2009-8-30

Page 1

BOD-KYI-DUS-BA B བོད་གཞུང་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་ལྷ་སྒྲོན་ལགས།

TIBET TIMES གསར་སྙིང།

མི་རིཌ་མཐུན་སྒྲིལ་གྱི་སློབ་གསོ།

ཕྱི ་ ཚེ ས ་ ༢༦ ཉིན ་རྒྱ་ནག་གི ས ་གནས་ཚུལ་ སྤེལ་བ་ལྟར་ན། འདི་ལོའ ི་སྟོན་མཇུག་གི་སློབ་

མགོ་གསར་བ་རྩོམ་པའི་དུས་སྐབས་དང་བསྟུན་ ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གྲྭ་རིམ་

པར་ ‘’མི ་ རི ག ས་མཐུན་སྒྲི ལ ’’གྱི ་ སློ བ ་གསོ ་ གཙིགས་ཆེན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་ ། ཉེ་ཆར་ཞིན་ཅང་གི་སློབ་གྲྭ་ཁག་ཏུ་མི་རིགས་ མཐུན་སྒྲི ལ ་གྱི ་ སློ བ ་གསོ ་ མགོ ་ འཛུགས་བྱས་

ཡོད་འདུག་ལ། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་ རྣམས་ལ་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་

ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་དང་། དེ་བཞིན་འདི་

ལོ་ནས་བཟུང་། བོད་ཀྱི་སློབ་མ་རྒྱ་ནག་ནང་ཁུལ་ དུ་སློབ་སྦྱོང་ལ་འགྲོ་བཞིན་པའི་ཚད་གཞི་མང་ དུ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་

དམའ་འབྲིང་མཐར་ཕྱིན་སློབ་མ་དེ་དག་རྒྱ་ནག་ ནང་ཁུལ་གྱི་ཐེན་ཅིན་དང་ཧྲང་ཧེ། ཅང་སུའུ། ཧུའུ་

ནན། ཧྲན་ཏུང་སོགས་ཞིང་ཆེན་ ༡༡ གི་སློབ་གྲྭ་ ཁག་ ༦༠ ནང་གི་འབྲིང་རིམ་ཆེད་ལས་འཛིན་

གྲྭ་རུ་བསྡུ་རུབ་བྱེད་ཀྱིན་ཡོད་འདུག་ལ། ༢༠༡༥

བར་བོད་རང་སྐྱོང་ལྗོངས་ཀྱི་སློབ་མ་ ༡༤༠༠༠ ལྷག་བསྡུ་རུབ་བྱ་འཆར་ཡོད་འདུག ལོ་འདིར་ བོད་ཀྱི་སློབ་མ་ ༣༠༠༠ ལྷག་བསྡུ་རུབ་བྱས་ཏེ་

རྒྱ་ནག་ནང་ཁུལ་དུ་ཕྱིན་ཡོད་པ་དང་། དེ་དག་གི་

ཁྲོད་བརྒྱ་ཆའི་ ༧༠ བོད་ཀྱི་ཞིང་གྲོང་ནས་འཚར་ ལོངས་བྱུང་བའི་སློབ་མ་ཡིན་པ་རེད།

འཇོ་མདའི་གནས་སྟངས།

བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཆབ་སྲིད་སྡེ་ ཚན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་

ན། ཕྱི་ཟླ་ ༨ ཚེས་ ༢༦ ཉིན་འཇོ་མདའ་རྫོང་ནས་ བོད་མིའི་གྲོང་ཚོ་རེར་དོ་སྐྱེལ་རླངས་འཁོར་ཆེ་བ་

རེ་སྤྲོད་རྒྱུ་ཡིན་ཚུལ་བཤད་སྐབས་བོད་མི་རྣམས་

ཀྱིས་ང་ཚོས་རླངས་འཁོར་གཏོང་ཤ ེས་ཀྱི་མེད་ སྐོར་དང༌། ང་ཚོ་ལ་མགོ་སྐོར་བསླུ་བྲིད་བྱ་ཐུབ་ གི་མ་རེད་སོགས་བཤད་དེ་སྐད་ཅོར་བརྒྱབས་

