན་ཟེར་བཤདཔ་
ཚུ་གི་ཕྱི་ཁའི་བཟོ་བཀོད་དང་།
ནང་ན་གི་སྐུ་རྟེན་ག་ར་བྱག་ཧྲིལ་པོའི་རྡོ་གཅིག་ལས་
ཨིན་མས། དེ་སྦེ་ཨིན་དགོ་མི་རྒྱུ་མཚན་འདི་ཡང་། ཨ་ཇནྟ་དང་ཨེ་ལོ་རའི་བྱག་ཕུག་ བཟོ་བཟོཝ་ཨིན་རུང་།
ཀཻ་ལཱཤ་ལྷ་ཁང་ནང་གི་སྐུ་རྟེན་དེ་ཚུ་བྱག་ཕུག་ཁོ་རང་གི་རྡོ་དེ་
མེན་པར་གཞན་ཁ་ལས་འབག་འོང་པའི་རྡོ་ཨིནམ་དང་། ལྷ་ཁང་ཕྱི་ཁ་གི་བཟོ་བཀོད་ དེ་ཚུ་ཡང་། ཧེ་མ་གི་རྙིངམ་མེན་པར་གསར་བཟོ་ཨིནམ་ལས་བརྟེན་ཏེ་ཨིན་མས།། ཡ་མཚན་ཅན་གྱི་སྒྲུབ་ཕུག་རྣམ་གཉིས་ཀྱི།། ལོ་རྒྱུས་ཆེ་ལོང་ཙམ་ཞིག་བཀོད་པ་འདིས།།
ཕྱོགས་འདིར་ཕེབས་པའི་སྐུ་མགྲོན་བརྒྱ་ཕྲག་ལ།། མ་བསྐུལ་ལམ་སྟོན་བགྱི་བར་སྙིང་ནས་སྨོན།།
172
གནས་བཤད་འདོད་འཇོའི་བུམ་བཟང་།
ལྷོ་ཕྱོགས་དཔལ་གྱི་རི། Nagarjunakonda སྟོན་པའི་བསྟན་པ་ཉི་ལྟར་གསལ་མཛད་ལྷ།།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞེས་བྱ་བས།།
མཐའ་བྲལ་དབུ་མའི་ཆོས་འཁོར་བསྐོར་བའི་གནས།། ལྷོ་ཕྱོགས་དཔལ་གྱི་རི་བོར་གུས་ཕྱག་འཚལ།། གནས་བཤད་མདོར་བསྡུས།
གནས་འདི་ནང་ལུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་དབུ་མའི་ཆོས་འཁོར་
བསྐོར་གནངམ་མ་ཚད་རྒྱལ་པོ་བདེ་སྤྱོད་བཟང་པོའི་སྲས་ཆུང་ཤོས་ལུ་དབུ་སྦྱིན་པ་ ཡང་གནང་ནུག།
གནས་བཤད་རྒྱས་པ།
གནས་འདི་རྒྱ་གར་གྱི་མངའ་སྡེ་ཨནྡྷ་རཱ་པྲ་དེཤ་ཀྱི་མངའ་ཁོངས་ལུ་ཡོད།
འདི་ཡང་
ས་གནས་བི་ཇེ་བཱ་ར་ལས་ཀི་ལོ་མི་ཊར་༡༧༠དང་། ཧའི་དྲ་བྷད་ལས་༡༦༠དེ་ཅིག་བྱོན་ དགོཔ་ཨིན་པས།།
གནས་འདི་ནང་ལུ་ཧེ་མ་རྒྱ་ནག་གི་དགེ་སློང་ཐང་སན་བླ་མ་བྱོན་པའི་སྐབས་ཀྱི་ལམ་ ཡིག་ནང་ཐོ་བཀོད་གནང་སྟེ་ཡོད་མི་ནང་འབད་བ་ཅིན།
གྲོང་ཁྱེར་འདི་ནང་གཙུག་
ལག་ཁང་བརྒྱ་ལྷག་ཙམ་དང་ཐེག་ཆེན་གྱི་དགེ་འདུན་ཁྲི་གཉིས་ལྷག་ཙམ་བཞུགས་ ཏེ་ཡོདཔ་མས།
གྲོང་ཁྱེར་འདི་གི་ལྷོ་ཁ་ཐུག་ཆོས་རྒྱལ་ཨ་ཤོ་ཀ་གིས་བཞེངས་མི་
173
གནས་བཤད་འདོད་འཇོའི་བུམ་བཟང་།
མཆོད་རྟེན་འདི་ཁར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་སྟོན་གནང་ཏེ་ཕྱི་རོལ་ མུ་སྟེགསཔ་ཚུ་བཏུལ་བའི་གནས་ཨིནམ་སྦེ་བཤད་ནུག
ཤུལ་མ་མགོན་པོ་ཀླུ་སྒྲུབ་
དགོན་སྡེ་འདི་ནང་བཞུགས་པའི་སྐབས་རྒྱལ་ཁབ་འདི་ནང་གི་རྒྱལཔོ་སཱཏ་བཱ་ཧན་
༼རྒྱལ་པོ་བདེ་སྤྱོད་བཟང་པོ༽ཟེར་ཞུ་མི་འདི་གིས་སློབ་དཔོན་ཀླུ་སྒྲུབ་མཆོག་ལུ་དད་ པ་དང་གུས་ཞབས་སྦོམ་ཡོདཔ་ལས་བརྟེན་ཞབས་ཏོག་ལེ་ཤ་ཞུ་ཡོདཔ་དང་།
སློབ་
དཔོན་ཨརྱ་དེ་བ་ཡང་སློབ་དཔོན་གྱི་ཞབས་སར་བཅར་ཏེ་དབུ་མའི་སྐོར་ལས་སློབ་
སྦྱོང་གནང་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཚུ་གི་གྲལ་ལས་འགྲན་ཟླ་དང་བྲལ་བའི་ སློབ་ཕྲུག་གཅིག་ལུ་འགྱུར་ནུག།
སློབ་དཔོན་ཀླུ་སྒྲུབ་མཆོག་སྐུ་ཚེ་ལུ་རང་དབང་ཐོབ་སྟེ་ཡོདཔ་ལས་བརྟེན་སྐུ་ཚེ་བརྒྱ་ དང་སྟོང་སྦེ་བཞུགས་པའི་ནུས་པ་ཡོད་དེ་འབད་རུང་།
རྒྱལཔོ་བདེ་སྤྱོད་བཟང་པོའི་
སྲས་ཆུང་ཤ ོས་ལུ་དབུ་སྦྱིན་པ་གནང་སྟེ་ཞིང་ལུ་ཕེབས་སོང་ནུག།
སློ བ ་དཔོ ན་ཀླུ་སྒྲུབ་དང་ཨརྱ་དེ་བ་མཇལ་བའི་སྐབས་ཀྱི་ལོ ་རྒྱུས་དང་དབུ་སྦྱིན་པ་ གནང་བའི་སྐོར་ལས་གཏམ་རྒྱུད་ཚུ་རྒྱས་ཤིང་རྒྱསཔ་སྦེ་ཡོད་རུང་།
འདི་ནང་ལུ་ཁ་
གསལ་འབད་ཞུ་མ་ཚུགས། མཁྱེན་འདོད་ཡོད་མི་ཚུ་གིས་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ ཐར་ནང་ལུ་གཟིགས་གནང་ཟེར་གསོལ་འདེབས་ཞུ་ནི་ཨིན།།
ལྷོ་ཕྱོགས་དཔལ་གྱི་རིའི་གནས་ཀྱི་འབྱུང་རིམ་གྱི་སྐོར།
སྔོན་གྱི་དུས་ལུ་གནས་འདི་མགོན་པོ་ཀླུ་སྒྲུབ་དང་འབྲེལ་བ་སྦོམ་འབད་ཡོདཔ་ལས་ དབུ་མའི་ལམ་གྱི་གྲུབ་མཐའི་གཙུག་ལག་སློབ་གྲྭ་སྦོམ ་ཤོས་ཅིག་སྦེ་སྡོད་སྡོདཔ་ཨིན་ པས།
གནས་འདི་ནང་གི་དགོན་སྡེ་ཚུ་སཱཏ་བཧ་ནཱའི་རྒྱལཔོ་གཽ་ཏ་མ་པུ་ཏྲ་ཇ་ནཱ་ས་ཏ་
