final correction

Page 1



རྒད་པོ་དང་རྒྱ་མཚོ།

The Old Man and the Sea

Ernest Hemingway

ཨར་ནེསྚི་ ཧེ་མིང་ཝེས་བརྩམས།

དགེ་འདུན་རབ་གསལ་གྱིས་བསྒྱུར།


དེབ་ཀྱི་བདག་དབང་། ཧེ་མིང་ཝེའི་ཕྱི་རྒྱལ་ཆོག་མཆན་ཐོབ་ཐང་གི་ཐེབས་རྩ། ༢༠༡༡ པར་སྐྲུན། བོད་ཀྱི་དུས་བབ།

Published by Bod-Kyi-Dus-Bab ( Tibet Times) Session Road, Dharamsala-176215 Distt. Kangra ( H.P.) INDIA website: www.tibettimes.net © Hemingway Foreign Rights Trust 2011 ISBN: 81-902382-8-0

Page Layout: Tenzin Choedak


སྔོན་གླེང་། ང་ལ་ནམ་རྒྱུན་ནུབ་ཕྱོ ག ས་ཀྱི ་ གྲོ ག ས་པོ ་ རེ འི ་ མཉམ་དུ་རྩོ མ ་རི ག ་གི ་

ཕྱོགས་ནས་ཁ་བརྡ་རེ་བྱ་རྒྱུའི་གོ་སྐབས་བྱུང་དུས་ནུབ་ཕྱོགས་ན་བརྩམས་ ཆོས་གྲགས་ཅན་ཅི་དང་གང་ཡོད་ཅེས་འདྲི་ལོབས་སུ་གྱུར།

དེའི་རྒྱུ་

མཚན་ནི་སོ་སོ་ལ་དགའ་ཕྱོགས་ཤིག་ཡོད་རུང་ནུབ་ཕྱོགས་ཀྱི་རྩོམ་རིག་ སྒྱུ་རྩལ་གྱི་གཏེར་མཛོད་ཆེན་པོ་དེའི་ཕྱོགས་ལ་ཆ་རྒྱུས་ཅི་ཡང་མེད་པའི་

དབང་གིས་ཡིན། ཁོང་ཚོས་རྒྱུན་དུ་དུས་ལས་ཡོལ་བ་མེད་པའི་དཔེ་དེབ་ ཀྱི་ཐོ་གཞུང་རེ་བགྲང་གི་འདུག་ལ། དེའི་ནང་ནས་ནམ་ཡང་ཆད་མ་མྱོང་ བ་གཅིག་ནི་ཨིན་ནེ་སེ་ཊ་ ཧི་མིང་ཝེ་ཡི་ ༼རྒད་པོ་དང་རྒྱ་མཚོ་༽ ཞེས་ པའི་བརྩམས་སྒྲུང་མུ་ཏིག་ལྟ་བུ་འདི་རེད།

ཉེ་ལམ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་ཁོང་གིས་

༼རྒད་པོ་དང་རྒྱ་མཚོ་༽ཞེས་པ་དེ་བསྒྱུར་གྲུབ་ཡོད་པས་དེ་ལ་ཞུ་དག་ ཅིག་བྱ་རོགས་ཞེས་རེ་སྐུལ་བྱས་སྐབས།

སོ་སོ་ལ་དེའི་འོས་འགབ་ཡོད་

མེད་ལ་མ་ལྟོས་པར་དང་ལེན་བྱས་པ་ཡིན། དྲང་པོར་བཤད་ན། སྐབས་ དེ ར ་ང་ནི ་ཁོང་གི ་རེ་བཅོལ་ལས་ཀྱང་རང་གི་འདོད་རྔམ་གྱི་དབང་དུ་

གྱུར། ཞུ་དག་ལ་གཞོལ་བ་ལས་སྒྲུང་རྩོམ་བཀླག་རྒྱུར་བྲེལ། དེ་ནི་བག་

ཆགས་མཐུག་པོ་ཞིག་དང་མཉམ་དུ་ཡུན་རིང་སྒུག་པའི་བརྩམས་ཆོས་ གྲགས་ཅན་དེ་མཐའ་མ་རྔ་མར་བོད་རང་གི་མ་སྐད་ཀྱི་ནང་ནས་བཀླག་ རྒྱུ་བྱུང་བའི་དབང་གིས་ཡིན།

༼དེ་བས་ན།

གལ་སྲིད་ཁོང་གི་འགྱུར་

འདིའི་ནང་དུ་ཡིག་སྐྱོན་དང་ཚིག་སྐྱོན་རེ་ཤོར་ཡོད་ཚེ་དེའི་ཉེས་པ་ཆེ་ ཤོས་ཤིག་ང་ལ་ཡོད།༽

དུས་རབས་ཉི་ཤུའི་ནང་གི་ནུབ་ཕྱོགས་ཀྱི་སྒྲུང་རྩོམ་གྲགས་ཅན་

༼རྒད་པོ་དང་རྒྱ་མཚོ་༽ནི་ད་ཕན་འཛམ་བུའི་གླིང་གི་སྐད་ཡིག་རྒྱུགས་


iv

རྒད་པོ་དང་རྒྱ་མཚོ།

ཆེ་བ་མང་པོའ་ི ནང་དུ་བསྒྱུར་ཏེ། སྒྱུ་རྩལ་རྩོམ་རིག་གི་ལམ་དུ་ཕྱོགས་ཤིང་

ལས་སུ་གཞོ ལ ་བའི ་ སྐྱེ ་ བོ ་ ཕལ་ཆེ ་ བས་རང་རང་གི ་ མ་སྐད་ནང་ནས་ བཀླགས་ཚར་ཡོད་ལ། རྩོམ་པ་པོ་ཁོང་དང་ས་ཐག་ཡུལ་དགུ་ན་ཡོད་པའི་ ཁོང་གི་ཀློག་མཁན་རྙིང་བ་དུང་ཕྱུར་སྐོར་ཅིག་སྔར་ནས་ཆས་ཟིན། ཡིན་

ཡང་། དེ་དག་གི་གསར་སྐྱེས་ཕྱི་རབས་པ་དག་གིས་སྒྲུང་རྩོམ་འདི་སོ་སོའ་ི

མ་སྐད་ཀྱི་ནང་ནས་མུ་མཐུད་ནས་ཀློག་བཞིན་པ་མ་ཟད། ཡུལ་ལུང་མང་ པོ ་ཞིག་གིས་སྒྲུང་རྩོམ་འདི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་དུ་ཡང་

བཞག་འདུག འོན་ཀྱང་། བོད་མི་རིགས་དང་ལྷག་པར་དུ་སྒྱུ་རྩལ་རྩོམ་

རིག་ལ་དང་བ་དང་དོ་སྣང་ཆེ་བའི་བོད་རིགས་ཀློག་པ་པོ་ཚོར་བརྩམས་ ཆོས་འདི་རང་གི་མ་སྐད་ནང་དུ་ཀློག་སྐལ་མ་བྱུང་བར་ད་བར་དུ་ལུས་པ་ རེད།

འོན་ཀྱང་། ང་ཚོ་ཧ་ཅང་འཕྱི་དྲག་མི་འདུག་སྟེ། དུས་རབས་ཉེར་

གཅིག་པ་འདི་ཤར་བ་ནས་ང་ཚོ་སླར་ཡང་མི་རིགས་དང་རིག་གནས་ཀྱི་ འདུ་ཤེས་ཕྱོགས་ནས་གཉིད་ལས་སད་བཞིན་པ་དང་། དེ་དང་ཆབས་ཅིག་

སྒྱུ་རྩལ་རྩོ མ ་རི ག ་གི ་ ཕྱོགས་ལ་ཡང་དང་ག་ཕྱེ་བཞིན་པའི་དུས་སྐབས་ ཤིག་རེད།

ཀློག་མཁན་དང་བརྒྱུད་ལམ་གྱི་ཕྱོགས་ནས་ཀྱང་སྔར་ལས་རྒྱ་

ཇེ་ཆེ་དང་ཁོབས་ཇེ་ཡང་ལ་ཕྱིན་ཡོད་པ་རེད། ཀློག་ལ་རྔམ་ཞིང་འབྲི་ལ་

བྲེལ་བའི་མི་རབས་ཤིག་དཔུང་ཁ་ཤིག་ཤིག་གིས་ཐོན་ཡོང་གི་འདུག དེར་ བརྟེན་ད་རེབ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་སྒྲུང་རྩོམ་ གྲགས་ཅན་འདི་ལྟ་བུ་ཞིག་རང་རེའི་བོད་རིགས་ཀློག་མཁན་ཚོའི་མིག་ མདུན་དུ་བསྟར་བ་ནི་དུས་ཐོག་ཆར་བ་ཡི་ཚུལ་དུ་བསླེབས་པ་རེད།

སྒྲུང་རྩོམ་གྱིས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་

སྤྱི་ཚོགས་ཀྱི་འཚོ་བ་ཞིག་གི་ཚུར་སྣང་ཡིན་ཟེར། འོན་ཀྱང་། སྒྲུང་རྩོམ་


སྔོན་གླེང།

v

འདི ་ ནི ་ ང་ཚོ ་ བོ ད ་ཁ་བ་གངས་ཅན་པ་དག་གི ་ སྤྱི ་ ཚོ ག ས་ཀྱི ་ འཚོ ་ བའི ་ ཚུར་སྣང་ཞིག་མིན་པ་འདྲ། མ་མཐར་ཡང་སྒྲུང་འདིའི་ནང་གི་ཁོར་ཡུག་ དང་དོན་རྐྱེན་གྱི་བྱུང་བའི་ཆ་ནས་ང་ཚོར་ཆ་རྒྱུས་མེད་པ་མང་ཙམ་འདུག

ངས་བསམ་ན་སྤྱི་ཚོགས་ཀྱི་འཚོ་བ་ཞིག་གི་ཚུར་སྣང་ཡིན་དགོས་ན་ངེས་ པར་དུ་སོ་སོའ་ི སྤྱི་ཚོགས་ལ་ཁ་ཐག་ཉེ་དགོས་པའི་རྒྱུ་མཚན་མི་འདུག་ལ།

ལྷག་པར་དུ་མིའི་རིགས་ཀྱི་འཚོལ་སྙེག་དང་ཤེས་འདོད་ཀྱི་རྔམ་ཤེད་དེའི་ དབང་དུ་བཏང་ན།

ཅི་ཙམ་གྱིས་རང་གི་བློ་རིག་དང་འཚོ་བའི་ཉམས་

མྱོང་ལ་ཁ་ཐག་རིང་ན་དེ་ཙམ་གྱིས་སོ་མ་དང་རྩ་ཆེ་བར་འདོད། དེས་ན་ སྒྲུང་རྩོམ་བོད་འགྱུར་མ་འདིའི་རིན་ཐང་གལ་ཆེ་ཤོས་ཤིག་ཀྱང་འདི་རེད་ འདོད།

གོང་དུ་གླེང་བ་ལྟར། སྒྲུང་རྩོམ་འདི་ང་ཚོར་གསར་པ་ཆགས་ཡོད་

ལ། དེ་ནི་སྤྱིར་བཏང་བ་ཞིག་རེད། སྒྲུང་རྩོམ་འདི་ལ་དམིགས་བསལ་ཞིག་ ཡོད་ལ། དེ་ནི་བོད་མི་རིགས་དང་སྒྲུང་རྩོམ་འདིའི་ཁ་ཐག་གི་ཕྱོགས་རེད།

ངས་ཤར་ནུབ་ཀྱི་བར་ཐག་གླེང་གི་མེད། ས་བབ་ཀྱི་མཐོ་ཚད་ཕྱོགས་ནས་

མི་ཊར་ ༤༩༠༠ གི་བར་ཐག་ཡོད་པ་རེད། སྒྲུང་རྩོམ་འདི་ཀློག་སྐབས་དཀའ་ ངལ་ཞིག་ཡོད་ཚེ་འདི་ཡིན་སྲིད། དཔེར་ན། བོད་མི་རིགས་ནི་སའི་གོ་ ལའི་ཡང་རྩེ་ན་ཆགས་ཡོད་པ་རེད།

ང་ཚོའི་ཁོར་ཡུག་དེ་གངས་རི་དང་

རྫ་རི། སྤང་རི། རྩྭ་ཐང་། གཙང་བོ་སོགས་ཀྱིས་གཙོ་བོར་གྲུབ་ཡོད་པ་རེད། རྟ་ནོར་ལུག་གསུམ་གྱིས་གཙོས་པའི་སྒོ་ཕྱུགས་མང་ས་ཞིག་རེད། རྩོམ་འདི་ནི་ཞི་བདེའི་རྒྱ་མཚོའི་ཁ་ནས་བྲིས་པ་རེད། གྲོང་ཁྱེར།

སྒྲུང་

གྲུ་གཟིངས་དང་

ཉ་ཆེན་དང་རྦ་རླབས་སོགས་ང་ཚོའི་འཚོ་བ་དང་ཁ་ཐག་ཧ་

ཅང་རིང་ས་ཞིག་རེད། དེར་བརྟེན། སྒྲུང་རྩོམ་འདིའི་ནང་གི་བྱུང་བ་དང་ དེ་དག་མཚོན་བྱེད་ཀྱི་སྐད་བརྡ་སོགས་ནི་སྒྲུང་རྩོམ་ཁོ་རང་ལས་ཀྱང་ང་


vi

རྒད་པོ་དང་རྒྱ་མཚོ།

ཚོར་གསར་པ་ཆགས་ཡོད་པ་རེད་འདོད།

ཀློག་མཁན་ཚོའི་མིག་ལ་མི་

ཤར་བ་དང་བློ་ལ་མི་འཆར་བ་ཞིག་ཡོད་ཚེ་འདིའི་ཕྱོགས་ནས་ཡིན་སྲིད།

ངའི་བསམ་ཚུལ་ལ་སྒྱུ་རྩལ་ཞེས་པ་དེར་སྣ་ཁ་མང་པོ་ཡོད་ཅིང་། དེའི་

ནང་གི ་ གལ་ཆེ ་ཤོ ས ་དང་རྩ་ཆེ ་ཤོ ས ་ནི ་ ཡི ག ་སྒྱུར་གྱི ་ སྒྱུ་རྩལ་འདི ་ རེ ད ་

འདོད། མིའི་རིགས་ལ་ཡིག་སྒྱུར་གྱི་སྒྱུ་རྩལ་འདི་མེད་ཚེ་མི་རིགས་སོ་སོ་ ཅི་འདྲའི་ཁ་ཐག་རིང་ཞིང་།

འཇིག་རྟེན་འདི་ཡང་ཅི་འདྲའི་ལྐོག་གྱུར་

དང་མུན་ནག་ཅིག་ཏུ་ལྷག་ངེས་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད།

མི་

རིགས་གང་ཞིག་ཡིག་སྒྱུར་གྱི་བྱ་བཞག་ལ་ཕྱོགས་ཡོད་ན་མི་རིགས་དེ་

སྔོན་ཐོན་དང་ཤེས་རིག་གིས་ཕྱུག་པ་དང་། དུས་རབས་ག་དུས་ཤིག་ལ་མི་

རིགས་ཤིག་གིས་ཡིག་སྒྱུར་གྱི་བྱ་བཞག་ལ་འབད་ཡོད་ན་དུས་རབས་དེ་

ནི་མི་རིགས་དེའི་ཤེས་རིག་ཡར་དར་གྱི་དུས་མཚམས་ངེས་ཅན་རེར་གྱུར་ ཡོད་པ་ནི་ང་ཚོར་ཉམས་མྱོང་གིས་གྲུབ་ཡོད་པ་རེད།

རང་རེའི་བོད་ལ་མཚོན་ན་ཡང་།

སྐབས་རང་གི་རུས་རྐང་ལ་ཟུག་ཅིང་།

ང་ཚོ་བོད་མི་རིགས་ཀྱིས་ད་

བླ་སྲོག་ལ་བརྩི་བཞིན་པའི་ཆོས་

དང་རི ག ་གནས་ཀྱི ་ ཕྱོ ག ས་མང་པོ ་ ཞི ག ་དེ ང ་གི ་ ཆར་འཛམ་གླི ང ་རི ག ་ གནས་ཀྱི་བང་མཛོད་ནང་དུ་ངོམ་ཆོག་ཆོག་བྱས་ནས་ཡོད་པ་འདི་ཡང་

སྔོན་བྱོན་ལོ་ཙཱ་བ་དག་གི་ཡིག་སྒྱུར་གྱི་སྒྱུ་རྩལ་ལམ་བྱ་བཞག་ལ་བརྟེན་ ནས་བྱུང་བ་རེད། ད་སྐབས་འཛམ་གླིང་གི་མི་རིགས་མི་འདྲ་བ་མང་པོས་ སོ་སོའ་ི མ་སྐད་མ་བརླག་པར་གཅིག་རྗེས་གཅིག་གིས་ཟིན་ཞིང་།

མུ་

ཡང་ཡིག་སྒྱུར་གྱི་སྒྱུ་རྩལ་ལ་ཤུགས་ཆེན་པོར་བརྟེན་ཡོད་པ་རེད།

འདི་

མཐུད་ནས་བང་འགྲན་བཞིན་སྔོན་ཐོན་གྱི་ཕྱོགས་སུ་སྐྱོད་བཞིན་པ་འདི་ ལྟར་བསམ་ཡོང་དུས། ང་ཚོར་ཡང་ཡིག་སྒྱུར་བའི་དཔུང་ཁག་ནི་ཅི་འདྲ་ ཞིག་མཁོ་ཨང་སྙམ་ཞིང་། སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་


སྔོན་གླེང།

vii

གཙོས་པའི་དེང་གི་ཡིག་སྒྱུར་བ་དག་ནི་ང་ཚོར་ཅི་འདྲའི་དྲིན་དུ་ཆེ་ཞིང་

མེད་ཐབས་མེད་པ་ཞིག་རེད། དེས་ན་ང་ཚོས་སྐབས་འདིར་ཁོང་ལ་གུས་ བརྩི་ཡི་རང་དང་བཅས་ཁོང་གིས་བསྒྱུར་བའི་༼རྒད་པོ་དང་རྒྱ་མཚོ་༽ ཞེས་པའི་སྒྲུང་རྩོམ་འདིའི་ནང་དུ་འཇུག་འོས་པར་འདོད་དོ།།

མྱི་ནག་ཚང་ལུང་རིགས་རྒྱལ།



ང་དང་རྒད་པོའ་ི ལོ་ཟླ་རིང་མོ་སྟེ། འགྱུར་གྱི་གོ་རིམ་ངོ་སྤྲོད།

ངས་བཅོས་སྒྲུང་འདིའི་བོད་འགྱུར་ལ་ཞུ་དག་གཏོང་བའི་སྐབས་ནི། བོད་ནང་ དུ་བོད་མི་ ༡༦ གིས་སྐུ་ལུས་ཞུགས་མེར་ཕུལ་ནས་བོད་ཀྱི་གནད་དོན་འདི་ཛ་ དྲག་གི་ཚོར་བ་ལྗི་མོ་ཞིག་ཏུ་དེད་པའི་སྐབས་ཡིན། དེར་བརྟེན། དུས་ཚོད་ འདི་ལ་ནི། བོད་མི་ཞིག་གིས་ཨ་རིའི་རྩོམ་པ་པོ་ཞིག་གི་བཅོས་སྒྲུང་ལ་འགྱུར་ བཅོས་དང་ཞུ་དག་གི་ལས་ཀ་བྱེད་པ་ལ་ནི་ཚོར་བ་མེད་ཅིང་འདོད་རྔམས་མི་ སྐྱེ་བའི་ལས་ཀ་ཞིག་ཡིན་པ་སྨྲོས་མ་དགོས། འོན་ཀྱང་གཅིག་བྱས་ན། ལས་ཀ་ འདི་འདྲ་ཞིག་ལ་མགོ་འཁོར་ས་ཡོད་པ་ནི། རང་གི་སེམས་ཇེ་སྐྱིད་ལ་གཏོང་ བའི་ཐབས་ཤེས་ཤིག་ཡིན་པ་རེད། ངས་སྲང་ལམ་ནས་དབྱིན་ཇིའི་ཚིག་འབྲུ་རེ་ཟུང་རེ་བཏུས་ཤིང་། རིམ་ གྱིས་ཚིག་གྲུབ་རེ་ཟུང་རེ་བཀླགས། ཕོ་ལོ་ ༢༥ ཡིན་པའི་སྐབས་དེ་ལ་སློབ་ གྲྭའི་གོ་སྐབས་ཤིག་བྱུང་ཡོད་ཚེ། སྐད་ཡིག་གི་དཀའ་ངལ་འདི་སེལ་ཡོད་པ་ རེད་དྲན། འོན་ཀྱང་སྐབས་དེ་ལ་ལྟོ་གོས་དང་དེ་ལས་ཀྱང་ལྟོ་འཚོལ་བའི་ལས་ ཀ་ལ་ཞུགས་དགོས་བྱུང་བརྟེན། ད་དུང་ཡང་རང་གི་ཨིན་ཇིའི་སྐད་ཡིག་ནི་ སྲང་ལམ་ནས་སྦྱངས་པའི་སྐད་ཡིག་གི་ངོ་བོར་ལྷག་འདུག

ཨིན་ཡིག་གི་སྒྲུང་རྩོམ་བོད་སྐད་ལ་བསྒྱུར་བའི་འདོད་པ་ནི་དེ་ཇི་ ལྟར་མགོ་བཙུགས་པ་ཡང་མ་ཤེས། བྱིས་པ་གཉིས་འདི་ག་ས་གནས་ཀྱི་སྤྱི་ དམངས་དཔེ་མཛོད་ཁང་དུ་འཁྲིད་པའི་སྐབས་སུ་མཐོང་བའི་དཔེ་དེབ་དག་ གིས་ང་ལ་སྐུལ་མ་ཞིག་ཐེབས་ཡོད་པ་ནི་སྨྲོས་མ་དགོས། ཨིན་སྐད་ཐོག་ཀློག་ ཏུ་ཡོད་པའི་དཔེ་དེབ་དེ་ཚོ་བོད་སྐད་ལ་སླེབས་ཐུབ་པ་བྱ་འོས་པའི་ཆོད་ སེམས་ཤིག་རྙེད་པ་དང་། དེ་ཡང་། མི་རེ་རེ་ནས་འགན་འཁུར་ནས་གང་ཐུབ་ ཅིག་བྱེད་དགོས་སྙམ་ཏེ་ལས་ཀ་འདི་ཕྲག་ཏུ་བླངས་པ་རེད། བསམ་ཚུལ་འདི་ འདྲ་དང་སེམས་ཤུགས་འདི་འདྲ་འཆང་མཁན་ང་ཚོའི་གྲས་འགའ་ཞིག་ཡོད་ ལ། དེ་དག་གིས་བསྒྱུར་བའི་སྒྲུང་རྩོམ་ཁག་རིམ་གྱིས་པར་སྐྲུན་ཡང་བྱས་དང་


x

རྒད་པོ་དང་རྒྱ་མཚོ།

བྱེད་བཞིན་ཡོད་པ་རེད།

ང་ལ་སྒྲུང་རྩོམ་འདི་ངོ་སྤྲོད་བྱེད་མཁན་ནི་ཨ་མ་མཱེ་རེ་ཞུ་མཁན་ གྱི་ཨ་མ་ལགས་ཤིག་ཡིན། ཁོང་གིས་མི་ཚེའི་རིང་སློབ་གྲྭའི་དགེ་རྒན་བྱས་ པའི་སྐབས་སུ་རྩོམ་རིག་གི་སློབ་ཁྲིད་ཆེད་དུ་སྒྲུང་རྩོམ་འདི་བསླབས་ཡོད་ འདུག ང་དང་ཨ་མ་མཱེ་རེ་གཉིས་ཀྱིས་ཕན་ཚུན་ལ་སྐད་སློབ་རེས་བྱེད་པའི་ ཚུལ་དུ་སྒྲུང་འདི་ཐོག་མར་བསྒྱུར་ཅིང་། རིམ་གྱིས་ཨ་མ་མཱེ་རེ་ནི་སྒྲུང་འདི་ང་ ལ་འཆད་པའི་སློབ་དཔོན་ལྟ་བུ་ཞིག་ཏུ་གྱུར། སྐབས་རེར་ཨ་མ་མཱེ་རེ་ལགས་ ནི་སྒྲུང་འདིའི་ཚིག་ཤུགས་ཀྱིས་དྲངས་ཏེ། བཀླག་པའི་ཉམས་མི་འདྲ་བ་ཞིག་ འདོན་ཅིང་། དེ་ནི་གེ་སར་སྒྲུང་པ་ཞིག་གིས་སྒྲུང་འཆད་པའི་རྣམ་པ་མཚུངས། ཁོང་གིས་ད་དུང་སྒྲུང་འདི་སྒྲ་ཐག་ཏུ་ཕབ་པའི་སྒྲ་འཛིན་འཁོར་ཐག་དང་། སྒྲུང་འདི་གཞི་ལ་བྱས་པའི་གློག་བརྙན་བཅས་ཀྱང་ཉོས་ནས་ང་ལ་སྤྲད་བྱུང་། ད་དུང་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་དང་ཡེ་ཤུའི་ཆོས་ཀྱི་བར་གྱི་འབྲེལ་བ་ ཡོད་ཚུལ་སོགས་ཀྱི་གསང་བ་ཟབ་མོའ ི་འགྲེལ་བཤད་དག་ཀྱང་གནང་བྱུང་། ང་ཚོས་སློབ་ཚན་ལྟ་བུའི་ངང་ནས་སྒྲུང་འདི་བཀླག་ཞོར་དང་བསྒྱུར་ཞོར་བྱས་ ཏེ་ ༢༠༠༥ ལོར་ཡོངས་སུ་གྲུབ་པ་རེད།

སྒྲུང་འདི་བསྒྱུར་ཟིན་པའི་རྗེས་ནས་ད་བར་དཔར་སྐྲུན་བདག་ དབང་ཅན་ནས་ཆོག་མཆན་མ་ཐོབ་པར་ལུས་ཤིང་། ད་ཆ་གཞི་ནས་པར་སྐྲུན་ གྱི་ཆོག་མཆན་ཐོབ་སྐབས། ཞུ་དག་གི་ལས་ཀ་བྱས་པ་ཡིན། ཞུ་དག་གི་ལས་ ཀ་ལ་ཞུགས་པའི་སྐབས་སུ། དཀའ་ངལ་ཆེན་པོ་འགའ་རེ་འཕྲད་བྱུང་ལ། དེ་ ཡང་ཐོག་མ་ནི། སྔར་རང་གིས་གང་བསྒྱུར་བ་དེ་དག་ལ་ད་ཆ་འདོད་པ་མི་ ཁེངས་པའི་སྐོར་ཇེ་མང་དུ་སོང་འདུག་པ་དེ་དག་བཅོས་ཐབས་དེ་རེད། སྔོན་ གྱི་འགྱུར་ནི་ཨ་མ་མཱེ་རེ་སོགས་ཀྱི་འཆད་པ་ལ་གཞི་བཅོལ་ཆེ་བ་དང་། ད་ཆའི་ ཞུ་དག་ནི་ཚིག་འབྲུའི་གོ་བའི་སྟེང་ནས་རེད། དེ་གཉིས་གཞི་གཅིག་ཏུ་བསྡུ་ སྐབས་སྔར་གྱི་འགྱུར་ལ་ད་ལྟ་ཡིད་ཆེས་མེད་པའམ་ཡང་ན་ད་ལྟའི་གོ་བ་ལ་


འགྱུར་གྱི་གོ་རིམ་ངོ་སྤྲོད།

xi

སྔར་གྱི་འཆད་པས་གནོད་པ་འབབ་པ་སོགས་རྙོག་དྲ་་མང་ཙམ་འཕྲད་བྱུང་། བརྗེད་ངས་ཟེར་བ་དེ་ནི་འདི་འདྲའི་བསླུ་བྲིད་མཁན་ཞིག་ཡིན་པ་གཞི་ནས་ ངོ་འཕྲོད་བྱུང་།

དེ་ནས་བཅོས་སྒྲུང་འདིའི་ཚིག་འགྲོས་དེ་བོད་སྐད་ལ་ཨེ་འགྲོ་ བསམས་པ་ཞིག་བྱུང་བ་དེ་ཡིན། མཐའ་ན། “བཤད།”ཅེས་པའི་ཚིག་འདི་ ཡང་ལུང་འདྲེན་གྱི་མཇུག་སྡུད་དུ་སྦྱར་སྐབས། ཧ་ཅང་ཀློག་མི་བདེ་བ་ཞིག་ བྱུང་། ཀློག་མི་བདེ་བ་དེ་ནི་ང་གཅིག་པུ་ལ་མ་ཡིན་པར། འདི་ལ་ཐོག་མའི་ བསྐྱར་ཞིབ་གནང་མཁན་ཚོས་གཅིག་གྱུར་གྱིས་གསུངས་པ་ཞིག་རེད། ད་ དེ་ཉིད་བཅོ་དགོས་ཤར་ཚེ། དེའི་ཆེད་དུ་འདི་ལ་དུས་ཚོད་མང་ཙམ་གཏོང་ དགོས་པ་ཙམ་དུ་མ་ཟད། མ་རྩོམ་གྱི་འགྲོས་ཀྱང་བརླག་ཉེན་ཆེ་བ་འདུག་ བརྟེན། སྡིག་པར་མིག་བཙུམས་ཀྱིས་བཞག་པ་ཡིན། ད་དུང་ལུང་འདྲེན་བྱེད་ ཕྱོགས་ལའང་འགྱུར་བ་མེད་པར་མ་རྩོམ་གྱི་འགྲོས་རང་འཇགས་བཞག་ཡོད། དཔེར་ན། “དེ་རིང་” བསྟན་འཛིན་གྱིས་བཤད། “ང་ཚོ་བོད་ལ་ལོག་འགྲོ་” ལྟ་ བུར་བཞག་ཡོད། འདི་འདྲ་ནི། བསྟན་འཛིན་གྱིས། “དེ་རིང་ང་ཚོ་བོད་ལ་ལོག་ འགྲོ་”ཞེས་བཤད། ཅེས་པ་ལྟ་བུར་ངོས་འཛིན་གནང་རོགས།

བཅོས་སྒྲུང་འདིའི་ཚིག་རྩལ་དེ་བོད་སྐད་ནང་དུ་ཡང་མི་ཤར ོ ་ཆེད། བསྒྱུར་གཞིའི་ཚིག་འབྲུ་རེ་རེ་ནས་བོད་སྐད་ལ་སླེབས་པའི་འབད་བརྩོན་བྱས་ ཤིང་། དེ་ལ་བརྟེན་ནས་མཐའ་ན་ “མིང་ཚབ་”ཀྱི་ཚིག་ཁྱོད་དང་ཁོང་ཟེར་བ་ ལྟ་བུ་སོགས་ཀྱང་མི་དགོས་ས་ལ་འདིར་སླེབས་འདུག་ཀྱང་། དེ་དག་ཀྱང་གང་ ལ་གང་འོས་ཀྱི་ཚུལ་དུ་འདིར་རང་འཇགས་བཞག་ཡོད། ད་དུང་མ་རྩོམ་གྱི་ ཚིག་གྲུབ་རྣམས་གཟབ་གཟབ་ནན་ནན་མ་བྱས་ཚེ། གོ་བ་ལོག་པར་འདྲེན་ པའམ་དང་། ཡང་ན་མ་རྩོམ་གྱི་ཚིག་གཅིག་གི་ངོས་ནས་དོན་མི་འདྲ་བ་སྟོན་ པ་དེ་ཚོ་ཉམས་འགྲོ་བ་དཔེར་ན། “ཁོང་ལ་འགྲོ་གི་ཡོད་པའི་ཚོར་བ་ཞིག་ སླེབས།” ཅེས་པ་ལ་མཚོན་ན། ཁོང་ལ་འཆི་ཉེན་ཡོད་པའམ་ཡང་ན་ཁོང་གི་


xii

རྒད་པོ་དང་རྒྱ་མཚོ།

ལས་ཀ་དེ་ཏག་ཏག་འགྲུབ་གི་ཡོད་པའི་གོ་བ་གཉིས་འབྱིན་ཆོག་པ་འདུག དེར་བརྟེན་གང་ཐུབ་ཐུབ་ཀྱིས་ཚིག་སྦྱོར་ལ་གཟབ་གཟབ་བྱས་ཡོད།

བོད་ལ་མི་དགོས་པའམ་ཡང་ན་བོད་ལ་མེད་པ་ནི་ཉ་པ་མ་རེད་ དམ། ཉ་པའི་མི་ཚེ་ཞིག་བརྗོད་སྐབས་ང་ཚོ་ལ་མི་འདང་བ་ནི་མིང་ཚིག་རེད། མཐའ་ན། “ཉ་འཛིན་”ཟེར་རམ་ “ཉ་རྔོན་”ཟེར། འདི་ཚུན་ནས་དཀའ་ངལ་ ཞིག་ཆགས། ཉ་པ་དང་གྲུ་གཟིངས། རྒྱ་མཚོ་སོགས་ཀྱི་ཐ་སྙད་དེ་དག་གིས་ ང་ནི་དབུལ་ཞིང་ཕོངས་པའི་སྤྲང་པོ་ཞིག་ཏུ་བསྒྱུར། འོན་ཀྱང་། གང་ཐུབ་ཅི་ ཐུབ་ཀྱིས་ཚིག་མཛོད་ཁག་ལ་བསྟུན་ཞིང་། ཚིག་མཛོད་ཁག་ལ་མེད་རིགས་ ལ་དེ་དང་དེ་ལ་དཔག་པའི་ཚིག་གཡར་མ་རེ་སྤྱད་ཡོད། ཚིག་གཅིག་ལ་གོ་ དོན་ཞིག་ཡོད་བཞིན་དུ་གོ་དོན་གཞན་ཞིག་ལ་སྦྱོར་མི་རུང་ཞེས་ང་ཚོས་ད་ ལྟ་ “ཀུ་ཤུ་རྟགས་ཅན་” དང་ “དྲ་འབུ་”སོགས་ “ཀུ་ཤུ་”དང་ “འབུ་”ཞེས་པ་ ལ་བསྣན་ནས་སྦྱོར་བཞིན་ཡོད་མོད། ཕྲན་ལ་མཚོན་ན་ད་ལྟ་ “ཀུ་ཤུ་”ཞེས་ པའི་ཚིག་འདི་ལ་སེར་སྣ་བྱེད་པའི་སྐབས་ཤིག་ཀྱང་མིན་པར་འདོད་མཁན་ ཞིག་ཡིན། གང་ལྟར་ཡང་ཚིག་གསར་དེ་དག་གི་ཐོ་ཞིག་སྒྲིག་ཐུབ་མེད་པ་ ནི་ངའི་ནོར་འཁྲུལ་ཞིག་ཡིན་པ་གོར་མ་ཆག ཞུ་དག་གི་ལས་ཀ་ནི་འཛད་དུ་མེད་པའི་ལས་ཀ་ཞིག་རེད། ཅི་ཙམ་གྱིས་ དག་པར་བཅོས་ན་དེ་ཙམ་གྱིས་བཅོ་རྒྱུ་ལུས་ཡོད་པའི་སྣང་བ་སྟེར། འོན་ཀྱང་ འཛད་དུ་མེད་པའི་ལས་ཀ་ཞིག་བྱེད་པའི་དུས་ཚོད་འཛད་དུ་མེད་པ་ཞིག་ ཕྲན་ལ་མེད་ཅིང་། ནར་འགྱངས་སུ་བཞག་ཚེ་ད་དུང་ལོ་ཡི་འཁོར་མོ་ཞིག་ ཀྱང་བྲེལ་སྟབས་ཀྱིས་འོང་བཞིན་འདུག དེ་བས་མགུ་མི་ཁེངས་པའི་ནོངས་ སེམས་སྐོར་གཅིག་དང་བཅས་ཐེངས་འདིའི་འགྱུར་གྱི་ལས་ཀ་རྣམས་མཇུག་ བསྡུས་པ་ཡིན།

ད་ནི་བཟང་ཕྱོགས་ནས་ཅུང་ཙམ་ལྟ་བར་བྱ་སྟེ། “པ་པ་ཧེ་མིང་ཝེ་ ”ཞེས་གྲགས་པའི་ཨ་རིའི་རླབས་ཆེན་གྱི་རྩོམ་པ་པོ་འདིའི་སྒྲུང་རྩོམ་རྣམས་རྒྱ་


འགྱུར་གྱི་གོ་རིམ་ངོ་སྤྲོད། xiii

སྐད་ལ་སོགས་པའི་སྐད་ཡིག་མང་པོར་བསྒྱུར་ནས་ཡུན་རིང་འགོར་བའི་དེ་ རིང་གཞི་ནས་སྒྲུང་འདི་བོད་སྐད་ལ་ཡང་སླེབས་པ་རེད། དེ་ཡང་གང་ཐུབ་ ཐུབ་ཀྱིས་ཨིན་ཇི་ཕ་སྐད་ཡིན་པའི་གྲོགས་པོ་དང་བཤེས་གཉེན་དག་ལ་དྲིས་ ཤིང་གཏུགས་ནས། མ་ཡིག་ལས་ཐད་ཀར་བོད་ཡིག་ལ་བསྒྱུར་ཐུབ་པ་འདི་ནི་ སྐལ་བ་བཟང་པོ་ཞིག་ལོས་ཡིན་དྲན། དེ་མཚུངས་སུ་བོད་ཡིག་གི་དཔེ་མཛོད་ ཁང་དུ་ཡང་ཨ་རིའི་གྲགས་ཅན་རྩོམ་རིག་ཅིག་དང་། དེ་ཡང་ནོ་བྷེལ་རྩོམ་ རིག་གི་གཟེངས་རྟགས་ཐོབ་པ་ཞིག་འཇོག་རྒྱུ་བྱུང་བ་དེ་ཡང་བསོད་ནམས་ ཡིན་དྲན། འོན་ཀྱང་མཐར་གཏུགས་པའི་དགོས་དོན་ངོ་མ་ནི། བོད་སྐད་དང་ བོད་ཡིག་འདི་མུ་མཐུད་གནས་པའམ། ཡང་ན་བོད་སྐད་དང་བོད་ཡིག་ཁོ་ ན་ལ་བརྟེན་ནས་ཀྱང་འཛམ་གླིང་ན་གྲགས་ཆེ་བའི་རྩོམ་རིག་ཅིག་ཀློག་ཐུབ་ པར་བྱས་པ་དེ་ཡིན་ཞེས་དགའ་བ་འཕེལ་ལོ༎

སྐབས་འདིར་ཕྲན་གྱི་རིང་ནས་འདྲིས་པའི་མཛའ་བཤེས་མཁས་ དབང་སྐུ་ཞབས་པད་མ་འབུམ་ལགས་ཀྱིས་སྒྲུང་རྩོམ་གྱི་མ་ཟིན་ལ་གཟིགས་ ནས་ཡི་གེ་ཞིག་གནང་བྱུང་བ་འདིར་དྲངས་ན་འདི་ལྟར། “གྲོགས་པོ་རབ་ གསལ་ལགས། ཉིད་ཀྱི་ “རྒད་པོ་དང་རྒྱ་མཚོ་”བདག་ལ་འབྱོར་ནས་བཀླགས་ པ་ཡིན། འདི་ནི་ངས་ཐེངས་དང་པོ་བཀླགས་པ་མིན། ལོ་ཉི་ཤུ་ཙམ་གྱི་སྔོན་ལ་ ངས་རྒྱ་ཡིག་གི་ཐོག་ནས་ཐེངས་གཅིག་བཀླགས་རྗེས་ད་དུང་ཀློག་འདོད་ནས་ ཡང་ཐེངས་གཅིག་བཀླགས་པ་ཡིན། ད་རེས་ཁྱེད་ཀྱི་བོད་འགྱུར་མ་བཀླགས་ པ་ཐེངས་གསུམ་པ་ཡིན། སྒྲུང་རྩོམ་འདི་བོད་ཡིག་གི་ཐོག་ན་བཀླག་རྒྱུ་ཡོད་ན་ ཅི་མ་རུང་བའི་སྨོན་སེམས་ཡང་ཡང་ཤར ོ ་མྱོང་། ངས་རེ་བ་དེ་འདྲ་བྱེད་སྐབས་ རྒྱ་ཡིག་གི་ཐོག་ནས་བསྒྱུར་རྒྱུ་མ་གཏོགས་དབྱིན་ཡིག་ནས་བསྒྱུར་རྒྱུའི་རེ་བ་ ནི་ཧམ་སེམས་ལྟ་བུ་ཞིག་རེད། ད་རེས་ཁྱེད་ཀྱི་ “རྒད་པོ་དང་རྒྱ་མཚོ”ཡི་བོད་ འགྱུར་མ་ཀློག་སྐབས་སྔོན་མ་ཧམ་སེམས་སུ་འགྲོ་བ་ཞིག་ད་ལྟ་དོན་དངོས་ སུ་གྱུར་བ་རེད། ངས་སྐུ་ཉིད་ཀྱི་བོད་འགྱུར་མ་འདི་དབྱིན་ཡིག་གི་མ་རྩོམ་


xiv རྒད་པོ་དང་རྒྱ་མཚོ།

དང་གཤིབ་བསྡུར་གྱིས་ཀློག་རྒྱུ་མ་བྱུང་ཡང་འགྱུར་སྤུས་དག་པོ་ཡོང་ཡོད་པ་ལ་ ཡིད་ཆེས་ཡོད། ཉིད་ཀྱིས་དང་པོ་བསྒྱུར་དུས་དབྱིན་སྐད་ཀྱི་དགེ་རྒན་ཨ་མ་མཱེ་ རེ་ལགས་ལ་ཚིག་དོན་མི་གོ་བའམ་གོ་བ་མི་གསལ་བ་རྣམས་འདྲི་རྩད་གནང་ གིན་གནང་གིན་བསྒྱུར་བ་དང་། བསྒྱུར་ཚར་ནས་ཀྱང་སྐུ་ཉིད་ནས་ཞུས་དག་ ཡང་ཡང་གནང་བ་མ་ཟད། ད་དུང་གྲོགས་པོ་དག་གི་དགོངས་འཆར་ཡང་སྡུད་ ལེན་གྱི་ཞུས་དག་གནང་བ་འདི་དག་གིས་ཞུས་དག་འདོད་པ་ཚིམ་པ་བྱས་ཡོད་ ཅེས་ན་འགྲིག་ཀྱང་ཁྱེད་ཀྱི་འདོད་པ་ཚིམ་མེད། ཁྱེད་ནས་བོད་རིག་པའི་དགེ་ རྒན་ཆེན་མོ། རང་གི་ཕ་སྐད་དབྱིན་སྐད་ལ་མཁས་པ་སྨོས་མེད་སྟེང་རྒྱ་སྐད་ བོད་སྐད་གཉིས་ལ་ནང་བྱན་ཆུད་པ་ཨི་ལིའ་ོ ཊི་སྤེར་ལིང་དང་ལྷན་དུ་མཐའ་ མའི་དཀའ་གནད་དག་ལ་ཞུས་དག་གཏོང་རྒྱུ་བྱུང་བ་འདི་ནི་ཁྱེད་ཀྱིས་རང་གི་ བོད་འགྱུར་མ་འདི་ལ་གཅེས་སྐྱོང་གི་རྩེ་མོར་སླེབས་པ་སྨོས་མེད་ཀྱི་སྟེང་འགྱུར་ སྤུས་སྔར་ལས་ཀྱང་ཇེ་མཐོར་སོང་ཡོད་པར་ཐེ་ཚོམ་མེད་པ་རེད། སྒྲུང་རྩོམ་འདི་ ལ་དགའ་མཁན་ཞིག་ཡིན་པའི་ངོས་ནས་ “རྒད་པོ་རྒྱ་མཚོ”ཡི་བོད་འགྱུར་མ་ སྤུས་དག་ཅིག་ཐོན་པའི་ལེགས་བྱས་འདི་ལ་རྗེས་སུ་ཡི་རངས་ཐུགས་རྗེ་ཆེ་ཞུ་ བཞིན་ཡོད། གྲོགས་པོ་ཨ་ཁུ་འབུམ་གྱིས།” ཞེས་བྲིས་གནང་འདུག་པའང་འདིར་ ཆེད་དུ་བཅུག་པ་ཡིན། ད་ནི་ལོ་དྲུག་གི་ཡར་སྔོན་ཕྲན་ལ་བཅོས་སྒྲུང་འདི་ཐོག་མར་བསྒྱུར་ སྐབས་ཀྱི་འཆད་འཁྲིད་པ་ལྕམ་སྐུ་མཱེ་རེ་ པི་ཊར་སོན་དང་། དེ་ནས་པར་སྐྲུན་ བདག་དབང་གི་ཆོག་མཆན་ལ་རོགས་རམ་སྔ་ཕྱིར་གནང་མཁན་ལཱོ་རན་ ཧར་ཊི་ལེ་དང་བསྟན་འཛིན་བདེ་སྐྱིད། དུས་བབ་འགན་འཛིན་ཟུར་པ་བསྟན་ འཛིན་ཆོས་འཕེལ། རྩོམ་སྒྲིག་པ་ཟུར་པ་ལུང་རིགས་རྒྱལ། འགྱུར་གྱི་གོ་བ་ལ་ དྭོགས་གཅོད་རོགས་གནང་མཁན་སྐུ་ཞབས་ཨི་ལིའ་ོ ཊི་སྤེར་ལིང་གིས་མཚོན་ པའི་ཕྲན་གྱི་གྲོགས་པོ་དང་སློབ་མ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཕྲན་གྱི་བུ་མོ་རྒན་པ་ཚེ་རིང་དཔལ་འཛོམས་ཀྱིས་ཀྱང་ཨིན་ཡིག་གི་གོ་བ་ལ་


འགྱུར་གྱི་གོ་རིམ་ངོ་སྤྲོད།

xv

རོགས་རམ་བྱས་བྱུང་།

འགྱུར་གྲུབ་པའི་རྗེས་སུ་དུས་བབ་རྩོམ་སྒྲིག་པ་ཟུར་པ་ལུང་རིགས་ རྒྱལ་དང་། དགེ་བཤེས་བློ་བསྟན། བློ་བཟང་ཆོས་གྲགས་བཅས་ཀྱིས་བཀླག་ རོགས་གནང་སྟེ་དགོངས་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ།

མཐར་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་པ་ལུང་རིགས་རྒྱལ་ ལགས་ཀྱིས་འདིར་གླེང་བརྗོད་སྤེལ་གནང་བ་དང་། བོད་ཀྱི་དུས་བབ་གསར་ ཤོག་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་དང་། འགན་འཛིན་རབ་ ཡངས་ལགས། ཇུས་འགོད་པ་བསྟན་འཛིན་ཆོས་གྲགས་ལགས་དང་བཅས་ པའི་ལས་བྱེད་ཡོངས་ལ་ཡང་དཔེ་སྐྲུན་ཐད་ལ་གང་ལ་ཅི་འོས་ཀྱི་རོགས་རམ་ ནར་མར་གནང་ལ་བ་ཐུགས་རྗེ་ཆེ་ཞུ་བ་ཡིན།

གུས་བཅས། དགེ་འདུན་རབ་གསལ་གྱིས་ ༢༠༡༢ ལོའ ི་ཟླ་ ༡ ཚེས་ ༡༥ ལ།



རྒད་པོ་དང་རྒྱ་མཚོ།



ཁོ ང ་ནི ་ གྲུ་ཆུང་ཞི ག ་ཏུ་བསྡད་ནས་ཨེ ་ ཊི ་ ལཱན་ཊི ག ་གི ་ དྲོ ད ་འཇམ་རྒྱ་ མཚོའི་ནང་ཁེར་རྐྱང་དུ་ཉ་རྔོན་པའི་རྒད་པོ་ཞིག་ཡིན་ལ། ཉ་གཅིག་ ཀྱང་མ་ཟིན་པར་ད་ནི་ཉིན་བརྒྱད་ཅུ་གྱ་བཞི་སོང་ཡོད། ཐོག་མའི་ཉི་མ་ བཞི་བཅུའི་རིང་ལ་བུ་ཆུང་ཞིག་ཁོང་དང་མཉམ་དུ་ཡོད། ཡིན་ནའང་ཉ་ གཅིག་ཀྱང་མ་རྙེད་པར་ཉི་མ་བཞི་བཅུ་སོང་བའི་རྗེས་སུ། བུ་ཆུང་གི་ཕ་མ་ གཉིས་ཀྱིས་རྒད་པོ་འདི་ད་དངོས་གནས་ཏན་ཏན་ སཱ་ལའོ་ རེད་ཅེས་ཁོ་ ལ་བཤད་ཅིང་། དེ་ནི་རླུང་རྟ་ཆག་པའི་རྣམ་པ་སྡུག་ཤོས་དེ་རེད། བུ་ཆུང་ ཡང་ཁོང་གཉིས་ཀྱི་བཀའ་བཞིན་གྲུ་གཟིངས་གཞན་ཞིག་གི་ནང་དུ་སོང་ བ་དེ ས ་བདུན་ཕྲག་དང་པོ འ་ི ནང་ཉ་བཟང་པོ ་ གསུམ་འཛི ན ་ཐུབ་པར་ གྱུར། དེས་ཉིན་ལྟར་རྒད་པོ་དེ་གྲུ་ཆུང་སྟོང་པར་ལོག་ཡོང་བ་ལ་བལྟ་རྒྱུར་ བུ་ཆུང་སེམས་པ་སྐྱོ་དགོས་པ་ཞིག་བཟོས་ཤིང་། རྟག་ཏུ་བུ་ཆུང་མར་སོང་ ནས་རྒད་པོ་ལ་ཐག་འཁྱིལ་དང་ཉ་མདུང་། ལྕགས་ཀྱུ། གྲུའི་དར་ཤིང་ལ་ བཏགས་པའི་གྲུ་དར་གང་རུང་ཞིག་འཁྱེར་རོགས་བྱས་ཤིང་། གྲུ་དར་དེ་ནི་ གྲོ་ཕྱེའི་སྒྱེ་སྣོད་ཀྱིས་ལྷན་པ་བཏབ་ཅིང་ལྟེབ་ཡོད་ལ། དེ་ནི་དུས་གཏན་དུ་ ཕམ་ཟིན་པའི་དར་ཆ་ཞིག་དང་མཚུངས།


2 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རྒད་པོ་དེ་ནི་སྐམ་རིད་ཅིག་ཡིན་ཁར། ཁོའ ི་སྐེ་རྒྱབ་ནས་གཉེར་མ་མཐུག་ པོར་ཡོད་པ་ཞིག་རེད། ཁོང་གི་འགྲམ་པའི་ངོས་གཉིས་ལ་འཛམ་གླིང་གི་ཚ་ ཡུལ་གྱི་རྒྱ་མཚོ་ལ་ཉི་འོད་ཕོག་པ་ནས་བསྐྱེད་པའི་པགས་པའི་གཉན་ནད་ དྲིན་ཆེན་དེའི་སྨུག་མདོག་ཅན་གྱི་རྨ་ཤུལ་ཡོད་ལ། རྨ་ཤུལ་དེ་དག་ཁོང་གི་ ངོ་གདོང་གི་ངོས་གཉིས་ནས་མར་ཁྱབ་ཅིང་། ཁོང་གི་ལག་གཉིས་ཀྱི་སྟེང་དུ་ ཉ་གཟོང་གིས་ལྗིད་ཆེ་བའི་ཉ་འཛིན་སྐབས་བཟོས་པའི་རྨ་ཤུལ་ཆེན་པོ་ཡོད། ཡིན་ནའང་རྨ་ཤུལ་དེ་དག་ནི་སོས་པ་མིན། དེ་དག་ནི་ཉ་མེད་བྱེ་ཐང་ཞིག་ གི་ས་ཤུར་འགའ་བཞིན་རྙིང་པ་ཡིན། ཁོང་གི་མིག་འབྲས་མ་གཏོགས་ཚང་མ་རྙིང་པ་ཡིན། མིག་འབྲས་ གཉིས་ལ་རྒྱ་མཚོ་དང་གཅིག་མཚུངས་ཀྱི་མདངས་ཡོད་པ་མ་ཟད། འཛུམ་ མདངས་ཅན་དང་མ་ཕམ་པའི་ངང་མདངས་གསལ།

“སན་ཊི་ཡ་གོ” གྲུ་ཆུང་འདོགས་སའི་མཚོ་ངོགས་ནས་ཡར་འགོ་ བཞིན་བུ་ཆུང་གིས་དེ་ལྟར་བོས་ཤིང་། “ང་ཁྱེད་དང་མཉམ་དུ་ཡང་བསྐྱར་ འགྲོ་ཐུབ་ཀྱི་འདུག ང་ཚོས་དངུལ་ཅུང་ཟད་བཟོས་ཡོད།” ཅེས་བཤད། རྒད་པོ་དེས་བུ་ཆུང་ལ་ཉ་འཛིན་ཚུལ་བསླབས་ཤིང་བུ་ཆུང་ཁོང་ལ་དགའ།

“མིན” རྒད་པོས་བཤད། “ཁྱེད་རང་གྲུ་གཟིངས་བསོད་ནམས་ཆེ་ བ་ཞིག་དང་ལྷན་དུ་ཡོད་ན། ད་དེའི་མཉམ་དུ་སྡོད།”

“ཡིན་ནའང་། ཁྱེད་རང་ལ་ཉ་གཅིག་ཀྱང་མ་ཐོབ་པར་ཉིན་གྲངས་ བརྒྱད་ཅུ་གྱ་བདུན་ཕྱིན་པ་དང་། དེ་ནས་ང་ཚོས་བདུན་ཕྲག་གསུམ་གྱི་རིང་ ཉིན་ལྟར་ཉ་ཆེན་པོ་བཟུང་བ་དེ་དྲན་པར་བྱོས།”

“ངས་དྲན་གྱི་ཡོད།” རྒད་པོས་བཤད་། “ཁྱེད་རང་ང་ལ་དོགས་པ་


རྒད་པོ་དང་རྒྱ་མཚོ།

3

ཡོད་པའི་དབང་གིས་ང་བསྐྱུར་བ་མིན་པ་ངས་ཤེས་ཀྱི་ཡོད།”

“ངའི་ཨ་ཕས་ང་ཁྱོད་བསྐྱུར་ནས་འགྲོ་དགོས་པ་བཟོས་བྱུང་། ང་བུ་ ཆུང་ཞིག་ཡིན་པ་དང་། ངས་ཨ་ཕའི་ཁ་ལ་ངེས་པར་ཉན་དགོས།”

“ངས་ཤེས།” རྒད་པོས་བཤད། “དེ་ནི་ཧ་ལམ་རྒྱུན་ལྡན་ཞིག་རེད།” “ཁོང་ལ་ཡིད་ཆེས་དེ་ཙམ་མི་འདུག”

“མ་རེད།” རྒད་པོས་བཤད། “ཡིན་ན་ཡང་ང་ཚོ་ལ་ཡོད། ཡོད་པ་ མ་རེད་དམ།”

“རེད།” བུ་ཆུང་གིས་བཤད། “ངས་སྡིངས་ཆའི་ཐོག་ནས་ཁྱེད་ལ་ལྦུ་ ཆང་ཞིག་ཕུལ་ཆོག་པ་ཞུ། དེ་ནས་ང་ཚོས་ཅ་ལག་རྣམས་ཁྱིམ་ལ་འཁྱེར་འགྲོ”

“ཅིའི་ཕྱིར་མིན།” རྒད་པོས་བཤད། “ང་ཚོ་ཉ་པ་ནང་ཁུལ་དུ།”

ཁོང་ཚོ་སྡིངས་ཆའི་ཐོག་བསྡད་པ་དང་ཉ་པ་མང་པོས་རྒད་པོ་ལ་ ཁྲེལ་དགོད་བྱས། རྒད་པོ་ཁོང་ཁྲོ་མ་ལངས། གཞན་ཚོའི་ཁྲོད་ནས་ཉ་པ་རྒན་པ་ ཚོས་ཁོང་ལ་བལྟས་ནས་སེམས་སྐྱོ། ཡིན་ནའང་སེམས་སྐྱོ་བ་དེ་ཕྱིར་མི་མངོན་ པར་བྱས་ནས། གུས་ཞབས་ཀྱི་ཐོག་ནས་རྒྱ་མཚོའི་གཡོ་ཕྱོགས་དང་གཏིང་ ཚད་ལ་ཁོང་ཚོའི་ཉ་ཐག་གཡུགས་རབས། གནམ་གཤིས་བཟང་པོའ ི་སྐབས་ དང་། དེའི་སྐབས་སུ་ག་རེ་མཐོང་བ་སོགས་བཤད། ཉིན་དེའི་ལམ་ལྷོང་ཅན་གྱི་ ཉ་པ་ཚོ་ཚུར་ལོག་ཟིན་པ་དང་། ཁོང་ཚོས་རང་གི་ཉ་མཱར་ལིན་རྣམས་བཤས་ ནས་ཤིང་ལེབ་རིང་མོ་གཉིས་ཀྱི་སྟེང་ཁེབས་པར་བསྙལ། དེ་མི་གཉིས་ཀྱིས་ གོམ་པ་འཁྱོར་བཞིན་ཤིང་ལེབ་ཀྱི་སྣེ་གཉིས་ནས་འཇུས་ཏེ་ཉ་ཁང་དུ་འཁྱེར་ ཞིང་། དེར་འཁྱག་དར་ཅན་གྱི་རླངས་འཁོར་ལ་སྒུག་སྟེ། ཧ་ཝ་ནཱ་གྲོང་ཁྱེར་གྱི་


4 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁྲོམ་ལ་དབོར་གྱི་ཡོད། ཉ་ཤྲག་བཟུང་བ་ཚོས་མཚོ་འགྲམ་ཕྱོགས་གཞན་གྱི་ ཉ་ཤྲག་གི་བཟོ་གྲྭ་ལ་དབོར་ཅིང་། དེར་ཁོང་ཚོས་གནམ་བཏགས་རྒྱ་མ་ལ་ ལྗིད་ཚད་འཇལ་ཅིང་། དེའི་མཆིན་པ་རྣམས་བཏོན། གཤོག་པ་རྣམས་བཅད། པགས་པ་བཤུས་ཏེ། ཚྭ་ཁུ་ཅན་དུ་བཟོ་ཆེད་ཉ་ཤ་ལེབ་མོར་གཏུབས་ཀྱི་ཡོད།

རླུང་ཤར་ཕྱོགས་ནས་ལངས་སྐབས་ཉ་ཤྲ ག་གི་བཟོ་གྲྭ་ནས་དྲི་མ་ ཞིག་ཐད་ཀར་མཚོ་གྲུའི་ས་ཚིགས་ལ་ཡོང་མོད། དེ་རིང་དྲི་ངན་གྱི་ཟུར་ཕྲ་ མོ་ཞིག་ལས་མི་འདུག གང་ཡིན་ཟེར་ན། རླུང་དེ་བྱང་ཕྱོགས་ནས་འགག་པ་ དང་། དེ་ནས་ཡལ་བ་རེད་ལ། སྡིངས་ཆའི་ཐོག་ཉི་འོད་འཚེར་བ་དང་དགའ་ སྣང་འཕེལ་བ་ཞིག་རེད།

“སན་ཊི་ཡ་གོ” བུ་ཆུང་གིས་བོས།

“ཨ།” རྒད་པོས་ལན་བཏབ། ཁོས་ཆང་ཕོར་འཛིན་པ་དང་ལོ་ མང་གོང་གི་གནས་ཚུལ་ཞིག་ལ་བསམས་བཞིན་འདུག “སང་ཉིན་གྱི་ཆེད་དུ་ཁྱེད་རང་ལ་ཉ་ཆུང་སཱར་ཌིན་ལེན་ཆེད་ང་ འགྲོ་ཆོག་གམ།”

“མ་རེད། ཁྱེད་རང་སོངས་ལ་དབྱུག་པའི་སྤོ་ལོ་རྩེས་དང་། ངས་ ད་དུང་གྲུ་མཚོ་ནང་དུ་འདེད་ཐུབ་ཅིང་། རོ་ཧི་ལོ་ཡིས་དྲ་བ་དེ་ཚོ་ང་ལ་ གཡུགས་ཀྱི་རེད།” “ང་སོང་ན་འདོད། ངས་ཁྱེད་དང་མཉམ་དུ་ཉ་འཛིན་མ་ཐུབ་ན་ ཡང་། ངས་ཁྱེད་ལ་ཞབས་ཞུ་ཞིག་ཞུས་ན་འདོད།”

“ཁྱོད་ཀྱིས་ང་ལ་ལྦུ་ཆང་ཉོས་པ་རེད།” རྒད་པོས་བཤད། “ཁྱེད་


རྒད་པོ་དང་རྒྱ་མཚོ།

5

རང་ཕོ་ཁྱོ་ག་ཆགས་ཚར་འདུག”

“ཁྱེད་རང་གིས་ཐོག་མར་ང་མཚོ་གྲུ་ལ་འཁྲིད་སྐབས་ང་ལོ་ག་ ཚོད་རེད།” “ལོ་ལྔ་རེད་ལ། ངས་ཉ་དེ་བཟུང་མ་ཐག་ནང་དུ་དྲངས་ཡོང་ སྐབས་ཁྱེད་རང་གསོད་གྲབས་བྱས་པ་རེད། ཉ་དེས་གྲུ་ཡང་དུམ་བུར་ གཅོག་གྲབས་བྱས་པ་རེད། ཁྱེད་ཀྱིས་དྲན་སོས་སམ།”

“ངས་མཇུག་མ་ལེ བ ་མོ ་ དེ ་ ཚོ ་ འཁྱུགས་ཤི ང ་བརྡབས་པ་དང་། རྐུབ་སྟེགས་ཆག་བཞིན་པ། དབྱུག་པས་རྡེག་པའི་སྒྲ་བཅས་དྲན་སོས་ཀྱི་ འདུག ཁྱེད་ཀྱིས་ང་ཉ་ཐག་རློན་པ་འཇོག་སའི་གྲུའི་མདུན་ལ་གཡུགས་པ་ དང་། གྲུ་ཡོངས་རྫོགས་འདར་སིག་སིག་བྱས་ལ། ཁྱེད་ཀྱིས་ ཤིང་སྡོང་ཞིག་ གཅོད་པ་ལྟར་ དབྱུག་པས་ཉ་ལ་རྡེག་པའི་སྒྲ་དང་། དེ་ནས་ཁྲག་མངར་མོ་ ཞིག་གིས་ངའི་གཟུགས་གཞི་ལ་ཁྱབ་པ་དེ་ཡང་དྲན་གྱི་འདུག” “ཁྱེད་རང་གིས་དངོས་གནས་དེ་ཚོ་དྲན་གྱི་འདུག་གམ། ཡང་ན་ ངས་ཁྱེད་ལ་དེ་ཚོ་བཤད་མ་ཐག་པ་རེད།” “ངས་འུ་གཉིས་དང་པོར་མཉམ་དུ་ཕྱིན་པ་ཚུན་གྱི་དོན་ཚང་མ་ དྲན་གྱི་འདུག”

རྒད་པོས་རང་གི་ཉི་མས་གཙེས་ཤིང་གདེང་ཚོད་ཅན་གྱི་ཡིད་ འོང་མིག་གིས་བུ་ཆུང་ལ་བལྟས། “ཁྱེད་རང་ངའི་བུ་ཡིན་ན་ངས་ཁྱེད་རང་ཕར་འཁྲིད་ནས་བལྟས་ ཆོག་མོད།” རྒད་པོས་བཤད། “ཡིན་ན་ཡང་ཁྱེད་རང་ཁྱེད་ཀྱི་ཨ་ཕ་དང་ཨ་


6 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མའི་རེད་ལ། ཁྱེད་རང་གྲུ་བསོད་ནམས་ཅན་ཞིག་གི་ནང་དུ་ཡོད།”

“ངས་ཁྱེད་རང་ལ་ཉ་སཱར་ཌིན་བླངས་ཆོག་གམ། ངས་ད་དུང་ཁ་ འབྲིད་བཞི་གང་ནས་ལེན་ཐུབ་པ་ཡང་ཤེས་ཀྱི་ཡོད།” “ང་ལ་དེ་རིང་གི་ལྷག་མ་རྣམས་ཡོད། ངས་དེ་ཚོ་སྒམ་གྱི་ནང་ཚྭ་ དང་ལྷན་བཞག་ཡོད།”

“ངས་ཁྱེད་རང་ལ་སོས་པ་བཞི་ལེན་ཆོག”

“གཉིས།” བུ་ཆུང་གིས་བཤད།

“གཅིག” རྒད་པོས་བཤད། ཁོའ ི་རེ་བ་དང་གདེང་ཚོད་དེ་རྩ་ནས་ མ་ཡལ་ལ། ད་ནི་མཚོ་རླུང་བསིལ་མ་དང་མཉམ་དུ་ཇེ་གསར་དུ་འགྲོ་བཞིན་ འདུག “གཉིས།” རྒད་པོས་མོས་མཐུན་བྱས། “ཁྱེད་རང་གིས་དེ་ཚོ་མ་ བརྐུས་སམ།” “ངས་རྐུ་སྲིད།” བུ་ཆུང་གིས་བཤད། “འོན་ཀྱང་། ངས་འདི་ཚོ་ ཉོས་པ་ཡིན།”

“ཐུགས་རྗེ་ཆེ།” རྒད་པོས་བཤད། ཁོང་ལ་སྙོམ་ཆུང་གི་གཤིས་ཀ་ དེ་ག་དུས་ཐོབ་ཡོད་མེད་ལ་དོ་སྣང་ཙམ་ཡང་བྱེད་ཀྱི་མེད། ཡིན་ནའང་ཁོས་ རང་ཉིད་ལ་སྙོམ་ཆུང་དེ་ཐོབ་པ་ཡིན་པ་ཤེས་ལ། དེ་ནི་མི་དགའ་བའི་གནས་ ཚུལ་ཞིག་མིན་པ་དང་། དེས་སྤོབས་པ་ངོ་མ་བོར་མེད་པ་ཡང་ཤེས་ཀྱི་ཡོད།

“མཚོ་ཡི་གཡོ་ཕྱོགས་འདི་ལ་བལྟས་ན། སང་ཉིན་ནི་ ཉི་མ་ཡག་


རྒད་པོ་དང་རྒྱ་མཚོ།

7

པོ་ཡོང་གི་རེད།” ཁོང་གིས་བཤད།

“ཁྱེད་རང་གང་དུ་འགྲོ་གི་ཡིན།” བུ་ཆུང་གིས་དྲིས།

“ཐག་རིང་ས་ཞིག་ལ་སོང་ནས་རླུང་གི་གཡོ་ཕྱོགས་བསྟུན་ནས་ ཚུར་ཡོང་གི་ཡིན། ནམ་མ་ལངས་པའི་སྔོན་ལ་ཐོན་འགྲོ་གི་ཡིན།”

“ངས་ཁོ ང ་ཐག་རི ང ་ས་ཞི ག ་ལ་ལས་ཀ་བྱེ ད ་དུ་འཇུག་པའི ་ ཐབས་ཤེས་བྱེད་ཀྱི་ཡིན།” བུ་ཆུང་གིས་བཤད། “དེ་ནས་ཁྱེད་རང་གིས་ དངོས་གནས་ཆེན་པོ་ཞིག་བཟུང་བ་ཡིན་ན། ང་ཚོ་ཡང་ཁྱེད་རང་ལ་ རོགས་བྱེད་དུ་ཡོང་ཐུབ།”

