2014 9 10

Page 1

BOD-KYI-DUS-BA B སྤྱིའི་འདོན་ཐེངས་ ༦༣༨

TIBET TIMES གསར་སྙིང།

༧གོང་ས་མཆོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་ ༢༠ དང་ ༢༡ བར་ཉིན་གྲངས་

གཉིས་རིང་༧ གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ ལིའི་ཧེ་ཡ་རི་ཇོན་སིན་གསོལ་མགྲོན་ཁང་དུ། རྒྱ་

གར་རྒྱལ་ཡོངས་མངའ་སྡེ་འདྲ་མིན་ ༢༤ ལྷག་ གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་ཆེད་

མཁས་མི་སྣའི་ལྷན་ཚོགས་སྟེང་དབུ་བཞུགས་ གནང་འཆར་ཡོད་འདུག

བོད་དོན་ལས་འགུལ།

ཟླ་འདིའི་ཚེས་ ༣ ཉིན་སུད་སིར་གནས་སྡོད་

ལྷུན་འགྲབ་ཚང་ཀརྨ་བཀྲིས་ཚེ་རིང་དང་། སྟག་ ཚང་དཀོན་ཅོག བཀྲ་བསྟན་ཚང་བཅས་ནང་མི་ གསུམ་གྱིས་ཇི་ནི་ཝའི་རྒྱལ་ཚོགས་མདུན་དུ་

ལས་འགུལ་ཐེངས་ ༣༣ པ་སྤེལ་ཡོད་འདུག

ཐེ ང ས་འདི འི ་ ལས་འགུལ་ནང་ཇི ་ ནི ་ ཝ་བོ ད ་ རིགས་ཚོགས་ཆུང་གི་ཚོགས་མི་སྤྱི་ཁྱབ་དོན་

འགྲུབ་དང་ཆབ་བྲད་ཚང་ལེགས་འཕེལ། ལུ་ཛན་

ཚོགས་ཆུང་གི་ཚོགས་མི་རྒྱལ་ཚང་བཀྲ་ཤ ིས་ལྷ་ མོ་གསུམ་མཉམ་ཞུགས་གནང་ཡོད་འདུག

ཚོང་ལས་གོ་རྟོགས།

ཟླ་འདི འི ་ ཚེ ས ་ ༣ ཉི ན ་ནས་བོ ད ་མི འི ་ སྒྲི ག ་

འཛུགས་དཔལ་འབྱོར་ལས་ཁུངས་བོད་མིའི་ཚོང་

ལས་ཡར་རྒྱས་ཚན་པས་རྒྱ་གར་ལྷོ་ཕྱོགས་བོད་ མིའི་གཞིས་ཆགས་ཁག་ཏུ་བོད་མིའི་ཚོང་ལས་ ཡར་རྒྱས་ཀྱི་རམ་འདེགས་ཞེས་པའི་ལས་གཞི་

སྤེལ་ཏེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་

མང་ཚོགས་ལ་ཚོང་གི་ལས་འཆར་བཟོ་སྟངས་

གཙོས་ཁྲིམས་ལུགས་དང་མཐུན་པའི་ཚོང་ལས་ གཉེར་ཕྱོགས། མ་རྩ་བཀོད་སྒྲིག་བྱེད་ཕྱོགས།

RNI: HPTIB/00002/8/TC-1/01

ཚིག་མཛོད་དབུ་འབྱེད།

ཟླ་འདིའི་ཚེས་ ༣ ཉིན་བོད་ཀྱི་དཔེ་མཛོད་ཁང་

གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤ ེས་ རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ ཐུན་མོ ང ་གི ་ གོ ་ སྒྲི ག ་འོག ངམ་རི ང ་བློ ་ བཟང་ བསྟན་དར་ལགས་ཀྱིས་ཕྱོགས་བསྒྲིགས་གནང་ བའི་བོད་ཀྱི་ཚིག་མཛོད་སྣེ་མང་ཕྱོགས་བསྒྲིགས་ ཀྱི་མཉེན་ཆས་དབུ་འབྱེད་བྱས་ཡོད་འདུག