ཀཱ་ར་གིས་སྤྱི་ལོ་༡༦༦ལས་༡༩༦ཚུན་གྱི་ནང་འཁོད་ནང་བཞེངས་ཏེ་ཕུལ་ནུག།
174
གནས་བཤད་འདོད་འཇོའི་བུམ་བཟང་།
འདི་གི་ཤུལ་ལས་དུས་རབས་༣པའི་ནང་། བརྒྱུད་འཛིན་མི་རྒྱལཔོ་དང་བཙུནམོ།
ཨིཀྵ་བ་ཀུའི་རྒྱལཔོ་ཝ་སཱིཥྛ་པུ་ཏྲའི་རྒྱལ་
དེ་ལས་སྲས་དང་སྲསམོ་ཚུ་གིས་དབུ་འཁྲིད་
མཛད་དེ་ཕྱག་ལཱ་མཛདཔ་ལས་བརྟེན་དགོན་སྡེ་འདི་སྐད་གྲགས་སྦོམ་འབད་འཐོན་ནི་ འགོ་བཙུགས་ནུག།
དེ་ལས་ཨིཀྵ་བ་ཀུའི་རྒྱལཔོ་གཉིས་པ་བཱིར་པུ་རུཥ་དཏྟ་གིས་ཡང་དགོན་སྡེ་འདི་ནང་ ཞབས་ཏོག་གང་དྲགས་ཞུ་ཡོདཔ་ཨིན་པས།
ཁོ་གི་སྲས་ཨི་ཧུ་བཱ་ལ་གིས་ལོ་གྲངས་
༢༥འི་རིང་ལུ་རྒྱལ་སྲིད་སྐྱོང་ཏེ་བཞུགས་པའི་སྐབས་ལུ་ཡང་སྔར་ལས་ལྷགཔ་འབད་ ཡར་རྒྱས་གོང་འཕེལ་དང་སྐད་གྲགས་སྦོམ་འཐོན་ཏེ་ལྷོ་ཕྱོགས་ཀྱི་ལྟེ་བ་ཅིག་འབད་ གནས་ནུག།
ཤུལ་ལས་དུས་རབས་༤པ་ནང་ལས་རྒྱལ་བརྒྱུད་ཉམས་དང་དུས་མཉམ་སྦེ་དགོན་སྡེ་ ཡང་ཉམས་ཡོདཔ་ཨིན་པས།
དེ་ལས་ལོ་གྲངས་བརྒྱ་ཕྲག་མང་རབ་གཅིག་གི་རིང་
ལུ་གནས་འདི་ག་གིས་ཡང་ངོ་མ་ཤེས་པར་ལུས་པའི་ཤུལ་མར།
སྤྱི་ལོ་༡༩༢༦ནང་
ལུ་གནའ་ཤུལ་བརྟག་ཞིབ་ཀྱི་ལྟ་རྟོག་པ་ཨེ་ཨར་སཱ་རཱ་སྭསྟི་གིས་ཐོབ་ཡོདཔ་ཨིན་ མས།
སྤྱི་ལོ་༡༩༢༧ལས་འགོ་བཙུགས་ཏེ་༡༩༣༡ཚུན་ཚོད་གནས་འདི་བཏོན་ནི་ཕྱག་
ལཱ་གནང་ཏེ་གཙུག་ལག་ཁང་དང་དགོན་སྡེ་༡༢༠ལྷག་ཙམ་བཏོན་ཚུགས་ནུག།
དེ་ལས་སྤྱི་ལོ་༡༩༥༠འི་ནང་ལུ་ནཱནྡི་ཀོནྡྲ་པྲོ་ཇེཀ་ཟེར་མི་ལས་འགུལ་གྱི་ཕྱག་ལཱ་འགོ་
བཙུགས་ཏེ་གཙང་ཆུ་བཀག་ཡོདཔ་ལས་ས་ཁོངས་འདི་ནང་གི་གནས་ཀྱི་ཤུལ་མང་ རབ་ཅིག་ཆུ་ནང་ཐིམ་ཡོདཔ་ཨིན་པས།།
ད་རེས་ནངས་པ་ས་གནས་འདི་ཁར་མཚོའི་སྦུག་ལུ་སྤོ་ཏོག་ཅིག་གི་གུ་ལུ་གནས་ཀྱི་ ཤུལ་དགཔ་ཅིག་དང་འགྲེམ་སྟོན་ཁང་གཅིག་མཇལ་ནི་ཡོད།
གནས་ཀྱི་ཤུལ་ནང་
ལས་ཐོབ་མི་སྐུ་རྟེན་མང་ཤོས་ཅིག་རང་འགྲེམ་སྟོན་ཁང་འདི་ནང་ལུ་མཇལ་ཁ་ཞུ་ནི་
175
ཡོདཔ་ཨིན་པས།།
གནས་བཤད་འདོད་འཇོའི་བུམ་བཟང་།
ལྷོ་ཕྱོགས་དཔལ་གྱི་རི་ཡི། །གནས་བཤད་མདོ་ཙམ་བཀོད་པས།།
ཕྱོགས་འདིར་ཕེབས་མཁན་ཡོངས་ཀྱི། །ཐུགས་འདོད་འགྲུབ་པར་སྨོན་ཡོད།། ནམ་ཞིག་སློབ་དཔོན་དམ་པས། །དབུ་མའི་ཆོས་འཁོར་བསྐོར་ཚེ།།
བདག་སོགས་ཕ་མ་ཀུན་ཀྱང་། །གནས་འདིར་འཛོམས་པར་ཤོག་ཅིག།
རི་བལ་སར། མཚོ་པདྨ། སྔགས་འཆང་སློབ་དཔོན་པདྨ་འབྱུང་གནས་ཀྱིས།། མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་སྟོན།། ཨིནྡྲ་བོ་དྷི་འཁོར་དང་བཅས་པ་རྣམས།།
ཐར་པར་འདྲེན་པའི་གནས་མཆོག་མཇལ་བར་འཚལ།། གནས་བཤད་བསྡུས་པ།
གནས་འདི་ནང་ལུ་རྒྱལཔོ ་ ཨིནྡྲ་བོ ་ དྷི་གིས་སློ བ ་དཔོ ན་པདྨ་འབྱུང་གནས་མཆོག་ གསོན་སྲེག་ཕུལ་བའི་སྐབས་ལུ་སློབ་དཔོན་རིན་པོ་ཆེ་མཆོག་གིས་རྫུ་འཕྲུལ་གྱིས་ འབད་མེ་འདི་མཚོ་ལུ་བསྒྱུར་གནང་ནུག།
གནས་བཤད་རྒྱས་པ།
གནས་འདི་གི་སྐོར་ལས་གསལ་ཏོག་ཏོ་སྦེ་ཞུ་མ་ཤེས་རུང་།
176
རང་གིས་གོ་མི་རྣ་རྒྱུན་
གནས་བཤད་འདོད་འཇོའི་བུམ་བཟང་།
གྱི་གཏམ་རྒྱུད་དང་འཁྲིལ་ཏེ་དུམ་གྲ་ཅིག་ཞུ་བ་ཅིན། སྔོན་གྱི་དུས་ལུ་མཎྜི་ས་ཁོངས་ འདི་ཟ་ཧོར་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཨིན་པས། འདི་སྒང་ཟ་ཧོར་རྒྱལཔོ་ལུ་སྲསམོ་ ཅིག་འཁྲུངས་ཏེ་མཚན་ཡང་མནྡ་ར་བ་ཟེར་གསོལ་གནང་ནུག
སྲསམོ་འདི་དགུང་
ལོ་ཆུང་སུ་ཅིག་སྦེ་བཞུགས་པའི་སྐབས་ལས་རང་མཛེས་ཤིང་ཡིད་དུ་འོང་བའི་གཏམ་
སྙན་གྲགས་རྒྱལ་ཁབ་གཞན་ཚུ་ནང་དར་ཁྱབ་སོང་ཏེ། ཟ་ཧོར་རྒྱལཔོ་ལུ་རྒྱལ་ཁབ་སོ་
སོའི་རྒྱལ་སྲས་ཚུ་གིས་བཙུནམོ་སྦེ་དགོ་པའི་ཞུ་བ་ཕུལ་མི་གྱངས་ཁ་མ་ཆོདཔ་ཅིག་ འཐོན་ནུག
ཨིན་རུང་སྲསམོ་འདི་གིས་ཆོས་སྒྲུབ་ནི་འབད་ཐུགས་ཐག་བཅད་ཡོདཔ་
ལས་ཞལ་གྱིས་བཞེས་མ་བཏུབ་པས། དེ་ལས་ཉིནམ་ཅིག་འབདཝ་ད་ཕོ་བྲང་ནང་གི་ གཡོགམོ་ཚུ་དང་གཅིག་ཁར་ཁམ་སང་བྱོནམ་ད་སྲསམོ་མོ་རང་གིས་ཞལ་འདི་སེན་མོ་
གྱིས་བཞར། དབུ་སྐྲ་ཚུ་ཡང་འབལ་བཀོག སྐད་རྐྱབ་སྟེ་དེ་སྦེ་གསུངས་ནུག དཀོན་