སྐབས་འཇོ་མདའ་འཛི་སྒར་དགོན་ཁོངས་ནས་

ཡིན་པའི་བོད་མི་འཆི་རྡོ་དང༌། མདོ་གཞུང་ནས་

ཡིན་པའི་མི་གཅིག པདྨ་རུ་བའི་མི་གཅིག་བཅས་ བོད་མི་གསུམ་བཀག་ཉར་བྱས་ཡོད་འདུག མི་

གཞན་པ་གཉིས་དེའི་མིང་ད་ལྟ་ཤེས་རྟོགས་ཐུབ་ མེད། རྗེས་སུ་གོང་གསལ་བོད་མི་གསུམ་ནས་ མིང་མ་ཤེས་པ་དེ་གཉིས་ཕྱི་ཚེས་ ༢༧ ཉིན་གློད་

ཡོད་ཀྱང་འཆི་རྡོ་མུ་མཐུད་བཀག་ཉར་བྱེད་བཞིན་ པ་ཡིན་འདུག

བསམ་ཤག ོ

བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མཁྲེགས་

འཛིན་རིང་ལུགས་པ་རེད་དམ་རང་དབང་རིང་ ལུགས་པ་རེད།

མི་ཤས ེ ། ༨.༣༩ %

% ༥.༡༣ དེ ། ༣ ་ར བང་བ རང་ད

མཁྲེགས་འཛནི ་པ་རེད། ༥༦.༤༨%

ཐུགས་རྗེ་ཆེ།

ཐེངས་འདིའི་བོད་ཀྱི་དུས་བབ་གསར་ཤ ོག་ འདོན་ཐེངས་ཀྱི་སྦྱིན་བདག་ནི་ཧྤ་རན་སིར་ གནས་བཞུགས་སྐུ་ཞབས་ཀུན་བཟང་ཆོས་ འཕེལ་ལགས་ཡིན། བོད་ཀྱི་དུས་བབ་གསར་ཁང་ནས།

