BOD-KYI-DUS-BA B སྦེལ་ཀོབ་ས་གནས་ཁྲིམས་ཞིབ་པ་མཚོ་སྣ་གཡུ་ཐོག་ལྷག་པ།
TIBET TIMES གསར་སྙིང།
དམར་གསོད་མཚམས་འཇོག
ཕྱི་ཚེས་ ༩ ཉིན་གཞོན་ལྷན་གྱིས་ལྷ་སར་བོད་ མི ་ གཉི ས ་ལ་སྲོ ག ་ཁྲི མ ས་བཅད་ཡོ ད ་པའི ་ ཐད་
གསལ་བསྒྲགས་གནང་དོན། རྒྱ་ནག་གིས་ཞིང་ བྲན་ཡར་ལངས་བཅིངས་གྲོལ་ཟེར་བའི་དུས་སྟོན་
ཚུགས་ནས་ཉིན་གྲངས་ ༡༢ ལས་མ་སོང་བའི་དུས་
འདིར་བོད་མི་ཚོར་ཉེས་འཛུགས་ཀྱི་སྲོག་ཁྲིམས་ བཅད་པ་དེ། ནག་ཉེས་རྒྱ་གཞུང་གིས་བཟོས་ཏེ་
ངན་ཁག་བོད་མིར་འགེལ་བ་དང། བོད་མི་རིགས་ རྩ་མེད་བཟོ་རྒྱུའི་བྱེད་ཐབས་ཤིག་ཀྱང་ཡིན་པས།
རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་ ཁོངས་ཡིན་པའི་རྒྱ་ནག་གིས་མི་གསོད་ཁྲག་སྦྱོར་
གྱི་བྱེད་ཐབས་མཚམས་འཇོག་བྱ་དགོས་པ་དང་། རྒྱལ་ཚོགས་ལ་ཞི་བདེ་དང་རང་དབང་གི་འགན་
ལེན་ཡོད་ན། རྒྱ་ནག་ལ་གནོན་ཤུགས་དང་བརྡ་ ལན་སྤྲོད་དགོས་ཞེས་འབོད་སྐུལ་གནང་ཡོད།
བུད་མེད་ཚོགས་ཆེན།
བོ ད ་ཀྱི ་ བུད་མེ ད ་ལྷན་ཚོ ག ས་ཐེ ང ས་དགུ་བའི ་
ཚོ ག ས་ཆེ ན ་དེ ་ ཚེ ས ་ ༡༠ ནས་ ༡༥ བར་དྷ་ སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་འཚོགས་
བཞིན་ཡོད། ཚོགས་ཆེན་འདིའི་ཐོག་བུད་མེད་ ལྷན་ཚོ ག ས་ཀྱི ་ རྒྱུན་ལས་གསར་འདེ མ ས་དང་
གྲོས་ཆོད་གསར་བཟོ། འབྱུང་འགྱུར་རྩ་དོན་བསྒྲུབ་
ཕྱོ ག ས་དང་ལྷག་པར་དུ་བོ ད ་ཀྱི ་ བུད་མེ ད ་ཚོ འི ་ ལས་དོ ན ་སྐོ ར ་ལ་བགྲོ ་ གླེ ང ་གོ ་ བསྡུར་དང་ཐག་ གཅོད་གཏན་འབེབས་བྱ་འཆར་འདུག།
བཀའ་ཁྲི་ཕྱོགས་ཕེབས།
ཕྱི་ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་ཝ་ར་ ནཱ་སའི་གུཇ་རཱཏ་བྷི་ངྷར་ཡཔ་ཐ་གཙུག་ལག་སློབ་ ཁང་དང་ཝ་ནཱ་བོད་ཀྱི་གཙུག་ལག་སློབ་གྲྭ་གཉིས་ ཀྱི་གོ་སྒྲིག་གནང་བའི་ཟབ་སྦྱོང་ཞིག་གི་མཇུག་