དགེ་རྒན་ཆེད་ལས་ཀྱི་དྲ་རྒྱ།

ཟླ་འདིའི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་

སྐྱིད་ལས་བྱེད་གསོལ་ཐབ་ཁང་དུ། དགེ་རྒན་ གྱི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་ཀྱི་དྲ་རྒྱ་ (www.tibetanteachers.com) ཞེས་པ་ དབུ་འབྱེད་གནང་སོང་། དེར་སྐུ་མགྲོན་གཙོ་བོ་

ཤེས་རིག་དྲུང་ཆེ་རྣམ་གཉིས་དང་། དྲུང་འཕར། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་

འཛིན། དྷ་ས་གཡས་གཡོན་གྱི་སློབ་གྲྭ་ཁག་གི་ སློབ་སྤྱི་དང་དགེ་རྒན་ཁག་ཅིག་བཅས་ཁྱོན་མི་ ༥༠ ལྷག་འཛོམས་ཡོད་འདུག

བང་རྩེད་འགྲན་བསྡུར།

ཟླ་འདིའི་ཚེས་ ༥ ཉིན་དྷ་ས་མེག་གྷན་གྱི་ཡུལ་ མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་དུས་སྟོན་

དང་སྦྲགས། ཁྲོམ་རྭ་མགོ་འཛུགས་ལོ་ལྟར་བྱེད་

བཞིན་ཡོད་པ་ལྟར། ད་ལོའ ི་དུས་སྟོན་སྲུང་གཙི་

སྐབས་ས་གནས་རྒྱ་གར་ཡུལ་མི་ཚོས་བང་རྩེད་

འགྲན་བསྡུར་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་

མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་སྟེ། བྱ་དགའ་ཐོབ་མཁན་ཨང་དང་པོ་དང་གཉིས་པ་ སོཊ་ལ་བྱ་དགའ་གསོལ་རས་གནང་ཡོད་འདུག

HP/04/DMA Valid Upto 31/12/2014

ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་མཆོག་ལ་བཅར་འདྲི།

གསར་རིན་ཧིན་སྒོར། ༡༠

ཉིན་བཅུ་རེའི་གསར་ཤོག

10

དམངས་གཙོའ་ི ཐོབ་ཐང་དང་མཉམ་དུ་དམངས་གཙོའ་ི ལས་འགན་ཡང་བསྒྲུབ་དགོས།

འི་དུས་དྲན་གྱི་མཛད་ དམངས་གཙོ སྒོའ ི་ཐོག་སྲིད་སྐྱོང་མཆོག་

གིས་དམངས་གཙོའ་ི སྤྱི་ཚོགས་ནང་བསམ་ཚུལ་ མི་འདྲ་བ་ཡོད་པ་དེ་དག་འགལ་རྐྱེན་མ་ཡིན་པར་ མཐུན་རྐྱེན་དུ་བསྒྱུར་རྒྱུ་དམངས་གཙོ་རིང་ལུགས་ ཀྱི་ཁྱད་ཆོས་ཡིན་སྟབས། མང་ཚོགས་ནང་བསམ་ འཆར་སྤེལ་རེས་བྱེད་སྐབས་ཁུངས་ལུང་ལྡན་པ་ གནང་གལ་ཆེ་སྐོར་གསུངས་སོང་། ཟླ་འདིའི་ཚེས་ ༢ ཉིན་དྷ་ས་ཐེག་ཆེན་ཆོས་ གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་ དམངས་གཙོ་དབུ་བརྙེས་ཏེ་ལོ་ ༥༤ འཁོར་བའི་ དུས་དྲན་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའ ི་ སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོས་ ཚོགས་འཐུས་མི་སྐུ་ཞབས་ཤི་རེ་ར་ཝེ་དྷ་ཀུར་ (Shri Ravi Thakur) མཆོག་དང་། བོད་མིའ་ི སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་ འཕེལ་རྒྱལ་མཆོག སྲིད་སྐྱོང་བློ་བཟང་སེང་གེ་ མཆོག་བཅས་ཀྱིས་དབུས་པའི་བཀའ་བློན་རྣམ་པ་ དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་ དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ ཁག་གི་དྲུང་ཆེ་ཆུང་གཙོས་པའི་སྲི་ཞུ་ལས་བྱེད་ དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ མི་སྣ། སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་ མང་བཅས་མི་ ༢༠༠༠ ལྷག་འཛོམས་འདུག མཛད་སྒོའ ི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ རྔ་རོལ་དང་བཅས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་ མང་གཙོའི་གླུ་གཞས་བཏང་བ་དང་། ཚང་མ་སྐུ་ བཞེངས་ཐོག་བོད་ཕྱི་ནང་གཉིས་སུ་བོད་དོན་ལ་ཚེ་ སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་