སྤྱིའི་འདོན་ཐེངས་ ༤༥༩ ལོ་ ༡༤ གྲངས་༢༤ ༢༠༠༩ / ༨ /༣༡

HP/04/DMA Valid Upto 31/12/2011

བཀའ་ཟུར་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ལ་བཅར་འདྲི།

གསར་རིན་ཧིན་སྒོར་ ༥

ཉིན་བཅུ་རེའི་གསར་ཤོག

ཐེ་ཝན་སྲིད་འཛིན་མ་ཡུན་ཇིག་༧གོང་ས་མཆོག་ལ་མཇལ་རྒྱུ་མིན་ཟེར།

གོ ང ་ ས ་ ཏཱ ་ ལ འི ་ བླ ་ མ ་ ནི ་ ཆོ ས ་

ཐའེ ་ ཝན་ཕྱི ་ སྲི ད ་ལས་ཁུངས་ཀྱི ས ་ཕྱི ་

སྲིད་གྱི་མཛད་འཕྲིན་ལས་འཕྲོས་པའི་

དང་འགྲུལ་སྐྱོད་ཕྱག་འཁྱེར་སོགས་ཅི་ཡང་མི་

ཚེས་ ༢༨ ཉིན་བརྗོད་དོན། ཏཱ་ལའི་བླ་མ་

ཕྱོ ག ས ་ ཀྱི ་ མ ཛ ད ་ འ ཕྲི ན ་ སྐྱོ ང ་

མཆོག་ཐེངས་འདིར་ཐོངས་མཆན་ཡིག་ཆ་

བ ར ་ ཕེ བ ས ་ ཀྱི ན ་ ཡོ ད ་ སྟ བ ས ། ཆ བ ་

དགོས་པར། དམིགས་བསལ་གྱི་གོ་སྒྲིག་འོག་

མ ཇ ལ ་ འ ཕྲ ད ་ གོ ་ སྒྲི ག ་ བྱ ས ་ མེ ད ་ ཟེ ར །

ནས་ཚུར་ཕེབས་ཀྱིན་ཡོད་ལ། དེ་ལ་བརྟེན་

ཕྱི་ཚེས་ ༢༨ ཉིན་ཐའེ་ཝན་སྲིད་འཛིན་

ནས་ཁོང་ཐའེ་ཝན་ནང་དུ་འཛུལ་སྐབས་ཁོང་

གྱི ་ ལས་ཁུངས་ཀྱི ས ་བཤད་དོ ན ། ཐེ ང ས་

གི་གནས་བབ་ལས་འཕྲོས་པའི་དཀའ་རྙོག་

འདི ར ་༧གོ ང ་ས་མཆོ ག ་གླི ང ་ཕྲན་དེ འི ་ ནང་

གི་གླེང་གཞི་རིགས་མེད་པ་བཟོས་ཡོད་ཟེར།

ཕེབས་སྐབས་སྲིད་འཛིན་མ་ཡུན་ཇིག་མཇལ་

ཐེངས་འདིར་༧གོང་ས་མཆོག་དང་

འཕྲད་གནང་རྒྱུ་མི ན ་ཟེ ར ། སྲི ད ་འཛི ན ་གྱི ་

ལྷན་དུ་བཙན་བྱོ ལ ་བོ ད ་གཞུང་གི ་ མི ་ སྣ་

མགྲིན་ཚབ་པ་ ཝང་ཡུ་ཁྲི་ ཡིས་བརྗོད་དོན།

༨ ཕེ བ ས་ཀྱི ན ་ཡོ ད ་ལ། དེ ་ དག་གི ་ ཁྲོ ད ་

སྲིད་འཛིན་མ་ཡུན་ཇིག་ཐའེ་ཧྥུན་དྲག་རླུང་

ནས་མི ་ སྣ་ ༦ ནི ་ གོ ང ་གསལ་དམི ག ས་

གི་གནོད་འཚེ་ཕོག་མཁན་ཚོའི་མྱ་ངན་དྲན་

བསལ་གྱི་གོ་སྒྲིག་འོག་ནས་ཕེབས་ཀྱིན་ཡོད་

གསོའ་ི མཛད་སྒོར་ཕེབས་པའི་ཉིན་མོ་ནི་ཕྱི་

ལ། གཞན་པ་གཉི ས ་ནི ་ ཀྲུང་ཧྭ་སྤྱི ་ མཐུན་

ཚེས་ ༧ ཉིན་ཡིན་ལ། ཉིན་དེ་ནི་ཏཱ་ལའི་བླ་

མ་ཐའེ་ཝན་ནས་ཕྱིར་ཕེབས་ཚར་བའི་རྗེས་ སུ་རེད། ང་ཚོའི་དྲན་ཚུལ་ལ། ཏཱ་ལའི་བླ་མ་

འདི ར ་ཕེ བ ས་པ་ནི ་ ཆོ ས ་ཕྱོ ག ས་ཀྱི ་ མཛད་ འཕྲིན་སྐྱོང་བར་ཕེབས་པ་ཡིན་སྟབས། ང་ཚོས་

སྲིད་འཛིན་མཆོག་དང་༧གོང་ས་ཏཱ་ལའི་བླ་ མ་གཉིས་ཀྱི་བར་མཇལ་འཕྲད་ཀྱི་མཛད་རིམ་

གོ་སྒྲིག་བྱ་གི་མིན་ཅེས་བརྗོད་ཡོད་པ་རེད། ཡིན་ཡང་། ཐའེ་ཝན་གྱི་སྲིད་འཛིན་ཟུར་

པ་ལིས་ཏིན་ཧུའེ་ནི་ཐེངས་འདིར་ཏཱ་ལའི་བླ་ མར་མཇལ་སྲི ད ་པ་རེ ད ་ཅེ ས ་ཐའེ ་ ཝན་གྱི ་

གདུང་སེ མ ས་མཉམ་སྐྱེ ད ་མཐུན་ཚོགས་ ཀྱི ་ འགན་འཛི ན ་ཧང་ཁུན་ཧུའེ ་ ཡི ས ་བརྗོ ད ་

ཡོ ད ་པ་རེ ད ། ད་ལྟའི ་ ཆར་ཁོ ང ་གཉི ས ་ཀྱི ་

ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ལྡི་ལི་མགྲོན་ཁང་ནས་གནམ་ཐང་དུ་ཕེབས་བཞིན་པ། པར་དབང་། ཨེ་པེ་གསར་ཁང་།

