BOD-KYI-DUS-BA B འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་ བྱམས་པ་སྨོན་ལམ་ལགས་སུ་བཅར་འདྲི།
TIBET TIMES གསར་སྙིང།
སྤྱི་འཐུས་ཀྱི་འབོད་སྐུལ།
ཚེས་ ༡༧ ཉིན་བོད་མི་མང་སྤྱི་མཐུས་རྒྱུན་ ལས་ཀྱིས་འགྲོ་བ་མིའི་ཐོབ་ཚོགས་པ་ཁག་ དང་བོད་དོན་རྒྱབ་སྐྱོར་བ་ཚོར་རྒྱ་གཞུང་ གིས་ཁམས་ཉག་ཆུའི་ཁུལ་དུ་བོད་མི་ཚོས་ ཞི ་ བའི ་ ངོ ་ རྒོ ལ ་བྱས་པ་དེ ར ་དྲག་སྤྱོ ད ་ཀྱི ་ ལས་འགུལ་སྤེལ་བ་དེ་དག་མཚམས་འཇོག་ དགོས་པའི་རྒྱ་ཁྱབ་ཀྱི་འབོད་སྐུལ་ཞིག་ཞུས་ ཡོད་འདུག འབོད་སྐུ་ཞུ་དོན་གཙོ་བོ་ནི་ཉེ་ ཆར་བོད་མི་བདུན་སྤྲུལ་སྐུ་བསྟན་འཛིན་བདེ་ ལེགས་རིན་པོ་ཆེར་མཇལ་དུ་འགྲོ་སྐབས་རྒྱ་ གཞུང་གིས་ཁོང་རྣམས་ལ་གཅར་རྡུང་གིས་ འཛིན་བཟུང་བྱས་སྟབས། ས་ཁུལ་དེའི་བོད་ མི་ ༩༠ ལྷག་རྫོང་ལས་ཁུངས་སུ་མཉམ་ འཛོམས་ཐོག་བོད་མི་དེ་དག་སྤྲུལ་སྐུ་མཆོག་ ལ་མཇལ་དུ་ཡོང་བ་ཞིག་ལས་ངོ་རྒོལ་བྱེད་ དུ་འོང་བ་མིན་པས། ངེས་པར་དུ་གློད་དགོས་ ཚུལ་གྱི་རེ་བ་ཞུས་ཀྱང་རྒྱ་གཞུང་གིས་ཁོང་ ཚོར་ཡང་རྡུང་རྡེག་གིས་འཛིན་བཟུང་བྱས་ ཡོད་པ་དེ་དག་གློད་ཐབས་སུ་ཡིན་འདུག
འཛམ་གླིང་གི་སྣེ་མོ་གསུམ་པ།
ཕྱི་ཚེས་ ༡༤ ཉིན་རྒྱལ་ཁབ་ ༡༦ ལྷག་གི་ གྲོས་ཚོགས་འཐུས་མི་རྣམས་ཀྱིས་མཉམ་ འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ ལྡོག་གི་དབུ་ཁྲིད་ཀྱི་མཚན་ཐོག་ལ་ཡི་གེ་ ཞིག་ཕུལ་ཏེ། གོ་ལ་རང་བཞིན་གྱི་ངོ་བོར་ འཕེལ་བཞིན་པའི་བོད་ནང་གི་གནམ་གཤིས་ འགྱུར་ལྡོག་གི་གནད་དོན་ཐོག་འགན་བབ་ ཡོད་པའི་གྲོས་མོལ་བྱ་དགོས་པའི་འབོད་ སྐུལ་ཞུས་ཡོ ད ་པ་རེ ད ། ཡི ་ གེ ་ དེ འི ་ ནང་ འཛམ་གླིང་གི་སྣེ་གསུམ་པ་དེར་དོ་སྣང་བྱ་ རྒྱུའི་འབོད་སྐུལ་ཞུས་ཡོད་ལ། བོད་ནི་ཨར་ ཁི་ཊེ་ཁུ་དང་ཨེ་ཊི་ལན་ཊི་ཀི་གཉིས་ཕུད་པའི་ འཛམ་གླིང་གི་འཁྱགས་ཀླུང་ཆེ་ཤ ོས་དེ་ཡིན་ ཅེས་བཤད་ཡོད།
ཤེས་རིག་ཚོགས་ཆེན།
ཕྱི་ཚེས་ ༢༧ ཉིན་ནས་ཉིན་གསུམ་རིང་བོད་གཞུང་ ཤེས་རིག་ལས་ཁུངས་ཀྱི་སྐབས་ལྔ་བའི་ཤེས་རིག་
ཚོགས་ཆེན་དེ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་
