H h dalai lama

Page 1


༄༅ འཚེ་བ་ལ་བརྟེན་ནས་འཚེ་བ་དང་སྡུག་བསྔལ་འཕར་མ་

ཡོང་རྒྱུ་ལས་མེད་ དེར་བརྟེན་ང་ཚོས་ངེས་པར་དུ་འཚེ་བ་མེད་པ་དང་ ཁོང་ཁྲོ་མེད་པའི་ལས་འགུལ་རྒྱུན་བསྲིང་དགོས་།

ཏ་ལའི ཱ ་བླ་མ་སྐུ་ཕྲེང་བཅུ་བཞི་པ་།

i


རྣམ་ཐར་སྒྲུང་དེབ་དང་པོ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ།

ཁོང་གི་རྒྱལ་ཁབ་དང་། ཁོང་གི་མི་མང༌། ཁོང་གི་འཐབ་རྩོད། ཁོང་གི་འཚེ་མེད་ཞི་བ་བཅས་ཀྱི་དངོས་བྱུང་ལོ་རྒྱུས་མུ་

ཏེ་ཚུ སཱ་ཡེ་ཝཱ་ཡེ།

སྦྲེལ་རི་མོའ་ི སྒྲུང་གཏམ་དུ་བཅོས་པ་དགེའོ། །

རྣམ་ཐར་སྒྲུང་དེབ་《BioGraphic

Novels》

ཅེས་པ་འདི་འཛམ་གླིང་འདིར་འགྱུར་བ་གཏོང་ཐུབ་ངེས་ཀྱི་གྲགས་ཅན་སྐྱེ་

བོ་རྣམས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་བརྙན་དེབ་ཀྱི་ཕྲེང་བ་ཞིག་ཡིན། འདོད་ཡོད་ན།

http:www.biographicnovel.com

ལ་གཟིགས་རོགས།

རྣམ་ཐར་སྒྲུང་དེབ་གཞན་གྱི་སྐོར་ལ་མཁྱེན་

པར་འགྲེམས་བྱེད་པོ།

Emotional Content LLC. P.O. Box 251863 Los Angeles.CA 90025

Email: info@biographicnovel.com Web: http://www.emotionalcontent.net

བསྐྱར་སྐྲུན་བདག་དབང་

©2008 Emotional Content LLC.

པར་དེབ་འདིའམ་འདིའི་ཆ་ཤས་གང་ཡང་རུང་བ་བསྐྱར་སྐྲུན་བྱེད་མི་ཆོག མཁན་ལ་དམིགས་བསལ་ཡོད།

བྱང་ཨ་མི་རི་ཀའི་ནང་པར་སྐྲུན་བྱས།

རྒྱབ་ཤོག་སྐུ་པར་ཁག་སྐུ་ཞབས་སི་ཊི་ཕན། བོལླིན་འཇར།©

LCCN:

ii

འོན་ཀྱང་དཔེ་དེབ་ལ་དཔྱད་ཞིབ་འགྲེལ་བརྗོད་བྱེད་

2008swissphoto australia

ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང་ནས་མཐུན་འགྱུར་གནང༌། ISBN:978-81-86627-89-1

པར་འགྲེམས་བྱེད་པོ་ནས་ཡིག་ཐོག་བཀའ་འཁྲོལ་མེད་

དང་ཐེ་ཝན་གྱི་༸གོང་ས་ཏཱ་


ཆེད་དུ་བསྔོ་བ། ༄༅།

།དེབ་འདི་ཉིད་རྒྱ་ནག་གི་བཙན་འཛུལ་གྱིས་རྐྱེན་པས་བོད་ནང་ལོ་

ལྔ་བཅུའི་དུས་ཡུན་ནང་སྲོག་ཤོར་མཁན་ཚོར་བསྔོས་པ་ཡིན། བོད་ཀྱི་ནང་གནས་ ཚུལ་གང་བྱུང་བ་ཤེས་རྟོགས་ཡོད་པ་ཙམ་མིན་པར།

མི་རབས་རྗེས་མ་ཚོར་གོ་

རྟོགས་ཁྱབ་སྤེལ་དང་ནུས་པ་གོང་འཕེལ་གྱི་ལམ་ནས་འཛམ་གླིང་ཆ་ཤས་གང་ དུའང་ནོར་འཁྲུལ་འདི་ལྟ་བུ་སླར་ཡང་མི་འབྱུང་བ་བྱ་རྒྱུ་དེ་ང་ཚོའི་ལས་འགན་ ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། བདེ་འགྲོར་སྐྱེ་བར་ཤོག

བོད་རིགས་དང་རྒྱ་རིགས་ཚེ་ལས་འདས་ཚད་

iii


རྣམ་ཐར་སྒྲུང་དེབ་དང་པོ།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ། ཨོཾ

ཏེ་ཚུ། སཱ་ཡེ་ཝཱ་ཡེ། ཨཙཱརྱ་ཀརྨ་སྨོན་ལམ་གྱིས་བསྒྱུར།

v


༸རྒྱལ་བ་རིན་པོ་ཆེ།

ལྷ་སར་ཕྱི་ལོ་༡༩༣༣ ལོར་རྒྱལ་དབང་སྐུ་འཕྲེང་༡༣ པ་ ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ།

ྋགོང་ས་༸སྐྱབས་ མགོན་ཆེན་པོ།

༸རྒྱལ་བ་རིན་པོ་ཆེ།

1


རྭ་སྒྲེང་རིན་པོ་ཆེ། ངས་ཞུ་དགོས་ པ་འདྲ་ཨེ་ཡོད།

2


ང་ལ་རྟགས་མཚན་ ཞིག་བྱུང༌།

ལྷ་མོའ་ི བླ་མཚོར་གནས་ མཇལ་སྐབས་ཡི་གེ་ཨཿ ཀཿ མཿ གསུམ་མཚོའི་ནང་དུ་མཇལ་བྱུང༌།

3


ད་དུང་དགོན་པ་སུམ་ཐོག་ལ་གཡུ་ རྩི་དང་གསེར་གྱི་རྒྱ་ཕིབས་ཅན་ ཞིག་ཀྱང་མཇལ་བྱུང་བར་ མ་ཟད།

དེ་ན་ཁང་པ་ཆུང་ཆུང་ ཐོག་དབྱིབས་ཡ་མཚན་པོ་ ཞིག་འདུག

ཕལ་ཆེར་༸རྒྱལ་དབང་སྐུ་ ཕྲེང་བཅུ་བཞི་པ་འཁྲུངས་ས་ ཡིན་འདུག

4

རི་ཞིག་ལ་འཛེགས་སའི་ རྐང་ལམ་ཡང་འདུག


”ཨ་”ཡིག་དེས་བོད་བྱང་ཤར་ རྒྱུད་ཀྱི་ཨ་མདོ་མཚོན་པ་ངས་ ཡིད་ཆེས་ཡོད། ང་ཚོས་ཁོང་ ངེས་པར་དུ་ལམ་སང་འཚོལ་ ཐུབ་པ་དགོས།

ཨ་མདོ།

བལ་ཡུལ།

དབུས་གཙང༌།

རྒྱ་གར།

འབྲུག

* ལྷ་ས།

བངྒ་ལ་དེཤ།

ཀེའུ་ཚང་རིན་པོ་ཆེ། ཁྱེད་རང་ ལ་ལས་འགན་འདི་སྤྲོད་ཀྱི་ ཡོད། ལས་དོན་འདི་འགྲུབ་པ་ གནང་དགོས།

ཁམས།

རྒྱ་ནག

འབར་མ། འཕྲལ་དུ་ཡང་སྲིད་རྩད་ གཅོད་དུ་ཕེབས་རྒྱུའི་གྲ་ སྒྲིག་གྱིས།

བཀའ་དགོངས་ བཞིན་ཞུས་ཆོག

5


6


“ ཏཱ་ལའི ་ ”ཞེ ས ་པ་སོ ག ་

པོའི་ སྐད་དུ་”རྒྱ་མཚོ་ ”ཟེར་བ་རེད།

རྒྱ་གར་གྱི ་ སྐད་དུ་གུ་རུ་ཟེ ར ་བ་ ལྟར་བོད་སྐད་དུ་”བླ་མ་”ཞེས་པ་ དེ་བཤེས་གཉེན་ལ་གོ་ཆོག

“ཏཱ་ལའི་བླ་མ་”ཟེར་ན་བོད་ ཀྱི ་ རྒྱ ལ ་ བ སྟ ན ་ གྱི ་ མ ང འ ་ བདག་རེད།

འཕགས་པ་སྤྱན་རས་གཟི ག ས་ཀྱི ་ རྣམ་སྤྲུལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་ གསུམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ ཀྱི་བདག་པོ་མཛད་པ་རེད།

7


འོན་ཀྱང་ཏཱ་ལའི་བླ་མས་བོད་ལ་དབང་ བསྒྱུར་ཚུལ་དེ་མི་རྒྱུད་ཀྱིས་འཛིན་པ་མ་ རེད། སྐུ་གོང་མ་དེ་གཤེགས་པའི་རྗེས་ སུ་ཡང་སྲིད་བྱོ ན ་པ་དེ ས ་རྒྱུན་འཛིན་ གནང་བ་རེད།

ཕྱི་ལོ་ ༡༩༣༩ ལོར་ཡང་སྲིད་རྩད་གཅོད་ གནང་མཁན་ཚོས་ང་རྙེད་ནས་༸རྒྱལ་ བ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ ངོས་འཛིན་བྱས་པ་རེད།

8


དེ ་ དུ ས ་ ང ་ ར ང ་ ལོ ་ གཉིས་རེད།

ཨ་མདོའ ་ི ནང་གི་སྐུ་འབུམ་དགོན་པ།

ཕལ་ཆེར་རྭ་སྒྲེང་རིན་པོ་ ཆེས་གསུངས་པའི་དགོན་ པ་དེ་འདི་ཡིན་དགོས་ངེས་ འདུག

རི་ལ་འཛེགས་སའི་ལམ་ ཡང་མཐོང་གི་འདུག

9


ད་ང་ཚོས་ཐོག་གི་དབྱིབས་ ཡ་མཚན་པོ་ཅན་གྱི་ཁང་ པ་དེ་འཚོལ་དགོས།

ཕལ་ཆེར་འདི་ ཡིན་ས་རེད།

ཏོག་ཙམ་སྒུག་ཨ།

10


འདི་ཕྲུ་གུ་ཚོ་ལ་ གནང་རོགས།

ད་ཞུ་གི་མིན། མང་པོ་དེ་འདྲ་ དགོས་ཀྱི་མ་རེད།

ང་ཚོ་འདྲིས་པོ་མེད་ནའང་མཐུན་འགྱུར་དེ་ ཙམ་གནང་བར་བཀའ་དྲིན་ཆེ།

རེད། ས་མཚམས་བརྒལ་ ནས་ཟ་མ་འཚོལ་དུ་འོང་ བ་རེད།

དེ་འདྲ་མ་རེད། དཀའ་ངལ་བྱུང་ ན་ང་ཚོ་གཅིག་གིས་གཅིག་ལ་ རོགས་རམ་བྱེད་དགོས།

ཨ་མ། ཁོ་ཚོ་རྒྱ་མི་ཨེ་རེད།

ལྷ་མོ་དོན་འགྲུབ། མི་གཅིག་གིས་ གཅིག་ལ་རོགས་རམ་བྱེད་རྒྱུར་ས་ མཚམས་ཀྱི་སྐད་ཆ་ཡོད་མ་རེད། ཕན་གྲོགས་བྱ་རྒྱུ་དེ་ང་ཚོའི་ལས་ འགན་རེད།

11


གང་ཡིན་ ནམ།

ང་ཚོ་ཤར་ཕྱོགས་ལ་འགྲོ་མཁན་ ཡིན། དོ་དགོང་གནས་ཚང་གཡར་ ན་ཨེ་འགྲིག

12

ཕྱི་པོར་ཐུགས་བསུན་བཟོ་དགོས་ བྱུང་བར་དགོངས་འགལ་མ་ གནང་རོགས།

ཡིན་ད་ཡིན། འགྲིག་གི ནང་ ལ་ཡར་ཕེབས། ང་ཚོའི་ཁང་པ་ ཆུང་ཆུང་རེད། ཡིན་ནའང་སྐུ་ ལྷོད་ལྷོད་གནང་རོགས།


ཁང་པ་འདིའི་ནང་ བཞུགས་རོགས།

ཁྱེད་རང་གི་མིང༌ག་ རེ་ཡིན་ནམ།

ཐུགས་རྗེ་ཆེ།

འོ་ཡ་༌༌༌༌ དགོང་དྲོ་ བདེ་ལེགས།

ཨ་ལེ ་ ་་་་་ང་རང་སྐུ་ངོ ་ ཕ་གིའི་ཞབས་ཕྱི་ཡིན།

ངའི་མིང་ལ་ལྷ་མོ་ ཟེར་གྱི་ཡོད།

མ་རེད༌ ༌ ༌ ༌ མ་རེད། ཁྱེད་རང་སེ་རའི་ ཨ་ལགས་རེད།

ལྷ་མོ་དོན་འགྲུབ་ལོ་གཉིས།

13


སེ་རའི་ཨ་ལགས། སེ་རའི་ཨ་ལགས།

གཅིག་བྱས་ན། ཕྲུ་གུ་ཆུང་ཆུང་ཕ་ གི་ཡིན་སྲིད།

འོ་༌༌ བྱས་ཙང༌༌༌༌༌༌

14

འོ་ཛི་༌༌ ཁོས་ངའི་མིང་ གང་འདྲ་བྱས་ནས་ཤེས་ པ་ཡིན་ནམ།


ལྷ་མོ། ཉིན་གུང་གི་ ཁ་ལག་ཡིན་ད།

ཨ་ཕ༌ ་ ་ ་ འདི་ ངའི་སྡོད་ས་རེད།

ཨ་ཙི་ ་ ་ ་ ད་ཡང་ག་རེ་ ཤོད་ཀྱི་ཡོད། ཕ་གི་ནང་གི་ཕ་རྒན་ བཞུགས་ས་རེད།

མ་རེད། འདི་ངའི་སྡོད་ ས་རེད།

ཧ་་་་ ་་་ཧ་་་་ ཧ་་་ ཁྱེད་ཨུ་ཚུགས་ཚ་བོ་དེ་འདྲ།

ཉོན་དང༌། ཅོག་ཙེའི་མགོར་བསྡད་ ན་ལས་འགན་མང་པོ་འཁུར་ དགོས་ཀྱི་རེད།

ངས་ཤེས་ ཀྱི་ཡོད།

15


ཁོས་གང་ཤེས་ཀྱི་ ཡོད་འགྲོ

བསམ་གཞིགས་བྱས་ན་ ངའི་ལས་དོ ན ་དེ ་ འགྲུབ་ པའི་རེ་བ་འདུག

དེ་རིང་ང་ཟི་ ལིང་གྲོང་བརྡལ་ ལ་འགྲོ་རྒྱུ་ཡིན། བརྟན་པོ་བྱོས། འོ་རེད། འོ ་ ན་བྱེ ་ མ་ཀ་ར་ཏོ ག ་ ཙམ་ཉོས་ ཤོག།

ད་ལོ་སྟོན་ཐོག་ཡག་པོ་ ཡོང་བཟོ་འདུག

སྟོན་ཐོག་ཡག་པོ་བྱུང་ན་བྱེ་ མ་ཀ་ར་ཙམ་མ་ཟད། སྲིང་ བལ་དང་། རས་ཆ། རྟ་ཡང་ཉོ་ ཐུབ་ཀྱི་རེད།

བུ་ ༌ ༌ ༌ ཁྱེད་རང་གིས་སྒྱེ་མོ་ དེ་འཁྱེར་ནས་ག་པ་འགྲོ་རྩིས་ ཡོད་དམ། ང་ལྷ་སར་ འགྲོ་རྩིས་ཡིན།

16


ཡིན་ད་ ་ ་ ་ ང་ལྷ་སར་འགྲོ་ མཁན་ཡིན།

ཨ་ལེ་ ་ ་ ་ དེ་འདྲ་ ཡིན་ན་བརྟན་པོ་ གྱིས། ལྷ་མོ་ཡར་ལོངས།

17


སེ་རའི་ཨ་ལགས།

ཁྱེད་རང་གི་ཡིན་པ་རྣམས་ ངོས་འཛིན་གྱིས་དང༌།

༌༌༌༌༌ ༌༌༌༌༌

18

འདི་ངའི་རེད།


ད་དུང་ཅ་ལག་གཞན་ པ་ཨེ་འདུག

ཏག་ཏག་རེད། དེ་ ཁྱེད་རང་གི་རེད།

ཡིན་ད་ལྟོས་ཨ།

ཁྱེད་རང་གི་དེ་ངོ་ ཤེས་ཀྱི་ཨེ་འདུག

གཅིག་འདུག འདི་ ཡང་ངའི་རེད།

འདི་རེད།

འདི་ཡང་ངའི་རེད། འདི་བྱས། འདི་བྱས། འདི་ཚང་མ་ངའི་རེད། འདི་ཚོ་མ་རེད། ང་ལ་ མི་དགོས།

19


དེ་རང་རེད། ཁྱེད་རང་གིས་ བདམས་པ་དེ་ངོ་མ་རེད།

དེ་ཚོ་སྐུ་ཕྲེང་ ༡༣ པས་

བེད་སྤྱོད་གནང་མྱོང་ཡོད། ཁྱེད་རང་ ་་

༸རྒྱལ་བ་རིན་པོ་ ཆེ། སླར་ཡང་བྱོན་པ་ ལེགས།

20

ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ།


ཕྱི་ལོ་༡༩༣༩ ལོའ ་ི དབྱར་དུས།

ཇོ་ཇོ་ཐུབ་བསྟན། ད་ག་རེ་ བྱེད་གྲབས་ཡོད་དམ། ཏཱ་ལའི་ བླ་མ་ཟེར་ན་སུ་རེད།

འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ ཆེད་དུ་མི་ཡུལ་དུ་ཡང་སྲིད་བྱོན་ མཁན་དེ་རེད།

༌༌༌༌༌༌

ད་ཆ་ཁྱེད་ལ་ལས་འགན་ ཧ་ཅང་ཆེན་པོ་ཡོད་པ་དེ་ རང་ཉིད་ཀྱི་ལས་དབང་ རེད།

༸གོང་ས་མཆོག་གི་གཅེན་པོ་རྒན་ཤོས་ལྟག་མཚེར་ རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ།

ཏཱ་ལའི་བླ་མ་དགུང་ལོ་ལྔ།

21


འོ་ཡ། ད་ལྷ་ས་ལ་འགྲོ་ རན་པ་རེད།

བློ་བཟང་བསམ་གཏན་ ལགས། ཁྱེད་རང་ལ་བློས་ འགེལ་གྱི་ཡིན་ད།

ངས་ལྟ་སྐྱོང་ཡག་པོ་ བྱས་ཆོག

ཨ་ཕ། ཨ་མ་གཉིས་ བདེ་མོར་བྱོན།

22

ངས་ཁྱེད་རང་བརྗེད་ མི་ཡོང༌།


ལྟོས་དང༌། འབྲོང་ཁྱུ་ཞིག

བོད་ཀྱི་རི་དྭགས་སྙིང་རྗེ་མོ་ འདི་འདྲ།

23


ངའི་མདུན་མ་བཀག་དང༌།

ཕར་འགྲོ་ཡི་མིན།

མཐོང་གི་མི་འདུག

ག་རེ་བྱས་ ནས།

24

ཇོ་ཇོ་སྐུ་མཁྱེན།


ལུང་སྟོང་འདི་འདྲ་ ཞིག་ལ་ཁང་པ་ ཡག་པོ་ཞིག་་་་

ལྷ་ས་དངོས་གནས་ ཐག་རིང་པོ་རེད་ འདུག

ད་ནི་ཟླ་བ་ག་ཚོད་སོང་

བའང་བརྗེད་ཀྱིན་འདུག

སྒུགས་དང༌།

དབུ་གུར་ཕ་གིའི་ནང་ལ་རྭ་སྒྲེང་རིན་པོ་ཆེས་ ང་ཚོར་ཕེབས་སྒུག་གནང་བཞིན་པ་རེད།

25


འདི་༸རྒྱལ་བ་རིན་པོ་ ཆེའི་ཡང་སྲིད་རེད།

སླར་ཡང་སྐྱེ་འགྲོའ་ི དོན་དུ་ ཡང་སྲིད་བྱོན་པར་བཀའ་དྲིན་ ཆེ། ཕེབས་ལམ་དུ་སྐུ་ངལ་མ་ བྱུང་ངམ།

ང་རྒྱལ་ཚབ་རྭ་སྒྲེང་ཡིན།

འདི་ནས་ལྷ་ས་ཧ་ཅང་ཐག་རིང་ པོ་མ་རེད། འོན་ཀྱང་ལྷ་སར་མ་ ཕེབས་གོང་དུ་དམིགས་བསལ་ མཛད་སྒོ་ཞིག་གནང་དགོས།

26

དེ་ནི་༸རྒྱལ་བའི་ཡང་སྲིད་ འཁྲུལ་བྲལ་ཡིན་པར་ངོས་ འཛིན་བྱ་རྒྱུའི་མཛད་སྒོ་ ཞིག་རེད།


ལྷ་ས་ནས་ཀི་ལོ་མི་ཊར་གསུམ་ཙམ་གྱི་སར་འདོད་དགུ་ ཐང་དུ་མཛད་སྒོ་དེའི་སར། ངོས་རང་ཏཱ་ལའི་བླ་མའི་ ཡང་སྲི ད ་དུ་གཞུང་འབྲེ ལ ་གྱི ས ་ངོ ས ་འཛི ན ་བྱས་ཏེ ། ཕེབས་བསུ་གཟབ་རྒྱས་དང་འབྲེལ་ནོར་གླིང་ཕོ་བྲང་དུ་ གདན་དྲངས། ༡༩༣༩ ལོའ་ི ཟླ་༡༡ པའི་ཚེས་༢༣ ཉིན་ལྷ་ ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཡིས་གཙུག་ཕུད་བཞེས་ཏེ་ མིང་ལ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ ཤེས་བསྟན་འཛིན་རྒྱ་མཚོ་ཞེས་བསྩལ་གནང་མཛད།

27


28


29


༡༩༣༩ ལོའ ་ི དགུན་ཁ་ཏཱ་ལའི་བླ་མའི་ཡང་སྲིད་ལྷ་སར་ ཞབས་སོར་འཁོད།

༸རྒྱལ་བ་རིན་པོ་ཆེ། འདི་ལྷ་སའི་ རྒྱལ་སྒོ་བྲག་སྒོ་ཀ་ལིང་རེད། འདི་ ནས་ཡར་འཛུལ་ན་ལྷ་སའི་ནང་ ཕེབས་པ་རེད།

འདི་ནོར་བུ་གླིང་ཀའི་ཕོ་ བྲང་རེད།

30


ལོ་གཅིག་གི་རྗེས་ཕོ་བྲང་པོ་ཏ་ ལའི་ནང་གསེར་ཁྲིར་མངའ་ གསོལ་མ་ཞུ་བར་དུ་སྐུ་ཉིད་ འདི་གར་བཞུགས་དགོས།

ཨ་ལེ་ ་་་ ངའི་ཕ་མ་ གཉིས་་་་

ཐུགས་ཁྲལ་གནང་མི་ དགོས། ཁོང་རྣམ་པ་འདི་ གར་བཞུགས་རྒྱུ་རེད།

ཕོ་བྲང་གི་ནང་དུ་ཡབ་ཡུམ་གཉིས་ ཀྱི་བཞུགས་ས་གྲ་སྒྲིག་བྱས་ཡོད།

ཁོང་རྣམ་པ་སྐུ་དྲག་ མཐོ་ཤོས་དེ་ཆགས་ རྒྱུ་རེད།

31


ད་ལྟ་བྱས་ན་་་་ དེ་དུས་ངའི་ མི་ཚེའི་ནང་གི་སྐྱིད་ཤོས་དེ་ ཡིན་པ་འདྲ།

༡༩༤༠ ལོའ ་ི དགུན་ཁ་དེར། ང་སྡོད་ས་ནོར་བུ་ གླིང་ཀ་ནས་ཕོ་བྲང་པོ་ཏ་ལའི་ནང་སྤོས་སོང།

32


པོ་ཏ་ལའི་ནང་གི་ཚོམས་ཆེན་ སྲིད་ཞིའི་ཕུན་ཚོགས་དེའི་ནང་ ང་རང་དངོས་སུ་གསེར་ཁྲིར་ མངའ་གསོལ་བྱས་པ་རེད།

ངའི་ཨ་མ་ལགས་ གང་དུ༌༌༌༌༌༌

ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་

ནང་གི་བཞུགས་ཁྲི་དེ་སེང་ཁྲི་ཟེར་ བ་དེ་རེད།

ངའི་པ་ལགས། ཇོ་ཇོ​ོ་བློ་བཟང་ང་དང་མཉམ་ དུ་བསྡད་ན་ཨེ་འགྲིག

བོད་ཀྱི་ཆོས་སྲིད་གཉིས་ ཀྱི་བདག་པོ་ལས་གཞན་པ་ སུའང་ཁྲི་དེའི་སྟེང་བཞུགས་ མི་ཆོག

33


ཕོ་བྲང་པོ་ཏ་ལའི་ནང་སྐུ་ཉིད་ཀྱི་མི་ཚེ་ གསར་པ་ཞིག་དབུ་ཚུགས་པ་རེད།

སྐུ་མདུན་དགུང་ལོ་ ༡༨ ལ་མ་ ཕེབས་བར་ཐོས་བསམ་སློབ་ གཉེར་གནང་རིང༌།

ངས་གནས་སྐབས་རིང་ཡོངས་འཛིན་གྱི་ ལས་འགན་ཞུས་ཆོག

34

ངས་མུ་མཐུད་དེ་རྒྱལ་ ཚབ་ཀྱི་ལས་འགན་ བསྒྲུབ་རྒྱུ་རེད།

ད་དུང་སྟག་བྲག་རིན་པོ་ཆེ་ཡོངས་ འཛིན་སྐུ་གཞོན་པ་དང་། ཀེའུ་ཚང་ རིན་པོ་ཆེས་མཚན་ཞབས་གནང་ རྒྱུ་རེད།


35


36


ངས་ཞལ་འདོན་དང་དཔེ་ཆ་བློ་ འཛིན་གྱི་སྐུ་ཡོན་འབུལ་རྒྱུ་ཡིན།

གསུང་སྐད་ཆེན་པོ་ དང་སྒྲ་དག་པོ༌འདོན་ རོགས།

ངའི་ལས་འགན་ཡི་གེ་འབྲི་ ཀློག་སློབ་རྒྱུ་རེད།

ང་དགེ་རྒན་ཚ་པོ་ཞིག་ ཡིན་པ་མཁྱེན་དགོས།

37


སྐུ་རྒྱབ་ཕ་གིར་དར་ལྕག་ གཅིག་དང་ཀོ་ལྕག་གཅིག་ ཡོད་པ་གཟིགས་སོང་ངམ།

མཁྱེན་སོང་ངམ། ད་ཧུར་ ཐག་གནང་དགོས།

དར་ལྕག་དེ་སྐུ་མདུན་ཁྱེད་ཀྱི་ཆེད་དུ་རེད། ཀོ་ ལྕག་དེ་བློ་བཟང་གི་ཆེད་དུ་རེད། སློབ་སྦྱོང་

ཡག་པོ་མ་གནང་ན་བེད་སྤྱོད་གཏོང་རྒྱུ་རེད།

ནང་ཆོས་དང་བརྡ་སྤྲོད། སྨན་ དང་རྩིས་སོགས་སྦྱང་རྒྱུར་འབྲི་ ཀློག་གི་རྨང་གཞི་ངེས་པར་དུ་ དགོས།

ཨ་མ་ལགས།

38


སྐུ་མདུན། ད་དུང་མནལ་ མ་ཁུག་པ་གང་ཡིན་ནམ།

དཔོན་པོ་ ་ ་ ་ ཨ་མ་དྲན་གྱི་ འདུག ང་ལ་འདི་འདྲ་ཡོང་ དགོས་དོན་གང་ཡིན་ནམ།

སྐུ་ངལ་ཡོད་པ་ངས་ཤེས་ གྱི་ཡོད། འོན་ཀྱང་ཐབས་ ཤེས་མེད།

གང་ཡིན་ཟེར་ན་ཁྱེད་ ཀྱི་སློབ་གཉེར་གནང་ རྒྱུ་དེ་བོད་མི་དམངས་ ཀྱི་ཆེད་དུ་རེད། དེ་ག་རེ་ཟེར་ གྱི་ཡོད་དམ།

རེད། བོད་མི་མང་ལ་བདེ་ སྐྱིད་ཡོང་བའི་ཐབས་ སྦྱོང་གི​ི་ཡོད་རེད།

ཐོག་མ་བོད་མི་དམངས་ ཀྱི་སེམས་པ་མགུ་ ཐབས་དང་དེ་ནས་བདེ་ སྐྱིད་བླང་དོར་སྟོན་ཐུབ་ པ་གནང་རོགས།

39


མི་ཐམས་ཅད་བདེ་སྐྱིད་འདོད་ མཁན་ཤ་སྟག་རེད།

བོད་ཀྱི་ཡུལ་ལུང་གང་ སར་སློབ་སྦྱོང་གི་གོ་ སྐབས་མ་ཐོབ་པ་ཧ་ཅང་ མང་པོ་ཡོད།

དཔོན་པོ་ལགས། སྔ་དྲོ་བདེ་ལེགས། དེ་རིང་ཉིན་གུང་ཕག་ཤ་བཟོ་ རོགས་གནང༌།

40

ང་རང་དེ་ཚོའི་གྲས་ ནས་གཅིག་ཡིན་པར་ བརྟེན། ངས་གསལ་པོ་ ཤེས་ཀྱི་ཡོད།

དེ་དགོངས་པར་ འཇགས་རོགས་གནང༌།

གྲྭ་བཙུན་གྱིས་ཤ་བཟའ་མི་ཆོག་ པ་མིན་ནམ།

རྩེད་མོ་

རང་ཡིན།


དེ་ནས་གནས་ཚུལ་མི་ལེགས་ པ་ཞིག་བྱུང་སོང༌། ང་རང་ངོས་ འཛི ན ་གནང་མཁན་རྭ་སྒྲེ ང ་རི ན ་ པོ་ཆེ། རྒྱལ་ཚབ་ཀྱི་གོ་གནས་དང་

ངའི་ཡོངས་འཛིན་གཉིས་ཀ་ནས་ དགོངས་ཞུ་གནང་འདུག

!