པར་མྱ་ངན་ཞུས་རྗེས། སྐུ་མགྲོན་གཙོ་བོ་མངའ་ སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤི་རེ་ར་ཝེ་ དྷ་ཀུར་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་པར་བསྐྲུན་གནང་བའི་ ༼བཙན་བྱོལ་ བོད་མིའི་མང་གཙོའི་བྱུང་བ་བརྗོད་པ༽ཞེས་པའི་ དཔེ་དེབ་གཉིས་དབུ་འབྱེད། ཁྲིམ་ཞིབ་པ་ཆེ་བ་ མཆོག་ནས་འདི་ལོ་འབུམ་རམས་པ་ (Ph.D) ཐོན་མཁན། ཝ་ཎ་ལེགས་སྦྱར་གཙུག་ལག་སློབ་ ཁང་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་སློབ་ དཔོན་ཟླ་གྲགས་ཀྱིས་བརྩམས་པའི་གཞུང་གི་ ཐོག་འབུམ་རམས་པ་ཐོན་མཁན་བསྟན་འཛིན་ ཐུབ་བསྟན་ལགས་དང་། ཝ་ཎ་མཐོ་སློབ་ཏུ་ བདག་དང་བདག་མེད་ཀྱི་དཀའ་གནད་གསལ་ བར་བྱེད་པའི་ལེགས་བཤད་སྣང་བའི་རྒྱན་གྱི་ ཐོག་འབུམ་རམས་པ་ཐོན་མཁན་དགེ་བཤེས་ ངག་དབང་བསྟན་འཕེལ་གཉིས་ལ་སྲིད་སྐྱོང་

གཟེངས་རྟགས་དང་ཧིན་སྒོར་ ༢༠༠༠༠ རེའི་ བྱ་དགའ་གནང་སོང་། སྲིད་སྐྱོང་མཆོག་གིས་བོད་པའི་གཏན་ཉིན་ སློབ་གྲྭ་ཁག་ནས་ ༢༠༡༤ ལོར་རྒྱ་གར་རྒྱལ་ ཡོངས་འཛིན་རིམ་བཅུ་གཉིས་རྒྱུགས་སྤྲོད་ནང་ ཚན་རིག་སྡེ་ཚན་གྱི་ཨང་རིམ་རྩེར་སོན་སེ་ལ་ཀུ་ བོད་ཁྱིམ་གྱི་སློབ་མ་བསོད་ནམས་བཟང་མོ་ལགས་ དང་། སྒྱུ་རྩལ་སྡེ་ཚན་གྱི་ཨང་རིམ་རྩེར་སོན་མ་སུ་ རི་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་སྒྲོལ་མ། ཚོང་ རིག་སྡེ་ཚན་ནང་ཨང་རིམ་རྩེར་སོན་སྦེལ་ཀོབ་བོད་ ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་མ་གསུམ་ལ་དགའ་ ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་ཧིན་ སྒོར་ ༢༠༠༠༠ རེ་དང་། ཚན་རིག་ཁོངས་ནས་སེ་ ལ་ཀུ་བོད་ཁྱིམ་གྱི་སློབ་མ་འཆི་མེད་རྡོ་རྗེ་ལགས་ དང་། སྒྱུ་རྩལ་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་ སློབ་མ་ལྷ་རོང་། ཚོང་རིག་ཁོངས་ནས་སྦེལ་