མཆོག་གསུམ་གྱིས་ང་ལུ་འདི་བཟུམ་གྱི་བྱད་ངོ་རིས་མཛེས་ཏོག་ཏོ་ག་ཅི་སྦེ་གནང་ གནངམ་སྨོ།
ཉིནམ་ད་རིས་ལས།
ངེད་ཀྱི་གཟུགས་ལུ་ཡོད་མི་རྒྱན་ཆ་ཡང་དཀོན་
མཆོག་གསུམ་རང་བཞེས་ད། ཟེར་རྒྱན་ཆ་ཚུ་ཕུད་དེ་དཀྲུམ་འབད་ནམ་མཁའ་གཏོར་ ཞིནམ་ལས་དམ་ཆོས་བསྒྲུབ་པར་བྱོནམ་ཨིན་ཟེར་ཕོ་བྲང་སྤངས་ཏེ་བྱོན་སོང་ནུག།
དེ་ལས་སྲསམོ་མནྡ་ར་བ་མཆོག་ས་གནས་རི་བལ་སར་གྱི་རི་ལུ་བྱོན་ཏེ་སྒྲུབ་པ་གནང་ ཏེ་བཞུགས་ཡོདཔ་ཨིན་པས།
འདི་གི་སྐབས་ལུ་ས་གནས་འདི་ནང་ལུ་གྲོང་གསེབ་
ཚུ་གི་མ་ཧེ་འཚོ་སྐྱོང་འབད་སྡོད་མི། མས།
མི་སྡུག་པའི་མཚན་མ་དགུ་ཡོད་མི་ཅིག་ཡོད་དོ་
ཁོ་གི་མ་ཧེ་ཚུ་ཉིནམ་ཨ་རྟག་རང་སྲསམོ་མནྡ་ར་བ་བཞུགས་སའི་སྒྲུབ་ཕུག་
གི་མཐའ་སྐོར་ལུ་འཚོ་དོ་ཡོདཔ་མས།
ཉིནམ་གཅིག་འབདཝ་ད་ཁོ་གིས་བྱག་ཕུག་
གི་ཧོག་ཀ་ནང་ལས་ཙང་ཙ་འབད་ཉན་ལྟཝ་ད་ནང་ན་ལས་ཕོ་སྐྱེས་ཀྱི་སྐད་ཅིག་གོ་ནུག ལོ་རྒྱུས་འདི་ཁོ་ཕྱི་རུ་མ་ཧེ་ཚུ་རང་རང་སོ་སོའི་སྦྱིན་བདག་ལུ་རྩིས་སྤྲོད་འབད་བ་འགྱོ་
177
གནས་བཤད་འདོད་འཇོའི་བུམ་བཟང་།
བའི་སྐབས་གཡུས་འདི་ནང་གི་ཨམ་སྲུ་ཚུ་བཤད་ཐོ་གཏང་སྡོད་ས་ལུ།
ཁོ་གིས་བྱག་
ཕུག་ནང་ལུ་རྒྱལ་པོའི་སྲསམོ་རྐྱངམ་ཅིག་མེན་པར་ཕོ་སྐྱེས་ཅིག་ཡང་འདུག་ཟེར་བའི་ ལོ་རྒྱུས་སླབ་མི་འདི་དར་ཁྱབ་ཡར་སོང་སྟེ་རྒྱལ་པོའི་སྙན་ལུ་གསན་ཆི་ནུག།
རྒྱལཔོ་
གིསའདི་མི་བདེནམ་འོང་ཨིན་རུང་ཐག་རིང་གི་གཏམ་ཕྱེད་བདེན་ཕྱེད་མི་བདེན།
ག་
དེ་འབད་རུང་མི་སེར་ཚུ་ལུ་གསལ་བསྒྲགས་གཏང་ཞིན་ལས་ནངས་པ་ན་ལུ་འཛོམ་ བཅུག་ཟེར་བཀའ་རྒྱ་གནང་ནུག
འདི་གི་ནངས་པ་མཎྜི་རྒྱལ་པོའི་ཕོ་བྲང་གདོང་ཁའི་
ཐང་ནང་ལུ་བང་མཛོད་ནང་ཡོད་པའི་ནོར་བུའི་བྱེ་བྲག་ཚུ་བཀྲམས་ཏེ། འཛོམས་ས་ལུ།
མི་སེར་དམང་
རྒྱལཔོ་གིས་སྲསམོ་མནྡ་ར་བའི་སྐོར་ལས་གནས་ཚུལ་ཅིག་གོ་ཡི།
མཐོང་མི་འདི་ག་ཨིན་རུང་ནཱ་འོང་གནང་།
གསོལ་རས་གནང་ནི་ཨིན་ཟེར་གསུངམ་
ད། དེ་ཚེ་ག་ཡང་མ་འོངས་པས།དེ་ལས་རྒྱལཔོ་གིས་ད་རིས་ག་ཡང་འཐོན་ནི་མི་འདུག མི་སེར་ལ་ལུ་ཅིག་མ་ལྷོདཔ་འོང་ནི་མས་ ད་རུང་ནངས་པ་འཛོམ་དགོཔ་སྦེ་གསུངས་ ནུག།
འདི་གི་ནངས་པ་མི་སེར་ཚུ་འཛོམས་ཚརཝ་ཅིག་རྒྱལཔོ་གིས་ངེད་ཀྱི་སྲསམོ་མནྡ་ར་
བ་ཅིག་ཁར་ཕོ་སྐྱེས་ཡོདཔ་ཤེས་མི་ག་ཨིན་རུང་ནཱ་འོངས་ཏེ་གསོལ་རས་ཚུ་འབག་ ཟེར་གསུངམ་ཅིག
མི་སེར་ཚུ་གིས་སྦུག་ནང་ལས་མི་སྡུག་པའི་མཚན་རྟགས་དགུ་
ཡོད་མི་འདི་ཡར་ལོངས་ཏེ་ང་གིས་མཐོང་ཅི་ཟེར་སྐད་རྐྱབ་ད། ཐུགས་དྲན་མེད་འགྱེལ་ཡོདཔ་མ་ཚད།
མནྡ་ར་བའི་ཡུམ་
རྒྱལཔོ་མཆོག་ཡང་ཐུགས་ཕམ།དགོངསམ་
ཁྲེལ་ཏེ་བློན་པོ་དང་དམག་མི་ཚུ་ཁྱིད་དེ་རི་བལ་སར་ལུ་བྱོན་ནུག།
རི་བལ་སར་ལུ་
ཕེབས་ཏེ་བློན་པོ་དང་དམག་མི་ཚུ་རིའི་གུ་ལུ་ཡོད་མི་སྒྲུབ་ཕུག་ནང་སོང་ཏེ་སྲསམོ་ དང་གཅིག་ཁར་ཡོད་མི་འདི་ཡང་ལྕགས་ཐག་གིས་ལགཔ་བསྡམ་ཏེ་འཐེན་འབག་
ཤོག་ཟེར་བཀའ་གནང་ནུག དེ་ལས་བློན་པོ་དང་དམག་མི་སྒྲུབ་ཕུག་ནང་སོང་ཞིནམ་
178
གནས་བཤད་འདོད་འཇོའི་བུམ་བཟང་།
ལས་སྲསམོ་དང་གུ་རུ་རིན་པོ་ཆེའི་ཕྱག་ལྕགས་ཐག་གིས་བསྡམས་ཏེ་འཐེནམ་ད་ལུ། སྲསམོ་གིས་དེ་སྦེ་མ་མཛད་ཁོ་ངེད་ཀྱི་བླམ་ཨིན་ཟེར་སྔུ་རུང་།བློན་པོ་དང་དམག་མི་ཚུ་ གིས་ཉན་མ་བཏུབ་པར་སྒྲུབ་ཕུག་ནང་ལས་འདྲུད་དེ་རིའི་རྩ་བར་རྒྱལཔོ་བཞུགས་ས་ ལུ་སྐྱེལ་ནུག།
འདི་ཁར་རྒྱལཔོ་གིས་གུ་རུ་རིན་པོ་ཆེའི་ཕྱག་དང་ཞབས་བསྡམས། ཤིང་བརྩིགས།མར་ ཁུ་བླུགས།
འདི་གུ་ལུ་གུ་རུ་རིན་པོ་ཆེ་སྐྱེལ་སྦེ་མེ་སྤག་བཞག་ནུག།
སྲསམོ་འདི་
བཞག་སྦེ།
སྲསམོ་ལུ་ཁྱོད་དབུགས་མ་ཆད་ཚུན་ཚོད་ས་དོང་འདི་ནང་ལས་འཐོན་ནི་
འདྲུད་བདའ་སྟེ་ཕོ་བྲང་གི་ཉེ་འདབ་ལུ་ས་དོང་བརྐོ་སྟེ་མཐའ་འཁོར་ལུ་རྩང་གིས་བསྐོར་ མེད་ཟེར་གསུང་ཏེ་བྱོན་སོང་ནུག།