འཚོགས་གཏན་འཁེལ་ཡོད་ལ་དེའི་སྟེང་བཙན་ བྱོལ་བོད་མིའི་ཤེས་རིག་ཁྱབ་ཁོངས་སུ་ཡོད་པའི་
འབྲུག་དང་འབྲས་ལྗོངས། བལ་ཡུལ་སོགས་འདུས་
པའི་སློབ་གྲྭ་ཡོངས་ཀྱི་འཛིན་སྐྱོང་འགན་འཛིན་དང་
སློབ་སྤྱི། དགེ་ཆོས། དེ་བཞིན་མཐོ་རིམ་དང་དམའ་ རིམ་སློབ་གྲྭའི་དགེ་རྒན་གྱི་འཐུས་ཚབ་དང་ཟློས་
གར་དགེ་རྒན་གྱི་འཐུས་ཚབ། སྒེར་ངོས་ནས་
གསར་འཛུགས་བྱས་པའི་སློབ་གྲྭ་ཁག་གི་སྐུ་ཚབ་ བཅས་ཁྱོན་བསྡོམས་ཚོགས་བཅར་བ་ ༢༥༠ ལྷག་ འདུ་འཛོམས་བྱ་འཆར་ཡོད་པ་རེད།
བསམ་ཤག ོ
ད་ལྟའི་ཨ་རི་དང་འཛམ་གླིང་གི་གནས་བབ་ལ་
བལྟས་ན་སྲིད་འཛིན་ཨོ་བྷ་མ་མཆོག་འཛམ་གླིང་གི་ ཞི་བདེའི་དེད་དཔོན་ཞིག་ཏུ་འགྱུར་རྒྱུ་རེད་དམ། རེད། ༩.༡༤ % ཁག་པོ་རེད། ༦༠.༩༧% མ་རེད། ༢༤.༣༩ % མི་ཤས ེ ། ༥.༥༠ %
བསམ་ཤོག་འཕེན་མཁན་ ༡༦༤ བྱུང་།
སྤྱིའི་འདོན་ཐེངས་ ༤༧༠ ལོ་ ༡༤ གྲངས་༣༥ ༢༠༠༩ / ༡༢ / ༢༠
འཛམ
་གླིང་ཧྲིལ་བོའ ི་གནམ་གཤིས་ ལ་འགྱུར་ལྡོག་འགྲོ་བ་དང་ བསྟུན་ཏེ། སའི་གོ་ལའི་སྣེ་མོ་གསུམ་པ་བོད་ ཡུལ་མདོ་དབུས་མཐོ་སྒང་གི་ཚ་དྲོད་འཕར་ཏེ། སྔོན་མའི་གངས་ཀྱི་ར་བ་གཡའ་བྲག་གི་ར་བར་ གྱུར་ཞིང་། མཚོ་དང་མཚེའུ་གྲམ་པར་གྱུར། རྩྭ་ ཐང་དང་སྤང་ལྗོངས་བྱེ་ཐང་དུ་འགྱུར་བཞིན་པའི་ ཛ་དྲག་གཉན་འཕྲང་གི་གནས་བབ་དེར་བཙན་ བྱོལ་བོད་མི་ཚོས་ཟིན་ཐོར་བཏབས་ཏེ་རྒྱལ་ སྤྱིར་སྒྲོག་གིན་ཡོད། ཟླ་འདི འི ་ ཚེ ས ་ཉི ན ་བོ ད ་གཞུང་ ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་བོད་ནང་གི་ གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྙན་ཐོ་ཞིག་ འགྲེམས་སྤེལ་བྱས་ཡོད་ལ། དེ་ནི་ཕྱི་ཚེས་ ༧ ནས་མགོ་འཛུགས་ཀྱིས་ཌན་མག་གི་རྒྱལ་ས་ཁོ་ པེན་ཧ་གྷན་དུ་གནམ་གཤིས་འགྱུར་ལྡོག་སྐོར་ ལ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཚོགས་ཆེན་ དེ་དང་བསྟུན་ཏེ། འཛམ་གླིང་གི་སྣེ་མོ་གསུམ་ པར་འབོད་པའི་བོད་ནང་གི་དྲོད་ཚད་རྒྱས་པ་ དང་གནམ་གཤིས་འགྱུར་བ། ཁོར་ཡུག་ཉམ་ ཆགས་བཅས་ལ་ཞིབ་འཇུག་བྱས་པའི་དངོས་ ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ སྟོན་ཆེད་ཡིན་འདུག ཌན་མག་ནང་ཚོགས་ བཞིན་པའི་རྒྱལ་སྤྱིའ་ི གནམ་གཤིས་འགྱུར་ལྡོག་ ཚོགས་ཆེན་དེ་ནི་ཟླ་འདིའི་ཚེས་ ༧ ནས་ ༡༨ བར་འཚོགས་ཀྱིན་ཡོད་པ་དང་། ཚོགས་ཆེན་ དེའི་སྟེང་ཕྱི་ལོ་ ༡༠༡༢ ནས་ ༢༠༢༠ བར་གནམ་ གཤིས་འགྱུར་ལྡོག་ཐད་ཐུན་མོང་གི་གྲོས་ཆོད་ ཅིག་འཇོག་འཆར་ཡོད་འདུག ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་