་ལམ་ས་ར་མཐོ་སློབ་ཏུ་གཙུག་ལག་རབ་

མ་ ༦ དང་། རྩོམ་རིག་སྡེ་ཚན་ནང་སློབ་མ་ ༦

རྗེས། དཔྱད་རྩོམ་དང་ངག་རྒྱུཊ་ལ་བསྡོམས་

ཅིང་། འབྲེལ་ཡོད་མི་སྣས་བརྗོད་པ་ལྟར་ན་

ནས་རྒྱུཊ་འབྲས་རྩེར་སོན་ ༣ དང་། རྩོམ་རིག་

གཉིས་པར་སྐར་མ་ ༣༥ བཅས་ལོན་དགོས་

དེབ་སྐྱེལ་བྱེད་ཕྱོགས། ཚོང་འབྲེལ་བྱེད་ཕྱོགས་ སྐོར་གོ་རྟོགས་སྤེལ་ཡོད་འདུག

ལོ་ ༡༩ གྲངས་ ༢༥ ༢༠༡༤ / ༩ / ༡༠

ཉེ

ཀོབ་བོད་ཁྱིམ་གྱི་སློབ་མ་ལྷ་མོ་ཆོས་སྒྲོན་བཅས་ གསུམ་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་ རྟགས་དང་ཧིན་སྒོར་ ༡༥༠༠༠ རེ། ཚན་རིག་ ཁོངས་ནས་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་ འཛིན་ཟླ་སྒྲོན་ལགས་དང་། སྒྱུ་རྩལ་ཁོངས་ནས་ སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ཚེ་ དབྱངས། ཚོང་རིག་ཁོངས་ནས་སྦེལ་ཀོབ་བོད་ ཁྱིམ་གྱི་སློབ་མ་རྟ་མགྲིན་སྒྲོལ་མ་བཅས་གསུམ་ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ དང་ཧིན་སྒོར་ ༡༠༠༠༠ བཅས་ཕུལ་སོང་། སྔོན་འགྲོའ ི་མཛད་རིམ་ཁག་གྲུབ་རྗེས་སྐུ་ མགྲོན་གཙོ་བོ་སྐུ་ཞབས་ཤ་ི རེ་ར་ཝེ་དྷ་ཀུར་མཆོག་ གིས། ཁོང་ནས་༧གོང་ས་མཆོག་གིས་རང་ལོ་ ༡༦ ནས་བོད་མིའ་ི ཆོས་སྲིད་གཉིས་ཀྱི་ཐུཊ་འགན་ བཞེས་པ་དེ་སྐུལ་སློང་ཆེན་པོ་ཞིག་ལ་ངོས་འཛིན་ གནང་གི་ཡོད་པ་དང་། ༧གོང་ས་མཆོག་བོད་ནང་

ཡོད་སྐབས་དམངས་གཙོའ་ི ལམ་སྲོལ་ཐོག་སྐྱོད་ རྒྱུའི་སྐུ་ངལ་གང་མང་བསྐྱོན་ཡང་ལེགས་འགྲུབ་ མ་བྱུང་བར། བཙན་བྱོལ་དུ་འབྱོར་རྗེས་བོད་མི་ ཚོར་མང་གཙོའི་ལམ་སྲོལ་གསར་གཏོད་གནང་ སྟེ། ད་ཆར་འཛམ་གླིང་གི་མིག་དཔེར་འོས་པའི་ དམངས་གཙོའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་ མ་ཟད། ཁོང་འཛམ་གླིང་གི་འཚེ་མེད་ཞི་བ་དང་ ཞི་བདེའི་དེད་དཔོན་ཆགས་པའི་བཀའ་དྲིན་ལ་ བརྟེན་ནས་ཧི་མ་ཅལ་འཛམ་གླིང་གི་ཡུལ་སྐོར་ བ་མང་པོ་ཡོང་ས་ཆགས་ཡོད་པ་དང་། ཡུལ་མི་ དང་བོད་མིའ་ི མཐུན་ལམ་སོགས་ཕྱོགས་ཡོངས་ ནས་ཕན་རླབས་པ་ཆེན་པོ་བྱུང་ཡོད་པ། ཁོང་གི་ ངོས་ནས་བོད་ནང་རང་ལུས་མེར་བསྲེཊ་གཙོས་ པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་ མཉམ་སྐྱེད་ཡོད་པ་དང་། མ་འོངས་པར་བོད་མི་ ཚོས་ལམ་དབུ་མའི་སྲིད་བྱུས་ལ་བརྟེན་ནས་བོད་ དོན་འཐབ་རྩོད་གནང་རྒྱུ་དང་། ཡུལ་མི་དང་བོད་ མིའི་མཐུན་ལམ་སྔར་ལྷག་ཡར་རྒྱས་ཡོང་བའི་ སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་། སྲིད་སྐྱོང་མཆོག་གི་བཀའ་ཤག་གི་གསུང་ བཤད་ནང་། ང་ཚོའ་ི ཕུགས་དམིགས་གང་མྱུར་ བོད་དོན་བདེན་མཐའ་གསལ་ཐབས་དང་མཉམ་ དུ། བོད་དོན་བདེན་མཐའ་མ་གསལ་བར་བཙན་ བྱོལ་དུ་མང་གཙོའ་ི སྒྲིག་འཛུཊ་དང་དེའ་ི ལག་ལེན་ མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས། སྒྲིག་འཛུགས་ཡར་རྒྱས་གཏོང་རྒྱུའི་ཆ་ཤས་གལ་ ཆེ་ཤོས་དམངས་གཙོའི་ཐོབ་ཐང་བེད་སྤྱོད་ལོག་ པར་མི་འགྲོ་བ་བྱ་རྒྱུ་དེ་ཡིན། སྨྲ་བརྗོད་རང་དབང་ ནི་དམངས་གཙོའ་ི རིང་ལུཊ་ཀྱི་ཀ་བ་བཞི་པ་ལྟ་བུ་