འདི་གི་སྐབས་ལུ་གུ་རུ་རིན་པོ་ཆེ་མཆོག་ལུ་རྫུ་འཕྲུལ་སྟོན་ནི་གི་ནུས་པ་ཡོད་རུང་མ་ སྟོན་པར་བྱང་ཆུབ་སེམས་དཔའི་སྤྱོད་ལམ་མཛད་དེ་བཞུགསཔ་ད།
ས་བཅུའི་བྱང་
ཆུབ་སེམས་དཔའ་ཚུ་ཡང་ཐུགས་ཀྱིས་བཟོད་མ་ཚུགས་པར། གནས་འདི་ནང་ལུ་བྱང་ ཆུབ་སེམས་དཔའི་སྤྲུལ་པ་སྟོང་བྱོན། ནམ་མཁའ་ལས་མར་མེ་ཏོག་གི་ཆར་ལ་སོགས་ པ་བབས་ཏེ་མར་ཁུ་འདི་མཚོ་ལུ་འགྱུར།
སྦུག་ནང་ལུ་གུ་རུ་རིན་པོ་ཆེ་མེ་ཏོག་པདྨའི་
གུ་ལུ་སྔར་ལས་སྐུ་ན་གཞོནམ་དང་གཟི་བརྗིད་ཆེ་ཏོག་ཏོ་སྦེ་བཞུགས་ཏེ། བདུན་ཕྲག་ གཅིག་ལྷག་སོང་རུང་དུ་པ་ཆད་ནི་མེད་པར་སྡོདཔ་ལས་རྒྱལཔོ་གིས་བློན་པོ་གཅིག་
ལྟ་བར་བཏང་ནུག བློན་པོ་འདི་ཡར་ལྷོདཔ་ད་གུ་རུ་རིན་པོ་ཆེ་མཆོག་མཚོའི་སྦུག་ནང་ ལུ་ཡ་མཚན་ཆེ་ཏོག་ཏོ་སྦེ་བཞུགས་ཡོདཔ་མཇལ་ཏེ་ཁོ་ཡང་ཧ་ལེགས། ཚ་ངེར་སྟོན་ཏེ་རྒྱལཔོ་ལུ་སྙན་ཞུ་ཕུལཝ་ད།
ཡིད་ཆེས་ཏེ་
རྒྱལཔོ་མཆོག་ཡང་ག་དེ་སྦེ་ཨིན་ན་མནོ་
བའི་ཐུགས་བསམ་བཞེས་ཏེ་གཟིགས་པར་བྱོན་པའི་སྐབས་ལུ་རྒྱལ་པོ་ཡང་ཡིད་ཆེས།
འགྱོད་པ་སྦོམ་སྐྱེས་ཏེ། ཁྱོད་སངས་རྒྱས་ཨིནམ་ང་གིས་མ་ཤེས། བཤགས་པ་བཞེས་
179
གནས་བཤད་འདོད་འཇོའི་བུམ་བཟང་།
གནང་ཟེར་ཤར་ཁ་ཐུག་ལས་ཕྱག་ཕུལཝ་ད་གུ་རུ་རིན་པོ་ཆེའི་ཞལ་ནུབ་ཁ་ཐུག་ལུ་
བསྒྱུར། ནུབ་ལས་ཕྱག་ཕུལཝ་ད་ཤར་ཁ་ཐུག་བསྒྱུར་ཏེ་བཞུགསཔ་ལས། རྒྱལ་པོའི་ ཐུགས་འགྱོད་པ་གིས་གདུང་ཏེ་སྤྱན་ཆབ་ཤོར་ཡི་ཤོར་ཡི་རང་མཚོ་བསྐོར་ར་རྐྱབ་ཕྱག་ འཚལ་ཏེ་བཤགས་པ་ཕུལཝ་ད།
མཚོའི་མཐའ་འཁོར་གྱི་མེ་ཡང་འགྲོས་ཀྱི་འབད་
མར་ཞི། གུ་རུ་རིན་པོ་ཆེ་ཡང་མཚོའི་མཐའ་མར་བྱོན་ཏེ་རྒྱལཔོ་ལུ། མི་ལུ་འཛོལ་བ་ མེད་པའི་དཔེ་མི་སྲིད་ཟེར་གསུངས་གནང་ནུག།
དེ་ལས་གུ་རུ་རིན་པོ་ཆེ་མཆོག་ཤིང་རྟ་གུ་ལུ་གདན་འདྲེན་ཞུ་ཞིནམ་ལས།
ཤིང་རྟ་
འདི་ཡང་རྒྱལཔོ་ཁོ་རང་རྐྱངམ་ཅིག་གིས་འཐེན་ཏེ་ཕོ་བྲང་ནང་ལུ་ཞུ་ཡོདཔ་ཨིན་པས།
ཡུམ་གྱིས་སྲསམོ་མནྡ་ར་བ་ཞུ་བ་བྱོན་ཏེ་སྲསམོ་བཞུགས་སའི་ས་དོང་འདི་ཁར་ལྷོད་ དེ་གཟིགསཔ་ཅིག་ཡུམ་ཡང་ཐུགས་དྲན་མེད་འགྱེལ་སོང་ནུག
ཡུདཔ་ཐེངས་ཅིག་
ཁ་ལས་ཐུགས་དྲན་མེད་ལས་སངས་ཏེ་སྲསམོ་ལུ་ཕོ་བྲང་ནང་བྱོན་གེ་ཟེར་ཞུཝ་ད།
སྲསམོ་གིས། ཡབ་ཀྱིས་བཀའ་ཨིན། ང་དབུགས་མ་ཆད་ཚུན་ཚོད་ས་དོང་འདི་ནང་ རང་སྡོད་ནི་ཨིན་ཟེར་ཕོ་བྲང་ནང་བྱོན་མ་བཏུབ་པས།
དེ་ལས་རྒྱལཔོ་བྱོན་ཏེ་ལོག་
ཅི་ལོག་ཅིག་གསོལཝ་བཏབ་ད་ལུ་བྱོན་ཏེ་ཕོ་བྲང་ནང་དགའ་སྟོན་སྦོམ་སྦེ་བརྩི་སྲུང་ ཞུ་བའི་ཁར་གུ་རུ་རིན་པོ་ཆེ་མཆོག་ལུ་མཎྜིའི་རྒྱལ་སྲིད་སྐྱོང་ཏེ་བཞུགས་གནང་ཟེར་
གསོལ་བ་བཏབ་ད། རྒྱལ་སྲིད་སྐྱོང་ནི་ཞལ་གྱིས་བཞེས་མ་བཏུབ་རུང་། ས་གནས་ འདི་གི་ས་ཁོངས་ཚུ་ནང་ཞབས་ཀྱིས་བཅགས་བྱིན་གྱིས་རླབས་ཏེ་གནང་ནུག།
ད་རེས་ནངས་པ་མཇལ་ནི་ཡོདཔ།
མཚོའི་མཐའ་འཁོར་ལུ་བསྐོར་ལམ་གྱི་གཡོན་ཁ་ཐུག་ལྷ་ལྕམ་མནྡ་ར་བའི་སྐུ་རྗེས་
ཡོད། མཚོ་ཡོད་ས་ལས་སྒྲུབ་ཕུག་མཇལ་བར་བྱོནམ་ད་སྐྱེལ་འདྲེན་བཱསི་ཡོདཔ་ཨིན།
180
གནས་བཤད་འདོད་འཇོའི་བུམ་བཟང་།
སྒྲུབ་ཕུག་གི་མཐའ་འཁོར་ལུ་ཞབས་རྗེས་མཇལ་ནི་ཡོད། མཎྜི་ལུ་ལྷ་ལྕམ་མནྡ་ར་བ་
ཡབ་ཀྱིས་ཁྲིམས་བཏང་སྟེ་ས་དོང་ནང་བཙུགས་བཞག་ས་ལུ་ཀུང་ཝ་རཱ་ནི་ཟེར་ཁྲོམ་ གྱི་ཟུར་ཁ་ཡོདཔ་ཨིན། རྒྱལ་པོའི་ཕོ་བྲང་ལུ་རཱཇ་མེ་ཧཱེལ་ཟེར་ཞུཝ་ཨིན་པས།། པདྨ་བཀའ་ཐང་ནང་ལས་འབད་བ་ཅིན།
གུ་རུ་གསོན་བསྲེག་མཛད་མི་ཟ་ཧོར་རྒྱལ་
པོའི་མཚན་ལུ་རྒྱལཔོ་གཙུག་ལག་འཛིན་ཟེར་ཞུཝ་ཨིན་མས།
ཨིན་རུང་ཆོས་འབྱུང་
དང་ལོ་རྒྱུས་ཚུ་ལུ་ཞིབ་འཚོལ་འབད་དེ་བལྟཝ་ད་རྒྱལ་པོའི་མཚན་འདི་ཨིན་དྲ་བོ་དྷི་
འམ། ཡང་ཅིན་ཨིནྡྲ་བྷུ་ཏི་ཟེར་ཨིན་མས། དེ་ལས་ཡ་མཚན་ཅན་གྱི་གནས་ཚུལ་ཅིག་ ཁྱེད་ཆ་ཁྱབ་ཉན་དགོ་མ་མནོ་རུང་། ང་གིས་ཨུ་ཚུགས་བསྐྱེད་དེ་ཞུ་བ་ཅིན། ཟ་ཧོར་ ཟེར་བའི་མིང་ངོ་མ་འདི།
ས་ཧོ་ར་ཟེར་ཨིནམ་དང་།
ས་ཆ་འདི་ད་ལྟོ་བྷངྒལ་དེཤ་གི་