“ཁོ ང ་ཧ་ཅང་ཐག་རི ང ་ས་ཞི ག ་ལ་ལས་ཀ་བྱེ ད ་དུ་འགྲོ ་ རྒྱུར་ དགའ་བོ་ཡོད་པ་མ་རེད།” “མ་རེད།” བུ་ཆུང་གིས་བཤད། “ཡིན་ན་ཡང་། ངས་ཁོང་གིས་ མི་མཐོང་བའི་དོན་དེ་འདྲ་མཐོང་གི་རེད། དཔེར་ན་བྱ་ཡི་འཕུར་ལྡིང་གི་ བྱ་བ་ལྟ་བུ་རེད། ངས་ཁོང་ཐག་རིང་ས་ཞིག་ལ་ཉ་ཌོལ་ཕིན་འཛིན་ཆེད་ ཡོང་དུ་འཇུག”

“ཁོང་གི་མིག་དེ་འདྲའི་སྡུག་པོ་རེད་དམ།” “ཁོང་ཕལ་ཆེར་ཞ་ར་རེད།”

“དེ་ཡ་མཚན་རེད།” རྒད་པོས་བཤད། “ཁོང་གིས་རུས་སྦལ་རྔོན་ པའི་ལས་ཀ་གཏན་ནས་བྱས་མ་མྱོང་། དེ་མིག་དབང་གསོད་བྱད་དེ་རེད།”

“ཡིན་ན་ཡང་ཁྱེད་ཀྱིས་ མོ་སེ་ཁུ་ཏོ་ མཚོ་འགྲམ་དུ་རུས་སྦལ་རྔོན་


8 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

པའི་ལས་ཀ་ལོ་མང་རིང་བྱས་པ་རེད་མོད་མིག་ཤེས་གསལ་པོ་འདུག”

“ང་རྒད་པོ་ཁྱད་མཚར་ཞིག་ཡིན།”

“ངས་ཡོད་བསམས་ཀྱི་འདུག ཐབས་བྱུས་མང་པོ་ཡོད་པ་རེད།”

“ཡི ན ་ནའང་ད་ལྟ་དངོ ས ་གནས་ཉ་ཆེ ན ་པོ ་ ཞི ག ་འཛི ན ་རྒྱུར་ ཁྱེད་རང་ལ་སྟོབས་ཤུགས་འདང་ངེས་ཡོད་དམ།” “ད་ཅ་ལག་རྣམས་ཁྱིམ་ལ་འཁྱེར།” བུ་ཆུང་གིས་བཤད། “དེ་ལྟར་ བྱས་ན་ངས་ཕྱ་རའི་དྲ་བ་བླངས་ནས་ཉ་ཆུང་སཱར་ཌིན་ལེན་ཆེད་འགྲོ་ཆོག”

ཁོང་ཚོས་གྲུ་གཟིངས་ནས་ཅ་དངོས་རྣམས་བླངས། རྒད་པོས་དར་ ཤིང་ཕྲག་པར་འཁུར་ཞིང་། བུ་ཆུང་གིས་ཐག་པ་སྨུག་པོ་སུམ་སྐྱ་མཁྲེགས་པོ་ བཞག་པའི་སྒམ་དང་། མདུང་ལྕགས་ཀྱུ་ཅན་དང་ཉ་མདུང་ཡོ་བ་དང་བཅས་ པ་འཁྱེར། ཁ་འབྲིད་ཅན་གྱི་སྒམ་དེ་ནི་གྲུ་མཇུག་གི་ནང་ངོས་སུ་བཅུག་ཡོད་ལ། དེ་དང་མཉམ་དུ་ཤིང་གི་དབྱུག་པ་ཞིག་བཞག་ཡོད་པ་དེ་ནི་ཉ་ཆེན་པོ་འཇུས་ སྐབས་འཕར་ཤུགས་གཅོག་སླད་བེད་སྤྱོད་བྱེད་པ་རེད། མི་སུ་ཞིག་གིས་ཀྱང་ རྒད་པོའ ི་ཅ་ལག་མི་རྐུ་མོད། ཆུའི་བ་མོས་གནོད་ཆེ་བས་ཐག་པ་ལྗིད་པོ་དང་ གྲུ་དར་རྣམས་ཁྱིམ་ལ་འཁྱེར་ན་ལེགས་ཤིང་། ཁོང་གིས་ཀྱང་ཡུལ་མི་ཚོས་ཁོང་ གི་ཅ་ལག་དེ་ཚོ་མི་རྐུ་བར་ཤེས་ཡོད། རྒད་པོས་མདུང་ལྕགས་ཀྱུ་ཅན་དང་ མདུང་རིང་རྣམས་གྲུའི་ནང་དུ་འཇོག་པ་ནི་དགོས་མེད་ཀྱི་ལས་ཀ་ཞིག་རེད་ བསམས། ཁོང་ཚོ་མཉམ་དུ་རྒད་པོའ ི་སྤྱིལ་ཆུང་ལ་ཡར་སོང་ཞིང་སྒོ་ཕྱེས་ཕྱེས་ སུ་ཡོད་པ་ནས་འཛུལ། རྒད་པོས་གྲུ་དར་གྱིས་གཡོགས་པའི་དར་ཤིང་དེ་རྩིག་ པ་ལ་སྙེས་ཏེ་བཞག བུ་ཆུང་གིས་སྒམ་དང་དེ་མིན་གྱི་ཅ་ལག་རྣམས་དེའི་


རྒད་པོ་དང་རྒྱ་མཚོ།

9

འཁྲིས་ལ་བཞག དར་ཤིང་དེ་ཧ་ལམ་སྤྱིལ་ཆུང་གི་ཁང་མིག་གཅིག་གི་རིང་ ཚད་དང་མཉམ། སྤྱིལ་ཆུང་དེ་ནི་ཤིང་པཱམ་གྱི་ཤིང་ཤུན་མཐུག་པོ་ གུའ་ནོ་ ཟེར་ བ་དེས་བཟོས་ཤིང་། སྤྱིལ་ཆུང་ནང་ལ་ཉལ་ཁྲི་དང་དང་ཅོག་ཙེ། རྐུབ་སྟེགས་ གཅིག ཐང་ངོས་སུ་སོལ་བ་བེད་སྤྱོད་ཀྱིས་ཟས་གཡོ་ས་ཞིག་བཅས་ཡོད། གུའ་ ནོ་ ཡི་སྐྱ་མཁྲེགས་པོར་སླས་པའི་ལོ་མ་ལེབ་མོ་དང་འབུར་མ་ཅན་གྱི་རྩིག་ པ་སྨུག་པོའ ི་ངོས་སུ། སྙིང་ཁྲག་འཛགས་པའི་ཚོན་ཁྲ་ཅན་གྱི་ཡེ་ཤུ་དང་ཁོང་ གི་ཡུམ་ཝར་ཇིན་གྱི་པར་ཡོད་ལ། དེ་ནི་ཁོང་གི་ཆུང་མ་འདས་མོའ ི་དད་རྟེན་ རེད། སྐབས་གཅིག་ལ་དེ་རུ་ཁོང་གི་ཆུང་མའི་པར་ཚོན་ཅུང་འགྱུར་བ་ཞིག་ ཡོད་མོད། ཁོང་གིས་པར་དེ་མར་ཕབ་དགོས་བྱུང་། གང་ཡིན་ཟེར་ན། དེས་ ཁོང་ལ་ཆེས་ཁེར་རྐྱང་ཡིན་པའི་ཚོར་བ་བྱིན་ཅིང་། ད་ནི་པར་དེ་ཟུར་གྱི་ཆ་ སྟེགས་ཤིག་གི་སྟེང་ཁོང་གི་སྟོད་ཐུང་ཁེ་གཙང་ཞིག་གི་འོག་ལ་བཞག་ཡོད།

“ཁྱེད་ལ་ཟ་རྒྱུ་ཅི་ཞིག་ཡོད།” བུ་ཆུང་གིས་དྲིས།

“འབྲས་སེར་ཁོག་མ་གཅིག་དང་མཉམ་དུ་ཉ་ཤ་ཡོད། ཁྱེད་རང་ ལ་དགོས་སམ།”

“མི་དགོས། ངས་ཁྱིམ་ནས་ཟ་རྒྱུ་ཡིན། ངས་ཁྱེད་རང་ལ་མེ་གཏོང་ དགོས་སམ།”

“མི་དགོས། ངས་ག་ལེར་གཏོང་ཆོག ཡང་ན། ངས་འབྲས་གྲང་ མོར་ཟ་རྒྱུ་ཡིན།”

“ངས་ཕྱ་རའི་དྲ་རྒྱ་འཁྱེར་ཆོག་གམ།” “ལོས་ཆོག”


10 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཕྱ་རའི་དྲ་རྒྱ་མི་འདུག དེ་བཙོངས་ཟིན་པ་དེ་བུ་ཆུང་གིས་དྲན། ཡིན་ནའང་ ཁོང་ཚོ་ཉིན་ལྟར་འཁྲུལ་སྣང་འདི་བརྒྱུད་ཀྱི་ཡོད། ད་དུང་འབྲས་སེར་གྱི་ཁོག་ མ་དང་ཉ་ཤ་མེད་ལ། བུ་ཆུང་གིས་དེ་ཡང་ཤེས་ཀྱི་ཡོད། “བརྒྱད་ཅུ་གྱ་ལྔ་དེ་ཨང་གྲངས་བཀྲ་ཤིས་པ་ཞིག་རེད།” རྒད་པོས་ བཤད། “ངས་ཉ་ཤ་རྒྱ་མ་སྟོང་ཕྲག་གྱོན་པའི་ཉ་ཆེ ན་པོ ་གཅི ག་བཟུང་ ནས་འཁྱེར་ཡོང་རྒྱུ་ལ་ལྟ་འདོད་ཅི་ཙམ་ཡོད།”

“ངས་དྲ་རྒྱ་བླངས་ནས་ཉ་སཱར་ཌིན་ལེན་དུ་འགྲོ་གི་ཡིན། ཁྱེད་རང་ སྒོ་འགྲམ་གྱི་ཉི་འོག་ལ་སྡོད་ཀྱི་ཡིན་ནམ།”

“ཡིན། ང་ལ་ཁ་སང་གི་གསར་ཤོག་ཡོད་ལ། ངས་དབྱུག་པའི་སྤོ་ ལོའ་ི སྐོར་ཀློག་གི་ཡིན།”

བུ་ཆུང་གིས་ཀྱང་ཁ་སང་གི་གསར་ཤོག་དེ་ཡང་འཁྲུལ་སྣང་ཞིག་ ཡིན་མིན་མ་ཤེས། ཡིན་ནའང་རྒད་པོས་གསར་ཤོག་དེ་ཉལ་ཁྲིའི་འོག་ནས་ བཏོན།

“པཱ་རི་ཁོ་ ཡིས་ བོ་དེ་གཱ་ ནས་ང་ལ་འདི་སྤྲད་བྱུང་།” རྒད་པོས་ འགྲེལ་བཤད་བྱས། “ང་ལ་ཉ་སཱར་ཌིན་ཐོབ་རྗེས་ལོག་ཡོང་གི་ཡིན། ངས་ཁྱེད་རང་གི་ ཉ་དང་ངའི་ཉ་འཁྱག་དར་གྱི་ནང་མཉམ་དུ་འཇོག ཞོགས་པར་ང་གཉིས་ ཀྱིས་བགོ་བཤའ་བྱས་ཆོག ང་ཚུར་ལོག་ཡོང་དུས་ཁྱེད་ཀྱིས་ང་ལ་དབྱུག་ པའི་སྤོ་ལོའ ི་སྐོར་བཤད་ན་ཆོག”


རྒད་པོ་དང་རྒྱ་མཚོ།

11

“ཡཱན་ཀིས་རུ་ཁག་ཤོར་མི་སྲིད།”

“ཡིན་ནའང་ང་ཁི་ལི་ཝེ་ལན་ཌི་ཡི་ ཨིན་ཌིན་ཡན་ རུ་ཁག་ལ་སྐྲག”

“ཡཱན་ཀིས་རུ་ཁག་ལ་ཡིད་ཆེས་བྱོས་དང་། ངའི་བུ། མཁས་ཤོས་ ཌི་མཱ་ཇའོ་ལ་བསམ་བློ་ཐོངས་དང་།” “ང་ ཌི་ཊོ་རི་ཊི་ ཡི་ ཊེ་གཱར་རུ་ཁག་དང་། ཁི་ལི་ཝེ་ལན་ཌི་ ཡི་ ཨིན་ཌིན་ཡན་ རུ་ཁག་གཉིས་ཆ་ལ་སྐྲག”

“གཟབ་གཟབ་བྱོས་ཨ། ཁྱེད་རང་ཐ་ན་ སིན་སེ་ནེ་ཊེ་ ཡི་ རེ་ཌི་ རུ་ཁག་དང་། ཆི་ཁ་ཀོ་ ཡི་ ཝའེ་ཊི་སོག་སི་ རུ་ཁག་གཉིས་ལ་ཡང་སྐྲག་ གི་རེད།” “ཁྱེད་རང་གིས་དེ་ལ་སློབ་སྦྱོང་བྱས་ནས་ང་ཚུར་ལོག་སྐབས་ང་ ལ་ཤོད།” “ཁྱེད་ཀྱི་བསམ་ཚུལ་ལ་ང་ཚོས་ཨང་གྲངས་བརྒྱད་ཅུ་གྱ་ལྔ་ཅན་ གྱི་རྒྱན་ཤོག་ཅིག་ཉོ་དགོས་སམ། སང་ཉིན་ཉི་མ་བརྒྱད་ཅུ་གྱ་ལྔ་བ་རེད།” “ང་ཚོས་དེ་བྱེད་ཐུབ།” བུ་ཆུང་གིས་བཤད། “ཡིན་ནའང་ཁྱེད་རང་ གི་སྐད་གྲགས་ཅན་གྱི་ཨང་གྲངས་བརྒྱད་ཅུ་གྱ་བདུན་ལ་ཅི་ཞིག་བྱེད།”

“དེ་བསྐྱར་དུ་ཡོང་མི་སྲིད། ཁྱེད་ཀྱི་བསམ་ཚུལ་ལ། ཁྱེད་ཀྱིས་ བརྒྱད་ཅུ་གྱ་ལྔ་ཞིག་རག་གི་རེད་དམ།”

“ངས་གཅིག་མངགས་ཆོག”


12 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཤོག་གུ་གཅིག དེ་ལ་ཌོ་ལར་གཉིས་དང་ཕྱེད་ཀ་རེད། ང་ཚོས་དངུལ་དེ་ སུ་ལས་གཡོར་ཐུབ།” “དེ་ལས་སླ་པོ་རེད། གཡོར་ཐུབ།”

ངས་རྟག་པར་ཌོ་ལར་གཉིས་དང་ཕྱེད་ཀ་

“གཅིག་བྱས་ན་ངས་ཀྱང་ཐུབ་ཀྱི་རེད་བསམས་ཀྱི་འདུག ཡིན་ ནའང་ངས་གཡོར་མི་དགོས་པའི་ཐབས་ཤེས་བྱེད་ཀྱི་ཡོད། ཐོག་མར་ཁྱེད་ རང་གིས་གཡར། དེ་ནས་སློང་གི་རེད།” “དྲོན་པོར་བཞུགས་ཨང་། རྒད་པོ།” བུ་ཆུང་གིས་བཤད། “ང་ཚོ་ ཟླ་དགུ་པའི་ནང་ཡོད་པ་སེམས་ལ་ཟུངས།” “ཉ་ཡག་ཤོས་ཡོང་བའི་ཟླ་བ།” རྒད་པོས་བཤད། “མི་སུ་ཡིན་ ཡང་ཟླ་ལྔ་པའི་ནང་ཉ་པ་ཆགས་ཐུབ།”

བུ་ཆུང་ཚུར་ལོག་ཡོང་དུས་རྒད་པོ་རྐུབ་སྟེགས་ཀྱི་སྟེང་གཉིད་ལ་ ཤོར་ཡོད་ཅིང་། ཉི་མ་ནུབ་ཚར། བུ་ཆུང་གིས་རྒད་པོའ་ི ཉལ་ཁྲི་ལས་དམག་ མིའི་ཉལ་ཆས་རྙིང་པ་ཞིག་ཡོད་པ་དེ་བཏོན་ནས་རྐུབ་སྟེགས་ཀྱི་རྒྱབ་དང་ རྒད་པོའ་ི ཕྲག་པ་ལ་ཁེབས་པར་གཡོགས། ཕྲག་པ་དེ་ཚོ་ཁྱད་མཚར་ཞིག་ རེད། ཤིན་ཏུ་རྒས་ནས་ཡོད་ནའང་ངར་ཤུགས་ཡོད་ལ། སྐེ་ཡང་ད་དུང་ མཁྲེགས་པོ་རེད། རྒད་པོ་གཉིད་པའི་སྐབས་འདིར་གཉེར་མ་དེ་ཚོ་ཡང་དེ་ ཙམ་མི་གསལ་ལ། ཁོང་གི་མགོ་དེ་མདུན་ངོས་སུ་སྒུར་འདུག ཁོང་གི་སྟོད་ ཐུང་ལ་ལྷན་པ་མང་པོ་བཏབ་ཡོད་ཅིང་། དེ་ནི་ཉི་འོད་ཕོག་ནས་མདངས་ སྣ་ཚོགས་སུ་བསྒྱུར་བའི་གྲུ་དར་དང་དེའི་ལྷན་པ་རྣམས་དང་ཤིན་ཏུ་མཚུངས། རྒད་པོའ ི་མགོ་དེ་ཤིན་ཏུ་རྒས་ཡོད་ཅིང་མིག་འབྲས་གཉིས་ཀྱང་བཙུམས་ཡོད་


རྒད་པོ་དང་རྒྱ་མཚོ།

13

བརྟེན། ཁོང་གི་གདོང་ལ་གསོན་པོའ ི་ཉམས་ཤིག་མི་འདུག གསར་ཤག ོ ་དེ་ཁོང་ གི་པུས་མོ་གཉིས་ཀྱི་སྟེང་བཞག་ལ། ཁོང་གི་ལག་ངར་གྱི་ལྗིད་ཀྱིས་གསར་ཤག ོ ་ དེ་དགུང་མོའ ི་བསིལ་རླུང་གི་ནང་ཉར་འདུག ཁོང་རྐང་རྗེན་རེད། བུ་ཆུང་གིས་རྒད་པོ་དེ་རུ་བཞག ཁོང་ཚུར་ལོག་ཡོང་དུས་རྒད་པོ་ ད་དུང་གཉིད་ནས་འདུག

“ཡར་ལོངས་དང་རྒད་པོ།” བུ་ཆུང་གིས་རང་གི་ལག་པ་གཅིག་རྒད་ པོའ ི་པུས་མོ་ལ་བཙུགས་ནས་བཤད། རྒད་པོས་མིག་ཕྱེ། ཡུན་གཅིག་ལ་ཁོང་ཐག་རིང་ས་ཞིག་ནས་ཚུར་ ལོག་ཡོང་གི་འདུག དེ་ནས་ཁོང་འཛུམ།

“ཁྱེད་རང་ལ་ག་རེ་རག་སོང་།” ཁོས་དྲིས།

“ང་དེ་ཙམ་ལྟོགས་ཀྱི་མི་འདུག”

“ཁྱད་དུ་འཕགས་པ།” འཕགས་པ་ཞིག་ཐོབ་ཀྱི་རེད།”

བུ་ཆུང་གིས་བཤད།

“ང་ཚོ་ལ་ཁྱད་དུ་

“ཤོག ད་ཟོ་དང་། ཁྱེད་ཀྱིས་མ་ཟས་ནས་ཉ་འཛིན་ཐུབ་ཀྱི་མ་རེད།”

“ངས་ཟ།” རྒད་པོས་ཡར་ལངས་ཞོར་དང་གསར་ཤག ོ ་ལྟེབ་ཞོར་དུ་ བཤད། དེ་ནས་ཁོང་གིས་ཉལ་ཆས་ལྟེབ་མགོ་བརྩམས། “ཉལ་ཆས་དེ་ཁྱེད་ཀྱི་འཁྲིས་ལ་ཞོག” བུ་ཆུང་གིས་བཤད། “ང་གསོན་ པའི་རིང་ལ་ཁྱེད་ཀྱིས་ལྟོ་ཆས་མ་ཟས་ནས་ཉ་རྔོན་གྱི་མ་རེད།”


14 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“དེས་ན་ཁྱོད་ཚེ་རིང་། རང་གིས་རང་ལ་བདག་བྱོས།” རྒད་པོས་བཤད། “ང་ཚོས་ག་རེ་ཟ་གི་ཡོད།”

“སྲན་མ་ནག་པོ་དང་འབྲས། ཀེ་ལ་བརྔོས་མ། ད་དུང་ཁུ་བ་ཏོག་ ཙམ་ཡོད།”

བུ་ཆུང་གིས་སྡིངས་ཆ་ནས་ཟས་དེ་དག་ལྕགས་སྣོད་ཉིས་རྩེག་ཅིག་ ཏུ་འཁྱེར་ཡོང་བ་རེད། ཁོང་གི་སྟོད་ཐུང་ཁུག་མའི་ནང་གྲི་དང་ཁེམ་བུ། ཀང་དྲ་ བཅས་ཆ་རེ་ཡོད་ལ། དེ་དག་ཀྱང་ཤག ོ ་གུའི་ལག་ཕྱིས་ཀྱིས་ཆ་རེ་དཀྲིས་ནས་ ཡོད།

“ཁྱེད་ལ་འདི་སུས་སྤྲད་སོང་།”

“ངས་ཁོང་ལ་ཐུགས་རྗེ་ཆེ་ཞུ་དགོས།”

“སྦྱིན་བདག་མཱར་ཏིན་གྱིས།”

“ངས་ཁོང་ལ་ཐུགས་རྗེ་ཆེ་ཞུས་ཚར།” བུ་ཆུང་གིས་བཤད། “ཁྱེད་ རང་གིས་ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད།”

“ངས་ཁོང་ལ་ཉ་ཆེན་པོ་གཅིག་གི་གྲོད་ཤ་སྟེར།” རྒད་པོས་བཤད། “ཁོང་གིས་འདི་འདྲ་ཐེངས་གཅིག་ལས་མང་ང་བྱས་ཡོད་པ་མ་རེད་དམ།”

“ངས་དེ་ལྟར་བསམས་ཀྱི་འདུག”

“དེས་ན་ངས་ཁོང་ལ་གྲོད་ཤ་ལས་ལེགས་པ་ཞིག་སྤྲོད་དགོས་པ་ རེད། ཁོང་གིས་ང་ཚོ་ལ་བསམ་ཤེས་འདི་ཙམ་བཏང་གནང་གི་འདུག”


རྒད་པོ་དང་རྒྱ་མཚོ།

15

“ཁོང་གིས་ལྦུ་ཆང་གཉིས་ཀྱང་བསྐུར་སོང་།”

“ང་ལྦུ་ཆང་ལྕགས་ཊིན་ནང་ཡོད་པ་ལ་མང་ང་དགའ་གི་འདུག”

“དྲིན་ཆེན་ཁྱོད།” རྒད་པོས་བཤད། “ང་ཚོས་ཟས་ན་མ་རེད་དམ།”

“ངས་ཤེས་ཀྱི་ཡོད། ཡིན་ནའང་འདི་ཚོ་ཤེལ་དམ་ནང་ཡོད། ཧ་ཏུ་ ཝེ་ལྦུ་ཆང་། ངས་ཤེལ་དམ་ཕར་སློག་གི་ཡིན།” “ངས་ཁྱོད་ལ་ཞུ་བཞིན་ཡོད་པ་དེ་ཡིན།” བུ་ཆུང་གིས་སྤམ་པོའ་ི ཐོག་ནས་ཞུས། “ཁྱེད་རང་གྲ་སྒྲིག་ཡིན་ཡིན་བར་དུ་ངས་སྣོད་ཀྱི་ཁ་འབྱེད་ རྩིས་མེད།” “ད་ང་གྲ་སྒྲིག་ཡིན།” རྒད་པོས་བཤད། “ང་ལ་ལག་པ་བཀྲུ་བའི་ དུས་ཚོད་ཙམ་དགོས།”

ཁྱེད་རང་གིས་གང་དུ་བཀྲུའམ། བུ་ཆུང་གིས་བསམས། གྲོང་ གསེབ་ཀྱི་ཆུ་མིག་དེ་སྲང་ལམ་གཉིས་ཀྱི་འོག་ལ་ཡོད། ངས་ཁོང་གི་ཆེད་ ཆུ་འདི་ལ་ལེན་དགོས་པ་འདུག ད་དུང་ཡིས་ཙི་དང་ལག་ཕྱིས་ཡག་པོ་ ཞིག་ཀྱང་དགོས་ཀྱི་འདུག་བསམས་པ་རེད། ང་འདི་འདྲ་བསམ་མེད་ ཅིག་ག་རེ་བྱས་ནས་ཡིན་ནམ། ངས་ཁོང་ལ་སྟོད་ཐུང་གཞན་པ་ཞིག་དང་ དགུན་ལྭ་ཞིག ལྷམ་གྱི་རིགས་ཤིག་དང་ཉལ་ཆས་གཞན་པ་ཞིག་གྲ་སྒྲིག་ ངེས་པར་བྱེད་དགོས།

“ཁྱེད་རང་གི་ཁུ་བ་འདི་ཚོ་ཧ་ཅང་ཡག་པོ་འདུག” རྒད་པོས་བཤད། “ང་ལ་དབྱུག་པའི་སྤོ་ལོའ ི་སྐོར་ཤད ོ ་དང་།” བུ་ཆུང་གིས་དྲིས།


16 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ངས་བཤད་པ་བཞིན། ཨ་རིའི་རྩེད་རིགས་མཐུན་ཚོགས་ཁྲོད་ནས་ནི་ད་ ཡཱན་ཀིས་རུ་ཁག་རེད།” རྒད་པོས་དགའ་སྣང་གིས་བཤད།

“ཁོང་ཚོ་དེ་རིང་ཤར ོ ་པ་རེད།” བུ་ཆུང་གིས་ཁོང་ལ་བཤད།

“རུ་ཁག་དེའི་ནང་མི་གཞན་པ་ཡང་འདུག”

“དེ་གང་ཡང་མ་རེད། སྐད་གྲགས་ཅན་ ཌི་མཱ་ཇའོ་ ཡང་བསྐྱར་ ཁོ་རང་རང་ཆགས་སོང་།” “དེ་རང་བཞིན་རེད། ཡིན་ནའང་ཁོང་གིས་མི་འདྲ་བ་ཞིག་བཟོ་ གི་རེད། རུ་ཁག་གཞན་གྱི་ནང་ནས། བི་རོ་ཀི་ལིན་དང་ཕི་ལི་ཌེ་ཕེ་ཡ་ གཉིས་ཀྱི་བར་ནས། ངས་ཡིན་གཅིག་མིན་གཅིག་ བི་རོ་ཀི་ལིན་འདམས་ ཀྱི་ཡིན། ཡིན་ནའང་དེ་ནས། ངས་གླིང་ག་རྙིང་བའི་ནང་ སྐུ་ཞབས་ཌིག་ སི་ས་ལར་ དང་ རྩེད་མོ་གྲགས་ཅན་དེ་ཚོ་དྲན་གྱི་འདུག” “ཁོང་ཚོ་དང་འདྲ་བོ་སུ་གང་མེད། ཁོང་གིས་སྤོ་ལོ་ཐག་རིང་པོ་ ལ་གཡུགས་པ་དེ་འདྲ་ངས་མཐོང་མ་མྱོང་།”

“ཁྱེད་རང་གིས་ཁོང་སྡིངས་ཆ་ལ་ཡོང་མྱོང་བ་དེ་ཚོ་དྲན་ནམ། ངས་ཁོང་ཉ་རྔོན་པར་འཁྲིད་འདོད་བྱུང་། ཡིན་ནའང་ངས་ཁོང་ལ་དེ་ཞུ་ རྒྱུར་ཧ་ཅང་འཚེར་བྱུང་། དེ་ནས་ངས་ཁྱེད་རང་ལ་ཁོང་ལ་ཞུ་རོགས་ཞུས་ ནའང་ཁྱེད་རང་ཡང་འཚེར་འདུག” “ངས་ཤེས་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། གཅིག་ བྱས་ན་ཁོང་ང་ཚོའི་མཉམ་དུ་སོང་ཡོད་ཀྱི་རེད། དེ་ནས་དེ་ང་ཚོའི་མི་ཚེ་ གང་ལ་ཡོད་ཡོད་པ་ཞིག་རེད།”


རྒད་པོ་དང་རྒྱ་མཚོ།

17

“ངས་མཁས་ཤས ོ ་ཌི་མ་ཇའོ་ཉ་རྔོན་པར་འཁྲིད་ན་འདོད”རྒད་པོས་བཤད། “ཁོང་ ཚོས་བཤད་པ་ལྟར་ན་ཁོའ ི་ཕ་ཉ་པ་ཞིག་རེད་ཟེར། གཅིག་བྱས་ན་ཁོང་ང་ཚོ་ནང་ བཞིན་སྐྱོ་པོ་ཞིག་ཡིན་རྒྱུ་རེད་ལ། ང་ཚོའི་གནས་སྟངས་ཤེས་ཀྱི་རེད།”

“གྲགས་ཅན་སི་ས་ལར་གྱི་ཕ་དེ་སྐྱོ་པོ་ཞིག་གཏན་ནས་མ་རེད། ཁོ ང ་ངའི ་ ལོ ་ ཚོ ད ་ཡི ན ་དུས་ཁོ ང ་རུ་ཁག་ཆེ ་ཤོ ས ་དེ ་ འདྲའི ་ ནང་རྩེ ་ གི ་ འདུག” “ང་ཁྱེད་རང་གི་ལོ་ཚོད་ཡིན་དུས། ང་གཡོར་གྲུ་ཞིག་གི་དར་ ཤིང་མདུན་ལ་བསྡད་ནས་ཨ་ཕི་རི་ཀ་ལ་སོང་། དགོང་མོའ་ི སྐབས་སུ་ངས་ མཚོ་འགྲམ་དུ་སེང་གེ་མཐོང་མྱོང་།”

“ངས་ཤེས་ཀྱི་ཡོད། ཁྱེད་རང་གིས་ང་ལ་བཤད་སོང་།”

“ང་ཚོས་ཨ་ཕི་རི་ཀའི་སྐོར་ལ་ཤོད་དམ་དབྱུག་པའི་སྤོ་ལོའ་ི སྐོར་ ལ་བཤད།”

“ངའི་བསམ་ཚུལ་ལ་དབྱུག་པའི་སྤོ་ལོའ་ི སྐོར་ལ།” བུ་ཆུང་གིས་ བཤད། “ང་ལ་སྐད་གྲགས་ཅན་ཇོན་ ཇེ་ མེག་རོ་ཡི་སྐོར་ལ་ཤོད་དང་།” ཁོང་གིས་ཧོ་ཊ་ཞེས་ ཇེ་ ཡི་ཚབ་ཏུ་བཤད།

“ཁོང་ཡང་སྔོན་མ་སྐབས་སྐབས་ལ་སྡིངས་ཆ་ལ་ཡོང་གི་རེད། ཡིན་ནའང་ཁོང་རྩུབ་པོ་དང་ཚིག་བཙན་པོ། ཆང་འཐུང་སྐབས་དཀའ་ ངལ་ཡོད་མཁན་ཞིག་རེད། ཁོང་གི་སེམས་དབྱུག་པའི་སྤོ་ལོའ་ི ཐོག་ཡོད་ པ་ཇི་བཞིན་ རྟའི་ཐོག་ལ་ཡང་ཡོད་རེད། མ་མཐའ་ལ་ཡང་ཁོང་གི་ཁུག་ མའི་ནང་རྟའི་མིང་ཐོ་ཞིག་ནམ་ཡིན་ཡང་འཁྱེར་ཡོད་ཅིང་། རྟའི་མིང་ཐོ་ དེ་ཚོ་ཡང་ཡང་ཁ་པར་ཐོག་ནས་ཀྱང་བཤད་ཀྱི་རེད།”


18 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཁོང་དོ་དམ་པ་ཡག་ཤོས་ཤིག་རེད།” བུ་ཆུང་གིས་བཤད། “ངའི་ཕ་ཡི་ སེམས་ལ་ཁོང་ནི་སྐད་གྲགས་ཅན་རྩེ་ཕུད་དེ་རེད།” “ཁོ ང ་དུས་ཚོ ད ་ཕལ་ཆེ ་ བར་འདི ་ ལ་ཡོ ང ་བའི ་ སྟབས་ཀྱི ས །” རྒད་པོས་བཤད། “གལ་སྲིད་ཌུ་རོ་ཆེར་ལོ་ལྟར་མུ་མཐུད་ནས་འདིར་ཡོང་ ཡོད་ན། ཁྱེད་ཀྱི་ཕས་ཁོང་དོ་དམ་པ་ཡག་ཤོས་དེ་རེད་བསམས་ཀྱི་རེད།”

“དངོས་གནས་དོ་དམ་པ་ཡག་ཤོས་སུ་རེད། ལུ་ཁེ་ རེད། ཡང་ན་ མའེ་ཀི་ དགོན་ཛ་ལ་སེ་ རེད།”

“ངའི་བསམ་ཚུལ་ལ་ཁོང་གཉིས་འདྲ་འདྲ་རེད།”

“མ་རེད། མི་གཞན་པ་ཡག་ག་ཡོད་པ་ངས་ཤེས་ཀྱི་ཡོད།”

“དེ་ནས་ཉ་བ་ཡག་ཤོས་ཁྱེད་རང་རེད།”

“ཁེ་ཝ། ༼སི་པཱ་ནི་ཤིའི་སྐད་ལ། ཁྱོན་ནས་མེད་ཅེས་པའི་དོན། ༽” བུ་ཆུང་གིས་བཤད། “ཉ་བ་ཡག་པོ་མང་པོ་ཡོད་རེད། ཡག་ཤས ོ ་ཁ་ཤས་ཡོད་ རེད། ཡིན་ནའང་ཁྱེད་རང་གཅིག་རང་གཅིག་ཡོད་རེད།”

“ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་སྐྱིད་པོ་བཟོ་གི་འདུག ང་ཚོ་ལ་མ་ རེད་ཅེས་ཁུངས་སྐྱེལ་འཕེར་མཁན་གྱི་ཉ་སྟོབས་ཆེན་ཞིག་ང་ཚོའི་ཉེ་སར་ མི་ཡོང་བའི་རེ་བ་ཡོད།” “ཁྱེད་ཀྱིས་བཤད་པ་ཇི་བཞིན་ཁྱེད་ལ་སྟོབས་ཡོད་ན་ཉ་དེ་འདྲ་ ཡང་ཡོད་མ་རེད།”

“ང་ནི་ངས་བསམས་པ་བཞིན་གྱི་སྟོབས་ལྡན་ཞིག་མིན་སྲིད་པ་


རྒད་པོ་དང་རྒྱ་མཚོ།

19

རེད།” རྒད་པོས་བཤད། “ཡིན་ན་ཡང་ངས་ཐབས་བྱུས་སྣ་ཚོགས་ཤེས་ལ། ང་ལ་དམ་བཅའ་ཡོད།” “ད་ཁྱེད་རང་ཉལ་ན་ལེགས་ཤིང་། དེ་ལྟར་བྱས་ན་ཞོགས་ཀར་ ཁམས་དྭངས་གི་རེད། ངས་ཅ་ལག་འདི་ཚོ་ཕྱིར་སྡིངས་ཆ་ལ་འཁྱེར་གི་ཡིན།”

“ཨོ་ན། གཟིམ་འཇགས་གནང་གོ ངས་ཞོགས་ཀར་ཁྱེད་རང་ གཉིད་སད་ཆོག”

“ཁྱེད་རང་ངའི་ཅོང་བརྡའི་ཆུ་ཚོད་རེད།” བུ་ཆུང་གིས་བཤད།

“ལོ་ན་ནི་ངའི་ཅོང་བརྡའི་ཆུ་ཚོད་རེད།” རྒད་པོས་བཤད། “ཅིའི་ ཕྱིར་རྒད་པོ་ཚོ་ཆེས་སྔ་པོ་ནས་གཉིད་སད་ཀྱི་ཡོད། དེ་ནི་ཉི་མ་རིང་ང་ ཞིག་ཡོང་ཆེད་རེད་དམ།” “ངས་ཤེས་ཀྱི་མེད།” བུ་ཆུང་གིས་བཤད། “ངས་ཤེས་པ་ནི་ལོ་ཆུང་ བ་ཚོ་གཉིད་ཕྱི་པོ་དང་མཐུག་པོ་ཁུག་གི་ཡོད་པ་དེ་རེད།” “ངས་དེ་དྲན་གྱི་འདུག” རྒད་པོས་བཤད། “ངས་ཁྱེད་རང་དུས་ ཚོད་ཏག་ཏག་ལ་གཉིད་སད་ཆོག”

“ང་ཁོང་གིས་གཉིད་སད་དུ་འཇུག་རྒྱུ་ལ་དགའ་གི་མི་འདུག དེ་ ནི་ང་ཉམ་ཐག་ཅིག་ཡིན་པ་འདྲ་བོ་འདུག”

“ངས་ཤེས་ཀྱི་ཡོད།”

“རྒད་པོ། གཉིད་ཡག་པོ་ཁུག་ཨང་།”


20 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོང་ཚོས་ཅོག་ཙེའི་ཐོག་གློག་བཞུ་ཡང་མེད་པར་ཟ་མ་ཟས། བུ་ཆུང་ཕྱི་རོལ་ ཏུ་ཐོན། རྒད་པོས་ནག་ཁུང་ནང་ནས་རྐང་སྣམ་ཕུད་དེ་གཉིད་ཉལ་དུ་སོང་། ཁོང་གིས་རྐང་སྣམ་བསྒྲིལ་ནས་དེའི་ནང་གསར་ཤོག་བཅུག་སྟེ་སྔས་མགོ་ བཟོས། དེ་ནས་ཁོ་རང་ཡང་ཉལ་ཆས་ནང་བསྒྲིལ། དེ་ནས་ཉལ་ཁྲིའི་སྟེང་ གི་མཉེན་ཆས་ལ་བཀབ་པའི་གསར་ཤག ོ ་རྙིང་པ་ཚོའི་སྟེང་ཉལ།

ཁོང་ཅུང་ཟད་ཅིག་གཉིད་པ་དང་། ཁོང་བུ་གུ་ཡིན་དུས་ཨ་ཕི་རི་ ཀ་ལ་ཡོད་པ་རྨི་ལམ་རྨིས། གསེར་མདངས་ཅན་གྱི་མཚོ་འགྲམ་དང་། མིག་ མདངས་འཕྲོག་པའི་མཚོ་འགྲམ་དཀར་པོ། མཚོ་ཁའི་བྲག་གཟར་མཐོན་ པོ་དང་ཆེ་བའི་སྨུག་མདོག་གི་རི་རྣམས་རྨིས། ད་ནི་མཚན་མོ་རེ་རེ་བཞིན་ ཁོང་མཚོ་འགྲམ་དེའི་ཁ་ཕྱོགས་སུ་བསྡད་ཡོད་ལ། ཁོང་གི་རྨི་ལམ་དུ་མཚོ་ ཡི་རླབས་སྒྲ་ཐོས། ཡུལ་མིའི་གྲུ་གཟིངས་རྣམས་རླབས་གཤགས་ནས་ཡོང་ བ་མཐོང་། ཁོང་གཉིད་བཞིན་དུ་གྲུའི་སྟེང་གཅལ་དུ་ཡོད་པའི་རྩྭ་ཐག་དང་ ཐང་ཆུའི་དྲི་མ་ཚོར་ལ། ཁོང་གིས་ཞོགས་པའི་ས་རླུང་གིས་འཁྱེར་བའི་ཨ་ ཕི་རི་ཀའི་དྲི་མ་སྣུམ།

ནམ་རྒྱུན་ཁོ ང ་གི ས ་ས་རླུང་གི ་ དྲི ་ མ་ཚོ ར ་སྐབས་ཁོ ང ་གཉི ད ་ སད་ཅིང་། གྱོན་པ་གོན་ནས་བུ་ཆུང་གཉིད་སད་དུ་འགྲོ འོན་ཀྱང་དེ་ དགོང་ས་རླུང་གི་དྲི་མ་འདི་ཆེས་སྔ་པོར་སླེབས་ཤིང་། ཁོང་གིས་ཀྱང་དེ་ ནི་ཁོང་གི་རྨི་ལམ་ནང་གི་སྔ་མོ་ཞིག་ཡིན་པ་ཤེས་ཡོད། མུ་མཐུད་ནས་རྨི་ ལམ་རྨི་བར་ཞུགས་ཏེ། རྒྱ་མཚོ་ནས་མཐོན་པོར་སྙེག་པའི་མཚོ་གླིང་གི་རི་ རྩེ་དཀར་པོ་དག་ལ་བལྟ་བ་དང་། དེ་ནས་ཁོང་གིས་ ཁེ་ནེ་རེ་ མཚོ་གླིང་ གི་ལམ་ཕྲན་དང་མཚོ་འགག་མི་འདྲ་བ་རྣམས་རྨིས།

ཁོང་གིས་དྲག་ཆར་རྨི་ལམ་དུ་མ་རྨིས་ལ།

དེ་བཞིན་བུད་མེད་


རྒད་པོ་དང་རྒྱ་མཚོ།

21

དང་། བྱུང་བ་གལ་ཆེན། ཉ་ཆེན་པོ། འཐབ་འཛིང་། སྟོབས་ཀྱི་འགྲན་ བསྡུར། ཁོང་གི་ཆུང་མ་བཅས་ཀྱང་མ་རྨིས། ད་ནི་ཁོང་གིས་ས་ཆ་ཁོ་ན་ རྨིས་པ་དང་མཚོ་ཁའི་སེང་གེ་དེ་ཚོ་རྨིས། སེང་གེ་དེ་ཚོ་ཞི་མིའི་ཕྲུ་གུ་ དང་མཚུངས་པར་ས་རྡུལ་ནང་རྩེས། ཁོང་འདི་ལ་ཤིན་ཏུ་དགའ། བུ་ཆུང་ ལ་དགའ་བ་དང་མཚུངས། ཁོང་གིས་བུ་ཆུང་གི་སྐོར་གཏན་ནས་མ་རྨིས། ཁོང་ལས་སླ་པོར་གཉིད་སད། སྒོ་ཕྱེས་ཕྱེས་སུ་ཡོད་པ་ནས་ཟླ་བ་ལ་བལྟས། རྐང་སྣམ་དེ་བསྒྲིལ་བ་གྲོལ་ནས་གོན། སྤྱིལ་ཆུང་གི་ཕྱི་རོལ་དུ་གཅིན་པ་ བཏང་། དེ་ནས་བུ་ཆུང་གཉིད་སད་ཆེད་ཡར་ཕྱིན། ཞོགས་པའི་གྲང་ངར་ གྱིས་ཁོང་འདར་སིག་སིག་བྱས། ཡིན་ནའང་ཁོང་གིས་འདར་སིག་བརྒྱབ་ ནས་རང་ཉིད་དྲོད་འཇམ་དུ་གཏོང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ལ། མི་རིང་ བར་ཁོང་གིས་གྲུ་ཁྱེམ་གཡུགས་དགོས་ཡོད།

བུ་ཆུང་སྡོད་སའི་ཁང་པའི་སྒོ་ལ་སྒོ་ལྕགས་བརྒྱབ་མི་འདུག ཁོང་ གིས་སྒོ་ཕྱེས། རྐང་རྗེན་དུ་འཇབ་ནས་ནང་དུ་གོམ་པ་བརྒྱབ། བུ་ཆུང་དེ་ཁང་ མིག་དང་པོའ ི་ནང་བྱིས་པའི་ཉལ་ཁྲི་ཞིག་གི་སྟེང་ཉལ་འདུག ཡལ་བཞིན་ པའི་ཟླ་བའི་འོད་ལ་བརྟེན་ནས་རྒད་པོས་ཁོ་གསལ་པོར་མཐོང་ཐུབ། ཁོང་ གིས་བུ་ཆུང་གི་རྐང་པ་ཡ་གཅིག་ལ་འཇམ་པོའ་ི ངང་འཇུས་ནས་གཉིད་ མ་སད་ཀྱི་བར་དུ་བཟུང་། བུ་ཆུང་ཨ་ལོག་ཅིག་བརྒྱབ་ནས་ཁོང་ལ་བལྟས། རྒད་པོས་མགོ་སྒུར་སྒུར་ཅིག་བྱས། བུ་ཆུང་གིས་ཉལ་ཁྲིའི་འཁྲིས་ལ་ཡོད་ པའི་རྐུབ་སྟེགས་ནས་རྐང་སྣམ་བླངས། ཉལ་ཁྲིའི་ཐོག་སྡོད་བཞིན་དུ་རྐང་ སྣམ་ཡར་གོན། རྒད་པོ་སྒོའ་ི ཕྱི་ལོགས་སུ་ཐོན་པ་དང་བུ་ཆུང་ཡང་ཁོའ་ི རྗེས་སུ་ ཡོང་། ཁོང་ད་དུང་གཉིད་དྭངས་མི་འདུག རྒད་པོས་རང་གི་ལག་པ་ཁོའ་ི དཔུང་པའི་སྟེང་བཞག་ནས། “དགོངས་དག” ཅེས་བཤད།


22 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཁུའི་ཝ།” བུ་ཆུང་གིས་བཤད། “འདི་ནི་ཕོ་ཁྱོ་ག་ཞིག་གིས་ངེས་པར་བྱེད་ དགོས་པ་ཞིག་རེད།”

ཁོང་ཚོ་ཐུར་དུ་རྒད་པོའ་ི སྤྱིལ་བུ་ལ་གོམ་པ་བརྒྱབ། ལམ་ཁའི་ སྟེ ང ་ནག་ཁུང་ནང་རྐང་རྗེ ན ་གྱི ་ སྐྱེ ས ་པ་ཚོ ས ་ཁོ ང ་ཚོ འི ་ གྲུའི ་ དར་ཤི ང ་ འཁྱེར་ནས་འགྲོ་གི་འདུག ཁོང་ཚོ་རྒད་པོའ་ི སྤྱིལ་ཆུང་ལ་སླེབས། བུ་ཆུང་གིས་ཐག་པ་ འཇོག་སའི་སྒམ་དང་མདུང་ལྕགས་ཀྱུ་ཅན་དང་ཉ་མདུང་འཁྱེར། རྒད་ པོས་གྲུ་དར་གྱིས་གཡོགས་པའི་དར་ཤིང་ཕྲག་པར་འཁྱེར།

“ཁྱེད་ཀྱིས་ཁོ་ཕི་འཐུང་གི་ཡིན་ནམ།” བུ་ཆུང་གིས་དྲིས།

“ང་ཚོས་ཅ་ལག་རྣམས་གྲུ་གཟིངས་ལ་འཇོག དེ་ནས་ཅུང་ཙམ་འཐུང་།”

ཁོང་ཚོས་ཉ་པ་ཚོར་ཞོགས་ཀ་སྔ་བོར་ཞབས་ཞུ་ཞུ་ས་ཞིག་ནས་ འོ་མ་བཏོན་པའི་ལྕགས་ཊིན་ཞིག་ཏུ་ཁོ་ཕི་འཐུང་།

“རྒད་པོ། ཁྱེད་རང་གི་གཉིད་གང་འདྲ་བྱུང་།” བུ་ཆུང་གིས་དྲིས། རང་ཉིད་གཉིད་ལས་སད་རྒྱུ་དེ་ཧ་ཅང་དཀའ་ན་ཡང་ད་ནི་ཁོང་གཉིད་ སད་བཞིན་འདུག

“གཉིད་སྐྱིད་པོ་བྱུང་། མཱ་ནོ་ལིན།” རྒད་པོས་བཤད། “དེ་རིང་ང་ ལ་གདེང་ཚོད་འདུག”

“ང་ལ་ཡང་།” བུ་ཆུང་གིས་བཤད། “ད་ངས་ཁྱོད་དང་ངའི་ཉ་ སཱར་ཌིན་དང་ཁྱེད་རང་གི་ཁ་འབྲིད་སོས་པ་དེ་ཚོ་ལེན་དགོས། ཁོང་གིས་ ང་ཚོའི་ཅ་ལག་ཁོ་རང་གིས་འཁྱེར་ཡོང་གི་རེད། ཁོང་གིས་མི་གཞན་པ་


རྒད་པོ་དང་རྒྱ་མཚོ།

23

ལ་ཅ་ལག་གཅིག་ཀྱང་འཁྱེར་འཇུག་འདོད་མི་འདུག”

“ང་ཚོ་གཅིག་པ་མ་རེད།” རྒད་པོས་བཤད། “ཁྱེད་རང་ལོ་ལྔ་ཡིན་དུས། ངས་ཁྱེད་ལ་ཅ་ལག་འཁྱེར་དུ་བཅུག་པ་རེད།” “ངས་ཤེས་ཀྱི་ཡོད།” བུ་ཆུང་གིས་བཤད། “ང་ལམ་སེང་ཚུར་སླེབས་ ཡོང་། ཁོ་ཕི་ཡང་བསྐྱར་གཅིག་འཐུང་། ང་ཚོ་ལ་འདིར་ཐོ་ཡོད་རེད།” ཁོང་རྡོ་རུག་སྟེང་རྐང་རྗེན་དུ་གོམ་པ་བརྒྱབ་ནས་མར་ཁ་འབྲིད་ བཞག་ཡོད་སའི་འཁྱག་པའི་ཁང་པར་སོང་།

རྒད་པོས་དལ་བོའ་ི ངང་ཁོ་ཕི་འཐུང་། དེ་ནི་ཁོང་གིས་ཉིན་གང་ ལ་འཐུང་རྒྱུ་ཞིག་ཡོད་པ་དེ་རེད། ཁོང་གིས་དེ་འཐུང་དགོས་པ་དེ་ཤེས་ཀྱི་ ཡོད། དུས་ཡུན་རིང་པོ་ཞིག་ལ་ཁོང་ཟ་མ་ལ་ཡི་ག་མེད་ཅིང་། ཁོང་གིས་ དྲོས་ཇ་ནམ་ཡང་འཁྱེར་གྱི་མེད། གྲུའི་ནང་སྟེགས་འོག་ཏུ་ཁོང་ལ་ཆུའི་ ཤེལ་དམ་གཅིག་ཡོད། དེ་ནི་ཉིན་གང་བོར་ཁོང་ལ་དགོས་ཚད་དེ་རེད། ད་བུ་ཆུང་ཡང་ཁ་འབྲི ད ་གསར་པ་གཉི ས ་དང་ཉ་སཱར་ཌི ན ་ ཚགས་པར་ནང་དཀྲིས་ནས་སླེབས་སོང་། ཁོང་ཚོ་མར་གྲུ་ཆུང་ཡོད་ས་ལ་ ཕྱིན། རྐང་འོག་ནས་བྱེ་མ་དང་རྡོ་རུག་ཚོར། གྲུ་ཐག་གློད་ནས་གྲུ་ཆུའི་ནང་ དུ་དེད།

“རྒད་པོ། བཀྲ་ཤིས། དོན་འགྲུབ།”

“བཀྲ་ཤིས། དོན་འགྲུབ།” རྒད་པོས་བཤད། ཁོང་གིས་གྲུ་ཁྱེམ་ འདོགས་པའི་ཐག་པ་ཚད་རན་པར་གྲུའི་ལོང་ལ་བཏགས་པ་དང་། ནག་ ཁུང་དེར་ཆུའི་ནང་དུ་མདུན་ཕྱོགས་ལ་སྙེས་ནས་གྲུ་ཁྱེམ་མདུན་དུ་འཕུལ་


24 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མགོ་བཙུགས་ཏེ་མཚོ་འགྲམ་ནས་ཐོན། དེར་གྲུ་ཁ་གཞན་ནས་ཡོང་བའི་གྲུ་ གཟིངས་ཀྱང་ཡོད་པ་དེ་ཚོ་རྒྱ་མཚོའི་ནང་འགྲོ་གི་འདུག ད་ནི་ ཟླ་བ་རི་བོའ ི་ ཕག་ཏུ་ཡལ་བརྟེན། རྒད་པོས་དེ་ཚོ་མི་མཐོང་མོད། གྲུ་ཁྱེམ་ཆུ་ལ་བརྒྱབ་པ་ དང་འཕུལ་བའི་སྒྲ་གོ་བར་གྱུར།

མཚམས་མཚམས་ལ་མི་རེས་གྲུའི་ནང་ནས་སྐད་ཆ་བཤད། ཡིན་ ནའང་གྲུ་ཕལ་མོ་ཆེ་ནི་གྲུ་ཁྱེམ་ཆུ་ལ་བརྒྱབ་པའི་སྒྲ་ཙམ་ལས་གཞན་ཁུ་ སིམ་མེར་ཡོད། མཚོ་གྲུའི་འགག་ནས་ཐོན་རྗེས་གྲུ་པ་ཚོའི་རྒྱང་ཐག་བསྐྱེད་ ལ། ཁོང་ཚོ་སོ་སོ་རང་ཉིད་ཀྱིས་ཉ་རྙེད་པར་རེ་བའི་རྒྱ་མཚོའི་ཕྱོགས་དེ་རུ་ སྙེག རྒད་པོས་ཁོ་རང་ཐག་རིང་ས་ཞིག་ལ་འགྲོ་གི་ཡོད་པ་ཤེས་ཤིང་། ཁོང་ གིས་ས་ཡི་དྲི་མ་རྒྱབ་ཏུ་བསྐྱུར། རྒྱ་མཚོའི་ནང་གི་ཞོགས་པའི་དྲི་མ་ཁམས་ གཙང་ཞིག་གི་ནང་དུ་སྙེག ཉ་པ་ཚོས་ཉ་ཡི་ཁྲོན་པ་ཆེན་པོ་ཞེས་བཏགས་ པའི ་ རྒྱ་མཚོ འི ་ ཕྱོ ག ས་དེ ར ་སླེ བ ས་རི མ ་བཞི ན ་ཁོ ང ་གི ས ་ཆུའི ་ ནང་རྒྱ་ མཚོའི་རྩྭ་ལྡུམ་གྱི་འོད་ཆེམ་ཆེམ་དེ་མཐོང་ཞིང་། ཕྱོགས་དེར་འདོམ་བདུན་ བརྒྱའི་གཏིང་ཚད་ཡོད་པ་དེར་ཉ་རིགས་སྣ་ཚོགས་འཛོམས་ཡོད་ལ། གང་ ཡིན་ཟེར་ན། དེར་རྒྱ་མཚོའི་ཞབས་ཀྱི་རི་བྲག་གི་ངོས་གཟར་པོ་ལ་འཐབ་ ནས་འཁོར་བའི་མཚོའི་འགུལ་སྐྱོད་ཡོད། འདི་རུ་མཚམས་མཚམས་ལ་ཨི་ ཁུང་གཏིང་རིང་ནང་ཡོད་པའི་མཚོ་འབུ་རྐང་བརྒྱད་པ་ སི་ཁུའེ་ཌ་ ཡི་ཁྱུ་ སྣ་ཚོགས་དང་། ཁ་འབྲིད་ཉ། མཚོ་འབུ་ཤཱི་རམ་སོགས་གཅིག་ཏུ་སྤུངས་ ཡོད། དེ་ཚོ་མཚན་མོའ་ི སྐབས་སུ་མཚོ་ཁ་ལ་ཐག་ཉེ་བར་ཡོང་ཞིང་། དེ་རུ་ ཉ་འཁྱམས་པོ་ཚོས་ཁོང་ཚོར་ཟས་སྦྱིན། ནག་ཁུང་ནང་རྒད་པོས་ཞོགས་ཀ་སླེབས་བཞིན་པ་ཚོར་ཐུབ་ ཅིང་། ཁོང་གིས་གྲུ་ཁྱེམ་འཕུལ་བ་བཞིན་ཁོང་གིས་འཕུར་ཉ་ཆུ་ལས་ཐོན་ པའི་འདར་སྒྲ་གོ་ཞིང་། ནག་ཁུང་ནང་ཕར་འཕུར་རིམ་བཞིན་ཁོང་ཚོའི་


རྒད་པོ་དང་རྒྱ་མཚོ།

25

གཤོག་པ་གྱོང་པོ་གཉིས་ཀྱིས་སིར་སྒྲ་དེ་འབྱིན། རྒྱ་མཚོའི་ནང་འཕུར་ཉ་ དེ་དག་ནི་ཁོང་གི་གྲོགས་པོ་གཙོ་བོ་དེ་ཡིན་ཕྱིར་ཁོང་ནི་འཕུར་ཉ་ལ་ཧ་ ཅང་དགའ་བ་རེད། ཁོང་བྱ་རིགས་ལ་སྙིང་རྗེ་ཞིང་། ལྷག་པར་དུ་རྒྱ་མཚོའི་ མཆིལ་བ་ནག་པོ་ཉམ་ཆུང་དེ་ཚོ་ལ་སྙིང་རྗེ། མཚོ་བྱིའུ་དེ་ཚོ་ནམ་རྒྱུན་ འཕུར་ནས་ཅིག་འཚོལ་མོད། ཕལ་ཆེར་རྙེད་རྒྱུ་གཅིག་ཀྱང་མེད་པ་རེད། ཁོང་གིས་འདི་ལྟར་བསམས། བྱ་རིགས་སྟོབས་ཅན་དང་ཇག་པའི་རིགས་ མ་གཏོགས་བྱ་རིགས་ལ་ང་ཚོ་ལས་དཀའ་ལས་ཁག་པའི་མི་ཚེ་ཞིག་ཡོད། ཁོང་ཚོས་ཅིའི་ཕྱིར་རྒྱ་མཚོ་འཁྲུགས་པའི་སྐབས་སུ་ཁྱུར་མིད་དུ་གཏོང་བའི་ བྱིའུ་རིགས་འདི་ཚོ་ཆེས་ཉམ་ཆུང་དང་མཉེན་པོ་ཞིག་བཟོས་པ་ཡིན་ནམ། ཁོ་མོ་ནི་ཆེས་མཛེས་མ་དང་བཟང་མོ་ཞིག་ཡིན། ཡིན་ནའང་ཁོ་མོ་ཆེས་ གདུག་པ་མོ་ཆགས་སྲིད་ལ། དེ་ཡང་ཆེས་གློ་བུར་དུ་ཆགས། རང་གི་སྐྱོ་སྐད་ ཆུང་ཆུང་དང་མཉམ་དུ་མཆོངས་ལྡིང་གིས་འཕུར་ཅིང་རྔོན་པའི་བྱིའུ་དེ་ཚོ་ ནི་རྒྱ་མཚོ་དང་བསྡུར་ན་ཆེས་ཉམ་ཆུང་ཞིག་བཟོས་ཡོད་པ་རེད། ཁོང་གིས་རྟག་ཏུ་རྒྱ་མཚོ་དེ་ ལཱ་མཱར་ རེད་བསམས་ཤིང་། དེ་ ནི ་ སི ་ པེ ན ་གྱི ་ སྐད་དུ་མི ་ རྣམས་ཁོ ་ མོ ་ ལ་དགའ་བའི ་ སྐབས་སུ་མི ང ་དུ་ བཏགས་པ་ཞིག་རེད། མཚམས་མཚམས་ལ་ཁོ་མོ་ལ་དགའ་བའི་མི་སྐོར་ ཞིག་གིས་མོའ་ི བྱ་ངན་སྤྱོད་ངན་ཤོད་མོད། ཡིན་ནའང་དེ་ཚོས་ཁོ་མོ་ནི་ བུད་མེད་ཅིག་ཡིན་ཤག་གིས་བཤད། འགྱིག་འཁོར་དེ་ཉ་ཐག་འཛིན་ པའི་ལྒང་བུར་བེད་སྤྱོད་བྱེད་ཅིང་། འཕྲུལ་འཁོར་གྱི་གྲུ་ཡོད་པའི་ཉ་པ་ལོ་ གཞོན་ཚོས་ཉ་ཤྲག་གི་མཆིན་པ་འཁྱེར་ཡོང་ནས་སྒོར་མོ་མང་པོ་བཟོས་ སྐབས་ཁོ་མོ་ལ་ ཨེལ་མཱར་ ཟེར་ལ། དེ་ནི་ཕོ་ཡི་སྒྲ་ཡོད་པ་ཞིག་རེད། ཁོང་ ཚོས་ཁོ་མོ་ནི་འགྲན་ཡུལ་ཞིག་དང་ཡང་ན་ས་ཆ་ཞིག མཐའ་ན་དགྲ་ ཞིག་ཡིན་རབས་བཤད། ཡིན་ནའང་རྒད་པོས་ག་དུས་ཡིན་ཡང་ཁོ་མོ་ནི་ བུད་མེད་ཅིག་ཡིན་པར་བསམས་ཤིང་། དགོས་འདོད་སྦྱིན་ཅིང་བཟུང་ལ།


26 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མཚམས་མཚམས་ལ་ཁོ་མོ་རེངས་པོ་དང་མ་རབས་ཆགས་པ་ནི་ཁོ་མོ་ལ་ བཅོས་ཐབས་མེད་ནས་བྱུང་བ་ཞིག་ཡིན་པར་འདོད། ཟླ་བས་བུད་མེད་ལ་ ཕན་པ་བཞིན་ཁོ་མོ་ལ་ཡང་ཕན། རྒད་པོས་བསམས།

ཁོང་གིས་གྲུ་ཁྱེམ་བརྟན་པོར་འཕུལ་བཞིན་ཡོད་ལ། མགྱོགས་ ཚད་ཏག་ཏག་ཅི ག ་བཞག་སྟབས་དེ་ལ་འབད་བརྩོན་ཡང་བྱེད་དགོས་ པ་མི་འདུག མཚམས་མཚམས་ལ་ཡོང་བའི་མཚོའི་གཡོ་ཕྱོགས་ཀྱི་རྦ་ རླབས་རེ་མ་གཏོགས་རྒྱ་མཚོའི་ངོས་ཀྱང་ལེབ་མོ་རེད། ཁོང་གིས་ཁོ་རང་ ཆུ་ཚོད་འདིའི་ནང་བསྐྱོད་པར་རེ་བའི་ས་ལས་བརྒལ་བའི་མཚམས་ཤིག་ ལ་སླེབས་ཟིན་པ་མཐོང་བ་དང་། གྲུ་ཁྱེམ་འཕུལ་བ་ཇེ་ཡང་དུ་འགྲོ་མགོ་ བརྩམས་པ་ལྟར། ཁོང་གིས་རྒྱ་མཚོའི་གཡོ་ཕྱོགས་ལ་རང་གི་ལས་ཀའི་ གསུམ་ཆ་གཅིག་དེ་བྱེད་དུ་འཇུག་གི་ཡོད། ངས་ཁྲོན་པ་གཏིང་རིང་དུ་བདུན་གཅིག་རིང་ལས་ཀ་བྱས་མོད་ གཅིག་ཀྱང་མ་འགྲུབ། ཁོང་གིས་བསམས། དེ་རིང་ངས་ཉ་ཨལ་བྷ་ཁོ་ར་ དང་བྷོ་ནི་ཊོ་ཡི་རིགས་ཡོད་ས་ཞིག་ལ་ལས་ཀ་བྱེད་ཀྱི་ཡིན། གཅིག་བྱས་ ན་ཆེན་པོ་གཅིག་ཀྱང་དེ་ཚོའི་མཉམ་དུ་ཡོད་སྲིད།

ནམ་མ་ལངས་གོང་ནས་ཁོང་གིས་ཁ་འབྲིད་རྣམས་ཕྱི་རོལ་དུ་ བཏོན་ཟིན་ཅིང་། མཚོའི་རྒྱུ་བ་ལ་བརྟེན་ནས་ཐུར་དུ་དཔྱངས་བཞིན་ཡོད། ཁ་འབྲིད་གཅིག་ནི་མཚོ་ཁ་ནས་འདོམ་བཞི་བཅུ་ལ་ཡོད། གཉིས་པ་དེ་ བདུན་ཅུ་དོན་ལྔ་ལ་ཡོད། གསུམ་པ་དང་བཞི་བ་དེ་མར་ཆུ་སྔོ་ཐིང་ཐིང་གི་ ནང་འདོམ་བརྒྱ་དང་། འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའི་ནང་ཡོད། ཁ་འབྲིད་ རེ་རེ་བཞིན་མགོ་ཐུར་དུ་དཔྱངས་ཤིང་། ལྕགས་ཀྱུའི་གཟོང་དེ་ཁ་འབྲིད་ཉ་ ཡི་ཁོག་པའི་ནང་བཅུག་ཐོག་སྤུས་དག་ཏུ་བཙེམས་ཤིང་བསྡམས་ཡོད། ཕྱི་ རོལ་དུ་མངོན་པའི་ལྕགས་ཀྱུའི་ཆ་ཡོངས་རྫོགས་ཏེ། དེའི་གུག་མ་དང་རྩེ་


རྒད་པོ་དང་རྒྱ་མཚོ།

27

རྣམས་ཉ་སཱར་ཌིན་སོས་པས་གཡོགས་ཡོད། ཉ་སཱར་ཌིན་རེ་རེ་བཞིན་མིག་ གཉིས་ནས་བརྒྱུས་ཏེ་བསྐོན་ཡོད་སྟབས། དེ་ཚོས་ལྕགས་གུག་གི་སྟེང་ཕྲེང་ བ་ཕྱེད་ཅིག་བཟོས་ཡོད། ལྕགས་ཀྱུའི་སྟེང་ཉ་ཆེན་གང་འདྲ་ཞིག་ཡིན་ ཡང་དེ་ལ་དྲི་མ་ཞིམ་པོ་མེད་པ་དང་བྲོ་བ་ཆེན་པོ་མི་འདུག་སྙམ་པའི་ཆ་ གཅིག་ཀྱང་མེད།