རྭ་སྒྲེང་རིན་པོ་ཆེ་དགོངས་ ཞུ་གནང་ཤག་ཨེ། ངའི་ ཡོངས་འཛིན་ཡང་གནང་རྒྱུ་ མ་རེད་དམ།

གནས་ཚུལ་ག་རེ་ བྱུང་བ་རེད།

ད་ཆ་ཆབ་སྲི ད ་ཀྱི ་ དབུ་འཁྲི ད ་ མཁན་རྒྱལ་ཚབ་ཡོ ད ་མ་རེ ད ། ག ས ར ་ པ ་ ཞི ག ་ བ སྐོ ་ བ ཞ ག ་ གནང་དགོས།

བཀའ་ལན་ཞུ་ཡ་མེད། དགོངས་དག

དེ་འདྲ་ཡིན་ན། སྟག་བྲག་ རིན་པོ་ཆེ་ཁྱེད་རང་བསྐོ་ རྒྱུ་ཡིན།

!

41


ཁྱེད་ཀྱི་ཐུགས་རེ་ལྟར་ངས་ གང་ཐུབ་ཞུས་ཆོག

༸རྒྱལ་བ་རིན་པོ་ཆེས་ངོས་ལ་ རྒྱལ་ཚབ་བསྐོ་བཞག་གནང་བྱུང༌། དེ་རིང་ནས་ངས་ཚོགས་འདུའི་ གཙོ་སྐྱོང་ཞུས་ཆོག

དེ་འདྲ་བྱས་ནས། བོད་ ག ཞུ ང ་ གི ་ ཆ བ ་ སྲི ད ་ ཀྱི ་ འགན་འཛི ན ་པ་གསར་པ་ ཞིག་བྱུང་བ་རེད།

42


ལྷ་མོའ་ི བླ་མཚོ།

ྋགོང་ས་མཆོག་བྱིས་པའི་ གནས་སྐབས།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང། 43


ྋགོ ང ་ས་མཆོ ག ་ཕོ ་ བྲང་པོ ་ ཏཱ་ལའི་ བཞུགས་ཁྲིའི་སྟེང༌།

དགུང་ལོ་བཅུ་གྲངས་སུ་ཕེབས་པའི་ཏཱ་ལའི་བླ་མ།

44

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང།


དུས་ཡུན་ཏོག་ཙམ་རྗེས། ངོས་ནས་རྭ་ སྒྲེ ང ་རི ན ་པོ ་ ཆེ ས ་ཁོ ང ་རང་གི ་ ཁེ ་ ཕན་ ལ་དགོ ང ས་ནས་སྲི ད ་དོ ན ་ཀྱི ་ བྱ་བར་ ཞུགས་པ་ཤེས་བྱུང༌། ཁོང་གིས་བོད་མི་ མང་གི ་ རེ ་ བར་ལྟོ ས ་མེ ད ་ཀྱི ས ་སྐྱ་སར་ བབས་པ་རེད། རྭ་སྒྲེ ང ་རི ན ་པོ ་ ཆེ ས ་སྲི ད ་ དོ ན ་བཞག་ནས་ལོ ་ དྲུག་ གི་རྗེས་སུ།

༡༩༤༧ ལོའ ་ི དཔྱིད་སྟོད་དུ།

བསམ་ཡུལ་ལས་འདས་ པའི་གནས་ཚུལ། ངོ་ཚ་ དགོས་པ་ཞིག་བྱུང་སོང༌།

སངས་རྒྱས་གྱི་མཚན་ ཉིད་གང་ཡིན་ནམ།

འོ་ ་་་ སངས་རྒྱས་ ཟེར་ན་་་་ ཨུམ་་་་་

དགུང་གྲངས་༡༢ སྐབས།

45


ང་ལ་ཞལ་བསྟན་ནས་ ལན་གནང་རོགས།

སྐྱེ་རྒ་ན་འཆིའི་འཁོ ར ་ བའི་སྡུག་བསྔལ་ལས་གྲོལ་ བའི་ཆེད་དུ་་་་

དགོངས་དག ལས་དང་ཉོན་མོངས་པའི་སྒྲིབ་པ་གཏན་ དུ་སྤངས་པ་དེ་ཐར་པ་རེད།

འགྲིག་སོང༌།

སྐུ་མདུན་ ལམ་སང་ གབ་གནང་རོགས།

46

གང་རེད། ག་རེ་ བྱས་སོང༌།


སེ་ར་དགོན་པ་ནས་མེ་མདའི་སྒྲ་གོ་ཡི་འདུག རྭ་ སྒྲེང་དགོན་པར་ཡང་མེ་མདའ་རྒྱག་གི་འདུག མི་ འགའ་ཤས་བསད་ཡོད་ས་རེད།

ཆབ་སྲིད་ཀྱི་སྐུ་དབང་བསྐྱར་གསོའ་ི ཆེ ད ་དུ་རྭ་སྒྲེ ང ་གི ས ་སྟག་བྲག་ལ་ རྒོལ་རྡུང་བྱས་འདུག

ག་རེ་ ག་རེ་བྱས་ པ་རེད།

ད་དཔེ་བསགས་སོང༌། སྟག་བྲག་རིན་པོ་ཆེ་ ལ་རྨས་སྐྱོན་བྱུང་མི་འདུག་གམ།

གནས་ཚུལ་ཡ་ང་བོ་ཞིག་ བྱུང་བ་རེད།

་་་ནང་པ་སངས་རྒྱས་ཀྱི་ ཆོས་པ་གཅིག་གིས་ཆོས་ པ་གཞན་ཞི ག ་གསོ ད ་རྒྱུའི ་ འབད་བརྩོན་བྱས་པ་རེད།

47


མི་འགའ་ཤས་ཀྱི་སྲོག་ཤོར་བ་ དང་འགའ་ཤས་རྨས་སྐྱོན་བྱུང་ བ་མ་ཟད། བོད་ནང་གི་དགོན་ པ་རྙི ང ་གྲས་རྭ་སྒྲེ ང ་དགོ ན ་པ་ མཛེས་སྡུག་ལྡན་པ་དེ་ཡང་ གཏོར་སྐྱོན་བཟོས་པ་རེད།

རྭ་སྒྲེང་རིན་པོ་ཆེ་ལ་ག་རེ་ ཡོང་རྒྱུ་ཡིན་ནམ།

གལ་ཏེ་འགོ་ཁྲིད་ཅིག་གིས་རང་ འདོད་འགྲུབ་ཐབས་བྱས་ན། དེ ས ་མི་མང་ལ་དཀའ་ངལ་ཅི་ འདྲ་ཞིག་ཡོང་སྲིད་པ། ངས་ད་ལྟ་ ཡང་གསལ་བོ་དྲན་གྱི་འདུག

48

བཙོན་འཇུག་བྱས་ནས་ ཁྲིམས་ལ་སྦྱར་རྒྱུ་རེད།


ང་ལ་ཕྲུ་གུ་གཞན་ལྟར་ཕྱི་ལ་རྩེད་ མོ ་ རྩེ ་ རྒྱུའི ་ གོ ་ སྐབས་མེ ད ་ཙང༌། ཐག་རིང་དུ་ཕྲུ་གུ་རྩེད་མོ་རྩེ་བ་ལ་ བལྟས་ནས་སྨོན་གྱི་ཡོད།

49


མི་མང་ཉམ་ཆུང་དེ་ཚོ་ སྣང་ཟོལ་བདེ་མདོག་ ཁ་པོ་འདུག

ཆབ་སྲིད་ཀྱི་དབང་ཆའི་

འཐབ་རྩོད་ཀྱི་གནས་ཚུལ་ མངོན་ཉེས་པོ་དེ་བྱུང་དུས་

སེམས་ལ་བཟོད་མི་བདེ་བ་ བྱུང༌།

༸རྒྱལ་བ་རིན་པོ་ཆེ། སྐུ་ཞབས་ཧེན་རིག ཧ་རཱར་མཇལ་ཁར་བཅར་རྩིས་འདུག

ཁོང་ནི་ཨསྟྲི་ཡའི་ཡུལ་གྱི་

རི་འཛེགས་པ་སྐད་གྲགས་ ཆེ་ཤོས་དེ་རེད།

50

ཨ་ལེ། དངོས་ གནས། ཨེ་ཡིན།

ཁོང་གི་ཡ་ཉེན་ལ་ལྟོས་མེད་ཀྱི་བྱས་ རྗེས་དང་དམག་ཆེན་གཉིས་པའི་ སྐབས་རྒྱ་གར་ནང་གི་ཨིན་ཇིའི་ བཙོན་ཁང་ནས་བྲོས་ཏེ་ལྷ་སར་ འབྱོར་བའི་གནས་ཚུལ་རྣམ་ཞིབ་ ཅིང་ཕྲ་བ་ཤེས་འདོད་ཡོད།


ྋགོང་ས་མཆོག མཇལ་ བཅར་གྱི་གོ་སྐབས་གནང་བ་ བཀའ་དྲིན་བླ་མེད་དུ་ཆེ།

ང་རང་ཡང་ཧ་ཅང་དགའ་ པོ་བྱུང༌། བཞུགས་གདན་ འཇགས་རོགས།

ངོས་ཀྱི་སར་ཕེབས་པར་ཐུགས་རྗེ་ཆེ། ངས་བོད་ཀྱི་ཕྱི་རོལ་གྱི་ཡུལ་ལུང་སྤྱི་ དང་ལྷག་པར་དུ་ཡུ་རོབ་ཀྱི་གནས་ཚུལ་ ཤེས་འདོད་ཡོད། ང་ལ་དེ་ཚོ་སློབ་རྒྱུའི་ ཐུགས་འདོད་ཨེ་ཡོད།

དཔེ་ཡག་པོ་བྱུང༌། ངས་ཤེས་འདོད་ ཆེ་བའི་གནད་དོན་མང་པོ་ཡོད།

ཡིན་དང་ཡིན། དགའ་ པོའ་ི ངང་ཞུས་ཆོག

51


སྐམ་གློག་འཕྲུལ་ཆས་དེ་བཟོ་བཅོས་ མ་ཐུབ་ན་གློག་བརྙན་འདི་ལྟ་ཐུབ་ཀྱི་ མ་རེད། ཁྱོད་རང་གིས་བཟོ་རོགས་ གནང་བར་ཐུགས་རྗེ་ཆེ།

གསར་འགྱུར་གྱི་ཕིང་ཤོག་འདི་ཚོའི་ནང་གཟིགས་ ཐུབ་པ་ལྟར། དམག་ཆེན་གཉིས་པའི་སྐབས་མི་མང་ པོའ་ི ཚེ་སྲོག་ཤོར་བ་རེད། གང་ལྟར་དམག་འཁྲུག་ བྱུང་ན་མི་མང་ལ་སྡུག་བསྔལ་བཟོད་ཐབས་བྲལ་བ་ ཡོང་རྒྱུ་རང་རེད།

ཐ་ན་རྡུལ་ཕྲན་མཚོན་ཆའང་བེད་

སྤྱོད་བྱས་ཏེ། ཉི་ཧོང་ནང་ཨ་རིས་ཨེ་ ཊོམ་འབོམ་གཡུགས་པ་རེད།

གང་ལྟར་འགྲོ་བ་མི་རང་ཉིད་ཀྱིས་དམྱལ་བ་ མི་ཡུལ་དུ་མྱོང་རྒྱུའི་རྒྱུ་ཆ་བཟོས་པ་རེད།

52


ཕྱི་པོ་འདི་འདྲར་ག་རེ་ གནང་གི་ཡོད་དམ།

རང་ཁོ་ནའི་ཁེ་ཕན་གྱི་ཆེད་དུ་ ལུང་པ་གཅིག་གིས་གཅིག་ལ་ བཙན་འཛུལ་བྱས་པ་ལ་བརྟེན་ ནས་དམག་འཁྲུག་ཡང་ཡང་བྱུང་ བ་དེས། མི་མང་པོའ་ི ཤི་རྐྱེན་བྱེད་ ཀྱི་འདུག

དཔོན་པོ་ལགས། གསོན་དང་་་་་

འོ་ ་ ་ ་ སྐུ་མདུན་ གསུང་དང༌།

དམག་འཐབ་བྱས་ནས་མི་ གཅིག་གིས་གཅིག་གསོད་ རེས་བྱེད་དགོས་དོན་གང་ ཡིན་ནམ།

དུས་སྐབས་ཕལ་ཆེ་བར་སྡུག་པོ་མྱོང་མཁན་ དེ། ཉེས་སྐྱོན་གང་ཡང་མེད་པའི་མི་མང་ དཀྱུས་མ་ཚོ་ཡིན་པ་མ་ཟད། ཕལ་ཆེ་བར་བུད་ མེད་དང་བྱིས་པ། རྒན་འཁོགས་ཚོར་དཀའ་ སྡུག་ཆེ་ཤོས་བྱུང་འདུག

53


བོད་དེ་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཅིག་ ཡིན་པ་ལྟར། དམག་ཆེན་གཉིས་པའི་སྐབས་བར་ བཞུགས་ཀྱི་ལང་ཕྱོགས་བཟུང་བ་རེད། ང་ཚོས་ རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་མེད་ལ། བཙན་འཛུལ་བྱེད་མཁན་ལ་མཐུན་འགྱུར་ཡང་ བྱས་མེད།

སླར་ཡང་རྒྱ་ནག་ངོས་ནས་

འཆར་གཞི་མི་ལེགས་པ་ཞིག་ འདིང་གི་ཡོད་བཟོ་འདུག

སྐུ་མདུན། རྒྱ་ནག་གི་བྱེད་ སྤྱོད་ལ་ཐུགས་སྣང་ཆེན་ པོ་གནང་རོགས།

54

ཡིན་ནའང༌། རྒྱལ་ཁབ་གཞན་མང་ པོས་དུས་རྟག་ཏུ་བོད་ལ་བཙན་ འཛུལ་བྱ་ཐབས་བྱས་ཡོད།

སྐབས་དེར་རྒྱ་ནག་ནང་འགྱུར་ བ་ཧ་ཅང་ཆེན་པོ་ཞིག་འགྲོ་ བཞིན་པ་རེད།

ྋརྒྱལ་དབང་སྐུ་གོང་མའི་ སྐུ་དུས་སུའང༌། ཨིན་ཇི་ དང་རྒྱ་ནག་ཆིང་གོང་མ་ གཉིས་ཀས་བོད་བཙན་ བཟུང་བྱ་རྒྱུའི་འབད་རྩོལ་ བྱས་པ་རེད།

གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན། རྒྱ་ནག་པེ་ ཅིང་ ༡༩༤༩ ལོའ ་ི ཕྱི་ཟླ་ ༡༠ ཚེས་ ༡


ངས་ཀྲུང་ཧྭ་མི་མང་སྤྱི་མཐུན་ རྒྱལ་ཁབ་དབུ་བརྙེས་པ་གསལ་ བསྒྲགས་བྱེད་ཀྱི་ཡིན།

ད་ཆ་དགའ་སྤྲོའ་ི​ི ངང་ནས་ གསལ་བསྒྲགས་བྱ་རྒྱུར་ལོ་ ཉི་ཤུའི་རིང་གྱེན་ལང་དམག་ འཐབ་ཀྱི་རྗེས་སུ་ང་ཚོའི་མེས་ རྒྱལ་་་་་

སྐུ་མདུན་ ་ ་ ་ གནས་ཚུལ་ འདི་ཚོ་གལ་གནད་ཆེན་ པོ་རེད།

མའོ་ཙེ་ཏུང་གིས་འགོ་ཁྲིད་ དེ་རྒྱ་ནག་དམར་པོའ ་ི རིང་ ལུགས་སུ་བསྒྱུར་བ་རེད།

དེ་ཀྲུང་ཧྭ་མི་མང་སྤྱི་མཐུན་ རྒྱལ་ཁབ་ཏུ་གྱུར་པ་མ་ཟད་ ཀྲུའུ་ཞི་མའོ་ཙེ་ཏུང་ནི་ང་ཚོའི་ དབུ་ཁྲིད་རེད།

ཁྱེད་རང་གི་བྱས་ན།

རྒྱ་ནག་ཡོངས་རྫོགས་དམར་ པོའ་ི དབང་སྒྱུར་འོག་ཟླ་སྒྲིལ་ བའི་རྗེས་བོད་ལ་ག་རེ་ཟེར་ གྲབས་ཡོད་དམ་བསམ་གྱི་ འདུག

55


དེ་ནས་ཡུན་རིང་པོ་མ་སོང་བར་དཔོན་ པོས་བཤད་པ་དེ་བདེན་པ་རང་བྱུང་སོང༌། རྒྱ་ནག་པེ་ཅིང་ནས་བཏང་བའི་རླུང་ འཕྲིན་ནང་བོད་ཀྱི་བདག་དབང་སྐོར་བློ་ ཡུལ་ལས་འདས་པ་ཞིག་གོ་བྱུང༌།

བོ ད ་ དེ ་ རྒྱ ་ ན ག ་ མི ་ མང་སྤྱི་མཐུན་རྒྱལ་ ཁབ་ཀྱི་ཆ་ཤས་རེད།

བཅིངས་བཀྲོལ་དམག་གིས་ བོད་མི་མང་ཕྱི་རྒྱལ་བཙན་ རྒྱལ་རིང་ལུགས་པའི་དབང་ འོག་ནས་བཅིངས་བགྲོལ་ གཏོང་དགོས། བོད་གཞུང་གིས་དེ་མ་ ཐག་ཏུ་རྒྱ་ནག་གཞུང་ལ་ ལན་འདེ བ ས་ཀྱི་གསར་ འགོད་གསལ་པོ་ཞིག་སྤེལ་ བ་རེད།

ཡིན་ནའང་ ་་

56

བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་འགྱུར་ མྱོང་མེད། བོད་ནང་བཙན་རྒྱལ་རིང་ལུགས་ པའི་དབང་བསྒྱུར་ཟེར་བ་དེ་རྒྱ་ནག་གི་རྫུན་ གཏམ་རེད། དེས་ན་བཅིངས་བཀྲོལ་གཏོང་ དགོས་དོན་མེད།


བོད་ཤར་ཕྱོགས་ཀྱི་ས་མཚམས་ ཁག་ཏུ་རྒྱ་ནག་གི་བཅིངས་ བ ཀྲོ ལ ་ ད མ ག ་ ད པུ ང ་ བ སྡུ ་ གསོག་བྱས་ཏེ་བོད་ནང་མདུན་ བསྐྱོ ད ་བྱ་རྒྱུའི་གྲ་སྒྲིག་ཨང་ གསར་ཡོད་པ་རེད།

57


དཀའ་ངལ་ཡོང་རྒྱུ་ཉག་ཅིག་ཡིན་པས་ ཛ་དྲག་གི ས ་ཚོ ག ས་འདུ་ཧྲག་བསྡུས་ རྒྱས་པ་སྐོང་པ་རེད།

ང་ཚོས་འཕྲལ་དུ་དབྱིན་ཡུལ་ དང༌། ཨ་མེ་རི་ཀ རྒྱ་གར། མདོར་ ན་བལ་ཡུལ་བཅས་ནས་རོགས་ རམ་ཐབས་འཚོལ་བྱེད་དགོས།

རྒྱལ་ཁབ་བཞི་པོ་དེ་དག་ལ་ཞུ་ཡིག་ཕུལ་ནས་ བོད་ལ་རྒྱ་ནག་གིས་བཙན་འཛུལ་འགོག་ཐབས་ ཇི་ཡོད་བཀའ་སློབ་ཞུ་རྒྱུ་ཡིན།

58

བོད་ཀྱི་སྲུང་དམག་གཅིག་པུས་རྒྱ་ ནག་གི་དམག་དཔུང་ས་ཡ་མང་པོའ་ི ཁ་གཏད་ཅོག་ཐུབ་ཐབས་མེད།

ཐབས་ཤེས་དང་གདམ་ ཀ་གཞན་མི་འདུག

འོ་་་་་ དེ་རང་ལ་མོས་ མཐུན་ཡོད།


དེ་མ་ཐག་ཏུ་རྒྱལ་ཁབ་དེ་ དག་ལ་སྐུ་ཚབ་ཆེ ད ་གཏོ ང ་ བྱས་པ་རེད།

རེད་དེ་ ་ ་ ་ ཡིན་ནའང༌།

ཡཱ་་

་་་་ཨཱ

་་་་་་

་་་་་་

ཡཱ་

་་་་ཨཱ

་་་་་

་་་་་

་་་

ཡཱ་

་་་་་

ཨཱ་

་་་་་

་་་་་

་་

ཕིྱ་ལོ་ ༡༩༥༠ ལོའ་ི ཟླ་ ༡༠

ཚེས་ ༧ ཉིན་རྒྱ་དམག་གིས་ བོད་ཤར་ཕྱོགས་ཀྱི་ཆབ་ མདོར་དཔུང་འཇུག་བྱས་པ་ རེད།

59


སྐབས་དེ ར ་མདོ ་ ཁམས་ཁུལ་ གྱི་ཡུལ་དམག་དང་མཉམ་སྡེབ་ ཀྱིས་བོད་ཀྱི་མཐའ་སྲུང་དམག་ མིས་རྒོལ་ལན་སློག་པ་རེད།

ཡིན་ན་ཡང་་་་་་་

མང་སྣེ་ཉུང་གིས་མ་བརྟན་ པར་ས་མཚམས་འགོག་སྲུང་ ཐུབ་ཐབས་བྲལ་བ་རེད།

60


རྒྱ་ནག་གི ་ དམག་མི ་ ཁྲི ་ བརྒྱད་ལས་མང་བ་ འབྲི་ཆུ་བརྒལ་ཏེ ་ ཆབ་མདོ འ ་ི ཤར་རྒྱུད་ནས་ བོ ད ་ཀྱི ་ ས་ཐོ ག ་ཏུ་སླེ བ ས་ཡོ ད ་པའི ་ གནས་ ཚུལ་འདུག

ང་ཚོའི་དམག་མི་རྣམས་གྲ་སྒྲིག་ཨེ་ཡོད། གྲ་སྒྲིག་ཡོད་ཀྱང་འདང་ངེས་ཨེ་ཡོད།

ཐབས་ལམ་གཞན་ ག་རེ་འདུག་གམ།

དེང་དུས་ཀྱི་གོ་མཚོན་ལེགས་ཤོས་ ཅན་གྱི་རྒྱ་དམག་དང་བསྡུར་ན་ང་ ཚོར་ག་རེ་ཡོད་རེད། རྒྱ་དམར་ལ་ ཁ་གཏད་ཆོག་པ་ག་ནས་ཡོད། ད་འོ་ན་་་་་ གནས་སྟངས་ཇེ་ ཞན་ཇེ་སྡུག་ཏུ་འགྲོ་བཞིན་ པ་དེར་བལྟས་ནས་སྡོད་རྒྱུ་མ་ གཏོགས་བྱ་ཐབས་གང་ཡང་མི་ འདུག་ཟེར་བ་ཡིན་ནམ།

འཛམ་གླིང་མཉམ་སྦྲེལ་ རྒྱལ་ཚོགས་ལ་སྙན་ གསེང་ཞུས་པ་དེ་ལའང་ ལན་གསལ་གང་ཡང་ མི་འདུག

ང་རང་ཚོར་བྱ་ཐབས་གང་ ཡང་མེད་ན་་་་ ྋགོང་ས་ མཆོག་ལ་སྐུ་དབང་ཕུལ་ན་ ཡག་གི་རེད།

61


ྋགོ ང ་ས་༸སྐྱབས་མགོན་ཆེན་པོ ར ་རྒྱལ་སྲི ད ་ ཆོས་སྲིད་འབུལ་དགོས།

སྐུ་མདུན་སྐུ་ཉིད་ནས་རྒྱལ་སྲིད་ ཆོས་སྲིད་ཀྱི་མཛད་འགན་བཞེས་ དགོས་པའི་སྦྱར་ཡིག་གང་སར་ མཐོང་རྒྱུ་འདུག

འོན་ཀྱང་ང་ལོ་ ༡༥ ལོངས་པ་ཙམ་རེད།

མི་མང་ཚོགས་ཆེན་ནང་བསམ་ཚུལ་གཉིས་ འདུག འགའ་ཤས་ཀྱིས་ྋགོང་ས་མཆོག་ལ་སྐུ་ དབང་འབུལ་རྒྱུ་དང༌། གཞན་ཚོ་མཛད་འགན་ བཞེས་རྒྱུ་སྐུ་ཉིད་དགུང་ལོ་ཆུ་ང་དྲགས་པ་རེད་ ཟེར་གྱི་འདུག

62

དེ་ལྟ་བུའི་ལས་འགན་འཁྱེར་ བར་ངོས་རང་ལོ་ན་ཧ་ཅང་ ཆུང་དྲགས་པ་རེད།


ཆོས་སྐྱོང་ལ་བཀའ་ལུང་ ཞུས་ནས་ཐག་གཅོད་བྱེད་དུ་ ཆུགས།

གདམ་ཀ་ཡག་ཤོས་དེ་རེད། བཀའ་ལུང་གང་ཕེབས་ལ་ ཉན་རྒྱུ་རེད།

དུས་ལ་བབས།

ད་་་་་་་་ དེ་རང་ གྱིས།་་་་་་་

!