HP/04/DMA Valid Upto 31/12/2011
ཉིན་བཅུ་རེའི་གསར་ཤོག
མདོ་དབུས་མཐོ་སྒང་ལ་ཚ་རླབས་འཕྱུར་བའི་ཟིན་ཐོ།
འགོད་པ་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་དུ་བཅར་ ཏེ། ཉམས་ཞིབ་པ་དོན་འགྲུབ་སྒྲོལ་མ་ལགས་སུ་ ཉེ་ཆར་འགྲེམས་སྤེལ་བྱས་པའི་སྙན་ཐོ་དེ་དང་ འབྲེལ་ཏེ་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ ལྡོག་སྐོར་དང་། བོད་ནང་གི་དྲོད་ཚད་བཅས་ཀྱི་ སྐོར་ལ་བཅར་འདྲི་ཞུས་སྐབས། ཐོག་མར་ཁོང་ མོས་སྙན་ཐོ་དེའི་སྐོར་སྤྱི་ཡོངས་ནས་ངོ་སྤྲོད་ གནང་དོན། བོད་ནང་གི་གནམ་གཤིས་སྐོར་གྱི་ སྙན་ཐོ་དེ་དབྱིན་ཡིག་ནང་བྲིས་ཡོད། མ་འོངས་ པར་བོད་ཡིག་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད། བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་ལོ་ ༢ རིང་ཉམས་ཞིབ་བྱས་ཏེ། ཉེ་ཆར་མཉམ་འབྲེལ་
རྒྱལ་ཚོགས་ཀྱི་གོ་སྒྲིག་འོག ཌན་མག་གི་རྒྱལ་ ས་ཁོ་པེན་ཧ་གྷན་དུ་གནམ་གཤིས་འགྱུར་ལྡོག་ སྐོར་ལ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་འཚོགས་ ཀྱིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ་འགྲེམས་ སྤེལ་བྱས་པ་རེད། ཅེས་བརྗོད་བྱུང་། དོན་གྲུབ་སྒྲོལ་མས་སྙན་ཐོ་དེའི་ དགོས་དམིགས་སྐོར་བརྗོད་དོན། ད་ཆར་བོད་ ནང་གི་གནམ་གཤིས་དྲོད་ཚད་ནི་ལོ་རེ་ནས་ ལོ་རེར་ཧ་ཅང་ཉེན་ཚབས་ཅན་དུ་འགྱུར་བཞིན་ ཡོད། འཛམ་གླིང་སྤྱིའི་དྲོད་ཚད་ ༠ ,༠༣ དང་ བོད་ནང་གི་དྲོད་ཚད་ ༠ , ༣ ཙམ་ལ་འཕར་ཡོད་ སྟབས། ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་
་ལོ་ ༢༠༠༨ ཟླ་བ་ ༣ ནས་ད་བར་བོད་མི་
སྒེར་སྡོམ་གྱི་དབང་སྒྱུར་དང་རིག་གཞུང་དང་མི་
བཟུང་ངམ་བཀག་ཉར་བྱས་ཡོད། བོད་མི་༩༩༠
བཅས་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་