བུ་ཆུང་གིས་ཁོང་ལ་ཉ་ཊུ་ན་འམ་ཨལ་བྷ་ཁོ་ར་སོས་པ་ཆུང་གྲས་ གཉིས་སྤྲད་ཡོད་པ་དེ་ལྗིད་རྡོ་བཞིན་ཐག་པ་གཏིང་རིང་ཤོས་གཉིས་ལ་ བཏགས་ཡོད་ལ། གཞན་ཚོ་ལ་ཉ་སྔོན་རྒྱུགས་ཤེས་གཅིག་དང་ཉ་སེར་ ལྡང་མ་གཅིག་ཡོད་པ་དེ་སྔོན་བཀོལ་མྱོང་ཡོད་མོད་ད་དུང་སྤུས་ཀ་ཤིན་ ཏུ་བཟང་ཞིང་། དྲི་ཞིམ་དང་ཟ་འདོད་ལངས་པ་ཡོང་ཕྱིར་ཉ་སཱར་ཌིན་ ཡག་ཤོས་རྣམས་དེ་ལ་བརྒྱུས་ཡོད། ཐག་པ་རེ་རེ་ཡི་སྦོམ་ཚད་ནི་ཞྭ་སྨྱུག་ ཆེན་པོ་ཞིག་དང་མཚུངས་ལ། དེ་དག་ཤིང་ཐུར་ལྗང་ཁུ་ཞིག་ལ་མདུད་ ནས་དཔྱངས་ཡོད་སྟབས། ཁ་འབྲིད་ནས་འཐེན་པ་དང་རེག་པ་གང་ཞིག་ ཡིན་ཀྱང་ཤིང་ཐུར་དེ་ཆུ་ལ་ཐིམ། ཐག་པ་རེ་རེ་ལ་ཐག་འཁྱིལ་འདོམ་བཞི་ བཅུ་རེ་ཡོད་པ་དེ་དག་ཐག་འཁྱིལ་འཕར་མ་གཞན་ལ་མཐུད་ཆོག་ཆོག་ ཏུ་ཡོད་སྟབས། གལ་སྲིད་དགོས་མཁོ་བྱུང་ན་ཉ་ཡིས་ཐག་པ་འདོམ་སུམ་ བརྒྱ་འཐེན་ཆོག་པ་ཡོད། ད་ནི་རྒད་པོས་གྲུ་ཡི་ཕྱོགས་གཅིག་ནས་ཤིང་ཐུར་དེ་ཚོ་ཆུ་ལ་ ཐིམ་གྱི་ཡོད་མེད་ལ་བལྟས་ཤིང་ཐག་པ་རྣམས་ཡར་མར་དྲང་བོར་འདུག་ ཕྱིར་དང་གཏིང་ཚད་རན་པོར་འདུག་ཕྱིར་ལྷོད་ལྷོད་ཀྱིས་གྲུ་ཁྱེམ་འཕུལ། ད་ནི་ནམ་ལངས་ཤིང་གང་མྱུར་ཉི་མ་ཡང་འཆར་རྒྱུ་རེད།

རྒྱ་མཚོ་ལས་ཉི་མ་ཕྲ་བོར་ཤར། རྒད་པོས་གྲུ་གཟིངས་གཞན་ རྣམས་ཀྱང་མཐོང་། དེ་ཚོ་མཚོའི་མཐའ་དང་མཚོ་འགྲམ་གྱི་ཐག་ཉེ་ས་


28 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ན་འདུག མཚོ་རླབས་ཀྱི་གཡས་གཡོན་དུ་བཀྲམས་ནས་འདུག དེ་ནས་ ཉི་འོད་ཤིན་ཏུ་འཚེར། འོད་འཚེར་བ་དེ་རྒྱ་མཚོ་ལ་ཕོག དེ་ནས་ཉི་མ་ཇེ་ གསལ་དུ་སོང་བ་དང་རྒྱ་མཚོ་ལེབ་མོ་ཡིས་འོད་དེ་ཁོང་གི་མིག་ལ་ཕྱིར་ སློག དེས་མིག་དབང་ལ་ཤིན་ཏུ་གཙེས། ཁོང་གིས་དེ་ལ་མ་བལྟས་པའི་ ངང་ནས་གྲུ་ཁྱེམ་འཕུལ། ཁོང་གིས་ཆུའི་ནང་དུ་བལྟས་ནས་ཐག་པ་རྣམས་ ཐད་ཀར་ཐུར་དུ་ཆུ་ནག་སེང་བའི་ནང་སོང་བ་ལ་བལྟས། ཁོང་གིས་དེ་ རྣམས་གཞན་སུ་ཡིས་ཀྱང་མི་ནུས་པའི་དྲང་བོར་བསྲིངས། ཁོང་གིས་ཏན་ ཏན་ཉ་ཞིག་བརྐྱལ་ནས་ཡོང་བའི་རེ་བ་བྱས་པའི་ཆུ་ནག་སེང་བའི་གཏིང་ ཚད་རེ་རེ་ན་ཁ་འབྲིད་ཅིག་སྒུག་ནས་ཡོད། མི་གཞན་ཚོས་ཐག་པ་དེ་རྒྱ་ མཚོའི་གཡོ་ཕྱོགས་དང་བསྟུན་ནས་འགྲོ་བཅུག་ཅིང་། མཚམས་མཚམས་ ལ་ཉ་བ་ཚོས་ཐག་པ་དེ་འདོམ་བརྒྱ་ཡི་མཚམས་སུ་ཡོད་པར་རློམ་སྐབས་ སུ་དེ་ཚོ་འདོམ་དྲུག་ཅུའི་མཚམས་ན་ཡོད། ཡིན་ན་ཡང་། ཁོང་གིས་བསམས། ངས་དེ་ཚོ་ཚད་ཏག་ཏག་ལ་ བཞག ང་ལ་གཅིག་རང་གཅིག་ཡོད་པ་ནི་ད་བསོད་ནམས་མེད་པ་འདི་ རེད། ཡིན་ན་ཡང་སུས་ཤེས། གཅིག་བྱས་ན་དེ་རིང་། ཉི་མ་རེ་རེ་བཞིན་ཉི་ མ་གསར་པ་རེད། བསོད་ནམས་ཅན་ཡིན་ན་ཡག་ག་འདུག ཡིན་ན་ཡང་། དེ་ལས་ང་ཚད་ཏག་ཏག་ཅིག་བྱས་ན་འདོད། དེ་ནས་བསོད་ནམས་འཁོར་ ན་སོ་སོ་ཡང་གྲ་སྒྲིག་ཨང་གསར་རེད།

ད་ནི་ཉི་མ་ཡང་ཆུ་ཚོད་གཉིས་ཀྱིས་མཐོ་རུ་སོང་ཡོད། ཁོང་གིས་ ཤར་ཕྱོགས་སུ་བལྟ་རྒྱུར་མིག་ལ་ཡང་དེ་ཙམ་མི་གནོད། ད་ནི་མཐོང་ས་ ན་གྲུ་གསུམ་མ་གཏོགས་མི་འདུག དེ་ཚོ་ནི་ཆེས་ཆུང་ཆུང་མཐོང་བ་དང་ མཚོ་འགྲམ་དང་ཐག་ཉེ་ས་ན་འདུག

ངའི ་ མི ་ ཚེ ་ གང་གི ་ རི ང ་ཞོ ག ས་ཀའི ་ཉི ་ མ་ཡི ས ་ངའི ་ མི ག ་ལ་


རྒད་པོ་དང་རྒྱ་མཚོ།

29

གནོད། ཁོང་གིས་བསམས། ཡིན་ན་ཡང་དེ་ཚོ་ད་དུང་བཟང་། ཕྱི་དྲོའ་ི སྐབས་སུ་མིག་རབ་རིབ་ཏུ་མ་སོང་བར་ངས་ཉི་མ་ལ་ཐད་ཀར་བལྟ་ཐུབ། ཕྱི་དྲོའ་ི སྐབས་སུ་དེ་ལ་སྟོབས་ཀྱང་མང་ང་ཡོད། ཡིན་ན་ཡང་ཞོགས་ཀའི་ སྐབས་སུ་དེ་ནི་ན་ཟུག་ཅན་ཞིག་རེད།

དེ་མཚམས། ཁོང་གིས་དམག་མིའི་མཚོ་བྱ་ཞིག་གིས་ནག་ལ་ རིང་བའི་གཤོག་པ་བརྐྱངས་ནས་ཁོང་གི་མགོ་ཐོག་ནས་སྐོར་ལྡིང་བྱེད་པ་ མཐོང་། བྱ་དེས་མྱུར་མོའ་ི འབེབས་ཤིག་བྱས། དེ་ནས་གཤོག་པ་མཇུག་ཏུ་ བསྐུམས་ནས་གསེག་འཕུར་གྱིས་མར་ཡོང་། དེ་ནས་ཡང་སྐོར་ར་བྱས། “ཁོང་ལ་ཅིག་ཐོབ་པ་རེད།” རྒད་པོས་སྐད་གཟེངས་མཐོན་པོས་ བཤད། “ཁོས་བལྟ་གིན་ཡོད་པ་ཙམ་ཞིག་མ་རེད།”

བྱ་ཡིས་ལྡིང་སྐོར་རྒྱག་སའི་ཕྱོགས་སུ་ཁོང་གིས་བརྟན་པོ་དང་ ལྷོད་ལྷོད་ངང་གྲུ་ཁྱེམ་འཕུལ། ཁོང་གིས་བྲེལ་བ་མ་བྱས། ཁོང་གི་ཉ་ཐག་ རྣམས་ཡར་མར་ལ་དྲང་བོར་བཞག ཡིན་ན་ཡང་ཁོང་གིས་མཚོའི་རྒྱུ་བ་ ལ་འཚང་ཁ་ཏོག་ཙམ་བྱས། བྱ་འདི་སྤྱད་ནས་ཉ་རྔོན་རྩིས་མ་བྱས་གོང་གི་ ཉ་རྔོན་པ་དང་བསྡུར་ན། ཁོང་ཅུང་ཙམ་མགྱོགས་ན་ཡང་། ད་དུང་ཁོང་ གིས་ཚུལ་དང་མཐུན་པར་ཉ་རྔོན་གྱིན་ཡོད། བྱ་དེ་དགུང་མཐོ་སར་སོང་ནས་ཡང་བསྐྱར་བསྐོར་བ་བྱས། བྱ་ དེའི་གཤོག་པ་ལ་འགུལ་བསྐྱོད་མི་འདུག དེ་ནས་ཁོང་གིས་འབེབས་ གཅིག་མྱུར་མོར་བྱས་པ་དང་། རྒད་པོས་འཕུར་ཉ་ཞིག་ཆུ་ལས་ཐོན་པ་ མཐོང་ཞིང་། རྒྱ་མཚོའི་ངོས་ལས་ཐོན་ཏེ་རྟབ་རྟབ་པོར་རྒྱུགས།

“ཌོལ་ཕིན།” རྒད་པོས་སྐད་མཐོན་པོས་བཤད། “ཌོལ་ཕིན་ཆེན་པོ།”


30 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོང་གིས་གྲུ་ཁྱེམ་རྣམས་རང་གནས་སུ་བཞག གྲུའི་མདུན་འོག་ནས་ཐག་ པ་ཆུང་ཆུང་གཅིག་བླངས། དེ་ལ་ལྕགས་ལོང་ཞིག་དང་ལྕགས་ཀྱུ་ཆེ་ཆུང་ འབྲིང་ང་ཞིག་ཡོད། ཁོང་གིས་དེ་ལ་ཉ་སཱར་ཌིན་གཅིག་གིས་ཁ་འབྲིད་ བཟོས། ཁོང་གིས་དེ་ཕར་ཕྱོགས་སུ་གློད། དེ་ནས་གྲུའི་མཇུག་གི་ལྕགས་ ལོང་ལ་བསྡམས། དེ་ནས་ཁོང་གིས་ཐག་པ་གཞན་ཞིག་ལ་ཁ་འབྲིད་ བསྐོན་ནས་གྲུའི་གྲིབ་ནག་ཡོད་སར་ཐག་འཁྱིལ་བྱས་ཏེ་བཞག ཁོང་རང་ འཇགས་གྲུ་ཁྱེམ་འཕུལ་བར་ཕྱིན། གཤོག་པ་ནག་ལ་རིང་བའི་བྱ་དེས་ད་ ནི་མཚོ་ཁ་དམའ་སར་འཁོར་ཏེ་ལས་ཀ་བྱེད་བཞིན་པ་ལ་བལྟས། ཁོང་གིས་བལྟས་བསྡད་དུས། བྱ་དེས་འབེབས་བྱེད་ཆེད་གཤོག་ པ་གསེག་ནས་ཡང་བསྐྱར་འབེབས་གཅིག་བྱས། དེ་ནས་བྱ་དེས་འཕུར་ཉའི་ རྗེས་དེད་རིམ་བཞིན་འགུལ་མེད་དང་དེ་ནས་དྲག་པོའ ི་ངང་ནས་གཤོག་པ་ བརྡབས། ཌོལ་ཕིན་ཆེན་པོ་གཅིག་ཡར་ཡོང་ནས་ཁོང་ཚོས་བྲོས་འགྲོ་བའི་ འཕུར་ཉ་དེད་པ་དང་། རྒད་པོས་ཆུའི་ནང་ནས་འབུར་འབུར་ཅུང་ཟད་ཅིག་ མཐོང་། ཌོལ་ཕིན་གྱིས་ཉ་འཕུར་བའི་མཚམས་དེའི་ཆུ་འོག་བཅད་ནས་ འགྲོ་གི་འདུག་ལ། ཌོལ་ཕིན་ཆུའི་ནང་ལ་ཡོད་ཅིང་ཉ་དེ་མར་ཟགས་སྐབས་ མགྱོགས་པོར་འགྲོ་གི་འདུག འདི་ཌོལ་ཕིན་གྱི་ཁྱུ་ཚོགས་ཆེ་བ་གཅིག་རེད། ཁོང་གིས་བསམས། དེ་ཚོ་ཤིན་ཏུ་ཁྱབ་ཆེ་ལ་འཕུར་ཉ་ལ་གོ་སྐབས་ཆུང་ཆུང་ ཞིག་ལས་མེད། བྱ་ལ་གོ་སྐབས་ཁྱོན་ནས་མེད། བྱ་དེ་ལ་ནི། འཕུར་ཉ་དེ་ཚོ་ ཆེས་ཆེ་ལ་ཆེས་མགྱོགས་པོར་འགྲོ་ཐུབ། ཁོང་གིས་འཕུར་ཉ་དེ་ཡང་ནས་ཡང་དུ་ཆུའི་ནང་ནས་གློ་བུར་དུ་ ཐོན་པ་དང་ཕན་འབྲས་མེད་པའི་བྱའི་ལས་ཀ་ལ་བལྟས། ཉ་རིགས་འདི་ཚོ་ ངའི་ལག་ནས་ཐར་སོང་། ཁོང་གིས་བསམས། ཁོང་ཚོ་ཕར་ཆེས་ཐག་རིང་ ས་ལ་ཆེས་མགྱོགས་པོར་འགྲོ་གི་འདུག ཡིན་ནའང་གཅིག་བྱས་ན་ངས་ཁོང་


རྒད་པོ་དང་རྒྱ་མཚོ།

31

ཚོའི་འཁྱམས་པོ་ཞིག་ལེན་གྱི་ཡིན་ལ། གཅིག་བྱས་ན་བདག་གི་ཉ་ཆེན་པོ་དེ་ ཡང་དེ་ཚོའི་འཁྲིས་ལ་ཡོད་སྲིད། བདག་གི་ཉ་ཆེན་དེ་གང་ཞིག་ན་ཏན་ཏན་ ཡོད་པ་རེད།

ས་གཞིའི་སྟེང་གི་སྤྲིན་ཕུང་རྣམས་ད་ནི་རི་བོ་བཞིན་ཡར་ལངས་ ཤིང་། སྔོ་སྐྱའི་མདངས་ཅན་གྱི་རི་ཕྲན་རྒྱབ་ཏུ་བཞག་པའི་མཚོ་འགྲམ་དེ་ ཐིག་ལྗང་ཁུ་རིང་མོ་ཞིག་རེད། ད་ནི་མཚོའི་ཁ་དོག་སྔོ་ནག་ཏུ་གྱུར་ཅིང་། ཆེས་སྔོ་ནག་ཡིན་སྟབས་ཧ་ལམ་སྨུག་མདོག་ཅན་ཞིག་རེད། ཁོང་གིས་དེའི་ ནང་དུ་མར་བལྟས་སྐབས་ཆུ་ནག་པོའ ི་ནང་མཚོ་རྩྭའི་ཚགས་དམར་པོ་ཞིག་ མཐོང་ཞིང་ད་ལྟ་དེ་ལ་ཉི་མ་ཡིས་འོད་ཁྱད་མཚར་ཞིག་བཟོས་འདུག ཁོས་ ཁོང་གི་ཉ་ཐག་རྣམས་ཆུ་ཡི་ནང་གི་མཐོང་ས་ལས་བརྒལ་ནས་མར་ཐད་ ཀར་སོང་ཡོད་མེད་ལ་བལྟས་ཤིང་། མཚོ་རྩྭ་མང་པོ་མཐོང་ནས་ཉ་ཡོད་པའི་ རྟགས་མཚན་རེད་ཅེས་ཁོང་ཤིན་ཏུ་དགའ། མཚོ་ཡི་ནང་དུ་འོད་ཡ་མཚན་ ཞིག་བཟོས་པའི་ཉི་མ་དེ་ད་ནི་ཇེ་མཐོ་ལ་སོང་ཞིང་། དེ་གནམ་གཤིས་བཟང་ བའི་རྟགས་མཚན་ཞིག་རེད་ལ། ས་གཞིའི་ངོས་ཀྱི་སྤྲིན་པའི་དབྱིབས་ཀྱིས་ ཀྱང་དེ་མཚོན་པ་རེད། ཡིན་ནའང་བྱ་དེ་ད་ནི་ཧ་ལམ་མཐོང་ས་ལས་ཡལ་ འདུག་ལ། རྒྱ་མཚོ་ངོས་ནས་ཀྱང་གང་ཡང་བསྟན་མ་སོང་། ཡིན་ནའང་ མཚོ་རྩྭ་སཱར་གོ་སོའ་ི དུམ་བུ་ཉི་འོད་ཀྱིས་སེར་པོར་ཁ་བསྒྱུར་བ་འགའ་དང་ ། མཚོ་ཉ་ལྒང་བུ་སྤྱིན་ཁུ་ཅན། འཇའ་མདངས་ཅན། དམར་སྨུག བཟོ་ལྟ་མ་ ཤོར་པ་ཞིག་གྲུ་ཆུང་གི་འཁྲིས་ལ་གཡེངས་ནས་འདུག དེས་ཨ་ལོག་ཅིག་ བརྒྱབ་ནས་སླར་རང་འཇགས་འཁོར། ཆུའི་ནང་ཤི་རྫས་ཅན་གྱི་དམར་སྨུག་ མདོག་གི་རྐང་ལག་རྩྭ་རྒྱུས་རྣམས་མཇུག་ཏུ་འདོམ་གང་ཙམ་དྲུད་ནས་ལྦུ་ བ་བཞིན་འཛུམ་དམུལ་གྱིས་ཆུ་ཁར་གཡེངས།

“ཨ་གུ་མཱ་ལ།” མི་འདིས་བཤད། “གཞང་འཚོང་མ་ཁྱོད།”


32 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དེ ་ ནས་ཁོ ང ་གྲུ་ཁྱེ མ ་ལ་སྙེ ས ་ནས་ཅུང་ཙམ་གཟི ར ་ནས་བསྡད་དེ ་ ཆུའི ་ ནང་ལ་མར་བལྟས། མཚོ་ནང་སྐུད་ཉག་ཕྲ་མོ་ཞིག་དང་མཚུངས་པའི་ ཚོན་མདངས་ཅན་གྱི་ཉ་ཆུང་ཆུང་ཅིག་མཐོང་ལ། ཉ་དེ་ནི་མཚོ་ཉ་ལྒང་བུ་ དེའི་ལག་པ་ཕྲ་མོའ་ི བར་རྐྱལ་ཞིང་ལྒང་བུ་ཆུང་ཆུང་གི་གྲིབ་མས་སྦྲེལ་བ་ བཞིན་འགྲོགས་ནས་བསྐྱོད། ཉ་དེ་ཚོ་ལ་འདིའི་དུག་གིས་མི་འཚེ། ཡིན་ ནའང་མི་ལ་འཚེ་ཞིང་། རྒད་པོས་ཉ་རྔོན་པའི་སྐབས་སུ་འདིའི་རྐང་ལག་ ཕྲ་མོ་འགའ་རེས་ཉ་ཐག་ལ་འཇུ་ཞིང་དེ་ལ་འབྱར་ནས་མདོག་དམར་སྨུག་ ཏུ་སྡོད་ལ། རྒད་པོའ་ི ལག་པ་དང་དཔུང་བའི་ངོས་ལ་སྐྲངས་འབུར་ཐོན་ ནས་ན་ཟུག་གཏོང་བ་དེ་ནི། དུག་ཤིང་ཨ་ཝེ་དང་དུག་ཤིང་ཨོག་གིས་བཟོ་ བ་དང་རིགས་མཚུངས། ཡིན་ནའང་། ཨ་གུ་མཱ་ལ་ནས་ཡོང་བའི་དུག་འདི་ ཚོ་ནི་ཡོང་མྱུར་ལ་ལྕགས་ཀྱིས་བྲབ་པ་བཞིན་རྡེག་པར་བྱེད། འོད་བཀྲ་བའི་ལྦུ་བ་དེ་ཚོ་ནི་ཡིད་དུ་འོང་། ཡིན་ནའང་རྒྱ་ མཚོའི་ནང་གི་བསླུ་བྲིད་ཆེ་ཤོས་ནི་དེ་ཚོ་ཡིན། རྒད་པོ་ནི་རྒྱ་མཚོའི་རུས་ སྦལ་ཆེན་པོ་ཚོས་དེ་ཚོ་ཟ་གིན་ཡོད་པ་ལ་བལྟ་རྒྱུར་དགའ། རུས་སྦལ་ གྱིས་དེ་ཚོ་མཐོང་ཚེ། དེ་ཚོའི་མདུན་ནས་གཏུགས་ཤིང་། རང་གི་མིག་ གཉིས་བཙུམས་ཙང་སྲུང་སྐྱོབ་ཆ་ཚང་བ་རེད། དེ་ཚོའི་རྐང་ལག་རྩ་རྒྱུས་ དང་ཚང་མ་ཟ། རྒད་པོ་ནི་རུས་སྦལ་གྱིས་དེ་ཚོ་ཟ་གི་ཡོད་པ་ལ་བལྟ་རྒྱུར་ དགའ། དྲག་ཆར་སླེབས་པའི་རྗེས་སུ་མཚོ་འགྲམ་ནས་དེ་ཚོའི་སྟེང་གོམ་ པ་སྤོ་བར་དགའ། ཁོང་གི་རྐང་མཐིལ་གྱི་པགས་པ་མཐུག་པོ་དང་མཉམ་ དེའི་སྟེང་གོམ་པ་སྤོས་དུས་པོབ་ཅེས་པའི་སྒྲ་ཐོན་པ་ལ་ཉན་རྒྱུར་དགའ། རུས་སྦལ་ལྗང་ཁུ་དང་རུས་སྦལ་བྱ་མཆུ་ཅན་དག་གི ་ གཟི ་ བརྗིད་དང་མགྱོགས་ཚད། རིན་ཆེ་བ་བཅས་ལ་ཁོང་དགའ། གཟུགས་གཞི་ ཆེ་ཞིང་པགས་པའི་སྡེར་མའི་ནང་སེར་པོ་ཡིན་ལ། འཁྲིག་སྤྱོད་བྱེད་སྟངས་


རྒད་པོ་དང་རྒྱ་མཚོ།

33

ཁྱད་མཚར། མིག་བཙུམས་ཏེ་སྤྲོ་བའི་ངང་ནས་ཉ་ཇེ་ལེ་ཟ་མཁན་གྱི་རུས་སྦལ་ མགོ་ཆེན་ལྐུགས་པ་དེ་ཚོ་ལ་ཁོང་གིས་ནང་ཚགས་ཀྱི་བརྙས་བཅོས་བྱེད།

ལོ་མང་པོའ ི་རིང་ལ། ཁོང་རུས་སྦལ་རྔོན་པའི་གྲུ་ལ་བསྡད་ནས་ སོང་ཡོད་མོད། ཁོང་ལ་རུས་སྦལ་གྱི་སྐོར་ལ་གསང་བའི་མན་ངག་མེད། ཁོང་ ལྗིད་ཚད་ལ་མཐའ་ན་ཊོན་གཅིག་ཡོད་ཅིང་རིང་ཚད་ལ་གྲུ་ཡི་རིང་ཐུང་ ཡོད་པའི་རྒྱབ་ཤུན་ཆེན་པོའ་ི རིགས་དང་བཅས་པའི་རུས་སྦལ་ཚང་མ་ལ་ སྙིང་རྗེ་སྐྱེ། མི་ཕལ་ཆེ་བ་ལ་རུས་སྦལ་གྱི་ཐད་ལ་སེམས་ཟེར་བ་ཞིག་མེད། གང་ཡིན་ཟེར་ན། རུས་སྦལ་བཤས་ཤིང་གཏུབས་པའི་རྗེས་ཁོའ ི་སྙིང་ཆུ་ཚོད་ མང་པོའ ི་རིང་ལ་འཕར་ལྡིང་བྱེད། ཡིན་ནའང་། རྒད་པོས་བསམས། ང་ལ་ ཡང་སྙིང་དེ་འདྲ་ཞིག་ཡོད་ལ། ངའི་རྐང་ལག་ཀྱང་དེ་ཚོའི་རྐང་ལག་དང་ མཚུངས། ཁོང་གིས་རང་ལ་སྟོབས་ཡོང་ཆེད་སྒོ་ང་དཀར་པོ་རྣམས་ཟས། ཁོང་གིས་ཟླ་བ་ལྔ་པ་ནས་བཟུང་སྟེ་དེ་ཚོ་ཟས་ཤིང་། ཟླ་བ་དགུ་པ་དང་བཅུ་ པའི་ནང་དངོས་གནས་ཆེ་བའི་ཉ་ཞིག་གི་ཆེད་དུ་སྟོབས་ལོངས་ཆེད་ཟས།

ཡང་ཁོང་གིས་ཉིན་ལྟར་ཉ་པ་གཞན་པ་ཚོས་ཅ་ལག་བཞག་སའི་ ཤིང་ཁང་གི་ནང་ནས་ཟོ་བ་ཞིག་ལས་ཉ་ཤྲ ག་གི་མཆིན་པའི་སྣུམ་དཀར་ ཡོལ་གང་རེ་འཐུང་། དེ་ནི་ཉ་པ་འཐུང་འདོད་ཡོད་པ་ཚང་མའི་ཆེད་དུ་དེ་ རུ་བཞག་ཡོད། ཉ་པ་མང་ཆེ་བ་དེའི་བྲོ་བ་ལ་གཏན་ནས་མི་དགའ། ཡིན་ ནའང་། དེ་ནི་ཁོང་ཚོ་ལངས་སྐབས་ཀྱི་དུས་ཚོད་དེར་ཡར་ལངས་པ་ལས་ སྡུག་ག་ཞིག་མིན་ཞིང་། དེ་ཆམ་པ་དང་ཚ་བའི་རིགས་ཚང་མ་ལ་ཕན་ལ། དེས་མིག་ལ་ཡང་ཕན། ད་ནི་རྒད་པོས་ཡར་བལྟས་པ་དང་། བྱ་དེས་ཡང་བསྐྱར་འཕུར་ལྡིང་ བྱེད་པ་མཐོང་།


34 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཁོ་ལ་ཉ་ཐོབ་འདུག” རྒད་པོས་སྐད་ཆེན་པོས་བཤད། རྒྱ་མཚོའི་ངོས་ ནས་འཕུར་ཉ་བཏོན་མ་སོང་ལ། ཁ་འབྲིད་ཀྱི་ཉ་བཀྲམས་ནས་འགྲོ་བ་ཡང་ མེད། ཡིན་ནའང་རྒད་པོས་བལྟས་ནས་བསྡད་དུས་ཉ་ཊུ་ནཱ་ཞིག་ཡར་ཐོན། ཨ་ལོག་ཅིག་བརྒྱབ་ནས་མགོ་ཐོག་མ་བྱས་ཏེ་ཆུའི་ནང་སོང་། ཊུ་ནཱ་དེ་ཉི་ འོད་འོག་དངུལ་མདོག་འཚེར། ཁོང་ཆུའི་ནང་ལ་སླར་ལོག་པའི་རྗེས་སུ་ གཞན་དང་གཞན་ཆུ་ཁར་སླེབས། ཁོང་ཚོ་ཕྱོགས་ཚང་མར་མཆོངས་ལ། ཆུ་འཁོར་མོར་དཀྲུགས་ཤིང་ཁ་འབྲིད་ཀྱི་རྗེས་དེད་ནས་མཐོ་ལ་རིང་བའི་ སར་མཆོངས་རྒྱག་བྱེད། ཁོང་ཚོ་དེ་ལ་བསྐོར་ཞིང་དེ་འདེད།

གལ་སྲིད་ཁོང་ཚོ་མགྱོགས་པོར་མ་སོང་ན་ངས་ཁོང་ཚོའི་རྗེས་ ཆོད། རྒད་པོས་བསམས། ཁོང་གིས་མཚོ་ཉའི་ཁྱུ་འདིས་ཆུ་དཀར་པོར་བཟོ་ བ་དང་། རྟབ་རྟབ་པོར་མཚོ་ཁར་དེད་པའི་ཁ་འབྲིད་ཉ་དེ་ཚོ་ཡོད་སར་བྱ་ དེ་འབབ་པ་དང་ཆུར་མཆོངས་པ་ལ་བལྟས།

“བྱ་འདི་རོགས་རམ་ཆེན་པོ་ཞིག་རེད།” རྒད་པོས་བཤད། དེ་ མཚམས་མཇུག་གི་ཉ་ཐག་གི་ཞགས་པ་དེ་ཁོང་གི་རྐང་པའི་འོག་བཟུང་ ཡོད་པ་ནས་དམ་དུ་སོང་། ཁོང་གིས་གྲུ་ཁྱེམ་གཡུགས་ནས་ཉ་ཐག་དེ་དམ་ པོ ར ་བཟུང་ཞི ང ་ཡར་ནང་དུ་རི ང ་འཐེ ན ་བྱེ ད ་མགོ ་ བཙུགས་པ་བཞི ན ། ཁོང་གིས་ཉ་ཊུ་ནཱ་ཆུང་བ་ཞིག་གིས་འདར་སིག་སིག་གི་ངང་ནས་འཐེན་ པའི་འཐེན་ཤུགས་ཚོར་ཐུབ་པ་འདུག ཁོང་གིས་ཡར་འཐེན་པ་ཇི་བཞིན་ འདར་སིག་ཇེ་ཆེར་སོང་། ཁོང་གིས་ཉ་དེ་འཐེན་ནས་གྲུའི་ནང་དུ་མ་ གཡུགས་པའི་གོང་ལ།ཆུའི་ནང་ནས་ཉ་ཡི་རྒྱབ་ལྗང་ཁུ་དང་ཟུར་གཉིས་ སེར་པོ་ཡིན་པ་མཐོང་ཐུབ། ཁོང་གིས་ཉ་དེ་གྲུ་མཇུག་ཏུ་ཉི་འོད་འོག་ བསྙལ། ཤ་ཁ་ཁེངས་ཤིང་མདེལ་གྱི་དབྱིབས་ཡོད་ལ།དེའི་གྲུང་ཤ་མེད་ཅིང་ ཆེ་བའི་མིག་གཅེར་ནས་གྲུའི་ཤིང་གཅལ་ངོས་སྲོག་དང་བསྡོས་ནས་རྡེག་


རྒད་པོ་དང་རྒྱ་མཚོ།

35

པ་དང་ཆབས་གཅིག མཇུག་མ་མགྱོགས་པོར་གཡུགས་ཤིང་། ཆུ་དང་ བྲལ་བའི་འདར་སིག་དང་བརྡབ་གསིག་མྱུར་མོར་བྱེད། རྒད་པོས་སྡིག་ པར་མིག་བཙུམས་ཀྱིས་ཁོའ་ི མགོ་ལ་གཞུས་ཤིང་རྡོག་རྫིས་བྱས། ཁོའ་ི ལུས་ དེ་གྲུ་མཇུག་གི་གྲིབ་མའི་ནང་ད་དུང་འདར་སིག་སིག་བྱེད།

“ཨལ་བྷ་ཁོ་ར།” ཁོས་སྐད་གཟེངས་མཐོན་པོས་བཤད། “ཁོས་ཁ་ འབྲིད་ཡག་པོ་ཞིག་བཟོ་གི་རེད། ཁོ་ལ་རྒྱ་མ་བཅུ་ཡོད་ཀྱི་རེད།” ཁོ་རང་གཅིག་པུར་སྡོད་དུས་སྐད་གཟེངས་མཐོན་པོས་སྐད་ཆ་ བཤད་པ་འདི་ནམ་ཞིག་མགོ་བཙུགས་མིན་མི་དྲན། གནའ་སྔ་མོའ་ི དུས་ ཁོ་རང་གཅིག་པུ་ཡིན་དུས་ཁོས་གླུ་ལེན། མཚམས་མཚམས་ལ་མཚན་མོའ་ི དུས་སུ་ཁོས་རུས་སྦལ་རྔོན་པའི་གྲུའམ་ཡང་ན་གཡོར་གྲུའི་ཁ་ལོ་བསྒྱུར་ དགོས་འཁེལ་བའི་སྐབས་གླུ་ལེན། གཅིག་བྱས་ན། བུ་ཆུང་ཐོན་པའི་རྗེས་ སུ་ཁོ་རང་གཅིག་པུ་ཡིན་དུས་སྐད་མཐོན་པོས་ཁེར་བཤད་བྱེད་པ་མགོ་ བཙུགས་པ་རེད། ཡིན་ན་ཡང་། ཁོང་གིས་མི་དྲན། བུ་ཆུང་དང་ཁོང་ གཉིས་མཉམ་དུ་ཉ་རྔོན་སྐབས་ནམ་རྒྱུན་དགོས་གལ་བྱུང་དུས་ཁོ་ན་ལ་ ཁ་བརྡ་བྱེད། ཁོང་ཚོས་མཚན་མོ་དང་། ཡང་ན། དྲག་ཆར་གྱི་དབང་གིས་ གནམ་གཤིས་ངན་པ་ཆགས་པའི་སྐབས་སུ་ཁ་བརྡ་བྱེད། རྒྱ་མཚོའི་ནང་ དོན་མེད་ཀྱི་ཁ་བརྡ་མི་བྱེད་པ་དེ་དགེ་བ་ཞིག་ཏུ་བརྩི་ཞིང་། རྒད་པོས་ ནམ་ཡིན་ཡང་དེ་ལྟར་བརྩིས་ཤིང་དེ་ལ་གུས་བརྩི་བྱས། ཡིན་ན་ཡང་ད་ནི་ བསུན་འཇུག་ས་གཞན་སུ་གང་ཡང་མེད་སྟབས། ཁོང་གིས་རང་གི་བསམ་ བློ་རྣམས་ཐེངས་མང་སྐད་ཆེན་པོར་བཤད་པ་རེད།

“གལ་སྲིད་མི་གཞན་པ་ཚོས་ངས་སྐད་གཟེངས་མཐོན་པོས་ཁ་ བརྡ་བྱེད་པ་གོ་ན་ཁོང་ཚོས་ང་སྨྱོན་པ་རེད་བསམས་ཀྱི་རེད།” ཁོས་སྐད་ གཟེངས་མཐོན་པོས་བཤད། “ཡིན་ན་ཡང་ང་སྨྱོན་པ་མིན་སྟབས། ངས་


36 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དེ་ལ་ཡ་བྱེད་དགོས་དོན་མེད། ཕྱུག་པོ་ཚོ་ལ་གྲུའི་ནང་དུ་ཁོ་ཚོ་ལ་སྐད་ཆ་ ཤོད་མཁན་དང་དབྱུག་པའི་སྤོ་ལོའ་ི སྐོར་འཁྱེར་ཡོང་བ་ལ་རླུང་འཕྲིན་ཡོ་ ཆས་ཡོད་པ་རེད།” ད་ནི་དབྱུག་པའི་སྤོ་ལོའ་ི སྐོར་ལ་བསམ་བློ་གཏོང་དུས་མ་རེད། ཁོང་གིས་བསམས། ད་ནི་དོན་གཅིག་ཁོ་ནའི་ཆེད་བསམ་བློ་གཏོང་བའི་ དུས་ཚོད་རེད། དེ་ནི་ང་གང་གི་ཆེད་དུ་སྐྱེ་བའི་དོན་དེ་རེད། གཅིག་བྱས་ ན་ཉ་ཁྱུ་དེ་ཚོའི་ཉེ་སྐོར་ལ་ཆེན་པོ་གཅིག་ཡོད་སྲིད། ངས་ ལྟོ་ཆས་སྦྱིན་པའི་ ཉ་ཨལ་བྷ་ཁོ་ར་ཡི་ནང་ནས་ཉམ་ཐག་ཅིག་བླངས་པ་རེད། ཡིན་ནའང་ཁོང་ ཚོས་ཐག་རིང་ས་ཞིག་ལ་ཆེས་མགྱོགས་པོར་ལས་ཀ་བྱེད་ཀྱི་འདུག དེ་རིང་ རྒྱ་མཚོའི་ངོས་སུ་བསྟན་ཚད་ཚང་མ་མགྱོགས་པོར་འགྲོ་གི་འདུག་ལ། བྱང་ ཤར་ལ་འགྲོ་གི་འདུག དེ་ཉི་མ་འདིའི་དུས་ཚོད་ཅིག་ཡིན་ནམ། ཡང་ན། ངས་མ་ཤེས་པའི་གནམ་གཤིས་ཀྱི་རྟགས་མཚན་ཞིག་ཡིན་ནམ།

ད་ནི་ཁོང་གིས་མཚོ་འགྲམ་གྱི་ལྗང་མདོག་དེ་མི་མཐོང་མོད། ཁ་ བའི་ཞྭ་མོ་གྱོན་པ་ཇི་བཞིན་རི་སྔོན་པོ་དག་གི་རི་རྩེ་དཀར་པོར་མཐོང་། སྤྲིན་ པ་རྣམས་ནི་དེའི་སྟེང་གི་གངས་རི་མཐོན་པོ་དང་མཚུངས་པར་གནས། རྒྱ་ མཚོ་ནི་ཤིན་ཏུ་གནག་ལ། འོད་ཀྱིས་མཚོ་ཡི་ནང་དུ་འོད་ཆེམས་ཆེམས་ བཟོས། ཉི་མ་ཇེ་མཐོར་སོང་བརྟེན་མཚོ་རྩྭའི་ནག་ཐིག་བགྲང་ཡས་པ་དེ་ ད་ནི་མི་སྣང་ལ། མཚོ་སྔོན་མོའ་ི ནང་ཤིན་ཏུ་གཏིང་ཟབ་པའི་འོད་ཆེམས་ ཆེམས་ཁོ་ན་རྒད་པོས་མཐོང་། ཁོང་གི་ཉ་ཐག་རྣམས་ཐད་ཀར་མཚོའི་ནང་ ཐུར་དུ་ཟུག་པ་དེ་ལ་མེལ་ལེ་གཅིག་གི་རིང་ཚད་ཡོད་པ་རེད། ཊུ་ནཱ་དེ་ཚོ་ཡང་བསྐྱར་མར་ཐིམ་འདུག ཉ་བ་ཚང་མས་ཉ་ཡི་ རིགས་འདི་ཡོངས་ལ་ཊུ་ནཱ་ཟེར། དེ་ཚོ་ཁ་འབྲིད་བཟོས་ནས་ཡང་བསྐྱར་ མཚོ་ལ་བསྐྱུར་ཆེད་བརྗེ་རེས་བྱེད་པ་དང་ཡང་ན་བཙོངས་པར་འགྲོ་སྐབས་


རྒད་པོ་དང་རྒྱ་མཚོ།

37

ཁོ་ན་ལ་དེ་ཚོའི་མིང་བྱེ་བྲག་པ་སྤྱད་ནས་དབྱེ་བ་འབྱེད། ད་ནི་ཉི་མ་ཚ་ཞིང་ རྒད་པོས་ཉི་མ་ཚ་བ་དེ་རང་གི་སྐེ་རྒྱབ་ནས་ཚོར། ཁོང་གིས་གྲུ་ཁྱེམ་འཕུལ་ རིམ་བཞིན་རྔུལ་ཆུའི་ཐིགས་པ་རྒྱབ་ནས་ཐུར་དུ་ཟགས་པ་ཚོར།

ང་རྒྱ་མཚོའི་རྒྱུ་བ་ལ་འཁྱེར་འཇུག་ཐུབ། ཁོང་གིས་བསམས། ངས་ ཉ་ཐག་གི་ཨ་ལོང་དེ་རྐང་མཛུབ་ལ་གཉིད་དཀྲོགས་ཆེད་གཡོགས་ནས་ གཉིད་ཐུབ་གི་རེད། ཡིན་ན་ཡང་དེ་རིང་ནི་ཉི་མ་བརྒྱད་ཅུ་གྱ་ལྔ་པ་རེད། ངས་ཉ་ཡག་པོ་བྱས་ནས་རྔོན་དགོས། དེ་མཚམས་ཁོང་གིས་ཉ་ཐག་ལ་བལྟས་སྐབས། ཉ་ཐག་ཆུ་ཁར་ འཛིན་པའི་ཤིང་ལྕུག་ལྗང་ཁུ་གཅིག་ཆུའི་ནང་ཤུགས་ཀྱིས་ཐིམ་པ་མཐོང་།

“རེད།” ཁོང་གིས་བཤད། “རེད།” ཁོང་གིས་གྲུ་ལ་མ་བརྡབས་པ་ བྱས་ཏེ་གྲུ་ཁྱེམ་རང་སར་བཞག ཁོ་ཉ་ཐག་ལ་བསྙབས་ནས་འཇམ་པོའ་ི ངང་ལག་པ་གཡས་པའི་མཐེ་བོང་དང་གོང་མཛུབ་གཉིས་ཀྱི་བར་ནས་ བཟུང་། ཁོང་གིས་འཐེན་པ་དང་ལྕི་བ་གང་ཡང་མ་ཚོར། ཁོང་གིས་ཉ་ཐག་ ཡང་མོར་འཇུས། དེ་ནས་དེ་ཡང་བསྐྱར་ཡོང་། ཐེངས་འདིར་དེ་འགུལ་ ཙམ་གྱི་འཐེན་པ་ཞིག་འདུག མཁྲེགས་པོ་དང་ལྗིད་པོ་གང་ཡང་མ་རེད། ཁོང་གིས་ཏག་ཏག་དེ་ཅི་ཞིག་ཡིན་མིན་ཤེས། འདོམ་བརྒྱ་ཡི་འོག་ན་ཉ་ ཆེན་མཱར་ལིན་ཞིག་གིས་ལྕགས་ཀྱུའི་ཡུ་བ་དང་གུག་ལ་གཡོགས་པའི་ཉ་ སཱར་ཌིན་རྣམས་ཟ་བཞིན་ཡོད་ལ། དེ་ན་ལག་བཟོས་ལྕགས་ཀྱུ་དེ་ཉ་ཊུ་ན་ ཞིག་གི་མགོ་ནང་ནས་ཕྱིར་མངོན་ཡོད། རྒད་པོས་ཉ་ཐག་དེ་མཉེན་པོ་དང་ལྷོད་ལྷོད་ངང་ལག་གཡོན་གྱིས་ འཇུས་ཤིང་། དེ་ཤིང་ལྕུག་གི་མདུད་པ་ལས་གྲོལ། ད་ནི་ཉ་ལ་སེམས་འཚབ་མ་


38 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

བསླངས་པའི་ཐོག་ནས་ཁོང་གི་མཛུབ་མོའ ི་བར་ནས་ཉ་ཐག་གློད་ཐུབ།

ཐག་རིང་འདི་འདྲ་ནས་ཟླ་བ་འདིའི་ནང་། ཁོ་ཆེ་ཐག་ཆོད་ཅིག་ཡིན་ཤག་ རེད། ཁོང་གིས་བསམས། དེ་ཚོ་ཟོ་དང་ཉ། དེ་ཚོ་ཟོ། ཐུགས་རྗེས་གཟིགས་ དེ་ཚོ་ཟོ། དེ་ཚོ་ཇི་འདྲའི་སོས་པ་ཞིག་རེད ། ཁྱེད་རང་ཁྲུ་དྲུག་བརྒྱའི་ གཏིང་ན་ཆུ་གྲང་མོའ་ི ནང་ནག་ཁུང་ནང་ལ་ཡོད། ནག་ཁུང་ནང་བསྐོར་ བ་ཞིག་རྒྱོབས་ལ་ཚུར་ཤོག དེ་ཚོ་ཟོ་དང་། ཁོས་ཡང་མོར་འཐེན་པ་ཞིག་ཚོར། དེ་ནས་དེ་ལས་ལྗིད་ཅིག་ འཐེན་པ་ཚོར། དེ་ནི་ཉ་སཱར་ཌིན་གྱི་མགོ་དེ་ལྕགས་ཀྱུ་ལས་བཀོག་རྒྱུ་ དཀའ་སེ་བ་བྱུང་བ་ཡིན་རྒྱུ་རེད། དེ་ནས་ཅི་གང་ཡང་མི་འདུག

“ཡ་ཨ་རོ།” རྒད་པོས་སྐད་ཆེན་པོས་བཤད། “བསྐོར་བ་གཞན་ ཞིག་རྒྱོབས་དང་། དེ་ཚོའི་དྲི་མ་ལ་སྣུམ་དང་། དེ་ཚོ་སྙིང་རྗེ་པོ་མི་འདུག་ གམ། ད་དེ་ཚོ་ཡག་པོ་བྱས་ནས་ཟོ་དང་། དེ་ནས་དེ་ན་ཉ་ཊུ་ན་ཞིག་ཡོད། མཁྲེགས་པོ་དང་གྲང་མོ། སྙིང་རྗེ་པོ་ཡོད། ཉ། ངོ་ཚ་མ་བྱེད། དེ་ཚོ་ཟོ་དང་།”

ཁོང་གིས་ཉ་ཐག་དེ་མཛུབ་མོ་དང་མཐེ་བོང་བར་ནས་བཟུང་སྟེ་ སྒུག ཉ་ཡར་མར་ལ་རྐྱལ་ཡོད་མེད་རྟོག་ཆེད་ཁོང་གིས་ཉ་ཐག་དེ་དང་ཉ་ ཐག་གཞན་པ་རྣམས་ལ་དུས་མཉམ་དུ་བལྟས། དེ་ནས་འགུལ་ཙམ་འཐེན་ པའི་རེག་པ་དེ་ཡང་བསྐྱར་སླེབས། “ཁོས་དེ་ཟ་གི་རེད།” རྒད་པོས་སྐད་ཆེན་པོས་བཤད། “དཀོན་མཆོག་ གིས་ཁོ་ལ་དེ་ཟ་བའི་རོགས་བྱོས་དང་།” ཡིན་ན་ཡང་ཁོས་དེ་མ་ཟས། ཡང་མི་ཚོར།

ཁོ་ཕྱིན་ཚར་ཞིང་རྒད་པོས་ཅི་


རྒད་པོ་དང་རྒྱ་མཚོ།

39

“ཁོ་ཐོན་མི་ཆོག” ཁོས་བཤད། “ཁོ་ཐོན་ན་མི་ཆོག་པ་དེ་དཀོན་མཆོག་གིས་ མཁྱེན་གྱི་རེད། ཁོས་བསྐོར་བ་ཞིག་རྒྱག་གི་འདུག གཅིག་བྱས་ན། ཁོ་སྔོན་ཡང་ ལྕགས་ཀྱུས་བཟུང་མྱོང་བ་རེད། ཁོས་དེའི་སྐོར་ཞིག་དྲན་པ་རེད།”

དེ་ནས་ཁོས་ཉ་ཐག་ལ་བརྟན་པོར་རེག་པ་ཞིག་ཚོར། ཁོང་དགའ།

“དེ་ནི་ཁོ་རང་གི་འཁོར་སྐལ་རེད།” ཁོས་བཤད། “ཁོས་ཟ་གི་རེད།”

ཁོང་བརྟན་པོའ་ི རེག་པ་དེ་ལ་དགའ་ཞིང་། དེ་ནས་མཁྲེགས་པོ་ ཞིག་དང་ཡིད་ཆེས་དཀའ་བའི་ལྗིད་པོ་ཞིག་ཚོར། དེ་ནི་ཉ་ཡི་ལྗིད་ཚད་ རེད་ལ། ཁོང་གིས་ཉ་ཐག་འཁོར་མ་ལྷག་མ་གཉིས་ཀྱི་གཅིག་གྲོལ་ནས། ཉ་ ཐག་དེ་ཐུར་ནས་ཐུར་དང་ཐུར་དུ་ཤུད་དུ་བཅུག རྒད་པོའ་ི མཛུབ་མོའ་ི བར་ ནས་ཉ་ཐག་དེ་ཡང་མོར་ཤུད་དེ་ཐུར་དུ་སོང་བ་དང་མཉམ་དུ། ཁོང་གིས་ ད་དུང་ལྗིད་ཚད་ཆེན་པོ་ཞིག་ཚོར་ཐུབ་ལ། ཡིན་ནའང་། ཁོང་གི་མཐེ་ བོང་དང་མཛུབ་མོའ་ཤ ི ུགས་དེ་རྩ་ནས་ཚོར་དཀའ་བ་ཞིག་ཡིན། “ཇི་འདྲའི་ཉ་ཞིག” རྒད་པོས་བཤད། “ཁོའ་ི འགྲམ་པའི་ཟུར་ལ་ དེ་ཡོད་ཅིང་། ཁོ་དེ་དང་མཉམ་དུ་ཐུར་ལ་འགྲོ་གི་འདུག”

དེ་ནས་ཁོས་བསྐོར་བ་ཞིག་བརྒྱབ་ནས་མིད་ཀྱི་རེད། རྒད་པོས་ བསམས། ཁོང་གིས་དེ་ལྟར་བཤད་མེད། གང་ཡིན་ཟེར་ན། གནས་ཚུལ་ཡག་ པོ་དེ་ཚོ་བཤད་ན་དེ་ཚོ་མི་ཡོང་བའང་སྲིད་པ་ཁོང་གིས་ཤེས་ཡོད། ཁོང་ གིས་ཉ་འདི་ཇི་ཙམ་ཞིག་ཆེ་བ་ཤེས་ལ། ཁོང་གིས་ཉ་དེས་ཉ་ཊུ་ན་དེ་ཁོའ ི་ཁ་ ལ་འཕྲེད་དུ་བཅུག་ནས་ནག་ཁུང་ནང་འགྲོ་གི་ཡོད་པ་རེད་སྙམ། མཚམས་ དེ་ལ་ཁོང་གིས་ཁོ་འགྲོ་མཚམས་བཞག་པ་ཞིག་ཚོར། ཡིན་ནའང་ལྗིད་ཚད་ དེ་རང་འཇགས་འདུག དེ་ནས་ལྗིད་ཚད་ཆེ་རུ་ཕྱིན་ཞིང་ཁོང་གིས་ཉ་ཐག་


40 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རིང་དུ་བཏང་། ཁོང་གིས་མཛུབ་མོ་དང་མཐེ་བོང་གིས་ཡུད་ཙམ་ལ་ཤུགས་ ཀྱིས་བསྡམས། ལྗིད་ཚད་ཆེ་རུ་ཕྱིན་ཞིང་ཐུར་དུ་འགྲོ་གི་འདུག “ཁོས་དེ་ཟ་གི་འདུག” ཁོང་གིས་བཤད། “ད་ངས་ཁོ་ལ་དེ་ཡག་ པོ་བྱས་ནས་ཟ་རུ་འཇུག”

ཁོ ང ་གི ས ་ཉ་ཐག་དེ ་ མཛུབ་མོ འ་ི བར་ནས་ཤུད་དུ་འཇུག་ཞོ ར ། ཁོང་གི་ལག་པ་གཡོན་མ་མར་བསྲིངས་ནས་ཉ་ཐག་འཁོར་མ་འཕར་མ་ གཉིས་ཀྱི་སྣེ་དེ་ཉ་ཐག་འཁོར་མ་འཕར་མ་རྗེས་མ་གཉིས་ཀྱི་ཞགས་ལོང་ལ་ བསྡམས། ད་ཁོང་གྲ་སྒྲིག་རེད། ད་ཁོང་ལ་ཉ་ཐག་འཁོར་མ་འདོམ་བཞི་བཅུ་ ཅན་གསུམ་འཕར་མ་ཡོད་ལ། ད་ལྟ་བཀོལ་བཞིན་པའི་ཉ་ཐག་དེའང་ཡོད། “དེ་ཅུང་ཟད་མང་ང་ཟོ་དང་།” ཁོང་གིས་བཤད། “ཡག་པོ་བྱས་ ནས་ཟོ།”

ཟོ་དང་། དེ་ནས་ལྕགས་ཀྱུའི་རྩེ་རྣོན་པོ་དེ་ཁྱེད་ཀྱི་སྙིང་ལ་སོང་ ནས་ཁྱོད་གསོད་ཀྱི་རེད། ཁོང་གིས་བསམས། ལས་སླ་པོར་ཡར་ཤོག་དང་། དེ་ངས་ཁྱེད་ལ་མདུང་འཛུགས་ཆོག་པ་ཞུ། འགྲིག་སོང་། ཁྱོད་གྲ་སྒྲིག་ཡིན་ ནམ། ཁྱོད་ཅོག་ཙེའི་ཐོག་ཡུན་རིང་དྲགས་མ་སོང་ངམ།

“ད་རེད།” ཁོང་གིས་སྐད་ཤུགས་ཆེན་པོས་བཤད། ལག་པ་གཉིས་ ཀྱིས་སྟོབས་ཆེན་པོས་ཐག་པ་གོམ་པ་གཅིག་ཙམ་གྱི་ཚད་ཡར་འཐེན། དེ་ ནས་ཡང་ཡང་ཡར་འཐེན། ཁོང་གི་གཟུགས་པོ་ལྗིད་ཚད་ཕྱོགས་གཉིས་ ལ་ཡོ་བ་དང་དཔུང་བའང་ཡོ་རེས་བྱས་ཏེ་དཔུང་ཤུགས་ཡོད་ཚད་ཀྱིས་ཉ་ ཐག་ལ་འཇུས་ནས་འཐེན།

གང་ཡང་བྱས་མ་སོང་། ཉ་དེ་དལ་བོའ་ི ངང་ནས་ཕར་སོང་། རྒད་


རྒད་པོ་དང་རྒྱ་མཚོ།

41

པོས་ཉ་དེ་སོར་གཅིག་ཀྱང་ཡར་འཐེན་མ་ཐུབ། ཁོང་གི་ཉ་ཐག་དེ་སྦོམ་ལ་ ཉ་ཆེན་པོའ་ི ཆེད་བཟོས་པ་རེད། ཁོང་གིས་ཉ་ཐག་དེ་རང་གི་རྒྱབ་ནས་ དྲངས་ཏེ་ཐག་པ་ནས་ཆུའི་ཐིགས་པ་མ་འཛགས་བར་དུ་དམ་པོར་བཟུང་། དེ་ནས་ཆུའི་ནང་ནས་སིར་སྒྲ་ཞིག་ག་ལེར་སྒྲོག་པའི་མགོ་བཙུགས། ཁོང་ གིས་ད་དུང་འཇུས། རྐུབ་སྟེགས་ལ་རྒྱབ་སྙེས་ཤིང་གཟུགས་གཞི་གསེག་ ནས་འཐེན། གྲུ་ཆུང་ནུབ་བྱང་ཕྱོགས་ལ་ག་ལེར་འགུལ་མགོ་བཙུགས། ཉ་དེ་བརྟན་པོའ་ི ངང་སོང་བ་དང་ཁོང་ཚོ་རྒྱ་མཚོ་ཞི་འཇགས་ཀྱི་ སྟེང་འགྲུལ་བསྐྱོད་བྱས། ཁ་འབྲིད་གཞན་རྣམས་ད་དུང་མཚོ་ནང་དུ་ཡོད་ མོད། དེ་དག་ལ་བྱེད་རྒྱུ་གང་ཡང་མེད། “ང་ལ་བུ་ཆུང་དེ་ཡོད་ན།” རྒད་པོས་སྐད་གཟེངས་མཐོན་པོས་ བཤད། “ང་ཉ་གཅིག་གིས་དྲུད་པ་རེད། ང་ནི་དྲུད་པའི་དར་ཤིང་རེད། ངས་ཉ་ ཐག་བསྡམས་ཐུབ། ཡིན་ནའང་ཁོས་དེ་གཅོག་སྲིད། ངས་ཁོ་ལ་འཇུས་ནས་ སྡོད་དགོས་པ་ནི་ངས་བྱེད་ཐུབ་པ་དེ་རེད། ཁོ་ལ་ཉ་ཐག་ངེས་པར་དགོས་དུས་ སྟེར། དཀོན་མཆོག་བཀའ་དྲིན་ཆེ། ཁོ་ཐུར་དུ་མ་སོང་བར་འགྲོ་གི་འདུག” གལ་སྲིད་ཁོ་ཐུར་དུ་འགྲོ་རྒྱུའི་ཐག་གཅོད་བྱས་ན་ངས་ཅི་བྱེད། ངས་ མི་ཤེས། ཁོས་ཆུའི་ནང་དུ་ཐུར་དུ་རྐྱལ་ནས་ཤི་ན་ངས་ཅི་བྱེད། ངས་མི་ཤེས། ཡིན་ནའང་། ངས་ཅིག་བྱེད་ཀྱི་ཡིན། ངས་བྱེད་ཐུབ་པའི་ཐབས་མང་པོ་ཡོད།

ཁོང་གིས་ཉ་ཐག་རྒྱབ་ནས་བཟུང་ཞིང་ཉ་ཐག་ཆུའི་ནང་གསེག་ནས་ ཡོད་པ་ལ་བལྟས། གྲུ་ཆུང་དེ་མུ་མཐུད་ནས་ནུབ་བྱང་ཕྱོགས་ལ་འགྲོ་གི་འདུག འདིས་ཁོ་གསོད་ཀྱི་རེད། རྒད་པོས་བསམས། ཁོས་འདི་འདྲ་ནམ་ ནམ་ཚེ་ཚེའི་བར་དུ་བྱེད་མི་ཐུབ། ཡིན་ནའང་ཆུ་ཚོད་བཞིའི་རྗེས་སུ་ད་


42 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དུང་ཉ་ཡིས་མུ་མཐུད་ནས་རྒྱ་མཚོའི་ནང་གྲུ་ཆུང་དྲུད་དེ་ཤར་བསྐྱོད་བྱེད། རྒད་པོས་ད་དུང་ཉ་ཐག་རྒྱབ་ནས་བརྟན་པོར་བཟུང་སྟེ་སྙེས་འདུག “ངས་ཁོ་བཟུང་དུས་ཉིན་མོའ ི་གུང་རེད།” ཁོང་གིས་བཤད། “ངས་ ཁོ་རྩ་ནས་མ་མཐོང་།”

ཁོང་གིས་ཉ་དེ་ལ་ལྕགས་ཀྱུས་མ་བརྒྱུན་པའི་གོང་དུ་རང་གི་རྩྭ་ ཞྭ་དེ་མགོ་ལ་ཤུགས་ཀྱིས་གཡོགས་ཤིང་། དེས་ཁོའ་ི ཐོད་པ་ལ་རྨ་བཟོས། ཡང་ཁོ་སྐོམ་གྱི་ཡོད་སྟབས། པུས་མོ་ས་ལ་བཙུགས། ཉ་ཐག་མི་སྒུལ་བར་ གཟབ་གཟབ་བྱས། གྲུའི་མདུན་ལ་སྙོབ་ཚད་ཅིག་བར་ཡོང་། ལག་པ་ཡ་ གཅིག་གིས་ཆུའི་ཤེལ་དམ་ལ་འཇུས། ཁོས་དེའི་ཁ་ཕྱེ་ནས་ཅུང་ཙམ་འཐུང་། གྲུའི་མདུན་ལ་སྙེས་ནས་ངལ་གསོ་བྱས། བསླངས་མེད་པའི་དར་ཤིང་དང་ གྲུ་དར་གྱི་ཐོག་བསྡད་ནས་ངལ་གསོ་བྱས། འབད་བརྩོན་བསྟེན་པ་འདི་ ལས་གཞན་ལ་བསམ་བློ་མི་གཏོང་བའི་ཐབས་ཤེས་བྱས། དེ་ནས་ཁོང་གིས་རང་གི་རྒྱབ་ལ་བལྟས། ས་ཆ་ཞིག་མཐོང་ས་ན་ མི་འདུག དེ་ལ་ཁྱད་པར་གང་ཡང་མི་འདུག ཁོང་གིས་བསམས། ང་གྲོང་ ཁྱེར་ཧ་ཝ་ནཱ་ཡི་གློག་འོད་ལ་བརྟེན་ནས་ནམ་ཡིན་ཡང་ང་ཁྱིམ་ལ་ལོག་ཐུབ། ཉི་མ་མ་ནུབ་བར་དུ་ད་དུང་ཆུ་ཚོད་གཉིས་འདུག གཅིག་བྱས་ན་ཁོ་དེའི་ སྔོན་ལ་ཡར་ཡོང་སྲིད། གལ་སྲིད་མ་ཡོང་ན་ཁོང་ཟླ་བ་དང་མཉམ་དུ་ཡར་ ཡོང་སྲིད། ཁོང་གིས་དེ་ཡང་མ་བྱས་ན་ཁོ་ཉི་མ་ཤར་བ་དང་མཉམ་ཡར་ཡོང་ སྲིད། ང་ལ་རྩ་མདུད་ཐེབས་པ་མེད་ཅིང་སྟོབས་ཆེན་པོ་ཚོར། ཁའི་ནང་ལ་ ལྕགས་ཀྱུ་བཏབ་ནས་ཡོད་པ་དེ་ཁོ་རེད། ཡིན་ནའང་འཐེན་སྟངས་འདི་འདྲ་ ཡོད་པའི་ཉ་ཅི་འདྲ་ཞིག ཁོས་ཏན་ཏན་ཉ་ཐག་སྟེང་ཁ་དམ་པོར་བཙུམས་ ཡོད་པ་རེད། ངས་ང་ལ་ཁ་གཏད་བྱེད་མཁན་དེ་ཅི་འདྲ་ཞིག་ཡིན་པ་ཤེས་ ཆེད་ཐེངས་གཅིག་ཁོ་མཐོང་བར་ཤག ོ


རྒད་པོ་དང་རྒྱ་མཚོ།

43

རྒད་པོས་སྐར་མ་ལ་བལྟས་ནས་བཤད་ཐུབ་པ་ནི་ཉ་འདིས་མཚན་མོ་དེའི་ རིང་ལ་ཁོའ་ི ཁ་ཕྱོགས་དང་རྒྱུགས་ཚད་གཏན་ནས་བརྗེ་མ་སོང་། ཉི་མ་ ནུབ་རྗེས་སུ་གྲང་ཞིང་། རྒད་པོའ་ི རྔུལ་ཆུ་ཡང་ཁོའ་ི རྒྱབ་དང་དཔུང་བ། ཁོའ་ི རྒས་འཁོགས་ཀྱི་རྐང་པའི་སྟེང་གྲང་མོར་སྐམ་འདུག ཉིན་མོའ་ི སྐབས་ སུ་ཁོ ས ་ཁ་འབྲི ད ་སྒམ་ལ་གཡོ ག ས་པའི ་ སྒྱེ ་ སྣོ ད ་དེ ་ བླངས་ནས་ཉི ་ མར་ བསྐམས་ཡོད། ཉི་མ་ནུབ་པ་དང་དེ་རང་གི་སྐེ་ལ་བསྡམས། དེ་ལྟར་བྱས་ པས་སྒྱེ་སྣོད་དེས་རང་གི་རྒྱབ་ཁེབས་ཡོད་ཅིང་། དེ་རང་གི་ཕྲག་པར་ཡོད་ པའི་ཉ་ཐག་གི་འོག་ལ་གཟབ་གཟབ་ངང་བཅུག སྒྱེ་སྣོད་དེ་ཉ་ཐག་གི་ གདན་དུ་བཟོས་ཤིང་། ཁོང་གིས་གྲུའི་མདུན་ལ་ཁ་བསྟན་ནས་སྙེས་པའི་ ཐབས་ཤིག་རྙེད་ནས་དེ་ཧ་ལམ་སྡོད་སྟངས་བདེ་བོ་ཞིག་འདུག དངོས་ གནས་སྡོད་སྟངས་དེ་ནི་བཟོད་སྒོམ་ཐུབ་པ་ཙམ་ཞིག་རེད། ཡིན་ནའང་ ཁོང་གིས་དེ་ཧ་ལམ་སྡོད་སྟངས་བདེ་བོ་ཞིག་རེད་སྙམ།

ངས་ཁོ་ལ་གང་ཡང་བྱེད་མི་ཐུབ་ལ་ཁོས་ང་ལ་གང་ཡང་བྱེད་ མི་ཐུབ། ཁོང་གིས་བསམས། ཁོང་གིས་ཇི་སྲིད་འདི་ལྟར་བྱེད་མཚམས་མ་ བཞག་བར་དུ་གང་ཡང་བྱེད་མི་ཐུབ། ཐེངས་གཅིག་ཁོ་ཡར་ལངས་ནས་གྲུའི་ཕྱོགས་གཅིག་ཏུ་གཅིན་ པ་བཏང་། སྐར་མ་ལ་བལྟས་ཤིང་རང་བསྐྱོད་པའི་ཁ་ཕྱོགས་ལ་བརྟགས། ཉ་ཐག་དེ་ཆུའི་ནང་དུ་རྩྭ་ལྡུམ་འོད་ཆེམ་ཆེམ་གྱི་ཐིག་རིང་མོ་ཞིག་དང་ འདྲ་བར་ཁོའ་ི ཕྲག་པ་ནས་ཐད་ཀར་ཕར་བསྲིངས་འདུག ཁོ་ཚོ་ད་ནི་ཆེས་ དལ་བོར་འགྲོ་གིན་འདུག ཧ་ཝ་ནཱ་གྲོང་ཁྱེར་གྱི་གློག་འོད་རྣམས་དེ་ཙམ་ མི་གསལ་སྟབས། ཆུའི་རྒྱུ་བས་ཁོང་ཚོ་ཤར་ཕྱོགས་ལ་འཁྱེར་གི་ཡོད་པ་དེ་ ཁོང་གིས་ཤེས། གལ་སྲིད་ངས་ཧ་ཝ་ནཱ་གྲོང་ཁྱེར་གྱི་གློག་འོད་བོར་ཚེ་ང་ ཚོ་ཤར་ཕྱོགས་ལ་ཆེས་མང་བ་འགྲོ་གི་ཡོད། རྒད་པོས་བསམས། ཉ་འདིའི་


44 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རྒྱུགས་ཕྱོགས་བདེན་པ་ཡིན་མིན་དེ་ངས་དུས་ཚོད་མང་པོའ་ི རིང་བལྟ་ དགོས་པ་རེད། རུ་ཁག་ཨ་མའི་ནང་དེ་རིང་དབྱུག་པའི་སྤོ་ལོ་གང་འདྲ་ བྱུང་ཡོད་དམ། ཁོང་གིས་བསམས། རླུང་འཕྲིན་ཞིག་དང་མཉམ་དུ་འདི་ བྱེད་ཐུབ་ན་ཕུན་སུམ་ཚོགས་པ་རེད། དེ་ནས་ཁོང་གིས་བསམས། འདིའི་ སྐོར་ལ་ནམ་ཡིན་ཡང་བསམ་བློ་ཐོངས། ཁྱེད་རང་གིས་ཅི་ཞིག་བྱེད་ཀྱི་ ཡོད་པ་དེ་ལ་བསམ་བློ་ཐོངས། ཁྱེད་ཀྱིས་ལྐུགས་རྟགས་གང་ཡང་མ་སྟོན། དེ་ནས་ཁོས་སྐད་ཤུགས་ཆེན་པོས་བཤད། “ང་ལ་རོགས་བྱེད་པ་ དང་འདི་ལ་ལྟ་རྒྱུའི་ཆེད་ང་ལ་བུ་ཆུང་ཡོད་ན།” སུ་གཅིག་ཀྱང་ལོ་ན་རྒས་པའི་སྐབས་སུ་ཁེར་རྐྱང་ཡིན་མི་རུང་། ཁོས་བསམས། ཡིན་ན་ཡང་། དེ་ནི་འགོག་ཐབས་མེད་པ་ཞིག་རེད། ང་སྟོབས་ ཤུགས་ཡོང་སླད་ངས་ཉ་ཊུ་ན་འདི་མ་རུལ་གོང་ནས་ཟ་རྒྱུ་བརྗེད་མི་རུང་། ག་ ཚོད་ཆུང་ཆུང་ཟས་ནའང་ཞོགས་པ་བར་ཁྱེད་ཀྱིས་ཁོ་ཟ་དགོས་པ་དེ་དྲན་ དགོས། དྲན་དགོས། ཁོས་ཁེར་བཤད་བྱས།