ས་ཁོངས་ནང་ཡོདཔ་སྦེ་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོདཔ་མ་ཚད།གུཔ་ ཊའི་ཆོས་འབྱུང་ལ་སོགས་པའི་རྙིང་མའི་ཆོས་འབྱུང་ཚུ་ན་ཡང་རྒྱ་གར་ཤར་ཕྱོགས་ལུ་ ཡོདཔ་སྦེ་བཤད་ནུག།
དེ་ལས་རྒྱལཔོ་ཨིནྡྲ་བྷུ་ཏི་དང་། སྲས་མོ་མཎྜ་ར་བ། མཁན་ཆེན་ཞི་བ་འཚོ་དང་གསུམ་ པོ་འདི་ཉེ་མཚན་གྱི་འབྲེལ་བ་ཡོདཔ་ལས། མཁན་ཆེན་ཞི་བ་འཚོ་ལུ། ཤར་ཕྱོགས་ བྷངྒ་ལའི་མཁན་པོ་ཟེར་ཡོངས་གྲགས་ཨིན་རུང་། ས་ཆ་འདི།
ཁོང་ཆ་ཁྱབ་ཀྱི་འབྲེལ་བ་བྱུང་སའི་
བྷངྒལ་དེཤ་ལས་ཀི་ལོ་མི་ཊར་༢༠༠༠ལྷག་པའི་རྒྱ་གར་བྱང་ཕྱོགས་ཧི་
མ་ཅལ་ལུ་འཚོལ་མི་འདི་ཡ་མཚན་ཅན་ཅིག་ཨིནམ་མ་ཚད། རེ་བཞིན་དུ་ངོ་སྤྲོད་འབད་ནི་ཐོབ་མི་འདི། ཨིན་མས།།
དེ་ཁར་ས་གནས་རེ་
འདི་བ་ཡ་མཚན་ཆེ་བའི་གནས་ཚུལ་ཅིག་
གནས་ཆེན་མཚོ་ཆེན་པདྨའི། །གནས་བཤད་བསྡུས་བསྡུས་ཕུལ་བས།།
181
གནས་བཤད་འདོད་འཇོའི་བུམ་བཟང་།
གནས་དེར་ཕེབས་མཁན་ཡོངས་ལ། །གནས་མཇལ་རམ་འདེགས་འགྲུབ་ཤོག།
ཆུ་མོ་གངྒཱ། Rever Ganga
འཕགས་ཡུལ་ཝཱ་ཎར་ཡོངས་སུ་གྲགས་པའི་གཏེར།། ཆུ་མོ་གངྒཱའི་ལོ་རྒྱུས་ཟེགས་མ་ཙམ།།
འདིར་ཕེབས་སྐུ་མགྲོན་ཆེ་འབྲིང་ཆུང་གསུམ་གྱི།། གདུང་བ་སེལ་ཕྱིར་ཕུལ་ཡོད་ཅི་དགར་བཞེས།།
ཧེ་མ་གྱི་གནས་བཤད་ཚུ་ནང་ཆུ་མོ་གངྒཱའི་སྐོར་ལས་བཀོད་དེ་མེད་མི་འདི།
སྟོན་པ་
མཆོག་གི་མཛད་རྣམ་དང་འབྲེལ་བ་མེདཔ་ལས་བརྟེན་ཏེ་མེན་ན་མནོ་བའི་དོགས་པ་ འཆརཝ་ཨིན་པས།
ཨིན་རུང་སྐུ་མགྲོན་ཚུ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ཆོས་ཀྱི་
འཁོར་ལོ་བསྐོར་བའི་གནས་འདི་མཇལ་བའི་ཞོར་ཁ་ཆུ་མོ་གངྒཱ་ལུ་བྱོན་ཏེ་ཚ་ཚ་དང་ ཐལཝ་བཤགས་མི། ཆུ་དབོག་སྟེ་བསྣམས་མི། གྲུ་ནང་འཛུལ་ཏེ་ཁམས་སངས་བྱོན་ མི་ལེ་ཤཱ་ཡོདཔ་ཨིན།
དགོཔ་འཐོན་སོང་ཡི།།
འདི་འབད་ནི་འདི་གིས་ཆུ་མོ་གངྒཱའི་ལོ་རྒྱུས་ཐུང་ཀུ་ཅིག་ཞུ་
ཆུ་མོ་གངྒཱ་འདི་ཧིན་དུའི་ཆོས་ལུགས་ལས་རྩ་ཆེ་ཏོག་ཏོ་ཅིག་སྦེ་བརྩིཝ་མས།
ཆུ་ཆེན་
འདི་ཡང་ནུབ་ཕྱོགས་ཧི་མཱ་ལ་ཡའི་ས་གནས་གངྒཱོཏྟ་རི་ཟེར་བའི་གནས་ཀྱི་རྩ་བར་ ཡོད་མི་ས་ཁོངས་གཽ་མུཁ་ལས་འཐོན་ཞིནམ་ལས་དང་པ་ལྷོ་ནུབ་ཕྱོགས་ལུ་འབབ།
རྒྱ་གར་བྱང་ཕྱོ ག ས་མངའ་སྡེ་ཚུ་གི་རྒྱ་ཐང་ནང་ལས་གཙང་ཆུ་༡༦ལྷགཔ་ཅིག་དང་ བསྡོམས་ཏེ་ས་གནས་རྀ་ཥི་ཀེཥ། ཧ་རི་དྦཱར། ཀཱཎ་པུར། ཨི་ལ་བྷད།ཝཱ་རཱ་ཎ་སཱི།
པཊ་ན། བྷ་གཱལ་པུར། ཀོལ་ཀ་ཏ་བརྒྱུད་དེ་བྷངྒལ་དེཤ་རྒྱལ་ཁབ་ནང་ལས། སྦེ་ཨོཕ་
182
གནས་བཤད་འདོད་འཇོའི་བུམ་བཟང་།
བྷེངྒལ་གྱི་རྒྱ་མཚོའི་ནང་འཛུལཝ་ཨིན་པས།།
ཧིན་དུའི་ཆོས་ལུགས་ནང་ལུ་ཆུ་མོ ་ གངྒཱའི་བྱུང་ཚུལ་གྱི་སྐོར་ལས་བཤད་ཚུལ་མ་ འདྲཝ་ལེ་ཤཱ་ཡོད་རུང་ཡོངས་གྲགས་ལུ་བཤད་དོ་བཟུམ་འབད་བ་ཅིན།
ཧེ་མ་རཱ་ཇཱ་
སཱ་གར་ཟེར་མི་འདི་བཞུགས་པའི་དུས་སྐབས་ལུ་ཁོ་ལུ་སྲས་སྟོང་ཕྲག་༦༠ཡོདཔ་ཨིན་
པས། དེ་ལས་ཁོ་འཁོར་ལོ་བསྒྱུར་བའི་རྒྱལཔོ་མཛད་ནི་གི་དོན་ལུ། ཨཤྦ་མེ་གྷ་ཟེར་ བའི་མཆོད་སྦྱིན་དེ་འབད་ནི་གི་ཐུགས་བཞེད་གནང་ནུག།
ཨཤྦ་མེ་གྷ་ཟེར་བའི་མཆོད་སྦྱིན་དེ་ཡང་བྱིན་རླབས་གནང་དོ ་ བཟུམ་གྱི་ཆོ་གུ་ཅིག་
གཏང་ཞིནམ་ལས།
རྟ་གཅིག་ལུ་གསེར་གྱི་རྒྱན་ཆ་ཚུ་བཏགས་ཏེ་གཏང་དོ་ཡོདཔ་
ཨིན་མས། དེ་ལས་རྟ་འདི་ག་ལྷོད་སའི་ས་ཁོངས་ཚུ། རྟ་གཏང་མི་རྒྱལཔོ་དེ་གི་མངའ་ འོག་ལུ་འཛུལ་དགོ་དོ་ཡོདཔ་མས།
རྟ་དེ་གེགས་དང་བར་ཆད་ག་ནི་ཡང་མེད་པར་
ལོག་སྟེ་ལྷོད་པའི་ཚེ་མཆོད་སྦྱིན་གྱི་པུ་ཇ་འབད་ཞིནམ་ལས་རྒྱལཔོ་དེ།འཁོར་ལོ་བསྒྱུར་ བའི་རྒྱལཔོ་ཨིན་ཟེར་བའི་ཁྲི་མངའ་གསོལ་ཞུ་དོ་ཡོདཔ་ཨིན་མས།།
རཱ་ཇཱ་སཱ་གར་ཟེར་མི་འདི་ཡང་མཆོད་འདི་འབད་ནི་སྦེ། གྲ་བསྒྲིགས་འབད་དེ་རྟ་མཆོག་ གསེར་གྱིས་བརྒྱན་ཏེ་བཏང་པའི་སྐབས་ལུ། ཁྱབ་འཇུག་གི་སྤྲུལ་པ་ཀ་པིལ་མུ་ནི་ཟེར་ མི་འདི་གིས་བཟུང་འབག་མཆིཝ་ཨིན་མས།
དེ་ལས་རཱ་ཇཱ་སཱ་ས་གར་གྱིས་སྲས་སྟོང་