བར་མཇལ་འཕྲད་ཀྱི་མཛད་རིམ་གོ་སྒྲིག་བྱས་

མེད་ནའང་། ཏཱ་ལའི་བླ་མ་མཆོག་ཐེངས་དང་ པོ ར ་ཐའེ ་ ཝན་ལ་ཕེ བ ས་པ་ནས་བཟུང་ཁོ ང ་

རྣམ་གཉིས་ཀྱི་བར་གྲོགས་འབྲེལ་དམ་པོ་ཞིག་

ཡོད་པ་རེད། དེ་བས་སྲིད་འཛིན་ཟུར་པ་ཁོང་ གིས་རང་གི་གྲོགས་པོ་རྙིང་བར་མཛལ་འདོད་

ཡོད་པ་རེད། ཡིན་ཡང་མཇལ་ཐུབ་མིན་ནི་ཏཱ་ ལའི་བླ་མ་མཆོག་འདིར་ཕེབས་རྗེས་ཀྱི་མཛད་ འཕྲིན་ལ་རག་ལས་པ་རེད་ཅེས་བརྗོད་འདུག

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གི་ཐའེ་

ཏུ་ངོ ་ རྒོ ལ ་བྱ་རྒྱུ་ཡི ན ་ཞེ ས ་བརྗོ ད ་པ་རེ ད །

སྣ་ཁོ་ན་ཞིག་མིན་པར། ཁོས་ཆོས་ཀྱི་དར་

ལའི་བླ་མ་མཆོག་གི་གཟིགས་སྐོར་དེ་ལ་རྐྱེན་

ཝན་གཞུང་ལས་ཁང་གི ་ མགྲི ན ་ཚབ་པས་

བརྗོ ད ་དོ ན ། ཏཱ་ལའི ་ ནི ་ ཆོ ས ་ཕྱོ ག ས་ཀྱི ་ མི ་ ཆ་ཕྱར་ནས་སྔོ ན ་ནས་ད་བར་རྒྱལ་ཁབ་ཁ་

བྲལ་གཏོང་བའི་བྱ་འགུལ་སྤེལ་བཞིན་ཡོད་ ལ། ཏཱ་ལའི་ཡིས་མིང་དང་རྣམ་པ་གང་འདྲ་

ཞི ག ་སྤྱད་ནས་ཐའེ ་ ཝན་ལ་འཚམས་འདྲི ་ བྱས་ཀྱང་། དེ ར ་ཀྲུང་གོ ས ་མཐའ་གཅི ག ་

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་

སྐུ་ཞབས་ པེ་ཇེ་ཁུ་རོ་ལི་ ཡིས་བརྗོད་དོན། ཏཱ་

བྱས་ནས་མངའ་ཁུལ་དེའི་འབྲེལ་བའི་གནས་ སྟངས་ཛ་དྲག་གི་ཕྱོགས་སུ་འཕེལ་དུ་མ་འཇུག ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་ནམ་རྒྱུན་

འགྲུལ་བསྐྱོད་གནང་མཁན་གྱི་ཆོས་ཕྱོགས་ཀྱི་ དབུ་ཁྲིད་རྣམ་དག་ཅིག་ཡིན་ཅེས་བརྗོད་ཡོད།

རྒྱལ་ཁབ་དང་ཨ་རི འི ་ ཐོ ང ས་མཆན་ལག་ འཁྱེར་གྱི་ཐོག་ནས་ཕེབས་ཀྱིན་ཡོད་འདུག ཕྱི་ཚེས་ ༢༨ ཉིན་སྐུ་སྒེར་ཡིག་ཚང་གི་

རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་རྔ་བ་ཚེ་རྒྱམ་

ལགས་ཀྱིས་ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ ལམ་ལ་བཤད་དོན། ༧གོང་ས་མཆོག་གིས་

ཐའེ་ཝན་ལྷོ་ཁུལ་གྱི་དྲག་རླུང་གནོད་འཚེ་ཕོག་

མཁན་ཚོ ར ་ཐུགས་གསོ ་ རེ ་ བྱེ ད ་ཐུབ་པའི ་ ཐུགས་རེ་གནང་གི་འདུག་ལ། ཁོང་ད་ཐེངས་ ཕེབས་པ་དེ་ནི་ནང་བའི་ཆོས་ལུགས་ཀྱི་དབུ་ ཁྲིད་ཅིག་གི་ཐུགས་འགན་གྱི་སྟེང་ནས་ཕེབས་ ཀྱིན་ཡོད་ཅེས་བཤད་འདུག