མཚན་མོའ ི་སྐབས་སུ་ ཉ་པོར་པོའ ི་སེ་ གཉིས་༼ཌཱོལ་ཕིན་དང་ འདྲ་བ་ཞིག་༽གྲུའི་ཉེ་འགྲམ་དུ་སླེབས། ཁོས་ཁོང་ཚོས་སྒྲེ་ལོག་བརྒྱབ་པ་ དང་དབུགས་དབྱུང་བ་གོ་ཐུབ་ཀྱི་འདུག ཁོས་ཕོ་ཡིས་དབུགས་དབྱུང་བའི་ སྒྲ་དང་མོ་ཡིས་དབུགས་བཙིར་བའི་སྒྲ་ཡི་ཁྱད་པར་བཤད་ཐུབ་པ་འདུག “ཁོ་ཚོ་ཡག་པོ་རེད།” ཁོང་གིས་བཤད། “ཁོང་ཚོ་རྩེ་ཞིང་ཀུ་རེ་བྱེད་ ལ་ཕན་ཚུན་ལ་གཅེས། ཁོང་ཚོ་འཕུར་ཉ་བཞིན་ང་ཚོའི་སྤུན་གྲོགས་རེད།”

དེ་ནས་ཁོས་ལྕགས་ཀྱུ་བསྐོན་པའི་ཉ་ཆེན་དེ་ལ་སྙིང་རྗེ་སྐྱེ་མགོ་ བཙུགས། ཁོ་ཡ་མཚན་པོ་ཞིག་དང་ཧ་ལས་པ་ཞིག་རེད་ལ། ཁོ་ལོ་ག་ཚོད་


རྒད་པོ་དང་རྒྱ་མཚོ།

45

ཡིན་མིན་སུས་ཤེས། ཁོས་བསམས། ང་ཉ་སྟོབས་ཆེན་འདི་འདྲ་ལ་ཐུག་མ་ མྱོང་ལ། ཉས་འདི་འདྲ་ཁྱད་མཚར་བྱེད་པ་ལ་ཡང་ཐུག་མ་མྱོང་། གཅིག་ བྱས་ན་ཁོ་མཆོངས་མཁས་པ་ཞིག་རེད། ཁོ་མཆོངས་པའམ་ཡང་ན་རྩུབ་ པོར་རྒྱུགས་ནས་ང་གཏོར་བརླག་བྱེད་ཐུབ། ཡིན་ན་ཡང་། གཅིག་བྱས་ ན་ཁོ་ལ་སྔོན་མ་ཡང་ལྕགས་ཀྱུ་མང་པོ་ཐེབས་ཡོད་ཅིང་། ཇི་ལྟར་འཐབ་ འཛིང་བྱེད་དགོས་པ་དེ་འདི་ལྟར་ཡིན་པ་ཁོས་ཤེས་ཀྱི་ཡོད། ཁོང་གིས་མི་ གཅིག་རང་གཅིག་ཁོ་དང་འགལ་ཟླར་ཡོད་པ་ཤེས་མི་ཐུབ་ལ། དེ་ཡང་ མི་རྒན་འཁོགས་ཤིག་ཡིན་པ་ཤེས་མི་ཐུབ། ཡིན་ན་ཡང་། ཁོ་ཇི་འདྲའི་ཉ་ ལེགས་པོ་ཞིག་རེད་ཨང་། ཁོའ་ིཤ་ཡག་པོ་ཡོད་ན་ཁོས་ཁྲོམ་ས་ལ་ཇི་འདྲ་ ཞིག་འཁྱེར་ཡོང་ངམ། ཁོས་ཕོ་ནང་བཞིན་ཁ་འབྲིད་བླངས་སོང་ལ། ཁོས་ ཕོ་ནང་བཞིན་འཐེན་གྱི་འདུག ཁོའ་ི རྒོལ་འཛིང་གི་ནང་ན་སྐྲག་སྣང་སྣ་ གཅིག་ཀྱང་མི་འདུག ངས་ཤེས་ན་འདོད། ཁོ་ལ་འཆར་གཞི་ཞིག་ཡོད་ དམ་ཡང་ལ་ཁོ་ཡང་ང་བཞིན་ཤི་འཛིང་བྱེད་ཀྱི་ཡོད།

ཁོ ས ་ཐེ ང ས་གཅི ག ་ཉ་མཱར་ལི ན ་ཟུང་གི ་ གཅི ག ་ལ་ལྕགས་ཀྱུ་ བཏབ་པ་དེ་དྲན། ཕོ་ཉ་ཡིས་ནམ་ཡིན་ཡང་མོ་ཉ་ལ་ཟས་སྔོན་ལ་ཟ་རུ་ འཇུག ལྕགས་ཀྱུས་བཏབ་པའི་ཉ་སྟེ། མོ་ཉ་ཡིས་སྨྱོ་འཚུབ་དང་དངངས་ འཚབ་ཀྱི་ཐོག་ནས་ཤི་འཛིང་ཞིག་བྱས་པ་དེས་གང་མྱུར་ཁོ་མོ་ཡང་ཐང་ ཆད་བཅུག དེ་ནས་དུས་ཡུན་དེའི་རིང་ལ་ཕོ་ཉ་དེ་ཉ་མོའ་ི མཉམ་དུ་བསྡད། ཉ་ཐག་ནས་ཕར་བགྲོད་ཚུར་འོང་བྱེད་ལ་ཁོ་མོའ་ི མཉམ་དུ་རྒྱ་མཚོའི་ངོས་ སུ་བསྐོར་འཁྱུག་བྱེད། ཁོ་ཆེས་ཉེ་སར་བསྡད་སྟབས། ཁོའ་ི མཇུག་མ་ཟོར་ བ་ལྟར་རྣོ ་ ལ་ཧ་ལམ་དབྱིབས་དང་ཆེ་ཆུང་གཉིས་ཀ་ཡང་འདྲ་པོ་ཡོད་ པ་དེས་ཉ་ཐག་གཅོད་ཀྱི་རེད་བསམས་ནས་རྒད་པོ་སྐྲག རྒད་པོས་ཉ་ མདུང་བཙུགས་ཤིང་དབྱུག་པས་བསྣུན། ཉ་མཆུ་རིང་ལ་རྩུབ་པ་དེའི་སྣེ་ ནས་བཟུང་སྟེ་ཉ་མོའ་ི ཚོན་མདངས་ཧ་ལམ་མེ་ལོང་གི་རྒྱབ་གཡོགས་ཀྱི་


46 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མདངས་བཞིན་མ་འགྱུར་བར་དུ་ཉ་མོའ་ི མགོ་གང་སར་དབྱུག་པས་བསྣུན། དེ་ནས་བུ་ཆུང་གི་རོགས་བྱས་ཏེ་ཉ་མོ་གྲུ་ལ་བཀྱགས་པའི་སྐབས་དེ་དག་ ལ་ཉ་ཕོ་དེ་གྲུའི་འཁྲིས་ལ་བསྡད་པ་རེད། དེ་ནས་རྒད་པོས་ཉ་ཐག་གཙང་ མ་བཟོས་ཤིང་ཉ་མདུང་གྲ་སྒྲིག་བྱེད་པའི་སྐབས་དེར། ཉ་ཕོ་དེ་གྲུའི་འཁྲིས་ ཀྱི་བར་སྣང་ལ་མཆོངས་ནས་ཉ་མོ་གང་དུ་ཡོད་མེད་ལ་བལྟས་ཤིང་། དེ་ ནས་གཤོག་པ་མུ་མེན་མདོག་ཅན་ཁོའ་ི བྲང་ཟུར་ནས་འབུར་དུ་ཐོན་པ་ དེ་རྒྱ་ཆེར་ཁ་ཕྱེ་ཞིང་། རྒྱ་ཆེ་བའི་མུ་མེན་མདོག་གི་ཐིག་ལེ་ཚང་མ་སྟོན་ བཞིན་ཆུའི་གཏིང་དུ་མར་སོང་། ཁོ་ཆེས་ཡིད་དུ་འོང་བ་ཞིག་རེད། རྒད་ པོས་རྗེས་སུ་དྲན། ཁོ་སྡོད་དགོས་བྱུང་བ་རེད། འདི་ནི་ངས་འདི་ཚོའི་མཉམ་མཐོང་བའི་གནས་ཚུལ་སྐྱོ་ཤོས་དེ་ རེད། རྒད་པོས་བསམས། བུ་ཆུང་དེ་ཡང་སེམས་སྐྱོ་བ་རེད་ལ། ང་ཚོས་ཁོ་ མོར་དགོངས་དག་ཞུས་ཤིང་ཚུལ་མཐུན་གྱིས་བཤས་པ་ཡིན།

“ངས་བུ་ཆུང་འདི་རུ་ཡོད་ན་བསམས་ཀྱི་འདུག” གྲུའི་མདུན་གྱི་ ཤིང་ལེབ་གོར་མོར་ཡོད་པ་ལ་རང་ཉིད་སྙེས་ནས་རྒད་པོས་སྐད་ཤུགས་ ཆེན་པོས་བཤད། རང་གིས་ཕྱོགས་གང་ཞིག་འདམས་པ་དེར་བབ་བརྟན་ ངང་བསྐྱོད་ཀྱི་ཡོད་པའི་ཉ་ཆེན་འདིའི་སྟོབས་ཤུགས་དེ་ཁོའ་ི ཕྲག་པར་ བསྣོལ་ནས་བཟུང་བའི་ཉ་ཐག་ལས་ཚོར།

ངེད་ཀྱི་སྒྱུ་ཐབས་ལ་བརྟེན་ནས་སྐབས་གཅིག་གི་རིང་ལ་ཁོ་རང་ ལ་འདམ་ཁ་གཅིག་འདམས་དགོས་བྱུང་ཡོད་པ་རེད། རྒད་པོས་བསམས། ཁོའ ི་འདམ་ཁ་ནི་རྒྱ་རྙི་དང་དྲ་བ། སྒྱུ་ཐབས་ཀྱི་ཆེས་ཕ་རོལ་དུ་ཆུའི་ གཏིང་ནག་ཏུ་སྡོད་རྒྱུ་དེ་རེད་ལ། ངའི་འདམ་ཁ་ནི་དེ་རུ་སོང་ནས་མི་ཚང་ མ་ལས་བརྒལ་ཏེ་ཁོ་རྙེད་པར་བྱ་རྒྱུ་དེ་རེད། འཛམ་གླིང་གི་མི་ཡོད་ཚད་ལས་


རྒད་པོ་དང་རྒྱ་མཚོ།

47

བརྒལ་ནས་རེད། ད་ལྟ་ང་གཉིས་མཉམ་དུ་འཛོམས་པ་རེད། དེ་ཡང་ཉིན་གུང་ ནས་རེད། ངེད་གཉིས་ཀྱི་སུའང་རོགས་པ་བྱེད་མཁན་གཅིག་ཀྱང་མེད།

གཅིག་བྱས་ན། ང་ཉ་བ་ཞིག་གི་སྐྱེ་བ་བླངས་མེད་པ་ཡིན་ན། རྒད་པོས་བསམས། ཡིན་ནའང་། དེ་ནི་ང་གང་གི་ཆེད་དུ་སྐྱེ་བའི་དོན་དེ་ རེད། ངས་ཏན་ཏན་ནམ་གསལ་རྗེས་ཉ་ཊུ་ན་ཟ་རྒྱུ་དེ་བརྗེད་མི་རུང་།

ཉི་མ་མ་ཤར་ཙམ་གྱི་སྔོན་ལ་ཁོའ ི་རྒྱབ་ན་ལུས་པའི་ཁ་འབྲིད་གཅིག་ ཅིག་གིས་ཟས་པ་རེད། ཁོས་ཤིང་ལྕུག་ཆག་པའི་སྒྲ་གོ་ཞིང་ཉ་ཐག་དེ་གྲུའི་མུ་ ཁྱུད་ཀྱི་སྟེང་ནས་ཤར ོ ། ནག་ཁུང་ནང་ཁོས་རང་གི་གློ་གྲི་དེ་བཏོན། ཉ་ཐག་གི་ ཤུགས་ཡོངས་རྫོགས་རང་གི་ཕྲག་པ་གཡོན་མར་བཀལ་ནས་རྒྱབ་ལ་སྙེས། གྲུའི་མུ་ཁྱུད་ཀྱི་ཤིང་ངོས་ལ་བརྟེན་ནས་ཉ་ཐག་བཅད། དེ་ནས་ཐག་ཉེ་སར་ ཡོད་པའི་ཉ་ཐག་གཞན་པ་དེ་ཡང་བཅད། ནག་ཁུང་ནང་ནས་ཉ་ཐག་འཁོར་ འཁྱིལ་མ་ལྷག་མ་གཉིས་ཀྱི་སྣེ་མཐུད། ཁོས་ལག་པ་ཡ་གཅིག་གིས་མཁས་པོའ ི་ ཐོག་ནས་ལས་ཀ་དེ་བྱས། མདུད་པ་རྣམས་དམ་པོར་རྒྱག་སྐབས་ཁོའ ི་རྐང་པ་ ཉ་ཐག་ཐོག་བཞག་ནས་བཟུང་། ད་ཁོ་ལ་ཉ་ཐག་འཁོར་འཁྱིལ་མ་ལྷག་མ་དྲུག་ ཡོད། གཉིས་ནི་ཁོས་བེད་སྤྱོད་བྱས་པའི་ཁ་འབྲིད་ལས་ཡིན་ཞིང་། གཉིས་ནི་ ཉས་ཟས་པའི་ཁ་འབྲིད་ལས་ཡིན་ལ། དེ་ཚང་མ་མཐུད་ནས་ཡོད། ཉི་མ་ཤར་བ་དང་། ཁོས་བསམས། ངས་འདོམ་བཞི་བཅུ་ཅན་གྱི་ ཉ་ཐག་ལ་ལས་ཀ་བྱེད་ཀྱི་ཡིན། དེ་ཡང་གཏུབས་ཀྱི་ཡིན་ལ། ཉ་ཐག་འཕར་ མ་ཚོ་ལ་མཐུད་ཀྱི་ཡིན། ངའི་ཉ་ཐག་ལེགས་པོ་ཁ་ཊ་ལོ་ནི་ཡ་ལུང་པའི་ ཉ་ཐག་ཁར་ཌེལ་ཟེར་བ་དེའི་འདོམ་གཉིས་བརྒྱ་དང་ལྕགས་ཀྱུ། གཟོང་ བཅས་ཤོར་སོང་བ་རེད། དེ་ཚོའི་ཚབ་གསབ་ཆོག་གི་རེད། ཡིན་ནའང་ ངས་ཉ་འདིའི་ཉ་ཐག་བཅད་ནས་ཉ་ཁ་ཤས་བཟུང་ན་ཡང་ཉ་འདི་ལ་སུས་


48 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཚབ་བྱེད་ཐུབ། ངས་ད་ལྟ་ཁ་འབྲིད་ཟས་པའི་ཉ་དེ་གང་འདྲ་ཞིག་ཡིན་མི་ ཤེས། གཅིག་བྱས་ན་དེ་ནི་ཉ་མཱར་ལིན་ཞིག་རེད་ལ། ཡང་ན། ཉ་མཆུ་རིང་ དང་། ཡང་ན་ཉ་ཤྲ ག་ཞིག་རེད། ངས་ཁོ་རྩ་ནས་ཚོར་མ་སོང་། ངས་ཆེས་ མགྱོགས་པོའ་ི ངང་ནས་ཁོ་གློད་དགོས་བྱུང་བ་རེད།

སྐད་ཆེན་པོས་ཁོས་བཤད། “ང་ལ་བུ་ཆུང་དེ་ཡོད་ན།”

ཡིན་ནའང་ཁྱེད་རང་ལ་བུ་ཆུང་དེ་མེད། ཁོས་བསམས། ཁྱེད་རང་ལ་ ཁྱེད་རང་གཅིག་པུ་ཡོད་རེད་ལ། ད་ཁྱེད་རང་གིས་ཉ་ཐག་མཐའ་མ་དེ་ལ་ལས་ ཀ་བྱས་ན་ཡག་གི་རེད། ནག་ཁུང་ནང་ཡིན་ན་རུང་མིན་ན་རུང་། ཉ་ཐག་ཕར་ གཏུབས་ལ་ཐག་འཁོར་འཕར་མ་གཉིས་ལ་མཐུད་དང་།

བྱས་ཙང་ཁོས་དེ་ལྟར་བྱས། ནག་ཁུང་ནང་དེ་དག་ཆེས་དཀའ་ ལ་ཐེངས་གཅིག་ཉ་ཡིས་འཁྱུགས་འཐེན་ཞིག་བྱས་པ་དེས་ཁོའ་ི གདོང་ས་ ལ་བརྡབས། མིག་གི་འོག་དེར་རྨ་ཞིག་བཟོས། ཁྲག་ཐིག་རྣམས་ཁོའ་ི འགྲམ་ ངོས་ནས་ཅུང་ཙམ་བཞུར། ཡིན་ནའང་ཁྲག་དེ་ཚོ་ཁོའ་ི མ་ནེ་ལ་མ་སླེབས་ སྔོན་ལ་དཀག་ནས་སྐམ། ཁོ་ལངས་ནས་སླར་གྲུའི་མདུན་ལ་སོང་། ཤིང་ལ་ སྙེས་ནས་ངལ་གསོ་བྱས། ཁོས་སྒྱེ་སྣོད་དེ་བསྐྱར་སྒྲིག་བྱས་ལ། གཟབ་ནན་ ངང་ཉ་ཐག་དེ་ཁོའ་ི ཕྲག་པའི་ཕྱོགས་གསར་པ་ཞིག་ནས་བསྣོལ་ནས་ཡོང་ བ་བྱས། ཕྲག་པས་ཉ་ཐག་དེ་བརྟན་པོར་བཟུང་ནས། གཟབ་གཟབ་ངང་ ཉས་འཐེན་པ་དེ་ཚོར་བར་བྱས། དེ་ནས་ཆུའི་ནང་དུ་གྲུ་ཆུང་གི་རྒྱུ་བ་དེ་ ལག་པས་ཚོར་བར་བྱས། ག་རེ་བྱས་ནས་ཁོས་འཁྱུག་དེ་བརྒྱབ་པ་ཡིན་ནམ། ཁོས་བསམས། ཉ་ཐག་དེ་ཁོའ་ི ལུས་རྒྱབ་ཀྱི་རི་ངོགས་ནས་འདྲེད་བརྡར་ཤོར་པ་ཡིན་རྒྱུ་ རེད། ངས་མྱངས་པ་བཞིན་ཁོའ་ི རྒྱབ་ཀྱིས་སྡུག་པོ་ཚོར་མེད་པ་ཐག་ཆོད་


རྒད་པོ་དང་རྒྱ་མཚོ།

49

རེད། ཁོ་ཇི་འདྲའི་སྟོབས་ཆེན་ཞིག་ཡིན་རུང་། ཁོས་གྲུ་ཆུང་འདི་ནམ་ ནམ་ཚེ་ཚེའི་བར་འཐེན་མི་ཐུབ། ད་ནི་རྙོག་དྲ་བཟོ་སྲིད་པ་ཚང་མ་གཙང་ མ་བཟོས་ཡོད་ལ། ཉ་ཐག་འཕར་མ་ཆེན་པོ་གཅིག་ཡོད། དེ་ནི་ སྟག་ཤར་ ཞིག་འདོད་པ་ཁེངས་པ་དེ་རེད། “ཉ།” ཁོས་སྐད་གཟེངས་མཐོ་ཞིང་འཇམ་པོའ་ི ངང་ནས་བོས། “ང་ ཤི་ཤི་བར་དུ་ཁྱེད་རང་གི་མཉམ་དུ་སྡོད་ཀྱི་ཡིན།” ངའི་བསམ་ཚུལ་ལ། ཁོ་ཡང་ངའི་མཉམ་དུ་སྡོད་ཀྱི་རེད། རྒད་པོས་ བསམས། ཁོ་ནམ་གསལ་རྒྱུའི་ཆེད་སྒུག་པ་རེད། ཉི་མ་མ་ཤར་བའི་གོང་ཙམ་ ལ་ཤིན་ཏུ་གྲང་། ཁོ་དྲོ་བོ་ཡོང་ཆེད་ཤིང་ལ་རྒྱབ་གཏད། ཁོས་ཇི་སྲིད་ཐུབ་པ་ དེ་སྲིད་དུ་ངས་ཀྱང་བྱེད་ཐུབ། ཁོས་བསམས། ནམ་ཐོག་མར་ལངས་པའི་ སྐབས་དེར། ཉ་ཐག་དེ་ཕར་ཆུའི་ནང་དུ་བསྲངས་འདུག གྲུ་ཆུང་མུ་མཐུད་ བསྐྱོད་བཞིན་འདུག ཉི་མ་ཤར་བའི་འོད་ཟེར་གྱི་ཐོག་མ་སྣེ་གཅིག་རྒད་ པོའ ི་ཕྲག་པ་གཡས་པ་ལ་ཕོག་པར་གྱུར།

“ཁོ་བྱང་ལ་གཏད་ནས་འགྲོ་གི་འདུག” ཁོས་བཤད། རྒྱ་མཚོའི་ རྒྱུ་བ་ཡིས་ང་ཚོ་ཐག་རིང་བའི་ཤར་ངོས་ལ་འདེད་དགོས་པ་རེད། ཁོས་ བསམས། ཁོ་རྒྱ་མཚོའི་རྒྱུ་བ་དང་འགྲོགས་ནས་ཕྱིར་འཁོར་ན་ཅི་མ་རུང་། དེས་ཁོ་ཐང་ཆད་ཀྱི་ཡོད་པ་མཚོན་གྱི་རེད། ཉི་མ་ཤར་ནས་ཅུང་ཙམ་འགོར་བ་དང་། རྒད་པོས་ཉ་དེ་ཐང་ ཆད་ཀྱི་མེད་པ་ཤེས། འདི་ན་ཡག་རྟགས་གཅིག་རང་གཅིག་འདུག དེ་ ནི་ཉ་ཐག་གི་གསེག་ཕྱོགས་ལས་ཁོ་དེ་ཙམ་གཏིང་རིང་ཞིག་ལ་བརྐྱལ་གྱི་ མེད་པ་སྟོན། དེ་ནི་ཁོ་ཆུ་ཁར་མཆོངས་ངེས་པའི་རྒྱུ་མཚན་གང་ཡང་མིན། ཡིན་ནའང་མཆོངས་སྲིད།


50 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“དཀོན་མཆོག ཁོ་མཆོངས་བཅུག་དང་།” རྒད་པོས་བཤད། “ཁོ་སྐྱོང་རྒྱུར་ ང་ལ་ཉ་ཐག་འདང་ངེས་ཤིག་ཡོད།”

གཅིག་བྱས་ན་ངས་ཁོ་ལ་འཚབ་ཤ་ཅུང་ཟད་ཅིག་སློང་། དེས་ཁོ་ ལ་ན་ཚ་གཏོང་གི་རེད་ལ་ཁོ་མཆོངས་གི་རེད། རྒད་པོས་བསམས། ད་ནི་ ཉིན་མོའ་ི དུས་ཚོད་རེད། ཁོང་མཆོངས་འཇུག་དང་། དེ་ནས་ཁོས་རང་གི་ རྒྱབ་རུས་ཀྱི་སྟེང་གི་སྒྱེ་སྣོད་རྣམས་ལ་རླུང་བུ་འགེང་གི་རེད་ལ། དེ་ནས་ ཁོ་ཤི་རྒྱུར་ཆུའི་གཏིང་ལ་འགྲོ་མི་ཐུབ། ཁོས་འཚབ་ཤ་སློང་བའི་འབད་བརྩོན་བྱས། ཡིན་ནའང་། ཁོས་ ཉ་ལ་ལྕགས་ཀྱུ་བསྐོན་པ་ནས་བཟུང་ཉ་ཐག་དེ་ཆད་ལ་ཁད་དུ་དམ་པོར་ འཐེན་ཡོད་པ་དང་། ཁོས་འཐེན་རྒྱུའི་ཆེད་དུ་རྒྱབ་ལ་སྙེས་དུས་དེ་ཉེན་ཁ་ ཡོད་པ་ཚོར་ཞིང་། ཁོས་དེ་ལ་ཤུགས་འཕར་མ་ཞིག་བྱེད་མི་ཐུབ་པ་ཡང་ ཤེས། ངས་གཡོ་འགུལ་ཆེན་པོ་ཞིག་རྩ་ནས་མི་ཐེབས་པ་བྱེད་དགོས། ཁོས་ བསམས། གཡོ་འགུལ་ཆེན་པོ་རེ་རེས་ལྕགས་ཀྱུས་བཟོས་པའི་རྨ་ཁ་ཆེ་རུ་ གཏོང་ལ། དེ་ནས་ཁོ་མཆོངས་པ་ཡིན་ན་ཁོས་དེ་ཕར་གཡུགས་སྲིད། གང་ ལྟར་ཡང་ང་ཉི་མ་ལ་དགའ། སྐབས་གཅིག་རིང་ལ་ངས་ཉི་མ་ལ་གཅེར་མི་ དགོས། ཉ་ཐག་གི་སྟེང་དུ་མཚོ་རྩྭ་སེར་པོ་འདུག དེས་ཉ་ཐག་ལ་ལྗིད་ སྣོན་བྱས་པ་རྒད་པོས་ཤེས་ནས་དགའ། དེ་ནི་མཚན་མོའ་ི སྐབས་སུ་ཧ་ཅང་ འོད་ཆེམ་ཆེམ་བཟོ་བའི་རྒྱ་མཚོའི་རྩྭ་སེར་པོ་ཞིག་རེད། “ཉ།” ཁོས་བཤད། “ང་ཁྱོད་ལ་དགའ་ཞིང་ངས་ཁྱེད་ལ་གུས་ ཞབས་ཆེན་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་། ཉི་མ་འདི་མ་རྫོགས་གོང་ལ་ ངས་ཁྱོད་གསོད་ཀྱི་ཡིན།”


རྒད་པོ་དང་རྒྱ་མཚོ།

51

ང་ཚོས་རེ་བ་དེ་ལྟར་བྱེད། ཁོས་བསམས།

བྱང་ཕྱོགས་ནས་བྱིའུ་ཞིག་གྲུ་ཆུང་གི་ཕྱོགས་ལ་ཡོང་། དེ་བྱིའུ་ ཝར་བྷི་ལཱར་ཟེར་བའི་རིགས་ཤིག་རེད། ཆུའི་ཁ་ལ་དམའ་མོར་འཕུར་གི་ འདུག བྱིའུ་དེ་ཧ་ཅང་ཐང་ཆད་ཡོད་པ་དེ་རྒད་པོས་མཐོང་ཐུབ་ཀྱི་འདུག བྱིའུ་དེ་གྲུའི་མཇུག་སྣེ་ལ་བབ་ནས་དེ་རུ་ངལ་གསོ་བརྒྱབ། དེ་ ནས་ཁོ་རྒད་པོའ་ི མགོ་ཐོག་ཏུ་འཕུར་ཞིང་ཉ་ཐག་ཐོག་ངལ་གསོ་བརྒྱབ་ ཅིང་། དེ་རུ་ཁོ་ཧ་ཅང་བདེ་བོར་འདུག “ཁྱེད་རང་ལོ་ག་ཚོད་ཡིན།” རྒད་པོས་བྱིའུ་ལ་དྲིས། “འདི་ཁྱེད་ རང་གི་འགྲུལ་བསྐྱོད་ཐེངས་དང་པོ་དེ་ཡིན་ནམ།”

ཁོས་སྐད་ཆ་བཤད་པའི་སྐབས་ལ་བྱིའུ་ཡིས་ཁོ་ལ་བལྟས། ཁོ་ ཐང་ཆད་དྲགས་ནས་ ཉ་ཐག་ལ་བརྟག་རྒྱུར་ཡང་དཀའ་བའི་ཚོད་དུ་ འདུག ཁོའ་ི སྡེར་མོ་མཉེན་མོ་ཡིས་ཉ་ཐག་ལ་བསྡམས་དུས་ཁོ་དེའི་ཐོག་ ནས་འཁྱོམ་འཁྱོམ་ཞིག་བྱས། “ཉ་ཐག་དེ་བརྟན་པོ་ཡོད།” རྒད་པོས་ཁོ་ལ་བཤད། “དེ་ཤིན་ཏུ་ བརྟན་པོར་ཡོད། རླུང་མེད་པའི་མཚན་མོ་ཞིག་གི་རྗེས་ལ་ཁྱེད་དེ་ཙམ་ ཞིག་ཐང་ཆད་དགོས་པ་མ་རེད། བྱིའུ་འདི་ཚོ་ལ་ག་རེ་ཡོང་གི་ཡོད་ན།” ཁྲ་རྣམས། ཁོས་བསམས། དེ་ཚོ་ཁོང་ཚོར་ཐུག་སླད་མཚོ་ལ་ཡོང་ གི་ཡོད། ཡིན་ན་ཡང་ཁོས་འདི་ཚོ་བཤད་ཀྱང་ཤེས་མི་ཐུབ་པའི་བྱིའུ་ཞིག་ ལ་གང་ལྟར་མ་བཤད། ཁོས་གང་མྱུར་གྱིས་ཁྲའི་སྐོར་ཤེས་རྒྱུ་རེད།

“བྱིའུ་ཆུང་ཆུང་། ངལ་གསོ་ཡག་པོ་ཞིག་རྒྱོབས་ཨ།” ཁོས་བཤད།


52 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“དེ་ནས་རྒྱུགས། ཉའམ་བྱ། ཡང་ན་མི་སུ་རུང་གིས་བྱེད་པ་ལྟར་རང་གི་གོ་ སྐབས་ལོངས།” དེས་ཁོ་ལ་སྐད་ཆ་ཤོད་རྒྱུའི་སྤོབས་པ་འཕར་བཅུག གང་ཡིན་ ཟེར་ན། མཚན་མོའ་ི སྐབས་སུ་ཁོའ་ི རྒྱབ་ཧྲེང་ནས་ད་ཆ་དངོས་གནས་ན་ ཟུག་གཏོང་གི་འདུག

“ཁྱེད་རང་ལ་འདོད་པ་ཡོད་ན་ངའི་ཁང་བར་སྡོད་དང་། བྱིའུ།” ཁོས་བཤད། “དགོངས་པ་མ་ཚོམས། ངས་གྲུ་དར་བསླངས་ནས་ལྡང་ བཞིན་པའི་རླུང་བསིལ་མ་དང་མཉམ་དུ་ཁྱེད་རང་ནང་ལ་འཁྱེར་ཐུབ་པ་ མི་འདུག ཡིན་ན་ཡང་། ང་གྲོགས་པོ་ཞིག་དང་མཉམ་དུ་ཡོད།” མཚམས་དེར་ཉ་ཡིས་གློ་བུར་གྱི་ཡོམ་ཞིག་བརྒྱབ། དེས་རྒད་པོ་ གྲུའི་མདུན་ངོས་སུ་དྲངས། ཁོས་ཁོ་རང་ལ་འཐམས་མེད་པ་དང་ཉ་ཐག་ ཅུང་ཟད་གློད་མེད་པ་ཡིན་ན་ཁོ་ཡང་གྲུའི་སྒང་ནས་ཕར་དྲངས་ཟིན་ཡོད། ཉ་ཐག་འགུལ་བའི་སྐབས་དེར་བྱིའུ་ཡང་གནམ་ལ་འཕུར་སོང་། རྒད་ པོས་ཐ་ན་བྱིའུ་འཕུར་བ་ཡང་མ་མཐོང་། ཁོས་རང་གི་ལག་པ་གཡས་པས་གཟབ་ གཟབ་ངང་ཉ་ཐག་ཚོར་བར་བྱས་ཤིང་། ལག་པ་ན་ཁྲག་འཛགས་བཞིན་པ་ལ་དོ་ སྣང་བྱུང་།

“དེས་ན་ཁོ་ལ་ན་ཟུག་ཅིག་ལངས་པ་རེད།” ཁོས་སྐད་མཐོན་ པོས་བཤད། ཁོས་ཉ་ལ་བསྐོར་བ་ཞིག་ཐེབས་མིན་བལྟ་ཆེད་ཉ་ཐག་དེ་ ཕྱིར་འཐེན། ཡིན་ན་ཡང་། ཐག་པ་ཆད་ལ་ཁད་བྱེད་སྐབས་ཁོང་གིས་ཐག་ པ་བརྟན་པོར་བཟུང་། ཐག་པའི་འཐེན་ཤུགས་ལ་ཁ་གཏད་ཀྱིས་བསྡད།

“ཉ། ད་ཁྱེད་ཀྱིས་འདི་ཚོར་གྱི་འདུག་གམ།” ཁོས་བཤད། “དེས་


རྒད་པོ་དང་རྒྱ་མཚོ།

53

ན། དཀོན་མཆོག་གིས་མཁྱེན་གྱི་རེད། ངས་ཚོར་གྱི་ཡོད་པ།”

ད་ཁོས་བྱིའུ་དེའི་ཆེད་གཡས་གཡོན་ལ་བལྟས། གང་ཡིན་ཟེར་ན། རོགས་པ་ཞིག་ཡོང་ཆེད་ཁོ་དེ་ལ་དགའ་གི་རེད། བྱིའུ་དེ་འཕུར་ཚར་འདུག

ཁྱེད་རང་ཡུན་རིང་ལ་བསྡད་མ་སོང་། མི་འདིས་བསམས། ཡིན་ ན་ཡང་ཁྱེད་རང་མཚོ་འགྲམ་ལ་མ་སླེབས་བར་དུ་ཁྱེད་རང་འགྲོ་བའི་ཁ་ ཕྱོགས་དེ་རྩུབ་པོ་ཡོད། ཉས་མགྱོགས་འཐེན་གཅིག་བརྒྱབ་པ་དེས་ང་ལ་ རྨ་ཅིའི་ཕྱིར་བཟོ་བཅུག་པ་ཡིན་ནམ། ངས་ངེས་པར་དུ་ལྐུགས་རྟགས་ཤིག་ སྟོན་གིན་ཡོད་པ་རེད། ཡང་ན། གཅིག་བྱས་ན་ངས་བྱིའུ་ཆུང་ཆུང་ལ་ལྟ་ གིན་ཡོད་པ་རེད་ལ། དེ་ལ་བསམ་བློ་གཏོང་གིན་ཡོད་པ་རེད། ད་ངས་ང་ རང་གི་ལས་ཀ་ལ་དོ་སྣང་སྤྲོད་ཀྱི་ཡིན་ལ། དེ་ནས་ངས་ཉ་ཊུ་ན་ཟ་གི་ཡིན། དེ་ནས་ངའི་སྟོབས་ཤུགས་ཤོར་བ་ཡོང་གི་མ་རེད། “བུ་ཆུང་དེ་འདི་རུ་ཡོད་ན། རྒད་པོས་སྐད་མཐོན་པོས་བཤད།

ང་ལ་ཚྭ་ཅུང་ཟད་ཅིག་ཡོད་ན།”

ཉ་ཐག་གི་ལྗིད་ཚད་དེ་ཕྲག་པ་གཡོན་པར་བཀལ་ཞིང་། གཟབ་ གཟབ་ངང་པུས་མོ་བཙུགས་ཏེ་རྒྱ་མཚོའི་ནང་རང་གི་ལག་པ་བཀྲུས། ལག་ པ་མཚོ་ལ་བཅུག དེ་རུ་དཔྱངས། སྐར་མ་གཅིག་ལྷག་ལ་ཁྲག་ཤུལ་འཐེན་ ནས་འགྲོ་བ་དང་། གྲུ་ཆུང་བསྐྱོད་པ་དང་བསྟུན་ཁོའ་ི ལག་ངོས་སུ་ཕོག་ བཞིན་པའི་ཆུའི་རྒྱུ་བ་བརྟན་པོ་དེ་ལ་བལྟས།

“ཁོ་ཆེས་དལ་དུ་སོང་འདུག” ཁོས་བཤད།

རྒད་པོས་རང་གི་ལག་པ་ཚྭ་ཆུའི་ནང་ཡུན་རིང་ཙམ་ལ་འཇོག་ རྒྱུར་དགའ་བོ་ཡོང་མོད། ཁོ་ཉ་ཡི་གློ་བུར་གྱི་ཡོ་འཁྱོམ་གཞན་ཞིག་ལ་སྐྲག་


54 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཅིང་། ཁོ་ཡར་ལངས་ནས་བརྟན་པོར་བསྡད། ལག་པ་ཉི་འོད་ལ་བསྐམས། དེ་ནི་ཉ་ཐག་བརྡར་ཤུགས་ཀྱིས་ཁོའ ཤ ི་ ་གཏུབས་པ་རེད་ལ། ཡིན་ནའང་རྨ་ དེ་ཁོའ ི་ལས་ཀ་ཅན་གྱི་ལག་ངོས་ལ་འདུག ཁོས་ལས་ཀ་འདི་བྱས་ཟིན་ཟིན་ བར་དུ་རང་གི་ལག་པ་དེ་དགོས་པ་ཤེས་ལ། ལས་ཀའི་མགོ་མ་བཙུགས་གོང་ ལ་ལག་པར་རྨ་བཟོས་པ་ལ་མ་དགའ།

“ད།” ཁོས་ལག་པ་སྐམ་པའི་རྗེས་སུ་བཤད། “ད་ངས་ཉ་ཊུ་ན་ ཆུང་ཆུང་འདི་ཏན་ཏན་ཟ་དགོས་ཡོད། ངས་ཉ་མདུང་སྤྱད་ནས་སྙོབ་ཐུབ་ ལ། འདིར་བདེ་བོའ་ི ངང་ཟ།”

ཁོས་པུས་མོ་ས་ལ་བཙུགས། གྲུ་མཇུག་གི་སྟེགས་འོག་ནས་ཉ་ མཐོང་ཞིང་། ཉ་ཐག་འཁོར་འཁྱིལ་མ་དེ་ལ་མ་རེག་པར་བྱས་ཏེ་ཉ་མདུང་ སྤྱད་ནས་དེ་ཁོའ་ི མདུན་ལ་འཐེན། ལག་པ་དང་དཔུང་པ་གཡོན་པ་བརྟན་ པོར་བྱས་ཏེ་ཉ་ཐག་དེ་ཡང་བསྐྱར་ཕྲག་པ་གཡོན་པས་བཟུང་ཞིང་། ཉ་ཊུ་ ན་དེ་ཉ་མདུང་གི་ཟོར་ལས་བཏོན། ཉ་མདུང་རང་འཇགས་བཞག ཁོས་ པུས་མོ་ཡ་གཅིག་ཉའི་སྟེང་ལ་བཞག ཤ་དམར་ནག་དེའི་མགོ་རྒྱབ་ནས་ མཇུག་མ་བར་དུ་ཕྲ་བོར་གཏུབས། དེ་ཚོ་ནི་ཟུར་གསུམ་ནར་མོའ་ི དབྱིབས་ སུ་འདུག་ལ། ཁོས་དེ་རྣམས་རྒྱབ་ཀྱི་རུས་པའི་བར་ནས་གྲོད་པའི་ཟུར་བར་ དུ་གཏུབས། ཁོས་ཟུར་གསུམ་དྲུག་ཏུ་གཏུབས་ཚར་བའི་སྐབས་དེར་གྲུའི་ ཤིང་ལེབ་སྟེང་བཀྲམས། ཁོའ་ི གྲི་དེ་རང་གི་རྐང་སྣམ་ལ་ཕྱིས། ཉ་ཊུ་ན་དེའི་ ལྷག་རོའ་ི མཇུག་མ་ནས་བཟུང་སྟེ་ཡར་བཀྱགས་ཏེ་གྲུའི་ཕྱི་ལ་གཡུགས། “ངས་འདི་ཚང་མ་ཟ་ཐུབ་ཀྱི་རེད་བསམས་ཀྱི་མི་འདུག” ཁོས་ བཤད། ཟུར་གསུམ་ནར་མོ་ཞིག་གི་ཕར་ཚུར་དུ་གྲི་དྲངས། ཁོས་ཉ་ཐག་ གི ས ་བརྟན་པོ ར ་འཐེ ན ་པ་དེ ་ ཚོ ར ་ཞི ང ་རང་གི ་ ལག་པ་གཡོ ན ་མ་དེ ་


རྒད་པོ་དང་རྒྱ་མཚོ།

55

རེངས་པ་ཚོར། ཁོས་ལྗིད་ཆེ་བའི་ཉ་ཐག་ལ་དམ་དུ་འཇུས་ནས་འཐེན་ ཞིང་། ཁོ་ཞེན་པ་ལོག་པའི་ངང་ནས་ལག་པ་ལ་བལྟས། “འདི་ལག་པ་ཅི་འདྲའི་རིགས་ཤིག་ཡིན་ནམ།” ཁོས་བཤད། “ཁྱོད་ ལ་འདོད་པ་ཡོད་ན་རེངས་ཤིག ཁྱེད་རང་སྡེར་མོར་བཟོས། དེས་ཁྱེད་རང་ ལ་ཕན་ཐོགས་བྱེད་མི་ཡོང་།”

དེ་འདྲ་མ་བྱེད། ཁོས་བསམས། ཆུ་སྔོ་ནག་གི་ནང་དུ་གསེག་ནས་ ཡོད་པའི་ཉ་ཐག་ལ་བལྟས། ད་དེ་ཟོ་དང་དེས་ལག་པ་ལ་ཟུངས་ཤུགས་སྟེར། དེ་ལག་པའི་སྐྱོན་མ་རེད། ཁྱེད་རང་ཉའི་མཉམ་དུ་ཆུ་ཚོད་མང་པོ་བསྡད་པ་ རེད། ཁྱོད་ནམ་ནམ་ཚེ་ཚེའི་བར་དུ་ཁོའ ི་མཉམ་དུ་སྡོད་ཐུབ། ད་ཉ་ཟོ་དང་། ཁོས་ཟུར་གཅིག་བླངས་ནས་ཁ་ནང་དུ་བཅུག ག་ལེར་བལྡད། དེ་ནི་ མི་ཞིམ་པ་ཞིག་མ་རེད།

ཡག་པོ་བྱས་ནས་བལྡད་ནས་ཁུ་བ་ཆ་ཚང་ལེན་དགོས། ཁོས་ བསམས། ཚྭ་དང་ཡང་ན་སྐྱུར་ཏོག སྐྱུར་ཁུ་ཞིག་གི་མཉམ་འདི་ཟས་ན་ སྡུག་ག་རང་མ་རེད། “ལག་པ། ཁྱེད་ཀྱིས་ཅི་འདྲ་ཞིག་ཚོར་གྱི་འདུག” ཁོས་ཧ་ལམ་མི་ རོ་རེངས་པོ་བཞིན་དུ་རེངས་པར་གྱུར་པའི་ལག་པ་ལ་དྲིས། “ངས་ཁྱེད་ཀྱི་ ཆེད་དུ་ད་དུང་མང་བ་ཟ།”

ཁོས་ཆ་གཉིས་ལ་གཏུབས་པའི་ཆ་གཞན་པ་དེ་ཟས། ཁོས་གཟབ་ གཟབ་ངང་བལྡད་ནས་པགས་པ་དེ་མཆིལ་ཞགས་སུ་འཕངས།

“དེས་གང་འདྲ་བྱས་སོང་། ལག་པ། ཡང་ན། འདི་ཤེས་རྒྱུ་ལ་ཆེས་


56 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

སྔ་དྲགས་པ་རེད་དམ།”

ཁོས་ཟུར་གཞན་ཆ་ཚང་ཞིག་བླངས་ནས་བལྡད།

“འདི་ཁྲག་གིས་ཁེངས་པའི་ཉ་སྟོབས་ཆེན་ཞིག་རེད།” ཁོས་བསམས། “ཌོལ་ཕིན་གྱི་ཚབ་ལ་ཁོ་ཐོབ་པ་ནི་རླུང་རྟ་ལེགས་པ་རེད། ཌོལ་ཕིན་དེ་ ཆེས་མངར་མོ་ཡོད། འདི་ནི་ཧ་ལམ་མངར་མོ་ཞིག་གཏན་ནས་མིན་མོད། ད་དུང་བཅུད་ཚང་མ་འདིའི་ནང་འདུག”

ཁ་ཡོད་ལག་ཡོད་བྱེད་པ་ལས་གཞན་གང་ཡིན་ཡང་དོན་སྙིང་མི་ འདུག ཁོས་བསམས། ང་ལ་ཚྭ་ཅུང་ཟད་ཅིག་ཡོད་ན། ཡང་ཅུང་ཟད་ལྷག་ པ་འདི་ཉི་མ་ཡིས་རུལ་རྒྱུ་ཡིན་ནམ་སྐམ་རྒྱུ་ཡིན་ངས་མི་ཤེས། དེ་བས་ང་ ལྟོགས་ཀྱི་མེད་ནའང་ངས་དེ་ཟས་ན་ལེགས། ཉ་འདི་བརྟན་པོ་དང་ལྷོད་ལྷོད་ རེད། ངས་དེ་ཚང་མ་ཟ་གི་ཡིན་ལ། དེ་ནས་ང་གྲ་སྒྲིག་ཨང་གསར་ཡིན། “བཟོད་སྒོམ་བྱོས་དང་། ལག་པ།” ཁོས་བཤད། “ངས་འདི་ཁྱེད་ ཀྱི་ཆེད་དུ་བྱེད་ཀྱི་ཡོད།”

ངས་ཉ་ལ་ཟས་ཞིག་སྟེར་ཐུབ་པ་བྱུང་ན། ཁོས་བསམས། ཁོ་ངའི་ སྤུན་རེད། ཡིན་ནའང་ངས་ཁོ་ཏན་ཏན་གསོད་དགོས། དེ་བྱེད་སླད་སྟོབས་ ཤུགས་འཛིན་དགོས། དལ་མོ་དང་བསམ་ཤེས་ཀྱི་ངང་ནས་ཁོས་ཟུར་ གསུམ་ནར་མོའ་ི དབྱིབས་ཅན་གྱི་ཉ་ཤ་ཚང་མ་ཟས།

ཁོས་ལག་པ་རྐང་སྣམ་ལ་འཕྱིས་ནས་ཡར་དྲང་མོར་ལངས།

“ད།” ཁོས་བཤད། “ལག་པ། ཁྱེད་ཀྱིས་ཉ་ཐག་འདི་གློད་ན་འགྲིག ཁྱེད་ཀྱིས་སྙིང་པོ་མེད་པ་འདི་མཚམས་མ་བཞག་བར་དུ། ངས་ལག་པ་


རྒད་པོ་དང་རྒྱ་མཚོ།

57

གཡས་པ་གཅིག་པུས་ཁོ་ལག་བསྟར་བྱེད་གི་ཡིན།” ཁོས་རང་གི་ལག་པ་ གཡོན་མས་འཇུས་པའི་ཉ་ཐག་ལྗིད་མོའ་ི སྟེང་རང་གི་རྐང་པ་གཡོན་པ་ བཞག འཐེན་ཤུགས་ལས་ལྡོག་སྟེ་རྒྱབ་ཕྱོགས་སུ་སྙེས་ཏེ་འཐེན། “དཀོ ན ་མཆོ ག ་གིས་རེངས་པ་འདི་གྲོ ལ ་བའི་རོ ག ས་རམ་ གནོངས།” ཁོས་བཤད། “གང་ཡིན་ཟེར་ན། ཉ་འདིས་ཅི་ཞིག་བྱེད་རྒྱུ་ཡིན་ མིན་ངས་མི་ཤེས།”

ཡིན་ནའང། བལྟས་ཚོད་ཀྱིས་ཁོ་ལྷོད་ལྷོད་རེད་འདུག ཁོས་ བསམས། ཁོས་རང་གི་འཆར་གཞི་ལྟར་བྱེད་ཀྱི་འདུག ཡིན་ནའང་ཁོའ་ི འཆར་གཞི་ཅི་ཞིག་ཡིན་ནམ། ཁོས་བསམས། ཡང་། ངའི་འཆར་གཞི་ཅི་ ཞིག་ཡིན་ནམ། ཁོ་ཤིན་ཏུ་ཆེ་སྟབས། ངའི་དེ་ནི་ཏན་ཏན་ཁོའ་ི དེ་ལ་ཅི་ འོས་ཤིག་བྱེད་རྒྱུ་དེ་རེད། གལ་སྲིད་ཁོ་མཆོངས་པ་ཡིན་ན་ངས་ཁོ་གསོད་ ཐུབ། ཡིན་ནའང་ཁོ་ནམ་ཡིན་ཡང་འོག་ལ་སྡོད་ཀྱི་འདུག དེས་ན་ང་ཡང་ ཁོ་དང་མཉམ་དུ་ནམ་ཡིན་ཡང་མར་སྡོད་ཀྱི་ཡིན། ཁོ ས ་ལག་པ་རེ ང ས་པ་དེ ་ རང་གི ་ རྐང་སྣམ་གྱི ་ ངོ ས ་ལ་དྲུད། མཛུབ་མོ་རྣམས་གྲོལ་བའི་ཐབས་ཤེས་བྱས། ཡིན་ནའང་དེ་ཚོ་ཁ་མི་འབྱེད། གཅིག་ཐང་ན་དེ་ཚོ་ཉི་འོད་དང་མཉམ་ཁ་འབྱེད་སྲིད། གཅིག་ཐང་ན་དེ་ ཚོ་ཉ་ཊུ་ན་སྟོབས་ཅན་དེ་འཇུ་བའི་རྗེས་ནས་ཁ་འབྱེད་སྲིད། གལ་སྲིད་ ངས་དགོས་མཁོ་བྱུང་ན། གོང་ཚད་ག་ཚོད་སྤྲོད་དགོས་བྱུང་ནའང་ངས་ ཁ་འབྱེད་ཀྱི་ཡིན། ཡིན་ན་ཡང་ད་ཆ་ངས་བཙན་ཤེད་ཀྱིས་ཁ་ཕྱེ་འདོད་མི་ སྐྱེ། ཁོ་རང་རང་ལ་ཁ་འབྱེད་འཇུག་ལ་ཁོ་རང་གི་ཚུལ་དང་བསྟུན་ནས་ ཡོང་དུ་འཇུག མཐའ་དོན་མཚན་མོའ་ི སྐབས་སུ་ཁོ་ལ་རང་དབང་དགོས་ སྐབས་དང་ཉ་ཐག་རྣམས་ལ་འཆང་མི་དགོས་པའི་སྐབས་སུ་ཡང་ངས་ཁོ་


58 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ལ་ཐུབ་ཚོད་བཏང་བ་རེད།

ཁོས་རྒྱ་མཚོའི་གཡས་གཡོན་ལ་བལྟས་ཤིང་། ཁོ་རང་ཇི་འདྲའི་ ཁེར་རྐྱང་ཞིག་ཡིན་པ་ཤེས། ཡིན་ནའང་ཁོས་རྒྱ་མཚོའི་གཏིང་ནག་གི་ ནང་ནས་འོད་ཆེམ་ཆེམ་མཐོང་ཐུབ་ལ། ཉ་ཐག་མདུན་དུ་བསྲིངས་པ་དང་ རྒྱ་མཚོའི་ཡོ་འཁྱོམ་ཁྱད་མཚར་བ་དེ་མཐོང་ཐུབ། ཚོང་གི་རླུང་སླེབས་ནས་ སྤྲིན་རྣམས་ཡར་བརྩེགས་བཞིན་འདུག་ལ། ཁོས་ཡར་བལྟས་སྐབས། རྒྱ་ མཚོའི་སྟེང་གི་ནམ་མཁའ་ལ་ངང་པའི་ཁྱུ་ཚོགས་གཅིག་གིས་རི་མོ་བྲིས་ ཤིང་། དེ་ཚོ་གསལ་བོ་དང་ཡང་མི་གསལ་བར་གྱུར། མི་ཞིག་རྒྱ་མཚོའི་ ནང་ཁེར་རྐྱང་གཏན་ནས་མིན་པ་ཁོས་ཤེས།

མི ་ ཁ་ཤས་ས་གཞི ་མཐོང་ས་ན་མེད་པར་གྲུ་ཆུང་ཞི ག་ལ་འགྲོ་ བར་ཇི་ལྟར་སྐྲག་པའི་སྐོར་ལ་ཁོས་བསམ་བློ་བཏང་། གློ་བུར་གྱི་གནམ་ གཤིས་ངན་པ་ཡོང་བའི་ཟླ་བ་ཁ་ཤས་རིང་ཁོང་ཚོ་སྐྲག་པ་དེ་བདེན་པ་ ཡིན་པ་ཁོས་ཤེས། ཡིན་ན་ཡང་ད་ནི་ཧ་རེ་ཁེན་ཞེས་པའི་རྒྱ་མཚོའི་རླུང་ འཚུབ་ཀྱི་ནམ་ཟླ་རེད། ཡིན་ན་ཡང་རྒྱ་མཚོའི་རླུང་འཚུབ་མེད་པའི་སྐབས་ ལ། རྒྱ་མཚོའི་རླུང་འཚུབ་ཀྱི་ནམ་ཟླ་དེ་ནི་ལོ་གཅིག་གི་ནང་གི་ནམ་ཟླ་ ཡག་ཤོས་དེ་རེད། གལ་སྲིད་རྒྱ་མཚོའི་རླུང་འཚུབ་ཡོད་ན། ཁྱེད་རང་རྒྱ་མཚོའི་ནང་ ཡོད་ན། དུས་རྒྱུན་ཉིན་འགའ་ཞིག་གི་སྔོན་ནས་ནམ་མཁའ་ནས་དེའི་རྟགས་ དང་མཚན་མ་མཐོང་གི་རེད། ཁོང་ཚོས་མཚོ་འགྲམ་ནས་དེ་ཚོ་མི་མཐོང་། གང་ཡིན་ཟེར་ན། ཁོང་ཚོས་གང་ལ་བལྟ་དགོས་པ་དེ་མི་ཤེས། ཁོས་དེ་ལྟར་ བསམས། ས་གཞིས་ཀྱང་སྤྲིན་པའི་དབྱིབས་ལ་མི་འདྲ་བ་ཞིག་ཏན་ཏན་བཟོ་ གི་རེད། ཡིན་ན་ཡང་དེ་རིང་རྒྱ་མཚོའི་རླུང་འཚུབ་ཡོང་གི་མི་འདུག


རྒད་པོ་དང་རྒྱ་མཚོ།

59

ཁོས་གནམ་ལ་བལྟས། འཁྱག་དར་མངར་མོའ་ི ཁ་ཟས་སྤུངས་པ་ལྟ་བུའི་ ཡིད་འོང་སྤྲིན་དཀར་གྱི་ཚོགས་བརྩེགས་འདུག་ལ། ཟླ་དགུ་བའི་དགུང་ སྔོན་མོའ་ི མཐོ་ས་ན་སྤྲིན་སྲབ་མོའ་ི གཤོག་པ་བརྐྱངས་འདུག

“རླུང་འཇམ་པོ།༼སེཔེན་གྱི་སྐད་ལ་བཱརི་ས་༽” ཁོས་བཤད། “ཉ་ ཁྱོད་ལས་མི་ང་ལ་གནམ་གཤིས་བཟང་བ་འདུག” ཁོའ་ི ལག་པ་གཡོན་མ་ད་དུང་རེངས་ནས་འདུག་མོད། དལ་པོའ་ི ངང་ནས་མདུད་པ་གྲོལ་བཞིན་འདུག

ང་རེངས་པ་ལ་ཁོང་ཁྲོ་ལངས་གི་འདུག ཁོས་བསམས། འདི་ནི་ སོ་སོ་རང་ཉིད་ཀྱི་གཟུགས་པོའ་ི གཡོ་བྱུས་ཤིག་རེད། ཟས་དུག་ལ་བརྟེན་ ནས་གྲོད་ཁོག་བཤལ་བ་དང་སྐྱུག་པ་ཤོར་བ་དེ་ཚོ་མི་གཞན་གྱི་མདུན་ ནས་ངོ་ཚ་ཡོང་བ་ཞིག་རེད། ཡིན་ནའང་། རེངས་པ་དེ་ནི། ཁོས་བསམས། ཁ་ལམ་བཱ་རེ་༼རེངས་པ་ལ་ཟེར༽འདི་སོ་སོ་རང་ལ་ངོ་ཚ་བཟོ་བ་ཞིག་ རེད། དམིགས་བསལ་གྱིས་མི་གཅིག་ཁེར་རྐྱང་ཡིན་པའི་སྐབས་ལ་དེ་ ལྟར་རེད། གལ་སྲིད་བུ་ཆུང་འདི་ལ་ཡོད་ན་ཁོས་དཔུང་པ་ནས་མར་མཉེལ་ མཉེལ་བཏང་ནས་གློད་ཐུབ་གི་རེད། ཁོས་བསམས། ཡིན་ནའང་འདི་ལྷོད་ ཡོང་གི་འདུག

དེ་ནས། ཁོས་ཆུའི་ནང་གི་གསེག་ཚད་ཡར་སླེབས་པ་མ་མཐོང་གོང་ ནས། ཁོས་རང་གི་ལག་པ་གཡས་པས་ཉ་ཐག་གི་འཐེན་ཤུགས་ལ་འགྱུར་བ་ སོང་བ་ཤེས། དེ་ནས། ཁོ་ཉ་ཐག་གི་ལྡོག་ཕྱོགས་སུ་སྙེས་ནས་འཐེན་དང་མཉམ་ དུ་རང་གི་ལག་པ་གཡོན་མས་ཤུགས་ཀྱིས་བརླ་ངོས་སུ་མྱུར་མོར་བརྡབས།


60 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོས་ཉ་ཐག་གི་གསེག་ཚད་དེ་ག་ལེར་ཡར་ཡོང་གི་ཡོད་པ་མཐོང་།

“ཁོ་ཡར་ཡོང་གི་འདུག” ཁོས་བཤད། “ལག་པ། དེ་འདྲ་མ་བྱེད་ དང་། ཐུགས་རྗེས་གཟིགས། ཤོག་དང་།”

ཉ་ཐག་དེ་དལ་བོ་དང་བརྟན་པོའ་ི ངང་ནས་ཡར་ཡོང་། དེ་ནས་ གྲུ་ཆུང་གི་མདུན་ཕྱོགས་སུ་རྒྱ་མཚོའི་ངོས་འབུར་གྱིས་ཐོན། དེ་ནས་ཉ་དེ་ ཕྱིར་ཐོན། ཁོ་རྫོགས་རྒྱུ་མེད་པར་ཕྱི་རོལ་ཏུ་ཐོན། ཆུ་རྣམས་ཁོའ་ི ཕྱོགས་ གཡས་གཡོན་ནས་བཞུར། ཉི་འོད་འོག་ཁོ་འོད་མདངས་ཆེ། ཁོའ་ི མགོ་དང་ རྒྱབ་དེ་སྨུག་ཅིང་ནག་ལ། ཉི་འོད་འོག་ཁོའ་ི གཞོགས་གཉིས་སུ་ཡོད་པའི་ ཁྲ་ཐིག་རིང་མོ་རྣམས་ལ་མུ་མེན་གྱི་མདོག་ལྡན་ཅིང་། ཁོའ་ི སྣ་དེ་དབྱུག་ པའི་སྤོ་ལོའ་ི དབྱུག་པ་བཞིན་རིང་ལ་རལ་གྲི་བཞིན་རྣོ། ཆུའི་ནང་ནས་ ཁོའ་ི གཟུགས་ཚད་ཡོངས་སུ་རྫོགས་པར་ལངས་ཏེ། ཆུ་འཛུལ་རྐྱལ་རྒྱག་ མཁན་ཞི ག ་དང་མཚུངས་པར་འཇམ་ཞི ག ་གེ ར ་ཆུའི ་ ནང་ཡང་བསྐྱར་ འཛུལ། རྒད་པོས་ཉ་ཡི་ཟོར་དབྱིབས་ཅན་གྱི་མཇུག་མ་ཆེན་པོ་ཆུའི་འོག་ ལ་ཕྱིན་པ་དེ་མཐོང་། ཉ་ཐག་དེ་ཡང་བསྐྱར་ཤོར་མགོ་བཙུགས།

“ཁོ་གྲུ་ཆུང་འདི་ལས་ཁྲུ་གཉིས་ཀྱིས་རིང་བ་འདུག” རྒད་པོ་ འདིས་བཤད། ཉ་ཐག་དེ་མགྱོགས་པོར་འགྲོ་གི་ཡོད་མོད། ཡིན་ནའང་ བརྟན་པོར་འགྲོ་གི་འདུག ཉ་ལ་སྐྲག་སྣང་མི་འདུག རྒད་པོས་ལག་པ་ གཉིས་ཀྱིས་ཉ་ཐག་མི་ཆད་ཙམ་དུ་འཛིན་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག ཤུགས་ཚད་རན་པ་ཞིག་གིས་ཉ་དལ་དུ་གཏོང་མ་ཐུབ་ན་ཉ་ཡིས་ཐག་པ་ ཡོད་ཚད་འཁྱེར་ཏེ་གཅོད་སྲིད་པ་འདི་རྒད་པོས་ཤེས་ཀྱི་ཡོད། ཁོ་ཉ་རླབས་ཆེན་ཞིག་རེད། ངས་ཁོ་ངེས་པར་དུ་འགུག་དགོས། ཁོས་བསམས། ངས་ཁོ་ལ་ཁོའ་ི སྟོབས་ཤུགས་ཤེས་སུ་འཇུག་གི་མིན་ལ། ཁོ་


རྒད་པོ་དང་རྒྱ་མཚོ།

61

རྒྱུགས་པ་ཡིན་ན་ཁོས་ཅི་ཞིག་བྱེད་ཐུབ་པ་དེ་ཡང་ཤེས་སུ་འཇུག་གི་མིན། གལ་སྲིད་ང་ཉ་ཡིན་པ་ཡིན་ན། ངས་ཡོད་ཚད་སྤྱད་ནས་ཅ་ལག་ཅིག་མ་ ཆག་གི་བར་དུ་འགྲོ་གི་ཡིན། ཡིན་ན་ཡང་། དཀོན་མཆོག་མཁྱེན། ཁོང་ཚོ་ ནི་ང་ཚོ་ལས་ཡ་རབས་པ་དང་སྟོབས་འཛོམས་པ་ཞིག་ཡིན་ན་ཡང་། ཁོ་ ཚོ་ནི་ཁོང་ཚོ་གསོད་མཁན་གྱི་ང་ཚོ་བཞིན་སྤྱང་གྲུང་ལྡན་པ་ཞིག་མ་རེད། རྒད་པོ་འདིས་ཉ་སྟོབས་ཆེན་མང་པོ་མཐོང་མྱོང་། ཁོས་ལྗིད་ཚད་ རྒྱ་མ་སྟོང་ཕྲག་བརྒལ་བའི་ཉ་དེ་འདྲ་མང་པོ་མཐོང་མྱོང་། ཁོའ་ི མི་ཚེའི་ ནང་ཆེ་ཆུང་འདི་འདྲ་ཅན་གྱི་ཉ་གཉིས་བཟུང་མྱོང་། ཡིན་ན་ཡང་ཁེར་ རྐྱང་གཏན་ནས་མིན། ད་ནི་ཁེར་རྐྱང་ཡིན་ལ། ས་གཞི་མཐོང་ས་ལ་མེད་ ཅིང་། ད་བར་མཐོང་མྱོང་མེད་པའི་ཉ་ཆེ་ཤོས་ཤིག་ལ་ཁོ་རང་བཀྱིགས་ནས་ ཡོད། ཁོ་རང་གིས་ཐོས་མྱོང་ཡོད་པ་དག་ལས་ཀྱང་ཆེ་བ་རེད། ཁོའ་ི ལག་པ་ གཡོན་མ་དེ་ད་དུང་གླག་གི་སྡེར་མོ་བགྲད་པ་བཞིན་དམ་པོར་འདུག ག་ལེར་དེ་མ་རེངས་པར་ཆགས་ཀྱི་རེད། ཁོས་བསམས། ཏན་ཏན་ ངའི་ལག་པ་གཡས་པ་ལ་རོགས་རམ་བྱེད་ཆེད་དེ་མ་རེངས་པ་ཆགས་ཀྱི་ རེད། ཅ་ལག་གསུམ་གྱིས་ང་ལ་གསུན་གཙེར་བྱེད་ཀྱི་འདུག་ལ། དེ་ནི་ཉ་ དང་ངའི་ལག་པ་གཉིས་བཅས་རེད། དེ་ཏན་ཏན་མ་རེངས་པ་ཆགས་ཀྱི་ རེད། རེངས་ནས་སྡོད་པ་ལ་རིན་ཐང་ཡོད་པ་མ་རེད། ཉ་ཡང་བསྐྱར་དལ་ བོ་བྱས་སོང་ལ། ཁོའ་ི རྒྱུན་ལྡན་གྱི་འགྲོས་ལ་འགྲོ་བཞིན་འདུག ཁོ་ཅི་ཞིག་ལ་མཆོངས་པ་ཡིན་ནམ། རྒད་པོས་བསམས། ཕལ་ ཆེར་ཁོ་ཅི་ཙམ་གྱིས་ཆེ་བ་དེ་ང་ལ་སྟོན་ཆེད་མཆོངས་པ་འདྲ། གང་ཡིན་ ཡང་ད་ནི་ངས་ཤེས། ཁོས་བསམས། ངས་ཁོ་ལ་ང་མི་ཅི་འདྲ་ཞིག་ཡིན་པ་ དེ་སྟོན་ཐུབ་པ་ཡིན་ན། ཡིན་ནའང་། དེ་ནས་ཁོས་ངའི་ལག་པ་རེངས་པ་ དེ་མཐོང་གི་རེད། ང་ནི་ང་རང་རང་ལས་ལྷག་པའི་ཕོ་ཁྱོ་ག་ཞིག་ཡིན་པ་