63


ྋགོང་ས་མཆོག ཆོས་སྐྱོང་གིས་ སྐུ་ཉིད་ཀྱིས་རྒྱལ་སྲིད་ཀྱི་ཐུགས་ འགན་བཞེས་དགོས་པའི་བཀའ་ ལུང་གནང་སོང༌། ངས་རྒྱལ་ཚབ་ ནས་དགོངས་པ་ཞུ་རྒྱུའི་གྲ་སྒྲིག་ ཞུ་རྒྱུ་ཡིན།

༌༌༌༌༌ ༌༌༌༌༌

དེ་བཞིན་ངས་སྐུ་བཅར་ཞུས་ནས་ཡོངས་ འཛིན་མུ་མཐུད་དེ་ཞུ་དགོས་པའི་ཐག་གཅོད་ བྱུང་སོང།

རྒྱ་ནག་དང་ཐབས་ཤེས་ཡོད་རྒུ་ རྩལ་སྤྲུགས་ཀྱིས་དམག་འཐབ་བྱེད་ བཞིན་པའི་བོད་མི་ས་ཡ་དྲུག་གི་ དབུ་ཁྲིད་ཡིན་མིན་ལ་དོགས་པ་སྤུ་ ཙམ་ཡང་ག་ལ་ཡོད། ད་གང་དྲགས།

ངས་འཇོན་ཨེ་ཡོང༌།

64


གཅེན་པོ་ཐུབ་བསྟན་ ལགས། ད་ག་རེ་ཆགས་ཀྱི་ རེད། ཏཱ་ལའི་བླ་མ་སུ་རེད།

མིའི་ཚེ་སྲོག་སྐྱོབ་པའི་ཆེད་དུ་ བསམ་བཞིན་སྲིད་པ་བཟུང་ མཁན་དེ་་་་

ཐུགས་འགན་ཧ་ཅང་ ཆེན་པོ་རེད། སྐུ་ཉིད་ ཀྱི་ལས་དབང་རེད།

གཅེན་པོ་ཁྱེད་རང་བདེ་པོ་ཡིན་ནམ། ང་ཚོའི་ནང་དང་་་་ ཨ་མདོ་ད་ཆ་ཅི་ འདྲ་ཆགས་ཡོད་དམ། སྐུ་མདུན།

65


གཅེན་པོ་ཐུབ་བསྟན།

ཐག་རིང་སྐུ་འབུམ་དགོན་ པ་ནས་ཡོང་བ་ཡིན་ནམ།

ཨ་མདོའ ་ི ནང་གནས་ སྟངས་ཅི་འདྲ་འདུག ཨ་མདོ་ཆ་ཚང་རྒྱ་ནག་ གིས་བཙན་བཟུང་བྱས་ ཟིན་འདུག

66

ཁོ་ཚོ་འབྱོར་མ་ཐག་ཆོས་ལ་དགག་པ་ རྒྱག་གི་འདུག


ཁོང་ཚོས་དགེ་འདུན་པ་ཚོ་ ལ་ཆོས་བྱེད་མི་ཆོག་ཟེར་གྱི་ འདུག

ཕྲན་རང་ཉིད་སྐུ་འབུམ་དགོན་ པའི་འགོ་བྱེད་ཡིན་པར་བརྟེན་ དུས་རྒྱུན་དུ་གར་འགྲོ་གར་སྡོད་བྱ་ ར་བྱེད་ཀྱི་འདུག

གཞོན་སྐྱེས་རྣམས་གྲྭ་པ་བྱེད་རྒྱུ་བཀག་ ནས་ད་ཆ་དགོ ན ་པ་ཚང་མ་སྟོ ང ་པ་ སྟོང་རྐྱང་ཆགས་འདུག

བླ་ཆེན་མི་དྲག་མང་པོ་རྒྱ་ནག་པེ་ ཅིང་དང་ཁྲི་འདུ་སོགས་ལ་ཚོགས་ འདུར་སྐོང་ནས་སློབ་གསོ་ཟེར་ བ་ཞིག་གི་ནང་ཞུགས་དགོས་ཀྱི་ འདུག

སློབ་གསོ་ཟེར་བ་དེ་གང་ འདྲ་ཞིག་ཡིན་ནམ།

དེ་ནི་བོད་དེ་རྒྱ་ནག་གི་ཆ་ཤས་ ཡིན་པ་ཁས་ལེན་རྒྱུ་དང༌། དམར་ པོའ་ི རིང་ལུགས་དང་ཏང་གི་འགོ་ ཁྲིད་ཚོར་བསྟོད་བསྔགས་བྱེད་རྒྱུ་ དེ་རེད།

67


སློབ་གསོ་དེ་ཚོའི་ཆེད་དུ། ཉེ་ཆར་ཕྲུ་གུ་ཚོ་ ཡང་རྒྱ་ནག་ཏུ་འཁྲིད་ཀྱི་འདུག

ད་འོ་ན་བཅིངས་བཀྲོལ་ཟེར་བའི་ གོ་དོན་གང་ཡིན་ནམ།

ངས་བྱས་ན་་་་་ ང་ཚོས་བྱ་ལོང་ བཅོས་ལོང་མེད་པར། བོད་ཀྱི་ སྲོལ་རྒྱུན་བཟང་པོ་རྣམས་དང་ བོད་མིའི་ངོ་བོ་རྩ་བརླག་ཏུ་ འགྲོ་ས་རེད།

68

ད་དུང་ཉེན་ཁ་ཆེ་ཤོས་ཤིག་ནི་བོད་ཀྱི་ སྐད་ཡིག་བེད་སྤྱོད་ལ་བཀག་འགོག་ དང་རྒྱ་སྐད་བཙན་འགེལ་བྱེད་ཀྱི་ འདུག

ང་ཚོའི་སྔར་སྲོལ་གྱི་ཞིང་ལས་བྱེད་སྟངས་ལ་ འགྱུར་བ་བཏང་བ་མ་ཟད། སྟོན་འབྲས་ཀྱང་གང་ འདེབས་དང་མི་འདེབས་བཙན་བཀའ་གཏོང་ གི་འདུག

ཁོ་ཚོས་བོད་ལ་བཅིངས་བཀྲོལ་ བཏང་ཟེར་བའི་གོ་དོན་ནི་བོད་མི་ དང་བོད་ཀྱི་རིག་གཞུང་རྩ་མེད་དུ་ བཟོ་བ་དེ་རེད།


རྒྱ་ནག་གི་སྤུ་མདོག་ངོ་མ་ བསྟན་རྒྱུར་དུས་ཚོད་མང་པོ་ འགོར་མ་སོང༌།

ཁྱེད་རང་ཏཱ་ལའི་བླ་མའི་གཅེན་ པོ་ཡིན་པར་བརྟེན་ངས་ཁྱེད་ རང་ལ་གྲོས་འགོ་ཞིག་འདོན་ རྒྱུ་ཡོད།

ཏཱ་ལའི་བླ་མས་བོད་ལ་རྒྱ་ནག་གིས་ དབང་སྒྱུར་བྱས་པར་ངོས་ལེན་བྱེད་དུ་ འཇུག་ཐུབ་པ་འདུག་ན་ཁྱེད་རང་ལྷ་སར་ གཏོང་ཆོག

གལ་ཏེ་ཁས་ལེན་བྱེད་ཀྱི་ མི་འདུག་ན་སོད་ཤོག

བསམ་འཆར་དེ་སྨྱོན་པའི་ སྐད་ཆ་རང་རེད།

ཁྱེད་རང་ལ་ང་ཚོས་གཟིགས་ གཟོས་ཆེན་པོ་སྤྲོད་ཀྱི་རེད།

69


སྐུ་མདུན། འཕྲལ་དུ་ལྷ་ས་ནས་ཕེབས་རོགས། རྒྱ་དམག་གིས་ཨ་མདོ་ བཙན་བཟུང་བྱས་པ་དང་འདོད་པ་ངོ་མ་གང་ཡིན་པ་དེ་ཐེར་འདོན་ ཐུབ་པའི་ཆེད་དུ་འདིར་བཅར་བ་ཡིན། ཁོ་ཚོའི་གྲོས་འགོ་དེར་མོས་ མཐུན་ཡོད་ཚུལ་བྱས་པ་ཡིན།

ང་ཉེན་གཡོལ་དུ་རྒྱུག་ ཟེར་བ་མ་ཡིན་ནམ།

རེད་་་་ ཉེན་ཁ་ ཆེན་པོ་འདུག

ག་རེ་ཤོད་ཀྱི་ཡོད། རྒྱ་ནག་ལ་དམག་རྒྱག་ དགོས་ཟེར་བ་ཨེ་ཡིན།

70

གལ་ཏེ་རྒྱ་ནག་གིས་ བཙན་ཉར་བྱས་པ་ཡིན་ན། ང་ཚོས་འགོག་རྒོལ་བྱེད་ ཐུབ་ཀྱི་མ་རེད།

ངས་བྱས་ན་ཐབས་ལམ་གཞན་མི་ འདུག ངས་སྡོམ་པ་ཕུལ་སྐྱ་ཆས་གྱོན། གསང་སྟབས་ཀྱིས་ཕྱི་རྒྱལ་དུ་སོང་ནས་ གོ་ལག་གི་རོགས་པ་ཨེ་ཐོབ་ལྟ་རྒྱུ་ཡིན།


ཐོག་མར་ཨ་རི་ལ་འབྲེལ་བ་བྱས་ ན་བོད་ལ་རོགས་པ་བྱེད་ཀྱི་རེད་ བསམ་གྱི་འདུག

གཅེན་པོ་ཐུབ་བསྟན་

ལགས། ད་འགྲིག་སོང་་

གཅེན་པོ།

ཤོད་མི་དགོས།

སྐུ་མདུན་་་་་་ གནས་སྟངས་ཧ་ཅང་ཛ་ དྲག་པོ་རེད། ལྷ་ས་ནས་འཕྲལ་དུ་ཕེབས་ ཐོན་གནང་རོགས། ཁྱེད་རང་ལ་གནས་ ཚུལ་མ་ལེགས་པ་ཞིག་བྱུང་བ་ཡིན་ན་བོད་ ཟེར་བ་དེ་རྩ་ཡལ་དུ་འགྲོ་རྒྱུ་རེད།

༌༌༌༌༌༌༌

71


རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐེངས་ གཉིས་ཡུལ་གཞན་དུ་ཉེན་གཡོལ་དུ་ ཕེབས་དགོས་བྱུང་བ་རེད།

༡༩༠༤ ལོར་ཨིན་ཇིའི་དམག་གིས་བཙན་འཛུལ་བྱས་ པའི་སྐབས་དང༌། ཡང་ ༡༩༡༠ ལོར་རྒྱ་ནག་ཆིང་གོང་ མས་བོད་ལ་དབང་སྒྱུར་ཐབས་བྱས་པའི་སྐབས་སུ་ཉེན་ གཡོལ་གནང་བ་རེད། ཨི ན ་ཇི འི ་ དམག་དཔུང་གློ ་ བུར་དུ་ཕྱི ར ་ འཐེན་བྱས་པ་དང༌། རྒྱ་ནག་ཆིང་གོང་ མའི་དམག་མི་རྣམས་བོད་དམག་གིས་ཕམ་ ཉེས་བཏང་སྟེ་༡༩༡༡ དགུན་ཁར་བོད་ནས་ མཐར་བསྐྲོད་བཏང་བ་རེད།

72

དེ་མ་ཐག་ཏུ་༸རྒྱལ་བ་སྐུ་ གོང་མས་འཛམ་གླིང་ཡོངས་ ལ་བོད་རང༌དབང་རང་ བཙན་ཡིན་པའི་གསལ་ བསྒྲགས་གནང་བ་རེད།

ཕལ་ཆེར་༸རྒྱལ་བ་སྐུ་གོང་མའི་ཞལ་ ཆེམས་ལ་བསྐྱར་དུ་བསམ་གཞིགས་ བྱེད་རྒྱུའི་དུས་ལ་བབས་པ་ཡིན་ནམ།


་་་་་་་་་

་ ་ ་ ་ རང་ས་སྲུང་མ་ནུས་ན།

༸རྒྱལ་

བ་ཡབ་སྲས་ཀྱི ས ་མཚོན་བསྟན་འཛི ན ་སྐྱེ ས ་ འཕགས་མིང་མེད་དུ་འཇོམས་ཤིང༌།

༡༩༥༠ ལོའ་ི ཟླ་༡༡ པའི་ཚེས་༡༧ ཉིན་གསེར་ཁྲིར་ མངའ་གསོལ་བྱས་ཏེ། དེ་ཉིན་ནས་ངོས་རང་འགྲོ་ ལུགས་ཀྱི ་ ཆ་ནས་བོ ད ་ཀྱི ་ ཆོ ས ་སྲི ད ་གཉི ས ་ཀྱི ་ བདག་པོར་གྱུར་པ་རེད།

་་་་ བསྟན་འཛི ན ་ཆོ ས ་བྱེ ད ་དགེ ་ འདུན་གྱི ་ སྡེ འི ་ འཛི ན ་དབང་ཆོ ས ་རྒྱུན་བཅས་པ་རྩ་ ལྷག་པར་དུ་ང་རང་ལོ་༡༥ ལས་མ་ལོན་པའི་སྐབས་དེར་ སྐུ་གོང་མའི་བཀའ་ལུང་དེ་ཚོ་ ཧ་ཅང་དོན་སྙིང་ཆེན་པོ་འདུག

བརླག་་་་ འདི་གའི་ཞབས་འབྲིང་ཀུན་ཀྱང་ ཕ་གཞིས་རྒྱུ་ནོར་རྩ་འཕྲོགས་་༌༌

73


་་་་ དགྲ་ཡི་བྲན་དུ་དབང་མེད་འཁྱམས་ཤིང༌།

༸རྒྱལ་བ་རི ན ་པོ ་ ཆེ ། ད་ཆ་ང་རང་གི ་ ལུང་ པར་ལོག་རན་སོང༌།

ཁྱེད་རང་ཕེབས་ན་འགྲིག་ ཅེས་བརྗོད་རྒྱུ་དཀའ་ཡང་ ལམ་དུ་སྐུ་ངལ་མི་ཡོང་བའི་ སྨོན་འདུན་ཡོད།

་་་་ ཡིད་ཅན་ཀུན་ཀྱང་མནར་གཅོད་འཇིགས་ སྐྲག་གི་དུཿཁས་ཉིན་མཚན་མི་འཁྱོལ་བའི་དུས་ ཤིག་འབྱུང་ངེས་་་་་

74

འཛམ་གླིང་ཚང་མས་བོད་ལ་བསམ་ བློའ་ི རྒྱབ་སྐྱོར་མི་འདོར་བ་དེ་སྐུ་ངལ་ ཆེ་བའི་དུས་ཚོད་ཀྱི་སྐབས་སུ་ཐུགས་ ལ་བཅངས་རོགས།

ང་ཚོས་རང་ས་སྲུང་མ་ཐུབ་ན་ག་ རེ་ཡོང་གྲབས་ཡོད་དམ་་་་


ང་ཚོའི་སྐུ་ཚབ་ཚོ་ནས་ལན་གསལ་པོ་ དང༌། འདི་བྱ་འདི་མིན་གྱི་འཆར་གཞི་ གཏན་འཁེལ་མ་བྱུང་བར་༸རྒྱལ་བ་ རིན་པོ་ཆེ་གནས་སྐབས་རིང་ལྷ་སར་མ་ བཞུགས་རོགས།

མགྱོགས་པོ་གནང་རོགས། ཤར་ ཕྱོགས་ས་ཁུལ་དུ་རྒྱ་ནག་ནས་ དམག་སྣོན་འབྱོར་བཞིན་འདུག

ངས་བློ ན ་ཆེན་བློ ་ བཟང་བཀྲིས་

དང་ཀླུ་ཁང་པ་གཉིས་ལ་སྲིད་བློན་

གྱི་དབང་ལུང་སྐུར་བ་ཡིན་པས་ང་

ཕྱིར་ལོག་མ་བྱུང་བར་དུ་གཞུང་གི་ འགན་དབང་འཁྱེར་དགོས།

ང་ཚོས་ྋགོང་ས་༸སྐྱབས་ མགོན་ཆེན་པོའ་ི བཀའ་ དགོངས་ལྟར་འབད་རྩོལ་ལྷོད་ མེད་ཞུས་ཆོག

75


རྒྱ་ནག་ལའང་དམག་དཔུང་ ཕྱིར་འཐེན་ཡོང་བར་ནང་ མོལ་བྱེད་རྒྱུར་སྐུ་ཚབ་བཏང་ ཟིན་པ་ཡིན།

ངོས་རང་གནས་སྐབས་རིང་བོད་ལྷོ་ ཁུལ་དུ་ཉེན་གཡོལ་སྡོད་རིང༌། ཨ་རི་ དང༌། ཨིན་ཡུལ། རྒྱ་གར། བལ་ཡུལ་ བཅས་ནས་མཐུན་འགྱུར་ཡོང་བའི་ རེ་བ་ཡོད།

ང་ཚོས་བཟོད་སྲན་ཇི་ཙམ་ ཐུབ་མིན་ལ་རག་ལས་ཀྱི་རེད། མཁྱེན་སོང་ངམ།

76

ལགས། བཀའ་ ཕེབས་བཞིན།

གསལ་པོ་ཤེས་སོང༌།


ང་ཚོའི་༸རྒྱལ་བ་རིན་པོ་ ཆེ་གང་དུ་གདན་འདྲེན་ ཞུ་ཡི་ཡོད་དམ།

སྐུ་མདུན་་་་ ལྷ་ས་ནས་མ་ ཕེབས་རོགས།

ང་ཚོ ་ འགྲུལ་པ་དཀྱུས་མ་རང་ ཡིན། ྋརྒྱལ་བ་རིན་པོ་ཆེ་ང་ ཚོ་དང་ལྷན་དུ་ག་ནས་ཡོང༌།

ཟིང་ཆ་མ་གནང་ རོགས།

ང་ཚོ་ཐུགས་དགོངས་ནས་མ་ འདོར་རོགས་གནང་། ལྷ་སར་ཕྱིར་ ལོག་གནང་རོགས།

གནས་ཚུལ་ལེགས་པོ་ བྱུང་ན་་་་ འཕྲལ་སེལ་ ཙམ་ཉེན་གཡོལ་ཡིན་པ་ གོ་བྱུང༌།

ཁོང་གིས་ང་ཚོ་ཐུགས་ དགོངས་ནས་ནམ་ ཡང་འདོར་གྱི་མ་རེད། མགྱོགས་པོ་ཚུར་ཕེབས་རྒྱུ་ ཡིན་པ་ཐག་ཆོད།

ང་ཚོ་འགྲོ་ ཆུགས་དང༌།

77


ཡིད་སྐྱོ་བའི་གནས་ཚུལ་འདི་ཙམ་མ་ གཏོགས་འགྲུལ་ལམ་བདེ་པོ་བྱུང༌།

ཏཱ་ལའི་བླ་མ་ཡིན་པ་མི་ ཤེ ས ་ མ ཁ ན ་ མ ང ་ པོ ས ། ནང་ཚགས་ཀྱི་སྐད་ཆ་མང་ པོ་བཤད་བྱུང༌།

ཁོ་ཚོར་ལབ་གླེང་བྱས་པ་བརྒྱུད་ ནས་མི་མང་གི་ནང་མ་དྲང་པའི་ གནས་ཚུལ་མང་པོ་ཡོང་གི་ཡོད་ པ་ཤེས་ཐུབ་པ་དང༌། ཆབ་སྲིད་ འཛི ན ་སྐྱོ ང ་ཐད་ལེ ག ས་བཅོ ས ་ དགོས་པའི་ཛ་དྲག་གི་གནད་ དོན་ཤེས་རྟོགས་བྱུང༌།

78

ངས་གོ་སྐབས་དེ་བླངས་ ནས་མི་མང་དཀྱུས་མ་ ཚོ་དང་འབྲེ ལ ་བ་གང་ ཐུབ་ཐུབ་བྱས་པ་ཡིན།


ལྷ་ས་ནས་ཐོན་ཏེ་བདུན་ཕྲག་ གཉིས་ཀྱི་རྗེས། ཕྱི་ལོ་ ༡༩༥༡ ཟླ་ དང་པོ འ ི་ ནང་བོ ད ་ལྷོ ་ ཁུལ་གྱི ་ ས་ གནས་གྲོ་མོར་སླེབས་སོང།

དེ་འདྲ་དཔེ་སྲིད་དོགས་མེད། ང་ ཚོའི་སྐུ་ཚབ་སུ་གཅིག་ཀྱང་བཏང་ སར་འགྲོ་ཐུབ་མི་འདུག

ང་ཚོ་འགྲོ་ཐུབ་ས་དེ་རྒྱ་ནག་ཙམ་རེད། ཨ་རི་ དང་། ཨིན་ཡུལ། རྒྱ་གར། བལ་ཡུལ་བཅས་ ཀྱིས་ང་ཚོའི་རེ་འདུན་ལ་མོས་མཐུན་གནང་ མི་འདུག

༌༌༌༌༌༌༌

ད་འོ་ན་༌༌༌ གྲོགས་མེད་ཁེར་རྐྱང་ དུ་ང་ཚོས་རྒྱ་ནག་གི་སྟོབས་ ཤུགས་ལ་ཁ་གཏད་གཅོག་དགོས་ ཟེར་གྱི་ཡོད་དམ།

79


ད་རེས་ཀྱི་འགྲུལ་ལམ་དུ་ འཕྲད་པའི ་ མི ་ དེ ་ ཚོ འི ་ སྐོ ར ་ བསམ་བློ་འཁོར་གྱི་འདུག

དེ་ཚོའི་འཚོ་བ་ཤིན་ཏུ་སྟབས་བདེ་ཡིན་ རུང་ཆོ ས ་དད་ཧ་ཅང་ཆེ ན ་པོ ་ དང༌། གནས་བཟོད་བདེ་པོ། རང་བྱུང་ཁོར་ ཡུག་དང་མཐུན་པོ་འདུག

རྒྱུ་དངོ ས ་པོ ས ་ཕོ ང ས་ནའང་ཆོ ས ་ དད་ཀྱི ས ་ཕྱུག་པ་རང་གི ་ ཕ་མེ ས ་ ད ང ་ མི་རྒྱུད་ཕྱི་མ་གཉིས་ཀར་ འབྲེལ་བ་ཡོད་པའི་ཡིད་ཆེས་འདུག

རིན་ཐང་ཆེ་བའི་ཚེ་སྲོག་འདི་ཚོ་ སྐྱོབ་ཐབས་ཨེ་ཡོད། དེ་འདྲའི་ ནུས་པ་ཞིག་ང་ལ་ཡོད་དམ།

80


མདོ་སྨད་སྤྱི་ཁྱབ་ང་ཕོད་ངག་ དབང་འཇིགས་མེད་ཀྱི་སྙན་ཐོ་ ཞིག་ད་ལྟ་རང་འབྱོར་སོང༌།

ང་ཕོད་ཀྱིས་ག་རེ་བཤད་འདུག

གྲོས་མོལ་་་་ ཨེ་་་

ཆབ་མདོའ་ི ས་ཁུལ་ཕལ་ཆེ་བ་རྒྱ་ དམག་ལ་ཤོར་སོང༌། མི་རིང་བར་ བཅིངས་བཀྲོལ་དམག་ལྷ་སར་འབྱོར་ རྒྱུ་རེད། འཕྲལ་དུ་རྒྱ་དམར་དང་གྲོས་ མོལ་འགོ་འཛུགས་མ་ཐུབ་ན་་་་་་་་་ སྐད་ཆ་དེ་རང་རེད། ང་ཕོད་ རང་ཉིད་རྒྱ་ནག་ཏུ་སོང་ནས་ གྲོས་མོལ་བྱེད་རྒྱུའི་བསམ་འཆར་ བཏོན་འདུག

དམག་འཁྲུག་ འགོག་ཐབས་ལ་ གང་བྱེད་དགོས་ ཀྱང་བྱ་རྩིས་རེད།

ང་ཚོས་ད་བར་ཐབས་ཤེས་ བྱས་པ་ལས་ལྷག་པ་ཞིག

ལྷ་སར་སྲིད་བློན་གཉིས་ཀར་ འབྲེལ་བ་བྱས་ནས་གནས་ ཚུལ་འདི་སྙན་གསེང་ཞུས།

དེ་ག་རང་ ཞུས་ཆོག

ལྷ་ས་དང་གྲོ་མོ་ནས་ ལས་བྱེད་འགའ་ཤས་ རྒྱ་ནག་ནང་ང་ཕོད་ཀྱི་ རོགས་པར་འཕྲལ་དུ་ གཏོང་དགོས། 81


་་་་ གནས་ཚུལ་གསལ་ པོ་ཤོད།

ཡིན་ནའང༌། ཟླ་ཤས་རྗེས་ ༡༩༥༡ ཕྱི་ཟླ་ལྔ་པའི་ནང་ཧ་ ལས་ཧོན་འཐོར་དགོས་པའི་ གསར་འགྱུར་ཞིག་གོ་བྱུང༌།

རྒྱ་ནག་གིས་གང་བཤད་པའི་་་་ བཅིངས་ བཀྲོལ་་་ ཟེར་བ་དེ་བོད་ལ་དགོས་ཀྱི་མེད། ང་ཚོ་ཁྱིམ་མཚེས་རྒྱ་ནག་དང་མཉམ་དུ་ཞི་ བདེ་དང་གུས་བརྩི་ལྡན་པའི་འབྲེལ་བ་རྒྱུན་ སྲིང་བྱེད་འདོད་ཡོད།

དེ་རིང་དགའ་སྤྲོའ་ི ངང་གསལ་ བསྒྲགས་བྱེད་རྒྱུར་་་་

ཀྲུང་གོའ་ི སྲིད་གཞུང་དང་བོད་ས་གནས་ སྲིད་གཞུང་གི་སྐུ་ཚབ་རྣམ་པས་བོད་ཞི་ བའི་བཅིངས་བཀྲོལ་གཏོང་རྒྱུའི་གྲོས་ མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་ བཀོད་པ་རེད།

དེ་གང་འདྲ་ཡིན་ནམ། ངས་ཁས་ ལེན་བྱས་པའི་གྲོས་མཐུན་དེ་འདྲ་ ཞིག་མེད།

82


གྲོས་མཐུན་དོན་ཚན་དང་པོ།

བོད་མི་མང་རྣམས་ཆིག་སྒྲིལ་གྱིས་ཕྱི་རྒྱལ་ བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་ བོད་ནས་མཐར་སྐྲོད་བཏང་སྟེ། བོད་མི་

ག་རེ་བྱས་ ནས་་་་་་་་

རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའ་ི ནང་ ལོག་དགོས།

དོན་ཚན་གཉིས་པ། བོད་ས་གནས་སྲིད་གཞུང་ནས་ བཅིངས་བཀྲོལ་དམག་བོད་དུ་ཡོང་ རྒྱུར་རོགས་རམ་བྱས་ཏེ་ཡུལ་གྱི་སྲུང་ སྐྱོབ་སྲ་བརྟན་དུ་གཏོང་དགོས།

ཁོང་ཚོས་དམ་ཕྲུག་རྫུན་མ་ བཟོས་ནས་ང་ཕོད་ལ་བཙན་ཤེད་ བྱས་པ་ཡིན་གྱི་རེད།

ངས་ང་ཕོད་ལ་ཡིག་ཆ་ཅི་འདྲ་ ཞིག་ལའང་མིང་རྟགས་འགོད་རྒྱུའི་ དབང་ཆ་གང་ཡང་སྤྲོད་རྒྱུ་མ་བྱུང་ ལ་གཞུང་གི་དམ་ཕྲུག་ཀྱང་བསྐུར་ མེད།