རྩོམ་པ་པོ​ོ་རྣམས་ཀྱི་ཚད་གཞི་འོས་འཚམ་ཡིན། གཞོན་ལྷན་འགན་འཛིན་ལྷན་ཚོཌ།

ཟླ

་མཇུག་འདིར་བཞུགས་སྒར་དུ་པེན་བོད་

སྒྲིལ་བའི་དུས་དང་མི་རབས་གསར་བས་སྣེ་ཁྲིད་

དང་ལྷག་པར་འབྱུང་འགྱུར་བོད་ཀྱི་རྩོམ་རིག་

བཙན་བྱོ ལ ་བོ ད ་མི འི ་ མི ་ ལོ ་ ལྔ་བཅུའི ་ རི ང ་གི ་

འཁོར་བའི་དུས་དྲན་དང་བསྐྱར་ཞིབ་ཀྱི་ལས་རིམ་

ངོས་འཛིན་བྱེད་ཐུབ་པ་དང་། དེ་ངོས་འཛིན་བྱེད་

ཀྱི་རྩོམ་པ་བོའ་ི མཐུན་ཚོགས་ཀྱི་ཚོགས་

འདུ་འཚོགས་བཞིན་ཡོད་ལ། ཚོགས་ཐོག་ཏུ་ རྩོམ་རིག་གནས་སྟངས་ལ་བསྐྱར་ཞིབ་དང་བགྲོ་ གླེང་བྱས་ཡོད།

ཟླ་འདིའི་ཚེས་ ༢༩ ནས་ ༣༡ ཉིན་བར་པེན་

བོད་ཀྱི་རྩོམ་པ་པོའ་ི མཐུན་ཚོགས་ཀྱི་དམིགས་

བསལ་ཚོགས་ཆེན་དེ་བཞུགས་སྒར་དུ་འཚོགས་ ཡོད་ལ། ཚེས་ ༢༩ ཉིན་གྱི་ཞོགས་པའི་མཛད་ སྒོའ ི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་

གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་

དང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་སོགས་ཕེབས་

ཡོད་པ་མ་ཟད། པེན་བོད་ཀྱི་རྩོམ་པ་བོའ ི་མཐུན་ ཚོགས་ཀྱི་ཚོགས་མི། དེ་མིན་གྱི་དུས་དེབ་དང་ ཚགས་ཤོ ག ་ཁག་གི ་ རྩོ མ ་སྒྲི ག ་པ་ཁག་ཅི ག ་

དང་ཟུར་ཞུགས་པ་བཅས་མི་སྣ་བརྒྱ་ལྷག་འདུ་ འཛོམས་བྱུང་ཡོད།

ཉིན་དེར་པེན་བོད་ཀྱི་རྩོམ་པ་བོའ་ི མཐུན་

ཚོགས་ཀྱི་ཚོགས་གཙོ་མདོ་སྨད་སྤྱི་འཐུས་ཆབ་

བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་འདུ་ངོ་ སྤྲོད་དང་འབྲེལ་གསུང་བཤད་གནང་དོན། ང་

ཚོས་ཐེངས་འདིའི་ཚོགས་ཆེན་འདིར་དམིགས་ བསལ་ཚོ ག ས་ཆེ ན ་ཞེ ས ་བརྗོ ད ་དགོ ས ་དོ ན །

གཅི ག ་ནས་དུས་ཚོ ད ་ཀྱི ་ ཆ་དང་གཉི ས ་ནས་ ཚོགས་འདུའི་བགྲོ་གླེང་གི་ངོ་བོའ་ི ཆ། གསུམ་