འཕྲོས་ཤོག་ངོས་ ༢ གཟིགས།

གཙུག་ལག་རབ་འབྱམས་པ་སྐབས་དང་པོ། ལྷོ་ཨ་ཧྥི་རི་ཀས་ཐོངས་མཆན་བཀག

འབྱམས་པའི་སྡེ་ཚན་གསར་འཛུགས་

གནང་སྟེ་སྐབས་དང་པོའ ི་སློབ་མ་བསྡུས་ཡོད་ ལས་གཞི་འདི་ལེགས་འགྲུབ་བྱུང་ཚེ་མ་འོངས་

པར་འབུམ་རམས་པའི་ཐོག་གོམ་པ་གཉིས་པ་ སྤོ་འཆར་ཡོད་སྐོར་ཡང་བརྗོད་བྱུང་།

འདི་ལོའ ི་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་

བོད་མིའི་སྒྲིག་འཛུཊཤེས་རིག་ལས་ཁུངས་ དང་། དྷ་ས་རིགས་ལམ་སློབ་གཉེར་གྱི་ཡན་ ལག་ས་ར་མཐོ་སློབ་གཉིས་མཉམ་འབྲེལ་ཐོག

ས་ར་མཐོ་སློབ་ནང་གཙུག་ལག་རབ་འབྱམས་ (MA)ཀྱི་སྡེ་ཚན་གསར་པ་ཞིག་བཙུགས་ཡོད་

པ་དེར་སྐབས་དང་པོའ ི་སློབ་མ་བསྡུས་ཏེ་སློབ་

ཁྲིད་དངོས་སུ་མགོ་འཛུགས་གནང་ཡོད་འདུག གཙུག་ལག་རབ་འབྱམས་ལ་ལོ་རྒྱུས་ཆེད་སྦྱོང་ གི་སྡེ་ཚན་གཅིག་དང་རྩོམ་རིག་ཆེད་སྦྱོང་གི་སྡེ་

ཚན་གཅིག་བཅས་རིགས་གཉིས་ཡོད་ཡོད་པ་ ལས། ལོ་རྒྱུས་ཆེད་སྦྱོང་སྡེ་ཚན་གྱི་སློབ་དཔོན་

བསོད་ནམས་རྒྱལ་མཚན་ལགས་དང་། རྩོམ་ རིག་ཆེད་སྦྱོང་སྡེ་ཚན་གྱི་སློབ་དཔོན་སྤྲེལ་ནག་ པ་བློ་གྲོས་དཔལ་བཟང་ལགས་ཡིན་འདུག

གསར་འགོད་པས་ས་ར་མཐོ་སློབ་ཀྱི་དྲུང་ ཆེ་པ་སངས་ལགས་བརྒྱུད་ཤ ེས་རྟོགས་བྱུང་ བར། ལས་གཞི་འདི་ཐོག་མར་དབུ་འཛུགས་