གྲོས་མོལ་བྱེད་ཟེར་བ་དེ་ ཐོག་མ་ཉིད་ནས་གཡོ་བྱུས་ ཤིག་ཡིན་གྱི་རེད།

མདོ་སྤྱི་ང་ཕོད་ཀྱི་ ཏཱར་ཞིག་ད་ལྟ་རང་ འབྱོར་སོང༌།

83


ག་རེ་ལབ་ འདུག

བོད་ཀྱི་སྤྱི་ཁྱབ་ཆེན་མོ་གསར་པ་དམག་སྤྱི་ ཀྲང་ཅིང་ཝུ་རྒྱ་གར་བརྒྱུད་ནས་ཡོང་བཞིན་ པ་ཡིན་ཟེར་འདུག

བོད་ཀྱི་སྤྱི་ཁྱབ་ ཆེན་མོ་ཟེར་ན།

ཏཱར་འཕྲིན་ནང་ངོས་ལ་དམག་ སྤྱི་ཀྲང་དང་ངོ་འཕྲད་བྱེད་དགོས་ ཟེར་བ་ཙམ་ལས་ ༌ ༌ ༌ ངས་བྱས་ ན་སྐད་ཆ་གཞན་འབྲི་མ་ཕོད་པ་ ཡིན་བཟོ་འདུག ཁོང་ཚོས་བོད་ཀྱི་སྤྱི་ཁྱབ་གསར་པ་ཞིག་ གསལ་བསྒྲགས་བྱས་པ་ཨེ་ཡིན། གོ་གནས་ དེ་འདྲ་ཞིག་སུས་བཟོས་པ་རེད། བོད་ནང་ དུ་སུས་ཀྱང་ངོས་ལེན་ བྱེད་ཀྱི་མ་རེད།

སྐུའི་གཅེན་པོ་བགྲེས་ཤོས་ ལྟག་མཚེར་རིན་པོ་ཆེ་ཡིས་་ ཞུ་ཡིག་ཅིག་ཀྱང་འདུག

འཕྲལ་མར་ཕྱི་རྒྱལ་ལ་ཉེན་ གཡོལ་དུ་འགྲོ་དགོས་པ་ཡང་ བསྐྱར་བཤད་འདུག

84


ངས་ཀ་ལ་ཀ་ཏའི་ཨ་རིའི་ཚོང་ དོན་སྐུ་ཚབ་ཁང་ལ་འབྲེལ་བ་ ཞུས་ནས། སྐུ་ཉིད་ཨ་རིར་ཕེབས་ རྒྱུའི་ཐོངས་མཆན་ཐོབ་ཡོད། འདི་ གཏམ་བཟང་ཡིན།

ཁོང་ཚོས་ང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ སྟོན་གྱིན་འདུག ཨ་རི་ནས་དམག་གི་ རོགས་རམ་ཐོབ་རེ་འདུག

དེའི་ཆེད་དུ་འཕྲལ་ མ་ཉིད་དུ་རྒྱ་གར་དུ་ ཕེབས་རོགས།

ཨ་རི་དང་ལག་སྦྲེལ་བྱས་ནས་ རྒྱ་ནག་ལ་འཐབ་རྒོལ་བྱེད་ རན་པ་རེད།

གཅེན་པོ་་་་་ ངས་བོད་མི་ དམངས་བཞག་ནས་སོང་ན་ འགྲིག་གི་མ་རེད།

ངས་རྒྱ་ནག་གི་དམག་ སྤྱི་དེར་སྒུག་རྒྱུ་ཡིན།

ང་ཚོའི་དགྲ་བོ་ཡང་ང་ཚོ་ནང་ བཞིན་གྱི་མི་ཞིག་ཡིན་པས་ ཁོ་ལ་ཡིད་ཆེས་བྱས་ཏེ་སྒུག་ རྒྱུ་ཡིན།

85


རྒྱ་དམག་ལ་འགོག་རྒོལ་བྱེད་མཁན་བོད་མི་ མང་པོ་ཁོའ་ི དམག་དཔུང་གིས་བསད་ཡོད་པ་ བདེན་པ་རེད། ཡིན་ནའང་མགོ་ལ་འཇིགས་སུ་ རུང་བའི་རྭ་ཅོ་ཅན་གྱི་སྲིན་པོ་ཞིག་ཡིན་རྒྱུ་མ་ རེད་བསམ་གྱི་འདུག

ཕྱི་ལོ་༡༩༥༡ ཟླ་༧ པའི་ཚེས་༡༦ ཉིན་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེ་གྲོ་མོར་འབྱོར།

ཁོང་དམག་སྤྱི་ཀྲང་ཅི་ཝུ་རེད།

ད་རེས་༸རྒྱལ་བ་རིན་པོ་ཆེ་མཇལ་བ་ ཧ་ཅང་དགའ་བོ་བྱུང༌། ཀྲུའུ་ཞི་མའོ་ ཙེ་ཏུང་གིས་སྐུ་ཉིད་ལ་འཚམས་འདྲི་ ཡོད་གསུངས་ཀྱི་འདུག

86

ལྷན་མཇལ་སྐབས་གསུང་ སྒྱུར་ཞིག་གྲ་སྒྲིག་ཡོད།


གཙོ་འཛིན་མའོ་ཡི་དབུ་ཁྲིད་འོག་ ཆིག་སྒྲིལ་བྱས་ཏེ་རྒྱ་ནག་ནང་ཕྱི་རྒྱལ་ གྱི་བཙན་འཛུལ་དང་དབང་བསྒྱུར་གྱི་ ཡ་ང་བའི་དུས་རབས་མཇུག་འགྲིལ་ བ་རེད།

ད་ཆ་དབུལ་ཕོངས་དང་ བཤུ་གཞོག་གིས་མནར་ བའི་རྒྱ་ནག་རྙིང་པ་དེ་ མཐོང་རྒྱུ་མེད།

སྤྱི་ཚོགས་རིང་ལུགས་ཟེར་བ་དེ་ མི་མང་ལ་འདྲ་མཉམ་དང་དྲང་ བདེན་ཡོང་བའི་འགན་ཁུར་བྱེད་ པའི་ལམ་ལུགས་ཤིག་རེད། ད་ཆ་ ཀྲུང་གོ་དེ་ཕྱིའི་བཙན་རྒྱལ་པའི་ ཐེ་བྱུས་མེད་པར་མུ་མཐུད་ཡར་ རྒྱས་འགྲོ་ངེས་རེད།

ང་ཆུང་དུས་རྒྱ་མི་ཚོས་ དཀའ་ལས་མང་པོ ་ རྒྱག་པ་མཐོང་མྱོང་བ་ དྲན་བྱུང༌།

མ་མཐར་སྤྱི་ཚོགས་ནང་དྲང་ བདེ ན ་དང་འདྲ་མཉམ་གྱི ་ ལྟ་བ་ཤོ ད ་མཁན་ཡི ན ་ཙང་ སྤྱི་ཚོགས་རིང་ལུགས་ལ་མི་ དགའ་བ་མེད།

87


འོ་ན་དེ་ལྟ་བུའི་ལམ་ལུགས་བཟང་ པོ་ཞིག་ཉམས་སུ་ལེན་མཁན་གྱི་ རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་ གཞན་ལ་བརྩི་མཐོང་གུས་བཀུར་ མེ ད ་པའི ་ ལས་ཀ་འདི ་ འདྲ་ཡོ ང ་ སྲིད་པ་གང་ཡིན་ནམ། བོད་མི་རྣམས་བཙན་རྒྱལ་རིང་ ལུགས་པའི་དབང་འོག་ནས་ བཅིངས་བཀྲོལ་གཏོང་རྒྱུའི་ཆེད་དུ་ ང་ཚོས་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་པ་རེད།

དམག་སྤྱི ་ ཀྲང་གི ས ་ངོ ས ་ལ་གྲོ ས ་ མཐུན་འཇོག་སྟངས་འགྲེལ་བརྗོད་ བྱེད་སྐབས། གྲོས་མཐུན་དེ་ཕན་ཚུན་ གཉིས་མོས་ཀྱིས་བཞག་པ་ཞིག་ཡིན་ ཚུལ་ཤད ོ ་ཐབས་བྱས་བྱུང༌།

88

ད་དུང་གྲོས་མཐུན་དེའི་ནང་ང་ཚོས་གསལ་ ཁ་བཏོད་དེ་བོད་ལ་རང་སྲིད་རང་སྐྱོང་ ཡོད་པ་དང་རྒྱ་ནག་གིས་ཏཱ་ལའི་བླ་མའི་གོ་ གནས། བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་སྒྲོམ་ གཞི་བཅས་ལ་བརྩི་བཀུར་ཞུ་རྒྱུ་འཁོད་ཡོད།


ལྷག་པར་དུ། ང་ཚོས་བོད་ཀྱི་ཆོས་དང་ རིག་གཞུང༌། གོམས་གཤིས་བཅས་པར་ གཅེས་འཛིན་དང༌། དགོན་སྡེ་ཁག་ལ་ སྲུང་སྐྱོབ་བྱ་རྒྱུ་ཡིན།

དེ་བཞིན་དུ་གྲོས་མཐུན་འདིའི་ ཐོག་ནས་བོད་མི་མང་གི་བདེ་ དོན་ཆེད་དུ་ཤེས་ཡོན་དང་སོ་ ནམ་ཞིང་ལས་ཡར་རྒྱས་གཏོང་ འཆར་ཡོད།

ང་ཚོའི་ཀུན་སློང་བཟང་པོ་འདི་དག་ མཁྱེན་པ་གནང་ནས་གང་མགྱོགས་ལྷ་ སར་ལོག་རོགས་གནང༌། དེ་རྗེས་གྲོས་ མཐུན་འདིའི་སྐོར་བཀའ་བསྡུར་ཞིབ་ ཕྲ་ཡོང་བའི་རེ་བ་ཡོད།

གྲོ ས ་ མ ཐུ ན ་ འ དི འི ་ ན ང ་ བ ཅི ང ས ་ བ ཀྲོ ལ ་ ད མ ག ་ མིས་བོད་ལ་དབང་སྒྱུར་བྱ་ རྒྱུ་དང་བོད་ཀྱི་ཕྱི་འབྲེལ་གྱི་ ལས་དོན་རྒྱ་ནག་གིས་བྱ་རྒྱུ་ གསལ་འདུག

ལྷ་སར་ལོག་ན་རང་ཉིད་ལ་ཉེན་ཁ་ ཡོད་པ་ཤས ེ ་ཀྱི་འདུག འོན་ཀྱང་དཀའ་ སྡུག་གི་གནས་སྟངས་འདི་འདྲའི་ སྐབས་སུ་རང་གི་མི་མང་དང་མཉམ་ དུ་སྡོད་དགོས་པ་དང༌། རྒྱ་མིའ་ི དམག་ སྤྱི་དེས་ཁས་ལེན་གང་བྱས་པ་རྣམས་ ཁ་ཐོག་ལག་བཞག་ཡོང་ཐབས་བྱེད་ དགོས་བསམ་བྱུང༌།

89


ཁོང་ཚོའི་ཀུན་སློང་ལ་དོགས་པ་མི་ཟ་བ་ དཀའ་ཡང༌། ཁོང་ཚོས་གང་བཤད་པ་ལ་ཆ་ འཇོག་བྱེད་ཐབས་བྱེད་དགོས།

ལྷ་སར་ཕྱིར་ལོག་ གནང་རྒྱུ་ཡིན་ ནམ།

མི་གསོད་ཁྲག་སྦྱོར་འདི་ དག་ངེས་པར་དུ་མཚམས་ འཇོག་དགོས་ཀྱི་རེད།

90

ཕྱིར་ལོག་མ་གནང་ རོགས། ཧ་ཅང་ཉེན་ ཁ་ཚ་བོ་རེད།

ངའི་མི་མང་རྣམས་ སྐྱོབ་ཐབས་བྱ་རྒྱུ་དེ་ ངའི་ལས་འགན་དང་ པོ་དེ་རེད།

ང་ཚོས་རེ་བ་བཟང་ས་ནས་ བརྒྱབ་སྟེ་རྒྱ་མི་དང་འབྲེལ་བ་ བྱེད་དགོས།


ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལྷོ་ཕྱོགས་སུ་ཟླ་བ་དགུའི་རིང་ཉེན་གཡོལ་དུ་བཞུགས་ པའི་རྗེས་སུ། ༡༩༥༡ ལོའ ་ི ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་སླར་ཡང་ལྷ་སར་བྱོན།

སྐ བ ས ་ དེ ར ་ ག ན ས ་ ཚུལ་ཇེ་ཞན་ཇེ་སྡུག་ཏུ་ འགྲོ་བཞིན་འདུག

91


ལྷ་ས། ལྷ་ས་རང་གི ་ མི ་ འབོ ར ་ཁྲི ་ བདུན་ ལས་མེད་སར་རྒྱ་ནག་གི་དམག་མི་ ཁྲི་གཉིས་ལྷག་འབྱོར་ཟིན་འདུག

92


ཁྱེད་རང་གིས་བསམ་བློ་མ་བཏང་ བའི་སྐད་ཆ་བཤད་ཀྱི་འདུག ད་ དུང་ཟ་འབྲུ་ཊོན་ ༢༠༠༠ ཁྱེད་རང་ གི་དམག་མིའི་ཆེད་དུ་འཕར་མ་ དགོས་ཟེར་གྱི་ཡོད་དམ།

ཟ་འབྲུ་ཕོན་ཆེན་པོ་དེ་ འདྲ་ལྷ་ས་གླིང་ལ་ཡོད་མ་ རེད། དེ་འདྲ་སྒྲུབ་ཐུབ་པ་ མི་འདུག

དེ་ག་རང་རེད། གྲོས་མཐུན་དོན་ཚན་ ༡༧ གྱི་ནང་དུ་ས་གནས་ནས་ཟ་ཆས་རྣམས་མཁོ་ སྤྲོད་དགོས་པ་གསལ་པོ་ཡོད། ཁྱེད་རང་ཚོས་ མཐུན་འགྱུར་ངེས་པར་དུ་བྱེད་དགོས།

ཟ་འབྲུ་ཡོད་ཚད་རྒྱ་ནག་ གི་དམག་དཔུང་ལ་སྤྲད་པ་ ཡིན་ན་ལྷ་སའི་མི་མང་ཚོ་ མུ་གེས་འཆི་རྒྱུ་རེད།

ཁྱེད་ཚོ་སླེབས་པ་ནས་བཟུང་ཟ་ འབྲུ་ཧ་ཅང་དཀོན་པོ་ཆགས་པ་ མ་ཟད། རིན་པ་ལྡབ་བཅུ་འཕར་ འདུག མཁོ་ཆས་གཞན་གྱི་རིན་ པ་ལྡབ་གཉིས་དང༌། འགའ་ཤས་ ལྡབ་གསུམ་འཕར་ཟིན་འདུག

93


ཁྱེད་རང་ཚོས་བཤད་པ་ནང་བཞིན། གལ་ཏེ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་ པ་ལས་སྐྱོབ་དགོས་ཡོད་ན། དམག་ མི་རྣམས་ས་མཚམས་ལ་མི་འཇོག་པ་ གང་ཡིན།

ལྷག་པར་དུ་ལྷ་སའི་ནང་ དམག་སྒར་ཆེན་པོ་འདི་ འདྲ་འཇོག་དགོས་དོན་གང་ ཡིན་ནམ།

ལྷ་སའི་ནང་ལ་ བཅིངས་བཀྲོལ་དམག་ མི་དགོས་དོན་རྩ་བ་ ནས་མི་འདུག

རྩོད་པ་མ་རྒྱག་རོགས།

ཁྱེད་རང་ག་རེ་ཤོད་ཀྱི་ཡོད།

ད་འགྲིག་སོང༌།

94


དེ་ནས་དུས་ཚོད་རིམ་སོང་གིས་རྒྱ་ནག་ གི ་ དམག་དཔུང་དང་བོ ད ་མི ་ དཀྱུས་ མའི་དབར་གྱི་འབྲེལ་བའང་ཇེ་ཞན་ཇེ་ སྡུག་ཏུ་ཕྱིན་སོང༌།

གྲོང་ཁྱེར་གྱི་ས་གནས་གང་ སར་རྒྱ་དམག་ལ་ངོ་རྒོལ་གྱི་ སྦྱར་ཡིག་མང་པོ་ཐོན་པ་རེད།

ར་

རྒྱ་དམ ན་ཡིན། བོད་རང་བཙ ར་རྒྱུགས་ཤིག བོད་ནས་ཕ

རྒྱ་མི་ཚོས་བཅིངས་བཀྲོལ་ ཟེར་བ་དེ་གང་རེད། ང་ ཚོར་བཅིངས་བཀྲོལ་བཏང་ ཟེར་བ་དང་བཙན་འཛུལ་ བྱས་པ་གཉིས་ལ་ཁྱད་པར་ ཨེ་འདུག

འོ་་་་་རེད། དེ་ག་རང་རེད། རྒྱ་ ནག་གིས་ང་ཚོ་མུག་ཤི་གཏོང་ འདོད་ཡོད་ས་རེད།

ས་གནས་གང་སར་རྒྱ་ དམག་ལ་སྐྱོ ན ་བརྗོ ད ་ཀྱི ་ ཚོགས་འདུ་འཚོགས་འདུག

རྒྱ་ནག་གིས་བཙན་འཛུལ་མ་བྱས་ གོང་དུ་ང་ཚོ་ནི་ཞི་བདེར་དགའ་ བའི་རྒྱལ་ཁབ་ཅིག་ཡིན་ལ། མང་ ཚོགས་ལ་ཕན་པའི་སྲིད་གཞུང་ ཡང་ཡོད། གང་ལྟར་རྒྱ་མི་སླེབས་ ནས་ང་ཚོ་མ་སྐྱིད་པ་བཟོས་སོང༌།

ང་ཚོ་ལ་འདི་འདྲའི་བཅིངས་ བཀྲོལ་ཟེར་བ་དེ་མི་དགོས། རྒྱ་ དམར་རང་ཡུལ་དུ་ལོག་དགོས།

95


རྒྱ་མི ་ ལ་ཟུར་ཟ་ཚི ག ་རྒྱག་གི ་ དམངས་གཞས་ཀྱང་མང་པོ་གྲོང་ ཁྱེར་རྒྱ་ཁྱབ་ཏུ་གོ་ཐོས་བྱུང་འདུག

ངོ་རྒོལ་བ་ཚོ་རྒྱ་ནག་གིས་དེ་མ་ ཐག་ཏུ་བཀག་པ་མ་ཟད། ཁོང་ ཚོ ས ་རང་ངོ ས ་ནས་བྲི ས ་པའི ་ གྲོས་མཐུན་ལ་རྩ་འགལ་མུ་ མཐུད་དེ་བྱས་སོང༌།

ཕྲུ་གུ་ཚོ ས ་ཀྱང་རྒྱ་དམག་ ལ ་ རྡོ ་ ག ཞུ ས ་ པ ་ སོ ག ས ་ བྱས་འདུག

ཞི་བའི་ཡུལ་མིར་བདག་པའི་ས་ཁང་གཞུང་ བཞེས་བཏང་བ་མ་ཟད། དམག་མི་སྡོད་ སའི་ཆེད་དུ་བེད་སྤྱད་པ་རེད། དེ་བཞིན་ བོད་ནས་པེ་ཅིང་བར་ལམ་ཆེན་བཟོ་རྒྱུར་ ཞིང་ས་མང་པོ་རྩ་མེད་བཏང་སོང༌།

ལས་གླ་སྣེ་སེལ་ཙམ་སྤྲད་ དེ ་ བོ ད ་མི ་ མང་པོ ར ་ཚེ ་ གཡོ ག ་འདྲ་བའི ་ གནས་ སྟངས་འོག་ལམ་ཆེན་དེ་ བཟོ ་ བར་བཙན་འདེ ད ་ བྱས་སོང༌། 96


དེར་མ་ཟད། བོད་ཀྱི་ཆོས་དང༌། རིག་ གཞུང༌། ཡུལ་གོམས་གཤིས་ལུགས་ བཅས་པར་མི་དགའ་བ་བཟོ་རྒྱུར་ ཀླད་པ་འཁྲུ་བའི་སློབ་གསོའ་ི ལས་ འཆར་ཁོངས། ལྷ་སའི་གཞོན་སྐྱེས་ མང་པོ་རྒྱ་ནག་ལ་བཏང་སོང༌།

ལྷ་སར་རྒྱ་ནག་གི་མི་སེ ར ་སྤེ ལ ་ ཡུལ་སྲི ད ་ཇུས་ལ་ལྷ་སའི ་ བོ ད ་མི ་ ཚོས་མི་དགའ་བ་ཉིན་རེ་ནས་ཉིན་ རེར་ཤུགས་ཆེ་རུ་ཕྱིན་པ་རེད།

མཐའ་མ་དེར་་་་་་་་་་་་་་ འ དི ་ ག ་ རེ ་ ཡི ན ་ ཟེར་གྱི་ཡོད་རེད།

བྱུས་ངན་འདི་ཚོའི་རྒྱབ་ཏུ་ སྲིད་བློན་ཀླུ་ཁང་པ་དང་སྲིད་ བློ ན ་བློ ་ བཟང་བཀྲ་ཤི ས ་ཁྱེ ད ་ རང་གཉིས་ཡོད་པ་ཐག་ཆོད།

ཕྱག་རོགས་ཞུ་ དགོས་པ་འདྲ་ འདུག་གམ། 97


མི་མང་གི་འཐུས་མི་ཡིན་ཟེར་མཁན་མི་ ཁག་ཅིག་གིས་ཞུ་ཚིག་དོན་ཚན་དྲུག་ ཟེར་བ་ཞིག་གི་འགྲེལ་བཤད་རྒྱས་པོ་ འདི་འདྲ་ཞིག་བཏང་འདུག

འདི་ངེས་པར་དུ་ཁྱོད་ ཚོའི་བྱུས་ངན་གྱི་ཆ་ཤས་ ཤིག་ཡིན་རྒྱུ་རེད།

གལ་ཏེ་འབྲེལ་བ་ མེད་ན་ ་ ་ ་

བཙན་རྒྱལ་རིང་ ལུགས་པ་མགོ་བདེ་ པོ་ཁྱེད་ཚོ།

ང་ཚོའི་དམག་དཔུང་ཕྱིར་ འཐེན་གྱི་དགོས་འདུན་བཏོན་པ་མ་ ཟད། སྐྱོན་བརྗོད་ཀྱང་བྱས་འདུག ཧ་ཅང་ཐལ་ཆ་རེད།

ཞུ་ཡིག་དེ་དང་ང་ ཚོར་འབྲེལ་བ་གང་ ཡང་མེད།

་་་་ང་ཚོར་མཐུན་ འགྱུར་བྱེད་རྒྱུར་ དཀའ་ངལ་གང་ཡང་ ཡོད་ཀྱི་མ་རེད།

བོད་དམག་རྣམས་བཅིངས་ བཀྲོལ་དམག་མིར་ཟླ་སྒྲིལ་ གཏོང་དགོས།

ག་རེ་ ་་་

98

ང་ཚོ་ལ་བཙན་རྒྱལ་ རིང་ལུགས་པ་ཟེར་ དོན་གང་ཡིན་ནམ།


ཁྱེད་རང་སེམས་པ་ཐང་ ཐང་མེད་པ་འདྲ།

ཁྱེད་རང་གི་སྐད་ཆ་དེ་མགོ་ལ་ རྡོ་གཞུས་ནས་རྨ་མ་དྲག་གོང་ ལ་གྲོགས་པོ་བྱེད་དགོས་པའི་ དབང་ཤེད་བཏང་བ་རང་རེད།

འོ་ན་་་་་་ ལྟོས་དང་སྐད་ཆ་འདི་ག་རེ་ རེད། བོད་ས་གནས་སྲིད་གཞུང་གིས་ རང་མོས་ཀྱིས་ལེགས་བཅོས་གཏོང་ཆོག་ རྒྱུ། རྒྱ་ནག་གི་དབང་འཛིན་པས་དེ་ལ་ ཐེ་བྱུས་བྱ་རྒྱུ་མིན་ ་ ་ ཞེས་ ་ ་ ་ གྲོས་ མཐུན་ནང་གསལ་པོ་འཁོད་འདུག

བོད་ལ་བཙན་འཛུལ་བྱེད་མཁན་ རྒྱ་དམག་དང་བོད་དམག་གཉིས་ ཟླ་སྒྲིལ་ཟེར་བ་མི་སྲིད་པ་རེད།

སེམས་པ་ཐང་ཐང་མེད་མཁན་ ཁྱེད་ཚོ་རེད། འདི་གྲོས་མཐུན་དོན་ཚན་ ༡༧ གྱི་ཆ་ཤས་ཤིག་རེད། ཁྱེད་རང་གིས་གྲོས་ མཐུན་དང་རྩ་འགལ་བྱེད་ཀྱི་འདུག

ཁ་ཚུམས་༌༌༌ ཁྱེད་རང་བཙན་ རྒྱལ་རིང་ལུགས་པ་དང་ གསར་བརྗེར་ངོ་ལོག་པ་ཡིན་ པ་གསལ་པོ་ཤེས་སོང༌།

99


ངས་ཏཱ་ལའི་བླ་མར་ཁྱེད་གཉིས་ བཀའ་ཤག་ནས་ཕྱིར་འབུད་ གཏོང་དགོས་ཟེར་གྱི་ཡིན།

༡༩༥༢ ལོའ ་ི དཔྱིད་སྟོད།

ངས་གནས་ཚུལ་གསལ་པོ་ཤེས་ཀྱི་ ཡོད། འོན་ཀྱང་བཀའ་བློན་གཞན་ རྣམ་པར་དགག་ཆ་ཨེ་ཡོད།

100

འདི་ནས་ཐར་གྱི་རེད་ བསམ་པ་མ་བྱེད་ཨ།

དེ་ནས་ཡུན་རིང་མ་སོང་བར་སྲིད་བློན་ གཉིས་དགོངས་ཕོག་གཏོང་དགོས་ཟེར་ བའི་གཞུང་འབྲེལ་དགོས་འདུན་གྱི་ཡི་གེ་ འབྱོར་བྱུང༌། དེའི་སང་ཉིན་སྔ་དྲོ་ཁོང་ རྣམ་པ་གཉིས་ཀས་དགོངས་པ་ཞུས་སོང༌།

ལྷག་བསམ་དང་བརྩོན་འགྲུས་ཅན་གྱི་ སྲིད་བློན་རྣམ་པ་གཉིས་ལ་དགོངས་ པ་མ་སྤྲད་ཀ་མེད་བྱུང་སོང༌། དགོངས་ དག་ཞུ་རྒྱུ་ཡིན།


ཡིན་ན་ཡང་ ་ ་ ་ རྣམ་པ་ གཉིས་གོ་གནས་རང་སོར་

བཞག་ན་སྐུ་སྲོག་ལ་ཉེན་ཁ་ ཡོད་པའང་ཤེས་ཀྱི་ཡོད།

ཐབས་ཤེས་མི་འདུག

དགོངས་ཞུ་ཁས་ལེན་བྱས་ པ་ཡིན།

དེ་འདྲ་རེད་དེ ་ ་་་ ང་ཚོས་རྒྱ་ མི་ལ་མགོ་སྒུར་རྐྱང་བྱས་ན་ འགྲིག་ཐབས་མེད།

ཁོ་ཚོའི་ཤུགས་རྐྱེན་གྱི་འོག་ཏུ་ མ་སོང་བར། ང་ཚོ་རང་ངོས་ནས་ ལེགས་བཅོས་ཀྱི་འཆར་གཞི་ གསལ་པོ་ཞིག་རྒྱ་ནག་ལ་སྤྲོད་ དགོས་ཀྱི་འདུག