ནས་ཚོགས་ཞུགས་པའི་གྲུབ་ཆའི་ཆ་བཅས་ནས་

དམིགས་བསལ་ཆགས་ཡོད། དུས་ཚོད་ཀྱི་ཆ་

ནས་ང་ཚོ་བཙན་བྱོལ་དུ་ཡོང་ནས་མི་ལོ་ལྔ་བཅུ་ འཁོར་བ་དང་མི་རབས་རྒན་པ་རྣམས་མཇུག་

བྱེད་བཞིན་ཡོད་པས་རེད་ལ། ད་ལོ་དམིགས་ བསལ་དུ་བཀའ་ཤག་གི་ངོས་ནས་མི་ལོ་ལྔ་བཅུ་

ཞིག་འགྲོ་བཞིན་ཡོད་པའི་ཆ་ནས་ཀྱང་ཡིན། སྤྱིར་

བཏང་བཙན་བྱོལ་ནང་མཁས་པའི་ཚོགས་འདུ་ དང་རྩོམ་པ་པོའ་ི ཚོགས་འདུ། རིག་གནས་བགྲོ་

གླེང་ཚོགས་འདུ་སོགས་འཚོགས་མྱོང་ནའང་།

ཐེངས་འདིའི་ཚོགས་ཆེན་འདི་ནི་མི་ལོ་ལྔ་བཅུ་དང་ འབྲེལ་བའི་དམིགས་བསལ་གྱིས་བསྐྱར་ཞིབ་དང་ བགྲོ་གླེང་གི་ནང་དོན་ཆ་ཚང་སྒྱུ་རྩལ་རྩོམ་རིག་གི་

སྐོར་ཡིན་སྟབས། དམིགས་བསལ་ཞིག་མཐོང་

གི་ཡོད། དེ་བཞིན་ཚོགས་ཞུགས་པའི་ཆ་ནས་ བཙན་བྱོལ་གྱི་རྩོམ་པ་བོའ ི་རྐང་འཛིན་པའི་ཚོགས་ སྡེའམ་པེན་བོད་ཀྱི་རྩོམ་པ་བོའ ི་མཐུན་ཚོགས་དང་ ། དེའི་སྟེང་དུ་རྩོམ་པ་བོ་གཞན་པ་དང་རྩོམ་སྒྲིག་པ།

ཞིབ་འཇུག་པ། ཀློག་པ་བོ་སོགས་བོད་ཀྱི་རྩོམ་ རིག་དང་ཉེ་བར་འབྲེལ་བ་ཡོད་མཁན་གྱི་ཤེས་ ཡོན་ཅན་གྱི་དཔུང་སྡེ་ཞིག་འཛུལ་རྒྱུར་རེ་བ་བྱེད་

ཀྱིན་ཡོད་ལ། དེ་ང་ཚོའི་ཚོགས་ཆེན་འདིའི་མིང་

ལ་དམིགས་བསལ་ཚོགས་ཆེན་འདོགས་དགོས་ པའི་རྒྱུ་མཚན་ཡིན། ཞེས་བརྗོད་ཡོད། ཡང་ཁོང་

གི ས ་ཚོ ག ས་ཆེ ན ་གྱི ་ དམི ག ས་ཡུལ་ནི ་ བཙན་ བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་

ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་པའི་མགོ་

བརྩམས་པ་ལྟ་བུ་ཆགས་ཡོད། དེ་བསྐྱར་ཞིབ་ བྱེད་པ་ལ་བརྟེན་ནས་ང་ཚོའི་ད་ལྟའི་བཙན་བྱོལ་ བོད་ཀྱི་རྩོམ་རིག་གི་དངོས་ཡོད་གནས་སྟངས་དང་ ། རྩོམ་རིག་གི་གནས་བབ། རྩོམ་པ་པོའ་ི​ི གནས་ བབ་སོགས་གང་འདྲ་ཡིན་མིན་ལ་ངོས་འཛིན་བྱེད་ སྟངས། དེ་ངོས་འཛིན་བྱེད་པར་བརྟེན་ནས་ད་ལྟ་

གི་ཁ་ཕྱོགས་ཡར་རྒྱས་གཏོང་རྒྱུར་རྩོམ་པ་པོ་ རྣམས་ཀྱི་འགན་འཁྲི་གང་འདྲ་ཡིན་པ་སོགས་ལ་ པར་བརྟེན་ནས་ད་ལྟའི་རྩོམ་རིག་ལ་ནུས་པ་ཞིག་

ཡོད་པའི་སྟེང་ལ། སྔར་བས་ཀྱང་ལྷག་པའི་ནུས་པ་ ཤུགས་ཆེན་པོར་འདོན་ཐུབ་པའི་རེ་བ་བྱེད་ཀྱིན་ ཡོད་ཅེས་གསུངས་ཡོད།

སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་འགན་

འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་ བཤད་གནང་དོན། བོད་རིགས་རྩོམ་པ་པོ་ཟེར་