བསྡོམས་སྟེང༌། གསུང་བཤད་གནང་འཆར་ཡོད་ འདུག ཕྱི་ཚེས་ ༡༢ ཉིན་ལྡི་ལི་བརྒྱུད་ཕྱིར་ངྷ་རམ་ ས་ལར་ཕེབས་རྒྱུ་ཡིན་འདུག
བརྟན་བཞུགས་བསྟར་འབུལ།
ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སིམ་ལ་ཇོ་ནང་མ་དགོན་
རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ། དཔལ་རྒྱལ་ བ་ཇོ ་ ནང་བའི ་ བསྟན་བདག་ཆེ ན ་མོ ་ ཁལ་ཁ་རྗེ ་ བཙུན་དམ་པ་མཆོག་ལ་བོད་གཞིས་བྱེས་གཉིས་
ཀྱི་ཇོ་ནང་པ་ཐུན་མོང་ནས་བརྟན་བཞུགས་བསྟར་ འབུལ་ཞུས་ཡོད། སྐབས་དེར་བོད་གཞུང་ཆོས་ རིག་ལས་ཁུངས་ཀྱི་སྐུ་ཚབ་ཆོས་རིག་དྲུང་འཕར་
ནོར་བུ་དོན་ལྡན་ལགས་ཆེད་ཕེབས་གནང་ཡོད་
པ་དང། ས་གནས་མགོ་འཛིན་དང་སྐུ་མགྲོན་རྣམ་
པ། སློབ་ཕྲུག་དང་དད་ལྡན་སེར་སྐྱ་མི་མང་ཡོངས་ ལ་མཇལ་ཁའང་གནང་ཡོད་འདུག
ཐུགས་རྗེ་ཆེ།
ཐེ ང ས་འདི འི ་ གསར་ཤོ ག ་འདོ ན ་ཐེ ང ས་ ཀྱི་སྦྱིན་བདག་ནི་བྷེལ་རྗེམ་དུ་གནས་ བཞུགས་སྐུ་ཞབས་ཨ་ཏི་ཤ་ལགས་ཡིན། བོད་ཀྱི་དུས་བབ་གསར་ཁང་ནས།
གཏམ་གླེང་དྲུག་སྐོར་མ།
རྒྱལ་ཁབ་བརྟན་སྲུང་།
/ སྤྱིའི་འདོན་ཐེངས་ ༤༤༥ ལོ་ ༡༤ གྲངས་༡༠ ༢༠༠༩ / ༤/༡༠
HP/04/DMA Valid Upto 31/12/2011
ཉིན་བཅུ་རེའི་གསར་ཤོག
ཧྥ་རན་སིར་གནས་བཞུཊ་ཀུན་བཟང་ཆོས་འཕེལ་ལ་བཅར་འདྲི།
གསར་རིན་ཧིན་སྒོར་ ༥
ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱིས་གནས་ལུགས་འཚོལ་བ།
ཆུང་ས་ནས་ཁྱིམ་ཚང་ནང་ཁུལ་རྒྱག་
རེས་རྒྱག་པ་དང་མི་གསོད་པ། ཆེ་ ས་ནས་འཇིགས་སྐུལ་རིང་ལུགས་སོགས་ མཐར་གཏུགས་ན། སེམས་འདུལ་མ་ཐུབ་ པ་ལས་བྱུང་བ་གསལ་བོ་རེད། སེམས་ ཟེར་བ་དེར་སྨན་ཟོས་ཏེ་འདུལ་བ་དང༌། ཁབ་ བརྒྱབས་ཏེ་འདུལ་བ་དེ་འདྲ་མེད། ང་ཚོས་ འདི་ལྟར་ཚན་རིག་དང་ནང་ཆོས་གོ་བསྡུར་ བྱེད་དོན། ཤེས་བྱ་རྒྱ་ཆེ་རུ་གཏོང་རྒྱུ་དང་ ཤེས་བྱ་རྒྱ་ཆེ་རུ་བཏང་བའི་གྲུབ་དོན་མི་ ལ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ བ་བྱ་རྒྱུ་ང་ཚོའི་དམིགས་ཡུལ་རེད། ཅེས་ ༧གོང་ས་མཆོག་གིས་གསུངས་ཡོད། བཞུགས་སྒར་ངྷ་རམ་ས་ལའི་གཟིམ་ ཆུང་ཕོ་བྲང་དུ་ཕྱི་ཚེས་ ༦ ཉིན་ནས་མགོ་ འཛུགས་ཀྱིས་སེམས་དང་སྲོག་ཅེས་པའི་ བརྗོད་གཞིའི་ཐོག ཉིན་གྲངས་ ༥ རིང་ གི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་ གླེང་གོ་བསྡུར་ཞིག་འཚོགས་ཡོད་པ་དང༌། ཐེ ང ས་འདི འི ་ ཚོ ག ས་ཐོ ག ་ཏུ་༧གོ ང ་ས་ མཆོག་དང་དཔལ་རྒྱལ་བ་ཀརྨ་པ། བསོད་ རྒྱལ་རིན་པོ་ཆེ། ཨ་རི་དང་ཡུ་རོབ། དབྱིན་ ཡུལ། རྒྱ་གར་བཅས་ཀྱི་ཚན་རིག་པ་དང་ མཚན་ཉིད་རིག་པ་བ། དེ་བཞིན། གཙུག་ ལག་སློབ་གྲྭ་ཁག་གི་ཚན་རིག་སློབ་དཔོན་ ཆེན་མོ་དང་ཨ་རིའི་གློག་བརྙན་ཁྲབ་སྟོན་ པ་གྲགས་ཅན་རི་ཆར་ཌི་གྷར། དེ་བཞིན་ བོ ད ་པའི ་ གདན་ས་ཁག་གི ་ དགེ ་ བཤེ ས ་ བཅས་མཉམ་ཞུགས་གནང་ཡོད། ཚོགས་
རེ་
འདུ་དབུ་འཛུགས་མཛད་སྒོའ ་ི སྟེང་༧གོང་ ས་མཆོག་གིས། ང་ཚོས་ལོ་ངོ་ ༢༢ རིང་ ལ་ཚན་རིག་དང་ནང་ཆོས་བར་བགྲོ་གླེང་གོ་ བསྡུར་དང༌། བརྟག་དཔྱད་ཞིབ་འཇུག་བྱས་ པ་བརྒྱུད་དེ། གནད་འགག་ཁ་ཤས་ཤིག་ ལ་གྲུབ་འབྲས་ལྡན་པ་བྱུང་ཡོད་པར་ཡིད་ ཆེས་ཡོད། ཕྱི་དངོས་པོའ ་ི གནས་ལུགས་ དང་རྡུལ་ཕྲན་གྱི་རྣམ་བཞག ནང་སེམས་ཀྱི་ ཆོས་ཉིད། ལྷག་པར་དུ་ཚོར་ཤུགས་ཧ་ཅང་ རྣོ་བའི་ནང་སེམས་ཀྱི་མྱོང་ཚོར་དང་འགྱུར་ འགྲོས་བཅས་ལ། ང་ཚོ་གྲོས་བསྡུར་རིམ་པ་ བྱས་ཏེ་གསལ་བོ་ཆགས་ཡོད། དེར་བརྟེན།