62 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོ་ལ་བསམ་དུ་འཇུག ང་དེ་ལྟར་ཆགས་ཀྱི་རེད། ང་ཉ་དེ་ཡིན་ན་བསམས་ ཀྱི་འདུག ཁོ་ལ་རྒོལ་མཁན་གྱི་ཆ་ཧྲིལ་པོ་ནི་ངའི་ཆོད་སེམས་དེ་དང་ངའི་ སྤྱང་གྲུང་ཙམ་ཞིག་རེད། ཁོ་ཤིང་ལ་སྙེས་ནས་བདེ་བོར་བསྡད་ཅིང་། ན་ཟུག་ཡོང་རིམ་ བཞིན་སྒོམ། ཉ་དེ་མུ་མཐུད་ནས་རྐྱལ་ལ་གྲུ་ཆུང་ཡང་ཆུ་གཏིང་ནག་ནང་ ག་ལེར་འགྲོ་བཞིན་འདུག ཤར་ཕྱོགས་ནས་རླུང་ལྡང་བ་དང་མཉམ་དུ་རྦ་ རླབས་ཁ་ཤས་གཡོ་ལ། ཉིན་གུང་གི་སྐབས་རྒད་པོའ་ི ལག་པ་གཡོན་མ་ རེངས་པ་ལས་གྲོལ། “ཉ། ཁྱེད་རང་ལ་གསར་འགྱུར་ངན་པ་ཞིག་འདུག” ཁོས་བཤད་ ཅིང་། ཕྲག་པར་བཀབ་པའི་སྒྱེ་སྣོད་ཀྱི་སྟེང་ནས་ཉ་ཐག་བརྗེས། ཁོ་བདེ་བོར་ཡོད་ནའང་ན་ཟུག་ཆེ། ཡིན་ནའང་ཁོས་ན་ཟུག་ལ་ སྣང་མེད་བྱས།

“ང་ཆོས་པ་མིན།” ཁོས་བཤད། “ཡིན་ནའང་། ཉ་འདི་འཛིན་ དགོ ས ་པའི ་ རྒྱུ་མཚན་གྱི ས ་ངས་ཡབ་ཆེ ན ་བཅུ་དང་ཡུམ་ཆེ ན ་བཅུ་ཡི ་ སྨོན་ལམ་འདོན། ངས་ཁོ་བཟུང་བ་ཡིན་ན། ཁོབ་རེ་ཡུལ་གྱི་ཝར་ཇིན་ལ་ གནས་སྐོར་བྱེད་པའི་ཁས་ལེན་བྱེད། དེ་ནི་ཁས་ལེན་ཡིན།” ཁོ ས ་རང་ཤུགས་ཀྱི ས ་སྨོ ན ་ལམ་རྣམས་འདོ ན ་མགོ ་ བཙུགས། མཚམས་མཚམས་ལ་ཁོ་ཐང་ཆད་ཐག་ཆོད་ནས་སྨོན་ལམ་ཡང་དྲན་ཐུབ་ ཀྱི་མི་འདུག དེ་ནས་ཁོས་སྨོན་ལམ་རྣམས་མགྱོགས་པོར་འདོན་ལ། དེས་ དེ་ཚོ་ཡང་རང་ཤུགས་ཀྱིས་ཁ་ལ་ཡོང་། ཡུམ་ཆེན་གྱི་སྨོན་ལམ་དེ་ཡབ་ ཆེན་གྱི་སྨོན་ལམ་ལས་ལས་སླ་བ་འདུག ཁོས་བསམས།


རྒད་པོ་དང་རྒྱ་མཚོ།

63

“དཀོན་མཆོག་གི་དགེ་བས་ཁེངས་པའི་ཡུམ་ཆེན་ཁྱོད།

བུད་མེད་གྲས་ནས་བྱིན་རླབས་རི་མོར་ཕབ།

དཀོན་མཆོག་གི་ཡུམ་ཆེན་མེ་རེ་ལགས།

ཡི་ཤུ་མངལ་དུ་འཁོར་བའི་བྱིན་རླབས་འཛིན། ད་ལྟ་དང་ང་ཚོའི་འཆི་དུས་ལ།

སྡིག་ཅན་ང་ཚོའི་ཆེད་སྨོན་ལམ་ཐོབས།” དེ་ནས་ཁོས་བསྣན་ཏེ།

“བྱིན་གྱིས་བརླབས་པའི་པད་མ་ཅན།

ཁོ་ནི་ཡ་མཚན་ཅན་ཞིག་ཡིན་ནའང་།

ཉ་ཡི་འཆི་བའི་སླད་དུ་སྨོན་ལམ་ཐོབས།”

ཁོས་སྨོན་ལམ་བཏོན་ཟིན་པ་དང་སེམས་ཇེ་སྐྱིད་ལ་སོང་མོད། ན་ཟུག་ཆེ་ཆུང་རང་འཇགས་ཡིན་ཁར། གཅིག་བྱས་ན་ཅུང་ཟད་ཆེ་རུ་ སོང་འདུག ཁོ་གྲུའི་མདུན་གྱི་ཤིང་ལ་སྙེས་ཞིང་ངམ་ངམ་ཤུགས་ཀྱིས་ཁོའ་ི ལག་པ་གཡོན་མའི་མཛུབ་མོ་ཡིས་ལས་ཀ་བྱེད་མགོ་བཙུགས།

ད་ནི་ཉི་མ་ཤིན་ཏུ་ཚ་ན་ཡང་རླུང་ག་ལེར་ལྡང་གིན་འདུག

“ངས་གྲུ་རྒྱབ་ནས་ཉ་ཐག་ཐུང་བ་ཞིག་ལ་ཡང་བསྐྱར་ཁ་འབྲིད་ སྦྱར་ན་ཡག་གི་རེད།” ཁོས་བཤད། “གལ་སྲིད་ཉ་ཡིས་ཡང་བསྐྱར་མཚན་


64 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མོ་གཅིག་ལ་སྡོད་རྒྱུའི་ཐག་གཅོད་བྱས་ན། ང་ལ་ཟ་རྒྱུ་དགོས་ལ། ཤེལ་ དམ་ནང་ཆུ་ཉུང་ཉུང་གཅིག་ལས་མི་འདུག འདི་ནས་ང་ལ་ཌོལ་ཕིན་མ་ གཏོགས་གཞན་ཅི་ཡང་རག་གི་རེད་མི་བསམས་མོད། གལ་སྲིད་ངས་ཌོལ་ ཕིན་སོས་པ་ལ་ཟས་པ་ཡིན་ན་དེ་ཡང་སྡུག་ག་མ་རེད། དོ་ནུབ་འཕུར་ཉ་ ཞིག་གྲུ་ལ་ཡོང་ན་བསམས་ཀྱི་འདུག ཡིན་ན་ཡང་དེ་ཚོ་འགུག་རྒྱུའི་ཆེད་ང་ ལ་གློག་མེད། འཕུར་ཉ་རྣམས་རྗེན་པར་ཟོས་ན་ཤིན་ཏུ་ཡག་པོ་ཡོད། ངས་དེ་ གཏུབས་ཀྱང་མི་དགོས། ད་ངས་རང་གི་སྟོབས་ཤུགས་དེ་ངེས་པར་ཉར་བྱེད་ དགོས། དཀོན་མཆོག་མཁྱེན། ངས་ཁོ་དེ་ཙམ་ཆེ་བ་དེ་ཤེས་མ་སོང་།”

“ཡིན་ནའང་ངས་ཁོ་གསོད་ཀྱི་ཡིན།” ཁོས་བཤད། “ཁོའ་ི ཁྱད་ པར་དུ་འཕགས་པ་ཡོད་ཚད་དང་གཟི་བརྗིད་ཀྱི་ཁྲོད་ནས།” ཡིན་ནའང་དེ་ནི་དྲང་བདེན་ཞིག་མ་རེད། ཁོས་བསམས། ཡིན་ ན་ཡང་ངས་ཁོ་ལ་ཕོ་ཁྱོ་ག་ཞིག་གིས་ཅི་ཞིག་བྱེད་ཐུབ་པ་དང་ཕོ་ཁྱོ་ག་ ཞིག་གིས་ཅི་ཙམ་དཀའ་ཐུབ་སྤྱོད་པ་དེ་སྟོན་གྱི་ཡིན།

“ངས་བུ་ཆུང་ལ་ང་ནི་རྒད་པོ་ཁྱད་མཚར་ཞིག་ཡིན་ཞེས་ལབ་པ་ ཡིན།” ཁོས་བཤད། “ད་ནི་ངས་དེ་ཁུངས་སྐྱེལ་བྱེད་པའི་དུས་ཚོད་རེད།” ཐེ ང ས་མ་སྟོ ང ་ཕྲག་མང་པོ ར ་ཁོས་དེ ་ལྟར་ཁུངས་བསྐྱལ་བྱས་ པ་དེ་ཅི་ལའང་མི་བརྩི། ད་ཡང་བསྐྱར་ཁོས་ཁུངས་བསྐྱལ་བྱེད་ཀྱི་འདུག ཐེངས་རེ་རེ་ལ་དུས་ཚོད་གསར་པ་རེད། ཁོས་ད་ལྟའི་ལས་ཀ་བྱེད་བཞིན་ པའི་སྐབས་སུ་ སྔོན་མའི་སྐོར་ལ་བསམ་བློ་བཏང་མ་མྱོང་། ངའི་འདོད་པ་ལ་ཁོ་ཉལ་བ་ཡིན་ན། ང་ཡང་ཉལ་ཐུབ་ཀྱི་རེད་ ལ་སེང་གེའི་སྐོར་ལ་རྨི་ལམ་གཏོང་ཐུབ་ཀྱི་རེད། ཁོས་བསམས། རྒྱུ་མཚན་


རྒད་པོ་དང་རྒྱ་མཚོ།

65

ཅིའི་ཕྱིར་སེང་གེ་རྣམས་དོན་ལྷག་མ་རྣམས་ཀྱི་ཁྲོད་ནས་གཙོ་བོ་དེ་རེད། རྒད་པོ། བསམ་བློ་མ་གཏོང་། ཁོས་རང་ལ་ཁེར་བཤད་བྱས། གཟབ་ནན་ངང་ ཤིང་ལ་སྙེས་ནས་ངལ་གསོ་རྒྱོབས། གང་ལ་ཡང་བསམ་བློ་མ་གཏོང་། ཉ་ཁོས་ ལས་ཀ་བྱེད་ཀྱི་འདུག ཁྱེད་ཀྱིས་གང་ཐུབ་ཐུབ་ཀྱིས་ལས་ཀ་གང་ཆུང་ཆུང་ རེ་བྱོས།

ད་ནི་ཕྱི་དྲོ་སླེབས་བཞིན་འདུག ད་དུང་གྲུ་ཆུང་ཡང་དལ་བོ་ དང་བརྟན་པོའ་ི ངང་འགྲོ་གི་འདུག ཡིན་ནའང་ད་ཆ་ཤར་རླུང་ལ་བརྟེན་ ནས་འཐེན་ཤུགས་འཕར་མ་ཞིག་སླེབས་ཤིང་། རྒད་པོ་གཟབ་གཟབ་ངང་ མཚོ་རླབས་ལ་ཞོན་ཅིང་། ཉ་ཐག་གི་ན་ཟུག་དེ་ཁོའ་ི རྒྱབ་ཡས་མས་སུ་ལས་ སླ་བོ་དང་འཇམ་འཇམ་གྱིས་སླེབས། ཕྱི་དྲོའ་ི སྐབས་སུ་ཐེངས་གཅིག་ལ་ཉ་ཐག་དེ་ཡང་བསྐྱར་ཡར་ འགྱོགས་མགོ་བརྩམས། ཡིན་ནའང་ཉ་དེ་མུ་མཐུད་ནས་ཅུང་ཟད་མཐོ་ བོར་བྱས་ཏེ་རྐྱལ། ཉི་འོད་དེ་རྒད་པོའ་ི ལག་པ་གཡོན་མ་དང་ཕྲག་པ། རྒྱབ་ བཅས་ཀྱི་སྟེང་ལ་འདུག དེའི་སྟབས་ཀྱིས་ཉ་དེ་བྱང་ཤར་ལ་ཁ་བསྒྱུར་བ་ ཁོས་ཤེས། ད་ནི་ཁོས་ཐེངས་གཅིག་ལ་ཁོ་མཐོང་མྱོང་ཞིང་། ཆུའི་ནང་དུ་མུ་ མེན་མདོག་གི་ཉ་གཤོག་དེ་དག་གཤོག་པ་བཞིན་བཀྲལ་ནས་རྐྱལ་བཞིན་ པ་དང་། ཤིན་ཏུ་འགྲེངས་པའི་མཇུག་མས་ནག་ཁུང་གཤགས་ནས་འགྲོ་ བཞིན་པའི་རི་མོ་ཡིད་ལ་ཤར་ཐུབ། ཁོས་གཏིང་རིང་པོ་དེ་ན་ཅི་ཙམ་ཞིག་ མཐོང་གིན་ཡོད་དམ། རྒད་པོས་བསམས། ཁོའ་ི མིག་ཤིན་ཏུ་ཆེ། རྟ་ལ་མིག་ དེ་ལས་ཆེས་ཆུང་བ་ཞིག་ཡོད་མོད་ནག་ཁུང་ནང་མཐོང་ཐུབ། ཐེངས་ གཅིག་ངས་ཀྱང་ནག་ཁུང་ནང་ཅུང་ལེགས་པོ་ཞིག་མཐོང་ཐུབ། ནག་ཁུང་ ནག་རྐྱང་མ་རེད། ཡིན་ནའང་ཧ་ལམ་ཞི་མི་གཅིག་གིས་མཐོང་བ་ཙམ་


66 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཞིག་ངས་ཀྱང་མཐོང་ཐུབ།

ཉི་མ་དང་ཁོའ་ི མཛུབ་མོ་མུ་མཐུད་ནས་འགུལ་བསྐྱོད་བྱས་པ་ དེས་ཁོའ་ི ལག་པ་གཡོན་མ་དེ་སངས་དྲགས་སུ་གྱུར། ཁོས་དེ་ལ་ལས་ ཤུགས་ཆེ་བ་སྤྲོད་པའི་མགོ་བཙུགས། ཉ་ཐག་གི་ན་ཟུག་དེ་ཏོག་ཙམ་ གཡོལ་ཆེད་ཁོས་རང་གི་རྒྱབ་ཀྱི་རྩ་རྒྱུས་རྣམས་སྤྲུགས་སྤྲུགས་བྱས། “ཨེ་ཉ། ཁྱེད་ཐང་ཆད་མེད་པ་ཡིན་ན།” རྒད་པོས་སྐད་གཟེངས་ མཐོན་པོས་བཤད། “ཁྱེད་ཏན་ཏན་ཆེས་ཁྱད་མཚར་ཞིག་རེད།” ད་ནི་ཁོ་ཤིན་ཏུ་ཐང་ཆད་ཡོད་ཅིང་། ཁོས་མཚན་མོ་ཡང་གང་མྱུར་ ཡོང་གི་ཡོད་པ་ཤེས། ཁོས་གནད་དོན་གཞན་གྱི་སྐོར་ལ་བསམ་བློ་གཏོང་བའི་ ཐབས་ཤེས་བྱས། ཁོས་རྩེད་མོའ ི་མཐུན་ཚོགས་ཀྱི་སྐོར་བསམས་ཤིང་། ཁོ་ལ་དེ་ ཚོ་ནི་གྷི་རན་ལི་གཱ་ས་རེད། ནིའུ་ཡོག་གི་ཡན་ཀེ་རུ་ཁག་དེ་ཌི་ཊི་རོའེ་ཊི་ཡི་ཊེ་ གཱར་རུ་ཁག་དང་མཉམ་རྩེ་གིན་ཡོད་པ་ཁོས་ཤེས།

འདི་ནི་ངས་ཝེ་གོ་སི་༼དབྱུག་པའི་སྤོ་ལོ་ སེ་པེན་གྱི་སྐད༽ ཡི་ མཇུག་འབྲས་མ་ཤེས་པའི་ཉི་མ་གཉིས་པ་དེ་རེད། ཁོས་བསམས། ང་ལ་ ཏན་ཏན་གདེང་ཚོད་ཡོད་ན་ཡག་གི་རེད། ང་མཁས་ཤོས་ཌི་མཱ་ཇའོ་ཡི་ རིན་ཐང་ཡོད་པ་ཞིག་ཏན་ཏན་བྱེད་ལ། ཐ་ན་ཁོའ་ི རྟིང་པའི་རུས་པ་ལ་ ན་ཟུག་ཡོ ད ་ནའང་ཁོས་ཡོད་ཚད་གྲ་ལེགས་པོ་ཞིག་གི་ཐོག་ནས་བྱེད། རྟིང་རུས་ན་ཟེར་བ་འདི་ག་རེ་ཡིན་ནམ། ཁོས་ཁོ་ལ་དྲིས། ཨུན་ ཨེ་སེ་པུ་ ལ་ དི་ ཧུསོ། ང་ཚོ་ལ་དེ་མེད། བྱ་ཕོ་ཡི་སྡེར་འཛིང་བྱེད་པའི་སྐབས་སུ་ན་ ཟུག་ཡོད་པ་བཞིན་ཕྱི་རྟིང་ན་བ་ཞིག་ཡིན་ནམ། ངས་དེ་ལ་བཟོད་སྒོམ་ བྱེད་ཐུབ་ཀྱི་མ་རེད་བསམས་ཀྱི་འདུག བྱ་ཕོ་ཚོ་ནང་བཞིན་མིག་འབྲས་ ཤོར་པ་དང་མིག་འབྲས་གཉིས་ཀ་ཤོར་ནའང་མུ་མཐུད་ནས་འཛིང་པ་དེ་


རྒད་པོ་དང་རྒྱ་མཚོ།

67

ཚོ་བཟོད་སྒོམ་བྱེད་ཐུབ་ཀྱི་མ་རེད། ཕོ་ཁྱོ་ག་རྣམས་རླབས་ཆེན་གྱི་བྱ་དང་ གཅན་གཟན་རྣམས་ཀྱི་ཕྱོགས་ལ་དེ་ཙམ་ཡོད་པ་མ་རེད། ཡིན་ན་ཡང་ང་ད་ དུང་མ་གིའི་མཚོ་ནག་པོའ ི་ནང་ཡོད་པའི་གཅན་གཟན་དེ་ཡིན་ན་འདོད།

“ཉ་ཤྲག་ཡོང་ན་མ་གཏོགས།” ཁོས་སྐད་ཆེན་པོས་བཤད། “གལ་ སྲིད་ཉ་ཤྲག་ཡོང་ན། དཀོན་མཆོག་གིས་ང་དང་ཁོ་ལ་ཐུགས་རྗེས་གཟིགས།”

ཁྱེད་རང་ལ་ང་ཉ་འདིའི་མཉམ་དུ་སྡོད་པའི་ཡུན་ཚད་ཇི་བཞིན་ མཁས་ཤོས་ཌི་མཱ་ཇའོ་ཡང་ཉ་གཅིག་གི་མཉམ་སྡོད་པའི་ཡིད་ཆེས་ཡོད་ དམ། ཁོས་བསམས། ཁོ་ལོ་ན་ཆུང་ཞིང་སྟོབས་ཆེན་ཡིན་སྟབས་ཏན་ཏན་ ཁོ་སྡོད་ཀྱི་རེད་ལ་ཡུན་རིང་ང་ཞིག་ལ་སྡོད་ཀྱི་རེད་བསམས། ད་དུང་ཁོའ་ི ཕ་ཡང་ཉ་པ་ཞིག་རེད། ཡིན་ན་ཡང་རྟིང་རུས་དེས་ཁོ་ལ་ན་ཟུག་ཆེན་པོ་ གཏོང་གི་ཡོད་དམ། “ངས་ཤེས་ཀྱི་མེད།” ཁོས་སྐད་ཆེན་པོས་བཤད། “ང་ལ་རྟིང་རུས་ ན་ཚ་གཏན་ནས་བྱུང་མ་མྱོང་།”

ཉི་མ་ནུབ་རིམ་བཞིན་ཁོས་ཁོ་ལ་གདེང་ཚོད་མང་བ་ཡོང་ཆེད་ ཁོས་འདི་དག་དྲན། དུས་ཚོད་ཅིག་ལ་ཁཱ་སཱ་བ་ལན་ཁ་ཞེས་པའི་ཆང་ཁང་ ཞིག་ཏུ། མཚོ་ཁ་དེ་རུ་སྟོབས་ཆེ་ཤོས་ཡིན་ཞིང་། སཱིན་ཕུའི་གོ་སི་ཞེས་པ་ ནས་ཡིན་པའི་མི་ནག་སྟོབས་ཆེན་ཞིག་ཡོད་པ་དང་མཉམ་དུ་ལག་ཤུགས་ འགྲན་པའི་རྩེད་མོ་རྩེ་དགོས་བྱུང་ལ། ས་སྨྱུག་གིས་ཐིག་འཐེན་པའི་ཅོག་ ཙེ ་ གཅི ག ་གི ་ སྟེ ང ་དུ་ཁོ ང ་གཉི ས ་ཀྱི ་ དཔུང་བ་བཙུགས་ནས་ལག་ངར་ གཉིས་ཐད་ཀར་ཡར་བསླངས། ལག་པ་གཉིས་ཀྱིས་དམ་པོར་བསྡམས་ ཏེ་ཉིན་གཅིག་དང་མཚན་གཅིག་སོང་། གཅིག་གིས་གཅིག་གི་ལག་པ་ དེ་ཅོག་ཙེའི་ཐོག་གནོན་པའི་རྩོལ་བ་བྱེད། ས་སྣུམ་གྱི་ཞུན་མའི་འོད་ཀྱི་


68 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

འོག་ཏུ་མི་མང་པོ་ནང་ལ་ཡོང་ཞིང་ཕྱིར་ཐོན་ལ། རྒྱན་འཇོག་བྱེད་མཁན་ཤིན་ ཏུ་མང་། ཁོས་མི་ནག་དེའི་གདོང་དང་། དེ་བཞིན་ལག་པ་དང་དཔུང་བ་ལ་ བལྟས། ཐོག་མའི་ཆུ་ཚོད་བརྒྱད་ཀྱི་རྗེས་སུ་ཁོང་ཚོས་ཆུ་ཚོད་བཞི་བཞིའི་ མཚམས་ནས་དཔང་པོ་བརྗེས་ཤིང་། དེ་ནི་དཔང་པོ་རྣམས་གཉིད་ཁུག་ཐུབ་ པའི་ཆེད་རེད། མི་ནག་དང་ཁོ་གཉིས་ཀའི་མཛུབ་མོའ ི་སེན་མོའ ི་འོག་ནས་ ཁྲག་འཛགས་ལ། ཁོང་གཉིས་ཀྱིས་ཕན་ཚུན་གྱི་མིག་དང་ལག་པ། དཔུང་པ་ ལ་བལྟས་ཤིང་། རྒྱན་འཇོག་མཁན་རྣམས་ཁང་པའི་ཕྱིར་ཐོན་ཞིང་ཡང་ནང་ ལ་ཡོང་། རྩིག་པའི་འཁྲིས་ཀྱི་རྐུབ་སྟེགས་མཐོན་པོར་བསྡད་ནས་བལྟས། རྩིག་ པ་རྣམས་ཤིང་གིས་བཟོས་ཤིང་ཚོན་སྔོ་སྐྱ་ཞིག་བཏང་འདུག ཞུན་མའི་འོད་ ཀྱིས་ཁོང་གཉིས་ཀྱི་གྲིབ་ནག་དེ་རྩིག་པའི་ངོས་ལ་འཕངས། མི་ནག་དེའི་གྲིབ་ ནག་དེ་ཤིན་ཏུ་ཆེ་ལ། རླུང་གིས་ཞུན་མ་སྒུལ་རིམ་བཞིན་གྲིབ་ནག་དེ་རྩིག་ ངོས་ལས་འགུལ།

ཐོབ་ཤར ོ ་གྱི་རླུང་རྟ་དེ་མཚན་གང་བོར་ཕར་ཚུར་གྱི་ཕྱོགས་གཉིས་ ཀར་བརྗེས་ལ། ཁོང་ཚོས་མི་ནག་ལ་ཨ་རག་རཱམ་དང་ཐ་མག་ལ་མེ་སྦར་ནས་ སྟེར་ཞིང་། ཨ་རག་འཐུང་རྗེས་མི་ནག་དེས་ཤུགས་ཡོད་ཚད་ཀྱིས་ཐབས་ཤེས་ ཤིག་བྱེད། ཐེངས་གཅིག་ཁོས་རྒད་པོ་དེ་སོར་གསུམ་ཙམ་ཞིག་གསེག་ཐུབ་ པར་གྱུར། དེ་དུས་ཁོང་རྒད་པོ་མིན་ལ། ཁོང་ སན་ཊི་ཡ་གོ་ ཨེལ་ ཁེམ་པེ་ འོན་རེད། ཡང་བསྐྱར་རྒད་པོས་ཀྱང་ཁོའ ི་ལག་པ་དེ་ཡར་བཀྱགས་ནས་ཆ་ སྙོམ་པོར་བཟོས། དེ་ནས་ཁོས་མི་ནག་འདི་ཐུབ་ཐུབ་པ་ཤེས། མི་ནག་དེ་ཡང་ ཕོ་ཁྱོ་ག་བདེ་མོ་ཞིག་རེད་ལ། རྩལ་དང་ལྡན་པ་ཞིག་རེད། ཉི་མ་ཤར་བ་དང་ རྒྱན་འཇོག་མཁན་ཚོས་རྩེད་མོ་མཚམས་འཇོག་པའི་སྐད་ཅོར་བྱེད་ལ། དཔང་ པོས་ཁོའ ི་མགོ་བོ་གཡུགས་ཀྱི་འདུག ཁོས་རང་གི་སྟོབས་ཤུགས་ཡོད་ཚད་ བཏོན། མི་ནག་གི་ལག་པ་ཤིང་ལེབ་སྟེང་དུ་མ་མནན་བར་དུ་ཐུར་ནས་ཐུར་ དུ་བཙན་གྱིས་མནན། རྩེད་མོའ ི་འགྲན་བསྡུར་འདི་གཟའ་ཉི་མའི་ཞོགས་ཀར་


རྒད་པོ་དང་རྒྱ་མཚོ།

69

མགོ་ཚུགས་ཤིང་། གཟའ་ཟླ་བའི་ཞོགས་ཀར་མཇུག་སྒྲིལ། རྒྱན་འཇོག་པ་མང་ པོས་རྩེ་མཚམས་འཇོག་དགོས་པའི་སྐད་ཅོར་བྱེད་དོན་ནི། ཁོང་ཚོས་གྲུ་ཁ་ལ་ བྱེ་མ་ཀ་རའི་སྒྱེ་བསྐྱལ་དགོས་པའམ། ཡང་ན་ཧ་ཝ་ནཱ་རྡོ་སོལ་བཟོ་གྲྭ་ལ་ལས་ ཀ་བྱེད་དུ་འགྲོ་དགོས་པ་རེད། དེ་མིན་ཕྱིན་མི་ཚང་མས་རྩེད་མོ་འདིའི་མཇུག་ མཐའ་བར་དུ་སོང་ན་འདོད། ཡིན་ན་ཡང་ཁོས་གང་ལྟར་ཡང་ཚར་བ་བྱས་པ་ རེད་ལ། དེ་ཡང་མི་ཚང་མའི་ལས་ཀའི་དུས་ཚོད་ཀྱི་སྔོན་ལ་རེད།

འདིའི་རྗེས་ནས་དུས་ཚོད་རིང་པོ་ཞིག་ལ་མི་ཚང་མས་ཁོ་ལ་སྟོབས་ ཆེན་ཨང་དང་པོ་ཞེས་བོས། དཔྱིད་ཀའི་སྐབས་སུ་ཡང་རྩེད་འགྲན་བསྐྱར་མ་ ཞིག་ཡོད་མོད་སྒོར་མོའ ི་རྒྱན་འཇོག་དེ་ཙམ་མེད་ཅིང་། རྩེད་འགྲན་དང་པོའ ི་ སྐབས་སུ་ཁོས་སཱིན་ཕུའི་གོས་ཞེས་པ་ནས་ཡིན་པའི་མི་ནག་དེའི་སྤོབས་པ་ བཅོམ་པའི་རྐྱེན་གྱིས། ཁོ་ཅུང་ལས་སླ་བོའ ི་ངང་ཐོབ་པ་རེད། དེའི་རྗེས་ལ་ ཁོས་རྩེད་མོ་ཐེངས་ཁ་ཤས་རྩེས་ཤིང་། དེ་ནས་མ་རྩེས་པ་རེད། ཁོས་རང་ཉིད་ ཀྱིས་ཤིན་ཏུ་འདོད་ན་མི་སུ་ཡིན་ཡང་ཕམ་དུ་འཇུག་ཐུབ་པར་ཐག་གཅོད་ བྱས་ཤིང་། དེས་ཉ་ལས་བྱེད་པ་ལ་རང་གི་ལག་པ་གཡས་མ་ལ་གནོད་པ་ཐག་ གཅོད་བྱས་པ་རེད། ཁོས་ཚོད་ལྟའི་རྩེད་འགྲན་ཁ་ཤས་རང་གི་ལག་པ་གཡོན་ མས་རྩེས་མོད། ཁོའ ི་ལག་པ་གཡོན་མ་དེ་ནམ་ཡིན་ཡང་བསླུ་བྲིད་མཁན་ ཞིག་རེད་ལ། ཁོས་ལག་པ་ལ་བྱེད་དུ་རེ་བ་རྣམས་དེས་མི་བྱེད་ཅིང་། ཁོས་ཀྱང་ དེ་ལ་ཡིད་ཆེས་མ་བྱས་པ་རེད། ད་ཉི་མ་ཡིས་དེ་ཡག་པོ་བྱས་ནས་སྲེག་ཡོད་རེད། ཁོས་བསམས། མཚན་མོའ ི་སྐབས་སུ་ཤིན་ཏུ་གྲང་མོ་ཆགས་ན་མ་གཏོགས། རེངས་པ་འདི་ངའི་ ཐོག་ཡོང་དགོས་དོན་མེད། མཚན་མོ་འདིས་ག་རེ་འཁྱེར་ཡོང་གི་ཡོད་དམ།

སྟེང་ནས་གནམ་གྲུ་ཞིག་མཱ་ཡ་མེ་གྲོང་ཁྱེར་གྱི་ཕྱོགས་ལ་འཕུར་


70 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

སོང་། དེའི་གྲིབ་ནག་གིས་འཕུར་ཉའི་ཁྱུ་གཅིག་སྐྲག་སྣང་གིས་འདུ་བར་ བྱེད་པ་ལ་བལྟས།

“འཕུར་ཉ་མང་པོ་ཡོད་ན་དེའི་མཉམ་དུ་ཌོལ་ཕིན་ཡོད་དགོས།” ཁོས་བཤད། ཁོས་རང་གི་ཉ་ཡི་ཐོག་ནས་ཅུང་ཟད་ཅིག་འཐེན་ཐུབ་མིན་ ལ་བལྟ་ཆེད་ཁོ་ཉ་ཐག་ལ་རྒྱབ་ཕྱོགས་ནས་སྙེས། ཡིན་ནའང་ཁོས་བྱེད་མི་ ཐུབ་ལ། ཉ་ཐག་མཁྲེགས་པོར་འདུག་ལ། ཆུ་ཐིགས་རྣམས་འདར་སིག་སིག་ ངང་འགྲོ་བ་དེ་ཐག་པ་མ་ཆད་པའི་སྔོན་ལ་ཡོང་བ་རེད། གྲུ་ཆུང་དེ་ག་ལེར་ མདུན་དུ་ཕྱིན། ཁོས་གནམ་གྲུ་དེ་མི་མཐོང་བར་གྱུར་པའི་བར་དུ་བལྟས། གནམ་གྲུའི་ནང་ཏན་ཏན་ཡ་མཚན་ཞིག་ཡིན་རྒྱུ་རེད། ཁོས་ བསམས། མཐོ་ཚད་དེ་ཙམ་ཞིག་ནས་བལྟས་ན་རྒྱ་མཚོ་འདི་ག་འདྲ་ཞིག་ ཡིན་ནམ། གལ་སྲིད་ཁོ་ཚོ་དེ་ཙམ་གྱི་མཐོ་ས་ཞིག་ནས་མ་འཕུར་བ་ཡིན་ ན་ཁོང་ཚོས་ཉ་འདི་ཡང་མཐོང་ཐུབ་གི་རེད། ང་འདོམ་ཉིས་བརྒྱ་ཙམ་གྱི་ བར་སྣང་ལ་ག་ལེར་འཕུར་ན་འདོད་ཅིང་། སྟེང་ཕྱོགས་ནས་ཉ་འདི་ལ་ བལྟས་ན་འདོད། ང་ཡང་རུས་སྦལ་གྲུ་གཟིངས་ཀྱི་སྟེང་དར་ཤིང་རྩེའི་ཤིང་ བསྣོལ་མ་ལ་བསྡད་པ་ཡིན་ལ། མཐོ་ས་དེ་ཙམ་ཞིག་ནས་ཀྱང་ངས་ཆེས་ མང་བ་ཞིག་མཐོང་། དེ་ནས་བལྟས་ན་ཌོལ་ཕིན་རྣམས་ལྗང་ཁུ་འདྲ་པོ་ ཞིག་མཐོང་ལ། ཁྱེད་ཀྱིས་ཁོང་ཚོའི་ཐིག་ཤར་དང་ཁོང་ཚོའི་མུ་མེན་གྱི་ ཐིག་ལེ་མཐོང་། ཁོང་ཚོ་ཆུ་ལ་རྐྱལ་སྐབས་ཁྱེད་ཀྱིས་ཁོང་ཚོའི་ཁྱུ་ཚང་མ་ མཐོང་ཐུབ། རྒྱ་མཚོའི་གཏིང་ནག་ནང་གི་ཉ་མགྱོགས་ཤོས་ཚང་མ་ལ་ག་ རེ་བྱས་ནས་རྒྱབ་ཀྱི་མདོག་དམར་སྨུག་དང་། ཡང་ན་རྒྱུན་དུ་ཁོང་ཚོར་ དམར་སྨུག་གི་ཐིག་ཤར་དང་དམར་སྨུག་གི་ཐིག་ལེ་ཡོད་པ་རེད། ཌོལ་ ཕིན་རྣམས་དངོས་གནས་གསེར་མདོག་ལྡན་པའི་སྟབས་ཀྱིས་ལྗང་ཁུར་ མཐོང་གི་རེད། ཡིན་ནའང་ཁོ་ཟས་ལ་ཡོང་སྐབས་དངོས་གནས་ལྟོགས་


རྒད་པོ་དང་རྒྱ་མཚོ།

71

ཡོད་ན། ཉ་ཆེན་མཱར་ལིན་བཞིན་ཁོའ་ི གཞོགས་གཉིས་སུ་མུ་མེན་མདོག་ གི་ཐིག་ཤར་སྟོན། དེ་རླུང་ལངས་པ་ཡིན་ནམ། ཡང་ན། ཁོས་རྒྱུགས་ཚད་ ཆེས་མགྱོགས་པོར་བཏང་བས་དེ་ཕྱི་ལ་བཏོན་པ་ཡིན། ས་མ་རུབ་གོང་ཙམ་ལ། ཁོང་ཚོས་མཚོ་རྩྭ་སཱར་གོ་སཱ་ཅན་གྱི་ མཚོ་གླིང་ཞིག་བརྒྱུད་ཅིང་། མཚོ་དྭངས་མོའ་ི ནང་མཚོ་རྩྭ་རྣམས་གཡེངས་ ཤིང་ཡོམ་ཡོམ་བྱེད་ཞོར། ཉལ་གོས་སེར་པོ་ཞིག་གི་འོག་ཏུ་རྒྱ་མཚོ་ཡིས་ དངོས་པོ་ཞིག་དང་མཉམ་དུ་འཁྲིག་པ་སྤྱོད་བཞིན་པ་དང་མཚུངས་ལ། ཁོའ་ི ཉ་ཐག་ཆུང་བ་ཞིག་ཌོལ་ཕིན་གྱིས་བཟུང་། དེ་བར་སྣང་ལ་མཆོངས་ པའི་སྐབས་སུ་ཁོས་ཐོག་མར་མཐོང་ཞིང་། ཉི་འོད་མཐའ་མའི་ནང་དེ་ དངོས་གནས་གསེར་མདོག་ལྡན་ལ། བར་སྣང་ལ་རྒྱ་ཆེ་བའི་ངང་ནས་ལྡེམ་ ལྡེམ་དང་སྒུར་སྒུར་བྱེད་བཞིན་འདུག སྐྲག་སྣང་དང་བསྟུན་ནས་ཤུགས་ ཀྱིས་ཡང་ཡང་མཆོངས་པར་བྱེད། ཁོ་གྲུ་མཇུག་ཏུ་སོང་ནས་སྒུར་སྒུར་བྱེད་ ཅི ང ་ཉ་ཐག་ཆེ ་ བ་དེ ་ རང་གི ་དཔུང་བ་དང་ལག་པ་གཡས་པས་བཟུང་ ཞིང་། ཁོའ་ི ལག་པ་གཡོན་པས་ཌོལ་ཕིན་དེ་འཐེན། ཁོའ་ི རྐང་པ་རྗེན་མ་ དེས་ཐག་པ་འཐེན་རིམ་བཞིན་མནན། ཉ་དེ་གྲུ་མཇུག་ཏུ་སླེབས་མཚམས་ དངངས་འཚབ་ཀྱི་ངང་ནས་གཞོགས་གཅིག་ནས་གཅིག་ཏུ་གཅོད་ཅིང་ དཔྱངས། རྒད་པོ་གྲུའི་སྣེ་མོར་སྙེས་ནས་འཇམ་ཤ་ཆེ་ལ་མུ་མེན་གྱི་ཁྲ་ཐིག་ ཅན་གྱི་གསེར་མདོག་གི་ཉ་དེ་གྲུའི་སྟེང་ལ་དྲངས། དེའི་འགྲམ་སོ་རྣམས་ ཀྱིས་ལྕགས་ཀྱུ་ལ་སོ་མྱུར་མོར་འདེབས་པའི་ལས་འདི་དྲག་པོར་བསྟེན་ལ། དེའི་ལེབ་ལ་རིང་བའི་གཟུགས་པོ་དང་། དེའི་མགོ དེའི་མཇུག་མ་བཅས་ ཀྱིས་གྲུ་ཆུང་གི་མཐིལ་ལ་རྡེག་པ་འདི། ཁོས་གསེར་མདོག་ཆེམས་ཆེམས་ ཀྱི་མགོའ་ི གང་སར་དབྱུག་པས་བསྣུན་ནས། འདར་སིག་ཅིག་བརྒྱབ་ནས་ ལྷོད་ཞིག་གེར་བསྡད་བསྡད་བར་དུ་མཚམས་མ་བཞག


72 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རྒད་པོས་ཉ་དེ་ལས་ལྕགས་ཀྱུ་བཏོན་ནས་ཉ་ཐག་ལ་ཁ་འབྲིད་ཀྱི་ཉ་སཱར་ ཌཱིན་གཞན་ཞིག་བརྒྱུན་ཏེ་གྲུའི་སྟེང་ནས་འཕངས། དེ་ནས་ཁོ་སླར་ཡང་ ག་ལེར་གྲུའི་མདུན་ཕྱོགས་ལ་སྙེག ཁོས་རང་གི་ལག་པ་གཡོན་མ་བཀྲུས་ ཤིང་དེ་རང་གི་རྐང་སྣམ་ཐོག་ཕྱིས། དེ་ནས་ཁོས་ཉ་ཐག་ལྗིད་ཆེ་བ་དེ་རང་ གི་ལག་པ་གཡས་པ་ནས་ལག་པ་གཡོན་མ་ལ་སྤོར་ཞིང་། རང་གི་ལག་པ་ གཡས་པ་རྒྱ་མཚོའི་ནང་བཀྲུ་ཞོར་དུ་ཉི་མ་རྒྱ་མཚོའི་ནང་ཐིམ་པ་དང་ཉ་ ཐག་ཆེ་བ་གསེག་ནས་ཡོད་པ་ལ་བལྟས། “ཁོ་ལ་འགྱུར་བ་གཏན་ནས་སོང་མི་འདུག” ཁོས་བཤད། ཡིན་ ནའང་ཁོའ་ི ལག་པ་ལ་ཕོག་པའི་ཆུའི་འགུལ་ཤུགས་ལ་བལྟས་ན། ཚོར་ཐུབ་ པ་ཞིག་གི་ཚོད་ཀྱིས་དལ་བོར་འགྲོ་བ་ལྟ་བུར་སྣང་།

“ངས་གྲུ་ཁྱེམ་གཉིས་མཉམ་དུ་གྲུ་མཇུག་ལ་བཀྱིགས་གི་ཡིན་ལ། དེས་ཁོ་མཚན་མོར་དལ་དུ་གཏོང་གི་རེད།” ཁོས་བཤད། “ཁོང་མཚན་མོ་ ལ་བཟང་ལ། དེས་ན་ང་ཡང་།” ཤ་གསེང་ལ་ཡོད་པའི་ཁྲག་ལ་གཅེས་ཕྱིར་ངས་ཅུང་ཟད་འགོར་ རྗེས་ཌོལ་ཕིན་གྱི་ནང་ཁྲོལ་བཏོན་ན་ཡག་གི་རེད། ཁོས་བསམས། ངས་དེ་ ཅུང་ཟད་ཅིག་ནས་བྱེད་ཆོག དེ་དང་མཉམ་དུ་གྲུ་ཁྱེམ་གཉིས་བཀྱིགས་ ནས་འདྲུད་དུ་འཇུག ངས་ད་ལྟ་ཉ་འདི་མ་འདྲོགས་པར་འཇོག་དགོས་ལ། ཉི་ནུབ་ཀྱི་མཚམས་འདིར་ཁོང་ལ་བར་ཆད་མང་བོ་མི་བྱེད། ཉི་མ་ནུབ་ པའི་དུས་ཚོད་ནི་ཉ་ཚང་མ་ལ་དཀའ་སྡུག་ཆེ་བའི་དུས་ཤིག་རེད། ཁོ ས ་རང་གི ་ ལག་པ་དེ ་ རླུང་ལ་བསྐམས་ནས་ཉ་ཐག་ལ་སྦར་ བསྡམས་བྱས། ཁོས་གང་ཐུབ་ཐུབ་ཀྱིས་རང་ཉིད་གང་ལྷོད་ལྷོད་ཅིག་ཡོང་ བ་བྱས། ཤིང་ལ་སྙེས་ནས་ཁོ་རང་མདུན་དུ་འཐེན་དགོས་པ་ཞིག་བྱས་


རྒད་པོ་དང་རྒྱ་མཚོ།

ནས། གྲུ་ཆུང་གིས་འཐེན་ཤུགས་ཆེ་བ་ལེན་བཅུག ཞིག་ལེན་བཅུག

73

ཁོ་རང་ལས་མང་བ་

ངས་ཇི་ལྟར་བྱེད་དགོས་མིན་དེ་སློབ་ཀྱི་འདུག ཁོས་བསམས། གང་ལྟར་ཡང་། ཆ་ཤས་འདི་སློབ་ཀྱི་འདུག དེ་ནས་ད། ད་དུང་འདི་དྲན་ དགོས། ཁོ་ནི་ཆེན་པོ་ཞིག་རེད་ལ་ཟས་མང་པོ་དགོས། ཁོས་ཁ་འབྲིད་ བླངས་ནས་བཟུང་ཟས་ཟས་མེད། ངས་ཉ་ཆ་ཚང་ཞིག་ཟས་པ་རེད། སང་ ཉིན་ངས་ཉ་ཌོལ་ཕིན་ཟ་གི་ཡིན། ཁོས་དེ་ལ་ ཌོ་རཱ་ཌོ་ ཞེས་བོས། གཅིག་ བྱས་ན་ངས་དེ་གཙང་མ་བཟོས་མཚམས་ཏོག་ཙམ་ཟ་གི་ཡིན། འདི་ཉ་ཊུ་ ནཱ་ལས་ཟ་ཁག་ག་ཡོང་གི་རེད། ཡིན་ན་ཡང་། དེ་ནས། གང་ཡིན་ཡང་ ལས་སླ་བོ་ཞིག་ཡོད་པ་མ་རེད། “ཨེ་ཉ། ཁྱོད་ཀྱིས་ཇི་འདྲ་ཚོར་རམ།” ཁོས་སྐད་བརྒྱབ་ནས་དྲིས། “ངས་སྐྱིད་པོ་ཚོར་ལ། ངའི་ལག་པ་ཡང་ཡག་ག་འདུག ང་ལ་ཉིན་གཅིག་ དང་མཚན་གཅིག་གི་ཟས་ཡོད། ཨ་རོ་ཉ། གྲུ་འདི་འཐེན་དང་།”

ཁོས་དངོས་གནས་སྐྱིད་པོ་ཞིག་མ་ཚོར། གང་ཡིན་ཟེར་ན། ཉ་ ཐག་ལས་བྱུང་བའི་ཁོའ་ི རྒྱབ་ཀྱི་ན་ཟུག་དེ་ཕལ་ཆེར་ན་ཟུག་ལས་བརྒལ་ ནས་སྦྲིད་པ་ཞིག་གི་ནང་སོང་ཟིན་འདུག དེ་ལ་ཁོ་ཡིད་ཆེས་མེད། ཡིན་ ན་ཡང་། ང་ལ་འདི་ལས་སྡུག་ག་ཡོང་ཡོད་ཀྱི་རེད། ཁོས་བསམས། ངའི་ ལག་པ་ལ་རྨ་ཆུང་ཆུང་ཞིག་ལས་མེད་ལ། གཞན་པ་དེ་ནས་རེངས་པ་ཡང་ ཡལ་ཚར་སོང་། ངའི་རྐང་པ་རྣམས་བདེ་མོ་ཡིན། ད་ནི་ཁ་ཟས་ཀྱི་ཐོག་ ནས་ཀྱང་ང་ཁོ་ལས་རྒྱལ་ཡོད། ཟླ་དགུ་བའི་ནང་ཉི་མ་ནུབ་པ་དང་ནག་ཁུང་མགྱོགས་པོར་ཡོང་ བ་ལྟར་ད་ནི་ནག་ཁུང་རེད། ཁོ་གྲུ་མདུན་གྱི་ཤིང་ཟད་པོ་ལ་སྙེས་ཞིང་།


74 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རང་གི་ཐུབ་ཚོད་ཀྱིས་ངལ་གསོ་བརྒྱབ། སྐར་མ་ཐོག་མར་འཆར་བའི་གྲས་ དེ་རྣམས་ཕྱིར་མངོན། ཁོས་སྐར་མ་རི་གེལ་གྱི་མིང་མི་ཤེས་མོད་ཁོས་དེ་ མཐོང་ཞིང་། གང་མྱུར་གྱིས་ཚང་མ་ཕྱིར་མངོན་རྒྱུ་ཤེས་ལ། ཁོའ་ི ཐག་རིང་ གི་གྲོགས་པོ་ཚང་མ་ཡོང་གི་རེད། “ཉ་འདི་ཡང་ངའི་གྲོགས་པོ་རེད།” ཁོས་སྐད་ཆེན་པོས་བཤད། “ཉ་འདི་འདྲ་ཞིག་ངས་གཏན་ནས་མཐོང་མ་མྱོང་ལ་གོ་ཡང་མ་མྱོང་། ཡིན་ ན་ཡང་། ངས་ཁོ་ཏན་ཏན་གསོད་ཀྱི་ཡིན། ང་ཚོས་སྐར་མ་རྣམས་གསོད་ པའི་ཐབས་ཤེས་བྱེད་མི་དགོས་པ་དེ་ལ་ང་དགའ་བ་ཡིན།”

ཡིད་ལ་སྒོམས་དང་། གལ་སྲིད་ཁྱོ་ག་ཞིག་གིས་ཉི་མ་རེ་རེ་ལ་ཟླ་ བ་གསོད་པའི་ཐབས་ཤེས་བྱེད་དགོས་ན། ཁོས་བསམས། ཟླ་བ་ཕར་བྲོས་ འགྲོ་གི་རེད། ཡིན་ན་ཡང་། ཡིད་ལ་སྒོམས་དང་། གལ་སྲིད་ཁྱོ་ག་གཅིག་ གིས་ཉི་མ་རེ་རེ་ལ་ཉི་མ་གསོད་པའི་ཐབས་ཤེས་བྱེད་དགོས་ན། ང་ཚོ་སྐལ་ བ་བཟང་བོ་ཞིག་ལ་སྐྱེས་པ་རེད། ཁོས་བསམས། དེ་ནས་ཟས་ཁམ་གང་ཡང་མེད་པའི་ཉ་སྟོབས་ཆེན་འདི་ལ་ཁོང་ སྙིང་རྗེ་སྐྱེས། ཉ་འདི་ལ་བཟུང་བའི་འགྱོད་གདུང་དེའི་ཁྲོད་ནས་ཉ་འདི་ གསོད་འདོད་ཀྱི་འདུན་པ་དེ་ནམ་ཡང་ལྷོད་མ་མྱོང་། ཉ་འདིས་མི་ག་ཚོད་ ལ་ཟས་སྦྱིན་ནམ། ཁོས་བསམས། ཡིན་ནའང་མི་དེ་ཚོ་ལ་ཁོ་ཟ་རྒྱུའི་བསོད་ ནམས་ཡོད་དམ། ཡོད་མ་རེད། ཏན་ཏན་ཡོད་མ་རེད། ཁོའ་ི ཡ་རབས་ཀྱི་ སྤྱོད་པ་དང་རླབས་ཆེ་བའི་མཚན་མཐོང་ལ་བལྟས་ན། ཁོ་ཟ་བའི་བསོད་ ནམས་ཅན་སུ་ཡང་ཡོད་པ་མ་རེད། ངས་དོན་དག་འདི་ཚོ་ཤེས་ཀྱི་མི་འདུག ཁོས་བསམས། ཡིན་ ནའང་། ང་ཚོས་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་གསོད་མི་དགོས་པ་


རྒད་པོ་དང་རྒྱ་མཚོ།

75

འདི་དོན་བཟང་བོ་ཞིག་རེད། རྒྱ་མཚོའི་ངོས་སུ་བསྡད་ནས་ང་ཚོའི་སྤུན་ ངོ་མ་རྣམས་གསོད་པ་འདི་ཙམ་གྱིས་འདང་ངེས་པ་ཞིག་རེད།

ད་ནི། ཁོས་བསམས། ངས་ཡིན་གཅིག་མིན་གཅིག་འཐེན་ལུགས་ འདི་ལ་བསམས་དགོས། དེ་ལ་སྡུག་ཕྱོགས་དང་བཟང་ཕྱོགས་གཉིས་ཀ་ འདུག གལ་སྲིད་ཁོས་འབད་བརྩོན་བྱས་ཚེ། གཅིག་བྱས་ན། ངའི་ཉ་ཐག་ མང་པོ་ཤོར་ནས་ཁོ་ཤོར་གི་རེད། གྲུ་ཁྱེམ་གྱིས་འཐེན་པ་དེ་རང་གནས་སུ་ ཡོད་སྟབས། གྲུ་ཆུང་གིས་ཁོའ་ི ཡང་མོའ་ི ངོ་བོ་དེ་ཤོར་གི་རེད། ཡང་མོའ་ི ངོ་བོ་དེས་ང་ཚོ་གཉིས་ཀའི་སྡུག་བསྔལ་རིང་དུ་གཏོང་མོད། ཁོས་ད་དུང་ རང་གི་མགྱོགས་ཚད་ཆེན་པོ་དེ་རྩ་ནས་བཀོལ་མེད་སྟབས། དེ་ནི་ངའི་ སྲུང་སྐྱོབ་ཀྱི་ཆ་ཞིག་རེད། དོན་དག་གང་འདྲ་ཞིག་བྱུང་རུང་། ངས་ཏན་ ཏན་ཌོལ་ཕིན་གྱི་ནང་ཁྲོལ་འདོན་གྱི་ཡིན། དེས་ཁོ་མ་རུལ་བ་བྱེད་ལ། ང་ ལ་སྟོབས་སླེབས་ཆེད་ཁོའ་ི ཅུང་ཟད་ཅིག་ཟ་གི་ཡིན།

ད་ང་གྲུ་མཇུག་ལ་སོང་ནས་ལས་ཀ་དེ་མ་བྱས་པ་དང་ཐག་གཅོད་ དེ་མ་བྱས་པའི་སྔོན་ལ། ངས་ཡང་བསྐྱར་ཆུ་ཚོད་གཅིག་ངལ་གསོ་བྱས་ནས་ ཁོ་ད་དུང་བརྟན་པོ་དང་བབ་བརླིང་ཡིན་པ་དེ་ཚོར་བ་བྱེད་ཀྱི་ཡིན། དེའི་ཞོར་ ལ། ངས་ཁོས་ཇི་ལྟར་རྣམ་འགྱུར་སྟོན་པ་དང་། ཁོ་ལ་འགྱུར་བ་ཕྱིན་ཡོད་མེད་ དེ་བལྟ་གི་ཡིན། གྲུ་ཁྱེམ་དེ་སྒྱུ་ཐབས་ཡག་པོ་ཞིག་རེད། ཡིན་ནའང་། ད་བརྟན་ པོ་བྱེད་པའི་དུས་ཚོད་ཅིག་ལ་སླེབས་པ་རེད། ཁོ་ད་དུང་ཉ་ཉ་རྐྱང་ཞིག་རེད། ལྕགས་ཀྱུ་དེ་ཁོའ ི་ཁའི་ཟུར་ལ་ཡོད་པ་དེ་ངས་མཐོང་བྱུང་། ཁོས་རང་གི་ཁ་དེ་ དམ་པོར་བསྡམས་འདུག ལྕགས་ཀྱུའི་ཉེས་ཆད་དེ་ཚོ་གང་ཡང་མ་རེད། ཁོས་ གཏན་ནས་མི་ཤེས་པའི་ཁོ་ལ་འཕྲད་ཡོད་པའི་བཀྲེས་ལྟོགས་ཀྱི་ཉེས་ཆད་འདི་ ནི་ཡོངས་སུ་རྫོགས་པ་དེ་རེད། རྒད་པོ། ད་ངལ་གསོ་བྱོས་དང་། ཁྱེད་ཀྱི་ལས་ འགན་རྗེས་མ་དེ་མ་སླེབས་བར་དུ་ཁོ་ལ་ལས་ཀ་བྱེད་དུ་ཆུགས།


76 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོ་རང་ཆུ་ཚོད་གཉིས་ཡིན་བསམས་བསམས་ཞིག་ལ་ངལ་གསོ་བརྒྱབ། ད་ ལྟ་ཟླ་བ་དེ་ཕྱི་པོ་ལ་མ་གཏོགས་ཤར་གྱི་མེད་ལ། ཁོ་ལ་ཆུ་ཚོད་ཏག་ཏག་ཤེས་ པའི་ཐབས་ཡོད་མ་རེད། སྟེས་དབང་རེ་ཟུང་ཙམ་མ་གཏོགས་ཁོ་དངོས་ གནས་ངལ་གསོ་ཡང་བྱེད་ཀྱི་མེད། ཁོས་ད་ཆ་ཡང་ཉ་ཐག་གི་འཐེན་ཤུགས་ དེ་ཁོའ ི་ཕྲག་པ་ལ་ཡོད་པ་དེ་བཟོད་བཞིན་ཡོད། ཡིན་ནའང་ཁོའ ི་ལག་པ་ གཡས་པ་དེ་གྲུ་མདུན་གྱི་ཟུར་སྣེ་ལ་བཞག་ཡོད་ལ། དེས་ཉ་ལ་སྦྱིན་པའི་ རྒོལ་ཤུགས་ཆེ་རུ་ཆེ་རུ་གཏོང་བ་དེ་གྲུ་ཆུང་རང་ལ་བཅོལ་བ་རེད།

གལ་སྲི ད ་ངས་ཉ་ཐག་འདི ་ བསྡམས་པ་ཡི ན ་ན་དེ ་ ཅི ་ ཙམ་གྱི ་ ལས་སླ་བོ་ཞིག་ཡིན་ནམ། ཁོས་བསམས། ཡིན་ནའང་ཁོའ་ི གཡོ་འཁྱོམ་ ཆུང་བ་ཞིག་གིས་ཀྱང་དེ་གཅོད་སྲིད། ངས་ཡིན་གཅིག་མིན་གཅིག་ངའི་ གཟུགས་པོ་དེ་ཉ་ཐག་གི་འཐེན་ཤུགས་འོག་གི་འབོལ་གདན་བྱེད། ནམ་ ཡིན་ཡང་ལག་པ་གཉིས་ཀས་ཉ་ཐག་གློད་ཆོག་ཆོག་གི་གྲ་སྒྲིག་བྱེད། “ཡིན་ནའང་། ད་དུང་ཁྱེད་གཉིད་ཡོད་པ་མ་རེད། རྒད་པོ།” ཁོས་སྐད་གཟེངས་མཐོན་པོས་བཤད། “ཉི་མ་ཕྱེད་དང་མཚན་གཅིག་རེད་ ལ། ད་ཡང་བསྐྱར་ཉི་མ་གཅིག་བཅས་ལ་ཁྱེད་རང་གཉིད་ཡོད་པ་མ་རེད། ཁྱེད་ཀྱིས་ངེས་པར་དུ་ཐབས་ཤིག་འཚོལ་དགོས། དེ་ནས་ཁོ་ཞི་འཇམ་ དང་གཏན་འཇགས་ཡིན་ན་ཁྱོད་ཅུང་ཟད་གཉིད། གལ་སྲིད་ཁྱེད་རང་མ་ གཉིད་ན་ཁྱེད་ཀྱི་མགོའ་ི ནང་གསལ་པོ་མེད་པ་ཆགས་ཀྱི་རེད།” ངའི་མགོའ ི་ནང་གསལ་ཆ་འདང་ངེས་པ་ཞིག་ཡོད། ཁོས་བསམས། ཤིན་ཏུ་གསལ་པོ་ཡོད། ངའི་སྤུན་ཟླ་ཡིན་པའི་སྐར་མ་དེ་ཚོ་ནང་བཞིན་ང་ གསལ་པོ་ཡིན། ད་དུང་ང་ཏན་ཏན་ཉལ་དགོས། ཁོ་ཚོ་ཉལ་གི་རེད་ལ། ཟླ་བ་ དང་ཉི་མ་ཡང་ཉལ་གི་རེད། ཐ་ན་མཚམས་མཚམས་ལ་ཉི་མ་ཁ་ཤས་ཀྱི་རིང་


རྒད་པོ་དང་རྒྱ་མཚོ།

77

ལ་རླབས་མེད་ཅིང་ལྷིང་འཇགས་ལེབ་མོ་ཡིན་དུས་རྒྱ་མཚོ་ཡང་ཉལ་གྱི་རེད།

ཡིན་ན་ཡང་། གཉིད་རྒྱུ་མ་བརྗེད་ཨང་། ཁོས་བསམས། ཁྱེད་རང་རང་ལ་ དེ་ལྟར་བྱེད་དུ་ཆུགས། ཉ་ཐག་གི་སྐོར་ལ་སྟབས་བདེ་དང་ཏན་ཏན་ཡིན་ པའི་ཐབས་ཤེས་ཤིག་འཚོལ། ད་ཕྱིར་སོངས། ཌོལ་ཕིན་ཟ་ཆོག་ཆོག་བྱོས། གལ་སྲིད་ཁྱེད་རང་གཉིད་དགོས་ན། གྲུ་ཁྱེམ་ལ་འདྲུད་འཇུག་པ་དེ་ལ་ ཡིད་ཆེས་བྱས་ན་ ཧ་ཅང་ཉེན་ཁ་ཆེན་པོ་རེད། ང་མ་གཉིད་པར་བྱེད་ཐུབ་མོད། ཁོས་ཁེར་བཤད་བྱས། དེ་ནི་ ཆེས་ཉེན་ཁ་ཆེ་བ་ཞིག་ཆགས་ཀྱི་རེད།

ཁོས་ལག་པ་དང་པུས་མོ་བཙུགས་ནས་ཕྱིར་གྲུ་མཇུག་གི་ཕྱོགས་ སུ་འགྲོ་མགོ་བཙུགས། ཉ་ཐག་ལ་འགུལ་ཙམ་ཡང་མི་ཐེབས་ཆེད་གཟབ་ གཟབ་བྱས། ཁོ་ཡང་གཉིད་མ་སད་ཀྱི་སྐབས་ཤིག་ལ་ཡོད་ས་རེད། ཁོས་ བསམས། ཡིན་ནའང་ངས་ཁོ་ལ་ངལ་གསོ་བྱེད་འཇུག་འདོད་མེད། ཁོ་ཤི་ ཤི་བར་དུ་ཡིན་གཅིག་མིན་གཅིག་འཐེན་དགོས་རེད།

གྲུ་མཇུག་ལ་སླེབས་ནས་ཁོ་ཁ་བསྒྱུར། དེ་ནས། ཁོས་རང་གི་ལག་ པ་གཡོན་མས་ཉ་ཐག་གི་འཐེན་ཤུགས་དེ་རང་གི་ཕྲག་པ་ནས་བཟུང་། རང་ གི་ལག་པ་གཡས་པས་གྲི་དེ་གྲི་ཤུབས་ནས་བཏོན། ད་ཆ་སྐར་མ་རྣམས་ འོད་ཆེམས་ཆེམས་བྱེད་ལ། ཁོས་ཌོལ་ཕིན་དེ་གསལ་པོར་མཐོང་། ཁོས་ རང་གི ་ གྲི ་ དེ འི ་ རྩེ ་ མོ ་ ཁོ འ་ི མགོ ་ ལ་བཙུགས་ནས་གྲུ་མཇུག་གི ་ སྟེ ག ས་ འོག་ནས་ཕྱིར་དྲུད། ཁོས་རང་གི་རྐང་པ་ཡ་གཅིག་དེ་ཉའི་སྒང་ལ་བཞག བཤང་ལམ་ནས་འགྲམ་སོའ་ི འོག་བར་དུ་མགྱོགས་པོར་གཤགས། ཁོས་གྲི་ ས་ལ་བཞག་ནས། ལག་པ་གཡས་པས་ནང་ཁྲོལ་རྣམས་བཏོན། ལག་པས་ བྲད་ནས་གཙང་མ་བཟོས་ཤིང་། དབུགས་ལྒང་རྣམས་བཀོག རང་གི་


78 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ལག་པའི་ནང་དེའི་གྲོད་པ་དེ་ལྗིད་པོ་དང་འཇམ་ཤ་ཅན་དུ་ཚོར། ཁོས་དེ་ གཤགས་ནས་ཁ་ཕྱེས། དེའི་ནང་ལ་འཕུར་ཉ་གཉིས་འདུག དེ་ཚོ་ནི་སོས་ པ་དང་མཁྲེགས་པོ་རེད། ཁོས་དེ་ཚོ་གཅིག་གི་འགྲམ་ལ་གཅིག་བཞག་ སྟེ་ཐང་ལ་བཀྲམས། དབུགས་ལྒང་དང་ནང་ཁྲོལ་རྣམས་གྲུ་མཇུག་གི་སྟེང་ ནས་མཚོ་ལ་འཕངས། དེ་ཚོས་འོད་ཆེམ་ཆེམས་ཤིག་ཤུལ་དུ་བཞག་ནས་ ཆུའི་ནང་ཐིམ་པར་གྱུར། ཉ་ཌོལ་ཕིན་དེ་གྲང་མོ་རེད་ལ། ད་ནི་སྐར་མའི་ འོད་ཀྱི་འོག་ཤི་མདོག་གི་དཀར་སྐྱ་ཞིག་རེད། རྒད་པོས་རང་གི་རྐང་པ་ གཡོན་མ་དེ་ཉའི་མགོ་ལ་བཞག་ནས་ཁོའ་ི པགས་པ་གཞོགས་གཅིག་དེ་ བཤུས། དེ་ནས་ཁ་བསྒྱུར་ཏེ་གཞོགས་གཞན་དེའི་པགས་པ་བཤུས། ཕྱོགས་ རེ་རེ་ནས་མགོ་དང་མཇུག་མ་བར་སླེབས་དུས་བཅད། ཁོས་རུས་པ་རྣམས་གྲུའི་ངོས་ནས་ཕར་ཤུད་དུ་བཅུག་ཅིང་། ཆུའི་ ནང་ནས་བསྐོར་འཁྱིལ་བྱེད་ཀྱི་ཡོད་མེད་ལ་བལྟས། ཡིན་ནའང་དེ་ག་ ལེར་མར་ཐིམ་པའི་འོད་ཆུང་ཆུང་གཅིག་ལས་གང་ཡང་མི་འདུག དེ་ནས་ ཁོ་ཁ་ཕྱིར་འཁོར་ནས་འཕུར་ཉ་གཉིས་པོ་དེ་ཉའི་ཤ་ཁོག་ལེབ་མོ་གཉིས་ ཀྱི་བར་བཅུག རང་གི་གྲི་དེ་གྲི་ཤུབས་ལ་བཅུག་ནས་དལ་བོའ་ི ངང་གྲུའི་ མདུན་སྣེ་ལ་ཕྱིན། ཉ་ཐག་གི་ལྗིད་དེ་ཁོའ་ི རྒྱབ་ལ་བཀལ་བས་ཁོའ་ི རྒྱབ་ སྒུར་ནས་འདུག ཁོས་རང་གི་ལག་པ་གཡས་པས་ཉ་དེ་འཁྱེར། གྲུ་མདུན་ལ་སླེབས་མཚམས་ཁོས་ཉའི་ཤ་ཁོག་ཕྱེད་གཉིས་དེ་ ཤིང་ལེབ་སྟེང་བཀྲམས། འཕུར་ཉ་གཉིས་དེའི་འཁྲིས་ལ་བཞག དེའི་རྗེས་ལ་ ཁོས་ཉ་ཐག་དེ་རང་གི་ཕྲག་པའི་སྟེང་གི་གནས་གསར་པ་ཞིག་ལ་སྤོར་ནས་ཉ་ ཐག་བཟུང་། ལག་པ་གཡོན་པ་གྲུའི་མདུན་སྣེ་ལ་བཞག་ནས་ངལ་གསོ་བྱས། དེ་ནས་ཁོ་རང་ཕྱོགས་གཅིག་ལ་སྙེས་ནས་འཕུར་ཉ་དེ་ཆུའི་ནང་ལ་བཀྲུས་ པ་དང་། རང་གི་ལག་པར་ཕོག་པའི་ཆུའི་རྒྱུགས་ཚད་དེ་ཚོར་བར་བྱས།


རྒད་པོ་དང་རྒྱ་མཚོ།

79

ཉའི་པགས་པ་བཤུས་པའི་རྐྱེན་གྱིས་ཁོའ་ི ལག་པ་འོད་ཆེམས་ཆེམས་བྱེད་ ལ། ཁོའ་ི རང་གི་ལག་པའི་ངོས་སུ་ཆུ་འཕྱོ་བ་ལ་བལྟས། ཆུའི་འཕྱོ་ཤུགས་དེ་ ཤུགས་ཆུང་ང་རེད་ལ། ཁོས་རང་གི་ལག་པའི་ཟུར་གྲུ་ཆུང་གི་ཤིང་ལེབ་ལ་ འཕྱིས་པས། འོད་ཅན་གྱི་ཙག་ཙིག་ཅིག་མར་ཟགས་ཤིང་དལ་བོ་བྱས་ནས་ གྲུ་མཇུག་ཏུ་དྲངས།