བའི་མིང་དེ་སུ་ལ་རག་གི་རེད་དམ། ཡི་གེ་ཀྱག་

ཀྱོག་ཅིག་འབྲི་ཐུབ་མཁན་ཚང་མར་རྩོམ་པ་པོའ ི་

མིང་དེ་ཐོབ་གི་རེད་དམ་མ་རེད། རྩོམ་པ་པོ་ཚད་ ལྡན་ཞིག་ཆགས་པ་ལ་གནས་རིམ་གང་ཞིག་ཏུ་

སླེབས་དགོས་པ་རེད། སྤྱིར་རྩོམ་རིག་གི་ལམ་ ཁ་དེར་སུ་ཡིན་ནའང་ཞུགས་ནས་འགྲོ་ཆོག་ཀྱང་

། དམིགས་འདུན་ཞིག་ཏུ་སླེབས་དགོས་པ་རེད། ལྷག་པར་རྒྱལ་སྤྱིའི་པེན་ཞེས་རྒྱལ་སྤྱི་དང་འབྲེལ་

བ་ཡོད་སྟབས་དེའི་ཡན་ལག་གི་རྩོམ་པ་པོ་ཞིག་ གི་ཚད་ལོངས་རྒྱུར་ཚད་གཞི་གང་དང་གང་ཚང་ དགོས་པ་རེད། ད་ལྟ་རང་ཉིད་ལ་ཡོད་བསྡད་པའི་

ཚད་གཞི་དག་གིས་ཚད་ལོངས་གི་འདུག་གམ་མི་ འདུག་རང་ཉིད་ལ་བསྐྱར་ཞིབ་ཅིག་བྱེད་དགོས་ པ་རེད་ཅེས་རྩོམ་པ་པོ་རྣམས་ཀྱིས་རང་ཉིད་ལ་

རྩོམ་པ་བོ་ཞིག་གི་ཚད་ཡོད་མེད་བསྐྱར་ཞིབ་བྱེད་

དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་

ཡོད། གཞན་ཡང་། ད་ལྟ་ང་ཚོས་འདོད་ཀྱང་རུང་ ། མ་འདོད་ཀྱང་རུང་། འཛམ་གླིང་ཡོངས་རྫོགས་ གོ་ལ་གཅིག་གྱུར་ཡོང་བའི་སྐད་ཆ་ཞིག་བཤད་

འཕྲོས་ཤོག་ངོས་ ༦ པར་གཟིགས།

གཞོན་ལྷན་གྱིས་བོད་རང་བཙན་གྱི་ཕན་

གི ས ་ལས་འགུལ་སྤེ ལ ་བའི ་ ཁྲོ ད ་རྒྱ་གཞུང་

ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་

བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་

ནས། བཙན་བྱོལ་བོད་མིའི་ཤ ེས་

ཡོན་ལས་གཞིའི་ཐད་རིགས་གཅིག་རྐང་འཛིན་ པ་གསོ་སྐྱོང་གནང་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༢༤ ཉིན་བོད་ཀྱི་གཞོན་

ཐེངས་ ༤༠ པ་དེ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་

གྷལ་དོན་ལྡན་གླིང་གཞིས་ཆགས་སུ་འཚོགས་

ཡོ ད ་པ་དང་། དེ ར ་བོ ད ་ཀྱི ་ གཞོ ན ་ནུ་ལྷན་ ཚོགས་ཀྱི་ས་གནས་ཡན་ལག་ཁག་ ༤༠ ཡི་ འཐུས་ཚབ་ ༡༠༠ ལྷག་འདུ་འཛོམས་ཐོག་

ཉི ན ་བཞི འི ་ རི ང ་བགྲོ ་ གླེ ང ་གོ ་ བསྡུར་གནང་ མཐར་ཕྱི་ཚེས་ ༢༨ ཉིན་ཚོགས་འདུ་མཇུག་

སྒྲིལ་ཡོད་པ་རེད། འདི་གའི་གསར་འགོད་ པས་ཁ་པར་བརྒྱུད་རྒྱ་གར་ལྷོ ་ ཕྱོ ག ས་སུ་

གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ ལགས་སུ་བཀའ་འདྲི ་ ཞུས་པར་ཁོ ང ་གི ས ། གཙོ་བོ་ད་ལྟའི་བར་གྱི་གཞོན་ནུ་ལྷན་ཚོགས་