ཕྲག་༦༠པོ་ཚུ་ལུ་འཚོལ་བར་གཏམ་པའི་སྐབས་ལུ། རྟ་དེ་ཀ་པིལ་མུ་ནི་བསྒོམ་གནང་ ཏེ་བཞུགས་སའི་ཟུར་ཁ་བཏགས་ཏེ་ཡོདཔ་མཐོང་ནུག སྲོང་མེན་པས། འབདཝ་ད།
དེ་ལས་སྲས་ཚུ་གིས་ཁོ་དྲང་
ཨིན་པ་ཅིན་འདི་བཟུམ་གྱི་ལཱ་མི་འབད་ཟེར་རྟ་དེ་འཕྱོག་འབག་ནི་
ཀ་པིལ་མུ་ནིའི་གཟུགས་ལས་མེ་འབར་ཏེ་སྲས་སྟོང་ཕྲག་༦༠ཆ་མཉམ་
འཚིག་སྟེ་ཐལཝ་ལུ་འགྱུར་སོང་ནུག།
གནས་ཚུལ་འདི་རཱ་ཇཱ་སཱ་གར་གྱིས་གསན་ཞིནམ་ལས་ས་ཁོངས་འདི་ནང་བྱོ ན་ཏེ་ གཟིགསཔ་ད།
སྲས་ཚུ་ཤུལ་རང་མེད་པར་ཐལཝ་ལུ་འགྱུར་ཡོདཔ་གཟིགས་ནུགདེ་
183
གནས་བཤད་འདོད་འཇོའི་བུམ་བཟང་།
ལས་རཱ་ཇཱ་སཱ་གར་གྱིས་དྲང་སྲོང་ལུ་སྲས་ཚུ་གི་རྣམ་ཤེས་འཁོར་བ་འཁྱམས་དོ་འོང་། རྣམ་ཤེས་ཐར་པ་ལུ་དྲངས་ནི་གི་ཐབས་ཤེས་ཅིག་ཡོད་ག་ཟེར་ཞུ་བའི་ལན་ལུ།
དྲང་
སྲོང་མཆོག་གིས་ལྷ་ཡི་གཡུས་ལས་ཆུ་མོ་གངྒཱ་གདན་དྲངས་ཏེ་སྲས་ཚུ་གིས་ཐལཝ་
ཡོད་ས་ཚུན་ཚོད་ཁྱབ་ཚུགས་པ་ཅིན་སྲས་ཚུ་གིས་རྣམ་ཤེས་ཐར་པ་དྲངས་ཚུགས་ ཟེར་གསུངས་ནུག།
དེ་ལས་རཱ་ཇཱ་སཱ་གར་གངས་རི་ཏི་སེ་ལུ་བྱོན་ཏེ་ལྷ་ཡི་རྒྱལཔོ་ལུ་ཆུ་མོ་གངྒཱ་མི་ཡུལ་ལུ་ གདན་དྲངས་ནིའི་དོན་ལུ་གསོལ་བ་བཏབ་ཏེ་འབད་རུང་།
གངྒཱ་མ་བྱོན་ལས་ཁོ་རང་
དགོངས་པ་རྫོགས་སོངམ་ཨིན་པས། དེ་ལས་ཁོ་གི་སྲས་ཨ་ཡུཥ་མཱན་ཟེར་མི་དེ་གིས་ ཡང་ཡབ་བཟུམ་སྦེ་རང་མཛད་དེ་བཤགས་སོངམ་མ་ཚད། ཁོ་གི་སྲས་དྷི་ལིཔ་ཟེར་མི་ དེ་ཡང་དེ་བཟུམ་གྱི་གསོལཝ་བཏབ་སྟེ་རང་བཤགས་སོང་ནུག
ད་རུང་ཁོ་གིས་སྲས་
བྷཱ་གི་རཱཐ་མཆོག་གིས་ཡབ་ཀྱི་ཕྱག་ལཱ་འཕྲོ་འཐུད་དེ་མཛདཔ་ད་ལུ།ལྷ་ཡི་རྒྱལ་པོའི་ སྲསམོ་གངྒཱ་འདི་མི་ཡུལ་ལུ་གཏང་ནི་འབད་སྲསམོ་གངྒཱ་ལུ་བཀའ་གནང་ཡོདཔ་མས།། གངྒཱ་འདི་ལྷ་ཡུལ་རྒྱལཔོ་གི་སྲས་མོའི་གྲས་ལས་ཆུང་ཤོས་ཅིག་ཨིནམ་ལས་མོ་མི་
ཡུལ་ལུ་འབྱོན་དགོ་མ་མནོ་རུང་ཡབ་ཀྱིས་བཀའ་ཨིནམ་ལས་བརྟེན་ཐབས་རང་མེད་ པར་བྱོན་དགོཔ་འཐོན་ནུག
དེ་འབདཝ་ད་མོ་གི་སེམས་ཁ་ལས་མི་ཡུལ་འདི་འཕྱག་
བདའ་ནིའི་རྩིས་རྐྱབ་སྟེ་ཤུགས་སྦེ་བྱོནམ་ད། བསྒོམ་གནང་སྟེ་བཞུགས་ཡོདཔ་ལས། ཆུ་མོ་གངྒཱ་ལྷ་ཡུལ་ལས་བྱོན་དོ།
ལྷ་ཆེན་དབང་ཕྱུག་གངས་རི་ཏི་སེ་ལུ་
རྒྱལ་སྲས་བྷཱ་གི་རཱཐ་གིས་ལྷ་དབང་ཕྱུག་ལུ་
དེ་འབདཝ་ད་མི་ཡུལ་འདི་འཕྱག་བདའ་ནི་མས་
སྐྱབས་མཛད་དགོ་ཟེར་གསོལཝ་བཏབ་བཞིན་དུ། ལྷ་དབང་ཕྱུག་གིས་ཁྱད་མེད་ཆུ་མོ་ གངྒཱ་འདི་ངེད་ཀྱི་དབུ་གུ་ལུ་ཆགས་བཅུག་ནི་ཟེར་གསུངས་ཞིནམ་ལས། དབང་ཕྱུག་ཆེན་པོའི་རལ་པའི་ནང་བཅིངས་ཏེ་བཞག་ནུག།
184
ཆུ་མོ་གངྒཱ་
གནས་བཤད་འདོད་འཇོའི་བུམ་བཟང་།
དེ་ལས་རྒྱལ་སྲས་བྷ་གི་རཱཐ་གིས་ལྷ་དབང་ཕྱུག་མཆོག་ལུ་གངྒཱ་མི་ཡུལ་ལུ་གཏང་ དགོཔ་སྦེ་བཏབ་པའི་ཤུལ་ལུ།
དབང་ཕྱུག་གིས་རལཔ་བཙིར་ཏེ་བཏོན་གཏངམ་
ད།ད་རུང་ཡང་གངྒཱའི་ཁོང་ཁྲོ་མ་བསངས་པར་ཁྲོ་བའི་སྒོ་ལས་སྐད་ཤུགས་རྐྱབ་ཏེ་འགྱོ་ ཞིནམ་ལས་ས་གནས་སཱུལ་ཏན་གན་ཟེར་མི་དེ་ཁར་ལྷོད་ནུག
དེ་ཁར་དྲང་སྲོང་ཛཧ་
ནུ་བསྒོམ་གནང་སྟེ་བཞུགས་ཡོད་མི་དེ་གིས་བསྒོམ་དཀྲོགས་དཔ་ལས། དགོངསམ་ཁྲེལ་ཏེ་ཧུབ་ཐེངས་གཅིག་ལུ་བཞེས་ད་ནུག།
ཁོ་ཡང་
དེ་ལས་ལོ་དག་པ་ཅིག་གི་རིང་ལུ་ཕྱི་ཁར་འཐོན་ཚུགས་པར་ལུས་ཏེ་ཡོདཔ་ལས།རྒྱས་
སྲས་བྷ་གི་རཱཐ་གིས་དྲང་སྲོང་ལུ་གསོལཝ་ལོག་ཅི་ལོག་ཅི་རང་བཏབ་ད་ཕྱི་ཁར་བཏོན་ གནང་ནུག།
ས་གནས་འདི་ཁར་ལས་གདན་དྲངས་ཏེ་ཧེ་མ་སྲས་སྟོ ང་ཕྲག་༦༠ཚིགས་སའི་ས་
ཁོངས་ནང་ལུ་ཞུ་ཞིནམ་ལས་སྲས་ཚུ་གི་ཐལཝ་ལུ་ཕོགས་ཏེ་སྲས་སྟོང་ཕྲག་༦༠གྱི་ རྣམ་ཤེས་མཐོ་རིས་ལུ་དྲངས་ཡི་ཟེར་ཨིན་མས།།
ད་རེས་ནངས་པ་ས་གནས་འདི་གི་མིང་ལུ་གངྒཱ་སཱ་གར་ཟེར་སླབཔ་ཨིན་པས། གངྒཱ་འདི་ཆུ་གཞན་དང་མ་འདྲ་བའི་ཁྱད་ཆོས་ག་ཅི་ཡོདཔ་སྨོ་ཟེར་བ་ཅིན།
ཧོད་ཅིག་ནང་བླུགས་ཏེ་ཆུ་གཞན་དང་སླ་བསྲེས་མ་རྐྱབ་པར་བཞག་པ་ཅིན། ཟླཝ་ལང་སོང་རུང་རུལ་ནི་དང་དྲིམ་བཏགས་ནི་མེད་པའི་ཁར།
ཆུ་མོ་