“ཁོ་ཐང་ཆད་བཞིན་འདུག ཡང་ན། ཁོས་ངལ་གསོ་བྱེད་ཀྱི་ འདུག” རྒད་པོས་བཤད། “ད་ཆ་ང་ལ་ཌོལ་ཕིན་འདི་ཟ་རྒྱུའི་གོ་རིམ་ནང་ སྡོད་ཆུགས། ངལ་གསོ་ཅུང་ཙམ་ཞིག་བྱོས། གཉིད་ཅུང་ཟད་ཁུགས།” སྐར་མའི ་ འོག ་དང་མཚན་མོ ་ཤི ན ་ཏུ་གྲང་བའི ་ སྐབས་འདི ར ་ ཁོས་ཌོལ་ཕིན་ཉ་ཡི་ཕྱེད་གཅིག་ཟས། འཕུར་ཉ་གཅིག་གི་ནང་ཁྲོལ་བཏོན་ ཅིང་མགོ་བཅད་ནས་ཟས། “བཙོས་ནས་ཟས་ན་ཌོལ་ཕིན་གྱི་ཉ་ཤ་འདི་ཇི་འདྲའི་ཞིམ་པོ་ཡོད།” ཁོས་བཤད། “ཇི་འདྲའི་སྐྱུགས་བྲོ་བའི་ཉ་ཤ་རྗེན་པ་ཞིག་རེད་ཨང་། ང་ལ་ཚྭ་ དང་སྐྱུར་ཏོག་མེད་པར་གྲུ་གཟིངས་ལ་ཡང་བསྐྱར་གཏན་ནས་འགྲོ་གི་མིན།”

གལ་སྲིད་ང་ལ་ཀླད་པ་ཞིག་ཡོད་ན། ངས་ཉིན་གང་བོར་མཚོ་ ཆུ་དེ་གྲུའི་གདོང་སྣེ་ལ་སྟོར་ཞིང་སྐམ་དུ་བཅུག་ཡོད་ཀྱི་རེད་ལ། དེས་ཚྭ་ བཟོས་ཡོད་ཀྱི་རེད། ཁོས་བསམས། ཡིན་ནའང་། དེ་ནས་ ཕལ་ཆེར་ཉི་མ་ མ་ནུབ་ཙམ་གྱི་བར་དུ་ངས་ཌོལ་ཕིན་བཟུང་ཡོད་མ་རེད། ད་དུང་འདི་གྲ་ སྒྲིག་གིས་མ་འདང་བ་ཞིག་རེད། ཡིན་ནའང་ངས་དེ་ཚང་མ་ཡག་པོ་བྱས་ ནས་བལྡད་པ་ཡིན་ལ་སྐྱུགས་མེར་ཡང་ལངས་གི་མི་འདུག

ནམ་མཁའ་ལ་ཤར་ཕྱོགས་ནས་སྤྲིན་པ་ལངས་ཤིང་། ཁོས་ངོ་ཤེས་


80 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

པའི་སྐར་མ་རྣམས་གཅིག་རྗེས་གཅིག་མཐུད་ཀྱིས་ཡལ་ཚར་འདུག ད་ནི་ ཁོ་རང་སྤྲིན་པའི་ལུང་བ་རིང་མོ་ཞིག་ཏུ་རྒྱུ་བ་དང་ཤིན་ཏུ་མཚུངས། རླུང་ ལྡང་བ་ཡང་ཡལ་ཚར་འདུག

“ཉི་མ་གསུམ་དང་བཞིའི་ནང་གནམ་གཤིས་སྡུག་ག་ཞིག་ཡོང་ གི་རེད།” ཁོས་བཤད། “ཡིན་ན་ཡང་དོ་ནུབ་ཡོང་གི་མ་རེད་ལ་སང་ཉིན་ ཡང་ཡོང་གི་མ་རེད། རྒད་པོ། ཉ་འདིས་སྙུགས་བསྲིངས་ནས་ཞི་འཇམ་ ངང་འགྲོ་བའི་སྐབས་གཉིད་ཏོག་ཙམ་ཡོང་བའི་རྩིས་བྱོས་དང་།” ཁོས་ལག་པ་གཡས་པས་ཉ་ཐག་དམ་པོར་བཟུང་། དེ་ནས་ཁོའ་ི ལྗིད་ཡོད་ཚད་དེ་གྲུ་མདུན་གྱི་ཤིང་ངོས་ལ་བཀལ་བ་དང་མཉམ་དུ་བརླ་ ཤ་ཡིས་རང་གི་ལག་པ་གཡས་པ་དེ་ཡར་བཙིར། དེ་ནས་ཁོས་ཉ་ཐག་དེ་ རང་གི་ཕྲག་པ་ནས་ཅུང་དམའ་སར་ཕབ་ཅིང་། དེའི་སྟེང་རང་གི་ལག་པ་ གཡོན་མ་བཞག་ཏེ་བརྟན་པོར་བྱས།

ངའི ་ ལག་པ་གཡས་པས་ཇི ་ ཙམ་ལ་རྒྱབ་རྟེ ན ་ཡོ ད ་པ་དེ ་ ཙམ་ དུ་འདི་འཛིན་ཐུབ་རྒྱུ་རེད། ཁོས་བསམས། ང་གཉིད་པའི་སྐབས་ལ་དེས་ གློད་པ་ཡིན་ན་ཉ་ཐག་ཤོར་པ་དང་མཉམ་དུ་ངའི་ལག་པ་གཡོན་མས་ང་ གཉིད་སད་རྒྱུ་རེད། དེ་ལག་པ་གཡས་པ་ལ་སྡུག་བསྔལ་ཆེ་བ་ཡོང་གི་ རེད། ཡིན་ནའང་། ཁོ་ཉེས་སྡུག་ལ་གོམས་ཡོད་པ་རེད། མ་མཐའ་ཡང་ང་ སྐར་མ་ཉི་ཤུ་དང་ཡང་ན་ཆུ་ཚོད་ཕྱེད་ཀ་ཙམ་ལ་གཉིད་ན་ཡང་དེ་ཡག་པོ་ རེད། ཁོ་མདུན་ལ་སྙེས་ནས་ཉ་ཐག་གི་སྟེང་ཁོའ་ི གཟུགས་པོ་ཡོངས་རྫོགས་ བཀུམས་ནས་བསྡད་ཅིང་། གཟུགས་པོའ་ི ལྗིད་ཡོད་ཚད་ལག་པ་གཡས་ པའི་སྟེང་བཀལ་ནས་གཉིད་དུ་ཡུར།

ཁོས་སེང་གེ་རྣམས་རྨི་ལམ་མ་རྨིས།

དེའི་ཚབ་ལ་ཉ་ཌོལ་ཕིན་


རྒད་པོ་དང་རྒྱ་མཚོ།

81

གྱི་ཁྱུ་ཆེན་པོ་གཅིག་མེལ་ལེ་བརྒྱད་དང་བཅུ་ལ་བཀྲམས་ནས་ཡོད་ལ། སྐབས་འདི་ནི་ཁོང་ཚོའི་གཉེན་བསྡེབས་ཀྱི་དུས་ཚོད་ཡིན་ཅིང་། ཁོང་ཚོ་ བར་སྣང་དུ་མཆོངས་ཤིང་། བར་སྣང་ལ་མཆོངས་པའི་སྐབས་སུ་ཆུའི་ནང་ བཟོས་པའི་ཨི་ཁུང་དེ་རང་དུ་ཕྱིར་འཛུལ་བ་རྨིས། དེ་ནས་ཁོས་རང་གི་གྲོང་གསེབ་ཏུ་ཉལ་ཁྲིའི་སྟེང་ཉལ་ཡོད་པ་ རྨིས་ཤིང་། དེ་ལ་བྱང་རླུང་གྲང་མོ་ཡོད་ལ། ཁོ་ཤིན་ཏུ་གྲང་། ཁོའ་ི ལག་པ་ གཡས་པ་སྦྲིད་འདུག གང་ཡིན་ཟེར་ན། ཁོའ་ི མགོ་དེས་རང་གི་ལག་པ་ གཡས་པ་སྔས་མགོའ་ི ཚབ་བྱས་ཏེ་ངལ་གསོ་བརྒྱབ་འདུག

དེའི་རྗེས་ལ་ཁོས་མཚོ་འགྲམ་རིང་མོ་གསེར་མདོག་ཅན་ཞིག་རྨི་ ལམ་རྨི་མགོ་ཚུགས། ཁོས་ས་རུབ་ཙམ་ལ་མཚོ་འགྲམ་དེ་ལ་སེང་གེ་ཐོག་ མ་རྣམས་མར་བབས་པ་མཐོང་། དེ་ནས་སེང་གེ་གཞན་པ་རྣམས་ཡོང་། མཚོ་འགྲམ་གྱི་དགོང་མོའ་ི གྲང་རླུང་དང་ལྷན་དུ་བཏགས་པའི་གྲུ་གཟིངས་ ཀྱི་གདོང་སྣེའི་པང་ལེབ་ལ་མ་ནེ་བཞག་སྟེ་ངལ་གསོ་བྱས། སེང་གེ་ད་དུང་ མང་བ་ཡོང་གི་ཡོད་མེད་ལ་བལྟ་ཕྱིར་ཁོ་སྒུག་སྟེ་བསྡད། ཁོ་ཤིན་ཏུ་སྐྱིད། ཟླ་བ་ཡར་སླེབས་ནས་ཡུན་རིང་པོ་འགོར། ཡིན་ནའང་ཁོ་གཉིད་ དུ་ཡུར། ཉ་ཡིས་སྙུགས་བསྲིངས་ནས་དྲུད་ཅིང་། གྲུ་ཆུང་དེ་སྤྲིན་པའི་བུ་ གའི་ཁྲོད་སྙེག

ཁོའ་ི ལག་པ་གཡས་པའི་ཁུ་ཚུར་དེ་ཁོའ་ི ངོ་གདོང་ལ་ཕོག་པའི་ འགུལ་འཐེན་གཅིག་དང་མཉམ་ཁོ་གཉིད་སད། ཉ་ཐག་དེ་ཁོའ ི་ལག་པ་གཡས་ པའི་ནང་བརྡར་ནས་ཤར ོ ་བཞིན་འདུག ཁོ་ལ་རང་གི་ལག་པ་གཡོན་མའི་ཚོར་ བ་མེད་མོད། ཁོས་རང་གི་ལག་པ་གཡས་པས་གང་ཐུབ་ཐུབ་ཀྱིས་བཀག ཉ་ ཐག་དེ་ཕྱིར་འཆོར་བཞིན་འདུག མཐའ་མ་ལ་ཁོའ ི་ལག་པ་གཡོན་མས་ཉ་ཐག་


82 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རྙེད། ཉ་ཐག་དེ་ཕྱིར་འཐེན་ནས་སྙེས། ད་ནི་ཉ་ཐག་གིས་ཁོའ ི་རྒྱབ་དང་ལག་པ་ གཡོན་མ་ལ་ཚ་བརྡར་བྱས་སོང་། ཁོའ ི་ལག་པ་གཡོན་མས་འཐེན་ཤུགས་ཡོད་ ཚད་ལེན་གྱི་འདུག་ལ་རྨ་ངན་པ་བཟོ་བཞིན་འདུག ཁོ་ཁ་ཕྱིར་འཁོར་ནས་ ཉ་ཐག་གི་ཐག་འཁྱིལ་ལ་བལྟས། དེ་ཚོ་འཇམ་པོའ ི་ངང་ཤར ོ ་བཞིན་འདུག དེ་ ཙམ་ཞིག་ལ་ཉ་དེས་རྒྱ་མཚོ་ཆེན་པོར་བརྟོལ་ནས་ཡར་མཆོངས་ཤིང་། ལྗིད་ ཆེན་པོས་མར་ཟགས། དེ་ནས་ཁོ་ཡང་དང་ཡང་དུ་མཆོངས། གྲུ་ཆུང་ཆེས་ མྱུར་མོར་འགྲོ་ན་ཡང་ཉ་ཐག་དེ་ཡང་ད་དུང་ཤར ོ ་འགྲོ་བཞིན་འདུག རྒད་པོས་ ཤུགས་བསྐྱེད་ནས་ཉ་ཐག་ཆད་ལ་ཁད་དུ་འཐེན་ཅིང་། ཡང་ནས་ཡང་དུ་དེ་ ཆད་ལ་ཁད་དུ་འཐེན། ཁོས་ཉ་ཐག་དེ་གྲུ་མདུན་ནང་ངོས་སུ་མར་འཐེན་ཡོད་ ལ། ཁོའ ི་གདོང་པ་དེ་ཌོལ་ཕིན་གྱི་ཤ་ལེབ་མོར་གཏུབས་པ་དེའི་ནང་ཡོད། ཁོ་ འགུལ་མི་ནུས་པར་གྱུར།

འདི་ང་ཚོས་གང་ལ་སྒུག་པའི་དོན་དེ་རེད། ཁོས་བསམས། དེས་ ན་ང་ཚོས་དོན་དེ་བྱེད་དོ།། ཁོ་ལ་ཉ་ཐག་ལ་རིན་པ་སྤྲོད་དུ་འཇུག ཁོས་བསམས། ཁོ་ལ་དེའི་ རིན་པ་སྤྲོད་དུ་འཇུག

ཁོས་ཉ་ཡི་མཆོངས་ལུགས་དེ་མི་མཐོང་མོད། མཚོ་བརྟོལ་ནས་ ཡོང་བ་དང་མར་ཟགས་སྐབས་ཀྱི་ཆུའི་བརྡབས་སྒྲ་ཁོ་ན་ཐོས། ཉ་ཐག་གི་ མགྱོགས་ཚད་དེས་ཁོའ་ི ལག་པ་ལ་རྨ་ཆེན་པོ་བཟོ་བཞིན་འདུག་མོད། འདི་ ཡོང་རྒྱུ་ཡིན་པ་ནི་ཁོས་སྔ་མོ་ནས་ཤེས་ཡོད། ཁོས་རང་གི་སྐྱི་པགས་མཐུག་ ས་དེར་རྨ་བཟོ་བ་དང་། ཉ་ཐག་དེ་ལག་མཐིལ་ལ་མི་འཁེལ་བ། མཛུབ་མོ་ མི་གཅོད་པ་བཅས་ཀྱི་ཐབས་བསྟེན།

གལ་སྲི ད ་བུ་ཆུང་འདི ་ ལ་ཡོ ད ་ན་ཁོ ས ་ཉ་ཐག་འཁྱི ལ ་མ་འདི ་


རྒད་པོ་དང་རྒྱ་མཚོ།

83

རློན་པ་བཟོ་གི་རེད། ཁོས་བསམས། རེད། བུ་ཆུང་འདི་ལ་ཡོད་ན། བུ་ཆུང་ འདི་ལ་ཡོད་ན། ཉ་ཐག་དེ་ཕྱི་རོལ་ནས་ཕྱི་རོལ་དང་། ཕྱི་རོལ་ལ་ཤར ོ ་མོད། ད་ཆ་དེ་དལ་བོ་ རེད་ལ། ཁོས་ཉ་ལ་དེའི་སོར་གཅིག་ཚུན་ནས་གསོག་དགོས་པ་ཞིག་བཟོ་ བཞིན་ཡོད། ད་ཆ་ཁོས་ཤིང་ལེབ་ནས་མགོ་ཡར་བཀྱགས་ཤིང་། ཉ་ཤ་ལེབ་མོ་ ནས་ཀྱང་ཕྱིར་བཏོན། དེ་ནས་ཁོ་རང་གི་པུས་མོའ ི་སྟེང་ལངས། དེ་ནས་ཁོ་ག་ ལེར་རང་གི་རྐང་པའི་སྟེང་ལངས། ཁོས་ཉ་ཐག་གློད་ཀྱི་ཡོད་ན་ཡང་། ནམ་ ཡིན་ཡང་ག་ལེར་གློད་ཀྱི་ཡོད། ཁོ་རྒྱབ་བཤིག་བྱས་ནས་རྐང་མྱངས་ཀྱིས་ རང་གིས་མཐོང་མི་ཐུབ་པའི་ཉ་ཐག་འཁྱིལ་མ་རྣམས་ཚོར་བར་བྱས། ད་དུང་ ཉ་ཐག་གང་མཚམས་ཤིག་ལུས་ཡོད་ཅིང་། ད་ནི་བརྡར་ཤུད་བྱས་པའི་ཉ་ ཐག་གསར་པ་ཡོངས་རྫོགས་ཉ་ཡིས་ཆུའི་ནང་ནས་འཐེན་དགོས་པ་རེད།

རེད། ཁོས་བསམས། ད་ཆ་ཁོ་ཆུའི་ནང་ནས་ཐེངས་བཅུ་གཉིས་ ལྷག་མཆོངས་ཟིན་ཅིང་། རང་གི་རྒྱབ་ཀྱི་སྒྱེ་མོ་རྣམས་དབུགས་ཀྱིས་བཀང་ ཡོད། ངས་ཡར་འཐེན་མི་ཐུབ་པའི་གཏིང་རིང་ས་ཞིག་ལ་ཤི་བའི་ཆེད་ མར་འགྲོ་ཐུབ་ཀྱི་མ་རེད། ཁོས་གང་མྱུར་སྐོར་ར་བྱེད་པའི་མགོ་འཛུགས་ཀྱི་ རེད་ལ། དེ་ནས་ངས་ཁོ་ལ་ལས་ཀ་བྱེད་དགོས། ཅི་ཞིག་གིས་ཁོ་ལ་གློ་བུར་ དུ་འདི་བྱེད་བཅུག་པ་ཡིན་ནམ། དེ་ནི་ཁོ་ལྟོགས་དྲགས་ནས་འུ་ཐུག་པ་ ཡིན་ནམ། ཡང་ན་མཚན་མོར་དངོས་པོ་ཞིག་གིས་ཁོ་ལ་འཇིགས་དངངས་ བསླངས་པ་ཡིན། གཅིག་བྱས་ན་ཁོས་གློ་བུར་དུ་སྐྲག་སྣང་ཞིག་ཚོར་པ་ རེད། ཡིན་ནའང་། ཁོ་ཉ་ལྷོད་པོ་དང་སྟོབས་ཆེན་ཞིག་རེད། བལྟས་ཚོད་ ཀྱིས་ཁོ་ནི་འཇིགས་པ་མེད་པ་དང་གདེང་ཚོད་ཅན་ཞིག་རེད། ཡ་མཚན། “རྒད་པོ། ཁྱེད་རང་རང་ཉིད་འཇིགས་པ་མེད་པ་དང་གདེང་ ཚོད་ཆེ་ན་ཡག་གི་རེད།” ཁོས་བཤད། “ཁྱེད་ཀྱིས་ཁོ་ཡང་བསྐྱར་བཟུང་ཡོད་


84 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མོད་ཁྱེད་ཀྱིས་ཉ་ཐག་ཚུར་ལེན་མི་ཐུབ། རྒྱག་དགོས་པ་རེད།”

འོན་ཀྱང་ཁོས་གང་མྱུར་སྐོར་ར་

ད་ཆ་རྒད་པོ ས ་རང་གི ་ ཕྲག་པ་དང་ལག་པ་གཡོ ན ་མས་ཁོ ་ འཛིན་བཞིན་ཡོད། ཁོས་རང་གི་གདོང་བ་ལ་འགོས་པའི་ཌོལ་ཕིན་གྱི་ཤ་ དེ་མར་འདེད་ཆེད་སྒུར་ནས་ལག་ཁྱོར་གཡས་པས་ཆུ་ཡར་བཅུས། དེས་ ཁོ་ལ་སྐྱུགས་མེར་ལངས་བཅུག་ནས་སྐྱུགས་པ་ཤོར་ན་སྟོབས་ཉམས་སྲིད་ ཅེས་ཁོ་སྐྲག ཁོས་རང་གི་གདོང་གཙང་མ་བཟོས་རྗེས། གྲུའི་གཞོགས་ གཅིག་ནས་རང་གི་ལག་པ་གཡས་པ་དེ་ཆུའི་ནང་ལ་བཀྲུས། ཁོས་ལག་པ་ ཚྭ་ཆུའི་ནང་བཞག་ནས་ཉི་མ་མ་ཤར་གོང་གི་ཉི་འོད་ཐོག་མ་དེ་ཡོང་བ་ལ་ བལྟས། ཁོ་ཧ་ལམ་ཤར་གྱི་ཕྱོགས་ལ་ཁ་གཏད་འདུག ཁོས་བསམས། དེའི་ དོན་ནི་ཁོ་ཐང་ཆད་པ་རེད་ལ་ཁོ་རྒྱ་མཚོའི་རྒྱུ་ཕྱོགས་དང་བསྟུན་ནས་ འགྲོ་གི་ཡོད་པ་རེད། གང་མྱུར་ཁོས་སྐོར་ར་བྱེད་དགོས་པ་རེད། དེ་ནས་ང་ ཚོའི་ལས་ཀ་ངོ་མ་དེ་མགོ་ཚུགས་པ་རེད།

ཁོ ས ་རང་གི ་ ལག་པ་གཡས་པ་ཆུའི ་ ནང་དུ་བཞག་ནས་དུས་ ཚོད་འདང་ངེས་པ་ཞིག་སོང་བ་རྟོགས་རྗེས། ལག་པ་ཕྱིར་བཏོན་ཅིང་དེ་ ལ་བལྟས་ནས། “དེ་ནི་སྡུག་ག་རང་མ་རེད།” ཁོས་བཤད། “ཕོ་ཁྱོ་ག་གཅིག་ལ་ན་ ཟུག་ནི་གང་ཡང་མ་རེད།”

ཁོ ས ་ཉ་ཐག་དེ ་ རྨ་ཁ་སོ ས ་པ་རྣམས་ཀྱི ་ཤུལ་ལ་མི ་ ཕོ ག ་ཆེ ད ་ གཟབ་གཟབ་ཀྱིས་བཟུང་ནས། ཁོས་རང་གི་ལྗིད་དེ་སྤོར་ཤིང་། དེས་གྲུ་ ཆུང་གི ་ གཞོ ག ས་གཞན་དེ ་ ནས་ཁོ ས ་རང་གི ་ ལག་པ་གཡོ ན ་མ་མཚོ འི ་ ནང་ལ་འཇོག་ཐུབ་གི་རེད།


རྒད་པོ་དང་རྒྱ་མཚོ།

85

“ཁྱེ ད་ཀྱི ས་སྙི ང་པོ ་མེད་པའི་དོན་ཞིག་གི་ཆེད་དུ་ལས་ཀ་སྡུག་ག་རང་ བྱས་མ་སོང་།” ཁོས་རང་གི་ལག་པ་གཡོན་མ་ལ་དེ་ལྟར་བཤད། “ཡིན་ན་ ཡང་སྐབས་གཅིག་གི་རིང་ངས་ཁྱོད་རྙེད་མ་སོང་།”

ང་ཅི འི ་ ཕྱི ར ་ལག་པ་བཟང་པོ ་ གཉི ས ་ཀྱི ་ མཉམ་དུ་མ་སྐྱེ ས ་པ་ རེད། ཁོས་བསམས། གཅིག་བྱས་ན་ངས་གཅིག་དེ་ལ་སྦྱོང་བརྡར་ཡག་པོ་ ཞིག་མ་སྤྲད་པས་ལན་པ་རེད། ཡིན་ནའང་། ཁོ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་ སྐབས་འདང་ངེས་པ་ཞིག་བྱུང་བ་དེ་དཀོན་མཆོག་གིས་མཁྱེན་གྱི་རེད། མཚན་མོའ་ི སྐབས་སུ་ཁོས་སྡུག་ག་རང་བྱས་མ་སོང་། ཁོ་ཐེངས་གཅིག་ཁོ་ ན་ལ་རེངས་པ་རེད། ཁོ་ཡང་བསྐྱར་རེངས་ན་ཉ་ཐག་གིས་ཁོ་གཅོད་དུ་ འཇུག ཁོས་ཁོ་རང་གི་ཀླད་པ་དྭངས་མོ་མིན་པ་ཤེས་ཡོད་བསམས་པའི་ སྐབས་དེར་ཌོལ་ཕིན་གྱི་ཤ་མང་བ་བལྡད་དགོས་བསམས། ཡིན་ནའང་ ངས་བལྡད་ཐུབ་པ་མི་འདུག ཁོས་ཁེར་བཤད་བྱས། སྐྱུགས་མེར་ལངས་ནས་ སྟོབས་ཤར ོ ་བ་བྱེད་པ་ལས་མགོ་ཡང་མོ་ཞིག་བྱས་ན་བཟང་། ངས་གདོང་པ་ དེའི་ནང་ལ་སོང་སྟབས་ངས་དེ་ཟས་པ་ཡིན་ན་མི་འཇུ་བ་ཤེས་ཀྱི་ཡོད། དེ་ མ་རུལ་བར་དུ་ཛ་དྲག་གི་ཆེད་ཉར་གྱི་ཡིན། ཡིན་ན་ཡང་། ད་ནི་ཟས་བཅུད་ ལ་བརྟེན་ནས་སྟོབས་འཚོལ་བ་དེ་ཧ་ཅང་འཕྱིས་དྲགས་པ་རེད། ཁྱེད་རང་ གླེན་པ་རེད། ཁོས་ཁེར་བཤད་བྱས། འཕུར་ཉ་གཞན་དེ་ཟོ་དང་། འཕུར་ཉ་དེ་དེ་རུ་གཙང་མ་དང་ཟ་ཆོག་ཆོག་བྱས་ནས་འདུག ཁོས་རང་གི་ལག་པ་གཡོན་མས་དེ་བླངས་ཤིང་། རུས་པ་རྣམས་གཟབ་ གཟབ་བྱས་ནས་བལྡད་ཞོར་ཟས། ཉ་ཡི་མཇུག་མའི་བར་དུ་ཚང་མ་ཟས།

འདི་ལ་ཧ་ལམ་ཉ་ཚང་མ་དང་བསྡུར་ན་བཅུད་མང་བ་ཡོད་རེད།


86 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོས་བསམས། མ་མཐའ་ལ་ཡང་ང་ལ་དགོས་པའི་སྟོབས་ཀྱི་རིགས་དེ་ཡོད་ རེད། ད་ནི་ངས་བྱེད་ཐུབ་པ་དེ་ཚོ་བྱས་པ་ཡིན། ཁོས་བསམས། ད་ཁོ་ལ་ སྐོར་ར་བྱེད་དུ་འཇུག་ལ། འཐབ་འཛིང་འདི་ཡོང་དུ་འཇུག ཁོ ་ མཚོ ་ ལ་ཞུགས་པ་ནས་བརྩི ས ་ན་ཉི ་ མ་ཐེ ང ས་གསུམ་པ་དེ ་ ཤར་དུས། ཉ་ཡིས་སྐོར་ར་བྱེད་མགོ་བཙུགས།

ཉ་ཐག་གསེག་ཕྱོགས་ལ་བལྟས་ན། ཉ་ཡིས་བསྐོར་བཞིན་པ་དེ་ ཁོས་མཐོང་མི་ཐུབ་ཅིང་། དེ་ནི་དེ་ལྟར་མཐོང་བ་ལ་ཆེས་སྔ་དྲགས་པ་རེད། ཁོས་ཉ་ཐག་གི་འཐེན་ཤུགས་ཏོག་ཙམ་ཉམས་པ་ཞིག་ཚོར་ཞིང་། ཁོས་རང་ གི་ལག་པ་གཡས་པས་དེ་ལ་ལྷོད་འཇམ་གྱི་ངང་འཐེན་པའི་ཤུགས་ཤིག་ སྤྲད། དེ་ནམ་རྒྱུན་བཞིན་དམ་པོར་འདུག ཡིན་ནའང་། ཁོས་ཆད་ལ་ཁད་ ཀྱི་མཚམས་བར་དུ་འཐེན་དུས་ཉ་ཐག་ཡར་ཡོང་མགོ་བཙུགས། ཁོས་རང་ གི་ཕྲག་པ་དང་མགོ་བོ་དེ་ཉ་ཐག་འོག་ནས་བཏོན་ནས་ཉ་ཐག་དེ་ལྷོད་ འཇམ་དང་བསྟུད་མར་ནང་དུ་འཐེན་མགོ་བཙུགས། ཁོས་རང་གི་ལག་པ་ གཉིས་ཆ་ཡས་འཁྱོར་མས་འཁྱོར་གྱི་རྣམ་པར་སྤྱད་ནས། གཟུགས་པོ་དང་ རྐང་ཤུགས་སྦྲེལ་ནས་རང་གི་ཐུབ་ཚོད་ཀྱིས་འཐེན་པའི་འབད་བརྩོན་བྱས། ཁོའ་ི རྐང་པ་དང་ཕྲག་པ་བགྲེས་པོ་དེ་དག་ཡོམ་འཁྱོར་གྱི་འཐེན་པ་དེའི་ གཞི་རྟེན་བྱས་འདུག “འདི་སྐོར་ར་ཆེན་པོ་གཅིག་རེད།” ཁོས་བཤད། “ཡིན་ན་ཡང་ ཁོས་སྐོར་ར་བྱེད་ཀྱི་འདུག”

དེ་ནས་ཉ་ཐག་དེ་ཡར་མི་ཡོང་བ་འདུག་ལ། ཉི་འོད་འོག་ཁོས་ ཉ་ཐག་ལས་ཆུ་ཡི་ཐིགས་རྣམས་མཆོངས་པར་གྱུར་པ་དེ་མ་མཐོང་བར་ བཟུང་ནས་བསྡད། དེ་ནས་ཉ་ཐག་ཕྱི་ལ་ཤོར་མགོ་བཙུགས། རྒད་པོས་པུས་


རྒད་པོ་དང་རྒྱ་མཚོ།

87

མོ་ས་ལ་བཙུགས། ཁོས་མི་འདོད་བཞིན་དུ་ཉ་ཐག་དེ་ཆུ་གཏིང་ནག་གི་ ནང་ཕྱིར་ཤོར་དུ་བཅུག

“ཁོས་ཁོའ་ི སྐོར་ར་ཡི་ཐག་རིང་བའི་ཆ་དེ་བྱེད་ཀྱི་འདུག” ཁོས་ བཤད། ངས་ཐུབ་ཚོད་ཀྱིས་ཁོ་འཛིན་དགོས། ཁོས་བསམས། འཐེན་ཤུགས་ ཀྱིས་ཐེངས་མ་རེ་རེ་བཞིན་ཁོའ་ི སྐོར་ར་ཇེ་ཆུང་ལ་གཏོང་གི་རེད། གཅིག་ བྱས་ན་ཆུ་ཚོད་གཅིག་གི་ནང་ཚུན་ལ་ངས་ཁོ་མཐོང་གི་རེད། ད་ངས་ཏན་ ཏན་ཁོ་ཡིད་ཁུག་པ་ཞིག་བྱེད་ལ། དེ་ནས་ངས་ཁོ་ངེས་པར་དུ་གསོད། ཡིན་ན་ཡང་། ཉ་ཡིས་མུ་མཐུད་ནས་སྐོར་བ་དལ་བོར་བྱས། ཆུ་ ཚོད་གཉིས་ཀྱི་རྗེས་ལ་རྒད་པོ་རྔུལ་ནག་གིས་རློན་པ་ཆགས་ཤིང་། ཁོའ་ི རུས་པའི་རྐང་ནས་ཐང་ཆད་འདུག ཡིན་ན་ཡང་། ད་ཆ་སྐོར་ར་དེ་ཆེས་ ཇེ་ཆུང་ལ་སོང་ཞིང་། ཉ་ཐག་གི་གསེག་ཕྱོགས་ལ་བལྟས་ན་ཉ་དེ་རྐྱལ་བའི་ ཞོར་ལ་མུ་མཐུད་ནས་ཡར་ཡོང་གི་ཡོད་པ་ཤོད་ཐུབ་པ་འདུག ཆུ་ཚོད་གཅིག་གི་རིང་ལ་རྒད་པོའ ི་མིག་གིས་རབ་རིབ་ཅིག་མཐོང་ ཞིང་། རྔུལ་ནག་གིས་ཁོའ ི་མིག་ཚྭ་ཁུ་ཅན་དུ་བཟོས་པ་དང་། ཁོའ ི་ཐོད་པ་དང་ མིག་གི་སྟེང་གི་རྨ་ཁ་རྣམས་ཚྭ་ཁུ་ཅན་དུ་བཟོས། ཁོ་རབ་རིབ་མཐོང་བ་ལ་ མ་སྐྲག ཉ་ཐག་འཐེན་པའི་འཚབ་ཤ་འདིའི་ནང་རབ་རིབ་མཐོང་བ་དེ་སྤྱིར་ བཏང་ཞིག་རེད། དེ་ལས། ཐེངས་གཉིས་ལ་ཁོ་མགོ་ཡོམ་འཁོར་ཞིང་དྲན་པ་མི་ གསལ་བ་ཞིག་ཡོང་། དེས་ཁོ་ལ་སེམས་ཁྲལ་བསླངས། “ངས་རང་ཉིད་བསླུས་ནས་ཉ་འདི་འདྲ་ཞིག་གི་ཐོག་ཤི་མི་རུང་།” ཁོས་བཤད། “ད་ཆ་ང་ལ་ཁོ་འདི་ལྟར་སྙིང་རྗེ་པོ་ཞིག་གི་ངང་ཡོང་གིན་ཡོད་ ལ། དཀོན་མཆོག་གིས་འདི་མཐའ་འཁྱོལ་བའི་རོགས་གྱིས་ཤིག ངས་ཡབ་ ཆེ ན ་བཅུ་དང་ཡུམ་ཆེ ན ་བཅུ་ཡི ་ སྨོ ན ་ལམ་བརྒྱ་ཚར་འདོ ན ་ངེ ས ་ཡི ན །


88 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཡིན་ན་ཡང་ངས་ད་ལྟ་དེ་ཚོ་འདོན་མི་ཐུབ།”

ངས་དེ་བཏོན་ཚར་པའི་དགོངས་བཞེས་གནང་རོགས། བསམས། ངས་རྗེས་ལ་དེ་ཚོ་འདོན་གྱི་ཡིན།

ཁོས་

མཚམས་དེ་ལ་ཁོའ་ི ལག་པ་གཉིས་ཀྱིས་བཟུང་བའི་ཉ་ཐག་གིས་ གློ་བུར་གྱི་བརྡབ་གསིག་ཅིག་བྱས། དེ་ནི་ལྗིད་ཅིང་མཁྲེགས་ལ་རྩུབ་པོ་ ཞིག་ཏུ་ཚོར།

ཁོས་ལྕགས་ཀྱུའི་ལྕགས་སྐུད་ལ་སྣ་རྩེ་རིང་མོས་གཞུ་གིན་འདུག ཁོས་བསམས། དེ་ནི་ཡོང་ངེས་པ་ཞིག་རེད། ཁོས་དེ་བྱེད་དགོས་བྱུང་བ་ རེད། ཡིན་ན་ཡང་དེས་གཅིག་བྱས་ན་ཁོ་མཆོངས་འཇུག་གི་རེད། ད་ ལྟ་ངས་ཁོ་མུ་མཐུད་ནས་སྐོར་བ་བརྒྱབ་བཅུག་ན་འདོད། རླུང་ལེན་ཕྱིར་ མཆོངས་རྒྱུ་དེ་ཁོ་ལ་དགོས་ངེས་ཤིག་རེད། ཡིན་ན་ཡང་། ཐེངས་རེ་རེའི་ རྗེས་ལ་ལྕགས་ཀྱུ་བསྐོན་པའི་རྨ་ཁ་ཇེ་ཆེར་འགྲོ་ཞིང་། དེ་ནས་ཁོས་ལྕགས་ ཀྱུ་གཡུགས་ཐུབ།

“ཨེ་ཉ། མ་མཆོངས་དང་། ཁོས་བཤད། “མ་མཆོངས།”

ཉ་ཡིས་ལྕགས་སྐུད་ལ་ཐེངས་ཁ་ཤས་ཀྱིས་མང་བ་གཞུས་ཤིང་། ཐེངས་རེ་རེ་ལ་རྒད་པོས་མགོ་གཡུགས་ཤིང་ཉ་ཐག་ཅུང་ཙམ་རེ་གློད།

ངས་ཁོའ་ི ན་ཟུག་དེ་གང་ན་ཡོད་པ་དེར་འཇོག་དགོས། ཁོས་ བསམས། ངའི་དེ་གང་ཡང་བྱེད་ཀྱི་མ་རེད། ངའི་དེ་ངས་སྒོམ་ཐུབ། ཡིན་ ན་ཡང་ཁོའ་ི ན་ཟུག་གིས་ཁོ་སྨྱོན་པ་བཟོ་གི་རེད།

ཅུང་ཙམ་འགོར་ནས་ཉ་ཡིས་ལྕགས་སྐུད་ལ་རྡེག་པ་མཚམས་


རྒད་པོ་དང་རྒྱ་མཚོ།

89

བཞག ཡང་བསྐྱར་ག་ལེར་སྐོར་བ་བྱེད་པའི་མགོ་བཙུགས། རྒད་པོས་ད་ ནི་ཉ་ཐག་དེ་མུ་མཐུད་ནས་ཚུར་འཐེན་གྱི་ཡོད། ཡིན་ན་ཡང་། ཡང་བསྐྱར་ ཁོ་མགོ་ཡོམ་འཁོར་བ་ཞིག་ཚོར། ཁོས་རང་གི་ལག་པ་གཡོན་མས་རྒྱ་མཚོ་ ནས་ཆུ་བླངས་ནས་རང་གི་མགོ་ལ་བླུགས། དེ་ནས་ཆུ་རང་གི་སྐེ་དང་སྐེ་ རྒྱབ་ལ་བླུགས་ཤིང་བྱུགས། “ང་ལ་ད་ལྟ་རེངས་པ་གང་ཡང་མེད།” ཁོས་བཤད། “ཁོ་མགྱོགས་ པོར་ཡར་ཡོང་གི་རེད་ལ། ང་འདི་མཐར་འཁྱོལ་བ་བྱེད། ཁྱོད་ཀྱིས་མཐར་ འཁྱོལ་དགོས། དེའི་སྐོར་ལ་སྐད་ཆ་ཡང་མ་བཤད།”

ཁོ་གྲུ་གདོང་ལ་པུས་མོ་སྙེས་ནས་བསྡད། སྐད་ཅིག་གི་རིང་ལ་ཁོའ ི་ རྒྱབ་ནས་ཉ་ཐག་དེ་ཡང་བསྐྱར་ཤར ོ ། ཁོ་ཕྱིར་སོང་ནས་སྐོར་ར་བྱེད་པའི་ སྐབས་འདི་ལ་ངས་ངལ་གསོ་བྱེད་ཀྱི་ཡིན་ལ། དེ་ནས་ཁོ་ཚུར་ཡོང་དུས་ང་ ཡར་ལངས་ཏེ་ཁོའ ི་ཐོག་ལས་ཀ་བྱེད་ཀྱི་ཡིན། ཁོས་ཐག་གཅོད་བྱས།

གྲུ་མདུན་ནས་ངལ་གསོ་བྱེད་པ་འདི་ནི་ཧ་ཅང་གི་འདོད་རྔམ་ ཆེན་པོ་ཞིག་རེད། ཉ་ཐག་གང་ཡང་ཚུར་མ་བླངས་པར་ཉ་རང་གིས་སྐོར་ བ་གཅིག་བྱེད་དུ་འཇུག ཡིན་ན་ཡང་། འཐེན་ཤུགས་ཀྱིས་ཉ་དེ་གྲུ་ཆུང་ གི་ཕྱོགས་ལ་ཚུར་ཡོང་བ་བསྟན་དུས་རྒད་པོ་རང་གི་རྐང་པའི་ཐོག་ཡར་ ལངས། འཁྱོར་ཞིང་འགུལ་ནས་འཐེན་མགོ་བཙུགས་ལ། ཉས་དྲངས་པའི་ ཉ་ཐག་ཚང་མ་ནང་དུ་བླངས། ང་ད་བར་དུ་ཐང་ཆད་མ་མྱོང་བ་ཞིག་ཐང་ཆད་འདུག ཁོས་ བསམས། ད་ནི་རྒྱ་མཚོའི་ཚོང་རླུང་ལངས་བཞིན་འདུག འོན་ཀྱང་། དེ་ ནི་ཁོ་ངའི་མཉམ་དུ་འཁྱེར་རྒྱུ་ལ་ཕན་པ་ཞིག་རེད། དེ་ང་ལ་ཤིན་ཏུ་མཁོ།


90 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཁོ ་ སྐོ ར ་ཐེ ང ས་རྗེ ས ་མའི ་ སྐབས་ཕྱི ར ་འགྲོ ་ དུས་ངས་ངལ་གསོ ་ བྱེ ད ་ཀྱི ་ ཡིན།” ཁོས་བཤད། “ངས་ཧ་ཅང་བཟང་བ་ཚོར། དེ་ནས་ཐེངས་གཉིས་ དང་གསུམ་གྱི་ནང་ཚུན་ལ་ང་ལ་ཁོ་ཐོབ་ཀྱི་རེད།” ཉ་ཡིས་ཁ་བསྒྱུར་བ་ཚོར་སྐབས། ཉ་ཐག་གི་འཐེན་ཤུགས་ཀྱིས་ ཁོ་གྲུ་ཆུང་གི་གདོང་སྣེར་བརྡབས་ཤིང་། ཁོའ ི་རྩྭ་ཞྭ་དེ་མགོ་ལྟག་ལ་སླེབས་ འདུག

ཁྱོད་ཀྱིས་ལས་ཀ་བྱོས་དང་། ཉ། ཁོས་བསམས། ཁྱོད་ཀྱིས་ཁ་ལོ་ བསྒྱུར་དུས་ངས་ཁྱོད་ལེན་གྱི་ཡིན།

རྒྱ་མཚོ་དེ་དཔག་ཚོད་ཀྱིས་རྒྱས་འདུག ཡིན་ན་ཡང་གནམ་ གཤིས་དང་མཐུན་པའི་རླུང་ལྡང་ལ། ཁྱིམ་ལ་ལོག་ཆེད་ཁོ་ལ་རླུང་དེ་ དགོས་ངེས་པ་ཞིག་རེད། “ངས་ལྷོ་དང་ནུབ་ལ་ཁ་བསྒྱུར་ཙམ་བྱེད་ཀྱི་ཡིན།” ཁོས་བཤད། “རྒྱ་མཚོའི་ནང་ཕོ་ཁྱོ་ག་ཞིག་བོར་མྱོང་མེད་ལ། རྒྱ་མཚོ་ནི་མཚོ་གླིང་རིང་ མོ་ཞིག་རེད།”

ཁོས་ཉ་ཐོག་མར་མཐོང་དུས་ནི་སྐོར་ར་ཐེངས་གསུམ་པ་དེ་རེད།

“མ་རེད།” ཁོས་བཤད། “ཁོ་དེ་ཙམ་གྱིས་ཆེན་པོ་ཞིག་ཡིན་མི་སྲིད།”

ཁོས་ཐོག་མར་གྲིབ་མ་ནག་པོ་ཞིག་ལྟར་མཐོང་ཞིང་། དེ་གྲུ་ཆུང་ གི་འོག་ནས་ཐོན་ཚར་རྒྱུ་ལ་དུས་ཚོད་རིང་པོ་འགོར། ཁོ་འདིའི་རིང་ཚད་ ལ་ཡིད་ཆེས་མི་ཐུབ་པར་གྱུར།


རྒད་པོ་དང་རྒྱ་མཚོ།

91

ཡིན་ནའང་། ཁོ་དེ་ཙམ་ཞིག་ཆེ་ཞིང་། སྐོར་ར་འདིའི་མཐའ་མ་ལ་ཁོ་གོམ་ པ་སུམ་ཅུའི་ཕ་རོལ་ནས་རྒྱ་མཚོའི་ཁ་ལ་ཐོན། མི་འདིས་ཁོའ་ི མཇུག་མ་དེ་ ཆུའི་ཕྱི་རོལ་དུ་ཡོད་པ་མཐོང་། དེ་ནི་ཟོར་བ་རིང་མོ་ཞིག་ལས་མཐོ་ལ། མུ་ མེན་མདོག་སྐྱ་བོ་ཞིག་ཆུ་སྔོ་ནག་གི་སྟེང་ལ་འདུག ཉ་དེ་རྒྱ་མཚོའི་ངོས་ ཀྱི་གཤམ་དེར་རྐྱལ་རིམ་བཞིན། མཇུག་མ་དེ་ཕྱིར་གཡུགས་ཤིང་། རྒད་ པོས་ཁོ་ལ་བརྒྱན་པའི་མུ་མེན་མདོག་གི་ཁྲ་ཐིག་ཆེན་པོ་དག་མཐོང་ཐུབ་ ཀྱི་འདུག ཁོའ་ི ཟེ་བའི་གཤོག་པ་མར་ཉལ་ཞིང་། ཁོའ་ི ཟུར་གྱི་གཤོག་པ་ གཉིས་རྒྱ་ཆེར་བཀྲལ་ནས་འདུག སྐོར་ར་འདིའི་སྐབས་ལ་རྒད་པོས་ཉ་འདིའི་མིག་དང་འཇིབ་ཉ་ གཉིས་ཀྱིས་ཁོའ ི་མཐའ་ལ་སྐོར་ཏེ་རྐྱལ་རྒྱག་པ་མཐོང་ཐུབ། མཚམས་རེར་ དེ་ཚོ་ཁོ་ལ་འབྱར་ཏེ་སྡོད་ཅིང་། མཚམས་མཚམས་ལ་ཁ་བྲལ་ནས་འགྲོ མཚམས་མཚམས་ལ་ཁོའ ི་གྲིབ་མའི་ནང་ལས་སླ་པོར་རྐྱལ་རྒྱག ཁོ་ཚོ་རེ་རེ་ བཞིན་ཁྲུ་གསུམ་ལས་རིང་བ་འདུག ཁོང་ཚོ་རྐྱལ་མགྱོགས་པོར་རྒྱག་སྐབས་ ཁོང་ཚོའི་གཟུགས་པོ་ཡོད་ཚད་སྦྲེལ་ནས་མཚོ་སྦྲུལ་ཨེལ་ལྟར་འདུག ད་ནི་རྒད་པོ་ལ་རྔུལ་ནག་ཐོན་གྱི་འདུག དེ་ཡང་ཉི་མའི་འོད་དང་ དེ་མིན་གྱི་གཞན་ཞིག་ནས་རེད། ཉ་ཡིས་ཞི་འཇམ་གྱི་སྐོར་ར་བྱེད་ཐེངས་རེ་ ལ་ཁོས་ཉ་ཐག་ཚུར་ལེན་གྱིན་ཡོད། སྐོར་ར་བྱེད་ཐེངས་བསྐྱར་མ་གཉིས་ཀྱི་ ནང་དུ་མདུང་བསྣུན་པའི་གོ་སྐབས་ཡོང་གི་ཡོད་པ་ཁོ་ལ་ཏན་ཏན་འདུག

ཡིན་ནའང་། ངས་ཁོ་ཐག་ཉེ་བོ་ནས་ཉེ་བོ། ཉེ་བོ་ལ་ལེན་དགོས། ཁོས་བསམས། ངས་ཏན་ཏན་མགོ་ལ་རྒྱག་རྩིས་བྱེད་མི་རུང་། ངས་སྙིང་ལ་ ཕོག་པ་བྱེད་དགོས།

“རྒད་པོ། ལྷོད་ལྷོད་དང་མཁྲེགས་པོ་བྱོས་ཨ།” ཁོས་བཤད།


92 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

སྐོར་ར་རྗེས་མ་དེ་ལ་ཉ་ཡི་རྒྱབ་དེ་ཕྱིར་ཐོན་མོད། ཁོ་གྲུ་ཆུང་དང་ཅུང་ཐག་ རིང་ས་ན་འདུག སྐོར་ར་དེའི་རྗེས་མ་ལ་ཁོ་ད་དུང་ཡང་ཐག་ཅུང་རིང་ས་ ལ་འདུག་མོད། ཁོ་ཆུ་ལས་ཕྱིར་ཐོན་ཚད་མཐོ་རུ་སོང་འདུག རྒད་པོ་ལ་ ཡང་ཁོས་ཉ་ཐག་ཅུང་མང་བ་ཞིག་ཚུར་ལེན་ཐུབ་པ་ཡིན་ན། ཁོ་འཁྲིས་ ལ་ལེན་ཐུབ་པའི་གདེང་ཚོད་སླེབས། ཆེས་སྔ་མོ་ཞིག་ནས་ཁོས་རང་གི་མདུང་དེ་གྲ་སྒྲིག་བྱས་ཟིན་ ཡོད་ལ། དེའི་ཉ་ཐག་ཡང་མོ་དེ་སླེ་བོ་གོར་མོ་ཞིག་གི་ནང་དུ་ཡོད་ཅིང་། དེའི་སྣེ་དེ་གྲུ་ཆུང་གི་ཕུར་བུ་ལ་བཏགས་ཡོད། ཉ་དེ་ཁོའ་ི སྐོར་ར་འདི་ལ་ནང་ཕྱོགས་སུ་ཞི་འཇམ་དང་མཛེས་ པོའ ི་ངང་ཡོང་གིན་འདུག་ལ། ཁོའ ི་གྲ་ལེགས་པོའ ི་མཇུག་མ་ཁོ་ན་འགུལ་གྱི་ འདུག རྒད་པོས་ཁོ་རང་གི་ཐག་ཉེ་སར་ལེན་ཆེད་གང་ཐུབ་ཐུབ་ཀྱིས་འཐེན། སྐད་ཅིག་གི་ཡུན་ལ་ཉ་དེ་ཁོའ ི་གཞོགས་གཅིག་ལ་ཅུང་ཙམ་ཁ་བསྐོར་ཞིང་། དེ་ནས་ཁོ་རང་དྲང་མོར་བསྲིངས་ཏེ་སྐོར་ར་གཞན་ཞིག་གི་མགོ་བཙུགས།

“ངས་ཁོ་འགུལ་བཅུག་པ་རེད།” རྒད་པོས་བཤད། “དེས་ན། ངས་ ཁོ་འགུལ་བཅུག་པ་རེད།” ད་ཆ་ཁོ་བསྐྱར་དུ་མགོ་ཡོམ་འཁོར། ཡིན་ནའང་། ཁོས་ཤུགས་ ཡོད་ཚོད་ཀྱིས་ཉ་ཆེན་འདི་བཟུང་ནས་བསྡད། ངས་ཁོ་འགུལ་བཅུག་པ་ རེད། ཁོས་བསམས། གཅིག་བྱས་ན། ཐེངས་འདིར་ངས་ཁོ་ལེན་ཐུབ་ཀྱི་ རེད། འཐེན་ཞིག ལག་པ་གཉིས། ཁོས་བསམས། བཟུང་ལ་སྡོད། རྐང་པ་ གཉིས། ངའི་ཆེད་དུ་མཐར་འཁྱོལ་བ་བྱོས་དང་། མགོ ངའི་ཆེད་དུ་མཐར་ འཁྱོལ་བ་བྱོས་དང་། ཁྱོད་གཏན་ནས་སོང་མེད། ཐེངས་འདིར་ངས་ཁོ་ཚུར་ འཐེན་གྱི་ཡིན།


རྒད་པོ་དང་རྒྱ་མཚོ།

93

ཡིན་ན་ཡང་། ཁོས་རང་གི་ཤུགས་ཡོད་ཚད་བཀོལ་ནས་ཉ་འདི་འཁྲིས་ ལ་མ་བླངས་བར་དུ་ཆེས་ལེགས་པོར་ཡོང་མོད། ཉ་ཡིས་རང་གི་ཤུགས་ ཡོད་ཚད་ཀྱིས་འཐེན་ཞིང་། རྒྱ་བསྐྱེད་དེ་འཐེན། དེ་ནས་རང་ཉིད་དྲང་མོ་ བཟོས་ཏེ་ཕར་རྐྱལ་བརྒྱབ་ནས་སོང་། “ཨེ་ ཉ།” རྒད་པོས་བཤད། “ཨེ་ ཉ། གང་ལྟར་ཡང་ཁྱེད་རང་ཤི་ དགོས་པ་རེད། ཁྱེད་ཀྱིས་ང་ཡང་གསོད་དགོས་སམ།” དེ་ལྟར་བྱས་ནས་གྲུབ་འབྲས་གང་ཡང་མ་ཐོན་པ་རེད། ཁོས་ བསམས། ཁོའ ི་ཁ་ནི་སྐད་ཆ་བཤད་རྒྱུ་ལ་ཤིན་ཏུ་སྐམ་ནས་ཡོད་མོད་ད་ལྟ་ཁོ་ ཆུ་ལ་སྙོབ་ཐུབ་པ་མི་འདུག ཐེངས་འདིར་ངས་ཁོ་ཏན་ཏན་འཁྲིས་ལ་ལེན་ དགོས། ཁོས་བསམས། ང་ནི་སྐོར་བ་ཆེས་མང་བ་ཞིག་ལ་མི་བཟང་། བཟང་། ཁྱོད་བཟང་། ཁོས་ཁེར་བཤད་བྱས། ཁྱོད་ནམ་ནམ་ཚེ་ཚེ་ལ་བཟང་།

ཐེངས་རྗེས་མ་དེ་ལ། ཁོ་ཐོབ་གྲབས་བྱས་མོད། ཡང་བསྐྱར་ཉ་ ཡིས་རང་ཉིད་དྲང་མོ་བཟོས་ཏེ་ག་ལེར་ཕར་རྐྱལ་བརྒྱབ་ནས་སོང་། ཨེ་ ཉ། ཁྱོད་ཀྱིས་ང་གསོད་ཀྱི་འདུག རྒད་པོས་བསམས། ཡིན་ནའང་ ཁྱེད་ལ་དེ་ལྟར་བྱེད་པའི་ཐོབ་ཐང་ཡོད་པ་རེད། ཨེ་ སྤུན་མཆེད་ལགས། ངས་ ཁྱོད་ལས་ལྷག་པའི་དངོས་པོ་རླབས་ཆེན་ཞིག་དང་། མཛེས་པ་ཞིག ཞི་བ་ཞིག བདེན་པ་ཞིག་གཏན་ནས་མཐོང་མ་མྱོང་། རྒད་པོས་བསམས། ཡར་ཤག ོ ་ལ་ང་ སོད་དང་། ང་ལ་ སུས་སུ་བསད་པ་ལ་ཁྱད་པར་མི་འདུག

ད་ཁྱེད་ཀྱི་མགོའ་ི ནང་མགོ་རྙོག་ཐེབས་ཡོང་གིན་འདུག ཁོས་ བསམས། ཁྱོད་ཀྱིས་ཏན་ཏན་ཁྱོད་ཀྱི་མགོ་གསལ་པོ་བྱེད་དགོས། མགོ་ གསལ་པོར་སྡོད་ལ། ཕོ་ཁྱོ་ག་བཞིན་སྡུག་འཁྱེར་སྟངས་ཤེས་པར་གྱིས།


94 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཡང་ན། ཉ་བཞིན། ཁོས་བསམས།

“གསལ་པོ་བྱོས་དང་། མགོ།” ཁོས་རང་གིས་ཀྱང་གོ་དཀའ་བའི་ གདངས་ཤིག་གིས་བཤད། “གསལ་པོ་བྱོས།”

ཐེངས་གཉིས་ལས་མང་བ་ཞིག་ལ་སྐོར་ར་དེ་གཅིག་པ་རེད།

ངས་མི་ཤེས། རྒད་པོས་བསམས། ཐེངས་རེ་རེ་ལ་ཁོས་ཁོང་རང་ ཉིད་འགྲོ་གི་འདུག་བསམས་བསམས་ཀྱི་ཚོར་བ་ཞིག་གི་མཚམས་ལ་སླེབས་ འདུག ངས་མི་ཤེས། ཡིན་ན་ཡང་། ངས་ཡང་བསྐྱར་ཚོད་ལྟ་བྱེད་ཀྱི་ཡིན།

ཁོས་ཡང་བསྐྱར་ཚོད་ལྟ་ཞིག་བྱས། ཁོས་ཉ་ཁ་བསྒྱུར་བའི་སྐབས་ དེར་ཁོས་རང་ཉིད་འགྲོ་གི་ཡོད་པའི་ཚོར་བ་ཞིག་སླེབས། ཉ་ཡིས་ཁོ་རང་ རང་འཇགས་ཁ་བསྒྱུར་ཏེ་མཇུག་མ་ལེགས་པ་དེ་བར་སྣང་ནས་གཡུགས་ བཞིན་ཡང་བསྐྱར་ག་ལེར་རྐྱལ་ནས་སོང་། ངས་ཡང་བསྐྱར་ཚོད་ལྟ་བྱེད་ཀྱི་ཡིན། རྒད་པོས་ཁས་ལེན་བྱས། ཡིན་ན་ཡང་ཁོའ་ི ལག་པ་རྣམས་རྔུལ་ནག་གིས་བརྫིས་ནས་འདུག ཁོས་ རབ་རིབ་ཙམ་ཞིག་ལས་མཐོང་མི་ཐུབ། ཁོས་ཡང་བསྐྱར་ཚོད་ལྟ་བྱས། དེ་ནི་རང་འཇགས་རེད། དེ་ནས། ཁོས་མགོ་མ་བཙུགས་གོང་ནས་ཁོང་འགྲོ་གི་ཡོད་པ་ཞིག་བསམས་ཤིང་ ཚོར། ངས་ཡང་བསྐྱར་ཚོད་ལྟ་ཞིག་བྱེད་ཀྱི་ཡིན།

ཁོས་ན་ཟུག་ཡོད་ཚད་སྒོམ་ནས་ཤུགས་ལྷག་མ་རྣམས་བཀོལ། སྔོན་ནས་ཡལ་ཟིན་པའི་ང་རྒྱལ་སྒོམ། ཁོས་དེ་རྣམས་ཉ་ཡི་ན་ཟུག་ཐོག་ དྲངས། ཉ་དེ་ཁོའ་ི ཕྱོགས་ལ་ཚུར་སླེབས། ཁོའ་ི འཁྲིས་དེར་གཟི་བརྗིད་


རྒད་པོ་དང་རྒྱ་མཚོ།

95

ཀྱི་ངང་ནས་རྐྱལ་བརྒྱབ། ཁོའ་ི མཆུ་ཏོ་དེས་གྲུ་ཆུང་གི་ཤིང་ལེབ་ལ་ཐུག་ གྲབས་བྱེད། གྲུ་ཆུང་ལས་བརྒལ་མགོ་བཙུགས། རིང་པོ། ཟབ་པོ། རྒྱ་ཆེན་པོ། དངུལ་མདོག མུ་མེན་མདོག་གི་ཁྲ་ཐིག་བརྒྱན་པ། རྒྱ་མཚོའི་ནང་རྫོགས་ རྒྱུ་མེད་པ་ཞིག་རེད།

རྒད་པོས་ཉ་ཐག་གློད། དེའི་ཐོག་རྐང་པས་མནན། རང་གི་ཐུབ་ ཚོད་ཀྱི་ཉ་མདུང་མཐོན་པོར་བཀྱགས། ཤུགས་ཡོད་ཚད་ཀྱིས་ཉ་མདུང་ མར་འཕངས། རང་གིས་ད་ལྟ་རང་བཀུག་པའི་ཤུགས་ལས་མང་བ་ཞིག་ བཀོལ། མིའི་བྲང་ཁ་ཡི་ཐད་ཀར་ཡར་ལངས་པའི་ཉ་ཡི་རླབས་ཆེན་གྱི་ བྲང་ཁའི་གཤོག་པའི་རྒྱབ་དེ་མ་ཐག་ལ་འཕངས། ཁོས་ལྕགས་དེ་ནང་དུ་ འཛུལ་བ་ཚོར། ཁོ་དེའི་ཐོག་སྙེས། ནང་དུ་མང་བ་འཛུལ་ཕྱིར་དེ་དེད། དེ་ ནས་ཁོའ་ི ལྗིད་ཡོད་ཚད་དེའི་སྟེང་བཀལ་ནས་དེད། དེ་ནས་ཉ་དེ་གསོན་པོར་སླེབས། ཁོའ ི་འཆི་བ་དེ་ཁོའ ི་ནང་ལ་ འདུག ཆུའི་ནང་ནས་ཡར་མཐོན་པོར་བསྒྲེངས། ཁོའ ི་རླབས་ཆེན་གྱི་རིང་ ཚད་དང་ཞེང་ཁ། ཁོའ ི་སྟོབས་ཤུགས། ཁོའ ི་མཛེས་སྡུག་རྣམས་སྟོན་བཞིན་ འདུག ཁོ་ནི་གྲུ་ཆུང་ནང་གི་རྒད་པོའ ི་སྟེང་གི་ནམ་མཁའ་ལ་བཏགས་པ་དང་ མཚུངས། དེ་ནས་ཆུའི་ནང་ལ་མར་ཟགས། ཆུ་ལ་བརྡབས་པ་དང་མཉམ་དུ་ ཆུའི་ཟེགས་མ་རྣམས་གྲུ་ཆུང་གི་ཁྱོན་ཡོངས་དང་རྒད་པོའ ི་སྟེང་སྟོར།

རྒད་པོ་མགོ་ཡོམ་འཁོར་ཞིང་ན་ཟུག་ལངས། ཁོས་ལེགས་པོར་ མཐོང་མི་ཐུབ། ཡིན་ནའང་ཁོས་ཉ་མདུང་གི་ཐག་པ་བསངས་ཤིང་ལག་པ་ བསྟར་ནས་ག་ལེར་གློད། ཁོས་མཐོང་ཐུབ་པའི་སྐབས་དེར་ཉ་དེས་ལྟག་རྒྱབ་ ལོག་ནས་རང་གི་དངུལ་མདོག་གི་གྲོད་པ་ཡར་བསྟན་ཡོད་པ་མཐོང་། མདུང་ གི་ཡུ་བ་དེ་ཉ་ཡི་ཕྲག་པའི་ཟུར་ནས་ཕྱིར་ཐོན་ཡོད་ལ། ཁོའ ི་སྙིང་ནས་ཐོན་པའི་


96 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁྲག་གི་དམར་མདོག་གིས་རྒྱ་མཚོའི་མདོག་བསྒྱུར་བཞིན་འདུག ཐོག་མར་དེ་ ནི་ཆུ་སྔོན་མོའ ི་ནང་དུ་མཚོ་ཞབས་ཀྱི་བྱེ་མའི་མཐིལ་ཞིག་དང་མཚུངས་པར་ མདོག་ནག་ལ། མེལ་ལེ་གཅིག་གི་གཏིང་དུ་སོང་འདུག དེ་ནས་སྤྲིན་བཞིན་ བཀྲལ་ནས་སོང་། ཉ་དེ་དངུལ་མདོག་ལྡན་ཅིང་གཡོ་འགུལ་བྲལ། རྒྱ་མཚོའི་རྦ་ རླབས་དང་འགྲོགས་ནས་ཆུ་ཁར་གཡེངས་འདུག

རྒད་པོས་རང་ལ་ཡོད་པའི་མིག་ཤེས་གསལ་ལ་མི་གསལ་བ་དེས་ ཞིབ་ལྟ་ཐུང་ཐུང་ཞིག་བྱས། དེ་ནས་ཁོས་གྲུའི་ཕུར་བུའི་མཐའ་སྐོར་ལ་ཉ་མདུང་ གི་ཉ་ཐག་ལ་སྐོར་བ་གཉིས་བྱས་ཏེ་དཀྲིས། ཁོའ ི་མགོ་ལག་པའི་ཐོག་སྙེས།

“ངའི་མགོ་དྭངས་མོར་ཉོར་དང་།” ཁོ་གྲུ་མདུན་གྱི་ཤིང་ལེབ་ལ་ སྙེས་ནས་བཤད། “ང་ཐང་ཆད་པའི་རྒད་པོ་ཞིག་ཡིན། ཡིན་ན་ཡང་། ངས་ ངའི་སྤུན་དུ་གྱུར་པའི་ཉ་འདི་བསད་པ་རེད། ད་ངས་གཡོག་ལས་རྣམས་ བྱེད་དགོས།”

ད་ངས་ཁོ་གཞོགས་གཅིག་ལ་འདོགས་རྒྱུའི་ཨ་ལོང་དང་། ཐག་ པ་གྲ་སྒྲིག་བྱེད་དགོས། ཁོས་བསམས། མཐའ་ན་ང་ཚོ་མི་གཉིས་ཡོད་ན། དེ་ནས་ཁོ་ནང་དུ་འདྲེན་ཕྱིར་ཆུ་མོ་ནང་དུ་བཅུས་རྗེས། ཆུ་མོ་ཕྱིར་འདོན་ ཆོག་ནའང་། གྲུ་ཆུང་འདིས་ཁོ་གཏན་ནས་འགྱོགས་ཐུབ་ཀྱི་མ་རེད། ངས་ ཚང་མ་གྲ་སྒྲིག་བྱེད་དགོས། དེ་ནས་ཁོ་ཚུར་དྲངས་ཏེ། ཡག་པོ་བྱས་ནས་ འདོགས་དགོས། དེ་ནས་གྲུའི་དར་ཤིང་བསླངས་ནས་ཁྱིམ་ལ་ལོག་འགྲོ ཉ་དེ་ཁོའ་ི ཉེ་འཁྲིས་ལ་ལེན་ཕྱིར་ཁོས་ཚུར་འཐེན་པའི་མགོ་བཙུགས། དེ་ ལྟར་བྱས་ན་ཁོས་ཉ་འདིའི་དབུགས་ལྒང་ལས་ཐག་པ་བརྒྱུས་ནས་ཁའི་ ནང་ནས་བཏོན་ཏེ། ཉའི་མགོ་དེ་གྲུའི་གདོང་སྣེ་ལ་བསྡམས་ཆོག་གི་རེད། ངས་ཁོ་ལ་བལྟས་ན་འདོད། ཁོས་བསམས། ཁོ་ལ་རེག་ཅིང་ཚོར་བར་བྱས་


རྒད་པོ་དང་རྒྱ་མཚོ།

97

ན་འདོད། ཁོ་ནི་ངའི་བསོད་ནམས་ཀྱི་རྒྱུ་རྫས་རེད། ཁོས་བསམས། འོན་ ཀྱང་། དེ་ནི་ངས་ཁོ་ཚོར་ན་འདོད་པའི་རྒྱུ་མཚན་དེ་མ་རེད། ངས་ཉ་མདུང་ གི་ཡུ་བ་ལ་ཐེངས་གཉིས་པ་མནན་པའི་སྐབས་དེ་ལ། ངས་བལྟས་ན། ངས་ ཁོའ་ི སྙིང་ཚོར་བྱུང་། ཁོས་བསམས། ད་ཁོ་ཚུར་ལོངས་ལ་ཁྱིགས། ཁོ་གྲུ་ཆུང་ ལ་འདོགས་སླད། ཨ་ལོང་ཞིག་ཁོའ་ི མཇུག་མ་ལ་བསྐོན། གཞན་གཅིག་ གིས་སྐེད་ནས་ཁྱིགས་ལ། ཁོ་གྲུ་ཆུང་ལ་ཚུར་ཡོན་ཆུགས། “རྒད་པོ། ལས་ཀ་ལ་ཞུགས།” ཁོས་བཤད། ཁོས་ཆུ་ཅུང་ཙམ་ཞིག་འཐུང་། “འཐབ་འཁྲུག་ཚར་བའི་རྗེས་ལ་གཡོག་ལས་མང་བོ་བྱེད་རྒྱུ་བསྡད་འདུག”