ཚོ་མ་ཡིན་པའི་བོད་མི་ཅི་ཙམ་ཚེ་ལས་འདས་པ་
སྡིངས་ཆར་བསྐྱལ་རྒྱུ་དང་། གནམ་གཤིས་ལ་ དོ་སྣང་ཡོད་མཁན་སུ་ཡིན་རུང་ཞིབ་འཇུག་གི་ གཞི་རྩ་ཡོད་པ་ཞིག་ལ་བསམ་བློ་བཏང་བ་ཡིན། དེ་བཞིན། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་ བོད་ཀྱི་ཁོར་ཡུག་ལ་མཁྱེན་རྟོགས་དེ་ཙམ་མེད་ སྟབས། ཁོང་ཚོར་བོད་ཀྱི་ཁོར་ཡུག་ལ་སེམས་ འཚབ་ཀྱང་དེ་ཙམ་ཡོད་པ་མ་རེད། ཁོང་ཚོར་ སྐུལ་སློང་དང་བོད་ཀྱི་ཁོར་ཡུག་སྐོར་ལ་གོ་ རྟོགས་སྤེལ་ཆེད་བཅས་ཡིན་ལ། ལྷག་པར་དུ་ རྒྱ་གར་མི་མང་ལ་བོད་ཀྱི་ཁོར་ཡུག་དང་གནམ་ གཤིས་སྲུང་སྐྱོབ་ཀྱི་གལ་ཆེའ་ི རང་བཞིན་ངོ་སྤྲོད་ བྱ་ཆེད་ཡིན་ཟེར།
གསར་རིན་ཧིན་སྒོར་ ༥
ཁོ་མོས་སྙན་ཐོའ་ི ནང་དོན་སྐོར་བརྗོད་ དོན། དེབ་འདིའི་ནང་དོན་ཚན་ཁག་ ༣ ཙམ་ ལ་བགོས་ཡོད། ལེའུ་དང་པོར། བོད་ནང་ འཁྱགས་རོམ་མང་བ་དང་ཆུ་བོ་ཆེན་པོ་དག་ གི་འབྱུང་ཁུངས་ཡིན་པ། ནགས་ཚལ་དང་རྩྭ་ ཐང་ཆེན་པོ་མང་བ་བཅས་ཀྱིས་རང་བྱུང་ཁོར་ ཡུག་སྲུང་སྐྱོབ་ལ་ཞབས་ཞུའི་ནུས་པ་འཐོན་ གྱིན་ཡོད་སྟབས། མདོ་དབུས་མཐོ་སྒང་དེ་ འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེན་ཡིན་ཚུལ། ལེའུ་གཉིས་པར། རྒྱ་ནག་གིས་དུག་རླངས་དང་ སོལ་རླུང་། དུ་བ་སོགས་ཕོན་ཆེན་བར་སྣང་ལ་ བཏང་བའི་རྐྱེན་གྱིས་བོད་མཐའ་ཁོར་གྱི་གངས་ འཁྱགས་ཞུ་སྟེ། འཛམ་གླིང་སྤྱིའི་གནམ་གཤིས་ འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ པ་དང་། བྱེ་བྲག་བོད་ནང་གི་མཚོ་དང་མཚེའུ་ བསྐམས་པ། རྒྱུག་ཆུ་ཆད་པ། རྩྭ་ཐང་དང་སྤང་ ལྗོངས་བྱེ་ཐང་དུ་འགྱུར་གྱིན་ཡོད་པའི་སྐོར། ལེའུ་གསུམ་པར། སྤྱིར་འཛམ་གླིང་གི་ཁོར་ ཡུག་ལ་འགྱུར་ལྡོག་མང་པོ་ཞིག་འགྲོ་བཞིན་ ཡོད་ཀྱང་། དེ་ལ་རང་བྱུང་གི་འགྱུར་བ་ཞིག་དང་ ། མིས་བཟོས་པའི་འགྱུར་བ་བཅས་གཉིས་ཡོད་ ལ། མིས་བཟོས་པའི་འགྱུར་བ་དེར་ཡང་མི་སྒེར་ སོ་སོའ ི་བྱས་ཉེས་ཀྱིས་འགྱུར་བ་དང་། རྒྱལ་ ཁབ་གཞུང་གི་སྲིད་བྱུས་ཀྱིས་འགྱུར་བ་སོགས་ ལ་ངོས་འཛིན་སྟངས། མཇུག་ཏུ་དཀའ་ངལ་དེ་ དག་འགོག་ཐབས་ཀྱི་དགོངས་འཆར་ཁ་ཤས་ བཅས་བཀོད་ཡོད་ཅེས་ངོ་སྤྲོད་གནང་བྱུང་། ཡང་གསར་འགོད་པས་སྙན་ཐོ་དེའི་ནང་ གི་རྒྱུ་ཆ་ཇི་ལྟར་འཚོལ་བསྡུ་བྱས་སྐོར་དྲིས་