ཆུ་འདི་
ལོ་དང་
ཀླུ་མཆོད་དང་ཀླུ་དང་
འབྲེལ་བའི་རིམ་གྲོ་ཚུ་གནངམ་ད་ཆུ་འདི་གིས་ཕན་ཐོགས་ཡོདཔ་ཨིན་མས།།
ཝཱ་རཱ་ཎ་སཱི་འདི་ནང་པའི་ཁ་ཐུག་ལས་མ་ཚད་ཧིན་དུའི་ལུགས་ལས་ཡང་རྩ་ཆེ་ཏོག་ ཏོ་གཅིག་སྦེ་བརྩི་མི་འདི་ཡང་།
སླབ་སྲོལ་གཅིག་ལས་འབད་བ་ཅིན་ཆུ་མོ་གངྒཱ་འདི་
ལྷ་དབང་ཕྱུག་གི་དབུ་རྒྱན་སྦེ་ཡོད་མི་ཟླཝ་ཕྱེད་ཀ་གིས་བཟོ་བལྟ་བཟུམ་སྦེ་ཡོདཔ་མ་
ཚད། ལྷ་དབང་ཕྱུག་གི་གནས་ཡང་ཨིན་ནི་འདི་གིས་ཨིནམ་སྦེ་བཤདཔ་མས། འདི་
185
གནས་བཤད་འདོད་འཇོའི་བུམ་བཟང་།
མ་ཚད་ཧེ་མ་ཧིན་དུའི་ཆོས་ལུགས་དར་ཁྱབ་སོང་སྟེ་ཡོད་མི་རྒྱ་གར་གྱི་གཡུས་གོ་སོ་ སོའི་རྒྱལཔོ་ཚུ་དང་། གིས་ཡང།
རྒྱ་གར་གྱི་ཕྱི་ཁར་ཨིན་མི་བལ་ཡུལ་ལ་སོགས་པའི་རྒྱལཔོ་ཚུ་
ཆུ་མོ་གངྒཱའི་མཐའམ་བདའ་སྟེ་ས་གོ་རེ་རེ་བདག་འཛིན་འབད་ཞིནམ་
ལས། ཕོ་བྲང་རེ་རེ་བཞེངས་ཏེ་ཡོད་མི་འདི་ཚུ་ད་རེས་ནངས་པ་མཇལ་ནི་ཡོད། འདི་ ཚུ་གི་མིང་ལུ་ད་རེས་ནངས་པ་གྷཊ་ཟེར་སླབ་ཨིན་མས།
འདི་བཟུམ་གྱི་གྷཊ་བརྒྱ་
ལྷགཔ་ཅིག་ཆུ་མོ་གངྒཱའི་ལོག་ཅི་ཁ་ལས་གྱལ་མནར་ཏེ་ཡོདཔ་ཨིན།།
གྷཊ་༡༠༠ལྷགཔ་ཅིག་ཡོད་ས་ལས་གཙོ་ཅན་འདི། དུར་ཁྲོད་ཡོད་མི་མུར་ན་ཀཱན་གྷཊ་ འདི་ཨིན་པས།
ཧེ་མ་དབང་ཕྱུག་མཆོག་གི་གནས་ཚུ་བྱིན་གྱིས་རླབས་ཏེ་བྱོན་པའི་
སྐབས་ལུ་ས་གནས་འདི་ནང་ཕེབསཔ་ད་ལྷ་དབང་ཕྱུག་གི་སྙན་རྒྱན་འདི་ས་ཁར་འབུད་ སོང་མི་འདི་དུར་ཁྲོད་ཀྱི་ས་ཁོངས་ནང་རང་བཞག་བཞགཔ་ཨིན་ཟེར་སླབ་ཨིན་མས།
དུར་ཁྲོད་འདི་ནང་ལུ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་མ་འབྱོན་པའི་ལོ་ངོ་སྟོང་ཕྲག་གི་ སྔ་གོང་ལས་འགོ་བཟུང་ད་རེས་དུས་རབས་༢༡ཚུན་ཚོན་ཀྱི་བར་ན་རྒྱུན་མ་ཆད་པར་
མིའི་ཕུངམ་མེ་སྦྱང་འབད་དེ་རང་ཡོདཔ་ཨིན། ཕུངམ་མེ་བཏང་བའི་སྐབས་ལུ་མེ་ཕུད་ ལེན་ས་ཅིག་ཡང་ཡོདཔཨིན་པས། མེ་འདི་ལོ་ངོ་སྟོང་ཕྲག་གི་ཧེ་མ་ལས་ཤི་མ་བཅུག་ པར་བཞག་བཞགཔ་ཅིག་ཨིནམ་ལས་བརྟེན།བསྐལ་པའི་མེ་ཨིནམ་སྦེ་བཤདཔ་ཨིན།།
འདི་གི་ཞོར་ཁ་ལུ་ལོ་རྒྱུས་ཅིག་ཞུ་བ་ཅིན་ང་བཅས་འབྲུག་རྒྱལ་ཁབ་ཀྱི་ཆོས་དང་ལམ་
སྲོལ་མང་ཤ ོས་ཅིག་གི་གཞི་རྩའམ་ཨམ་འདི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་དང་ ལམ་སྲོལ་འདི་ཨིན་རུང་། ལག་ལེན་འཐབ་ཐང་གུ་ལྷོདཔ་ད་འགྱུར་བ་མ་འདྲཝ་དུམ་ གྲ་རེ་ཡོདཔ་ཨིན།
དཔྱེ་འབད་བ་ཅིན་ཕུངམོ་མེ་བཏང་ཚར་བའི་ཤུལ་མ་ཐལཝ་འདི་
གཙང་ཆུ་སྦོམ་ཡོད་ས་འབག་སྟེ་བཤགས་སྲོལ་ཡོད་དོ་བཟུམ་སྦེ།
ང་བཅས་ཚུ་གིས་
ཡང་གཤིན་པོའི་ཐལཝ་དང་ཚ་ཚ་ཚུ་རང་རང་སོ་སོའི་སྟབས་བདེ་སྡུག་དང་རྒྱུ་སྟོབས་
186
གནས་བཤད་འདོད་འཇོའི་བུམ་བཟང་།
དང་འཁྲིལ་ཏེ་བཤགས་སྲོལ་ཡོདཔ་ཨིན། འདི་ཡང་ལ་ལུ་ཅིག་གིས་རང་གི་རྒྱལ་ཁབ་
ཀྱི་གཙང་ཆུ་ནང་བཤགསཔ་མ་ཚད། ལ་ལུ་ཅིག་གིས་ཆུ་མོ་གངྒཱ་འདི་ནང་བསྣམས་ཏེ་ བཤགས་སྲོལ་ཡོད་ཟེར་ཞུ་ནི་ཨིན། འདི་འབདཝ་ད་དྲན་བསྐུལ་ཞུ་དགོཔ་ཅིག་ག་ཅི་
ཡོད་ཟེར་བ་ཅིན། སྟག་མཆོངས་ས་ཝ་མཆོངས་མི་གི་ལད་སྲོལ་སྤྱ་གིས་རྐྱབ་ཟེར་བའི་ དཔྱེ་གཏམ་བཟུམ་སྦེ།
རོགས་རྒྱུ་སྟོབས་ཕུན་སུམ་ཚོགས་པའི་མི་ཚུ་གིས་ག་མཛད་
མི་འདི་ཉམ་ཆུང་ཚུ་གིས་ཡང་འབད་དགོ་མནོ་བའི་བསམ་བློ་འདི་འཁོར་དེ་འོངམ་ཨིན། ཁོང་བཟུམ་མ་འབད་བ་ཅིན་མ་བཏུབ་བཟུམ་ཅིག་གིས་མནོ་བསམ་བཏང་།
འབད་
གེ་ཟེརཝ་ད་རྒྱུ་སྟོབས་ཀྱིས་མ་ལང་པར་དཔྱ་སྡུག་འཐབ་སྟེ་དཀའ་ངལ་ཐོབ་མི་དང་འོ་
བརྒྱལ་མི་ཡང་ལེ་ཤཱ་ཅིག་རང་ཡོདཔ་ཨིན།གཤིན་པོའི་ཐལཝ་དང་ཚ་ཚ་འདི་ཨིན་ཅི་
མིན་ཅི་རྒྱ་གར་རྒྱལ་ཁབ་ནང་ཡོད་མི་གཙང་ཆུ་སྦོམ་ཆུ་མོ་གངྒཱ་དང་། ཡ་མུ་ནཱ། ཆུ་མོ་
ལུ་ཏི་ཚུ་ནང་རང་བཤགས་དགོཔ་ཨིན་ན་?འདི་ཚུ་ནང་བཤགས་པ་ཅིན་གཤིན་པོ་ལུ་
ཕན་ཐོགས་ཆེཝ་ཨིན་ན་?རང་གི་རྒྱལ་ཁབ་ཀྱི་གཙང་ཆུ་ག་ནི་བ་ཧིང་སངས་ས་ཡོད་མི་ ཚུ་ནང་བཤགས་མི་འདི་གིས་གཤིན་པོ་ལུ་ཕན་ཐོགས་ཆུངམ་ཨིན་ན་?