ཁོས་ནམ་མཁའ་ལ་ཡར་བལྟས་ཤིང་དེ་ནས་ཁོའ་ི ཉ་ལ་བལྟས། ཁོས་ཉི་མ་ལ་གཟབ་ནན་གྱིས་བལྟས། ད་ཉི་མའི་གུང་ལས་ལྷག་ཅིག་མ་ རེད། ཁོས་བསམས། ཚོང་རླུང་ལངས་བཞིན་འདུག ཉ་ཐག་རྣམས་ལ་ད་ རིན་ཐང་གང་ཡང་མེད། ང་ཚོ་ཁྱིམ་ལ་སླེབས་སྐབས་བུ་ཆུང་དང་ངེད་ གཉིས་ཀྱིས་དེ་ཚོ་མཐུད་ཆོག “ཚུར་ཤག ོ ་དང་ཉ།” ཁོས་བཤད། ཡིན་ནའང་ཉ་ཚུར་མ་ཡོང་། དེའི་ ཚབ་ལ་ཁོ་ད་ནི་རྒྱ་མཚོའི་ཁར་གཡེངས་ནས་འདུག རྒད་པོས་གྲུ་ཆུང་དེ་ ཁོ་ཡོད་སར་ཕར་དེད།

ཁོ་དང་ཉ་མཉམ་པོར་བཞག་ནས། ཉ་ཡི་མགོ་དེ་གྲུ་ཆུང་གི་གདོང་ གི་ཁ་སྤྲོད་ལ་བཞག་སྐབས། ཁོང་ནི་དེའི་ཆེ་ཆུང་ལ་ཡིད་ཆེས་དཀའ་བར་ གྱུར། གང་ལྟར། ཁོས་ཉ་མདུང་གི་ཉ་ཐག་དེ་ཕུར་བ་ལས་གྲོལ། དེ་ཉ་ཡི་ དབུགས་ལྒང་དང་འགྲམ་སོའ་ི བར་ནས་བརྒྱུས། དེ་ནས་ཐག་པ་དེ་ཁོའ་ི སྣ་ རྩེ་རིང་མོ་ལ་སྐོར་བ་ཞིག་བྱས་ནས་དབུགས་ལྒང་གཞན་པ་ནས་བརྒྱུས། ཡང་སྣ་རྩེ་ལ་སྐོར་བ་ཞིག་བྱས་ནས་ཉ་ཐག་བརྩེགས་མ་གཉིས་ལ་མདུད་


98 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

པ་བརྒྱབ་ཏེ་གྲུ་ཆུང་མདུན་གྱི་ཕུར་བུ་ལ་བཏགས། དེ་ནས་ཁོས་ཐག་པ་ གཏུབས། ཁོའ་ི མཇུག་མ་བསྡམས་ཕྱིར་གྲུ་མཇུག་ལ་སོང་། ཉ་ཡི་རང་ གཤིས་ཀྱི་ཚོན་མདོག་མུ་མེན་དང་དངུལ་མདོག་དེ་བརྗེས་ནས་དངུལ་ མདོག་ཆགས་འདུག ཁོའ་ི མཇུག་མ་ཇི་བཞིན་ཁྲ་ཐིག་རྣམས་ནི་མུ་མེན་ སྔོ་སྐྱའི་མདོག་རང་འཇགས་སུ་འདུག ཁྲ་ཐིག་དེ་རྣམས་མི་གཅིག་གི་ ལག་པ་མཛུབ་མོ་དང་བཅས་པ་བཀྱེད་པ་ལས་ཀྱང་རྒྱ་ཆེ་བ་འདུག ཉ་ཡི་ མིག་དེ་ནི་ཁྲ་མཐོང་རྒྱང་ཤེལ་ནང་གི་ཤེལ་སྒོ་དང་ཡང་ན་སེར་ཕྲེང་ཁྲོད་ བཞུགས་པའི་གྲུབ་ཐོབ་ཅིག་དང་མཚུངས།

“དེ་ནི་ཁོ་གསོད་སྟངས་གཅིག་པུ་དེ་རེད།” རྒད་པོས་བཤད།

ཆུ་འཐུང་བ་ནས་བཟུང་རྒད་པོ་ཇེ་བདེ་ཡིན་པ་ཚོར་ཞིང་། ཁོས་ ཁོ་ཕར་མི་འགྲོ་བ་ཤེས་ཡོད་ལ། ཁོའ་ི མགོ་ཡང་དྭངས་མོ་རེད། ཁོའ་ི གནས་ བབ་ལ་བལྟས་ན་རྒྱ་མ་ཆིག་སྟོང་ལྔ་བརྒྱ་ལས་མང་བ་འདུག ཁོས་བསམས། གཅིག་བྱས་ན་དེ་ལས་ཆེས་མང་བ་ཡོད། གལ་སྲིད་ཁོའ་ི ལུས་པོའ་ི སུམ་ཆ་ གཉིས་ཀྱི་ཤ་རྒྱ་མ་རེ་ལ་པེ་ཤ་སུམ་ཅུ་རེ་ཡིན་ན། “དེ་བརྩི་རྒྱུར་ང་ལ་ཞ་སྨྱུག་གཅིག་དགོས།” ཁོས་བཤད། “ངའི་ ཀླད་པ་དེ་ཙམ་མི་གསལ། ཡིན་ན་ཡང་། ངའི་བསམ་ཚུལ་ལ་རྩེ་མོ་བ་ གྲགས་ཅན་ཌི་མཱ་ཇའོ་དེ་རིང་ང་ལ་དགའ་སྤོབས་བྱེད་ཀྱི་ཡོད་རེད། ང་ལ་ རྟིང་རུས་ཀྱི་ན་ཚ་མེད། ཡིན་ནའང་ངའི་རྒྱབ་དང་ལག་པ་དངོས་གནས་ ན་གི་འདུག” རྟིང་རུས་ཀྱི་ན་ཚ་དེ་ཅི་ཞིག་ཡིན་ནམ། ཁོས་བསམས། གཅིག་བྱས་ན་ང་ཚོས་མི་ཤེས་པའི་ངང་ནས་དེ་ང་ཚོ་ལ་ཡོད་ཀྱི་རེད། ཁོས་ཉ་དེ་གྲུ་མདུན་དང་གྲུ་མཇུག་ལ་བཀྱིགས་ཤིང་། གྲུ་སྐེད་ལ་ ཡང་བཀྱིགས། ཁོ་ཤིན་ཏུ་ཆེ་ཞིང་། གྲུ་འདི་ལས་ཧ་ཅང་ཆེ་བའི་གྲུ་གཞན་


རྒད་པོ་དང་རྒྱ་མཚོ།

99

ཞིག་གཞོགས་གཅིག་ལ་བཏགས་པ་དང་མཚུངས། ཁོས་ཉ་ཐག་ལས་དུམ་ བུ་ཞིག་གཏུབས་ཤིང་ཉ་ཡི་མ་མགལ་དེ་སྣ་རྩེ་དང་ལྷན་དུ་བསྡམས། དེས་ ཉ་ཡི་ཁ་མི་གདང་ལ། ཁོང་ཚོ་གང་ཐུབ་ཐུབ་ཀྱིས་གྲ་དག་པོར་བསྐྱོད་ཀྱི་ རེད། དེ་ནས་ཁོས་ཉ་མདུང་གི་དབྱུག་པ་ལ་བརྟེན་ནས་གྲུ་དར་གྱི་འཕྲེད་ ཤིང་འཕྱར་བ་དང་བཅས། གྲུའི་དར་ཤིང་བསླངས་ཤིང་། ལྷན་པ་ཅན་གྱི་གྲུ་ དར་དེས་གྲུ་འཐེན་ནས་ ལྷོ་ནུབ་ཕྱོགས་ལ་ གྲུ་བསྐྱོད་པའི་མགོ་བརྩམས་ སྐབས་དེར་ གྲུ་ཡི་ཕྱེད་ཀ་ཞིག་ཟུར་ལ་སྙེས་ནས་འདུག

ལྷོ་ནུབ་ཀྱི་ཕྱོགས་དེ་གང་ཡིན་མིན་སྟོན་པ་ལ། ཁོ་ལ་ཕྱོགས་སྟོན་ འཁོར་ལོ་མི་དགོས། ཁོས་ཚོང་རླུང་གི་རྒྱུ་བ་དང་གྲུ་ཡོར་གྱི་འཐེན་ཤུགས་ ཙམ་ཞིག་ཚོར་དགོས། ངས་ཉ་ཐག་ཅིག་ལ་ལྕགས་ཀྱི་ཁ་འབྲིད་ཅིག་ བཏགས་ནས་ཆུ་ལ་འཕངས་ན་བཟང་། ཐབས་ཤེས་དེ་བྱས་ཏེ། ཁ་སྦང་ རྒྱུའི་ཆེད་དུ་ཟ་རྒྱུ་ཞིག་དང་འཐུང་རྒྱུ་ཞིག་བཙལ་ན་བཟང་། ཡིན་ན་ཡང་ ཁོས་ལྕགས་ཀྱི་ཁ་འབྲིད་མི་རྙེད། ཉ་སཱར་ཌིན་རྣམས་རུལ་འདུག དེ་བས། ཁོས་མཚོ་རྩྭ་སེར་པོ་དུམ་བུ་ཞིག་ལ་ཁོའ་ི ཉ་མདུང་བཙུགས་ཤིང་། ཁོང་ཚོ་ སོང་རིམ་བཞིན་དེ་སྤྲུགས། དེ་ལྟར་བྱས་པས། མཚོ་འབུ་ཤི་རཱམ་དེའི་ནང་ ཡོད་པ་རྣམས་གྲུ་ཡི་ཤིང་ལེབ་སྟེང་ཟགས། དེ་ལ་མཚོ་འབུ་བཅུ་གཉིས་ ལས་ལྷག་པ་འདུག དེ་ཚོ་བྱེ་མའི་ནང་གི་འབུ་ཁྲག་འཇིབ་བཞིན་མཆོངས་ ཤིང་རྡེག རྒད་པོས་རང་གི་མཐེ་བོང་དང་གོང་མཛུབ་ཀྱིས་དེ་ཚོའི་མགོ་ བཙིར། དེ་ཚོའི་ཤུན་པགས་དང་རྔ་མ་ལ་ཐུག་གི་བར་དུ་བལྡད་ནས་ཟས། དེ་ཚོ་ཤིན་ཏུ་ཆུང་མོད་བཅུད་ཆེ་བ་དེ་ཁོས་ཤེས། བྲོ་བ་ཡང་བཟང་།

རྒད་པོ་ལ་ད་དུང་ཤེལ་དམ་ནང་ཆུ་ཁམ་གཉིས་འདུག ཁོས་མཚོ་ འབུ་ཤི་རཱམ་ཟས་རྗེས་ཆུ་ཁམ་གང་གི་ཕྱེད་ཀ་ཞིག་བེད་སྤྱོད་བྱས། གྲུའི་ གནས་བབ་ལ་དཔག་ཚོད་ཀྱིས་གྲུ་ཆུང་ཡང་ཡག་པོར་འགྲོ་གིན་འདུག


100 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཁོས་གྲུའི་གྲུ་དཀྱུའི་དབྱུག་པ་དེ་མཆན་འོག་ལ་བཟུང་། ཁོས་ཉ་མཐོང་ ཐུབ་ཅིང་། དོན་དག་འདི་ཚོ་དངོས་གནས་བྱུང་ཡོད་པ་དང་རྨི་ལམ་མིན་ པ་ཤེས་རྒྱུ་ལ། ཁོས་རང་གི་ལག་པ་ལ་བལྟ་ཙམ་བྱེད་པ་དང་གྲུ་མཇུག་ལ་ སྙེས་ནས་སྐེད་པ་ཚོར་བ་ཙམ་བྱེད་དགོས་འདུག ལས་ཀ་འདིའི་མཇུག་ གི་སྐབས་ཀྱི་ཐེངས་མ་གཅིག་ལ་ཁོ་ཧ་ཅང་ན་བའི་དུས་དེར་ཁོས་གཅིག་ བྱས་ན་འདི་ནི་རྨི་ལམ་ཞིག་རེད་བསམས་པ་རེད། དེ་ནས་ཉ་ཆུ་ལས་ ཐོན་ནས་ཆུའི་ནང་མ་ཟགས་པའི་སྔོན་ལ། བར་སྣང་དུ་འགུལ་བསྐྱོད་མེད་ པར་སྡོད་པ་མཐོང་དུས། ཤིན་ཏུ་ནས་ཡ་མཚན་ཅན་གྱི་དོན་ཁ་ཤས་བྱུང་ ཡོད་པ་ཏན་ཏན་རེད་ལ། ཁོ་དེ་ལ་ཡིད་ཆེས་མི་ཐུབ་པར་གྱུར། དེ་ནས་ ཁོའ་ི མིག་གིས་ཡག་པོ་ཞིག་མཐོང་མི་ཐུབ་པརགྱུར། འོན་ཀྱང་། ད་ལྟ་ཁོས་ སྔར་བྱུང་མ་མྱོང་བའི་ཚོད་ཅིག་གིས་མཐོང་ཐུབ་ཀྱི་འདུག

ད་ཁོས་ཉ་འདི་ལ་ཡོད་པ་ཤེས་ཤིང་། ཁོའ ི་ལག་པ་དང་རྒྱབ་རྣམས་ རྨི་ལམ་མིན་པ་ཤེས། ལག་པ་མགྱོགས་པོར་དྲགས་གི་རེད། ཁོས་བསམས། ངས་ཁྲག་གཙང་མར་ཤོར་བཅུག་ཡོད། ཚྭ་ཆུ་འདིས་དེ་གསོ་གི་རེད། རྒྱ་ མཚོ་ངོ་མའི་ཆུ་ནག་ཐིང་ངེ་བ་འདི་ནི་འདི་ན་ཡོད་པའི་གསོ་སྨན་ཡག་ ཤོས་དེ་རེད། ད་ངས་བྱེད་དགོས་པ་ནི་རང་གི་མགོ་དྭངས་མོར་འཇོག་ རྒྱུ་དེ་རེད། ལག་པ་གཉིས་ཀྱིས་རང་གི་ལས་ཀ་བྱས་ཟིན་པ་རེད། ད་ང་ ཚོས་གྲུ་ཡག་པོར་གཏོང་། ཁོའ ི་ཁ་བཙུམས་ཤིང་མཇུག་མ་གྱེན་དང་ཐུར་ དུ་གཡུགས་པ་འདིས་ང་ཚོ་སྤུན་གཉིས་ཀྱི་ཚུལ་དུ་གྲུ་གཏོང་བཞིན་འདུག མཚམས་དེ་ལ་ཁོ་མགོ་ཅུང་ཟད་ཅིག་འཐོམས། ཁོས་བསམས། ཁོས་ང་ནང་ལ་ འཁྱེར་གྱི་ཡོད་དམ། ངས་ཁོ་ནང་ལ་འཁྱེར་གྱི་ཡོད། གལ་སྲིད་ངས་ཁོ་གཞུག་ ལ་དྲུད་ནས་ཡོང་གི་ཡོད་ན་འདི་ལ་དྲི་བ་ཡོང་དོན་མེད། ཡང་ཉ་འདི་གྲུ་ཆུང་ གི་ནང་ལ་བཞག་ཅིང་། ཁོའ ི་གཟི་མདངས་ཤར ོ ་ནས་ཡོང་གི་ཡོད་ན། དེ་ལས་ ཀྱང་དྲི་བ་ཡོང་དོན་མེད། ཡིན་ན་ཡང་འདི་གཉིས་གཞོགས་ཕན་ཚུན་ལ་


རྒད་པོ་དང་རྒྱ་མཚོ། 101

བཏགས་ནས་མཉམ་པོར་གྲུ་གཏོང་གི་ཡོད། རྒད་པོས་འདི་ལྟར་བསམས། གལ་ སྲིད་དེས་ཁོ་དགའ་གི་ཡོད་ན། ཁོ་ལ་ང་ནང་དུ་འཁྱེར་བཅུག་ན་ཆོག ང་ཁོ་ ལས་བཟང་ཙམ་ཡོད་པ་ནི་གཡོ་སྒྱུ་ལས་ཡིན་ཅིང་། ཁོས་ང་ལ་གནོད་སེམས་ བཅངས་མེད།

ཁོང་ཚོས་གྲུ་ཡག་པོར་གཏོང་གི་འདུག་ལ། རྒད་པོས་རང་གི་ལག་ པ་གཉིས་དེ་ཚྭ་ཆུའི་ནང་སྦང་ཞིང་རང་གི་མགོ་དྭངས་མོར་འདུག་པའི་ཐབས་ ཤེས་བྱས། གནམ་གྱི་མཐོ་ས་ན་སྤྲིན་པ་ལེབ་མོ་ཆེན་པོ་འདུག་ལ། དེའི་སྟེང་ ལ་སྤྲིན་པ་སྲབ་མོ་གང་འཚམས་ཤིག་འདུག དེ་བས་རྒད་པོས་ཀྱང་རླུང་འདི་ མཚན་གང་ལ་འདུག་རྒྱུ་ཡིན་པ་ཤེས། ཉ་འདི་དངོས་གནས་ཡིན་པ་ཏན་ཏན་ བཟོ་ཕྱིར་རྒད་པོས་ཉ་ལ་མུ་མཐུད་ནས་བལྟས། དེ་ནི་ཉ་ཤྲག་ཐོག་མ་དེ་སླེབས་ པའི་ཆུ་ཚོད་གཅིག་གི་སྔོན་ལ་རེད། ཉ་ཤྲག་དེ་གློ་བུར་དུ་ཡོང་བ་ཞིག་མ་རེད། རྒྱ་མཚོའི་ནང་ཉ་ཁྲག་ དམར་ནག་སྤྲིན་ལྟར་ཐིམ་ཞིང་བཀྲམས་ནས་མེལ་ལེ་གཅིག་གི་གཏིང་ལ་ སོང་ཡོད་པ་བཞིན། ཁོ་ཡང་རྒྱ་མཚོའི་གཏིང་ནས་ཡར་ཡོང་དགོས་བྱུང་བ་ རེད། ཁོ་ཆེས་མགྱོགས་པོར་ཡར་ཡོང་ཞིང་། ཐེ་ཚོམ་སྤུ་ཙམ་མེད་པར་རྒྱ་མཚོ་ སྔོན་མོའ ི་ངོས་བརྟོལ་ནས་ཡོང་། ཉི་འོད་འོག་འདུག དེ་ནས་ཁོ་རྒྱ་མཚོའི་ནང་ ཡང་བསྐྱར་ཟགས། དྲི་མ་སྣུམ། དེ་ནས་ཉ་དང་གྲུ་ཆུང་གཉིས་འགྲོ་སའི་ཕྱོགས་ དེ་རུ་རྐྱལ་མགོ་བཙུགས།

མཚམས་མཚམས་ལ་ཁོས་དྲི་མ་བོར། ཡིན་ན་ཡང་ཁོས་དྲི་མ་ཡང་ བསྐྱར་སྣུམ་ཐུབ་ཀྱི་འདུག ཡང་ན་ཁོ་ལ་དེའི་ཤུལ་རྙེད་ཀྱི་འདུག ཁོ་ཁ་ཕྱོགས་ འདི་ལ་མགྱོགས་པོ་དང་སྟོབས་ཆེན་པོས་རྐྱལ་བརྒྱབ། ཁོ་ནི་ཤིན་ཏུ་ཆེ་བའི་ཉ་ ཤྲག་མཱ་ཀོ་ཟེར་བ་དེ་རེད་ལ། རྒྱ་མཚོའི་ནང་གི་རྐྱལ་མགྱོགས་ཤས ོ ་ཀྱི་ཉ་ལྟར་ རྐྱལ་ཐུབ་པ་ཞིག་བཟོས་ཡོད། ཁོའ ི་འགྲམ་སོ་མ་གཏོགས་ཡོད་ཚད་སྙིང་རྗེ་པོ་


102 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཡིན། ཁོའ ི་རྒྱབ་དེ་རལ་གྲིའི་ཉ་བཞིན་སྔོན་པོ་ཡིན་ལ། ཁོའ ི་གྲོད་པ་དེ་དངུལ་ མདོག་དང་ཁོའ ི་པགས་པ་དེ་འཇམ་པོ་དང་གཟི་བརྗིད་ཆེ་བ་ཡིན། ཁོའ ི་འགྲམ་ སོ་ཆེན་པོ་མ་གཏོགས་ཁོ་ཡང་རལ་གྲིའི་ཉ་བཞིན་བཟོས་ཡོད་ལ། ཁོ་རྐྱལ་ མགྱོགས་པོར་བརྒྱབ་པ་ལྟར་ད་ཆ་ཁོའ་ི འགྲམ་སོ་དམ་པོར་བསྡམས་འདུག རྒྱ་མཚོའི་ངོས་ཀྱི་གཤམ་འོག་ཙམ་ལ་ཁོ་རྐྱལ་མགྱོགས་པོར་བརྒྱབ་ནས་ཡོང་ གིན་འདུག་ལ། ཁོའ ི་ཟེ་བའི་གཤོག་པ་དེས་འགུལ་བསྐྱོད་མེད་པར་གྲི་ལྟར་རྒྱ་ མཚོ་གཤགས་ནས་ཡོང་གིན་འདུག ཡ་མགལ་མ་མགལ་བཙུམས་པའི་ནང་ ངོས་ལ་སོ་ཕྲེང་བརྒྱད་ཡོད་པ་དེ་ནང་ངོས་སུ་གསེག་ནས་ཡོད། དེ་ཚོ་ནི་ཉ་ ཤྲག་ཕལ་མོ་ཆེ་ལ་ཡོད་པའི་ཟུར་གསུམ་དབྱིབས་ཀྱི་སོ་ཕྲེང་དཀྱུས་མ་རྣམས་ མ་རེད། དེ་ཚོ་ནི་མིའི་མཛུབ་མོ་རྣམས་སྡེར་མོ་བཞིན་བགྲད་པའི་སྐབས་དང་ མཚུངས་པའི་བཟོ་དབྱིབས་ཅན་ཡིན། དེ་ཚོ་ལ་ནི་ཧ་ལམ་རྒད་པོའ ི་མཛུབ་ མོའ ི་རིང་ཐུང་ཡོད་ལ། ཕྱོགས་གཉིས་ཆ་ལ་སྐྲ་གྲི་ལྟར་གྱི་རྩེ་རྣོན་པོ་ཡོད། འདི་ ནི་རྒྱ་མཚོའི་ནང་གི་ཉ་ཡོད་ཚད་ཟ་ཐུབ་པའི་ཆེད་བཟོས་ཡོད་ལ། དེ་ཚོ་ནི་ མགྱོགས་པོ་དང་སྟོབས་ཆེན། མཚོན་ཆ་ལེགས་པོ་བཅས་ཡིན་བརྟེན་ཁོ་ལ་ དགྲ་གཞན་པ་སུ་ཡང་མེད། ད་ཁོས་དྲི་མ་སོས་པ་སྣུམ་པ་བཞིན་ཇེ་མགྱོགས་ ལ་བཏང་ཞིང་ཁོའ ི་ཟེ་བའི་གཤོག་པ་དེས་ཆུ་གཤགས་ནས་ཡོང་། རྒད་པོས་ཁོ་ཡོང་གི་ཡོད་པ་མཐོང་སྐབས། ཁོས་འདི་ནི་སྐྲག་ སྣང་གཏན་ནས་མེད་པའི་ཉ་ཤྲ ག་གིན་པ་དང་རང་གི་འདོད་པ་ཇི་བཞིན་ བྱེད་མཁན་དེ་ཡིན་པ་ཤེས། ཁོས་ཉ་ཡོང་གིན་ཡོད་པ་ལ་བལྟ་ཞོར་ཉ་ མདུང་གྲ་སྒྲིག་བྱས་ཤིང་དེ་ལ་ཐག་པ་གཅིག་བསྡམས། ཐག་པ་དེ་ལ་ནི་ ཁོས་ཉ་བསྡམས་ཕྱིར་བཅད་པའི་ཆ་དེ་མེད་སྟབས་ཐུང་ཐུང་ཡིན། རྒད་པོའ ི་མགོ་ནི་ད་ཆ་བཟང་ཞིང་དྭངས་མོར་འདུག ཁོ་བློ་སྤོབས་ ཀྱིས་ཁེངས་ནས་འདུག་མོད་རེ་བ་ཆུང་ངུ་ཞིག་ལས་མེད། མཐར་འཁྱོལ་བ་


རྒད་པོ་དང་རྒྱ་མཚོ། 103

ཞིག་བྱུང་ན་ཤིན་ཏུ་ནས་ལེགས། ཁོས་བསམས། ཁོས་ཉ་ཤྲག་ཐག་ཉེར་ཡོང་ བ་ལ་བལྟ་ཞོར། ཉ་ཆེན་འདི་ལ་ཞིབ་ལྟ་ཐེངས་གཅིག་བྱས། འདི་རྨི་ལམ་ཞིག་ རྨིས་པ་དང་མཚུངས། ཁོས་བསམས། ཁོ་ངའི་ཐོག་ཤར ོ ་པ་འདི་ངས་འགོག་མི་ ཐུབ་མོད། གཅིག་བྱས་ན་ངས་ཁོ་འཛིན་ཐུབ། ཌིན་ཏུ་སོ། ཁོས་བསམས། ཁྱེད་ ཀྱི་ཨ་མ་ལ་རླུང་རྟ་ཆག་པར་ཤག ོ ཉ་ཤྲག་དེ་གྲུ་མཇུག་ལ་མགྱོགས་པོར་སླེབས། ཁོས་ཉ་ལ་སོ་ བཏབ་དུས། ཁ་གདང་བ་དང་། ཁོའ ི་ཁྱད་མཚར་གྱི་མིག དེ་བཞིན་མཇུག་མའི་ གོང་ཙམ་གྱི་ཤ་གསེང་ལ་ཡོང་ནས་སོ་བཏབ་པ་བཅས་རྒད་པོས་མཐོང་། ཉ་ཤྲག་ གི་མགོ་ཆུའི་ཕྱི་རོལ་ལ་ཐོན་འདུག་ལ། ཁོའ ི་རྒྱབ་ཆུའི་ཕྱི་རོལ་ལ་ཐོན་ཡོང་ གི་འདུག རྒད་པོས་ཉ་ཆེན་གྱི་ཤ་དང་པགས་པ་བཅད་པའི་སྒྲ་གོ་ཐུབ་ལ། དེ་ དུས་ཉ་ཤྲ ག་གི་མིག་གཉིས་བར་གྱི་ཐིག་དེ་ཁོའ་ི སྣ་རྩེ་བརྒྱུད་ཐད་ཀར་རྒྱབ་ ལ་སོང་ཡོད་པའི་ཐིག་ལ་བསྣོལ་ཡོད་པའི་མཚམས་དེ་ལ་ཉ་མདུང་འཕངས། དེ་ན་ཐིག་དེ་འདྲ་ཞིག་ཡོད་མ་རེད། དེ་ན་ལྗིད་ཆེ་བའི་སྔོ་མདོག་གི་མགོ་ དང་། མིག་ཆེ་བ་གཉིས། དྲག་པོར་ཁྱུར་མིད་གཏོང་བཞིན་པའི་འགྲམ་སོ་ བཅས་ཁོ་ན་ཡོད། ཡིན་ན་ཡང་དེ་ནི་ཀླད་པ་ཡོད་ས་དེ་ཡིན་ལ། རྒད་པོས་ དེ་ལ་བསྣུན། ཁོས་རང་གི་ཁྲག་གིས་བརྫིས་པའི་ལག་པས་ཉ་མདུང་དེ་ཡག་ པོ་བསྐོར་ནས་རང་གི་ཤུགས་ཡོད་ཚད་ཀྱིས་བསྣུན། རེ་བ་མེད་ན་ཡང་བློ་ སྤོབས་ཡོད་ཅིང་། ཞེ་སྡང་གིས་ཁེངས་པའི་ཐོག་ནས་བསྣུན།

ཉ་ཤྲག་དེ་སྒྲེ་ལོག་ཅིག་བརྒྱབ། རྒད་པོས་ཁོའ ི་མིག་གཉིས་གསོན་ པོ་མིན་པ་མཐོང་། དེ་ནས་ཁོ་རང་རང་ལ་ཐག་པ་ཐུང་ངུ་དེས་ཐེངས་གཉིས་ བཀྱིགས་ནས་ཡང་བསྐྱར་སྒྲེ་ལོག་ཅིག་བརྒྱབ། རྒད་པོས་ཁོ་ཤི་ཚར་པ་ཤེས་ མོད་ཉ་ཤྲ ག་གིས་དེ་ངོས་ལེན་མི་བྱེད། དེ་ནས་ཁོ་ལྟག་ལོག་ནས་མཇུག་མ་ གཡུགས། འགྲམ་སོ་བརྡབས་བཞིན་རྒྱུགས་གྲུ་ཞིག་དང་མཚུངས་པར་ཆུ་


104 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

གཤགས་ནས་སོང་། ཁོས་མཇུག་མ་བརྡབས་ས་དེ་ན་ཆུ་མདོག་དཀར་པོ་ རེད་ལ། ཉ་ཐག་དེ་དམ་པོར་གྱུར་ཅིང་འདར་སྒྲ་དང་བཅས་ཆད་པར་གྱུར་ པའི་སྐབས་དེར། ཁོའ ི་གཟུགས་པོའ ི་བཞི་ཆ་གསུམ་དེ་ཆུའི་ཁ་ལ་གཡེངས་ ནས་འདུག ཉ་ཤྲག་དེ་གང་མཚམས་ཤིག་གི་རིང་ཁུ་སིམ་མེར་བསྡད་ཅིང་། རྒད་པོས་ཁོ་ལ་བལྟས། དེ་ནས་ཁོ་ག་ལེར་མར་ཐིམ་སོང་།

“ཁོས་རྒྱ་མ་བཞི་བཅུ་ཙམ་འཁྱེར་སོང་།” རྒད་པོས་སྐད་ཆེན་ པོས་བཤད། ཁོས་ངའི་ཉ་མདུང་དང་ཐག་པ་ཚང་མ་ཡང་འཁྱེར་སོང་། རྒད་ པོས་བསམས། ད་ངའི་ཉ་ཡི་ཁྲག་ཡང་བསྐྱར་འཛགས་བཞིན་ཡོད། ད་ གཞན་པ་ཚོ་ཡོང་གི་རེད། ཉ་ཡི་ཤ་ཁོག་ཆད་ཡོད་སྟབས། ཉ་ལ་ཡང་བསྐྱར་བལྟ་འདོད་མ་ལངས། ཉ་ལ་སོ་བཏབ་པའི་སྐབས་དེར་ཁོས་ཁོ་རང་རང་ལ་སོ་བཏབ་པ་ལྟར་ཚོར།

ཡི ན ་ན་ཡང་ངའི ་ཉ་ལ་སོ ་ འདེ བ ས་མཁན་གྱི ་ཉ་ཤྲག་དེ ་ ངས་ བསད་པ་ཡིན། ཁོས་བསམས། དེ་ནི་ངས་ད་བར་མཐོང་མ་མྱོང་བའི་ ཌིན་ ཏུ་སོ་ ཆེ་ཤོས་ཤིག་རེད། ངས་ཆེན་པོ་མང་པོ་མཐོང་མྱོང་ཡོད་པ་དཀོན་ མཆོག་གིས་མཁྱེན་གྱི་རེད། མཐར་འཁྱོལ་བ་ཞིག་བྱུང་ན་ཡག་པོ་རེད། ཁོས་བསམས། ད་ འདི་དག་རྨི་ལམ་ཡིན་ན་དགའ་བ་ལ། ངས་ཉ་འདི་ལ་ལྕགས་ཀྱུ་བསྐོན་ མེད་ན། ང་ཉལ་སའི་ནང་གསར་ཤོག་གི་སྟེང་ གཅིག་པུར་ཡོད་ན། “ཡིན་ནའང་། ཕོ་ཁྱོ་ག་ནི་ཕམ་ཁའི་ཆེད་བཟོས་པ་མ་རེད།” ཁོས་ བཤད། “ཕོ་ཁྱོ་ག་ནི་བཅོམ་པ་སྲིད་མོད་ཕམ་པ་མི་སྲིད།” ཡིན་ན་ཡང་ངས་ ཉ་འདི་བསད་པ་ལ་འགྱོད་པ་སྐྱེ་གི་འདུག ཁོས་བསམས། ད་དུས་ཚོད་ངན་


རྒད་པོ་དང་རྒྱ་མཚོ། 105

པ་ཡོང་གི་ཡོད་ལ། ཐ་ན་ང་ལ་ཉ་མདུང་གཅིག་ཀྱང་མེད། ཌེན་ཏུ་སོ་ དེ་ གདུག་རྩུབ་ཅན་དང་འཇོན་ཐང་ཅན། སྟོབས་ཅན། ཤེས་རབ་ཅན་རེད། ཡིན་ནའང་ང་ལ་ཁོ་ལས་ཤེས་རབ་ལེགས་པོ་ཡོད། གཅིག་བྱས་ན་མེད། ཁོས་ བསམས། གཅིག་བྱས་ན་ང་ནི་མཚོན་ཆ་བཟང་བ་ཙམ་ཡིན། “བསམ་བློ་མ་གཏོང་། རྒད་པོ།” ཁོས་སྐད་ཆེན་པོས་བཤད། “ཕྱོགས་འདི་ལ་གྲུ་ཐོངས་དང་། དེ་ཚོ་ཡོང་དུས་དེ་ཚོ་ལོངས།”

ཡིན་ན་ཡང་ངས་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ ཟེར་ན། དེ་ནི་ང་ལ་ལྷག་ཡོད་པ་གཅིག་པུ་དེ་རེད། དེ་དང་དབྱུག་པའི་སྤོ་ ལོ། ངས་ཁོའ་ི ཀླད་པའི་ནང་བསྣུན་སྟངས་དེ་ལ་རྩེད་མཁན་གྲགས་ཅན་ ཌི་མཱ་ཇའོ་ནི་ཇི་འདྲ་ཞིག་དགའ་ཡོད་དམ། དེ་ནི་བྱ་བ་རླབས་ཆེན་ཞིག་ མ་རེད། ཁོས་བསམས། མི་སུ་ཡིན་ཡང་དེ་བྱེད་ཐུབ། ཡིན་ན་ཡང་ཁྱེད་ ཀྱི་སེམས་ལ། རྟིང་རུས་ཀྱི་ན་ཚ་ཇི་བཞིན་ངའི་ལག་པ་གཉིས་ཀྱང་སྐྱོན་ ཅན་རེད་བསམས་སམ། ངས་ཤེས་མི་ཐུབ། ང་རྐྱལ་རྒྱག་སྐབས་ཉ་ལེབ་ ཟེར་མདའ་མའི་ཐོག་གོམ་པ་སྤོས་ནས་དེའི་དུག་ཟེར་ཕོག་སྟེ་ངའི་རྐང་ པ་ཞ་བོ་བཟོས་ཤིང་། བཟོད་སྒོམ་བྱེད་དཀའ་བའི་ན་ཟུག་མྱངས་དུས་མ་ གཏོགས། ངའི་རྟིང་པ་ལ་སྐྱོན་ཅིག་ཀྱང་བྱུང་མ་མྱོང་། “དགའ་སྣང་ཡོང་བའི་དོན་ཞིག་ལ་བསམ་བློ་ཐོངས་དང་། རྒད་པོ།” ཁོས་བཤད། “སྐར་མ་རེ་རེ་བཞིན་ཁྱེད་རང་ཁྱིམ་དང་ཐག་ཇེ་ཉེར་འགྲོ་གི་ཡོད། རྒྱ་མ་བཞི་བཅུ་ཤར ོ ་བ་དེས་ཁྱེད་རང་གིས་གྲུ་ཡང་མོར་གཏོང་གི་ཡོད།”

རྒྱ་མཚོའི་གཡོ་ཕྱོགས་ཀྱི་ཆ་ནང་མའི་ནང་སླེབས་སྐབས་ཁོས་ཅི་ ཞིག་ཡོང་གི་ཡོད་མེད་ཀྱི་རིམ་པ་ཧ་ལམ་ཤེས་ཀྱི་ཡོད། ཡིན་ན་ཡང་ད་དེ་ ལ་བྱེད་ཐུབ་པ་གང་ཡང་མེད།


106 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“རེད། འདི་ན་འདུག” ཁོས་སྐད་ཆེན་པོས་བཤད། “ངས་ངའི་གློ་གྲི་དེ་གྲི་ དབྱུག་ཡ་གཅིག་གི་ཡུ་བ་འདོགས་ཐུབ།” དེ ་ ནས་ཁོ ས ་གྲུ་དར་གྱི ་ གྲུ་དཀྱུའི ་ དབྱུག་པ་དེ ་ མཆན་འོག ་ལ་ བཅུག་ཅིང་། གྲུ་དར་གྱི་རས་ཡུག་རྐང་པས་ནོན་ཞོར་དེ་ལྟར་བྱས། “ད།” ཁོས་བཤད། “ང་ད་དུང་རྒད་པོ་ཡིན་ཡང་ང་ལ་མཚོན་ཆ་ མེད་པ་མིན།” བསིལ་རླུང་རྣམས་སོས་པ་རེད་ལ། ཁོས་གྲུ་ཆུང་བདེ་བོར་བཏང་། ཁོས་ ཉ་ཡི་མདུན་ཕྱོགས་གཅིག་པུ་ལ་བལྟས། ཁོའ ི་རེ་བ་ཅུང་ཟད་ཅིག་སླར་འཁོར།

རེ་བ་མི་བྱེད་པ་ནི་ཅོལ་ཆུང་རེད། ཁོས་བསམས། དེ་ཙམ་དུ་མ་ ཟད་དེ་ནི་ངས་སྡིག་པ་རེད་བསམས་ཀྱི་འདུག སྡིག་པའི་སྐོར་ལ་བསམ་བློ་མ་ གཏོང་དང་། ཁོས་བསམས། སྡིག་པ་མ་ཡིན་པའི་དཀའ་རྙོག་འདང་ངེས་པ་ ཞིག་ད་ལྟ་ཡོད། ད་དུང་ང་ལ་དེའི་སྐོར་གྱི་ཤེས་རྒྱ་ཡང་མེད།

ང་ལ་དེའི་སྐོར་ལ་ཤེས་རྒྱ་མེད་ལ། ང་དེ་ལ་ཡིད་ཆེས་ཡོད་མེད་ ཀྱང་མི་ཤེས། གཅིག་བྱས་ན་ཉ་གསོད་པ་ཡང་སྡིག་པ་ཞིག་ཡིན་རྒྱུ་རེད། དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཡང་། ངས་དེ་བྱས་པ་ནི་ང་གསོན་ པའི་ཆེད་དང་མི་མང་པོ་ལ་ཟས་སྦྱིན་པའི་ཆེད་རེད། ཡིན་ན་ཡང་དེ་ནས་ ཚང་མ་སྡིག་པ་རེད། སྡིག་པའི་སྐོར་ལ་བསམ་བློ་མ་གཏོང་། ད་ནི་དེ་ལ་ ཧ་ཅང་འཕྱིས་དྲགས་པ་རེད། ད་དུང་དེ་བྱེད་པའི་ཆེད་དུ་གླ་དངུལ་སྤྲད་ ཡོད་པའི་མི་ཡོད་རེད། ཁོ་ཚོ་ལ་དེའི་སྐོར་ལ་བསམ་བློ་གཏོང་ཆུགས། ཉ་ ནི་ཉ་རུ་སྐྱེ་བ་བླངས་པ་ཇི་བཞིན་ཁྱེད་རང་ནི་ཉ་བ་ཞིག་ཡོང་ཆེད་སྐྱེ་བ་ བླངས་པ་རེད། རྩེད་མོ་བ་གྲགས་ཅན་ཌི་མ་ཇའོ་ཡི་ཨ་ཕ་དེ་ཉ་པ་ཞིག་


རྒད་པོ་དང་རྒྱ་མཚོ། 107

ཡིན་པ་ཇི་བཞིན་འཕགས་པ་སཱན་ཕེ་ཌི་རོ་ཡང་ཉ་བ་ཞིག་རེད།

ཡིན་ན་ཡང་། ཁོ་ཁོ་རང་ལ་འབྲེལ་བ་ཡོད་པའི་དོན་དག་ཚང་ མའི་སྐོར་ལ་བསམ་བློ་གཏོང་རྒྱུར་དགའ། ཀློག་རྒྱུ་གང་ཡང་མེད་པ་དང་ རླུང་འཕྲིན་ཡོ་ཆས་ཀྱང་མེད་པའི་སྟབས་ཀྱིས་ཁོས་བསམ་བློ་མང་པོ་བཏང་ ཞིང་། ཁོས་སྡིག་པའི་སྐོར་ལ་བསམ་བློ་བཏང་ནས་བསྡད། ཁྱེད་རང་གིས་ གསོན་པ་ཁོ་ནའི་ཆེད་དུ་ཉ་དེ་བསད་པ་མ་རེད་ལ། ཁ་ཟས་ཀྱི་ཆེད་བཙོང་རྒྱུ་ ཁོ་ནའི་ཕྱིར་ཡང་མ་རེད། ཁོས་བསམས། ཁྱེད་ཀྱིས་ལ་རྒྱའི་ཆེད་དུ་ཁོ་བསད་ པ་རེད། གང་ཡིན་ཟེར་ན། ཁྱོད་ཉ་པ་ཞིག་རེད། ཁོ་གསོན་པའི་སྐབས་སུ་ཁྱོད་ ཁོ་ལ་དགའ་ཞིང་། དེའི་རྗེས་སུ་ཡང་ཁྱོད་ཁོ་ལ་དགའ། གལ་སྲིད་ཁྱོད་ཁོ་ལ་ དགའ་ན་ཁོ་བསད་པ་ཡང་སྡིག་པ་མ་རེད། ཡང་ན། དེ་ལས་མང་བ་ཞིག་རེད་ དམ།

“རྒད་པོ། ཁྱོད་ཀྱིས་བསམ་བློ་ཚོད་མེད་གཏོང་གི་འདུག” ཁོས་ སྐད་ཆེན་པོས་བཤད། ཡིན་ན་ཡང་ཁྱོད་ ཌིན་ཏུ་སོ་ བསད་པ་ལ་དགའ་བ་རེད། ཁོས་ བསམས། ཁོ་ཡང་ཁྱེད་རང་ཇི་བཞིན་ཉ་གསོན་པོའ ི་ཐོག་ནས་འཚོ་གི་ཡོད། ཁོ་རྩྭ་གཟན་གྱི་སེམས་ཅན་ཞིག་མ་རེད་ལ། ཉ་ཤྲག་གཞན་པ་འགའ་བཞིན་ ལྟོ་འཁྱམས་པ་ཞིག་ཀྱང་མ་རེད། ཁོ་ནི་མཛེས་སྡུག་ལྡན་ལ་དྲང་མོ་དང་། ཅི་ གང་ལ་ཡང་མི་སྐྲག་མཁན་ཞིག་རེད། “ངས་རང་སྲོག་སྐྱོབ་ཕྱིར་ཁོ་བསད་པ་ཡིན།” རྒད་པོ་འདིས་སྐད་ ཆེན་པོས་བཤད། “ངས་བསད་ཐག་ཆོད་བསད་པ་ཡིན།”

ད་དུང་། ཁོས་བསམས། ཕྱོགས་གང་རུང་ཞིག་ནས་དངོས་པོ་ཚང་


108 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

མས་དངོས་པོ་གཞན་ཚང་མ་དེ་གསོད་ཀྱི་ཡོད། ཉ་ལས་བྱེད་པ་འདིས་ང་ གསོན་དུ་འཇུག་པ་ཇི་མ་ཇི་བཞིན་ང་གསོད་ཀྱི་འདུག བུ་ཆུང་གིས་ང་གསོན་ པོར་ཉར་པ་རེད། ཁོས་བསམས། ངས་ང་ལ་མགོ་སྐོར་མང་པོ་གཏོང་མི་རུང་།

ཁོ་གཞོགས་གཅིག་ལ་སྙེས། ཉ་ཤྲག་གིས་བཅད་པའི་མཚམས་ནས་ ཉ་ཤ་དུམ་བུ་གཅིག་འཐེན། ཁོས་དེ་བལྡད་ཅིང་དེའི་སྤུས་ཀ་བཟང་པོ་དང་ བྲོ་བ་ཞིམ་པོ་དེ་མྱངས། དེ་ནི་དམར་ཤ་ཇི་བཞིན་མཁྲེགས་པོ་དང་ཁུ་བ་ཅན་ རེད། ཡིན་ན་ཡང་དེ་དམར་པོ་མ་རེད། དེ་ལ་རྒྱུས་པ་གཏན་ནས་མེད་ཅིང་ འདིས་ཁྲོམ་དུ་རིན་གོང་ཆེ་ཤས ོ ་དེ་ཐོབ་རྒྱུ་ཡིན་པ་ཁོས་ཤེས། ཡིན་ན་ཡང་། དྲི་ མ་ཞིམ་པོ་དེ་ཆུ་ལ་མ་ཤར ོ ་བར་བྱེད་པའི་ཐབས་ལམ་གཅིག་ཀྱང་མེད། དུས་ ཚོད་ཆེས་ངན་པ་ཞིག་ཡོང་གི་ཡོད་པ་རྒད་པོས་ཤེས།

རླུང་བསིལ་མ་དེ་མུ་མཐུད་ནས་འདུག དེ་བྱང་ཤར་གྱི་ཕྱོགས་ལ་ ཅུང་ཟད་འཁོར་ཡོང་གི་འདུག དེའི་ལྟས་ནི་དེ་ཡལ་ནས་མི་འགྲོ་བ་ཡིན་པ་ ཁོས་ཤེས། རྒད་པོས་ཁོའ ི་མདུན་ཕྱོགས་ལ་ཕར་བལྟས་མོད། ཁོས་གྲུ་གཏོང་བ་ དེ་འདྲ་མི་མཐོང་ལ་གྲུ་གཟིངས་རིགས་ཀྱང་མི་མཐོང་། གྲུ་གཟིངས་ཀྱི་དུ་བ་ ཡང་མི་མཐོང་། འཕུར་ཉ་འགའ་ཞིག་ཁོ་ན་ཁོའ ི་གྲུ་མདུན་ནས་ཡར་འཕུར་ ཏེ་གཞོགས་ཡས་མས་སུ་རྐྱལ་ནས་འགྲོ་གི་འདུག་ལ། མཚོ་རྩྭ་སེར་པོའ ི་དུམ་ བུ་འགའ་ཡང་འདུག མཐའ་ན་ཁོས་བྱིའུ་ཞིག་ཀྱང་མི་མཐོང་།

ཁོ ས ་ཉ་ཤྲག་གཉི ས ་ཡོ ང ་གི ་ ཡོ ད ་པ་མཐོ ང ་དུས་ཁོ ་ གྲུ་མཇུག་ ལ་བསྡད་ནས་ངལ་གསོ་རྒྱག་ཞོར་ཆུ་ཚོད་གཉིས་ལ་གྲུ་བཏང་ཡོད་ཅིང་། མཚམས་མཚམས་ལ་ཉ་མཱར་ལིན་གྱི་ཤ་དུམ་རེ་བླངས་ནས་བལྡད། ངལ་ གསོ་བྱེད་པ་དང་སྟོབས་ཡོང་ཐབས་བྱས།

“ཨ་ཡིའི།” ཁོས་སྐད་ཆེན་པོས་བཤད། ཚིག་འདི་ལ་བསྒྱུར་རུང་


རྒད་པོ་དང་རྒྱ་མཚོ། 109

བའི་ཚིག་དོད་མེད། གཅིག་བྱས་ན། དེ་ནི་ཕོ་ཁྱོ་ག་ཞིག་གིས་ དང་བླངས་ མ་ཡིན་པའི་ཐོག་ནས། འཛེར་མ་ཞིག་ཁོའ་ི ལག་པའི་ཐོག་བཏབ་ནས་ཤིང་ ལེབ་ཐོག་ཟུག་པ་ཚོར་བའི་སྒྲ་ཞིག་རེད།

“གཱ་ལཱ་ནོ་སེ།” ཁོས་སྐད་ཆེན་པོས་བཤད། ད་དང་པོ་དེའི་རྗེས་ལ་ ཟེ་གཤོག་གཉིས་པ་དེ་ཡོང་གི་ཡོད་པ་ཁོས་མཐོང་། རྔ་མ་གཡུགས་ལུགས་ དང་ཟུར་གསུམ་ཅན་གྱི་ཟེ་བའི་གཤོག་པ་སྨུག་མདོག་ཡིན་བརྟེན་དེ་ཚོ་ནི་ འཇོར་གྱི་སྣ་རྩེ་ཅན་གྱི་ཉ་ཤྲ ག་གིན་པ་ངོ་ཤེས། ཁོ་ཚོས་དྲི་མ་ཞིམ་པོ་ཚོར་ ནས་དགའ་འདུག་ལ། བཀྲེས་ལྟོགས་ཆེན་པོས་མྱོས་པའི་ངང་ཁོང་ཚོས་དྲི་མ་ ཞིམ་པོ་དེ་རྙེད་ཞོར་དང་ཤོར་ཞོར་བྱས་ཏེ་འཚབ་འཚུབ་ངང་ཡོང་གི་འདུག ཡིན་ན་ཡང་། ཁོང་ཚོས་དུས་ཐམས་ཅད་དུ་ཐག་ཇེ་ཉེ་ལ་གཏོང་གི་འདུག རྒད་པོས་གྲུ་དར་བསྡམས་ཤིང་གྲུ་དཀྱུའི་དབྱུག་པ་དེར་བཅུག དེ་ནས་ཁོས་གྲི་བཏགས་པའི་གྲུ་ཁྱེམ་དེ་ཡར་བཀྱགས། ཁོས་ཐུབ་ཚོད་ ཀྱིས་གང་ཡང་ཡང་གི་ཐོག་ནས་གྲུ་ཁྱེམ་འཕྱར། གང་ཡིན་ཟེར་ན། ཁོའ་ི ལག་པ་གཉིས་ཀྱིས་ན་ཟུག་ལ་གདོང་ལེན་བྱེད་ཀྱི་འདུག དེ་ནས་ཁོའ ི་ལག་ པས་ཡང་མོའ ི་ངང་དེ་འཕེན་ཆེད་དེ་ལ་བསྡམས་ཤིང་གློད། ཁོས་མཁྲེགས་ པོར་བསྡམས་སྟབས་ལག་པས་ན་ཟུག་སྒོམ་གི་རེད་ལ་འདར་སིག་སིག་མི་ བྱེད། ཉ་ཤྲག་ཡོང་བ་ལ་བལྟས། ཁོས་དེ་ཚོའི་འཇོར་དབྱིབས་ཅན་གྱི་མགོ་ ལེབ་མོ་རྒྱ་ཆེ་བ་དེ་དག་དང་། དེ་ཚོའི་བྲང་གཤོག་རྩེ་དཀར་ཅན་རྣམས་ མཐོང་། དེ་ཚོ་ནི་ཞེ་སྡང་གིས་ཁེངས་པའི་ཉ་ཤྲ ག་གིན་ལ། དྲི་མ་ངན་ཞིང་ བཤན་པ་ཇི་བཞིན་རོ་ཟ་མཁན་ཡང་རེད། དེ་ཚོ་ལྟོགས་པའི་སྐབས་སུ་དེ་ ཚོས་གྲུ་ཁྱེམ་དང་གྲུའི་འོག་གི་གྲུ་སྣ་ལ་ཡང་སོ་འདེབས། ཉ་ཤྲག་འདི་ཚོ་ ནི་རུས་སྦལ་རྒྱ་མཚོའི་ཁར་གཡེངས་ནས་གཉིད་པའི་སྐབས་སུ་རྐང་པ་ དང་ཤུན་ལྤགས་གཅོད་མཁན་དེ་ཚོ་རེད། མི་ལ་ཉ་ཁྲག་གི་དྲི་མ་མེད་ཅིང་


110 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཉ་ཁུ་འཐོར་མེད་ནའང་འདི་ཚོ་ལྟོགས་པའི་སྐབས་སུ་མི་ལ་ཡང་སོ་རྒྱག་ གི་རེད།

“ཨ་ཡིའི།” རྒད་པོས་བཤད། “གཱ་ལཱ་ནོ་སེ། ཤོག་དང་། གཱ་ལཱ་ནོ་སེ།”

དེ་ཚོ་སླེབས། ཡིན་ན་ཡང་། དེ་ཚོ་ཉ་མཱ་ཀོ་ཡོང་བ་ནང་བཞིན་ མ་ཡོང་། སྐོར་ར་གཅིག་བྱས་ནས་མིག་གིས་མི་མཐོང་སའི་གྲུ་ཆུང་འོག་ལ་ འཛུལ། ཁོས་ཉ་ནས་འཐེན་ཅིང་གྲུ་ལ་གཞུས་པའི་སྐབས་སུ་རྒད་པོས་གྲུ་ ཆུང་འགུལ་བ་ཚོར། གཞན་པ་དེས་ཁོའ་ི མིག་སེར་པོ་ཤུར་མ་ཅན་དེས་རྒད་ པོ་ལ་བལྟས་ནས་བསྡད། དེ་ནས་ཁོའ་ི ཁ་ཕྱེད་གོར་མ་དེ་གདང་ནས་ཉ་ཡི་ ཤ་གཏུབས་ཡོད་ས་དེ་ལ་མགྱོགས་པོར་ཡོང་། ཁོའ་ི སྒལ་ཚིགས་དང་ཀླད་ པ་མཐུད་པའི་མཚམས་ཀྱི་རྒྱབ་དེ་དང་ཁོའ་ི མགོ་སྨུག་པོའ་ི སྤྱི་གཙུག་དེར་ ཐིག་ཡོད་པ་དེ་གསལ་པོར་བསྟན་ལ། རྒད་པོས་གྲུ་ཁྱེམ་གྱི་གྲི་དེ་མཚམས་ དེར་འཕངས་ཤིང་ཕྱིར་འཐེན། ཡང་བསྐྱར་ཉ་ཤྲ ག་གི་ཞི་མི་དང་མཚུངས་ པའི་མིག་གི་ནང་དུ་འཕངས། ཉ་ཤྲག་དེས་ཉ་གློད་ཅིང་མར་ཟགས། ཁོ་ འཆི་བཞིན་དུའང་ཁོ་ལ་ཐོབ་པའི་ཤ་དེ་མིད་བཞིན་འདུག ཉ་ཤྲག་གཞན་པ་དེས་ཉ་ལ་གཏོར་བཅོམ་བྱེད་བཞིན་པའི་རྐྱེན་ གྱིས་གྲུ་ཆུང་དེ་ད་དུང་ཡང་ཡོམ་ཡོམ་བྱེད་ཀྱི་འདུག གྲུ་ཆུང་དེ་རྒྱ་ཆེན་ པོར་ཡོམ་ཆེད་རྒད་པོས་གྲུ་དར་གྱི་དར་ཡུག་གློད་ཅིང་། ཉ་ཤྲག་དེ་གྲུ་ཆུང་ གི་འོག་ནས་ཕར་ཐོན། ཁོས་ཉ་ཤྲ ག་དེ་མཐོང་དུས་ཁོ་གཞོགས་དེ་ལ་སྙེས་ ནས་ཁོ་ལ་ཁུ་ཚུར་གཞུས། ཁོའ་ིཤ་ཐོག་ཁོ་ན་ལ་གཞུས་ཤིང་། པགས་པ་དེ་ མཁྲེགས་པོར་འདུག་བརྟེན་གྲི་འཛུགས་རྒྱུར་ཡང་ཁག་ཙམ་འདུག གཞུས་ པ་དེས་ཁོའ་ི ལག་པ་ཙམ་མ་ཟད་ཕྲག་པ་ལ་ཡང་ན་ཟུག་བཟོས། ཡིན་ན་ ཡང་ཉ་ཤྲ ག་དེ་མགོ་ཡར་བཀྱགས་ནས་མགྱོགས་པོར་ཡར་ཡོང་། ཁོ་ཉ་ལ་


རྒད་པོ་དང་རྒྱ་མཚོ། 111

སྙེས་ཤིང་ཁོའ་ི སྣ་དེ་ཆུ་ཡི་ཕྱི་རོལ་ཏུ་ཐོན་རིམ་བཞིན་རྒད་པོས་ཁོའ་ི མགོ་ ལེབ་མོའ་ི དཀྱིལ་ལ་ཐད་ཀར་གཞུས། རྒད་པོས་གྲི་ཕྱིར་བཏོན་ནས་ཤུལ་དེ་ ག་རང་ལ་ཁུ་ཚུར་གཞུས། ཁོས་ད་དུང་ཉ་ལ་མཆེ་བ་བཙུགས་ནས་བསྡད་ འདུག རྒད་པོས་ཁོའ་ི མིག་གཡོན་མའི་ནང་གྲི་བཙུགས། ཉ་ཤྲག་དེ་ད་དུང་ ཡང་དེར་བསྡད་འདུག “མ་རེད་དམ།” རྒད་པོས་བཤད། ཁོས་ཀླད་པ་དང་རྩིབས་མའི་ བར་དེར་གྲི་བཙུགས། དེ་ནི་ད་ཆ་ལས་སླ་བོའ་ི གྲི་འཛུགས་ཤིག་རེད། ཁོས་ ཕྲུམ་རུས་བཅད་པ་ཚོར། རྒད་པོས་གྲུ་ཁྱེམ་མགོ་སྟེང་བརྗེས། གྲུ་ཁྱེམ་གྱི་ ཁ་དེ་ཉ་ཤྲ ག་གི་སོ་བར་ལ་བཅུག་ནས་དེ་ཁ་འབྱེད་ཐབས་བྱས། ཁོས་གྲུ་ ཁྱེམ་དེ་བསྐོར། ཉ་ཤྲག་དེ་ཤུད་ནས་མར་འགྲོ་སྐབས་ཁོས་འདི་ལྟར་བཤད། “སོངས། མེལ་ལེ་གཅིག་གི་འོག་ལ་ཤུད་ཅིག ཁྱེད་ཀྱི་གྲོགས་པོ་ཚོ་ལྟ་བར་ སོངས། ཡང་ན། དེ་ཁྱེད་ཀྱི་ཨ་མ་ཡིན་རྒྱུ་རེད།” རྒད་པོས་ཁོའ་ི གྲི་རྩེ་ཕྱིས་ཤིང་གྲུ་ཁྱེམ་མར་བཞག དེ་ནས་ཁོ་ལ་ གྲུ་དར་གྱི་རས་ཡུག་དང་གྲུ་དར་རླུང་གིས་ཁེངས་པ་ཐོབ། ཁོས་གྲུ་ཆུང་དེ་ རང་གི་ཁ་ཕྱོགས་ལ་དྲངས།

“དེ་ཚོས་ཁོའ་ི བཞི་ཆ་གཅིག་ཏན་ཏན་འཁྱེར་ཡོད་རེད། ཤ་ཡག་ ཤོས་ཀྱི་ཆ་རེད།” ཁོས་སྐད་ཆེན་པོས་བཤད། “ངས་འདི་དག་རྨི་ལམ་ཞིག་ ཡིན་ན་བསམས། ངས་ཁོ་ལ་ལྕགས་ཀྱུ་གཏན་ནས་བཏབ་མེད་པ་ཡིན་ན་ བསམས། ཉ། ངས་དེ་ལ་དགོངས་དག་ཞུ་གི་ཡོད། དེས་ཚང་མ་འཁྲུགས་ བཅུག་གི་འདུག” ཁོས་མཚམས་བཞག་ཅིང་། ད་ཆ་ཁོས་ཉ་ལ་ལྟ་འདོད་ མི་ལང་། ཁྲག་ཤོར་ཞིང་ཆུ་ལ་གཡེངས་པའི་ཁོ་ནི་མེ་ལོང་ཅིག་གི་རྒྱབ་ཤ་ ལྟར་དངུལ་མདོག་ལྡན། ད་དུང་ཁོའ་ི ཁྲ་ཐིག་རྣམས་ལྷང་ངེར་འདུག


112 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ཉ། ང་ཆེས་ཐག་རིང་ས་འདི་འདྲ་ལ་སོང་མེད་པ་ཡིན་ན་བསམས། ”ཁོས་ བཤད། “ཁྱོད་དང་ང་གཉིས་ཀའི་ཆེད་དུ་སོང་མེད་ན་བསམས། ཉ། ངས་ དགོངས་དག་ཞུ།” ད་ནི། ཁོས་ཁེར་བཤད་ཅིག་བྱས། གྲི་ལ་བསྡམས་པའི་ཐག་པ་ ལ་ལྟོས་དང་། དེ་བཅད་ཡོད་མེད་ལ་ལྟོས་དང་། དེ་ནས་ཁྱེད་ཀྱི་ལག་པ་ རྣམས་གྲ་སྒྲིག་བྱོས། གང་ཡིན་ཟེར་ན། ད་དུང་ཆེས་མང་བ་ཞིག་ཡོང་རྒྱུ་ བསྡད་ཡོད།

“ངས་ང་ལ་གྲི་འདིའི་ཆེད་དུ་རྡོ་ཞིག་ཡོད་ན་བསམས་ཀྱི་འདུག” གྲུ་ཁྱེ མ ་ལ་བཀྱི ག ས་པའི ་ ཐག་པ་ལ་བརྟག་དཔྱད་བྱས་རྗེ ས ་རྒད་པོ ས ་ བཤད། “ངས་རྡོ་ཞིག་འཁྱེར་ཡོང་དགོས་པ་རེད།” ཁྱེད་ཀྱིས་ཅ་ལག་མང་ པོ་ཞིག་འཁྱེར་ཡོང་དགོས་པ་རེད། ཁོས་བསམས། ཡིན་ན་ཡང་། རྒད་པོ། ཁྱེད་ཀྱིས་དེ་རྣམས་འཁྱེར་ཡོང་མེད། ད་ནི་ཁྱེད་རང་ལ་ཁྱེད་རང་ལ་མེད་ པའི་ཅ་ལག་གི་སྐོར་ལ་བསམ་བློ་གཏོང་ཁོམ་མེད། ཁྱེད་རང་ལ་ཡོད་པ་ རྣམས་ཀྱིས་ཅི་ཞིག་བྱེད་ཐུབ་མིན་བསམ་བློ་ཐོངས། “ཁྱེད་ཀྱིས་ང་ལ་བསླབ་བྱ་ཡག་པོ་བརྒྱབ་བྱུང་།” ཁོས་སྐད་ཆེན་ པོས་བཤད། “ང་དེ་ལ་བསུན་བྱུང་།” གྲུ་ཆུང་མདུན་དུ་བསྐྱོད་པ་དང་མཉམ་དུ་ཁོས་གྲུ་དཀྱུའི་དབྱུག་ པ་མཆན་འོག་ཏུ་བཅུག་ནས་ལག་པ་གཉིས་ཆ་ཆུ་ལ་སྦང་།

“ཐེ ང ས་རྗེ ས ་མ་དེ ས ་ག་ཚོ ད ་འཁྱེ ར ་ཡོ ད ་མེ ད ་དཀོ ན ་མཆོ ག ་ གིས་མཁྱེན་གྱི་རེད།” ཁོས་བཤད། “ཡིན་ན་ཡང་ད་ཆ་གྲུ་ཆུང་མོ་ཆེས་ ཡང་བ་རེད།” ཁོས་ཉ་ཡི་འོག་དང་ཟུར་ནས་ཤ་ཁོག་ཆད་པ་དེ་ལ་བསམ་


རྒད་པོ་དང་རྒྱ་མཚོ། 113

བློ་གཏོང་འདོད་མེད། ཉ་ཤྲག་གིས་རྡུང་གཏུགས་རེ་རེ་ཡིས་ཤ་དུམ་རེ་ བཅད་ནས་སོང་ཡོད་པ་དེ་ཁོས་ཤེས་ཀྱི་ཡོད། ད་ནི་ཉ་ཡིས་ཉ་ཤྲ ག་ཚང་མ་ ལ་རྒྱ་མཚོའི་ནང་རྒྱ་ལམ་ཇི་བཞིན་གྱི་ལམ་ཆེན་ཞིག་བཟོས་ཡོད།

ཁོ་ནི་ཕོ་ཁྱོ་ག་གཅིག་ལ་དགུན་གཅིག་གི་རིང་ལ་འདང་བའི་ ཉ་གཅིག་རེད། ཁོས་བསམས། དེ་ལ་བསམ་བློ་མ་གཏོང་། ངལ་གསོ་བྱོས་ ལ་ཁྱེད་རང་གི་ལག་པ་ལ་ཚུགས་ཀ་བཏོད་ནས་ཅི་ཙམ་ལྷག་ཡོད་པའི་ཤ་ འདི་ལ་སྲུང་སྐྱོབ་བྱོས། ཆུའི་ནང་ཡོད་པའི་དྲི་མ་ཚང་མ་དང་བསྡུར་ན་ ངའི་ལག་པ་ལས་སླེབས་པའི་ཁྲག་དྲི་འདི་ནི་གང་ཡང་མིན། ད་དུང་འདི་ ལས་ཁྲག་དེ་ཙམ་མི་འཛགས་ལ། དོན་ལ་ཁྱད་པར་བཟོ་བའི་རྨ་ཁ་གང་ ཡང་མི་འདུག ཁྲག་འཛགས་པ་དེས་གཅིག་བྱས་ན། ངའི་གཡོན་ལག་ རེངས་པ་ལས་བསྐྱབས་པ་རེད། ད་ངས་ཅི་ཞིག་ལ་བསམ་བློ་གཏོང་ཐུབ། ཁོས་བསམས། ཅི་ཡང་ མེད། ངས་ཅི་ལ་ཡང་བསམ་བློ་གཏོང་མི་དགོས། ཐེངས་རྗེས་མ་རྣམས་ལ་ སྒུག ངས་འདི་དངོས་གནས་རྨི་ལམ་ཞིག་ཡིན་ན་བསམས། ཁོས་བསམས། ཡིན་ན་ཡང་། སུས་ཤེས། དེའི་གྲུབ་འབྲས་ཡག་པོ་ཞིག་འཁོར་སྲིད།

དེའི་རྗེས་ལ་ཡོང་བའི་ཉ་ཤྲག་དེ་འཇོར་སྣ་ཅན་ཁེར་རྐྱང་ཞིག་ རེད། གལ་སྲིད་ཕག་པ་ཞིག་གིས་ཁ་ཆེན་པོར་གདང་བའི་སྐབས་སུ་ཁྱེད་ ཀྱི་མགོ་ཡང་དེའི་ཁའི་ནང་དུ་འཇུག་ཆོག་པ་ཞིག་ཡོད་ན། ཁོ་ཡང་ཕག་ པ་དེ་ཕག་ལྟོ་ལ་རྒྱུགས་པ་ཇི་བཞིན་ཡོང་། རྒད་པོས་ཁོ་ལ་ཉ་ཤ་ལ་སོ་ འདེབས་སུ་བཅུག དེ་ནས་ཁོའ་ི ཀླད་པའི་ནང་ལ་གྲུ་ཁྱེམ་གྱི་གྲི་དེ་འཕངས། ཡིན་ན་ཡང་ཤྲ ག་གིས་རྒྱབ་ལ་བརྡབ་འཐེན་ཞིག་བྱས་ཏེ་འགྲེ་ལོག་རྒྱབ། གྲིའི་ཁ་བཅག