འཕྲོས་ཤ ོག་ངོས་ ༥ པར་གཟིགས།
བོད་མི་ ༢༢༨ འདས་གྲོངས་སུ་ཕྱིན་ཡོད། ཨ་ལཌ་འཛིན་བཟུང་བྱས་འདུག
ཕྱི
༢༢༨ མནར་གཅོད་ཀྱིས་འདས་གྲོངས་སུ་
ཕྱིན་འདུག དེའི་ནང་གི་མི་ ༡༡༨ གྱི་མིང་དང་
བྱུང་ཡོད། མི་ ༣༧༡ བཙོན་འཇུག་ཁྲིམས་ཐག་ བཅད་པ་དང་། མི་ ༤༦༥༧ འཛིན་བཟུང་ངམ་ བཀག་ཉར་བྱས་ཡོད། མི་ ༩༩༠ གར་སོང་ཆ་
མེད་དུ་གྱུར་བར་མ་ཟད། མི་ ༡༢༩༤ ཙམ་ལ་ རྨས་སྐྱོན་ཕོགས་ཡོད།
༧གོ ང ་ས་མཆོ ག ་ལ་ནོ ་ སྦེ ལ ་ཞི ་ བདེ འི ་ གཟེངས་རྟགས་ཕུལ་ནས་ལོ་ ༢༠ འཁོར་བའི་
དུས་དྲན་དེ་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་ འབྲེལ་ཐོག་སྲུང་གཙི་གནང་ཡོད། བོད་གཞུང་
ཆོ ས ་རི ག ་བཀའ་བློ ན ་ཚེ ་ རི ང ་ཕུན་ཚོ ག ས་ མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོག་
སྦྱོང་གནང་དོན། སྔར་ལོ་བོད་ནང་ཞིི་རྒོལ་བྱུང་ བ་ནས་བཟུང་རྒྱ་ནག་ནང་བློ་གཟུ་བོར་གནས་ པའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ། གཞན་
སྤྱི ར ་བཏང་གི ་ མང་ཚོ ག ས་ཀྱིས ་རྒྱ་ནག་གི་ དྲིལ་བསྒྲགས་རྫུན་མ་ལ་མགོ་མ་འཁོར་བར་
གསལ་སྟོན་གྱི་སྙན་ཐོ་ཡོངས་གྲགས་སུ་བཏོན་ པ་དང་། རྒྱ་གཞུང་གིས་བརྒྱུད་ལམ་ཁག་བཀག་
འགོག་བྱས་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་གྱི་
རྩོམ་ཡིག་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ ཡོད། འདི་ལོའ ི་ཟླ་ ༨ པར་སུད་སིར་ཚོགས་ པའི་བོད་རྒྱའི་ཚོགས་ཆེན་སྟེང་ཐུན་མོང་གི་
བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་ལྟའི་བོད་
ཀྱི་གནད་དོན་གྱི་འབྱུང་རྩ་ནི་བོད་རྒྱ་མི་རིགས་
གཉིས་དབར་གྱི་གདོང་ཐུག་ལས་བྱུང་བ་མིན་ པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱིས་བོད་ལ་ལག་བསྟར་བྱས་པའི་སྲིད་དབང་
རིགས་རྩ་གཏོར་གྱི་བྱེད་བབ་ལས་བྱུང་བ་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་
ཞེས་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ གྱི་མེད། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་
མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཚུལ་བཤད་
ཡོད། འདི་ལོའ ི་ཟླ་ ༡༡ པར་རོམ་དུ་ཚོགས་པའི་
འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ ཚོགས་འདུ་བསྐངས་པའི་སྐབས་དེར་༧གོང་ས་
མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་དོན་ལྡན་
གྱི་གྲོས་མོལ་མགོ་འཛུགས་པར་རྒྱལ་སྤྱིའི་གནོན་ ཤུགས་སྤྲོད་དགོས་པ་དང་། བོད་ཕྱོགས་ནས་ རང་སྐྱོང་སྐོར་གྱི་ཡིག་ཆ་ཕུལ་ཟིན་པ་དེར་མཇུག་
སྐྱོང་རྒྱུ། དེ་བཞིན་ནོ་སྦེལ་གཟེངས་རྟགས་བཞེས་
མཁན་བརྒྱད་ཀྱིས་བོད་དོན་རྒྱབ་སྐྱོར་ཞུས་པའི་ བསྒྲགས་གཏམ་སྤེལ་བ་དང་ཉེ་ཆར་ཡང་སྲིད་
འཛིན་ཨོ་བྷ་མས་པེ་ཅིན་ནས་ཧུའུ་ཅིན་ཐོ་ལ་ཐུག་ སྐབས་བོད་དོན་སྐོར་ནན་བཤད་བྱས་ཡོད་པ་ སོགས་ཀྱི་གྲུབ་འབྲས་ཐོན་ཡོད། ཅེས་གསུངས་
བྱུང་ལ། གཞན་ཡང་སྔར་ལོར་བོད་ས་ཡོངས་ སུ་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་
གདུག་རྩུབ་ཆེན་པོའ ི་དྲག་གནོན་འོག་མི་ཅི་ཙམ་ ཤི་སྐྱོན་བྱུང་བའི་ཞིབ་ཕྲའི་གནས་ཚུལ་དེ་རེད།
འདི་ལོའ ི་ཕྱི་ཟླ་ ༡༠ ཚེས་ ༢༧ ནང་ཚུད་དུ་ང་
ཚོར་ཐོབ་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་ གཞིགས་ན། ཕྱི་ལོ་ ༢༠༠༨ ལོའ ི་ཟླ་བ་ ༣ ནས་ ད་བར་བོད་མི་ ༢༢༨ མནར་གཅོད་ཀྱིས་འདས་ གྲོངས་སུ་ཕྱིན་འདུག དེའི་ནང་མི་ ༡༡༨ གྱི་མིང་
དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་ཤས ེ ་རྟོགས་ བྱུང་ཡོད། བོད་མི་ ༣༧༡ བཙོན་འཇུག་ཁྲིམས་
བཅད་བཏང་པ་དང་། བོད་མི་ ༤༦༥༧ འཛིན་
གར་སོང་ཆ་མེད་དུ་གྱུར་བ་མ་ཟད། བོད་མི་
༡༢༩༤ ཙམ་ལ་རྨས་སྐྱོན་ཕོགས་པ་རེད། ཁོང་ དང་བཙོན་དུ་བཅུག་པ། སྡུག་སྦྱོང་མནར་གཅོད་
འོག་ད་དུང་གནས་ཡོད་སུས་ཤེས་ཐུབ། ལྷག་
པར་ ༧ཀུན་གཟིགས་པན་ཆེན་ཆུང་སྲིད་དགེ་ འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་ཆུང་
བྱིས་པའི་དུས་ནས་མཉམ་འབྲེལ་རྒྱལ་ཚོགས་
ཀྱིས་གཏན་འབེབས་བྱས་པའི་བྱིས་པའི་ཐོབ་ ཐང་ཙམ་ཡང་སྲུང་གཙི་མེད་པར་བཙན་འཕྲོག་ བྱས་ཏེ། ད་ཆ་དགུང་ལོ་ཉི་ཤུར་ཉེ་བར་སླེབས་