གསལ་བསྒྲགས་སྐབས་སློབ་འཇུག་སྙན་ཞུ་ འབུལ་མཁན་ ༡༤ བྱུང་ཡོད་པ་ལས་གཅིག་

རང་འགུལ་གྱིས་ཕྱིར་འཐེན་དང་། གཞན་ཞིག་ སྐད་ཡིག་གཉིས་པའི་ཡིག་རྒྱུགས་མ་འཕྲོད་པར་

ཕྱིར་འཐེན་བྱས་རྗེས་ལོ་རྒྱུས་སྡེ་ཚན་ནང་སློབ་

བཅས་ད་ལྟ་ཁྱོན་སློབ་མ་ ༡༢ ཙམ་ཡོད་འདུག སློབ་ཕྲུག་དེ་དག་ལས་ལོ་རྒྱུས་ཆེད་སྦྱོང་ཁོངས་

ཆེད་སྦྱོང་ཁོངས་ནས་རྒྱུཊ་འབྲས་རྩེར་སོན་ ༣

བཅས་སློབ་མ་ ༦ གི་སློབ་ཡོན་དགའ་ལྡན་ཕོ་ བྲང་གིས་གནང་གི་ཡོད་པ་དང་། དེའི་འཕྲོས་

ཀྱི་སློབ་མ་ ༦ གིས་ཟླ་བ་རེར་སློབ་ཡོན་ཧིན་

སྒོར་ ༦༥༠༠ རེ་སོ་སོ་སྒེར་ངོས་ནས་སྤྲོད་ དགོས་ཀྱི་ཡོད་འདུག ཐོག་མིའི་འཆར་གཞི་

ལྟར་ན། ལོ་རྒྱུས་སྡེ་ཚན་དུ་སློབ་མ་ ༣ དང་ རྩོམ་རིག་སྡེ་ཚན་དུ་སློབ་མ་ ༣ བཅས་ཁྱོན་

སློབ་མ་ ༦ བསྡུ་འཆར་དང་། སློབ་མ་དེ་དག་

གི་སློབ་ཡོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་

གནང་རྒྱུ་ཞལ་བཞེས་ཐོབ་ཡོད་ཀྱང་། རྗེས་སུ་

སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ཚོས་གྲོས་ བསྡུར་བརྒྱུད་སློབ་ཡོན་སྒེར་ངོས་ནས་སྤྲོད་ཐུབ་ མཁན་ཡོད་ཚེ་སློབ་མ་ ༦ འཕར་སྣོན་བྱས་ཏེ་ སྐབས་དང་པོར་སློབ་མ་ ༡༢ བསྡུ་རྒྱུའི་ཐག་ གཅོད་བྱུང་བ་ཞིག་ཡིན་འདུག

པ་སངས་ལགས་ཀྱིས་སྐབས་དང་པོ་སློབ་

འཇུག་བྱེད་སྟངས་སྐོར་ངོ་སྤྲོད་གནང་བ་ལྟར་

ན། ཐོག་མ་སྙན་ཞུ་རྒྱག་མཁན་ཚོས་ལོ་རྒྱུས་ དང་རྩོམ་རིག་གཉིས་ལས་སོ་སོ་སྡེ་ཚན་གང་

དུ་ཞུགས་འདོད་ཡོད་པ་དེའི་ཐོག་དཔྱད་རྩོམ་ རེ་འབྲི་དགོས་ཤ ིང་། དོ་བདག་གི་དཔྱད་རྩོམ་

དང་འབྲེལ་བའི་ཐོག་ངག་རྒྱུགས་དང་རྨང་གཞིའི་

གནས་ཚད་ཐོག་འབྲི་རྒྱུགས། སྐད་ཡིག་གཉིས་

པ་དབྱིན་ཡིག་དང་རྒྱ་ཡིག ཧིན་རྡུ། ལེགས་ སྦྱར་གང་རུང་ལ་འབྲི་རྒྱུགས་བཅས་བླངས་

ཀྱི་ཡོད་འདུག

ཕྱི

ལག་རབ་འབྱམས་པའི་སློབ་ཡུན་ལོ་ ༢ ཡིན་པ་

ཞུས་ཡོད་ཀྱང་། ཟླ་འདིའ་ི ཚེས་ ༤ ཉིན་ལྷོ་ཨ་ཧྥི་

སྐར་ ༡༠༠ ལས་སྐར་མ་ ༦༠ ལོན་དགོས་པ་ དང་། འབྲི་རྒྱུགས་ལ་སྐར་མ་ ༥༠ ། སྐད་ཡིག་ སློ བ ་དཔོ ན ་བསོ ད ་ནམས་རྒྱལ་མཚན་

ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གཙུག་ དང་། སློབ་དུས་ཧྲིལ་བོ་ཟླ་ ༦ རེ་དུས་ཚིགས་ ༤ ལ་བགོས་ཏེ། ཐོག་མའི་དུས་ཚིགས་གསུམ་

ལ་འཆད་ཁྲིད་དང་། དུས་ཚིགས་མཐའ་མ་དེར་

ཞིབ་འཇུག་བྱེད་དགོས་ཀྱི་ཡོད་འདུག ལོ་རྒྱུས་

ཆེད་སྦྱོང་སྡེ་ཚན་ནང་དུས་ཚིགས་དང་པོར་སྲིད་

པ་ཆགས་པ་ནས་བོད་སིལ་བུར་མ་འཐོར་བར་ གྱི་ལོ་རྒྱུས་དང་། དུས་ཚིགས་གཉིས་པར་བོད་ སིལ་བུར་འཐོར་ནས་དགའ་ལྡན་ཕོ་བྲང་བར།

དུས་ཚིགས་གསུམ་པར་དགའ་ལྡན་ཕོ་བྲང་ནས་

ད་ལྟའི་བར་གྱི་ལོ་རྒྱུས་ཆེད་སྦྱོང་དང་། རྩོམ་ རིག་ཆེད་སྦྱོང་སྡེ་ཚན་ནང་དུས་ཚིགས་དང་པོར་ ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་དང་། གནའ་བོའ ི་ རྒྱ་གར་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་རིག་

ལོ་རྒྱུས་འཆད་ཁྲིད་དང་། དུས་ཚིགས་གཉིས་

པར་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་དང་ ། གནའ་བོའ ི་རྒྱ་གར་རྩོམ་རིག་གཞུང་ལུགས། བོད་ཀྱི་རྩོམ་རིག་གཞུང་ལུགས་སོགས་འཆད་

ཁྲིད། དུས་ཚིགས་གསུམ་པར་རྩོམ་རིག་གཤིབ་ བསྡུར་གྱི་སྐོར་བཅས་ཡིན་འདུག

དྲུང་ཆེ་པ་སངས་ལགས་ཀྱིས་དགེ་རྒན་དང་ སློབ་མ་ཚོར་དམིགས་བསལ་མཐུན་རྐྱེན་གང་

འཕྲོས་ཤོག་ངོས་ ༤ གཟིགས།

་ཟླ་ ༡༠ པའི་ཚེས་ ༡༣ ནས་ ༡༥ ཉིན་བར་

ཅིག་གི་མཚན་འཁོད་སྙན་ཞུ་ཞིག་ལྷོ་ཨ་ཕི་རི་ཀའི་

མན་ཌ་ལར་རྗེས་དྲན་དང་ནོ་བྷེལ་ཞི་བདེའི་ལྷན་

ཤུགས་མང་པོ་ཞིག་བསླེབས་པའི་ལན་དུ་ལྷོ་ཨ་

ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་(Cape

Town) ནང་། སྐུ་གཤེགས་དམ་པ་ནེལ་སན་ ཚོགས་སྐབས་ ༡༤ པ་ཚོགས་འཆར་ཡོད་པར།

༧གོང་ས་མཆོག་གཙོས་པའི་ཞི་བདེའི་གཟེངས་ རྟགས་བཞེས་མཁན་ ༡༣ ཙམ་མགྲོན་འབོད་

རི་ཀའི་གཞུང་གིས་བོད་མིའ་ི སྒྲིག་འཛུགས་ཀྱི་སྐུ་ ཚབ་དོན་གཅོད་བརྒྱུད་༧གོང་ས་མཆོག་ལ་ཐོངས་ མཆན་སྤྲོད་རྒྱུ་མིན་སྐོར་བརྡ་ལན་སྤྲད་ཡོད་འདུག ཀེབ་ཌོན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་པེ་