མནོ་བ་ཅིན།
གཤིན་པོ་གི་རྟིང་བདའ་སྟེ་དགེ་རྩ་སྒྲུབ་མི་སྦྱིན་བདག་ཚུ་གི་ཐུགས་བཞེད་གནང་ཐང་ དང་འཁྲིལ་ཏེ་འགྱོ་འོང་ཟེར་ཞུ་ནི་ཨིན།
གཤིན་པོ་ལུ་སྙིང་རྗེ་དང་ཕན་པའི་བསམ་པ་
བཟང་པོ་མེད་པར་ལམ་ལུགས་སྲོལ་བཟུམ་ཅིག་གི་ཐུགས་བཞེད་གནང་སྟེ་འབད་བ་
ཅིན་གཤིན་པོའི་ཐལཝ་དང་ཚ་ཚ་ཚུ་ཆུ་མོ་གངྒཱ་མིན་ཚད་ཆུ་མོ་གངྒཱ་འཐོན་སའི་ས་ ཁོངས་དང་།
གངས་རི་ཏི་སེ་ལུ་སྐྱེལ་རུང་ཕན་ཐོགས་ཆུང་ཟེར་ཞུ་ནི་དང་།
བསམ་
པ་སེམས་བསྐྱེད་བཟང་པོའི་སྒོ་ལས་འབད་བ་ཅིན་རང་གི་རྒྱལ་ཁབ་ཀྱི་གཙང་ཆུ་ནང་ བཤགས་གནང་མི་འདི་གིས་མ་འཐུསཔ་དང་མ་བཏུབཔ་ཅིག་རྩ་ལས་མེད།།
187
གནས་བཤད་འདོད་འཇོའི་བུམ་བཟང་།
ད་ལྟོ་གོང་ལུ་ཞུ་མི་ལོ་རྒྱུ་འདི་གིས་བརྗོད་དོན་ངོ་མ་འདི་ཕན་སེམས་བསྐྱེད་དེ་རང་གི་རྒྱུ་ སྟོབས་དང་བསྟུན་ཏེ་ཕྱག་ལཱ་མཛད་དཔ་ཀྱི་བཏུབ་ཟེར་བའི་དྲན་བསྐུལ་ཕུལཝ་ཨིན།། སྡིག་པ་ཆུ་ཡིས་འདག་པར་འདོད་མཁན་ཚོས།། ཆུ་ཆེན་གངྒཱའི་དྲུང་དུ་གོམ་སྟབས་བསྒྱུར།།
དགའ་བས་ཁྲུས་ལ་འཇུག་པའི་ལྟད་མོ་ཆེ།། སྐུ་མགྲོན་ཕོ་མོའི་སྤྱན་གྱི་ཡུལ་དུ་སྣང་།།
དལ་གྱིས་རྒྱུ་བའི་ཆུ་ཆེན་གངྒཱའི་དབུས།། གྲུ་ཆེན་གྲུ་ཆུང་བྱ་ལྟར་ལྡིང་བའི་ནང་།།
ཕོ་མོ་སྐྱོ་སངས་ཕེབས་པའི་ལྟད་མོ་ཡང་།།
རབ་གསལ་སྤྱན་གྱིས་མཆོད་པ་རིན་མེད་འབུལ།། དེ་བཞིན་གངྒཱའི་གསལ་བཤད་མཆོད་པ་ཡང་།།
སྐུ་མགྲོན་ཡོངས་ལ་ཕན་སེམས་དགའ་མས་ཕུལ།།
མཁྱེན་འདོད་ཆེ་ཚེ་དེབ་གཟུགས་པད་ཚལ་འདིར།། སྤྱན་ཟུང་རྐང་དྲུག་འཕུར་ལྡིང་རྩེན་པར་མཛོད།།
188
གནས་བཤད་འདོད་འཇོའི་བུམ་བཟང་།
མཐའ་མར་སྨོན་ཚིག་དང་འབྲེལ་བའི་ཚིགས་སུ་བཅད་པ་ བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་ལྡན།
སྣ་ཚོགས་ལས་ཀྱི་གཏིང་མཐའ་ཆེས་ཟབ་འཛམ་གླིང་རྒྱ་མཚོའི་ཁྱོན་ཡངས་པར།།
འདི་ཕྱི་བར་དོའི་གནས་སྐབས་གང་ལའང་ཕན་བདེ་ཉག་གཅིག་སྟེར་མཛད་པས།། དྲི་མས་མ་གོས་ཐུབ་དབང་ནོར་བུ་དགོས་འདོད་ཀུན་འབྱུང་ནོར་བུ་ལས།།
དགེ་མཚན་སྣང་བ་དཔག་མེད་འཕྲོ་བས་འཇིག་རྟེན་དོན་མཐུན་ཡིད་དབང་འཕྲོག། ཞི་བདེའི་གསུང་གིས་ཞི་བའི་གོ་འཕང་དུ།།
འདྲེན་པར་མཛད་མཁས་འདྲེན་བྱེད་སྟོང་གི་ཕུལ།། ཤཱཀྱའི་རྒྱལ་པོ ་ཤཱཀྱ་ཐུབ་པ་མཆོག།
གང་དུ་བཞུགས་པའི་གནས་རྣམས་བསོད་ནམས་ཞིང་།། སྤྱི་ལོའི་དུས་རབས་བཅུ་གཉིས་རྫོགས་ཁམས་ནས།། སྟོན་དང་བསྟན་པར་སྡང་བའི་བསྟན་དགྲ་ཚོས།།
སྟོན་གནས་སྟོར་བཤིག་བཏང་ཞིང་ས་འོག་སྦས།། མི་ལོ་དྲུག་བརྒྱ་ལྷག་ཙམ་ས་འོག་ལྷག།
འོན་ཀྱང་ཐང་སན་བླ་མའི་ལམ་ཡིག་གཏེར།། ཕྱི་རྒྱལ་མི་འགའི་སྐལ་བར་ཐོབ་པའི་རྗེས།།
སྟོན་པའི་གནས་རྣམས་ཞིབ་འཚོལ་བྱ་བར་འབད།། སླར་ཡང་འཛམ་གླིང་ཕྱག་མཆོད་རྟེན་དུ་བླངས།།
189
གནས་བཤད་འདོད་འཇོའི་བུམ་བཟང་།
དུས་རབས་དྲུག་པའི་དུས་ནས་ཡོངས་ཤར་བའི།། ཐང་སན་ལམ་ཡིག་འཛམ་གླིང་ནོར་བུ་ཡི།།
དུས་རབས་ཉེར་གཅིག་འཛམ་གླིང་བར་དུ་ཡང་།། ཀུན་ཕན་འོད་ཟེར་མ་སྒྲིབ་ཡ་མཚན་གཞི།།
རང་རྒྱལ་སྐད་དུ་བསྒྱུར་བའི་གནས་ཡིག་གང་།། ཇི་སྲིད་རྒྱལ་བསྟན་གནས་པ་དེ་སྲིད་དུ།།
ཇི་སྙེད་འགྲོ་བར་དེ་སྙེད་ཕན་བདེའི་ཆར།།
ནམ་དགོས་དུས་སུ་འབབ་པར་སྙིང་ནས་སྨོན།། རྣམ་ཤེས་བྲལ་བའི་གནས་བཤད་དེབ་གཟུགས་འདིས།། རྣམ་ཤེས་ལྡན་པའི་གནས་མཇལ་ཕོ་མོ་ཚོར།།
སྟོན་པས་གནས་འདིར་འདི་དང་འདི་མཛད་ཅེས།།
ཡིད་རངས་དགའ་མགུའི་དད་གུས་འཕེལ་བར་ཤོག། སྟོན་མཆོག་དམ་པའི་ཐུགས་རྗེའི་འགྲིབ་བསིལ་དང་།། སྟོན་པའི་གསུང་གི་སྦྲང་ཆར་ཟེགས་མའི་རྒྱུན།། སྟོན་པའི་བུ་སློབ་ཡོན་ཏན་འབུམ་ལྡན་གྱིས།།
འཛམ་གླིང་བདེ་སྐྱིད་དགའ་སྟོན་སྩོལ་བར་ཤོག།
190
B.C.E 563 547 534 528
544-493
529
483 483
1
270
༼༣༠༤- ༢༣༢
259
258-257
༼
256-255
250
249 240
2
༼ 232
187-151
100
C.E 78-101
101
106-119
3
357
383
374-399462 404-414 412 606-647
630
༼༦༠༣-༦༦༤
638-642 ༦༦༥
4
645 664
671-685
༼༦༣༤-༧ ༣
770-890
1033
1070
༼ ༠༤༤༠༧༧
1197
1234-61
༼
5
༩༦- ༢༦༣
1861-85
༼ ༨ ༤- ༨༩༣
1871
1881
1885
༼ ༨༣༣- ༩༠༤ ༩༠༤
1891
༼ ༨༦༤- ༩༣༣
1949
6
༤
༤
1953
༦
17/5/1956
༢༥༠༠ ༦
1959
7