ང་ཚོས་འཕྲལ་དུ་ལེགས་བཅོས་

ཚོགས་ཆུང་བཀོད་སྒྲིག་བྱེད་དགོས།

དམངས་གཙོ་དང་མཐུན་པའི་ཁྲིམས་ཁང་གི་ འགྲོ་སྟངས་ ་ ་ ་ ཤེས་ཡོན་ལམ་ལུགས་ཡར་ རྒྱས་ ་ ་ ་ ས་ཞིང་བཅོས་བསྒྱུར་སོགས་ང་ཚོའི་ མདུན་དུ་བྱེད་དགོས་པ་ཤིན་ཏུ་མང་པོ་འདུག

101


ད་ཆ་གྲོས་མཐུན་དོན་ཚན་ ༡༧

ནང་ཁ་གསལ་ཡོད་པའི་བོད་ལ་

རང་སྐྱོང་འགན་ལེན་བྱས་པ་དེ་ བེད་སྤྱོད་བྱེད་རན་འདུག

ང་ཚོའི་ལེགས་བཅོས་ཀྱི་འཆར་ གཞི ་ གང་ལའང་རྒྱ་ནག་གི ས ་ མོས་མཐུན་བྱས་མི་འདུག

༸རྒྱལ་བ་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ་ ཕེབས་སོང༌།

102


པཎ་ཆེན་རིན་པོ་ཆེ་༡༩༥༢ ལོའ ་ི ཟླ་ ༤ པའི་ ཚེས་༢༨ ཉིན་ལྷ་སར་ཕེབས།

ྋགོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་དངོས་སུ་མཇལ་ཐུབ་ པར་དགའ་པོ་བྱུང༌།

དགུང་ལོ་བཅོ་ལྔ་ཕེབས་པའི་ པཎ་ཆེན་སྐུ་ཕྲེང་ ༡༠ པ།

ངས་ཡུན་རིང་པོ་ནས་ ཕེབས་སྒུག་ཞུ་བཞིན་ ཡོད།

ཏཱ་ལའི ་ བླ་མའི ་ རྗེ ས ་སུ་བོ ད ་ཀྱི ་ བླ་ཆེ ན ་མཐོ ་ཤོ ས ་དེ ་ པཎ་ཆེ ན ་ རིན་པོ་ཆེ་རེད།

ད་རེས་མཇལ་བ་ཧ་ཅང་ དགའ་པོ་བྱུང༌།

103


ངས་མི་མང་ཚོའི་འཚོ་བ་སྐྱེལ་ སྟངས་ལ་བལྟ་བར་འདིར་ཡང་ ཡང་ཡོང་གི་ཡོད།

ཁོ ང ་ཚོ ་ ལ་བདེ་བ་བྱུང་ན་ དགོངས་ཀྱི་ཡོད་ཙང་རེད་པ།

ཡིན་དང་ཡིན། དེ་ ང་ཚོའི་ཕུགས་ བསམ་རེད།

ངས་ཁ་འདོན་དགེ་སྦྱོར་ བྱེད་དུས་བསམ་བློ་དེ་ རང་གཏོང་གི་ཡོད།

ར ང ་ ཉི ད ་ ལ ས ་ ལོ ་ གསུམ་གྱི་གཞོན་པའི་ པ ཎ ་ ཆེ ན ་ དེ ་ སྐུ ་ ན ་ ཕྲ་ཡང་ཐུགས་རྒྱུད་ བཟང་པོ་ཞིག་འདུག

ཁོང་ཐུགས་བག་ ཡངས་པོ་དང་ཐུགས་ གཤིས་བཟང་པོ་ཡོད་ ་པའི་ཚོར་སྣང་བྱུང༌།

104


འོ ན ་ཀྱང་རྟག་པར་ཁོ ང ་ དང་ལྷན་དུ་དམག་ཆས་ གྱོན་པའི་རྒྱ་མིའི་སྐུ་སྲུང་ ཡོད་པ་དོ་སྣང་བྱུང།

སྟབས་མ་ལེགས་པ་ཞིག་ལ་ ཁོང་སྐུ་ན་ཆུང་དུས་ནས་རྒྱ་ ནག་གཞུང་གི་ལྟ་སྲུང་ནན་ པོའི་ འོག་འཚར་ལོངས་ བྱུང་བ་རེད།

ད་གཞིས་ཀ་རྩེར་ ཕེབས་རྒྱུ་ཡིན་ནམ།

ལགས་ཡིན། བཀྲ་ ཤིས་ལྷུན་པོའ་ི དགོན་ པར་ཏོག་ཙམ་སྡོད་ རྩིས་ཡོད།

འགྲོ་འདོད་ཧ་ ཅང་ཆེན་པོ་ ཡོད།

ཕན་ཚུན་འདྲ་ས་མང་པོ་ཡོད་ པའི་བྱིས་པའི་གནས་སྐབས་ ཅན་ང་ཚོ་གཉིས་སུས་ཀྱང༌། མི་རིང་བར་ང་ཚོའི་མི་ཚེའི་ གནས་སྟངས་མི་གཅིག་པ་དེ་ འདྲ་ཡོང་བ་བསམ་ཡུལ་ལས་ འདས་པ་རེད།

105


ཕྱི་ལོ་ ༡༩༥༠ ལོར་བོད་ལྷོ་ཁུལ་དུ་རྒྱ་གར་ས་མཚམས་ དང་ཉེ་སར་ཉེན་གཡོལ་སྐབས། ཕྱི་ལོ་ ༡༩༥༦ ལོར་༸རྒྱལ་བ་དང་པཎ་ཆེན་རྣམ་གཉིས་ རྒྱ་གར་གྱི་སྲིད་བློན་ནེཧཱ་རུ་དང་མཇལ་འཕྲད་སྐབས།

106

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།


༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་ཆིབས་སྒྱུར་སྐབས།

པེ་ཅིང་དུ་མའོ་ཙེ་ཏུང་དང་མཇལ་འཕྲད་སྐབས། ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།

107


རྒྱ་ནག་པེ་ཅིང་དུ་ ༡༩༥༤ ཟླ་ ༩ པའི་ནང་།

གུང་ཁྲན་ཏང་གིས་ངོས་རང་ དང་པཎ་ཆེ ན ་རིན་པོ་ཆེ ་ གཉིས་ལ་མི་དམངས་འཐུས་ མི་ཚོགས་ཆེན་དུ་པེ་ཅིང་ལ་ མགྲོན་འབོད་བྱས་པ་རེད། ངོས་རང་རྒྱ་ནག་པེ ་ ཅིང་དུ་ འ གྲོ ་ རྒྱུ ར ་ བོ ད ་ མི ་ ཚོ ར ་ མི ་ འདོད་པ་ཤུགས་ཆེ་ཡོད།

108


ྋགོང་ས་མཆོག་རྒྱ་ནག་མི་ དམངས་འཐུས་མི་ཚོགས་ཆེན་ གྱི་ཚོགས་མི་གནང་དགོས་དོན་ གང་ཡིན་ནམ།

བོད་ལ་ཕྱིར་ལོག་ གནང་ཐུབ་ཀྱི་མ་རེད།

ྋརྒྱལ་བ་རིན་པོ་ཆེ། རྒྱ་ནག་ལ་མ་ཕེབས་རོགས།

རྒྱ་ནག་གི ་ མགྲོ ན ་བརྡ་དེ ར ་ང་ཚོ ས ་ཡ་ལན་ མ་བྱས་པ་ཡིན་ན་བོད་ལ་རང་སྲིད་རང་སྐྱོང་ ཡོང་རྒྱུའི་རེ་བ་དེའང་མེད་པ་འགྲོ་ཉེན་ཆེན་ པོ་ཡོད།

དེར་མ་ཟད། རྒྱ་ནག་གི་དམིགས་ ཡུལ་ངོ ་ མ་གང་ཡི ན ་ཤེ ས ་རྒྱུར། གཙོ ་ འཛི ན ་མའོ ་ དང་དངོ ས ་སུ་ ཐུག་འཕྲད་མ་བྱས་ཀ་མེད་ཡིན་ པ་དྲན་བྱུང༌།

སྐུ་ཉིད་རྒྱ་ནག་ཏུ་ཞབས་ སོར་འཁོད་པར་ཁོང་ཧ་ཅང་ ཐུགས་སྤྲོ་པོ་བྱུང་གསུང་གི་ འདུག

109


ངོས་རང་རྒྱ་ནག་པེ་ཅིང་དུ་སླེབས་ནས་ མི་རིང་བར་གཙོ་འཛིན་མའོ་དང་ཟུར་ མཇལ་བྱུང༌། དེ་དུས་སྐད་སྒྱུར་གཅིག་མ་ གཏོགས་གཞན་སུ་ཡང་མེད།

འོན་ཀྱང་ད་ཆ་ཁྱེད་ཚོ་རྗེས་

ལུས་ཤོར་བ་ཡིན་ཙང་ང་ཚོས་ རོགས་པ་བྱེད་འདོད་ཡོད།

ལེགས་བཅོས་ཀྱི་གོམ་པ་དང་པོར་བོད་རང་སྐྱོང་ ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་དགོས། དེའི་ནང་མི་མང་གི་མངོན་འདོད་མཚོན་པའི་ འཐུས་མི་ཡོད་དགོས།

110

བོད་ལ་བརྗིད་ཉམས་ལྡན་པའི་ལོ་ རྒྱུས་ཡོད་རེད། དུས་རབས་མང་ པོའ་ི གོང་དུ་རྒྱ་ནག་ཕལ་མོ་ཆེར་ དབང་སྒྱུར་ཡང་བྱེད་མྱོང་ཡོད།

ལོ་ཉི་ཤུའི་ནང་ཁྱེད་ཚོ་ང་ཚོ་ལས་ ལྷག་པ་ཡར་རྒྱས་འགྲོ་ཡི་རེད། དེ་ དུས་རྒྱ་ནག་ལ་རོགས་པ་བྱེད་ དགོས།

ལེགས་བཅོས་ཀྱི་མྱུར་ཚད་དེ་བོད་མིའི་ འདོད་པ་དང་བསྟུན་ནས་ཐག་གཅོད་ བྱེད་དགོས།


གལ་སྲིད་ང་ཚོའི་མི་ཚོས་སྐུ་ཉིད་ ཀྱི་དགོངས་གཞི་ལ་ལྟོས་མེད་ ཀྱིས་བཅོས་སྒྱུར་གཏོང་རྒྱུར་བྲེལ་ འཚབ་བྱེད་ཀྱི་འདུག་ན་ང་ལ་ཐད་ ཀར་བཀའ་གནང་རོགས།

ངས་ཁོང་ཚོ་རྒྱ་ནག་ལ་ ཕྱིར་འབོད་བྱས་ནས་ཉེས་ པ་གཏང་ཆོག

རེ་བ་ཕྲན་བུ་ཡོད་པ་མཐོང་ བས་ངས་རྒྱ་དམར་དང་ མཉམ་གནས་ཡོང་ཐབས་ ཐད་བསམ་གཞིགས་ནན་ པོ་བྱས་པ་ཡིན།

ང་རང་འདིར་སྡོད་རིང་ ལ་རྒྱ་སྐད་སྦྱང་འདོད་ འདུག དགེ་རྒན་ ལེགས་པ་ཞིག་གསུངས་ རྒྱུ་ཨེ་ཡོད།

ཡོད་་་ ཡོད་༌༌ ང་ཚོས་༸རྒྱལ་བ་རིན་ པོ་ཆེའི་ཆེད་དུ་གོ་སྒྲིག་ ཞུས་ཆོག

111


འོན་ཀྱང་ཡ་མཚན་པ་ཞིག་ལ་་་

ངའི་མཐོང་ཚུལ་ལ་ཏང་ཡོན་ མ་ཡིན་པ་ཚོས། གུང་ཁྲན་ ཏང་ཡོན་པ་ཚོར་ངོ་དགའ་ སྤྲེལ་ལད་ཁོ་ན་ཤོད་ཀྱི་ཡོད་པ་ མཐོང་བྱུང༌།

ངོས་རང་ལ་རྒྱལ་ཡོངས་མི་དམངས་འཐུས་ མི ་ ཚོ ག ས་ཆེ ན ་རྒྱུན་ལས་ཨུ་ཡོ ན ་གྱི ་ ཚོ ག ས་ གཙོ་གཞོན་པར་བསྐོ་གཞག་བྱས་ཀྱང༌། དོན་ དངོས་དབང་ཆ་གང་ཡང་མི་འདུག ཚོགས་ འདུ་འདི་ལྟ་བུར་མགྲོན་འབོད་བྱེད་དགོས་ དོན་ཡང་གང་ཡིན་ནམ་བསམ་བྱུང༌།

112

རྒྱལ་ཡོངས་མི་དམངས་འཐུས་ མི་ཚོགས་ཆེན་ནང་འཐུས་མི་ ཚོས། རང་སོ་སོའ་ི བསམ་ཚུལ་ ངོ་མ་དེ་ཤོད་ཀྱི་མེད་པའི་ཚོར་ སྣང་ཞིག་བྱུང༌།


གར་འགྲོ་གར་སྡོད་དང༌། མི་སུ་དང་ཐུག་ འཕྲད་བྱེད་མ་བྱེད་ལ་བཀག་འགོག་ནན་ པོ་བྱེད་ཀྱི་འདུག་ལ། རྒྱ་རིགས་མི་མང་ དཀྱུས་མ་གཅིག་ལའང་འབྲེལ་བ་བྱེད་ དུ་བཅུག་མ་བྱུང༌།

ཕྱི་ལོགས་སུ་འགྲོ་རྒྱུའི་དུས་ ཚོ ད ་གཅི ག ་རང་ཡོ ད ་པ་དེ ་ ནི ། ཡར་རྒྱས་མྱུར་པོར་འགྲོ་བཞིན་ ཡོད་པའི་བཟོ་གྲྭའི་ས་ཁུལ་ལ་ ལྟ་སྐོར་འགྲོ་རྒྱུ་དེ་རེད།

༸རྒྱལ་བ་ རིན་པོ་ཆེ།

ཉི་མ་གཅིག་གློ ་ བུར་དུ་ གསང་བའི་གནད་དོན་དེ་ ཤེས་བྱུང༌། ྋགོང་ས་མཆོག་ལྷ་ས་ ནས་ཆིབས་ཞལ་བསྒྱུར་ བའི་སྐུ་པར་ཚགས་པར་ ནང་མཇལ་བྱུང༌།

བོད་མི་ཚོས་ཧ་ཅང་སྤྲོ་སྣང་ཆེན་ པོས་ཕེབས་སྐྱེལ་ཞུས་པ་དེ་ཡ་ མཚན་པོ་བྱུང༌། དེ་མཐོང་ནས་ དགའ་པོ་བྱུང༌།

113


ག་རེ་ ་་་

དེ་རྩ་བ་ནས་བདེན་པ་མ་རེད། བོད་མི་ཚོས་ང་རྒྱ་ནག་ཏུ་འགྲོ་ རྒྱུར་དགག་བྱ་བྱས་པ་རེད།

དེ་འདྲ་ཡིན་ གྱི་མ་རེད།

མི་མང་པོས་འཇིགས་སྣང་དང༌། ང་བོད་ལ་ལོག་ཐུབ་ཨེ་ཡོང་ བསམ་པའི་སེམས་སྡུག་བྱེད་ཀྱི་ འདུག

མཐའ་མར་ངོས་རང་རྒྱ་ནག་ལ་ཡོང་རྒྱུ་དེ། འཛམ་གླིང་ཡོངས་སུ་རྒྱ་ནག་ལ་ལྟ་ཚུལ་མི་ ལེགས་པ་ཞིག་ཡོད་པ་དེ་མེད་པར་བཟོ་རྒྱུའི་ ཆེད་དུ་ཡིན་པ་དང། ཁོ་ཚོ་དབང་ཤད ེ ་བྱེད་ མཁན་མིན་པའི་རྣམ་པ་བསྟན་རྒྱུ་ ཆེད་ཡིན་པ་ཤས ེ ་བྱུང༌།

རང་དོན་གྱི་ཆེད་དུ་ ཁོང་ཚོས་རྫུན་ཤོད་རྒྱུར་ ཁོན་ཁོན་ཐོག་ཐོག་ཡོད་ མ་རེད།

114

ད་བྱས་ན་་་ གསར་ཤག ོ ་ནང་ གི་གནས་ཚུལ་དེ་ཚོ་རྫུན་རྐྱང་ རྐྱང་རེད་གསུངས་ཀྱི་ཡོད་དམ།

རྒྱ་ནག་གི་ལྐོག་ཇུས་དེ་ཤེས་པའི་རྗེས་སུ་ བོད་དུ་ལོག་རྒྱུ་ཐག་བཅད་པ་ཡིན། ལྷ་ ས་ནས་དབྱར་ཀ་ཐོན་པ་རེད། དུས་ཡུན་ རིང་པོ་སོང་ཟིན་འདུག


བོད་དུ་ཆིབས་ཞལ་བསྒྱུར་རྒྱུའི་ཉི་མ་གཅིག་གི་གོང༌། ༡༩༥༥ ལོའ ་ི དཔྱིད་ཀར།

ཁོང་གདན་ཞུ་བྱས་ ཡོད།

ངས་ཁྱེད་རང་སང་ཉིན་བོད་ ལ་ལོག་ཕེབས་རྒྱུ་ཡིན་པ་གོ་ བྱུང༌། ད་རེས་མཇལ་དུས་ མཐའ་མ་ཡིན་གྱི་རེད། བསླབ་ བྱ་རེ་གཉིས་ཤིག་ཞུ་རྒྱུ་ཡོད།

ྋགོང་ས་མཆོག་ སླར་ཡང་མཇལ་བ་ དགའ་པོ་བྱུང༌། གློ་བུར་དུ་སྐད་སྒྱུར་ གྲ་སྒྲིག་བྱུང་མ་སོང་ དགོངས་འགལ་མ་ གནང་རོགས།

སྐྱོན་མེད། ངས་རྒྱ་ སྐད་ཏོག་ཙམ་སྦྱོང་ ཐབས་བྱས་པ་ཡིན།

བོད་ཀྱི་མ་འོངས་པའི་གནད་དོན་གྱི་ཆེད་དུ། མི་ དམངས་འཐུས་ཚོགས་གཞུང་འབྲེལ་གྱིས་འཛུགས་རྒྱུ་ གལ་ཆེན་པོ་རེད། དེ་ནས་འཐུས་མི་ཚོས་མི་མང་གི་ བསམ་ཚུལ་ཤེས་པ་བྱེད་དགོས།

115


ཁྱེད་རང་པེ་ཅིང་ནང་ བཞུགས་རིང་གནས་ ཚུལ་མང་པོ་མཁྱེན་ཡོད་ པའི་ཡིད་ཆེས་ཡོད།

དེ་རང་བྱུང༌། ཐུགས་རྗེ་ཆེ།

ཁྱེད་རང་གི་བསམ་བློ་ གུ་ཡངས་པོ་དེས་དངོས་ གནས་སེམས་ཤུགས་ སྤེལ་གྱི་འདུག

མཁྱེན་གྱི་ཨེ་ ཡོད་་་་་

དེས་རྐྱེན་པས་གྲྭ་བཙུན་མང་དྲགས་ནས་ མི་འབོར་འཕེལ་རྒྱས་ལ་གནོད་པ་མ་ ཟད། དངོས་པོ་ཡར་རྒྱས་ལའང་འཐུས་ ཤོར་འགྲོ་ཡི་རེད།

116

ཁྱེད་རང་མ་ཐོན་གོང་ལ་སྐད་ཆ་ གཅིག་མཁྱེན་པ་གནང་རོགས།

ཆོས་ཟེར་བ་དེ་ དུག་རེད།


ད་བྱས་ན་ ཁྱེད་རང་ཆོས་དང་ ལས་རྒྱུ་འབྲས་རྩ་གཏོ ར ་གཏོ ང ་ མཁན་དེ་རེད་འདུག

དེ་ནི་གཙོ་འཛིན་ མའོ་དང་མཇལ་ འཕྲད་མཐའ་མ་དེ་ རེད།

117


༡༩༥༦ ཕྱི་ཟླ་ ༤ པ། ཕོ་བྲང་པོ་ཏཱ་ལའི་མདུན་གྱི་ ཚོགས་ཁང་གསར་པའི་ནང༌།

ཀྲུང་དབྱང་གིས་གསར་ རྒྱག་བྱས་པའི་ཚོགས་ཁང་གསར་ པ་འདིའི་ནང༌། བོད་རང་སྐྱོང་ ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ གི་དབུ་འབྱེད་མཛད་སྒོ་བྱེད་རྒྱུ་ བྱུང་བར་དགའ་པོ་བྱུང༌།

གཙོ་འཛིན་མའོ་ཡིས་ དགོངས་འཆར་གནང་བ་ ལྟར། ངོས་རང་ལྷ་སར་ འབྱོར་མ་ཐག་ཏུ་གྲ་སྒྲིག་ ཨུ་ཡོ ན ་ལྷན་ཁང་གསར་ འཛུགས་བྱས་པ་ཡིན།

བོད་མི་མང་གི་འཚོ་བའི་ཆུ་ཚད་རྒྱ་ནག་ མི་མང་དང་མཉམ་པ་ཡོང་དགོས་ན། གྲ་ སྒྲིག་ཨུ་ཡོན་ལྷན་ཁང་གིས་ལེགས་བཅོས་ ཀྱི་འཆར་གཞི་གང་བཏོན་པ་རྣམས་ལག་ བསྟར་བྱེད་དགོས། 118


དེ་ཉིན་དུས་སྟོན་གྱི་རྣམ་པ་ལྟ་བུར་རྒྱ་དམག་ གི་རོལ་ཆའི་སྡེ་ཁག་གིས་རོལ་དབྱངས་དང་ དམར་ཤོག་གི་གླུ་གཞས་བཏང་སོང༌། གྲོང་སྡེ་ ལས་ཁུངས་ཀྱི་ཚོགས་ཁང་གསར་པ་དེ་དར་ ཆ་དང༌། འཕྲེད་དར། གཙོ་འཛིན་མའོ་དང་ ཁོང་གི་ཕྱག་སྦྲེལ་བ་ཚོའི་འདྲ་པར་སོགས་ ཀྱིས་བརྒྱན་འདུག

119


ཟུར་ཟའི་སྐད་ཆ་བཤད་ན། བྱེད་ སྟངས་དེ ་ རང་གི ས ་གྲ་སྒྲི ག ་ཨུ་ ཡོན་ལྷན་ཁང་ཟེར་བ་དེའི་རྣམ་ པ་ཆ་ཚང་བསྟན་ཡོད།

གྲ ་ སྒྲི ག ་ ཨུ ་ ཡོ ན ་ ལྷ ན ་ ཁ ང ་ བཙུགས་ཚར་བའི་རྗེ ས ་སུ། བོད་ཤར་ཕྱོགས་ཀྱི་གནས་ སྟངས་ཇེ་སྡུག་ཏུ་ཕྱིན་སོང༌། མདོ་སྟོད་ཆོལ་ཁའི་ནང༌།

120


ཡག་པོ་ལྟོས་དང༌། གཙོ་འཛིན་མའོ་ ཀྲུའུ་ཞི་དང༌། ཏཱ་ལའི་བླ་མ། པཎ་ཆེན་ བླ་མ་བཅས་ཁོང་རྣམ་པ་ལྷན་རྒྱས་སྐུ་ པར་ནང་ཞལ་རས་འཛུམ་མདངས་ རྒྱས་པོ་གང་འདྲ་འདུག

བོད་རང་སྐྱོང་ལྗོངས་གྲ་སྒྲིག་ ཨུ་ཡོན་ལྷན་ཁང་གི་བཀོད་ ཁྱབ་ལ་རྩིས་མེད་བྱེད་ཐུབ་ ཐབས་ཨེ་ཡོད།

གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ བོད་ཀྱི་ཞིང་པ་ཚོས་ཞིང་ལས་ བྱེད་སྟངས་དེ། རྒྱ་མིའི་ཞིང་ལས་ བྱེད་སྟངས་ལ་བསྒྱུར་རྒྱུའི་ཐག་ གཅོད་བྱས་ཟིན་པ་རེད།

བཅོས་སྒྱུར་ལ་ངོ་རྒོལ་བྱེད་ མི་ཆོག གལ་ཏེ་བྱས་པ་ ཡིན་ན་གསར་བརྗེ་ངོ་ལོག་ གི་ནག་ཅན་པ་རེད། མི་དེ་ འདྲའི་རིགས་ལ་ང་ཚོས་ཡ་ ང་སྙིང་རྗེ་བྱེད་ཀྱི་མ་རེད།

ཏཱ་ལའི་བླ་མ་དང་པན་ཆེན་བླ་ མ་གཉིས་ཀས་བཅོས་བསྒྱུར་གྱི་ འཆར་གཞི་འདི་དག་ལ་མོས་ མཐུན་གནང་ཚར་བ་རེད།

121


ྋགོ ང ་ས་མཆོ ག ་ལ་སྤྱན་འབུལ་ ཞུ་རྒྱུ་འགའ་ཤས་ཡོད

འདི་ཁམས་ཁུལ་དུ་རྒྱ་ནག་གཞུང་འབྲེལ་གྱིས་ འགྲེམས་སྤེལ་བྱས་པའི་ཚགས་པར་ཞིག་རེད། འགོ་བརྗོད་དུ་”མི་འདི་ཚོ་ལོག་སྤྱོད་པ་ནག་ ཅན་རྣམས་རེད་”ཅེས་བཀོད་འདུག

122

ག་རེ་འདུག ཁྱེད་ རང་ལ་སེམས་ཁྲལ་ ཆེན་པོ་ཡོད་པ་ འདྲ།

འོ་ཛི་ ་ ་ ་ དཔེ་སྲིད་དོགས་མེད།


གྲ ་ སྒྲི ག ་ ཨུ ་ ཡོ ན ་ ལྷ ན ་ ཁ ང ་ བ ཙུ ག ས ་ པ ་ ན ས ་ བ ཟུ ང ༌ ། ཁ མ ས ་ ཁུ ལ ་ དུ ་ རྒྱ ་ ན ག ་ གི ་ དཔོན་རིགས་ཚོས་གང་བཤད་ ལ་ཉན་འཇོ ག ་མི ་ བྱེ ད ་མཁན་ ཚོར་སྡིགས་ར་དང་བཙན་ གནོན་བྱེད་འགོ་ཚུགས་འདུག

ངོ་རྒོལ་བྱེད་མཁན་ཁག་ཅིག་ ཆབ་མདོ་འཇོ་མདའ་རྫོང་གི་ ནང་བདུན་ཕྲག་གཉིས་རིང་ བཙོན་འཇུག་བྱས་འདུག

འགའ་ཤས་རྫོང་གི་མཐའ་སྐོར་གྱི་ རྒྱ་དམག་ལས་བྲོ ས ་ཐར་བ་རེ ད ། ཕྱི ས ་སུ་མི ་ དེ ་ ཚོ ས ་འགོ ་ འཁྲི ད ་དེ ་ རྒྱ་ནག་དཔོ ན ་རི ག ས་ཚོ ར ་དཀའ་ ངལ་སྤྲད་པ་རེད།

༡༩༥༦ དབྱར་དུས། ཁམས་ནང་གི་ དགོན་པ་ཆེ་ཁག་ལ་འབར་རྫས་ དབྱུགས་ནས་གཏོར་རྒོལ་ཆེན་པོ་ ཞིག་འགོ་འཛུགས་བྱས་པ་རེད།