ནང་སེམས་ཀྱི་བྱེད་ལས་ལ་དོ་སྣང་མེད་པ་ ཚོར་ཡང་དོ་སྣང་གསར་དུ་སླེབས་ཡོད། ད་ལྟའི་བར་ང་ཚོ་ནང་པའི་ཆོས་ལུགས་ པ་དང་ཚན་རིག་པའི་བར་བགྲོ་གླེང་ཚོགས་ འདུ་ཐེངས་ ༡༨ ཙམ་བྱུང་ཡོད། ཐོག་མའི་ སྐབས་སུ་ལས་གཞི་འདིར་བོད་པ་ཚོ་དང༌། ལྷག་པར་དུ་ཆོས་ལུགས་པ་ཚོའི་ནང་དུ་ དགོ ས ་པ་ཆེ ར ་ཨེ ་ ཡོ ད ་སྙམ་པའི ་ མཐོ ང ་ ཚུལ་ཡོད་མཁན་བྱུང་ཡོད། བོད་པ་ཙམ་ མ་ཡིན་པར་ཕྱི་རྒྱལ་བ་ཚོས་ཀྱང༌། ཆོས་ ལུགས་པ་དང་ཚན་རི ག ་པས་མཉམ་དུ་ སྐད་ཆ་བཤད་ན། ཆོས་དད་ལ་གནོད་པ་
གསུངས་སོང༌། དེའི་རྗེས་ཤེས་རིག་དྲུང་ཆེའི་གཡུ་ཐོག་ ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་ གནང་དོན། གློག་ཀླད་དང་འཕྲུལ་རིགས་ཀྱི་ ལག་རྩལ་པ་ཟེར་བ་དེ། དེང་དུས་ཀྱི་ཤེས་ ཡོ ན ་རག་ཡོ ད ་པ་ཚོའི ་ ཁྲོད་ནས་འཐོ ན ་ དགོས་པ་ཞིག་ཡིན་ཡང༌། དེ་ལས་ལྡོག་སྟེ་ བོད་ནས་ཕེབས་ཤིང་གདན་སར་ཆོས་ཀྱི་ སློབ་གཉེར་གནང་མཁན་གྲྭ་བ་གྲྭ་རྐྱང་ཞིག་ གིས་དེང་རབས་ཀྱི་འཕྲུལ་རིགས་ཐོག་ལག་ རྗེས་མངོན་གསལ་བཞག་སྟེ་ང་ཚོའི་མདུན་ དུ་བསྟར་ཡོད། དེ་ལ་ང་ཚོ་ཤེས་རིག་ལས་ ཁུངས་ཀྱི་ངོས་ནས་ཆེ་བསྟོད་དང་ཐུགས་ རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཡིག་འདི་དྲ་རྒྱའི་ སྟེང་ལ་བསྐྱལ་རྒྱུ་ཧ་ཅང་གལ་ཆེན་པོ་ ཆགས་ཡོད་སྟབས། འདིར་ཕེབས་པ་ཚང་ མས་འཕྱར་གྲུ་མཉམ་འདེག ས་ཀྱིས ་སྨོན ་ ལམ་བོད་ཡིག་གསུམ་པ་འདི་སྤྱི་ཚོགས་ ནང་ཁྱབ་གདལ་དུ་གཏོང་རྒྱུར་རེ་སྐུལ་ཞུ་ བཞིན་ཡོད། ཤེས་རིག་ལས་ཁུངས་ཀྱིས་ ལས་དོན་འདིར ་རྒྱབ་སྐྱོར ་བྱེད་དོན་གང་ ཡིན་ཟེར་ན། བོད་ཀྱི་ཡིག་གཟུགས་དང་ སྐད་གདངས་གཅི ག ་གྱུར་ཡོ ང ་ཐབས་ལ་ རེ་བ་རྒྱག་གིན་ཡོད། འོན་ཀྱང༌། རེ་ཟུང་ གིས་སྐད་ཡིག་གཅིག་གྱུར་ཟེར་དུས། སོ་ སོའ ་ི སྐད་ཡིག་དེ་རྒྱུན་འཛིན་བྱ་མི་དགོས་ པ་ཞི ག ་ལ་གོ ་ བཞི ན ་ཡོ ད ་ཀྱང༌། དེ ་ འདྲ་ རྩ་བ་ནས་མ་རེད། སོ་སོའ ་ི ལུང་པར་སོ་