ཊི་ཤི་ཡ་ཌི་ལི་ལི་ (PATRICIA DE LILLE) ལགས་ཀྱིས་ལྷོ་ཨ་ཧྥི་ཀའི་གཞུང་ལ་སྐྱོན་བརྗོད་ བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རང་ གཞུང་ཕྱི་སྲིད་ལས་ཁུངས་ཀྱི་གནང་ཕྱོགས་འདི་ ནི་ཐབས་སྡུག་ཤག ི ་ཡིན་པ་མ་ཟད། ཐེངས་འདིའ་ི

ནོ་བྷེལ་ཞི་བདེའི་ལྷན་ཚོགས་ཀྱི་བརྗོད་གཞི། ལྷོ་ ཨ་ཕི་རི་ཀའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་

༢༠ འཁོར་བ་དང་འབྲེལ་སྐུ་ཞབས་ནེལ་སན་མན་

ཌེ་ལ་དམ་པ་མཆོག་གི་བྱས་རྗེས་ལ་སྲུང་གཙི་ཞུ་

བ་ཞེས་པ་དང་ཡོངས་སུ་རྒྱབ་འགལ་ཞིག་ཆགས་

ཡོད་སྟབས། ཞིང་གཤེགས་དམ་པ་ནེལ་སན་མན་

ཌེ་ལ་མཆོག་གིས་གཙོས་རྒྱལ་གཅེས་པ་ཚོས་བློས་ གཏོང་འཐབ་རྩོད་གནང་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་

དེ་དག་ཀྱང་ད་ཆ་ཚོང་གི་ཁེ་ཕན་དང་བརྗེ་ལེན་འོག་

འགྲོ་དགོས་པའི་དུས་སྐབས་ཤག ི ་ཆགས་ཡོད་པ་ འདི་ནི་ལྷོ་ཨ་ཕི་རི་ཀའི་ལོ་རྒྱུས་ཐོག་མུན་ནག་གི་ ཉིན་མོ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ཞི་ བདེའ་ི གཟེངས་རྟཊ་བཞེས་མྱོང་མཁན་མི་སྣ་ཁག་

སྲིད་འཛིན་ཛུ་མ་ Zuma ལ་ཕུལ་ཡོད་འདུག

རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་གནོན་

ཧྥི་རི་ཀའི་གཞུང་གིས། ༧གོང་ས་མཆོག་ལ་ཆེ་

མཐོང་ཆེན་པོ་གནང་གི་ཡོད་པ་མ་ཟད། མགོན་པོ་ གང་ཉིད་ནི་ནོ་བྷེལ་ཞི་བདེའ་ི གཟེངས་རྟགས་བཞེས་

པ་པོ་ཞིག་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་ སྟབས། ང་ཚོས་གུས་བརྩི་དང་ཆེ་མཐོང་ཆེན་པོ་ཞུ་

བཞིན་ཡོད། ད་རེབ་ང་ཚོས་ཐོངས་མཆན་མ་སྤྲད་པ་ མིན་པར་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་

བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་ཡོང་བའི་རེ་འདུན་ཞུས་ པ་ཡིན། ཞེས་བརྗོད་འདུག

༡༩༩༦ ལོར་ལྷོ་ཨ་ཧྥི་རི་ཀའི་མི་རིགས་ནག་

པོའ ི་སྲིད་འཛིན་ནེལ་སན་མན་ཌ་ལཱ་མཆོག་གིས་

གདན་འདྲེན་ཞུས་པ་ལྟར་༧གོང་ས་མཆོག་ལྷོ་ཨ་

ཧྥི་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་ཀྱང་ ། ༢༠༠༠ ལོ་ནས་བཟུང་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ ཀའི་འབྲེལ་ལམ་ཇེ་ཟབ་ཏུ་ཕྱིན་པ་དང་བསྟུན་ཏེ།

ལྷོ་ཨ་ཧྥི་རི་ཀས་བོད་ཐོག་འཛིན་པའི་སྲིད་བྱུས་ ལ་འགྱུར་བ་ཐེབས་ཡོད།

ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ ཆོས་སྒྲོན་ལགས་ཀྱིས་ (AFP) གསར་འགྱུར་

བརྒྱུད་ལམ་དུ། “ད་རེབ་ལྷོ་ཨ་ཧྥི་རི་ཀའི་གཞུང་ གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་

ཡིན་ན། འདི་ནི་འདས་པའི་ལོ་ལྔའི་ནང་འབྲེལ་ཡོད་

གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ སྤྲད་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།” ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.