123


དེ་ཙམ་མ་ཟད། གྲོང་སྡེ་ དང་དགོ ན ་པ་རྣམས་ལ་ གནམ་ཐོག་ནས་གཏོར་ རྒོལ་བྱས་འདུག

དེ ར ་བརྟེ ན ་དགོ ན ་པ་དང་ གྲོ ང ་སྡེ ་ སྟོ ང ་ཕྲག་མང་པོ ་ རྩ་གཏོར་བཏང་བ་རེད།

124


མི་མང་གི་མདུན་དུ་ ངོས་ལེན་གྱིས།

གྲྭ་བ་ལོག་ནས་མི་གསོད་ཁྲག་ སྦྱོར་བྱེད་རྒྱུའི་དམ་བཅའ་ཞོག

125


དེ་འདྲ་བྱས་ན་འགྲིག་གི་མ་རེད།

ངས་ཁམས་ཁུལ་ལ་བྱུང་བའི་གནས་ ཚུལ་དེའི་སྐོར་ཤོད་ཀྱི་ཡོད། ཁྱེད་ཚོའི་ གདུག་རྩུབ་ཀྱི་བྱེད་སྟངས་དེ་བསམ་ ཡུལ་ལས་འདས་པ་རེད།

སྐྱོན་བརྗོད་དེ་ཚོ་མེས་རྒྱལ་ལ་ དམའ་འབེབས་རེད། ང་ཚོས་ བོད་མི་མང་ལ་སྲུང་སྐྱོབས་དང་ རོགས་སྐྱོར་བྱེད་ཀྱི་ཡོད།

ཁྱེད་ཚོ་ཉེས་མེད་ཀྱི་བུད་མེད་ དང་བྱིས་པ་གསོད་མཁན་ ལག་དམར་བ་རེད།

126

ག་རེ་ཤོད་ཀྱི་ཡོད།

ཁྱེད་ཚོས་ངན་སྤྱོད་དེ་འདྲ་བྱས་ པའི་རྗེས་སུའང་ང་ཚོས་ཡིད་ ཆེས་བྱེད་ཀྱི་རེད་བསམ་པ་དྲན་ ཨེ་སྲིད།

བོད་མི་མང་ལ་གཉའ་གནོན་དང་ བཤུ་གཞོག་མེད་པ་བཟོ་རྒྱུའི་ལེགས་ བཅོས་ལ་ལོག་སྤྱོད་པ་འདི་ཚོས་ འགོག་རྐྱེན་བྱེད་ཀྱི་འདུག ཁོང་ ཚོར་ཉེས་ཆད་ནན་པོ་གཏོང་དགོས།


དགོན་སྡེ་ཁག་ལ་འབོམ་བརྒྱབ་པ་མ་ ཚད། ཉེས་མེད་གྲྭ་བཙུན་དང་བུད་མེད། ཐ་ན་བྱིས་པ་ཡན་ཆད་དམར་གསོད་ བཏང་བ་དེ་ལ་རྒྱུ་མཚན་ཅི་འདྲ་ཞིག་ བཤད་ཀྱང་ལ་དག་ཐབས་མེད། རེད་་་་་་་ ད་འགྲིག་སོང༌།

ངས་མའོ་ཀྲུའུ་ཞི་ལ་ཡི་གེ་གཏོང་གི་ཡིན། ཁོང་གི་བཀོད་ཁྱབ་ལྟར་ལས་དོན་མི་བྱེད་ མཁན་གྱི་དམའ་རིམ་ལས་སྣེ་ཚོར་བཀོད་ འདོམས་ནན་པོ་གནང་གི་རེད།

ཟླ་བ་འགའ་ཤས་ཀྱི་རྗེས་སུ་ ་ ་ ་ ་

127


མའོ་ཀྲུའུ་ཞི་ནས་བཀའ་ ལན་འདྲ་འབྱོར་ཨེ་སོང༌།

བྱེད་སྟངས་འདི་ གདུག་རྩུབ་རང་ རེད། མའོ་ནས་ལན་གསལ་བོ་ གང་ཡང་མི་འདུག

གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ནུས་ མེད་རེད། གྲ་སྒྲིག་ཨུ་ཡོན་ལྷན་ཁང་དེ་ བརྡུང་གསོད་འཕྲོག་གསུམ་གྱི་ལག་ཆ་ རེད་འདུག

128

ག་རེ་ཡིན་ནམ་ ་ ་ ་ དུས་ཡུན་གང་ཙམ་ ཕྱིན་སོང༌།


གཙོ་འཛིན་མའོ་ ་ ་ ་ འདི་འདྲ་བྱེད་དུ་འཇུག་ རྒྱུ་ཡིན་ནམ།

གལ་ཏེ་འདི་འདྲ་ཡིན་ན། འཛམ་ གླི ང ་གི ་ ཡར་རྒྱས་ཀྱི ་ ཆེ ད ་དུ་ཡི ན ་ ཞེས་པའི་དམར་པོའ ་ི རིང་ལུགས་པ་ ངོ་མ་ཞིག་མ་རེད།

ཁྱེད་ཀྱི་དབུ་ཁྲིད་ཀྱི་ནུས་པ་དང་དམིགས་ ཡུལ་ལ་ངས་དུས་སྐབས་ཤིག་ལ་ཆེ་མཐོང་ བྱེད་མྱོང་། འོན་ཀྱང་ད་ཆ་ཁྱེད་རང་རྣམ་ པ་རྫུས་པའི་བཙན་རྒྱལ་སྐབས་འཚོལ་བ་ ཅིག་ཡིན་པའི་རང་མདོག་དམར་རྗེན་དུ་ བསྟན་པ་རེད།

༌ ༌ ༌ ༌ ཁྱེད་ཀྱིས་རང་དབང་དང། འདྲ་མཉམ། བདེ་སྐྱིད་བཅས་ ཀྱི་སྐད་ཆ་ཤོད་རྒྱུ་དེ་ཁྱེད་རང་ལ་ འཚམས་ཀྱི་མི་འདུག།

129


སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་སྐབས། རྒྱ་གར་བྱང་ ཆུབ་ཆེ ན ་པོ འ ི་ ཆོ ས ་ཚོགས་ཀྱིས་མགྲོ ན ་ འབོད་བྱུང་བ་ལྟར། ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སོང་བ་ཡིན།

རྒྱ་གར་བྱང་ཤར་དུ།

རྒྱ་ནག་གི་འགོག་རྐྱེན་དང་བྱ་ར་ནན་པོ་ དེ་འདྲ་ཞིག་གི་སྐབས་སུ་རྒྱ་གར་དུ་འགྲོ་ ཐུབ་པ་དེ་འཁྲུལ་སྣང་ལྟ་བུ་བྱུང༌།

རྒྱལ་ཁབ་ཕན་ཚུན་དབར་གྱི་ཞི་ བདེ་ལའང་ཕན་གྱི་རེད།

130

སྟོན་པ་བཅོམ་ལྡན་འདས་ ཀྱིས་གསུངས་པའི་དམ་པའི་ ཆོས་དེ་རང་རེ་གང་ཟག་ སྒེར་གྱི་བདེ་བ་ཙམ་མ་ཟད།


དུས་དྲན་མཛད་སྒོའི་ གཏམ་བཤད་ སོགས་གྲུབ་པའི་རྗེ ས ་སུ་བཅོམ་ལྡན་ འདས་སངས་རྒྱས་སའི་གནས་མཆོག་རྡོ་ རྗེ་གདན་དུ་སོང་བ་ཡིན།

སྐུ་མདུན་རྒྱ་གར་དུ་བཞུགས་ རོགས། ལྷ་སར་ལོག་མ་ཕེབས་ རོགས།

སྐབས་དེ ར ་བོ ད ་ནང་གནས་ སྟ ང ས ་ ཧ ་ ཅ ང ་ ཛ ་ དྲ ག ་ པོ ་ ཆགས་ཀྱི་ཡོད་སྟབས། ངོས་ ཀྱི ་ སྐུ་འཁོ ར ་ཚོ ས ་ང་རྒྱ་གར་ དུ་སྡོད་དམ་མི་སྡོད་སྐོར་རྩོད་ གླེང་མང་པོ་བྱས་སོང༌།

སྟོན་པ་བཅོམ་ལྡན་ འདས་ལ་དད་གུས་ ད ང ་ ད ག འ ་ སྤྲོ འི་ སྣང་བ་བརྗོད་དུ་ མེད་པ་བྱུང༌།

རྒྱ ་ ག ར ་ དུ ་ བ ཞུ ག ས ་ ནས་ཕྱིའི་རྒྱལ་ཁབ་ ཀྱི ་ རོ ག ས་སྐྱོ ར ་བཙལ་ གནང་ན་ཡག་ས་རེད།

ཡུན་རིང་མ་ཐུག་པའི་ངའི་ གཅེན་པོ་གཉིས་ཀྱང༌། ཀ་ ལ་ཀ་ཏར་བགྲོ ་ གླེ ང ་ནང་ མཉམ་ཞུགས་བྱས་བྱུང༌།

131


སངས་རྒྱས་མྱ་ངན་ལས་འདས་པའི་དུས་ ཆེན་འདི་འདྲ་བའི་ཆེད་དུ་མ་གཏོགས། ངོས་རང་ལྷ་ས་ནས་ཕྱིར་ཐོན་རྒྱུའམ། རྒྱ་ གར་དུ་འགྲོ་རྒྱུ་ཡོང་ཐབས་མེད།

གཅེན་པོ་ཐུབ་བསྟན་ ཁྱོད་རང་གིས་ཕྱི་རྒྱལ་གྱི་ རོགས་སྐྱོར་ཟེར་བ་དེ་ཨ་ རི་ལ་ཟེར་བ་ཡིན་ནམ། གང་ཡིན།

མི ་ མང་པོ ་ ཞི ག ་གི ས ་ངོ ས ་རང་ རྒྱ་གར་དུ་སྡོད་དགོས་པར་ནན་ སྐུལ་བྱས་བྱུང༌།

དེ་རང་ཞུ་ཡི་ཡོད། ཨ་མི་ རི་ཀས་ང་ཚོར་རོགས་ སྐྱོར་བྱེད་ཀྱི་རེད།

གལ་ཏེ་ཨ་རི་ནས་རོགས་སྐྱོར་ ཕྲན་བུ་ཐོབ་པ་ཡིན་ནའང༌། བོད་ནང་དྲག་འཐབ་ཡོང་རྒྱུ་ ངེས་པ་རེད།

ང་ཚོས་ཨ་རི་གསང་ལས་ ཁང་(CIA)དང༌འབྲེལ་བ་ བྱེད་ཀྱི་ཡོད་པ་སྐུ་མདུན་ གྱིས་མཁྱེན་གྱི་ཨེ་ཡོད།

132

ད་ལྟའི་བར་སུས་ཀྱང་སྙན་ གསན་ཞུས་མེད།


ཉིན་ཕྱི་མ་དེར་ངོས་རང་བདག་ཉིད་ཆེན་ པོ ་ གཱན་དྷཱི ་ ཞུགས་འབུལ་ཞུ་སའི ་ གནས་ དང༌། ཆུ་བོ་ཡ་མུ་ནའི་འགྲམ་དུ་རཱཇ་གྷཊ་ དུ་བཅར་བ་ཡིན། རང་རེ་བོད་དང་འདྲ་བར་ཕྱི་རྒྱལ་པའི་ བཙན་དབང་འོ ག ་གནས་པ་ལས་གྲོ ལ ་ བའི་ཆེད༌། ཁོང་གིས་འཚེ་བ་མེད་པའི་ ལྟ་གྲུབ་ལ་བརྟེ ན ་ནས་རྒྱ་གར་ལ་རང་ བཙན་ཐོབ་འདུག

འཚེ་བ་མེད་པ་ཁོ་ན་ལ་བརྟེན་ནས་ཆབ་ སྲི ད ་ཀྱི ་ དཀའ་རྙོ ག ་སེ ལ ་དགོ ས ་པར་ ཡིད་ཆེས་བརྟན་པོ་བརྙེད་བྱུང༌།

འཚེ་བ་མེད་པ་ལ་བརྟེན་ ནས་ང་ཚོས་ནམ་ཡང་རྒྱ་ ནག་ལ་ཕམ་ཉེས་གཏོང་ ཐུབ་ཀྱི་མ་རེད།

སྐུ་མདུན་ལ་ཞུ་རྒྱུར། དམག་ བརྒྱབ་ན་མ་གཏོགས་རང་ བཙན་ཐོབ་ཀྱི་མ་རེད།

133


དམག་འཁྲུག་གིས་འཛད་མཐའ་མེད་པའི་འཁོན་ འཛིན་ཁོ་ན་བཟོ་རྒྱུ་རེད། གལ་ཏེ་དམག་ཐོབ་ པ་ཡིན་ནའང༌། རྒྱལ་ཁ་སྲ་བརྟན་ཞིག་ཡོང་མི་ ཐུབ། རྒྱ་ནག་དང་དམག་འཐབ་བྱས་ཏེ་ཕན་ཚུན་ དགྲ་ཟླའི་འདུ་ཤེས་དྲག་པོ་དེ་ལྟ་བུ་ཞིག་བཟོས་ པའི་རྗེས་སུ་མཐུན་འབྲེལ་གྱི་འབྲེལ་ལམ་གསར་ འཛུགས་ཡོང་ཐབས་ཨེ་ཡོད། དགྲ་འཛིན་གྱི་འདུ་ཤེས་དེ་ནམ་ ཡང་ཡལ་གྱི་མ་རེད།

ྋགོང་ས་མཆོག་ ༡༩༥༧ ལོའ ་ི དབྱར་དུས་ལྷ་སར་ ཕྱིར་ཕེབས་གནང༌།

134


ང་ཚོ་ཁམས་དང་ཨ་མདོ་ནས་ བྲོས་བྱོལ་དུ་ཡོང་བ་ཡིན། ང་ ཚོའི་དམྱལ་ཁམས་ལྟ་བུའི་གནས་ སྟངས་རྣམས་རྒྱལ་བ་རིན་པོ་ཆེར་ སྙན་གསན་ཞུ་རོགས།

སྲོག་ཐོག་དང༌། གསོན་པོར་ས་ འོག་ཏུ་སྦས་་་་་་་་་ ལྟ་བུའི་གདུག་ རྩུབ་་་་་་་་་་་ མདོ་ཁམས་ཡོངས་ རྫོགས་མི་ཡུལ་གྱི་དམྱལ་བར་གྱུར་ ཚར་སོང༌།

135


མདོ་ཁམས་ཡོངས་རྫོགས་ནང་བོད་མིའི་ ཡུལ་དམག་དང་རྒྱ་དམག་དབར་དམག་ འཁྲུག་རྒྱག་བཞིན་པ་རེད།

འབོམ་དང་འབར་མདེལ་ གྱི ས ་ ཡུ ལ ་ ལུ ང ་ ཡོ ང ས ་ རྫོགས་གྱང་རོ་བཟོས་ཚར་ བ་རེད། དམག་འཁྲུག་དེ་ མགྱོགས་པོ་དབུས་ གཙང་ཁུལ་དུའང་ཁྱབ་ རྒྱུ་ཉག་གཅིག་རེད།

མི་མང་དང་བླངས་དམག་མི་ཁྲི་ ཕྲག་མང་པོ་འདུག ཁོང་ཚོའི་ གོ ་ ལག་ཆ་ཚང་ཕལ་ཆེ ་ བ་ཨ་ རི་གསང་ལས་ཁང་ནས་སྤྲད་པ་ ཡིན་བཟོ་འདུག

136


ཨ་ལེ། ཨ་རིའི་གསང་བའི་ལས་ ཁུངས་ནས་འཇབ་དམག་ཚོ་ལ་ དངུལ་དང་མཚོན་ཆ་སྤྲོད་ཀྱི་ འདུག་ཟེར་བ་ཡིན་ནམ།

ངས་གོ་ཐོས་བྱས་ན། ཨ་རི་བས། ཨིན་ ཇིའི་དམག་མིའི་ལག་ཆ་རྙིང་པ་དེ་འདྲ་ གཡུགས་ནས་ཁོ་རང་ཚོས་སྤྲད་པ་མིན་ ཁུལ་བྱེད་ཀྱི་ཡོད་ས་རེད།

ཁོ་ཚོའི་ཀུན་སློང་དེ་བོད་ཀྱི་རང་ དབང་ལ་རྒྱབ་སྐྱོར་མ་རེད། དམར་ པོའ་ི རིང་ལུགས་ཁྱབ་འཕེལ་ འགོག་ཐབས་རེད།

ཁོ་རང་ཚོའི་ཁེ་ཕན་འགྲུབ་ མ་ཐག་ཏུ་ཁོ་ཚོས་ཕྱིར་འཐེན་ བྱེད་རྒྱུ་ཡིན་པ་ཐག་ཆོད།

༸རྒྱལ་བ་རིན་ པོ་ཆེ།

ངོ་ལོག་པ་དེ་ཚོའི་ཁ་ གཏད་དུ་བོད་ཀྱི་དམག་ དཔུང་གཏོང་རོགས་ གནང༌།

137


དེ་འདྲ་ཡོང་ ཐབས་མེད།

ད་རེས་ང་ཚོས་བོད་ དམག་བཏང་བ་ཡིན་ ན་ཁོ་ཚོས་བོད་རང་ དབང་གི་ཆེད་དུ་ངོ་ ལོག་བྱེད་མཁན་ཚོར་ རྒྱབ་སྐྱོར་བྱེད་རྒྱུ་ཐག་ ཆོད། བཀའ་དྲིན་ག་རེ་བསྐྱངས་ ཡོད། ག་རེ་ཤོད་ཀྱི་ཡོད།

138

ག་རེ་ཡིན་ནམ། ངོ་ལོག་ པ་རྣམས་ལྷ་ས་ནས་ཉིན་ ལམ་གཉིས་ཀྱི་སར་ འབྱོར་ཟིན་འདུག

བཀའ་དྲིན་ལ་བསམ་ ཤེས་མེད་པ་་་་་་་ ང་ཚོས་ ཡག་པོ་བྱས་པར་དྲིན་ལན་ ལོག་འཇལ་འདི་འདྲ་རྒྱུན་ དུ་བོད་མིའི་བྱེད་སྟངས་ ཡིན་ནམ།

གནས་ཚུལ་ཐབས་སྡུག་འདི་འདྲ་ ཞིག་མི་རིང་བར་ཡོང་བཟོ་ཡོད་ཙང༌། རང་ཉིད་ཀྱི་དགེ་བཤེས་དམ་བཅའ་ འཇོག་རྒྱུ་དེ། ལོ་ཕྱེད་དང་གཉིས་རྗེས་ ལ་སྨོན་ལམ་ཆེན་མོའ་ི སྐབས་བྱ་རྒྱུ་སྔ་ སྣུར་བྱས་པ་ཡིན།


ངས་གང་མྱུར་གཞུང་ཆེ ན ་ བཀའ་པོད་ལྔའི་སློབ་གཉེར་ མཐར་ཕྱིན་པའི་རྒྱུགས་སྤྲད་ ནས་་་་

་ ་ ་ ་ བོ ད ་ ཀྱི ་ ཆོ ས ་ སྲི ད ་ གཉི ས ་ཀྱི ་ འགོ ་ ཁྲི ད ་བྱེ ད ་ ཐུབ་པ་བྱེད་དགོས། ཏཱ་ལའི་བླ་མ་དགུང་ལོ་༢༣ །

བོད་མི་མང་གི་བདེ་སྡུག་གི་ཆེད་དུ་ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ལོ་གཅིག་གི་རྗེས་སུ་ ༡༩༥༩ ལོའ ་ི ལོ་ གསར་སྐབས།

འགྲིག་གི་རེད། ཡོང་ཆོག

གནས་ཚུལ་ཡག་པོ་བྱུང་ སོང༌། རྒྱ་ནག་ནས་ཁྲང་ ཤིའི་རུ་ཁག་ཅིག་ལྷ་སར་ འབྱོར་གྲབས་ཡོད།

རྒྱལ་བ་རིན་པོ་ཆེ། ཟློས་གར་ གཟིགས་མོ་ཞིག་ལ་ཕེབས་ རོགས།

གཟིགས་མོ་མཉེས་པོ་ཡོང་བའི་ ཆེད་དུ། བཞུགས་ས་དམིགས་ བསལ་གོ་སྒྲིག་ཞུས་ཡོད།

139


མགྲོན་འབོད་གནང་ བར་ཐུགས་རྗེ་ཆེ། སྨོན་ལམ་ཆེན་མོའ་ི རྗེས་སུ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ལ་ ཡོང་ཆོག

འོ་ན་མགྱོགས་པོ་ མཇལ་ཆོག་པ་ཞུ།

དགེ ་ བཤེ ས ་ལྷ་རམས་པའི ་ རྒྱུགས་ འབུལ་ཞུ་ས་ཇོ་ཁང་ནས་ངོས་ཀྱི་ཕོ་ བྲང་བར་ལམ་ཟུར་དུ་མང་ཚོག ས་ སྟོང་ཕྲག་མང་པོས་དགའ་སྤྲོའ་ི བསུ་ བ་དང་རྟེན་འབྲེལ་ཞུས་བྱུང༌།

ཕྱི་ཟླ་གསུམ་པའི་ཚེས་བཅུ་ཡི་ཉི་མ་ ཁ་ཤས་ཀྱི་གོང་ལ། ངས་སྨོན་ལམ་ ཆེན་མོ་ཐོག་རྒྱུགས་སྤྲད་ནས་དགེ་ བཤེས་ཀྱི་མཚན་གནས་ཐོབ་པ་རེད།

དགའ་སྤྲོའ་ི དུས་ ཕྱི་ཟླ་༣ ཚེས་ ༧ ། ཚོད་དེ་ཡུད་ཙམ་ རེད།

སང་ཉིན་རྒྱ་མིའི་དམག་ སྒར་དུ་ཟློས་གར་གཟིགས་ མོར་མ་ཕེབས་རོགས།

ད་ནངས་སྐུ་སྲུང་མདའ་དཔོན་ལ། རྒྱ་ དཔོན་ཚོས། སང་ཉིན་གཟིགས་མོའ་ི སྐབས་གོ་ལག་མེད་པའི་སྐུ་སྲུང་ཉུང་ ངུ་ལས་ཁྲིད་མ་ཡོང་ཟེར་འདུག 140


ཧ་ཅང་གསང་རྒྱ་ དམ་པོ་གནང་ རོགས།

སྐུའི་གཅུང་པོར་ཡང་འབྲས་ སྤུངས་དགོན་པ་ནས་ཕྱག་ རོགས་གཞན་མེད་པར་ཤོག་ ཅེས་བཤད་འདུག

དེར་མ་ཟད། རྒྱ་མིའི་དམག་ སྒར་གྱི་འགྲོ་ལམ་རྡོ་ཟམ་ བརྒྱུད་དེ་འགྲིམ་འགྲུལ་བཀག་ སྡོམ་བྱེད་རྒྱུའི་གསལ་བསྒྲགས་ ཀྱང་བྱས་སོང༌།

འདི་བྱུས་ངན་ཡིན་པ་ཐག་ཆོད། རྣམ་པ་གཉིས་ཟློས་གར་གཟིགས་ མོར་ཕེབས་ན། སྐུ་སྲོག་ལ་ཉེན་ཁ་ འདུག མ་ཕེབས་རོགས།

ག་རེ་བྱས་ཀྱང༌། ཡག་ རྟགས་མི་འདུག

མ་སོང་ན་འགྲིག་གི་མ་རེད། མགྲོན་བརྡ་ཕྱིར་སློག་བྱས་ན་ གནས་ཚུལ་ངན་པའང་ཡོང་སྲིད། རྒྱ་བོད་འབྲེལ་ལམ་ལ་གནོད་པའི་ སྐད་ཆ་ཤོད་སྲིད། སྐུ་འཁོར་ཉུང་ཤས་ཤིག་ འཁྲིད་ནས་སོང་ན། སྡུག་པ་ རང་ཨེ་ཡོང༌།

141


གལ་ཆེ་ཤོས། གནས་ ཚུལ་འདི་མང་ཚོགས་ལ་ གསང་ཐུབ་པ་དགོས།

གང་ལྟར་་་་་་་་་་་

ནོར་གླིང་ཕོ་བྲང་ནང་༡༩༥༩ ལོའ ་ི ཟླ་༣ པའི་ ཚེས་༡༠ སྔ་དྲོ།

142

དེ་མིན། ཟིང་ཆ་ ལང་རྒྱུ་རེད།

མཐའ་མར་གནས་ཚུལ་དེ་ གསང་ཐབས་མེད་པ་ཞིག་རེད།


སྐད་སྒྲ་དེ་ག་རེ་ ཡིན་ནམ།

ག་རེ་ཡིན་ནམ།

?

143


༸རྒྱལ་བ་རིན་པོ་ཆེར་སྲུང་ སྐྱོབ་གྱིས།

འདི་རྒྱ་དམག་གི་གཡོ་ བྱུས་རེད། ང་ཚོས་ཁོང་ སྲུང་དགོས།

144

༸སྐུ་མདུན་རྒྱ་དམར་གྱི་ལག་ ཏུ་མ་གཏོང༌།

༸སྐུ་མདུན་རྒྱ་མིའི་དམག་སྒར་ ནང་སྐུ་སྲུང་མེད་པར་མ་ཕེབས་ རོགས། ཁོ་ཚོས་སྐུ་ཕྱྭ་ལ་ཉེན་ཁ་ བཟོ་རྒྱུ་ཐག་ཆོད།


!!

ད་ག་རེ་རེད།

མི་ཚོགས་མང་དུ་མང་དུ་འགྲོ་ཡི་འདུག མགྱོགས་པོ་ཟིང་འཁྲུག་ཏུ་འགྱུར་བཟོ་འདུག

དེ་རིང་ཟློས་གར་གཟིགས་མོར་ ཕེབས་འཆར་ཕྱི་བཤོལ་གནང་ ཐབས་མི་འདུག

༌༌༌༌༌༌༌༌

༸རྒྱལ་བ་རིན་པོ་ཆེ། དེ་རིང་རྒྱ་མིའི་ དམག་སྒར་དུ་གཟིགས་མོར་མ་ཕེབས་ རོགས་གནང༌།

145


གང་ལྟར་ཡག་རྟགས་ཤིག་མིན་པ་ཚང་མས་ མཐོང་གསལ་རེད། རྒྱ་དཔོན་ཚོས། ྋགོང་ས་ མཆོག་ཟློས་གར་གཟིགས་མོར་ཕེབས་སྐབས་ སྐུ་བཅར་ཉུང་ཤས་ལས་ཡོང་མི་ཆོག་ཟེར་བ་ དང༌། མི་མང་ལ་གསང་རྒྱ་གནང་དགོས་ ཟེར་བ་འདི་ཚོ་ ་ ་

ད་ ་ ་ ཡང་རྒྱ་མིའི་མོ་ ཊ་ཞིག་སླེབས་སོང༌།

146

རྒྱ་དམག་ཚོས་ྋརྒྱལ་བ་རིན་པོ་ ཆེའི་སྐུ་སྲོག་ལ་བདོ་བའི་ངན་ བྱུས་ཤིག་རེད།

ལྟོས་དང༌། མོ་ཊའི་ནང་ དུ་བོད་ཀྱི་གཞུང་ཞབས་ པ་འགའ་ཤས་འདུག


རྒྱལ་ཚོང་པ་ཁྱོད་ཚོ། རྒྱ་ མིའི་མོ་ཊའི་ནང་ཡོང་བ་ རྫབ་ཆེན་རེད།

ངོ་ཚ་རྒྱུ་མེད་མཁན།

བོད་ཡུལ་བོད་མིར་རྩིས་ སྤྲོད་བྱེད་དགོས།

རྒྱ་དམར་རང་ཡུལ་དུ་ ལོག་རྒྱུགས།

147


!