ཀྱི་ལངས་ཕྱོགས་དང་འབྲེལ་བའི་ཐོག་རང་

བཙན་ཁུངས་སྐྱེལ་གྱི་ཡིག་ཆ་ཕྱོགས་སྒྲིག་

དང་ལྷན་དུ་ས་གནས་གཞོན་ནུའི་ཡན་ལག་

ཁག་ནས་ས་གནས་ས་ཐོག་ནས་རང་བཙན་ དང་འབྲེལ་བའི་ལས་འགུལ་དང་གོ་རྟོགས་

སྤེལ་རྒྱུ། ༧གོང་ས་མཆོག་གི་སྐུའི་བདེ་ཐང་

ཉེན་སྲུང་དང་། པན་ཆེན་ཆུང་སྲིད་རིན་པོ་ ཆེ་གཙོས་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ ཐད་ལས་འགུལ་སྤེལ་རྒྱུ་བཅས་ཡིན། འདི་ལོ་

སྔོན་མ་དང་མི་འདྲ་བའི་དམིགས་བསལ་གྲོས་

ཆོད་ནི། ལོ་སྔོན་མར་གཞིས་ལུས་མི་མང་

གིས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་ བཏང་བ་དེ་དག་གི་གནས་སྟངས་རྒྱལ་སྤྱིའི་ སྟེང་དྲིལ་བསྒྲགས་བྱ་རྒྱུ་ཡིན་ལ། ༧གོང་ས་ མཆོག་གིས་ལོ་སྔོན་མར་གསུངས་པ་བཞིན།

དང་གཞིས་ཆགས་ཉམས་གསོ་སོགས་ཀྱི་ཐད་

ས་གནས་ཡན་ལག་ཁག་གིས་གོ་སྒྲིག་བྱས་ ཏེ་རང་གི་སྐད་ཡིག་གཙོས་པའི་ཐུན་མོང་མ་

ཡིན་པའི་རིག་གཞུང་ཐད་རང་རྐྱ་ཐུབ་པ་ཞིག་ ཡོང་ཐབས་དང་། རིགས་གཅིག་རྐང་འཛིན་པ་

གསོ་སྐྱོང་ཆེད་ས་གནས་སོ་སོ་ནས་ཟུར་དུ་ སློབ་ཁྲིད་བྱ་འཆར་ཡོད། ཅེས་བརྗོད་བྱུང།

ཐེ ང ས་འདི འི ་ བོ ད ་ཀྱི ་ གཞོ ན ་ནུ་

ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ཁག་ གཞིར་བྱས་ཏེ། རྒྱ་གཞུང་གིས་ད་ལྟའི་དུས་

སྐབས་འདིར་ཡང་བོད་ནང་གི་བོད་མི་ཚོར་ ཉེ ས ་མེ ད ་ཀྱི ་ ཁྲི མ ས་ཆད་དང་རྒྱལ་གཅེ ས ་

ཆོ ས ་གཅེ ས ་ཀྱི ་ ལས་འགུལ་འདྲ་མི ན ་སྤེ ལ ་ བཞིན་ཡོད་པའི་ཐད་དང་། དེ་བཞིན་བོད་ཀྱི་

གཞོན་ནུ་ལྷན་ཚོགས་འདི་དྲག་སྤྱོད་པ་ཡིན་ ཚུལ་སོགས་ཀྱི་འཁྱོག་བཤད་འདྲ་མིན་སྤེལ་

བ་སོགས་ཀྱི་ཐད་བྱེད་ཐབས་འདྲ་མིན་གྱིས་ བརྡ་ལན་སྤྲོད་རྒྱུ་ཡིན་པ་མ་ཟད། གཞིས་བྱེས་ གཉི ས ་སུ་གྱར་བའི ་ བོ ད ་མི ་ ཚོ ས ་མ་འོང ས་ བདེན་དོན་དང་འབྲེལ་བའི་ལས་འགུལ་གང་ མང་སྤེལ་རྒྱུའི་ཐད་བགྲོ་གླེང་གོ་བསྡུར་དང་ གྲོ ས ་གཞི ་ གྲོ ས ་ཆོ ད ་གཏན་འབེ བ ས་གནང་ ཡོད་པ་རེད།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.