སོའ ་ི སྐད་གདངས་རྒྱུན་འཛིན་ཐོག བོད་ ཐུན་མོང་ལ་གཅིག་གྱུར་གྱི་སྐད་གདངས་ ཤི ག ་ལོ ག ས་སུ་དགོ ས ་ཀྱི ན ་འདུག་ཟེ ར ་ གྱིན་ཡོད། ཅེས་གསུངས་བྱུང༌། སྐབས་དེར་འདི་གའི་གསར་འགོད་པས་ ཤེས་རིག་དྲུང་ཆེ་ཆུང་ཚེ་རིང་ལགས་སུ་ ཟབ་སྦྱོང་སྐོར་དྲིས་པར་ཁོང་གིས། སྤྱིར་ ང་ཚོ ར ་བོ ད ་ཡི ག ་གི ་ མཉེ ན ་ཆས་མང་པོ ་ ཞིག་ཡོད་ཀྱང༌། དེ་དག་དུས་ནས་དུས་སུ་ ཁ་སྐོང་བྱ་མ་ཐུབ་པར་རྗེས་ལུས་ཐེབས་ ཡོད་པ་རེད། བློ་བཟང་སྨོན་ལམ་ལགས་ ཀྱིས་དུས་ཚོད་ཀྱི་རྗེས་ཟིན་པའི་བོད་ཡིག་ མཉེན་ཆས་འདི་ལྟ་བུ་ཞིག་བཟོས་པར་ཆེ་ བསྟོད་དང༌། ལས་གཞི་འདིར་ནུས་ཤུགས་ དང་དཔལ་འབྱོར་གང་ཞིག་དགོས་ཀྱང༌། མཐུན་འགྱུར་གནང་རྒྱུ་ཡིན། དེ་བཞིན། སྨོན་ལམ་བོད་ཡིག་གསུམ་པ་དེ་བོད་ གཞུང་གི ་ ལས་ཁུངས་ཁག་དང་སློ བ ་གྲྭ་ བཅས་ཀྱི་ཡིག་ཆ་གཅིག་གྱུར་ཡོང་ཆེད། མ་འོ ང ས་པར་དགེ ་ རྒན་འོ ས ་སྦྱོ ང ་དང་ དགེ་རྒན་ཟབ་སྦྱོང༌། དེ་བཞིན་ཤེས་ཡོན་ དང་འབྲེལ་པའི་ཟབ་སྦྱོང་རིགས་ག་དུས་ འཚོགས་ཀྱང༌། སྨོན་ལམ་བོད་ཡིག་མཉེན་ ཆས་གསུམ་པ་དག་འབྲེལ་བའི་སློབ་ཚན་ རེ་འཇུག་རྒྱུ་ཡིན། ཞེས་གསུངས་བྱུང༌།
སྨོན་ལམ་བོད་ཡིག་གསུམ་པ་སླེབས་འདུག
ཟུང་གིས་སྐད་ཡིག་གཅིག་གྱུར་ ཟེ ར ་དུས། སོ ་ སོ འ ་ི སྐད་ཡི ག ་ དེ་རྒྱུན་འཛིན་བྱ་མི་དགོས་པ་ཞིག་ལ་གོ་ བཞིན་ཡོད་ཀྱང༌། དེ་འདྲ་རྩ་བ་ནས་མ་རེད། སོ ་ སོ འ ་ི ལུང་པར་སོ ་ སོ འ ་ི སྐད་གདངས་ རྒྱུན་འཛིན་ཐོག བོད་ཐུན་མོང་ལ་གཅིག་ གྱུར་གྱི ་ སྐད་གདངས་ཤི ག ་ལོགས་སུ་ དགོས་ཀྱིན་འདུག་ཟེར་གྱིན་ཡོད་ཟེར། བོད་གཞུང་ཤེ ས ་རི ག ་ལས་ཁུངས་ ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༢ ནས་ ༣ བར་གངས་སྐྱི ད ་སྤྱི ་ ཐབ་ཐོ ག ་ཁང་ དུ་སྨོ ན ་ལམ་བོ ད ་ཡི ག ་གསུམ་པ་དང༌། སྨོན་ལམ་ཐུན་མོང་བོད་ཀྱི་སྐད་གདངས་ མཉེན་ཆས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་སྤྲད་ ཡོད། ཟབ་སྦྱོང་དེར་གངས་སྐྱིད་ཁུལ་གྱི་ གཞུང་ཞབས་ལས་བྱེད་དང༌། ཚོགས་པ་ སྒྲི ག ་འཛུགས་ཁག་གི ་ ལས་བྱེ ད ་བཅས་ མི་ ༨༠ ལྷག་ཞུགས་ཡོད། ཟབ་སྦྱོང་དབུ་ འཛུགས་སྐབས་སྐུ་ཞབས་བློ་བཟང་སྨོན་ ལམ་ལགས་ཀྱིས་གསུངས་དོན། སྨོན་ལམ་ ཡིག་གཟུགས་གསུམ་པ་འདི་རྒྱལ་སྤྱིའི་ གཅིག་གྱུར་ཨང་རྟགས་སྟེང་བཟོས་ཡོད་ ལ། དེབ་དང་ཚགས་ཤོག་ཇུས་འགོད་ཀྱི་ མ་ལག་གསར་བ་ཨེན་ཌི་རྫན་ indesing ནང་བདེ་བླག་ངང་སྤྱོད་ཐུབ་པ་མ་ ཟད། ཊེ་སེ་ཨར་སེ་དང་པཎ་ཌི་ཏ། ཧི་མ་ ལ་ཡ་སོགས་རང་ཉིད་གང་ལ་གོམས་ཡོད་ ན་དེ་ལྟར་གཏག་ཆོག་པ་བཟོས་ཡོད། ཞེས་
ཡོང་གི་རེད་ཟེར་མཁན་བྱུང་ཡོད་ཀྱང༌། ང་ ཚོས་མུ་མཐུད་དུ་ནང་ཆོས་དང་ཚན་རིག་ བར་ཚོགས་འདུ་བསྐངས་ཏེ། རིམ་གྱིས་ ཚན་རིག་པ་ཚོར་ཕན་ཐོགས་ཡོད་པ་དང༌། ནང་པ་སངས་རྒྱས་པའི་ ཆོ ས ་ལུགས་པ་ ཚོར་ཡང་ཕན་ཐོགས་ཡོད་པ་བྱུང་ཡོད། ང་ ཚོའི་རྩ་བའི་དམ་བཅའ་དེ་གང་ཡིན་ཟེར་ ན། སངས་རྒྱས་པའི་གྲུབ་མཐའ་དེ་བརྟག་ དཔྱད་འོས་པ་ཞིག་རེད་དམ་མ་རེད། གྲུབ་ མཐའ་བརྟག་དཔྱད་འོ ས ་པ་ཞི ག ་མི ན ་ན། ཅི་ཙམ་དཔྱད་པ་བྱས་པ་དེ་ཙམ་གྱིས་ཏོག་ ཙམ་གཟབ་གཟབ་བྱ་དགོ ས ་པ་ཆགས་
ཀྱིན་ཡོད། བརྟག་པར་འོས་པ་ཞིག་ཡིན་ ན། ཅི་ཙམ་དཔྱད་པ་བྱས་ན་དེ་ཙམ་ཁ་ཇེ་ གསལ་དང་ངེ ས ་པ་ཇེ ་ ཆེ ར ་འགྲོ ་ བ་རེ ད ། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ ཀྱི ས ་ཀྱང༌། དགེ ་ སློ ང ་དག་གམ་མཁས་ རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་ གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སྤོབས་པ་ཆེན་པོས་གསུངས་ཡོད། ཚན་རིག་པ་ཡིན་ན་འདྲ་ལ། ཆོས་ལ་དོ་ སྣང་མེད་མཁན་ཡིན་ནའང་འདྲ། དེ་བཞིན་ ཆོས་ལ་སྐྱོན་འཛུགས་བྱེད་མཁན་ཚོ་ཡིན་ ནའང་འདྲ། ཕན་ཚུན་ཐུག་འཕྲད་དང་སྐད་ ཆ་བཤད་པ་ཡིན་ན། དེ་ཙམ་གྱིས་ལེགས་ པའི་ཆ་རྐྱེན་དུ་འགྲོ་བ་རེད། དེ་རིང་འདིར་བོད་པའི་ལྷ་རིམས་དགེ་ བཤེས་དགའ་རབ་ཅིག་ཕེབས་འདུག་ལ། བོད་པའི་ཕྲུ་གུའི་ནང་ནས་སྨན་ལ་སློབ་སྦྱོང་ བྱས་ཡོད་པ་དང་ཚན་རིག་ལ་དོ་སྣང་ཡོད་ པ་དང༌། ཚན་རིག་དང་འབྲེལ་བའི་སློབ་ སྦྱོང་རག་ཡོད་པ་ཁ་ཤས་སླེབས་ཡོད། དེ་ ཚོར་དགེ་མཚན་ཞེ་དྲག་ཆེན་པོ་མཐོང་གིན་ འདུག སངས་རྒྱས་པའི་ལྟ་གྲུབ་ཀྱི་ནང་དུ་ བཤད་ཡོད་པ་དང༌། ཚན་རིག་གི་ཐོག་ནས་ བཙལ་ཏེ་བརྙེད་ཡོད་པ་གཉིས་ཟུང་འབྲེལ་ བྱས་ཏེ ་ མི འི ་ཤེ ས ་བྱ་རྒྱ་ཆེ ་ རུ་གཏོ ང ་རྒྱུ་ དང༌། མིའི་སྤྱི་ཚོགས་ནང་བདེ་སྐྱིད་བསྐྲུན་ རྒྱུ་དེ་གྲུབ་དོན་རེད། ཅེས་གསུངས།
སྲོག་ཆད་དང་ཚེ་བཙོན།
ས་བོད་མི་ཁག་ཅིག་ལ་སྔར་ རྒྱ་གཞུང་གི ལོའ ་ི ཞི་རྒོལ་ཁྲོད་གསོད་རྡུང་འཕྲོག་
བསྲེགས་ཀྱི་ཉེས་འཛུགས་ཀྱིས་སྲོག་ཆད་ དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ པའི་གསལ་བསྒྲགས་དེར་བོད་གཞུང་གིས་ ཧ་ཅང་བློ་ཕམ་ཡོད་ཚུལ་གསུངས་ཡོད། ཚེས་ ༩ ཉིན་བོད་གཞུང་ཕྱི་དྲིལ་ལྷག་ པ་ཚེ ་ རི ང ་ཚོ ག ས་ཁང་དུ། བོ ད ་གཞུང་ བཀའ་ཤག་གིས་ད་ལྟའི་བོད་ནང་གི་ཛ་དྲག་ གི་གནས་སྟངས་ཁག་ཅིག་གི་ཐད་གསར་ འགོད་གསལ་བསྒྲགས་བསྐྱངས་ཡོད་ལ། སྐབས་དེར་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་ བཟང་གཡང་སྐྱིད་མཆོག་ནས། ཚེས་ ༨ ཉིན་ས་ལྷ་སའི་ཁྲིམས་ཁང་ཞིག་གིས་སྔར་ ལོ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་ རྒོལ་ཁྲོད་ཞུགས་མཁན་བོད་མི་གཉིས་ལ་ སྲོག་ཁྲིམས་གཅོད་རྒྱུ་དང་། བོད་མི་གཞན་ གཉིས་ལ་ལོ་ ༢ ཕྱིར་འགྱངས་ཀྱིས་སྲོག་ ཁྲི མ ས་གཅོ ད ་རྒྱུ་གསལ་བསྒྲགས་བྱས་ འདུག་པ་དེ་དྲང་བདེན་མིན་པ་དང། རྒྱ་ ནག་གཞུང་གི ས ་སྔར་ལོ འ ་ི ཞི ་ རྒོ ལ ་ཁྲོ ད ་ འཛིན་བཟུང་བྱས་པའི་བོད་མི་ཚོ་མགྱོགས་ མྱུར་གློད་གྲོལ་དགོས་པ། རྒྱ་བོད་གཉིས་ བར་གྱི་དཀའ་རྙོག་སེལ་བར་ཐོག་མར་རྒྱ་ ནག་གཞུང་གིས་བོད་མི་ཚོར་དྲང་བདེན་ དང་བརྩི ་ བཀུར་གཞི ་ རྩར་འཇོ ག ་དགོ ས ་ པ་བཅས་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ ཐང་ཚོགས་པ་དང་དྲང་བདེན་ལ་རྒྱབ་སྐྱོར་
གནང་མཁན་ཚང་མས་རོ ག ས་འདེ ག ས་ ཡོང་རྒྱུ་བཅས་ལ་འབོད་སྐུལ་ཞུས་སོང། ཞི་རྒོལ་ནང་ཚོང་ཁང་གཉིས་མེར་ བསྲེ ག ས་བཏང་སྐབས། ཚོ ང ་བདག་ཙུ་ རེ ན ་ཆུན་རྐྱེ ན ་ལམ་དུ་གཏོ ང ་མཁན་གྱི ་ ཉེས་འཛུགས་བྱས་ཡོད་པའི་བློ་བཟང་རྒྱལ་ མཚན་དང་། སྦག་སྦག་ཚོང་ཁང་ཞིག་ལ་ གཏོ ར ་རྒོ ལ ་གྱི ས ་སྦྱི ན ་བདག་བཟའ་ཚོ ་ གཉིས་དང་བུ་གཅིག དེ་མིན་ལས་བྱེད་ གཉིས་བཅས་མི་ ༥ རྐྱེན་ལམ་དུ་གཏོང་ མཁན་གྱི ་ ཉེ ས ་འཛུགས་བྱས་ཡོ ད ་པའི ་ བློ་ཡར་གཉིས་ལ་སྲོག་ཐོག་གི་ཉེས་ཆད་ བཅད་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱིས་ གསལ་བསྒྲགས་བྱས་ཡོད་པ་དང་། དེ་མིན་ བློ་ཡར་གྱི་རོགས་པ་གཅིག་ལ་ལོ་ ༢ ཕྱིར་ འགྱངས་ཀྱིས་སྲོག་ཆད་དང། གཞན་དེ་ལ་ ཚེ་བཙོན། བསྟན་འཛིན་ཕུན་ཚོགས་ཞུ་བ་ ཞིག་གིས་རྒྱ་མིའི་ཚོང་ཁང་མེར་བསྲེགས་ བཏང་སྐབས། སྦྱིན་བདག་གི་བུ་རྐྱེན་ལམ་ དུ་བཏང་པའི ་ ཉེ ས ་འཛུགས་འོ ག སྲོ ག ་ ཆད་ཕྱིར་འགྱངས་ཀྱིས་ཁྲིམས་བཤེར་བྱ་ འཆར་ཡོད་འདུག གཞན། ཁྲིམས་ཁང་དེས་ གསུམ་གཅིག་བཞིའི་དོན་རྐྱེན་ཁྲོད་མི་ ༥ རྐྱེན་ལམ་ཕྱིན་པའི་གྱོད་དོན་བརྩད་གཅོད་ བྱེ ད ་ཀྱི ན ་ཡོ ད ་སྐོ ར ་གསར་ལམ་ཁག་ལ་ གནས་ཚུལ་སྤེལ་འདུག