མི་མང་ཁྲི་གསུམ་ལྷག་ནོར་བུ་གླིང་ཀའི་མཐའ་ སྐོར་དུ་འཛོམས་ཟིན་འདུག ཕོ་བྲང་གི་རྒྱལ་ སྒོ་བཀག་ནས་བཀའ་བློན་དང་གཞུང་ཞབས་ རྣམ་པ་ནང་དུ་གཏོང་གི་མི་འདུག

མི་མང་ཚོས་རྒྱ་མིའི་ དམག་སྒར་ལའང་ རྒོལ་རྡུང་བྱེད་རྒྱུའི་ ཉེན་ཁ་འདུག མི་ཚང་མས་ྋགོང་ས་མཆོག་ རྒྱ་དམག་ལས་སྐྱོབ་ཐབས་བྱེད་ ཀྱི་འདུག

དེ་ངེས་པར་དུ་འགོག་ཐབས་བྱེད་དགོས།

148


དེ་འདྲ་བྱུང་བ་ཡིན་ན། རྒྱ་དམག་ གིས་དེའི་ཁེ་ཕན་བླངས་ཏེ། ཡ་ ལན་སློག་ན་མི་མང་ཁྲི་ཕྲག་མང་ པོའ་ི སྲོག་ཤོར་རྒྱུ་རེད།

ལྷ་སར་གཏོར་བཅོམ་བྱེད་ རྒྱུ་དེ་རྒྱ་མིའི་དམིགས་ ཡུལ་རེད།

ཕྱོགས་གཞན་ནས་ བཤད་ན༌༌༌༌༌༌

བོད་ཀྱི་མིང་ཙམ་ཡང་ལྷག་ མེད་དུ་འགྱུར་སྲིད།

149


མཛད་འཆར་ལ་འགྱུར་བ་

གཏོང་རྒྱུ་ཡིན། དེ་རིང་ཟློས་ གར་ལྟ་བར་འགྲོ་རྒྱུ་མིན།

གློ་བུར་དུ་འཆར་གཞིར་འགྱུར་བ་ གཏོང་དགོས་དོན་གང་ཡིན་ནམ། བོད་གཞུང་གིས་མི་མང་གྱེན་ལང་ ཡོང་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད་པ་ ངས་ཤེས་ཀྱི་ཡོད།

རྒྱ་མིའི་དཔོན་རིགས་ཚོ་ལ་ང་ཡོང་ ཐུབ་པ་མི་འདུག དགོངས་པ་གནང་རོགས་ ལོབ་ཤོག དེ་ཤུལ་རིང་ངས་ཕོ་བྲང་མཐའ་ སྐོར་གྱི་མི་མང་ཚོ་ཞི་འཇམ་བཟོ་ཐབས་ བྱེད་ཆོག

ཚང་མ་གསན་རོགས་གནང༌། ༸རྒྱལ་བ་རིན་པོ་ཆེ་དམག་ སྒར་དུ་གཟིགས་མོར་ཕེབས་ ཀྱི་མ་རེད།

ཚང་མ་སོ་སོའ་ི ཁྱིམ་ དུ་ཟིང་ཆ་མེད་པར་ལོག་ དགོས་གསུངས་ཀྱི་འདུག

150


མི་མང་ཚོས་རྩ་བ་ནས་ལོག་ རྩིས་བྱེད་ཀྱི་མི་འདུག

གྱེན་ལང་ངོ་རྒོལ་བྱས་ན་ ད་དུང་ཉེན་ཁ་ཆེ་རུ་འགྲོ་ རྒྱུ་ཡིན་པ་ཚང་མས་ཤེས་ དགོས།

རྒྱ་དམག་ཚོས་གྲ་སྒྲིག་ བྱེད་ཀྱི་འདུག སྔ་ཕྱི་ཙམ་ མ་གཏོགས་དྲག་འཛིང་ ཡོང་རྒྱུ་རང་རེད།

ཕྱི་ཟླ་ ༣ པའི་ཚེས་ ༡༡ །

འདིར་འདུ་

འཛོམས་མ་བྱེད་ རོགས།

མི་མང་གི་འགོ་ཁྲིད་ དེ་ཚོ་འདིར་འབོད་ ཐབས་གྱིས་དང༌།

རྒྱ་མི་ཚོས་དམག་དཔུང་བེད་ སྤྱོད་བྱེད་ལ་ཉེ་བ་དེ་ཁྱེད་ཚོས་ ཤེས་པར་གྱིས།

ཉེན་ཁ་ཆེ་བའི་གནས་ཚུལ་དེ་ འདྲ་མི་ཡོང་བ་བྱེད་རྒྱུ་ཁྱེད་ཚོ་ འགོ་ཁྲིད་ཚོའི་ལས་འགན་རེད།

151


ཕྱི་ཟླ་ ༣ པའི་ཚེས་ ༡༦ །

བོད་རང་དབང་རང་ བཙན་ཡིན། རྒྱ་དམག་ བོད་ནས་ལོག་དགོས།

ང་ཚོས་༸རྒྱལ་བ་རིན་ པོ་ཆེའི་སྐུ་སྲོག་སྲུང་ སྐྱོབ་བྱེད་དགོས།

ང་ཕོད་ཀྱིས་རྒྱ་མིའི་ དམག་སྒར་ནས་གསང་ བརྡ་འདི་འདྲ་ཞིག་འབུལ་ བར་བཏང་འདུག

༸གོང་ས་མཆོག ག་རེ་ཞུས་འདུག

རྒྱ་དམག་གིས་མི་མང་ཐོག་དྲག་ རྒོལ་དང་ནོར་བུ་གླིང་ཁར་མེ་

སྒྱོགས་རྒྱག་རྩིས་འདུག་ཟེར་ཤག

152

ད་དུང་ང་ཕོད་ཀྱིས་ས་ཁྲའི་ སྟེང་ངོས་རང་གར་ཡོད་ བསྟན་ཐུབ་ན་མ་ཕོག་པའི་ ཐབས་ཤེས་བྱེད་ཆོག་ཟེར་ འདུག


འདི་འདྲ་ཨེ་ཡིན། ང་མི་ གཅིག་གི་ཚེ་སྲོག་ཙམ་མ་ ཟད་མི་ཁྲི་ཕྲག་མང་པོའི་ སྲོག་འགྲོ་ཉེན་འདུག

མི་ཚོགས་ཆེན་པོ་འདི་ཉེན་ ཁ་མེ ད ་པར་རང་གནས་སུ་ ལོ ག ་ཏུ་འཇུག་རྒྱུའི ་ ཐབས་ ཤེས་ཨེ་ཡོད།

འདི་ཤིན་ཏུ་དཀའ་མོ ་ རེ ད ། ཕྱིའི་བཙན་འཛུལ་པ་ལ་མི་ མང་གི་མི་འདོད་པའི་ཁོང་ ཁྲོ་ཞི་ཐབས་མི་འདུག

༸རྒྱལ་བ་རི ན ་པོ ་ ཆེ འི ་ ཆེ ད ་དུ་ མི་མང་འདི་ཚོས་ལུས་སྲོག་ ལོངས་སྤྱོད་དང་བཅས་པ་བློས་ གཏོང་བྱ་རྒྱུར་ཐེ་ཚོམ་མི་འདུག

མི་མང་འདི་ཚོ་ནོ ར ་བུ་གླིང་ ཁར་འཛོ མ ས་ནས་མ་བསྡད་ པར་རང་གནས་སུ་ལོག་ཏུ་ འཇུག་རྒྱུ་དང་འདི ་ ཚོ འི ་ སྲོ ག ་ སྐྱོབ་ཐབས་ཡོད་དམ།

གནད་དོ ན ་འདི ་ ང་ལ་ཐུག་

གལ་ཏེ་ང་རང་མ་བསྡད་ན་མི་ མང་རྣམས་འདི ར ་འཛོ མ ས་ དགོས་དོན་གང་ཡོད།

པ་ཡིན་དུས་ ་ ་ ་ ང་རང་ འདིར་མ་བསྡད་ན།

ད་བྱས་ན་ཐབས་ཤེ ས ་ཡག་ ཤོས་དེ། ང་རང་འདི་ནས་ཐོན་ རྒྱུ་དེ་རེད།

153


འདིར་མ་བཞུགས། དོ་དགོང་ རང་ཕེབས་ན་བཟང༌།

154

ལྟོས་དང་ ་ ་ ་ འདི་ནོར་བུ་གླིང་ ཁ་ནས་རྒྱ་གར་ས་མཚམས་བར་ གྱི་ལམ་ཡིག་ལྟ་བུར་འདུག


ཕལ་ཆེར་ཐབས་ ལམ་གཞན་ཡོད་ བཟོ་མི་འདུག

ཕྱི་ཟླ་༣ པའི་ ཚེས་༡༧ །

འོ་ན་ ་ ་ ་ སྐུ་མདུན་རང༌།

ཨ་མ་ལགས་དང་བསྟན་འཛིན་ཆོས་ རྒྱལ་རྣམ་པ་གཉིས་སྔོན་དུ་ཐོན། སྒོ་ སྲུང་བ་ཚོར་སྐྱིད་ཆུའི་ལྷོ་ཕྱོགས་ཀྱི་ བཙུན་མའི་དགོན་པར་ལས་དོན་ ཞིག་ཡོད་ཟེར་ན།

ང་དོ་དགོང་ཐོན་ཡོང་ ་ ་ ་ མགྱོགས་པོ་ཐུག་ཡོང།

མི་མང་གི་འཚང་ཁའི་ ནང་དུ་རྒྱ་མིའི་སོ་བ་ ཡོད་པ་ཐག་ཆོད།

155


ང་ཚོ་ལྷ་ས་ནས་ཡོངས་སུ་ ཐོན་མ་ཟིན་བར་དུ་འཆར་ གཞི་འདི་ཤིན་ཏུ་གསང་རྒྱ་ དམ་པོ་གྱིས་ ་ ་ ་

ང་ཚོ་ཐོན་ཟིན་པ་གཏན་འཁེལ་ བྱུང་མ་ཐག་ཏུ་མི་མང་ལ་བརྡ་ ལན་སྤྲད་དེ་འཕྲལ་ཏུ་རང་སར་ ལོག་དགོས་པའི་འབོད་སྐུལ་གྱིས།

ངས་མང་ཚོགས་ཀྱི་ཚེ་སྲོག་ སྐྱོབ་ཐབས་ངེས་པར་བྱེད་དགོས། ཁྱེད་ཚོར་ངས་ཡིད་ཆེས་བྱེད་ཀྱི་ ཡོད། མཐུན་འགྱུར་བྱེད་རོགས།

མ་ཧཱ་ཀ་ལས་བདག་ལ་གྲོགས་ དང་འཕྲིན་ལས་མཛོད་ཅིག

156


ཚང་མས་ངའི་ཆེད་དུ་ཞབས་ རིམ་བྱས་པ་ཡག་བྱུང༌།

བཀའ་དྲིན་ཆེ།

ཏོག་ཙམ་འགོར་སྲིད།

གང་ལྟར་ང་ལོག་ ་ ་ ་ ཡོ ང ་རྒྱུའི ་ དམ་བཅའ་ ཡོད།

157


ད་མགྱོགས་པོ་ ཕེབས་རོགས།

158


ང་གར་འགྲོའ་ི རྗེས་ལ་ ཕེབས་རོགས།

ང་ཚོ་ལམ་ཁ་ ཐོངས་དང༌།

ཕེབས་ཀྱི་ཡོད།

གཟིགས་སྐོར་བ་ ཕེབས་ཀྱི་ཡོད།

ཕེབས་ལམ།

ཕར་ཙམ་ ཤིགས་དང༌།

159


འཚང་ཁའི་དཀྱིལ་ནས་ ཐར་ཙམ་བྱུང་སོང༌།

160

ད་རྒྱ་མིའི་དམག་སྒར་ དང་ཉེ་བོ་རེད།

གཙང་པོའ་ི འགྲམ་དུ་ སླེབས་སོང༌། རྡོག་སྒྲ་མ་གོ་ བ་གནང་དགོས།


ད་ཆ་རྒྱ་མི ས ་ཧ་གོ ་ བ་ཡི ན ་ན། ང་ཚོའི་དགོས་དོན་མ་འགྲུབ་པ་ མ་ཟད། བསད་རྨས་མང་པོ་ ཡོང་རྒྱུ་རེད་ ་ ་ ་

གང་ལྟར་འདི་ནས་བྲོས་ ཐར་བ་དགོས་ ་ ་ ་ ་

ཀོ་གྲུའི་ནང་ ཕེབས་རོགས།

161


ང་ཚོ་འདིར་༸རྒྱལ་བ་རིན་པོ་ ཆེ་ཕེབས་སྒུག་ཞུ་བཞིན་ཡོད།

ཨ་ལེ་བསྟན་སྲུང་དང་ བླངས་དམག་མི་རེད་པ།

ད་ཆ་ང་ཚོས་ཕེབས་སྐྱལ་ ཞུས་ཆོག

སྔོན་མ་ང་ཚོའི་རྗེས་ ཟིན་སོང༌།

འོ་ཡ༌ ༌ ༌

162

ད་ཉེན་ཁ་མེད།

འགྲིག་ཤག འགྲོ་རྐྱང་གྱིས།

ཨ་མ་ལགས་དང་བསྟན་ འཛིན་ཆོས་རྒྱལ་གཉིས་བདེ་ བོར་འབྱོར་བ་ཡག་པོ་བྱུང། ང་སེམས་ཁྲལ་བྱུང༌།

ཟེ་ལ་བརྒྱབ་ནས་ ཕེབས་དགོས།

སྐུ་ཐང་ཆད་ན་ གསུང་རོགས།


་་་་་་

163


གྲོང་གསེབ་ཆུང་ཆུང་ཞིག་ཏུ་ འབྱོར་གྲབས་འདུག ཚ་ཕོག་ གནང་ན།

རྒྱ་དམག་ཚོས་ག་རེ་ བྱེད་ཀྱི་ཡོད་འགྲོ།

གལ་ཏེ་ཁོ་ཚོས་ང་ཚོ་གར་ ཡོད་ཤེས་ན། ང་ཚོའི་ལམ་ ཕྱོགས་ཤེས་ནས་སྒུག་ར་ སྤྲོད་སྲིད་ཀྱི་རེད།

མགྱོགས་པོ་བྱས་ ན་ཡག

ྋགོང་ས་མཆོག་ལ་ གཟིམ་ཁང་འདི་འདྲ་ཞིག་ མ་གཏོགས་གོ་སྒྲིག་བྱུང་ མ་སོང༌།

ཨ་མ་ལགས་བདེ་མོ་ ཡིན་ནམ།

164

འགྲིག་ཤག སྣེ་ ལེན་གནང་བ་ ཐུགས་རྗེ་ཆེ།

ཡིན་ ་ ་ ་ ཐུགས་འཚབ་ གནང་མི་དགོས།


༸རྒྱལ་བ་རིན་པོ་ ཆེ་སྐུ་ངལ་མི་འདུག་ གམ།

ང་སྣང་དག་མི་འདུག སྐུ་བགྲེས་པ་ཚོར་སེམས་ ཁྲལ་འདུག

རྒྱ་མིའི་དམག་སྒར་ནས་ཤེས་ རྟོགས་མ་བྱུང་གོང༌། ང་ཚོ་ ས་ཁུལ་འདི་ནས་ཐོན་ཟིན་ པ་དགོས། ཚང་མས་ཐུགས་ གཟབ་གནང་རོགས། ག་རེ།

165


༸རྒྱལ་བ་རིན་པོ་ཆེ། གནས་ཚུལ་མི་སྙན་པ་ ཞིག་འབྱོར་སོང༌།

རྒྱ་དམག་གིས་ཕོ་བྲང་ལ་ མེ་སྒྱོགས་བརྒྱབ་འདུག

ཆུ་ཚོད་ ༤༡ རིང་མེ་ སྒྱོགས་རྒྱུན་མ་ཆད་པར་ བརྒྱབ་འདུག

166

ག་རེ་ཡིན་ནམ།

ྋགོང་ས་མཆོག་ནོར་བུ་གླིང་ཁ་ནས་ ཉེན་གཡོལ་དུ་ཕེབས་ནས་ཞག་མ་ གཉིས་ཀྱི་རྗེས་སུ་ ་ ་ ་ ་

མི་མང་གི་དཀྱིལ་དུ་མེ་ སྒྱོགས་བརྒྱབ་འདུག


ཕོ་བྲང་གི་ཉེ་འཁོར་དུ་མི་ སྟོང་ཕྲག་མང་པོ་བསད་ པའི་རོས་ཁེངས་ ༌ ༌

འདི་ཏཱ་ལའི་བླ་མ་ཡིན་ ནམ་ ་ ་ ་ རེད་མི་ འདུག

ག་བར་ཡོད་འགྲོ།

རོ་འཚོལ་བར་རྒྱུག

167


བདུན་ཕྲག་གཉི ས ་ཀྱི ་ རྗེ ས ་སུ་རྒྱ་གར་ ས་མཚམས་དང་ཉེ ་ ས་ལྷུན་རྩེ ་ རྫོ ང ་དུ་ ཞབས་སོར་འཁོད།

དེ་དང་ཆབས་གཅིག་བོད་གཞུང་དགའ་ ལྡན་ཕོ་བྲང་བསྐྱར་འཛུགས་བྱས་པའི་ གསལ་བསྒྲགས་བྱེད་ཀྱི་ཡོད།

ྋགོང་ས་མཆོག་ འཕྲལ་དུ་རྒྱ་གར་ནང་ ཕེབས་རོགས།

168

རྒྱ་ནག་གི་མི་སྤྱོད་ལས་འདས་ པའི་བྱ་གཞག་དང་ཚབས་ཆེ་ བའི་ཉེས་སྤྱོད་ལ་བཟོད་སྒོམ་ བྱེད་ཐབས་མི་འདུག

གཞུང་ས་ནས་གྲོས་མཐུན་ དོན་ཚན་ ༡༧ ཟེར་བར་ ཆ་འཛིན་མེད།

རྒྱ་གར་ནང་སྐྱབས་བཅོལ་ སྲིད་གཞུང་བཙུགས་ནས་རྒྱ་ ནག་དང་སྐད་ཆ་ཤོད་ཐབས་ བྱེད་རྒྱུ་ཡིན།

རྒྱ་དམག་གིས་རྗེས་འདེད་ གཏོང་གི་འདུག


ལྟོས་དང་གནམ་ གྲུ་ཞིག

གནམ་ཐོག་ནས་གཏོར་ རྒོལ་བྱས་ན༌ ༌ ༌ ་

ད་རྒྱ་གར་ལ་རེ་བ་བཅོལ་ ན་མ་གཏོགས་ ་ ་ ་

རྒྱ་ནག་གི་གནམ་ གྲུ་མིན་ནམ།

བོད་ཀྱི་ས་གནས་ག་བར་བཞུགས་ ཀྱང་ཉེན་ཁ་རེད།

རྒྱ་གར་ལ་བཏང་བའི་བང་ ཆེན་དེ་ཡོང་གི་འདུག

རྒྱ་གར་གཞུང་གིས་ ྋགོང་ས་མཆོག་རྒྱ་ གར་ལ་སྐྱབས་བཅོལ་དུ་ ཕེབས་ན་འགྲིག་གསུང་ གི་འདུག

བྱས་ན་ ་ ་ ་ དགའ་ བོ་བྱུང༌།

169


སྐུ་མདུན།

སྐུ་མདུན་ ་ ་ ་ ག་རེ་གནང་ སོང༌།

ཕལ་ཆེར་རྒྱུ་ཚད་ སྙུང་པ་ཡིན་བཟོ་ འདུག

ཤིང་ཁང་འདི་འདྲ་ཞིག་ རྙེད་པ་སྟབས་ཡག་སོང༌། སྐུ་ཚད་ཧ་ཅང་མཐོ་བོ་ འདུག

ད་ག་རེ་བྱས་ན་ཡག གནས་སྐབས་བསྡད་ན།

མ་རེད་ ་ ་ ་ ད་འགྲོ་ན་ཡག་ གི་རེད། སྙུང་གཞི་དྲག་པོ་ ཡོད་བཞིན་དུ་ཕེབས་ ཐུབ་ཀྱི་མ་རེད།

170

སྐུ་མདུན།


པཎ་ཆེ ན ་རི ན ་པོ ་ ཆེ ་ ལ་ག་རེ ་ བྱས་ཡོད་འགྲོ། ཁྱེད་རང་ལ་ སེམས་ཁྲལ་ཆེན་པོ་འདུག

སྐུ་མདུན། ང་ཚོ་རྒྱ་ གར་ས་མཚམས་ ལ་སླེབས་སོང༌།

རྒྱ་གར་དང་བོད་ཀྱི་ ས་མཚམས།

སྐུ་མདུན་ལགས། ད་ག་ ལེར་ཕེབས། ཐུགས་བཅག་ གནང་རོགས།

171


༌༌༌༌༌ ༌༌༌༌༌

172


ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱ་ ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་ བརྒྱའི་དུས་དྲན་སྐབས།

གདན་ས་སེ་འབྲས་ དགའ་གསུམ་གྱི་མཁས་ མང་འདུས་སྡེའི་དབུས་སུ་ དགེ་བཤེས་ཀྱི་རྒྱུགས་སྤྲོད་ གནང་བཞིན་པ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།

173


༡༩༥༩ ལོའ་ི ཟླ་ ༣ པའི་ཚེས་ ༡༠ ཉིན་ལྷ་སར་མི་མང་གྱེན་ལངས།

ལྷ་སར་ ༡༩༥༩ ཟླ་ ༣ པའི་ཚེས་ ༢༠ ཉིན་གྱི་རྒྱ་མིའི་དྲག་དཔུང་གི་རྣམ་པ།

174

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།


རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ལམ།

༸གོང་ས་མཆོག་དང་སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང།

175


གཙོ་འཛིན་མའོ་ མཆོག་ལ་སྙན་ གསེང་ཞུ་རྒྱུར།

ད་ཆ་ལྷ་སར་ཟིང་འཁྲུག་ གང་ཡང་མེད།

འགྲིག་ཤག་ ་ ་ ་ ཡིན་ ནའང་ཏཱ་ལའི་བླ་མ་གང་ བྱས་ཡོད་དམ།

ཁོང་ག་བར་ཕེབས་ མིན་ཤེས་རྟོགས་ ཐུབ་མ་བྱུང༌།

ཕྱི་རྒྱལ་དུ་བྲོས་བྱོལ་ཤོར་ བའི་དོགས་པ་ཡོད།

176

༌༌༌༌༌


བྱས་ན་ང་ཚོར་ཕམ་ཉེས་ བྱུང་བ་རེད།

༡༩༥༩ ཟླ་བཞི་པའི་ནང་མ་སུ་རིར་ཞབས་སོར་འཁོད།

སྐུ་མདུན་སྐུ་ཁམས་ ཅི་འདྲ་འདུག

ཨ་མ་ལགས་བཀའ་ དྲིན་ཆེ༌༌༌ ད་གཟུགས་ པོ་བདེ་རུ་ཕྱིན་འདུག

177


རྒྱ་གར་སྲིད་བློན་ནེཧཱ་རུས་བཏང་ གནང་བའི་ཏཱར་འཕྲིན་དེ་ངས་མཐོང་ བྱུང༌། རྒྱ་གར་དུ་ཕེབས་པར་དགའ་ བསུ་ཞུས་འདུག

ཨ་མ་ལགས། ཁྱེད་རང་་་་ སྐབས་རེ་ ངའི་བུ་དེ་ཏཱ་ལའི་བླ་མ་ཡིན་དགོས་ དོན་གང་ཡིན་ནམ་དྲན་སྲིད།

178

རྒྱ་གར་ནང་གནས་སྡོད་ བྱ་རྒྱུར་མཐུན་འགྱུར་གང་ ཡོད་ཞུས་ཆོག་གསུངས་ འདུག

དེ་གཏམ་བཟང་ཞིག་རེད། འོན་ཀྱང་་་་ ད་དུང་གོ་བསྡུར་ བྱེད་དགོས་པའི་གནད་དོན་ མང་པོ་ཡོད།

རེད་་་་ དོན་དངོས་ལ་དཀའ་ངལ་ ཤིན་ཏུ་མང་པོ་རེད། ངའི་བསམ་ པར་དཀའ་ངལ་དེ་ཚོ་གདོང་ལེན་ གྱི་ཆེད་དུ་ང་འདིར་ཡོང་བ་རེད་ བསམ་ཀྱི་འདུག


རྒྱ་ནག་གི ་ དཔོ ན ་རི ག ས་ཚོ ས ་ དངོས་ཤུགས་བརྒྱུད་གསུམ་ནས་ གྱེ ན ་ལང་ངོ ་ རྒོ ལ ་ནང་ཐེ ་ བྱུས་ ཡོད་པའི་བོད་མི་ཚང་མ་མུ་ མཐུད་འཛིན་བཟུང་བྱས་པ་རེད།

མི་དེ་ཚོ་བཙོན་འཇུག་བྱས་པ་ཙམ་ མ་ཟད། ངལ་རྩོལ་བཙོན་ར་ཁག་ཏུ་ བཙན་དབང་གིས་ངལ་རྩོལ་སྐུལ་ འདེད་དང་དམར་པོའ་ི རིང་ལུགས་ སློབ་སྦྱོང༌། མདོར་ན་མང་པོ་ཞིག་ དམར་གསོད་བཏང་བ་རེད། ཁོང་ཁྲོ་དང་འཁོན་འཛིན་གྱི་བསམ་ པས་ནང་སེ མ ས་ཀྱི་ཞི་བདེ ་ དང་ རྣམ་དཔྱོད་ལ་གནོད་ཀྱི་ཡོད་པ་ཤེས་ ཀྱི་འདུག བཅོམ་ལྡན་འདས་ཁྱེད་ མཁྱེན་་་་ ངས་ནང་ཆོས་ཀྱི་ཉམས་ ལེན་སྔར་ལས་ལྷག་པ་ཞིག་བྱ་ རྒྱུའི་དུས་ལ་བབས་འདུག

རང་བཞིན་ངན་པའི་སེམས་ཅན་དག ། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། ། རིན་ཆེན་གཏེར་དང་འཕྲད་པ་བཞིན། ། རྙེད་པར་དཀའ་བས་གཅེས་འཛིན་ཤོག །

179


180


རྒྱ་གར་ནང་བོད་མི་སྐྱབས་བཅོལ་བའི་སྡོད་སྒར།

༸སྐྱབས་མགོན་རིན་པོ་ཆེ།

སྐུ་མདུན།

181


ལ་ལུང་མང་པོ་རྒྱག་དུས་མི་

སྲོག་མགོ་ཐོན་ཙམ་ བྱུང༌། ད་སྐལ་བ་ བཟང་སོང༌།

མང་པོ་འཁྱགས་ཤི་དང་ལྟོགས་ ཤི་ཐེབས་སོང༌།

ཁྱེད་ཚོའི་དཀའ་སྡུག་ངས་ ཤེས་ཀྱི་འདུག རེ་བ་མ་ བརླག་པ་གྱིས།

སེམས་ཤུགས་མ་ཆག་པར་གྱིས་དང་ ང་ཚོ་མཉམ་དུ་བོད་ལ་ལོག་རྒྱུའི་ཉི་ མ་མགྱོགས་པོ་འཆར་གྱི་རེད།

༸རྒྱལ་བ་རིན་པོ་ཆེར་སྙན་ གསེང་ཞུ་རྒྱུར། བོད་མི་བཙན་ བྱོལ་བ་ཉིན་རེ་བཞིན་ཇེ་མང་ དུ་འགྲོ་ཡི་འདུག