114 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

རྒད་པོ་ནི་གྲུའི་ཁ་ལོ་བསྒྱུར་ཕྱིར་མར་བསྡད། ཁོས་མཐའ་ན་ཉ་ཤྲ ག་ཆེན་ པོ་དེ་ཐོག་མར་གཟུགས་ཚད་དང་དེ་ནས་ཇེ་ཆུང་དང་ཇེ་ཆུང་ལ་སོང་ ནས་ཆུ་ལ་ག་ལེར་ཐིམ་པ་ཡང་མ་བལྟས། དེ་ནི་རྒད་པོ་ལ་ག་དུས་ཡིན་ ཡང་ལྟད་མོ་ཆེན་པོ་ཡོད་ན་ཡང་། ད་ནི་ཁོས་དེ་ལ་ཡང་མ་བལྟས། “ད་ང་ལ་ཉ་མདུང་ལྕགས་ཀྱུ་ཅན་ཡོད།” ཁོས་བཤད། “ཡིན་ན་ ཡང་དེས་ཡག་པོ་ཞིག་བྱས་མི་ཡོང་། ང་ལ་གྲུ་ཁྱེམ་གཉིས་དང་གྲུ་དཀྱུའི་ དབྱུག་པ། ལག་དབྱུག་ཆུང་བ་གཅིག་ཡོད།”

ད་ནི་ཁོང་ཚོས་ང་ཕམ་བཅུག་པ་རེད། ཁོས་བསམས། ལག་ དབྱུག་གིས་རྡེག་ནས་ཉ་ཤྲ ག་གསོད་རྒྱུ་ལ་ང་ནི་རྒས་དྲགས་པ་རེད། ཁོས་ བསམས། ཡིན་ན་ཡང་ཇི་སྲིད་ང་ལ་གྲུ་ཁྱེམ་གཉིས་དང་ལག་དབྱུག་ཐུང་ ཐུང་། གྲུ་དཀྱུའི་དབྱུག་པ་བཅས་ཡོད་པ་དེ་སྲིད་དུ་ངས་འབད་བརྩོན་བྱེད་ ཀྱི་ཡིན།

ཁོས་རང་གི་ལག་པ་སྦང་ཕྱིར་ཆུའི་ནང་ལ་བཅུག ད་ནི་ཕྱི་དྲོའ་ི ཕྱི་པོ་ཆགས་ཀྱིན་འདུག་ལ། ཁོས་རྒྱ་མཚོ་དང་ནམ་མཁའ་ལས་ཅི་ཡང་མ་ མཐོང་། བར་སྣང་ན་རླུང་སྔོན་ལས་མང་བ་འདུག་ལ། ཁོས་གང་མགྱོགས་ ས་གཞི་མཐོང་རྒྱུ་ཡིན་པའི་རེ་བ་བྱས། “རྒད་པོ། ཁྱོད་ཐང་ཆད་འདུག” ཁོས་བཤད། “ཁྱོད་ཁོག་པའི་ ནང་ནས་ཐང་ཆད་འདུག”

ཉི་མ་མ་ནུབ་ཙམ་བར་དུ་ཁོ་ལ་ཉ་ཤྲ ག་གིས་མ་གཙེས།

ཉ་ཡིས་ཏན་ཏན་བཟོས་ཡོད་པའི་ལམ་ཆེན་དེ་དེད་ནས་ཟེ་བའི་ གཤོག་པ་སྨུག་པོ་རྣམས་ཡོང་གི་ཡོད་པ་རྒད་པོས་མཐོང་། དེ་ཚོས་དྲི་མ་ལ་


རྒད་པོ་དང་རྒྱ་མཚོ། 115

གཡས་དཀྱོགས་གཡོན་དཀྱོགས་ཙམ་ཡང་མི་བྱེད། ཉ་དེ་ཚོས་གཅིག་གི་ འཁྲིས་ལ་གཅིག་རྐྱལ་བཞིན་ཐད་ཀར་གྲུ་ཆུང་གི་ཕྱོགས་ལ་ཡོང་གི་འདུག

ཁོས་དཀྱུ་དབྱུག་བཅུག གྲུ་དར་བསྡམས། ལག་དབྱུག་ལེན་ཆེད་ གྲུ་མཇུག་ལ་བསྙབས། དེ་ནི་རིང་ཚད་ལས་ཁྲུ་གཉིས་དང་ཕྱེད་ཀ་ཙམ་ ཡོད་པའི་གྲུ་ཁྱེམ་གྱི་ཡོ་བ་ཆག་ཏོ་ཞིག་རེད། ཡུ་བ་ལ་འཇུ་སྟངས་ཀྱི་དབང་ གིས་ཁོས་ལག་པ་ཡ་གཅིག་ཁོ་ནས་དེ་ལ་འཇུས་ན་ནུས་པ་ཐོན་ཆེ་བ་འདུག ཁོས་རང་གི་ལག་པ་གཡས་པས་དེ་ལ་ཡག་པོར་འཇུས་ཤིང་། ཁོས་ཉ་ཤྲ ག་ ཡོ ང ་བ་ལ་བལྟས་པའི ་ ཞོ ར ་ལ་ལག་པ་དེ འི ་ སྟེ ང ་བསྐོ ར ་ནས་གང་བདེ ་ བྱས། དེ་གཉིས་ཀ་ གཱ་ལཱ་ནོ་སེ་ རེད། ངས་ཏན་ཏན་ཉ་དང་པོ ་ ལ་འཇུ་ས་ཡག་པོ ་ ཞི ག ་ལ་འཛི ན ་དུ་ འཇུག་དགོས་ལ། དེ་ནས་ཁོའ་ི སྤྱི་གཙུག་ལེབ་མོ་དང་ཡང་ན་སྣ་ཡོད་སའི་ མཚམས་དེ་ལ་གཞུ་དགོས། ཁོས་བསམས།

ཉ་ཤྲག་གཉིས་མཉམ་དུ་ཐག་ཉེར་གཏུགས། ཁོས་ཉ་ཐག་ཉེ་བ་དེ་ཁ་ གདང་ནས་པགས་པ་དངུལ་མདོག་ཅན་གྱི་ཉ་དེའི་ནང་ཐིམ་པ་མཐོང་བ་དང་ མཉམ་དུ། ཁོས་ལག་དབྱུག་མཐོན་པོར་བཀྱགས། ཤུགས་ཀྱིས་མར་གཞུས། ཉ་ ཤྲག་གི་རྒྱ་ཆེ་བའི་སྤྱི་གཙུག་ལེབ་མོའ ི་སྟེང་ཕོག ལག་དབྱུག་མར་སོང་རིམ་ བཞིན་ཁོས་འགྱིག་མཁྲེགས་པོ་ལྟར་ཚོར། ཡིན་ན་ཡང་ཁོས་རུས་པའི་དམ་ མཁྲེགས་དེ་ཡང་ཚོར། ཤྲག་དེ་ཉ་ཤ་ལས་མར་ཤུད་ནས་འགྲོ་སྐབས་དེར་ཁོས་ ཡང་བསྐྱར་སྣ་རྩེ་ཡོད་ས་དེ་ལ་ཤུགས་ཀྱིས་ཐེངས་གཅིག་གཞུས། ཤྲག་གཞན་པ་དེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག་ལ། ད་ཡང་ ཁོས་ཁ་ཆེན་པོར་གདང་ནས་ཚུར་ཡོང་། ཤྲག་གིས་ཉ་ལ་བརྡབ་གཏུགས་ བྱས་ནས་ཁ་ཟུམ་པ་དང་མཉམ་དུ་ཁོའ་ི ཁའི་ཟུར་ནས་ཉ་ཤ་དཀར་པོ་ཐར་


116 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཐོར་ཟགས་པ་དེ་རྒད་པོས་མཐོང་ཐུབ། ཁོ་ཁོའ་ི ཐོག་ལ་བསྐོར། མགོ་ཁོ་ ནའི་ཐོག་གཞུས། ཉ་ཤྲཀ་ཡིས་ཁོ་ལ་བལྟས་ནས་ཉ་ཤ་བཅད་པ་དེ་ཤུགས་ ཀྱིས་འཐེན། ཁོས་ཉ་ཤ་གློད་ནས་ཁྱུར་མིད་བྱེད་དུ་འགྲོ་སྐབས་དེར་རྒད་ པོས་ཡང་བསྐྱར་ལག་དབྱུག་དེ་ཁོའ་ི ཐོག་ལ་གཞུས། འགྱིག་ལྟར་མཁྲེགས་ པའི་པགས་པ་ལྗིད་ཆེ་བ་ཙམ་ལ་ཕོག “ཡར་ཤོག་དང་། གཱ་ལཱ་ནོ།” རྒད་པོས་བཤད། “ཡང་བསྐྱར་ཚུར་ ཤོག་དང་།” ཉ་ཤྲག་དེ་ཡང་བསྐྱར་མགྱོགས་པོར་ཡོང་། ཁོས་ཁ་ཟུམ་པ་དང་ མཉམ་དུ་རྒད་པོས་ཁོ་ལ་གཞུས། ཁོས་ལག་དབྱུག་གནམ་ལ་འགྱོགས་ཐུབ་ ཚོད་ཅིག་བཀྱགས་ནས་གནད་དུ་འཁེལ་བའི་ངང་གཞུས། ཐེངས་འདིར་ ཁོའ་ི ཀླད་པ་ཡོད་སའི་རུས་པ་ཡང་ཚོར། ཉ་ཤྲག་གིས་ཤུགས་ཉམས་པའི་ ངང་ཤ་དུམ་ཞིག་བཅད་སྐབས། ཁོས་ཡང་བསྐྱར་སྔོན་གྱི་མཚམས་དེ་ག་ རང་ལ་གཞུས། ཤྲག་དེ་ཉ་ལས་ཤུད་དེ་མར་སོང་།

རྒད་པོས་ཁོ་ཡང་བསྐྱར་ཡོང་གི་ཡོད་མེད་ལ་བལྟས། ཡིན་ན་ ཡང་། ཤྲག་དེ་གཉིས་ལས་གང་ཡང་མ་ཡོང་། དེ་ནས་ཁོས་གཞན་པ་ཅིག་ རྒྱ་མཚོའི་ངོས་ལ་བསྐོར་རྐྱལ་བྱེད་བཞིན་ཡོད་པ་མཐོང་། ཁོས་གཞན་པ་ དེའི་ཟེ་བའི་གཤོག་པ་མ་མཐོང་།

ངས་དེ་ཚོ་གསོད་རྒྱུ་ལ་རེ་བ་བྱེད་མི་ཐུབ། ཁོས་བསམས། ན་ ཆུང་གི་སྐབས་ལ་ངས་བྱས་ཡོད་ཀྱི་རེད། ཡིན་ནའང་ངས་ཁོ་གཉིས་ཆ་ལ་ རྨ་དྲག་མ་བཟོས་ཡོད། ཁོ་གཉིས་ཀྱི་སུས་ཀྱང་སྐྱིད་པོ་ཞིག་ཚོར་གྱི་མེད། གལ་སྲིད་ངས་དབྱུག་པ་དེ་ལ་ལག་པ་གཉིས་ཀ་སྤྱོད་ཐུབ་ཡོད་ན་ངས་ ཏན་ཏན་དང་པོ་དེ་གསོད་ཐུབ་ཡོད་ཀྱི་རེད། མཐའ་ན་ད་ལྟ་ལ་ཡིན་ན་


རྒད་པོ་དང་རྒྱ་མཚོ། 117

ཡང་། ཁོས་བསམས།

ཁོས་ཉ་ལ་ལྟ་འདོད་མ་ལངས། ཁོའ་ི གཟུགས་པོའ་ི ཕྱེད་ཀ་གཏོར་ བཅོམ་བྱས་ཚར་བ་དེ་ཁོས་ཤེས། ཁོ་ཉ་ཤྲ ག་དང་འཐབ་འཛིང་ཁྲོད་གནས་ དགོས་བྱུང་བའི་སྐབས་དེར་ཉི་མ་ནུབ་ཟིན།

“ད་ནག་ཁུང་མགྱོགས་པོར་ཆགས་ཀྱི་རེད།” ཁོས་བཤད། “དེ་ ནས་ངས་གྲོང་ཁྱེར་ཧཱ་བཱ་ན་ཡི་གློག་འོད་མཐོང་རྒྱུ་རེད། གལ་སྲིད་ང་ཤར་ གྱི་ཕྱོགས་ལ་འགྲོ་རྒྱུ་མང་དྲགས་ཡོད་ན། ངས་མཚོ་འགྲམ་གསར་པ་དེ་ ཚོའི་ཁྲོད་ཀྱི་གཅིག་གི་གློག་འོད་མཐོང་གི་རེད།”

ད་ང་ཕར་ཆེ ས ་ཐག་རི ང ་ས་ལ་འགྲོ ་ མི ་ རུང་བ་འདུགཁོ ས ་ བསམས། མི་གཅིག་གིས་ཀྱང་སེམས་ཁྲལ་མང་པོ་བྱས་མེད་པའི་རེ་བ་ ཡོད། ཏན་ཏན་བུ་ཆུང་གཅིག་པུ་ཡིས་སེམས་ཁྲལ་བྱེད་ཀྱི་ཡོད་རེད། ཡིན་ ན་ཡང་། ཁོ་ལ་གདེང་ཚོད་ཡོད་པ་ཐག་ཆོད་ཡིན། ཉ་བ་རྒན་པོ་མང་པོས་ སེམས་ཁྲལ་བྱེད་ཀྱི་རེད། གཞན་པ་མང་པོས་ཀྱང་། ཁོས་བསམས། ང་གྲོང་ གསེབ་ཡག་པོ་ཞིག་ཏུ་སྡོད་ཀྱི་ཡོད། ཉ་དེ་ཆེས་ཐབས་རྡུགས་ངང་འཕྲོ་བརླག་ལ་བཏང་འདུག་སྟབས། ཁོས་ཉ་ལ་གང་ཡང་བཤད་ཐུབ་ཀྱི་མི་འདུག དེ་ནས་ཁོའ་ི སེམས་ནང་དོན་ དག་ཅིག་ཤར།

“ཉ་ཕྱེད་ཀ” ཁོས་བཤད། “ཉ་ཁྱོད་རེད། ང་ཆེས་ཐག་རིང་ས་ལ་ ཕྱིན་པ་དེར་དགོངས་འགལ་མེད་པ་ཞུ། ངས་ང་ཚོ་གཉིས་ཆ་གཏོར་བརླག་ བཏང་བ་རེད། ཡིན་ན་ཡང་། ང་ཚོས་ཤྲ ག་མང་པོ་བསད་པ་ཡིན། ཁྱོད་དང་ ང་ཡིས། གཞན་མང་པོ་གཏོར་བརླག་བཏང་བ་ཡིན། ད་བར་དུ་ཁྱོད་ཀྱིས་


118 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ག་ཚོད་ཅིག་བསད་ཡོད་དམ། ཉ་རྒད་པོ། ཁྱོད་ཀྱི་མགོ་ན་ཡོད་པའི་སྣ་གྲི་ དེ་ཅི་ཡང་མིན་པའི་ཆེད་དུ་མ་རེད།”

ཁོ་ཉ་འདིའི་སྐོར་ལ་བསམ་བློ་གཏོང་འདོད་ལངས། ཁོ་རང་ དབང་གི་ངང་ནས་རྐྱལ་རྒྱག་གི་ཡོད་ན་ཁོས་ཉ་ཤྲ ག་ལ་ཅི་ཞིག་བྱེད་ཐུབ་ བམ། ང་ཡིན་ན་སྣ་རྩེ་དེ་བཅད་ནས་དེས་ཁོ་ཚོ་དང་འཛིང་ཡོད་ཀྱི་རེད། ཁོས་བསམས། ཡིན་ན་ཡང་ཁོང་ཚོ་ལ་སྟ་རེ་ཡོད་མ་རེད་ལ། དེ་ནས་ཁོང་ ཚོ་ལ་གྲི་ཡང་ཡོད་མ་རེད། ཡིན་ན་ཡང་། གལ་སྲིད་ང་ལ་དེ་དག་ཡོད་ན། གྲུ་ཁྱེམ་གྱི་ཡུ་བ་ལ་ བཀྱིགས་ཐུབ་ལ། དེ་ནི་ཅི་འདྲའི་མཚོན་ཆ་ཞིག་མ་རེད་དམ། དེ་ནས་ང་ཚོ་ མཉམ་དུ་དེ་དག་ལ་འཛིང་ཡོད་ཀྱི་རེད། གལ་སྲིད་དེ་ཚོ་མཚན་ལ་ཡོང་ན། ད་ ཁྱེད་རང་གིས་ཅི་ཞིག་བྱེད་ཀྱི་ཡིན། ཁྱེད་རང་གིས་ཅི་ཞིག་བྱེད་ཐུབ་ཀྱི་རེད།

“དེ་ཚོ་ལ་འཛིང་ཞིག” ཁོས་བཤད། “ང་ཤི་ཤི་བར་དུ་ཁོང་ཚོ་ལ་ འཛིང་གི་ཡིན།”

ཡིན་ན་ཡང་། ད་ནི་ནག་ཁུང་ནང་དུ་འོད་མི་མཆེད་ལ་གློག་འོད་ མེད། རླུང་དང་རླུང་གིས་གྲུ་ཆུང་མུ་མཐུད་ནས་འཐེན་པ་ཁོ་ན་ཡོད་ཅིང་། དེས་ ཧ་ལམ་ཁོ་ཤི་ཟིན་པ་ལྟ་བུ་ཞིག་ཚོར་བར་བྱས། ཁོས་ལག་པ་གཉིས་མཉམ་ དུ་སྦྱར་ནས་ལག་མཐིལ་ཕན་ཚུན་ཚོར་བར་བྱས། དེ་ཚོ་ཤི་མི་འདུག ཁོས་ དེ་ཚོ་ཟུམ་པ་དང་འབྱེད་པ་ཙམ་གྱིས་མི་ཚེའི་སྡུག་བསྔལ་དེ་ལས་སླ་བོར་ འདྲེན་ཐུབ་ཀྱི་འདུག ཁོ་གྲུ་མཇུག་ལ་རྒྱབ་བསྟན་ནས་སྙེས་པ་དང་ཁོ་ཤི་ མེད་པ་ཤེས། ཁོའ་ི ཕྲག་པས་ཁོ་ལ་བཤད།

གལ་སྲིད་ངས་ཉ་བཟུང་བ་ཡིན་ན་ངས་སྨོན་ལམ་མང་པོ་ཞིག་


རྒད་པོ་དང་རྒྱ་མཚོ། 119

འདོན་རྒྱུའི་ཁས་ལེན་བྱས་ཚར། ཡིན་ན་ཡང་། ད་ཆ་ངས་དེ་ཚོ་འདོན་རྒྱུ་ ལ་ང་ཤིན་ཏུ་ཐང་ཆད་ནས་འདུག ངས་སྒྱེ་སྣོད་བླངས་ནས་ངའི་ཕྲག་པ་ལ་ གཡོགས་ན་བཟང་།

ཁོ་གྲུ་མཇུག་ནང་ཉལ་ཞིང་ཁ་ལོ་བསྒྱུར། ནམ་མཁའ་ནས་འོད་ ཡོང་རྒྱུ་ལ་བལྟས་ནས་བསྡད། ང་ལ་ཁོའ་ི ཕྱེད་ཀ་ཞིག་ཡོད། ཁོས་བསམས། གཅིག་བྱས་ན། ང་ལ་ཕྱེད་ཀ་འདི་ནང་ལ་འཁྱེར་རྒྱུའི་བསོད་ནམས་ཡོད་ ཀྱི་རེད། ང་ལ་བསོད་ནམས་ཏོག་ཙམ་ཡོད་དགོས་པ་རེད། མ་རེད། ཁོས་ བཤད། ཁྱེད་རང་ཕྱི་རོལ་ཏུ་ཆེས་ཐག་རིང་ས་ཞིག་ལ་སོང་བ་དེས་ཁྱེད་ རང་གི་བསོད་ནམས་ལ་རྩིས་མེད་བྱས་ཡོད་པ་རེད། “ཅོལ་ཆུང་མ་བྱེད་དང་།” ཁོས་སྐད་ཆེན་པོས་བཤད། “གཉིད་སོད་ལ་ ཁ་ལོ་བསྒྱུར་དང་། ཁྱེད་རང་ལ་ད་དུང་བསོད་ནམས་མང་པོ་ཡོད་སྲིད་པ་རེད།” “གལ་སྲིད་བསོད་ནམས་བཙོང་སའི་ས་ཆ་ཞིག་ཡོད་པ་ཡིན་ན། ངས་ཅུང་ཙམ་ཞིག་ཉོས་ན་འདོད།”ཁོས་བཤད། ངས་དེ་ཅི་ཞིག་གིས་ཉོ་ཐུབ་བམ། ཁོས་ཁོ་ལ་དྲིས། ངས་བོར་ཟིན་པའི་ ཉ་མདུང་དང་ཡང་ན་གྲི་ཆག་ཏོ། ལག་པ་སྐྱོན་ཅན་གཉིས་ཀྱིས་ཉོ་ཐུབ་བམ།

“ཐུབ་ཀྱི་ཡོད་འགྲོ” ཁོས་བཤད། “ཁྱེད་རང་གིས་རྒྱ་མཚོའི་ནང་ ཉིན་གྲངས་བརྒྱད་ཅུ་གྱ་བཞི་ལ་བསྡད་ནས་ཉོ་རྩིས་བྱས་པ་རེད། དེ་ཚོས་ ཀྱང་ཁྱོད་ལ་བཙོང་གྲབས་བྱས་པ་རེད།” ངས་ཆོད་མེད་ཀྱི་སྐོར་ལ་བསམ་བློ་གཏོང་མི་རུང་། ཁོས་བསམས། བསོད་ནམས་དེ་རྣམ་པ་སྣ་ཚོགས་ཤིག་གི་ནང་ཡོང་བའི་དངོས་པོ་ཞིག་རེད།


120 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དེ་སུས་ངོས་འཛིན་བྱེད་ཐུབ། ངས་བསོད་ནམས་ཅུང་ཟད་ཅིག་རྣམ་པ་གང་ འདྲ་ཞིག་ནང་ཡིན་ཡང་ལེན་གྱི་ཡིན་ལ། རིན་གོང་ཅི་ཙམ་དགོས་ཟེར་ནའང་ སྤྲོད་ཀྱི་ཡིན། ངས་གློག་ལས་མཆེད་པའི་འོད་དག་མཐོང་ན་འདོད། ཁོས་ བསམས། ཁྱོད་ལ་འདོད་པ་ཆེས་མང་བ་ཡོད། ཡིན་ཡང་འདི་ནི་ད་ཆ་ངས་ འདོད་པའི་དོན་དེ་རེད། ཁོས་ཤིན་ཏུ་བདེ་མོའ ི་ངང་ཁ་ལོ་བསྒྱུར་ཐབས་ཀྱི་ལས་ ལ་འཇགས་ཐབས་བྱས། ཁོའ ི་ན་ཟུག་ལས་ཁོ་ཤི་མེད་པ་དེ་ཁོས་ཤེས།

ཁོས་གྲོང་ཁྱེར་གྱི་གློག་འོད་ཚུར་ཤར་བ་དེ་མཐོང་ཞིང་། དེ་ཏན་ ཏན་དགོང་མོའ་ི ཆུ་ཚོད་བཅུ་པ་ཙམ་ལ་ཡིན་རྒྱུ་རེད། ཟླ་བ་མ་ཤར་གོང་ ལ་དེ་ཚོ་ནི་ཐོག་མར་ནམ་མཁར་ཡོད་པའི་འོད་ལྟར་མཐོང་། དེ་ནས་དེ་ ཚོ་ནི་རྒྱ་མཚོའི་ཕར་ཕྱོགས་ལ་ཡོད་པ་འཆར་ཅན་དུ་མཐོང་ལ། ད་ཆ་རླུང་ འཚུབ་པའི་རྐྱེན་གྱིས་རྒྱ་མཚོ་ཡང་རྩུབ་པོ་ཞིག་རེད། ཁོས་གློག་འོད་ཀྱི་ ཁྲོད་ལ་གཏད་ནས་སོང་ཞིང་། ཁོས་འདི་ལྟར་བསམས། ད་ནས་མྱུར་དུ་ ཁོས་རྒྱ་མཚོ་མཐའ་ལ་སྙོབ་ཀྱི་རེད། ད་ནི་འདི་གྲུབ་པ་རེད། ཁོས་བསམས། གཅིག་བྱས་ན། ཁོང་ཚོས་ ངའི་ཐོག་ལ་ཡང་བསྐྱར་གཞུ་གི་རེད། ཡིན་ན་ཡང་། ནག་ཁུང་ནང་མཚོན་ ཆ་གང་ཡང་མེད་པའི་མི་ཞིག་གིས་ཁོང་ཚོ་ལ་ཅི་ཞིག་བྱེད་ཐུབ་བམ།

ཁོ་རེངས་ཤིང་ཟུག་གཟེར་ལངས། མཚན་མོའ་ི གྲང་ངར་གྱིས་ ཁོའ་ཤ ི ུགས་བཀོལ་བའི་གཟུགས་པོའ་ི ཆ་ཤས་ཡོད་ཚད་དང་རྨ་ཁ་རྣམས་ ལ་ཟུག་གཟེར་ལངས། ངས་ཁོང་ཚོ་མཉམ་དུ་འཛིང་མི་དགོས་པ་ཞིག་ལ་ རེ་བ་བྱེད། ཁོས་བསམས། ང་ཁོང་ཚོ་དང་མཉམ་དུ་ཡང་བསྐྱར་འཛིང་མ་ དགོས་པ་ཤོག་ཅེས་རེ་བ་ཆེན་པོ་བྱེད།

ཡིན་ན་ཡང་ནམ་གུང་ཙམ་ལ་ཁོ་འཛིང་།

ཐེངས་འདིར་ཁོས་


རྒད་པོ་དང་རྒྱ་མཚོ། 121

འཛིང་བ་ལ་ནི་བེད་སྤྱོད་མེད་པ་ཡིན་པ་ཤེས། ཁོང་ཚོ་ཁྱུ་དང་ཁྱུ་བྱས་ཏེ་ ཡོང་། ཁོང་ཚོའི་ཟེ་བའི་གཤོག་པས་ཆུའི་ནང་དུ་བཟོས་པའི་ཐིག་ཤར་ དང་ཁོང་ཚོ་རང་རང་ཉ་ཡི་སྟེང་མཆོངས་པ་ལས་བྱུང་བའི་འོད་འཚེར་ བ་ཙམ་ཞིག་རྒད་པོས་མཐོང་ཐུབ། ཁོས་ལག་དབྱུག་གིས་མགོ་ལ་གཞུས་ ཤིང་འགྲམ་སོས་ཤ་བཅད་པ་ཐོས། ཁོང་ཚོས་འོག་ནས་འཇུས་པ་བཞིན་གྲུ་ ཆུང་ཡང་འདར་སིག་སིག་བྱེད། ཁོས་རང་ཉིད་ཀྱིས་ཐོས་ས་དང་ཚོར་སའི་ གནས་ཉག་གཅིག་ལ་འཚབ་འཚུབ་ཀྱིས་ལག་དབྱུག་གིས་གཞུས། ཁོས་ ལག་དབྱུག་དེ་ཅིག་གིས་བཟུང་བ་ཚོར་ཞིང་དེ་ནས་དེ་བོར།

ཁོས་ཧོབ་འཐེན་ཞིག་བྱས་ཏེ་གྲུ་ཁ་བསྒྱུར་བྱད་ཀྱི་དབྱུག་པ་དེ་ གཟོང་ལས་གྲོལ། དེ་ལ་ལག་པ་གཉིས་ཆས་བཟུང་ཞིང་ཡར་བཀྱགས་ནས་ མར་ཡང་ཡང་རྡུང་ཞིང་རྡེག ཡིན་ན་ཡང་ཁོང་ཚོ་ནི་ད་ཆ་གྲུ་མདུན་ལ་ སླེབས་འདུག གཅིག་གི་རྗེས་ལ་གཅིག་ཡོང་བ་དང་། ཡང་མཉམ་དུ་ཡོང་ ནས་ཤ་དུམ་བུ་དུམ་བུ་བཅད་ཅིང་། ཁོང་ཚོ་བསྐོར་བ་ཞིག་བྱས་ནས་ཡང་ ཐེངས་ཤིག་ཡོང་སྐབས་ཤ་དུམ་གྱི་འོད་དག་རྒྱ་མཚོའི་འོག་ནས་མངོན།

མཐའ་མ་དེར་ཡང་བསྐྱར་གཅིག་མགོ་ཤ་ལ་དམིགས་ནས་ཡོང་། ཁོས་ལས་ཀ་འདི་གྲུབ་ཟིན་པ་ཤེས། ཁོས་ཉ་ཤྲ ག་གི་མགོ་ཡོད་ས་ལ་དབྱུག་ པ་འཕྲེད་དུ་གཡུགས་ཏེ་གཞུས། དེ་ན་ཁོའ་ི མཆེ་བ་ཡིས་མི་ཆོད་པའི་ཉ་ ཡི་མགོ་ལྗིད་ཆེ་བའི་ཆ་དེར་འཇུས་འདུག ཁོས་དེར་ཐེངས་གཅིག་དང་ གཉིས་དང་ཡང་བསྐྱར་གཞུས། ཁོས་དབྱུག་པ་ཆག་པ་ཐོས། ཁོས་དབྱུག་པ་ ཆག་ཏོ་དེས་ཉ་ཤྲ ག་ལ་བསྣུན། ཁོས་དེ་ནང་ལ་འཛུལ་བ་ཞིག་ཚོར། ཁོས་ དེའི་རྩེ་རྣོན་པོ་ཡིན་པ་ཤེས་རྗེས་ཡང་བསྐྱར་ནང་ལ་དེད། ཉ་ཤྲག་དེས་ཤ་ གློད་ནས་ཕར་རིལ་ནས་སོང་། དེ་ནི་ཉ་ཤྲ ག་ཁྱུ་གཅིག་སླེབས་པའི་མཐའ་ མ་དེ་རེད། འདི་ན་ཁོང་ཚོ་ལ་ཟ་རྒྱུ་གང་ཡང་ལྷག་མི་འདུག


122 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ད་ནི་རྒད་པོས་དབུགས་ཀྱང་ལེན་དཀའ་བའི་ཚོད་དུ་འདུག ཁོས་རང་གི་ཁའི་ ནང་དུ་བྲོ་བ་ཁྱད་མཚར་ཞིག་ཚོར། དེ་ལ་ནི་ཟངས་ཀྱི་དྲི་མ་ཅན་གྱི་མངར་མོ་ ཞིག་རེད། ཁོ་སྐད་ཅིག་གི་རིང་དེ་ལ་སྐྲག ཡིན་ཡང་དེ་མང་པོ་མི་འདུག

ཁོས་མཆིལ་ཞགས་ཀྱིས་དེ་རྒྱ་མཚོ་ལ་འཕངས། “གཱ་ལཱ་ནོ། ཁྱེད་ ཀྱིས་འདི་ཟོ་ལ། མི་གཅིག་བསད་པའི་རྨི་ལམ་ཐོངས།” ད་ཆ་མཐའ་མ་འདི་ལ་ཁོ་ཕམ་ཡོད་པ་ཤེས་ཤིང་། བཅོས་ཐབས་ ཀྱང་མེད། ཁོ་གྲུ་མཇུག་ལ་སོང་། གྲུ་དཀྱུ་ཡི་དབྱུག་པའི་ཆག་རོ་རྣོན་པོ་ དེ་རྙེད་ཅིང་དེ་གཟོང་གི་ཨི་ཁུང་ནང་ཏག་ཏག་འགྲོ་གི་འདུག་ལ། གྲུའི་ ཁ་བསྒྱུར་ཆེད་ལ་འགྲིག་ངེས་སུ་འདུག ཁོས་སྒྱེ་སྣོད་ཀྱིས་རང་གི་ཕྲག་པ་ བཀབ་ཅིང་གྲུ་ཆུང་དེ་རང་གི་ཁ་ཕྱོགས་ལ་བསྐོར། ཁོས་ད་ཆ་གྲུ་འདི་ཡང་ མོར་གཏོང་གི་ཡོད་ལ། ཁོ་ལ་བསམ་རྒྱུ་དང་ཚོར་རྒྱུའི་རིགས་གང་ཡང་མི་ འདུག ད་ཆ་ཁོ་དོན་ཚང་མ་ལས་ཐར་ཟིན་པ་རེད། ཁོས་རང་གི་ཐུབ་ཚོད་ ཀྱིས་སྤྱང་གྲུང་དོད་པོའ་ི ངང་གྲུ་ཆུང་དེ་རང་གི་ཁྱིམ་ཡོད་སའི་མཚོ་འགག་ ལ་བཏང་། མི་གཅིག་གིས་ཅོག་ཙེ་ལས་ཟས་ལྷག་སྒྲུག་པ་བཞིན་མཚན་ མོའ ི་སྐབས་སུ་ཉ་ཤྲ ག་གིས་རུས་པ་ལ་སོ་བརྒྱབ། རྒད་པོས་དེ་ཚོ་ལ་དོ་སྣང་ མ་བྱས། གྲུའི་ཁ་ལོ་བསྒྱུར་བ་མ་གཏོགས་དེ་ཚོ་ལ་དོ་སྣང་གང་ཡང་མ་སྤྲད། ད་ཆ་གྲུ་ཆུང་མོའ་ི འཁྲིས་ལ་ལྗིད་ཆེ་བ་གང་ཡང་མེད་གཤིས་གྲུ་ཆུང་མོ་ཇི་ འདྲའི་ཡང་མོ་དང་བདེ་མོར་བསྐྱོད་ཀྱི་ཡོད་པ་ཁོ་ན་དོ་སྣང་བྱུང་།

གྲུ་ཆུང་མོ་ནི་བཟང་པོར་ཡོད། ཁོས་བསམས། གྲུ་དཀྱུའི་དབྱུག་པ་ མ་གཏོགས་གྲུ་ཆུང་མོ་བདེ་ཞིང་སྐྱོན་གང་ཡང་བྱུང་མེད་ལ། དེ་ནི་ལས་སླ་ བོར་བརྗེ་པོ་བརྒྱབ་ཆོག

ཁོ་རྒྱ་མཚོའི་རླབས་ཀྱི་ནང་ལ་སླེབས་ཟིན་པ་དེ་ཁོས་ཚོར་ཐུབ་


རྒད་པོ་དང་རྒྱ་མཚོ། 123

ལ། ཁོས་མཚོ་འགྲམ་དུ་ཡོད་པའི་གཞིས་ཆགས་རྣམས་ཀྱི་གློག་འོད་དེ་ མཐོང་ཐུབ། ད་ཆ་ཁོས་ཁོ་གང་དུ་ཡོད་མེད་ཤེས་ཤིང་། ཁྱིམ་ལ་ལོག་རྒྱུ་ལ་ དཀའ་ངལ་གང་ཡང་མེད།

གང་ལྟར་ཡང་རླུང་བུ་ནི་ང་ཚོའི་གྲོགས་པོ་རེད། ཁོས་བསམས། དེ་ནས་ཁོས་སྣོན་པ་བཏབ། མཚམས་མཚམས་ལ། རྒྱ་མཚོ་ཆེན་པོ་ནི་ང་ ཚོའི་གྲོགས་པོ་དང་ང་ཚོའི་དགྲ་བོ་གཉི་གའི་མཉམ་དུ་ཡོད། ཉལ་ཁྲི་ནི། ཁོས་བསམས། ཉལ་ཁྲི་ནི་ངའི་གྲོགས་པོ་རེད། ཉལ་ཁྲི་ཁོ་ན། ཁོས་བསམས། ཉལ་ཁྲི་དེ་ཆེས་ཡག་ཤོས་ཤིག་ཡིན་རྒྱུ་རེད། ཁྱེད་རང་ཕམ་ཟིན་པའི་ སྐབས་སུ་ཉལ་ཁྲི་ལས་སླ་བོ་རེད། ཁོས་བསམས། ངས་དེ་ཅི་འདྲའི་ལས་ སླ་བོ་ཞིག་ཡིན་པ་གཏན་ནས་མ་ཤེས། ཁྱོད་ཕམ་པར་བྱས་པ་ཡང་ཅི་ཞིག་ ཡིན་པ་མ་ཤེས། ཁོས་བསམས། “གང་ཡང་མ་རེད།” ཁོས་སྐད་ཆེན་པོས་བཤད། “ང་ཆེས་ཐག་ རིང་ས་ལ་ཕྱིན་པ་རེད།”

ཁོས་གྲུ་འགག་ཆུང་ཆུང་དེའི་ནང་གྲུ་བཏང་སྐབས་སྡིངས་ཆའི་ཐོག་ གློག་ཟུམ་ཡོད་ལ། ཁོས་མི་ཚང་མ་ཉལ་ཚར་བ་ཤེས། བསིལ་རླུང་དེ་མུ་མཐུད་ ནས་ལྡང་ཞིང་ད་ནི་ཤུགས་ཀྱིས་གཡུགས་བཞིན་འདུག ཡིན་ན་ཡང་། གྲུ་ཁ་ དེ་ཧ་ཅང་ཁུ་སིམ་མེར་འདུག ཁོས་རྡོ་ཕ་བོང་འོག་གི་རྡོ་རགས་ཆུང་ཆུང་ཞིག་ ཡོད་ས་དེར་གྲུ་བཏང་། དེ་ལ་ཁོར་རོགས་པ་བྱེད་མཁན་གཅིག་ཀྱང་མེད་ལ། དེར་བརྟེན་ཁོས་རང་གི་ཐུབ་ཚོད་ཀྱིས་གྲུ་དེ་ཡར་འཐེན། དེ་ནས་ཁོ་གྲུའི་ཕྱི་ ལོགས་ལ་གོམ་པ་སྤོས་ནས་གྲུ་དེ་རྡོ་ཕ་བོང་ཞིག་ལ་བཏགས། ཁོས་གྲུ་དར་མར་ཕབ་ནས་གྲུ་དར་དེ་ལྟེབ་རྩེག་བྱས་ཏེ་བསྡམས། དེ་ནས་ཁོས་དར་ཤིང་དེ་ཕྲག་པར་འཁུར་ནས་ཡར་འགོས་མགོ་བརྩམས།


124 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དེ་ནས་ཁོས་ཁོ་ཅི་ཙམ་ཐང་ཆད་པའི་ཚོད་དེ་ཤེས། ཁོ་སྐད་ཅིག་རིང་འགྲོ་ མཚམས་བཞག་ནས་རྒྱབ་ལ་བལྟས། སྲང་ལམ་གྱི་གློག་འོད་འོག་ནས་ ཁོས་གྲུ་མཇུག་གི་ཐད་ན་ཉ་ཡི་མཇུག་མ་རླབས་ཆེན་དེ་ཡར་བསྒྲེངས་པ་ མཐོང་ལ། དཀར་པོ་དཀར་རྐྱང་ཡིན་པའི་རྒྱབ་རུས་ཀྱི་ཕྲེང་བ་དང་། སྣ་ རྩེ་རིང་མོ་ཕྱིར་བཏོན་པའི་མགོ་ནག་ལ་རྡོག་རྡོག་ཅན། དེ་དག་གི་བར་ན་ རྗེན་མར་བཏོན་པའི་རུས་པ་རྣམས་མཐོང་།

ཁོ་ཡང་བསྐྱར་འཛེགས་མགོ་བརྩམས། རྩེར་སླེབས་པ་དང་ཁོ་ འགྱེལ། དར་ཤིང་ཕྲག་པར་ཁུར་ཁུར་ལ་སྐད་ཅིག་གི་རིང་དེར་ཉལ། ཁོ་ ཡར་ལངས་རྩིས་བྱས་མོད་དེ་ནི་ཤིན་ཏུ་ནས་དཀའ་བ་ཞིག་རེད། དར་ཤིང་ ཕྲག་པར་ཁུར་ཁུར་ནས་དེར་ཡུད་ཙམ་རིང་བསྡད་དེ་ལམ་ཁ་ལ་བལྟས། ཞི་མི་གཅིག་ཕར་ཕྱོགས་ཐག་རིང་ས་ཞིག་ནས་རང་གི་ལས་ཀ་བྱེད་པར་ སོང་། རྒད་པོས་དེ་ལ་བལྟས། དེ་ནས་ཁོས་ལམ་ཁ་ཁོ་ན་ལ་བལྟས། མཐའ་མ་དེར་ཁོས་དར་ཤིང་ཐང་ལ་བཞག་ནས་ཡར་ལངས། དར་ ཤིང་ཡར་བཀྱགས་ཏེ་རང་གི་ཕྲག་པའི་སྟེང་བཞག ལམ་ཁ་དེད་ནས་ཡར་སོང་། ཁོའ ི་སྤྱིལ་ཆུང་ལ་མ་སླེབས་བར་དུ་ཁོ་ཐེངས་ལྔ་ལ་མར་སྡོད་དགོས་བྱུང་།

སྤྱིལ་ཆུང་ལ་སླེབས་པ་དང་། ཁོས་དར་ཤིང་རྩིག་པ་ལ་སྙེས། ནག་ ཁུང་ནང་ཁོས་ཆུ་ཡོད་པའི་ཤེལ་དམ་རྙེད། ཆུ་ཧུབ་གཅིག་འཐུང་། དེ་ནས་ ཉལ་ཁྲིའི་སྟེང་ཉལ། ཉལ་ཆས་རང་གི་ཕྲག་པ་བར་དུ་འཐེན། དེ་ནས་རང་ གི་རྒྱབ་དང་རྐང་པའི་ཐོག་བཀབ། ཁོ་ཚགས་པར་ཐོག་གདོང་བསྟན་ནས་ ཉལ། ལག་པ་གཉིས་ཐད་ཀར་བརྐྱངས་འདུག་ཅིང་ལག་མཐིལ་གཉིས་ཀྱི་ ཁ་ཡར་བསྟན་འདུག

ཞོ ག ས་ཀར་བུ་ཆུང་གི ས ་སྒོ ་ ནང་ནས་ཡར་བལྟས་སྐབས་ཁོ ་


རྒད་པོ་དང་རྒྱ་མཚོ། 125

གཉིད་ཁུག་འདུག དེ་དུས་རླུང་ཆེན་པོ་ལྡང་བཞིན་ཡོད་སྟབས་ཉ་འཛིན་ གྱི་གྲུ་རྣམས་འགྲོ་གི་མ་རེད། བུ་ཆུང་ཕྱི་པོར་ཉལ། དེ་ནས་ཁོ་ཞོགས་པ་རེ་ རེ་བཞིན་ཡོང་བ་ལྟར་རྒད་པོའ་ི སྤྱིལ་ཆུང་ལ་ཡོང་། བུ་ཆུང་གིས་རྒད་པོས་ དབུགས་ལེན་གྱི་ཡོད་པ་མཐོང་། དེ་ནས་རྒད་པོའ་ི ལག་པ་གཉིས་མཐོང་ ནས་ཁོ་ངུས། ཁོ་འཚིག་ཇ་ལེན་ཕྱིར་ཧ་ཅང་ཁུ་སིམ་སིམ་ངང་ཕྱི་ལ་ཐོན། མར་ལམ་ཚང་མ་ལ་ཁོ་ངུས་ནས་སོང་།

ཉ་པ་མང་པོས་གྲུ་ཆུང་གི་མཐའ་བསྐོར་ནས་དེ་ལ་བཏགས་ཡོད་ པ་གང་ལ་ལྟ་གིན་འདུག མི་གཅིག་ཆུའི་ནང་ལ་འདུག་ཅིང་། ཁོས་རྐང་ སྣམ་བརྫེས་ནས་ཐག་པ་རིང་པོ་ཞིག་གིས་ཉ་ཡི་རུས་པའི་རིང་ཚད་འཇལ་ བཞིན་འདུག

“ཁོ་གང་འདྲ་འདུག” ཉ་པ་ཞིག་གིས་སྐད་བརྒྱབ་ནས་བཤད།

“གཉིད་ཁུག་འདུག” བུ་ཆུང་གིས་ལན་བཏབ། ཁོས་ཁོ་རང་ངུ་ གི་ཡོད་པ་མིས་མཐོང་བ་ལ་ཡང་དོ་སྣང་མ་བྱས། “སུ་གཅིག་གིས་ཀྱང་ཁོ་ ལ་བར་ཆད་མ་བྱེད།” “ཁོའ་ི སྣ་རྩེ་ནས་མཇུག་མ་བར་དུ་ཁྲུ་བཅོ་བརྒྱད་འདུག” མཇལ་མཁན་གྱི་ཉ་པ་དེས་སྐད་བརྒྱབ།

“ང་དེ་ལ་ཡིད་ཆེས་ཡོད།” བུ་ཆུང་གིས་བཤད།

“ཀ་ར་དང་འོ་མ་མང་པོ་བླུགས་པའི་ཚ་པོ་ཞིག”

ཚད་

ཁོ་སྡིངས་ཆའི་ཐོག་ཕྱིན་ནས་འཚིག་ཇ་ལྕགས་ཕོར་གཅིག་མངགས།


126 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“དེ་ལས་གཞན་དགོས་སམ།”

“མི་དགོས། རྗེས་ལ་ངས་ཁོས་ག་རེ་ཟ་ཐུབ་ཀྱི་ཡོད་མེད་ལ་ལྟ་གི་ཡིན།”

“རོ་ཟ། ངའི་ཉ།” བུ་ཆུང་གིས་བཤད། ཁོ་ཡང་བསྐྱར་ངུ་མགོ་བརྩམས།

“དེ་ཅི་འདྲའི་ཉ་ཞིག་རེད་ཨང་།” ཇ་ཁང་སྦྱིན་བདག་གིས་བཤད། -“ད་བར་དུ་ཉ་དེ་འདྲ་ཞིག་ཡོད་མ་མྱོང་། ཁྱེད་རང་གིས་ཁ་སང་འཁྱེར་བའི་ ཉ་དེ་གཉིས་ཀྱང་ཉ་བདེ་མོ་གཉིས་རེད།”

“ཁྱེད་རང་ལ་འཐུང་རྒྱུ་འདྲ་དགོས་སམ།” སྦྱིན་བདག་གིས་དྲིས།

“མི་དགོས།” བུ་ཆུང་གིས་བཤད། “ཁོང་ཚོ་ལ་སེན་ཊི་ཡ་གོ་ལ་ བརྙས་བཅོས་མ་བྱེད་ཅེས་ཤོད། ང་ཕྱིར་ཡོང་གི་ཡིན།” “ངས་ཅི ་ ཙམ་ཞི ག ་གི ས ་གདུང་སེ མ ས་མཉམ་བསྐྱེ ད ་བྱེ ད ་ཀྱི ་ ཡོད་པ་ཁོ་ལ་ཤོད་དང་།”

“ཐུགས་རྗེ་ཆེ།” བུ་ཆུང་གིས་བཤད།

མཐའ་མ་ལ་རྒད་པོ་གཉིད་ལས་སད།

བུ་ཆུང་གིས་འཚིག་ཇ་ཚ་པོ་ལྕགས་ཕོར་གཅིག་དེ་ཡར་རྒད་པོའ་ི སྤྱིལ་ཆུང་ལ་འཁྱེར། ཁོ་གཉིད་ལས་མ་སད་ཀྱི་བར་དུ་འཁྲིས་དེར་བསྡད། ཐེངས་གཅིག་ཁོ་གཉིད་ལས་སད་ཀྱི་ཡོད་པ་འདྲ་ཞིག་མཐོང་། ཡིན་ན་ཡང་ ཁོ་ཡང་བསྐྱར་གཉིད་མཐུག་པོའ་ི ནང་སོང་། བུ་ཆུང་ཁ་གཏད་ཀྱི་སྲང་ ལམ་དུ་སོང་ནས་འཚིག་ཇ་ཚ་བོ་བཟོ་ཆེད་མེ་ཤིང་གཡར།


རྒད་པོ་དང་རྒྱ་མཚོ། 127

“ཡར་མ་ལངས།” བུ་ཆུང་གིས་བཤད། “འདི་འཐུང་དང་། ཁོས་འཚིག་ཇ་ ཅུང་ཟད་ཅིག་ཤེལ་ཕོར་ནང་བླུགས།”

རྒད་པོས་དེ་བླངས་ནས་འཐུང་།

“ཁོས་ ཁྱོད་ཕམ་བཅུག་པ་མ་རེད། ཉ་དེས་མ་རེད།”

“མཱ་ནོ་ལིན། དེ་ཚོས་ང་ཕམ་བཅུག་སོང་།” ཁོས་བཤད། “དེ་ཚོས་ དངོས་གནས་ང་ཕམ་བཅུག་སོང་།”

“མ་རེད། དངོས་གནས། དེ་ནི་དེའི་རྗེས་ལ་བྱུང་བ་རེད།”

“པེ ་ ཌི ་ རི ་ ཁོ ་ ཡི ས ་གྲུ་ཆུང་དང་ཅ་ལག་ལ་ལྟ་རྟོ ག ་བྱེ ད ་གི ན ་ འདུག ཁྱེད་ཀྱིས་མགོ་དེས་ཅི་ཞིག་བྱེད་བསམས་ཡོད།”

“པེ་ཌི་རི་ཁོ་ལ་དེ་གཏུབས་བཅུག་ནས་ཁོ་ལ་ཉ་རྒྱ་བྱེད་དུ་ཆུགས།”

“ཁྱོད་ལ་དགོས་ན་ཁྱོད་ཀྱིས་བཟུང་།”

“སྣ་རྩེ་རིང་མོ།”

“ང་ལ་དགོས།” བུ་ཆུང་གིས་བཤད། “ད་ང་ཚོས་དོན་དག་གཞན་ རྣམས་ཀྱི་ཆེད་དུ་ང་ཚོའི་འཆར་གཞི་བཟོ་དགོས།”

“ཁོང་ཚོས་ང་བཙལ་སོང་ངམ།”

“རྒྱ་མཚོ ་ ནི ་ཤི ན ་ཏུ་ཆེ ་ ལ་གྲུ་ཆུང་ཤི ན ་ཏུ་ཆུང་སྟབས་མཐོ ང ་

“ལོས་བཙལ། མཚོ་དམག་དང་གནམ་གྲུ་ཡིས།”


128 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

དཀའ་བ་རེད།” རྒད་པོས་བཤད། ཁོས་རྒྱ་མཚོ་དང་རང་ཉིད་ལ་སྐད་ཆ་ ཤོད་རྒྱུའི་ཚབ་ཏུ་མི་ཞིག་ལ་སྐད་ཆ་བཤད་ས་ཡོད་པ་དེ་ཅི་འདྲའི་དགའ་ སྣང་དང་ལྡན་པ་ཞིག་ཡིན་པ་ལ་དོ་སྣང་བྱུང་། “ངས་ཁྱེད་རང་དྲན་བྱུང་།” ཁོས་བཤད། “ཁྱེད་རང་གིས་ག་རེ་བཟུང་བ་ཡིན།” “ཉི་མ་དང་བོ་ལ་གཅིག ཉི་མ་གཉིས་པ་ལ་གཅིག གསུམ་པ་ལ་ གཉིས།”

“དཔེ་ཡག་པོ་འདུག”

“ད་ང་ཚོ་མཉམ་དུ་ཉ་འཛིན་དུ་འགྲོ”

“མིན། ང་བསོད་ནམས་ཅན་མ་རེད། ད་ཕྱིན་ཆད་ང་ལ་བསོད་ ནམས་ཅི་ཡང་མི་འདུག”

“བསོད་ནམས་དམྱལ་བ་དེ།” བུ་ཆུང་གིས་བཤད། “ངས་བསོད་ ནམས་ངའི་མཉམ་དུ་འཁྱེར་ཡོང་།”

“ཁྱོད་ཀྱི་ཁྱིམ་ཚང་གིས་ཅི་ཟེར།”

“ངས་དེ་ལ་ཁ་ཡ་མི་བྱེད། ངས་ཁ་སང་གཉིས་བཟུང་བ་ཡིན། ཡིན་ན་ཡང་ད་ནི་ང་གཉིས་མཉམ་པོར་ཉ་འཛིན་ལ། དེ་ཡང་ངས་ད་དུང་ ཁྱོད་ལས་སྦྱང་རྒྱུ་མང་བ་འདུག”

“ང་ཚོ་ལ་ཉ་མདུང་རིང་པོ་ཡག་པོ་ཞིག་དགོས་ཀྱི་འདུག་ལ། དེ་ ནམ་རྒྱུན་གྲུའི་ནང་ལ་འཁྱེར་དགོས། ཁྱེད་ཀྱིས་རླངས་འཁོར་ཕོར་ཌི་རྙིང་ པ་ཡི་ལྡེམ་ལྕགས་ལེབ་མོ་ལས་གྲི་བཟོ་ཆོག ང་ཚོས་ གུ་ན་བཱ་ཁོ་རུའི་གྲོང་


རྒད་པོ་དང་རྒྱ་མཚོ། 129

སྡེ་རུ་དེ་རྡུང་ཆོག དེ་རྣོན་པོ་བཟོ་དགོས་ཤིང་རྣོ་ངར་མ་སྤྲད་ན་ཆག་གི་ རེད། ངའི་གྲི་ཆག་སོང་།”

“ངས་གྲི་གཞན་པ་ཞིག་ཐོབ་པ་བྱེད་ལ་ལྡེམ་ལྕགས་དེ་ཡང་རྡུང་ ཆོག ཉི་མ་ག་ཚོད་ལ་ང་ཚོར་རླུང་ཆེན་པོ་ཡོད་རེད།”

“གཅིག་བྱས་ན་གསུམ། གཅིག་བྱས་ན་དེ་ལས་མང་བ།”

“ངས་ཚང་མ་གྲ་སྒྲིག་བྱས་ནས་འཇོག་གི་ཡིན།” བུ་ཆུང་གིས་ བཤད། “རྒད་པོ། ཁྱེད་ཀྱིས་ལག་པ་རྣམས་དྲགས་བཅུག་དང་།”

“ངས་དེ་ཚོ་ལ་བདག་ཇི་ལྟར་བྱེད་དགོས་པ་ཤེས། མཚན་མོའ་ི སྐབས་སུ་ངས་ཁྱད་མཚར་ཞིག་མཆིལ་མས་འཕངས་ལ། ངའི་བྲང་ཁོག་ ནས་ཅིག་ཆག་པ་ཚོར།” “དེ་ཚོ་ཡང་དྲགས་ཆུགས།” བུ་ཆུང་གིས་བཤད། “རྒད་པོ། མར་ ཉོལ། ངས་ཁྱེད་ལ་ཁྱེད་ཀྱི་སྟོད་ཐུང་གཙང་མ་དེ་འཁྱེར་ཡོང་ལ། ཟ་རྒྱུ་ཞིག་ ཀྱང་འཁྱེར་ཡོང་།” “ང་སོང་ཤུལ་གྱི་དུས་ཚོད་རིང་གི་ཚགས་པར་ཡང་འཁྱེར་ཤོག” རྒད་པོས་བཤད།

“ང་ལ་སྦྱང་རྒྱུ་མང་པོ་འདུག བྱས་ཙང་ཁྱེད་རང་ངེས་པར་གང་ མྱུར་གྱིས་དྲགས་པ་བྱེད་རོགས། ཁྱེད་ཀྱིས་ང་ལ་ཚང་མ་སློབ་ཐུབ། ཁྱེད་ལ་ ན་ཟུག་ཅི་ཙམ་བཏང་བྱུང་།”

“མང་པོ།” རྒད་པོས་བཤད།


130 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

“ངས་ཟ་རྒྱུ་ཞིག་དང་ཚགས་པར་འཁྱེར་ཡོང་།” བུ་ཆུང་གིས་བཤད།

“རྒད་པོ། ངལ་གསོ་ཡག་པོ་བྱོས་དང་། ངས་སྨན་བཙོང་ས་ནས་ ཁྱེད་ཀྱི་ལག་པ་ལ་སྨན་ཆས་འཁྱེར་ཡོང་།”

“པེ་ཌི་རི་ཁོ་ལ། མགོ་དེ་ཁོའ་ི ཡིན་ཞེས་བཤད་རྒྱུ་མ་བརྗེད་ཨ།” “མི་བརྗེད། ངས་དྲན་གྱི་འདུག”

བུ་ཆུང་སྒོ་ནས་ཐོན་ཏེ་རྡོ་རུག་གི་ལམ་ཕྲན་རྙིང་པ་དེད་ནས་ མར་འགྲོ་སྐབས་ཡང་བསྐྱར་ངུ་གི་འདུག

དེའི་ཕྱི་དྲོ་དེ་ལ་སྡིངས་ཆའི་སྟེང་ལྟ་སྐོར་བ་ཚོའི་ཐུགས་སྤྲོ་ཞིག་ འདུག བུད་མེད་གཅིག་གིས་ མ་གིའི་ལྦུ་ཆང་གི་ཤེལ་དམ་སྟོང་པ་དང་ ཉ་བ་ར་ཀུ་དའི་རོས་ཁེངས་པའི་དཀྱིལ་ལ་བལྟས་སྐབས། གྲུ་འགག་གི་ འགྲོ ་ ལམ་བརྒལ་ཙམ་གྱི་རྒྱ་མཚོའི་ནང་ཤར་རླུང་ཤུགས་ཀྱིས་ལྡང་བའི་ ཁྲོད་ན་རླབས་ཆེན་གྱི་སྒལ་ཚིགས་དཀར་ལ་རིང་བ་མཇུག་མ་ཆེན་པོ་ དང་བཅས་པ་ཞིག་རྒྱ་མཚོའི་རླབས་དང་བསྡོངས་ནས་གཡོ་ཞིང་འགྱོགས་ བཞིན་པ་མཐོང་། “དེ་ག་རེ་རེད།” མོས་ཟ་ཁང་ཞབས་ཞུ་བ་ལ་དྲིས་ཤིང་། ད་ནི་ རྒྱ་མཚོའི་རླབས་དང་བསྡོངས་ནས་གད་སྙིགས་ཁྲོད་འགྲོ་རྒྱུར་སྒུག་བཞིན་ པའི་རླབས་ཆེ་བའི་ཉ་ཡི་རྒྱབ་རུས་རིང་མོ་ལ་མཛུབ་མོ་བཙུགས།

“ཏཱི་བུ་རོན།” ཞབས་ཞུ་བས་བཤད། “ཨི་ཤྲ ག” ཁོས་དོན་དག་ཅི་ ཞིག་བྱུང་བ་དེ་ལ་འགྲེལ་བཤད་བྱེད་སླད་དེ་ལྟར་བཤད།


རྒད་པོ་དང་རྒྱ་མཚོ། 131

“ངས་ཉ་ཤྲ ག་ལ་འདི་འདྲའི་སྙིང་རྗེ་ཞིང་བཀོད་པ་ལེགས་པའི་མཇུག་མ་ ཡོད་པ་མ་ཤེས།”

“ངས་ཀྱང་མ་ཤེས།” མོའ་ི ཟླ་བོ་བུ་དེས་བཤད།

ལམ་གྱི་ཡར་སྟོད་ན། ཁོའ་ི སྤྱིལ་ཆུང་དུ། རྒད་པོ་ཡང་བསྐྱར་ གཉིད་ལ་རོལ། ཁོ་ད་དུང་ཡང་ཁ་མར་བསྟན་ནས་ཉལ་འདུག་ལ། བུ་ཆུང་ ཁོའ་ི འཁྲིས་ལ་བསྡད་ནས་ཁོ་ལ་བལྟ་བཞིན་འདུག རྒད་པོས་སེང་གེའི་ སྐོར་ལ་རྨི་ལམ་གཏོང་བཞིན་འདུག

དགེ་འདུན་རབ་གསལ་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་ སངས་ཉིན་བསྒྱུར་གྲུབ་པའོ།།



རྩོམ་པ་པོའ ་ི སྐོར།

རྒད་པོ་དང་རྒྱ་མཚོ། 133

ཨར་ནེསྚི། ཧེ་མིང་ཝེ་ནི་ཕྱི་ལོ་ ༡༨༩༩ ལོར་ཨ་རིའི་མངའ་སྡེ་ཨི་ལིས་ནོ་ ཞེས་པའི་ཨོག་པར་ཀི་ཞེས་པའམ་བེ་ཤིང་གླིང་ག་ཞེས་པར་སྐྱེས། ༡༩༡༧ ལོར་ “ཀེན་ས་སི་གྲོང་ཁྱེར་སྐར་མ” ཞེས་པའི་ཚགས་པར་ཐོག་རང་གི་ ཆེད་ལས་ཀྱི་རྩོམ་ཡིག་འབྲི་མགོ་བཙུགས། འཛམ་གླིང་དམག་ཆེན་དང་ པོའ ི་སྐབས་སུ། ཨི་ཊ་ལིའི་གཡུལ་ས་རུ་ཁོང་གིས་སྨན་བཅོས་རླངས་འཁོར་ གྱི་ཁ་ལོ་པ་བྱེད་པའི་དྭང་བླངས་ལས་ཀ་བྱས་མོད། རྐང་དམག་དང་ལྷན་ དུ་ཞབས་ཞུ་ཞུ་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཁྱིམ་དུ་སྡོད་དགོས་ ཤར་པ་རེད། ༡༩༢༡ ལོར་ཧེ་མིང་ཝེ། ཕ་རན་སིའི་གྲོང་ཁྱེར། པེ་རེ་སི་ རུ་གཞིས་སྡོད་བྱས་ཤིང་། དེར་ཁོང་ནི་ གཱེར་ཊི་རུ་ཌི། སི་ཏའེན་དང་། ཨེ་ ཧྥི། སི་ཀོ་ཊ། ཧྥི་ཊི་ཟ་གེ་རལ་ཌི། ཨི་ཛ་ར། པོན་ཌི། ཕོར་ཌི་ མེ་ཌོ་སེ། ཕོར་ ཌི་བཅས་ཀྱི་ཡུལ་གྱར་བའི་ཁྱུ་ཚོགས་ཀྱི་གྲས་རེད། ༡༩༢༦ ལོར་ ཉི་མ་ཡང་ ཤར་འདུག་ ཅེས་པ་དེ་ཐོན་པ་མཉམ་དུ། ཧེ་མིང་ཝེ་ནི་ “བརླག་ཟིན་པའི་ ”མི་རབས་ཀྱི་མགྲིན་དབྱངས་ཤིག་ཏུ་གྱུར་པ་ཙམ་མ་ཡིན་པར། ཁོང་གི་དུས་ ཚོད་ཀྱི་རྩོམ་པ་པོ་ཕུལ་བྱུང་ཞིག་ཆགས་པ་རེད། འདིའི་མཇུག་ཏུ་ཨི་ཊ་ལའི་ གཡུལ་སའི་སྐོར་གྱི་ཁོང་གི་བཅོས་སྒྲུང་ “དཔུང་ངར་དང་ཁ་གྱེས་པ” ཞེས་ པ་དེ་ ༡༩༢༩ ལོར་ཐོན་པ་རེད། ༡༩༣༠ རྩ་གྲངས་ཀྱི་ནང་ ཧེ་མིང་ཝེ་ ནི་ ཀི་ ཝེ་སི་ཊི་ ཞེས་པར་གཞིས་ཆགས་ཤིང་། ཕྱིས་སུ་ཁུའུ་བྷ་རྒྱལ་ཁབ་ཏུ་གཞིས་ སྡོད་བྱས་པ་རེད། ཡིན་ན་ཡང་ཁོང་སེ་པན་དང་ཨི་ཊ་ལི། ཨ་ཧྥི་རི་ཀ་བཅས་ སུ་རྒྱ་ཆེར་འགྲུལ་བཞུད་བྱས་པ་རེད། ཕྱིས་སུ་ཁོང་སེ་པཱན་གྱི་མི་སེར་དམག་ འཁྲུག་ལ་ཞུགས་ཤིང་། དེ་ནི་ཁོང་གི་ ༡༩༣༩ ལོའ ི་དམག་འཁྲུག་གི་བཅོས་ སྒྲུང་ཕུལ་བྱུང་ “གང་གི་ཆེད་དུ་དྲིལ་བུ་དཀྲོལ་བ ”ཞེས་པ་དེའི་རྒྱབ་ལྗོངས་ སུ་གྱུར་ཡོད་པ་རེད།


134 ཧེ་མིང་ཝེས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།

ཧེ་མིང་ཝེ་ཡི་ཧ་ཅང་གྲགས་ཆེ་བའི་རྩོམ་ཡིག་ “རྒད་པོ་དང་ རྒྱ་མཚོ” ཞུ་བ་དེ་ལ་ ༡༩༥༣ ལོར་པུ་ལེ་ཊི་ཛེར་ཞུ་བའི་གཟེངས་རྟགས་ ཐོབ་ཅིང་། ༡༩༥༤ ལོར་ཁོང་གི་ “གླེང་མོལ་གྱི་སྒྱུ་རྩལ་ལ་དབང་བསྒྱུར་ བའི་རྣམ་པ་འཛུགས་མཁན་དང་ཚིག་ཤུགས་ཆེ་བ་” དེ་ལ་ནོ་བྷེལ་རྩོམ་ རིག་གི་གཟེངས་རྟགས་ཐོབ་པ་རེད། ཨ་མི་རི་ཀའི་བཅོས་སྒྲུང་གི་ཁྲོད་དུ་ བཅོས་སྒྲུང་དང་སྒྲུང་ཐུང་གི་འཕེལ་རྒྱས་ལ་ཧ་ཅང་གལ་གནད་ཆེ་བའི་ ཤུགས་རྐྱེན་གྱི་ཐོག་ནས། དུས་རབས་ཉི་ཤུ་བའི་རྩོམ་པ་པོ་གཞན་སུ་ཞིག་ གིས་ཀྱང་མ་ཐུབ་པའི་ཨ་རིའི་མི་མང་གི་འཆར་སྣང་ཞིག་ཧེ་མིང་ཝེ་ཡིས་ འཛིན་ཐུབ་པར་གྱུར་པ་རེད། ཁོང་ ༡༩༦༡ ལོར་ ཨེ་ཌ་ཧོ་མངའ་སྡེར་རང་ཤི་ བརྒྱབ་ནས་གྲོངས་པ་རེད། ཁོང་གི་རྩོམ་ཡིག་གྲགས་ཆེའི་གྲས་སུ་ ༡༩༣༧ ལོའ་ི “ཡོད་པ་དང་མེད་པ” ཞེས་པ་དང་། ༡༩༥༠ ལོའ་ི “གཙང་པོའ་ི ཕ་ རོལ་དང་ནགས་ཚལ་དཀྱིལ་དུ།” ཞེས་པ། ཁོང་འདས་རྗེས་ཀྱི་ ༡༩༧༤ ལོའ་ི འགུལ་བཞིན་པའི་ཆོས་སྟོན་ཞིག། ༡༩༧༠ ལོའ་ི སྨུག་པའི་ཁྲོད་ཀྱི་མཚོ་ གླིང་། ༡༩༨༦ ལོའ་ི “ཉེན་ཁ་ཅན་གྱི་དབྱར་ཁ” ༡༩༨༦ ལོའ་ི “ཨི་ལྡན་ཡུལ་ གྱི་མེ་ཏོག་ལྡུམ་རྭ” ཞེས་པ་རྣམས་རེད།




Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.