ཀྱང་སྤྱི་མང་གི་ཐོབ་ཐང་མ་འཐོབ་པར་དུས་ད་ ལྟ་ཡང་འཚོ་བཞུགས་དང་གར་ཡོད་ཆ་མེད་ལ་
གནས་ཡོད་པ་དེར་བློ་འཚབ་ཆེན་པོ་ཡོད་པ་མ་ ཟད། ཆུང་སྲིད་རིན་པོ་ཆེ་དབུས་པའི་ཉེས་མེད་
ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་
དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། ཉེ་བའི་
ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཁུངས་ ལྡན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་
སར་སྔ་ལོའ ི་ཞི་རྒོལ་དང་འབྲེལ་བའི་བོད་མི་བློ་ བཟང་རྒྱལ་མཚན་དང་ལོ་ཡག་གཉིས་འཕྲལ་
མར་སྲོག་ཐོག་དང་རྐང་བཙུགས་དང་བསྟན་ འཛིན་ཕུན་ཚོགས། བུ་མོ་སྤེན་སྐྱིད་བཅས་བོད་
མི ་ གསུམ་ལོ ་ གཉི ས ་དུས་འགྱངས་ཀྱི ་ སྲོ ག ་ ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཅིང་། ད་ དུང་བོད་ཀྱི་ས་ཁུལ་གཞན་དུའང་བོད་མི་འཛིན་
བཟུང་དང་སྲོག་ཐོག་ལ་བཏང་བའི་གནས་ཚུལ་
གོ་ཡོང་གི་འདུག མཐའ་མར་རྒྱ་ནག་གཞུང་
གི་ད་ལྟའི་མགོ་ཁྲིད་པ་ཚོས་ངེས་པར་དུ་བོད་
རྒྱ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་དང་རྒྱ་ནག་
འཕྲོས་ཤོག་ངོས་ ༣ པར་གཟིགས།
ཟླ
་འདིའི་ཚེས་ ༦ ཡས་མས་སུ་རྒྱ་གཞུང་ གིས་རྔ་བ་སྒོ་མང་དགོན་པའི་ཨ་ལགས་
འཇམ་དབྱངས་ཆོ ས ་གྲགས་ལགས་འཛི ན ་ བཟུང་བྱས་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་ ༣ པ་ནས་
བཟུང་། རྒྱ་གཞུང་གི ས ་ཨ་ལགས་འཇམ་
དབྱངས་ཆོས་གྲགས་ལགས་འཛིན་བཟུང་བྱ་ རྒྱུའི ་ བཀའ་རྒྱ་དང་བསྒྲགས་གཏམ་མང་བོ ་ སྤེལ་ཡོད་པར་མ་ཟད། ཁོང་རྩིས་སྤྲོད་བྱེད་
མཁན་ཡོ ད ་ན་རྔན་པ་སྤྲོ ད ་རྒྱུ་ཡི ན ་ལུགས་ སོ ག ས་ཀྱི ་ གསལ་བསྒྲགས་ཀྱང་མང་བོ ་ བཀྲམས་ཡོད་འདུག
ཡི ན ་ནའང་། ཨ་ལགས་འཇམ་
དབྱངས་ཆོ ས ་གྲགས་ལགས་རྒྱ་གཞུང་གི ་
ཉེ ས ་མེ ད ་ཁྲི མ ས་ཆད་དེ ར ་གཡོ ལ ་ཆེ ད ་ལོ ་ སྔོན་མའི་ཕྱི་ཟླ་གསུམ་པའི་ནང་བོད་ཁམས་
ཡོ ང ས་སུ་བྱུང་བའི ་ ཞི ་ རྒོ ལ ་ཆེ ན ་མོ འ་ི རྗེ ས ་ ནས་བཟུང་མི་མེད་ལུང་སྟོང་གི་རི་སྒང་དང་
ནགས་ཚལ་སོགས་སུ་བྲོས་བྱོལ་བྱས་ཡོད་
པ་དང་། གནས་སྐབས་དེའི་རིང་ཁོང་གིས་
ཕྱི ་ ཕྱོ ག ས་སུ་འབྲོ ་ ཨེ ་ ཐུབ་ལ་ཐབས་ཤེ ས ་ མང་བོ ་ བྱས་ཡོ ད ་ནའང་། རྒྱ་གཞུང་གི ས ་
ཡུལ་ཕྱོགས་གང་སར་ཁོང་ཉིད་འཛིན་བཟུང་ གི་བཀའ་རྒྱ་བཀྲམས་པར་མ་ཟད། རྒྱ་གཞུང་
གིས་ཉེན་རྟོག་པ་ཆེད་མངགས་ཀྱིས་ཁོང་གར་
ཡོད་བརྩད་གཅོད་དང་། དམ་དྲག་ནན་མོ་བྱས་ པར་བརྟེན། ཟླ་འདིའི་ཚེས་ ༦ ཡས་མས་སུ་ ཁོང་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་ཉེས་ པ་ངོས་ལེན་བྱས་ཀྱང་། རྒྱ་གཞུང་གིས་ཁོང་
ཐར་བར་མ་བཏང་བར་བཀག་ཉར་བྱས་ཡོད་ འདུག
བོ ད ་ནང་ནས་གནས་ཚུལ་མཁོ ་
སྤྲོད་པས་བརྗོད་པ་ལྟར་ན། ཨ་ལགས་འཇམ་
དབྱངས་ཆོས་གྲགས་ལགས་ཟླ་འདིའི་ཚེས་
༦ ཡས་མས་སུ་རྔ་བ་རྫོང་ཉེན་རྟོག་ཁང་དུ་ ཕེབས་ནས་ཉེས་པ་ངོས་ལེན་བྱས་ཡོད་ཀྱང་།
རྒྱ་གཞུང་གིས་ཁོང་ཐར་བར་མ་བཏང་བར་ད་
སྐབས་རྔ་བ་ཁུལ་གྱི་ཁྲིམས་ཁང་ནང་ཁྲིད་ཡོད་ པ་དང་། ཁོང་ལ་གཉེན་ཉེ་དང་ནང་མི་སོགས་
མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་མི་འཇུག་
པར་མ་ཟད། རྔ་བ་ཁུལ་གྱི་ཁྲིམས་ཁང་གིས་ རིང་མིན་ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་ ཀྱང་བརྗོད་ཡོད་འདུག
ཨ་ལགས་འཇམ་དབྱངས་ཆོ ས ་
གྲགས་ལགས་རྒྱ་གཞུང་གི ས ་འཛིན་བཟུང་
བྱེད་རྐྱེན་གཙོ་བོ་ནི། ལོ་སྔོན་མར་རྔ་བ་ཁུལ་ སྒོ་མང་དགོན་པའི་ནང་གྲྭ་མང་གིས་རྒྱ་གཞུང་ ལ་ངོ་རྒོལ་བྱས་པ་དེའི་མགོ་ཁྲིད་མཁན་ཁོང་
ཡིན་པ་དང་། སྐབས་དེར་དྲག་ཆས་ཉེན་རྟོག་
པ་ཡོང་ནས་ཁོང་གི་གྲྭ་ཤ ག་ནང་སྔོག་བཤེར་ བྱེད་སྐབས། ཨ་ལགས་འཇམ་དབྱངས་ཆོས་
གྲགས་ལགས་རྒྱ་གར་དུ་ཕེབས་ནས་༧གོང་ ས་མཆོ ག ་དང་མཉམ་དུ་སྐུ་པར་ཞི ག ་སྐྱོ ན ་
ཡོད་པ་དེའི་ནག་ཉེས་འོག་འཛིན་བཟུང་བྱས་ པ་ཞིག་ཡིན་འདུག
ཨ་ལགས་འཇམ་དབྱངས་ཆོ ས ་
གྲགས་ལགས་ད་ལྟ་དགུང་ལོ་ ༢༨ ཡིན་ཞིང་། ཕ་ཡུལ་རྔ་བ་སྒོ་མང་མཐའ་བ་ནས་ཡིན་འདུག ཁོང་ཆུང་དུས་ནས་བཟུང་རྔ་བ་སྒོ་མང་དགོན་
དུ་ཞུགས་ནས། ནང་ཆོས་དང་བོད་ཀྱི་ཐ་སྙད་
རིག་གནས་སྐོར་ལ་སློབ་གཉེར་བྱས་ཡོད་པར་
མ་ཟད། ལོ་འགའི་སྔོན་རྒྱ་གར་དུ་ཕེབས་ནས་ ༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཕྱིར་ བོད་དུ་ཕེབས་ཡོད་འདུག