182


འཚེ་བ་མེད་པའི་ལམ་ནས་ ང་ཚོའི་རྒྱལ་ཁབ་སྲུང་སྐྱོབ་ གནང་རྒྱུའི་ཐུགས་རེ་གང་ འདྲ་ཡིན་ནམ། རྒྱ་ནག་ལ་ཁ་ གཏད་གཅོག་ཨེ་ཐུབ།

བོད་མི་རིགས་དང་བོད་ཀྱི་ རིག་གཞུང་ ་ ་ ་

ང་ཚོས་འདི་རང་ནས་བོད་རྒྱལ་ ཁབ་དང་མི་རིགས་སྐྱོབ་ཐབས་མ་ བྱས་ན།

རང་ཡུལ་དུ་བོད་མི་རྩ་ སྟོང་འགྲོ་ཉེན་འདུག།

ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ ཉམས་པ་སོར་ཆུད་དང་མི་ཉམས་གོང་ འཕེལ་བྱས་ཏེ། མི་རབས་ཕྱི་མར་རྩིས་ སྤྲོད་ཐུབ་པ་བྱེད་དགོས།

རྒྱ་ནག་ལ་ཁ་གཏད་ ུ ི་ཐབས་ཤེས་ གཅོག་རྒྱུའ དེ་རང་ལས་མེད།

དེ་འདྲ་མ་བྱས་ན་ང་ཚོས་ ནམ་ཡང་རང་དབང་བསྐྱར་ ལེན་བྱེད་ཐུབ་ཀྱི་མ་རེད།

183


པཎ་ཆེན་རིན་པོ་ཆེ་ ་ ་ ་

184


བཀག་ཉར་བྱས་པ་ཙམ་གྱིས་ འགྲིག་གི་མ་རེད། པཎ་ཆེན་བླ་ མ་བཙོན་འཇུག་གྱིས།

སྒུགས་དང༌། ཁོ་ལ་བོད་མི་ཚོས་ ཆེ་མཐོང་དང་གུས་བརྩི་ཡོད་པ་ དེ་ང་ཚོས་བེད་སྤྱོད་བྱས་ནས་ ཁེ་ཕན་ལེན་དགོས།

ལོ ་ རྗེ ས ་ མ འི ་ སྨོ ན ་ ལ མ ་ ཚོ ག ས་ཆེ ན ་ཐོ ག ་ཁོ ་ ལ་ཏཱ་ ལའི་བླ་མར་སྐྱོ ན ་བརྗོ ད ་ བྱེད་དུ་ཆུགས།

དེ་རང་རེད། ཁོས་ཏཱ་ལའི་བླ་མའི་ཚབ་ཏུ་གྲ་སྒྲིག་ཨུ་ ཡོན་ལྷན་ཁང་གི་ཚོགས་གཙོ་བྱེད་དགོས་ཀྱི་རེད། འོན་ ཀྱང་ཁོས་མང་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ སྐྱོན་བརྗོད་བྱས་པ་རེད། དག་ཐབས་ མེད་པའི་ཉེས་ པ་རེད།

ཁོ་ལ་གོ་སྐབས་ཤིག་སྤྲད་ན།

དེ་དང་ཕྱོགས་མཚུངས་རྒྱ་ནག་ སྲིད་གཞུང་ལ་ལ་རྒྱ་འཆང་རྒྱུའི་ དམ་བཅའ་འབུལ་དུ་ཆུགས།

185


ཕྱི་ལོ་ ༡༩༦༤ ལོའ ་ི སྨོན་ལམ་ཆེན་མོའ ་ི སྐབས། བོད་རིགས་སྐྱ་སེར་ཕོ་མོ་ཡོངས་རྫོགས་ ལ་ཞུ་རྒྱུར་ ་ ་ ་ ྋགོང་ས་སྐྱབས་ མགོན་ཆེན་པོ་མཆོག་ ༌ ༌ ༸གོང་ས་ མཆོག་ནི་ངོ་མ་དེ་རེད་ ་ ་

ཏཱ་ལའི་བླ་མར་སྐྱོན་འཛུགས་ དང་མཚན་སྨད་བྱེད་དགོས།

ཚང་མ་ཉོན་ཨ་ ༌ ༌ ༌ ཏཱ་ ལའི་བླ་མ་བོད་ཀྱི་དབུ་ ཁྲིད་ངོ་མ་རེད།

186

ངས་ཏཱ་ལའི་བླ་མ་སུ་ཡིན་

གསལ་པོ་ཤེས་ཀྱི་ཡོད། ཁོང་ དོན་དམ་དུ་ ་ ་ ་

ཉིན་མ་གཅིག་བོད་ལ་སྐྱིད་པའི་ཉི་མ་ ཤར་ནས་༸རྒྱལ་བ་རིན་པོ་ཆེ་སླར་ ཡང་ཞབས་སོར་འཁོད་ཀྱི་རེད།


ད་ཤོད་དང།

༸རྒྱལ་བ་རིན་པོ་ཆེ་སྐུ་ ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ།

ལོག་སྤྱོད་པ༌ ༌ ་

སྐུ་མདུན་མཁྱེན།

187


བ དེ ་ བ ་ ངོ ་ མ ་ དེ ་ གང་ཡིན་ནམ།

སེ མ ས་ཞི་ཞིང་དུལ་བ་ཞིག་ བྱུང་ན། དོན་དམ་གྱི་བདེ་བ་ ཐོབ་ཀྱི་ཡོད་བཟོ་འདུག

བདེ་བ་འདོད་པ་དང་སྡུག་ བསྔལ་མི་འདོད་པ་ ་ ་ ་

188

འདི་ཚོ་འགྲོ་བ་མིའི་རང་བཞིན་ གྱི་འདུན་པ་རེད་ ་ ་ ་


དེ་བསྒྲུབ་རྒྱུའི་ཐོབ་ཐང་མི་ ཚང་མར་ཡོད།

བོད་རང་བཙན་ཁྲི་ ལོར་བརྟན།

189


མཚན་མོ་ཕྱི་རོལ་ དུ་འགྲོ་མི་ཆོག ཐེམ་སྤང་བཀའ་ཁྱབ་ ལ་མ་བརྩིས་ན་གསོད་ ཀྱི་ཡིན།

190


འཐབ་འཛིང་འདི་འདྲའི་སྐབས་སུ་ང་ཚོ་མ་ཤི་བར་གནས་ ཐུབ་པའི་རྐྱེན་་་་ རེ་བ་དེ་རེད།

རེ་བ་དེ་ཡོང་ཐབས་ ་ ་ ་ ཅི་ འདྲ་ཡིན་ནམ།

བོ ད ་དང་བལ་ཡུལ་གྱི ་ ས་མཚམས་ སུ་བོད་མིའི་འཇབ་དམག་ཡོད།

ཁོ ་ ཚོས་རྒྱ་ནག་གི་བཅིངས་བཀྲོ ལ ་ དམག་མི་དང་འཐབ་རྒོལ་བྱས།

191


ཨ་རི ་ CIAརོ ག ས་སྐྱོ ར ་ཐོ བ ་པར་བརྟེ ན ་ཐེ ང ས་ གཅིག་རྒྱ་དམག་གི་སྐྱེལ་འདྲེན་སྡེ་ཁག་ཅིག་འཇབ་ དམག་དེ་ཚོས་རྩ་གཏོར་བཏང་བ་རེད།

དྲག་པོ འ ི་ དམག་འཐབ་འདི ་ ལྟ་ བུར་རེ་བ་བཅོལ་ན་ ་ ་ ་

ཕྱི་ལོ་ ༡༩༧༩ བར་བོད་མི་ས་ ཡ་གཅིག་དང་འབུམ་གཉིས་ ལྷག་གི ་ ཚེ ་ སྲོ ག ་ཤོ ར ་ཟི ན ་པ་མ་ ཟད། ཁ་གྲངས་དེ་ཉིན་རེ་བཞིན་ འཕར་བཞིན་པ་རེད།

192

དེ་ནོར་བ་རེད་ ་ ་ ་ གནས་སྐབས་ ཀྱི་རྒྱལ་ཁ་ཆུང་ཚག་དེ་འདྲ་ཞིག་ ལ་ཁག་འདོགས་བྱས་ཏེ། རྒྱ་མིས་ བོད་ནང་དྲག་གནོན་ཆེ་རུ་གཏོང་ སྲིད།

ལྷ་ཁང་དང་དགོན་སྡེ་དྲུག་ སྟོ ང ་བརྒལ་བ་རྩ་གཏོ ར ་ བཏང༌།


ང་ཚོས་དགྲ་འཛིན་གྱི་བསམ་པ་དྲག་ པོས་འཐབ་རྒོལ་ཅི་འདྲ་བྱས་ཀྱང༌། འཛམ་གླི ང ་འདི ར ་དགྲ་བོ ་ གཅི ག ་ ཀྱང་མེད་པ་བཟོ་མི་ཐུབ།

ནང་གི ་དགྲ་བོ་ཁོང ་ཁྲོ་དང་ང་རྒྱལ་སོག ས་ བཅོམ་མ་ཐུབ་ན། གནས་སྐབས་ཀྱི་ཕྱིའི་དགྲ་ བོ་བཅོམ་ཀྱང་ཕན་པ་དེ་ཙམ་མེད།

གང་ལགས་ཟེ ར ་ན་སང་ཉིན་ དགྲ་བོ་གཞན་པ་ཞིག་ཐོན་ཡོང་ གི་རེད།

ཁོང་ཁྲོ་དང་དྲག་སྤྱོད་ལ་རེ་བ་བཅོལ་ ན་འགྲིག་ཐབས་མེད།

རྒྱ་གར་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་ ༡༩༦༠ ཐམ་པའི་ལོར་བཙན་བྱོལ་གཞུང་གི་ བསྟི་གནས་མ་སུ་རི་ནས་རྒྱ་གར་བྱང་ཕྱོགས་ དྷ་རམ་ས་ལར་སྤོས་པ་ཡིན། པཀིསྟཱན།

*

དྷ་རམ་ས་ལ།

རྒྱ་གར།

བོད།

ཐོག་མ་དེར་ཕ་མ་མེད་པའི་དྭ་ཕྲུག་མང་ པོ ་ ཡོ ད ་པ་དེ ་ ཚོ འི ་ ཆེ ད ་དུ་བུ་གསོ ་ ཁང་ འཛུགས་རྒྱུ་དང༌། ཁོ་ཚོར་སློབ་སྦྱོང་སྤྲོད་ འགོ་བཙུགས་པ་ཡིན།

བལ་ཡུལ།

193


ལས་ཀ་འདི་ཚོའི་ཆེད་དུ་རྒྱ་གར་གཞུང་ གིས་འགྲོ་གྲོན་ཕལ་མོ་ཆེ་བཏང་གནང་ བ་བཀའ་དྲིན་ཆེན་པོ་ཡིན།

ད་ལྟའི ་ ཆར་བོ ད ་མི ་ ཆི ག ་ འབུམ་བཞི་ཁྲི་(༡.༤༠.༠༠༠) ཙམ་བཙན་བྱོལ་དུ་གནས་ མུས་ཡིན།

བཞུགས་སྒར་དྷ་རམ་

ས་ལ་དེ ་ ད་ཆ་ཕུན་སུམ་ཚོ ག ས་ པའི་བོད་མིའི་གྲོང་བརྡལ་དུ་གྱུར་ པ་མ་ཟད། ཕལ་མོ་ཆེས་ལྷ་ས་ཆུང་ ཆུང་ཞེས་འབོད་ཀྱི་ཡོད།

194

བྱིས་པ་ཚོ་ང་ཚོའི་མ་འོངས་པའི་སོན་རྩ་ ཡིན་པར་བརྟེན། སློབ་སྦྱོང་ཡག་པོ་སྤྲོད་ ཐུབ་ན་བོད་ཀྱི་རིག་གཞུང་བདག་ཉར་ ཐུབ་རྒྱུ་མ་ཟད་མ་འོངས་པར་རེ་བ་རྒྱག་ ས་ཞིག་ཡོང་གི་རེད།

གཙོ་བོ་རྒྱ་གར་གཞུང་དམངས་གཉིས་དང་ རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རོགས་སྐྱོར་མི་ ཉུང་བ་ཞིག་ལ་བརྟེན་ནས་ད་དུང་ཡང་བོད་མི་ ཚོས་འབད་རྩོལ་དང་བཟོད་བསྲན་གྱི་སྒོ་ནས་ མི་ཡུལ་དུ་གནས་མུར་རང་གི་རེ་བ་ མ་དོར་བར་གནས་ཡོད།


ང་ཚོས་བཙན་བྱོལ་དུ་དགོན་ སྡེ་འགའ་ཤས་བསྐྱར་འཛུགས་ བྱེད་ཐུབ་པ་བྱུང་ཡོད།

དེ་ཙམ་མ་ཟད། གལ་གནད་ཆེ་བའི་ སྲོལ་རྒྱུན་གྱི་ཆོ་ག་དང་དུས་ཆེན་འགའ་ ཤས་ཀྱང་བོད་ལུགས་ཟླ་ཚེས་གཞིར་ བཟུང་བསྐྱར་གསོ་བྱས་ཡོད།

མི ་ འགའ་རེ ས ་ང་ཚོ འི ་ ཧུར་བརྩོ ན ་ དང་བཟང་ཕྱོགས་ཀྱི་རེ་བ་འདི་འདྲ་ བྱེ ད ་པའི ་ རྒྱུ་མཚན་གང་ཡི ན ་ནམ་ དྲན་གྱི་ཡོད།

ཡང་འགའ་ཤས་ཀྱི་བསམ་པར། འདས་པའི ་ ལོ ་ བཅུ་ཕྲག་མང་པོ འ ི་ རིང་དྲག་སྤྱོད་མ་བསྟེན་པར་བརྟན་ པོ ར ་གནས་ཐུབ་པ་གང་ཡི ན ་ནམ་ དྲན་མཁན་ཡང་ཡོད།

195


དེ ་ ནི ་ གཙོ ་ བོ ་ འཛམ་གླི ང ་གང་ ས་ནས་ང་ཚོར་དགའ་མོས་དང་ བྱམས་བརྩེ་ཐོ བ ་པ་ལ་བརྟེན་ ནས་བྱུང་བ་རེད།

བྱམས་བརྩེ་དང་དགའ་མོས་ཀྱིས་ རེ ་ བ་གོ ང ་འཕེལ་དུ་འགྲོ ་ བར་ ཕན་ཐོགས་བྱུང་ཡོད།

ངོ ས ་རང་སྒེ ར ་གྱི ་ རང་དབང་ དེ་རང་ལོ་ ༡༥ སྐབས་སུ་ བརླགས་པ་རེད།

དེ་ནས་ངོས་རང་ལོ་ ༢༤ ལ་སླེབས་དུས་ལུང་པ་ ཤོར་བ་རེད།

འདས་པའི་ལོ་ ༥༠ རིང་ངས་ ལས་འགན་ཆེན་པོ ་ ཞིག་ སྒྲུབ་བཞི ན ་བཙན་བྱོ ལ ་དུ་ བསྡད་ཡོད།

དེ ་ ནི ་ བོ ད ་ ལ ་ མི ང ་ དོ ན ་ མཚུངས་པའི་རང་སྐྱོང་ཐོབ་ རྒྱུའི་ཆེད་དུ་ཡིན།

ཕྱི་ལོ་ ༢༠༠༨ ཏཱ་ལའི་བླ་མ་དགུང་ལོ་ ༧༣ །

196


རྣམ་པ་ཚོས་ད་རེས་ངོས་རང་ མགྲོན་འབོད་གནང་བ་དང༌། བོད་ཀྱི་གནད་དོན་སྐོར་ཤོད་ རྒྱུ་བྱུང་བར་དགའ་བོ ་ བྱུང༌། ཐུགས་རྗེ་ཆེ།

ཡུལ་ལུང་དང་མི་རིགས་འདྲ་ མིན་སྣ་ཚོགས་ཀྱིས་ངོས་རང་ ལ་རྒྱབ་སྐྱོ ར ་ཧ་ཅང་ཆེ ན ་པོ ་ གནང་བྱུང༌།

ཨ་རིའི་ཧོ་ལི་ ཝུཊ་དང་ ་ ་ ་

མི་འདི་ཚོའི་བྱམས་ བརྩེའི་བསམ་པ་དེས་ངོས་ལ་རྒྱུན་ དུ་ཚོར་སྣང་སྤྲོད་ཀྱི་འདུག

ཆོས་ལུགས་གཞན་གྱི་དབུ་ཁྲིད་ ཚོས་ཀྱང་ ་ ་ ་

ཅིག་བྱས་ན་ཡ་མཚན་པོ་ མཐོང་སྲིད་ ་ ་ ་

ད་ཆ་ངས་རྒྱ་རི ག ས་སྤུན་ཟླ་ ཕོ ་ མོ ་ ཚོ ར ་རི ན ་ཐང་ཆེ ་ བའི ་ ལེ ག ས ་ སྐྱེ ས ་ཤི ག ་ འ བུ ལ ་ འདོད་ཡོད།

197


གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་སྐབས་སུ་ ལོ་ན་ཕྲ་བའི་སློབ་ཕྲུག་དང༌། མང་གཙོ་དོན་ གཉེར་བ་མང་པོའ་ི སྲོག་ཤོར་བ་རེད།

མང་གཙོ་དང་། དོན་དམ་པར་དྲང་བདེན། བྱམས་སྙིང་རྗེར་བརྩི་མཐོང་ཅན་གྱི་སྤྱི་ ཚོགས་ཤིག་གི་ཆེད་དུ་སྲོག་སྐྱོན་དང་མནར་ གཅོད་ཕོག་པ་ཚོར་གདུང་སེམས་མཉམ་ བསྐྱེད་ཡོད། རྒྱ་ནག་གི ་ དཔལ་འབྱོ ར ་ཧ་ ལས་པའི་ཡར་རྒྱས་སོང་ཡང༌། ངས་བྱས་ན་ནང་སེ མ ས་ཀྱི ་ དཔལ་ཡོན་ཉམས་ཤག་དྲན་ གྱི་འདུག

198

ངའི ་ རེ ་ བར་རྒྱ་ནག་གི ་ བཟང་ པོ འ ་ི ཡོ ན ་ཏན་འདི ་ དག་བསྐྱར་ གསོ་དང་འབྲེལ་ཕྱི་ནང་གཉིས་ ཀ་ཕྱུག་པའི་རྒྱལ་ཁབ་ཅིག་བྱུང་ ན་བསམ་གྱི་ཡོད།


ཁོང་ཚོ་ཡང་སྡུག་བསྔལ་མ་འདྲ་བ་ ཞིག་གིས་མནར་བ་ཡིན་དུས། ང་ཚོ་ བོད་མི་ཚོས་རོགས་བྱེད་ཐུབ་ཀྱི་རེད།

ད་ཆ་འཛམ་གླིང་འདིར་གཅིག་ལ་གཅིག་ བརྟེན་མ་བྱས་ཀ་མེད་སོང་ཙང༌། གཞན་ ལ་བརྩེ ་ སེ མ ས་ཀྱི ས ་འབྲེ ལ ་བ་བྱས་ན་ མཐར་ཐུག་རང་ལ་བདེ་སྐྱིད་ཡོང་ཐུབ།

གཞན་ལ་བརྩེ་བ་དང་བྱམས་ སྐྱོ ང ་བྱ་རྒྱུའི་ས་བོ ན ་ཞིག་ ཡོད་པ་དེ་ང་ཚོ་འགྲོ་བ་མིའི་ ལྷན་སྐྱེ ས ་ཀྱི ་ ཁྱད་ཆོ ས ་ཤི ག ་ ཡིན།

གཞན་ལ་ཕན་སེམས་བྱེད་རྒྱུར་ ཆོ ས ་ལུགས་དང་གྲུབ་མཐའི ་ སྐད་ཆ་མགོ ་ རྙོ ག ་པོ ་ དེ་འདྲ་ དགོས་དོན་མེད།

ང་ཚོའི་མཆོ ད ་ཁང་ངོ ་ མ་དེ་ སེམས་རེད། ང་ཚོའི་ཆོས་ལུགས་ ངོ་མ་དེ་བྱམས་བརྩེ་རེད།

འཛམ་གླིང་འདི་ལ་རེ་བ་དང་ཞི་

བདེ་ཡོང་རྒྱུར་བྱམས་བརྩེ་འདིས་ ཕན་ཐུབ།

199


དེང་སང་གི་དྷ་རམ་ས་ལ།

བུ་ཁྱེ ད ་རང་གི ་ ཕ་མ་ ག་བར་ཡོད་ ་ ་ ་

200

ཕ་མ་གཉིས་བོད་ནས་ བྲོས་ཡོང་དུས་མེ་མདའ་ བརྒྱབ་ནས་བསད་སོང༌། ད་ ང་རང་གཅིག་པུ་ཡིན།


བྲོས་ ་ ་ ་ བྲོས།

ཕྱི་མིག་མ་བལྟ། བྲོས༌ ༌ ༌ ༌

201


ཕྲུ་གུ་འདི་ལ་སྡོད་ས་ གྲ་སྒྲིག་གྱིས།

ལགས་སོ། །

བུ་རང་སེམས་ཁྲལ་མ་བྱེད་ ་ ་ ༌ ཨ་ལེ་ ༌ ༌ ངལ་གསོ་ ཡག་པོ་རྒྱོབས།

བོད་མཐོ་སྒང་གི་ཡུལ་ལུང་མཛེས་སྡུག་ ལྡན་པ་དེ། འཛམ་གླིང་འདིའི་རང་བྱུང་ ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བ་ཆེ་ཤས ོ ་དེ་ བཟོ་རྒྱུའི་འཆར་གཞི་འདི་འདྲ་རེད་ ་ ་ ་ ཉོན་ཨ་

དེ་འདྲ་ཨེ་ཡིན་ ་ ་ ་

202


དེ་རེད། དངོས་ གནས་རེད།

ཇི་སྲིད་ནམ་མཁའ་གནས་པ་ དང༌། །འགྲོ་བ་ཇི་སྲིད་གནས་ གྱུར་པ། །དེ་སྲིད་བདག་ཀྱང་ གནས་གྱུར་ནས། །འགྲོ་བའི་སྡུག་ བསྔལ་སེལ་བར་ཤོག་་་་་་་་་་

རྫོགས་སོ། ། 203


ྋགོང་ས་མཆོག་དང་རྒྱལ་ཡུམ་ ཆེན་མོ་བདེ་སྐྱིད་ཚེ་རིང༌།

ཐོག་མར་བོད་མི་སྐྱབས་བཅོལ་ བའི་ཕྲུ་གུར་སྣེ་ལེན་དང་སློབ་གྲྭ་ གསར་འཛུགས།

204

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།


ྋགོང་ས་མཆོག་གཞིས་སྒར་སྨན་ཁང་དུ་ནད་པར་གཟིགས་ཞིབ་དང་སེམས་གསོ་གནང་བཞིན་པ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌། 205


མཚན་ཉིད་རྩོད་པར་གཟིགས་ཞིབ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་ ཕན་མཛད་པར་ཐུགས་རངས་ཏེ་སྤྱན་ཆབ་བསིལ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌། 206


ཨ་རིའི་སྲིད་འཛིན་འབིལ་ཁི་ལིན་ཊོན་དང་སྲིད་འཛིན་གཞོན་པ་ཨཱལ་གོར་རྣམ་གཉིས་མཇལ་འཕྲད།

ཡེ་ཤུའི་བླ་ཆེན་ཇོ་ཧན་པོལ་གཉིས་པ་དང་ཐུགས་ཉེ་བའི་ནང་མོལ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌།

207


ཁ་ཆེའི་ཆོས་ལུགས་དང་མཛའ་འབྲེལ།

ཧིན་དུའི་ལྷ་ཁང་ དུ་མཆོད་མཇལ།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌། 208


ཡེ་ཤུའི་བཙུན་མ་མཱ་དར་ཊེ་རེ་ས་དང་མཇལ་འཕྲད།

ལྷོ་ཨཕྲི་ཀའི་སྲིད་འཛིན་ ནེལ་སོན་མན་ཌེལ་ལྷན་རྒྱས།

ཕྱི་ལོ་ ༡༩༨༩ ལོར་ནོ་འབེལ་ ཞི ་ བ དེ འི ་ ག ཟེ ང ས ་ རྟ ག ས ་ འབུལ་བཞེས།

ཁུངས: ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་ཀྱི་ཐེབས་རྩ་ལས་ཁང༌། 209


མཇུག་བསྡུའི་གཏམ་། ༡༩༨༩ལོར་ནོར་ཝེ་ཡི་རྒྱལ་ས་ཨོ་སོ་ལོར་ནོ་འབེལ་ཞི་བདེའི་ གཟེངས་རྟགས་འབུལ་བཞེས་སྐབས།

ྋགོ ང ་ས་མཆོ ག ་གི ས ་གསུང་བཤད་ གནང་དོན་ ་ ་ ་

ང་རང་གང་ཟག་སྒེར་ལ་བྱ་དགའ་འདི་ གལ་གནད་ཆེན་པོར་མཐོང་གི་མེད།

ཞི་བདེའི་བྱ་དགའ་ཐོབ་མཁན་ངོ་ མ་དེ་བོད་མི་མང་རེད།

210

འོན་ཀྱང༌། བོད་མི་མང་སྤྱི་ཡོངས་ཀྱི་ ཆ་ནས་གལ་གནད་ཆེན་པོ་ཡིན།


ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་ཀྱི་ གནས་རི་དང་རང་བྱུང་ཐོན་ཁུངས་རྩ་གཏོར་གཏོང་ བ་བོད་མི་ཚོས་དངོས་སུ་མཐོང་བ་དང༌།

ད་དུང་བོད་ནང༌། རྡུལ་ཕྲན་གྱི་ནུས་པར་ མཁོ་བའི་ཡུ་རེ་ནི་ཡམ་རྒྱལ་ཁབ་གཞན་ ལས་ལྷག་པ་ཡོད་སྟབས། དེའི་གཏེར་ཁ་མང་ པོ་བཏོན་པའི་དབང་གིས་རྡུལ་ཕྲན་གྱི་དུག་ རླངས་ཁྱབ་བརྡལ་གྱི་ཉེན་ཁ་ཧ་ཅང་ཆེན་པོ་ ཆགས་ཡོད།

ལྷག་པར་དུ་ཨ་མདོའ་ི ན་གོར་མོ་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་ བཟོས་པ་དེས། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནས་ལྷ་སར་ཡོང་རྒྱུ་སྟབས་ བདེ་ཆགས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་རིགས་ཕོན་ཆེ་བོད་ནང་ གནས་ཆགས་རྒྱུར་སྐུལ་མ་དང་མཐུན་འགྱུར་བྱེད་ཀྱི་ཡོད།

བོད་ཀྱི་སྣོད་བཅུད་མ་ལག་ཡོངས་རྫོགས་ རྩ་མེད་སོང་བས་ད་ཆ་འབྲོང་གི་ཁྱུ་དང༌། རྐྱང་དང་གཙོད་སོགས་ཕལ་ཆེར་མཐོང་རྒྱུ་ མེད་པར་གྱུར་ཟིན།

དེར་མ་ཟད། བོད་ཀྱི་མཐོ་སྒང་དུ་རྡུལ་ཕྲན་ མཚོན་ཆ་བཟོ་འདོན་དང་རྡུལ་ཕྲན་གྱི་ སྙིགས་རོ་ཡང་སྦ་འཇོག་བྱེད་ཀྱི་ཡོད།

བོད་རིགས་ས་ཡ་དྲུག་ལས་མེད་པའི་ཡུལ་དེར་ རྒྱ་རིགས་ས་ཡ་བདུན་ལྷག་གཞིས་ཆགས་བྱས་ ཟིན་པ་དང༌། མི་རིང་བར་རྒྱ་རིགས་ས་ཡ་ཉི་ ཤུ་ཙམ་འབྱོར་བཟོ་ཡོད་པ་དེ། བོད་རྒྱ་ཡུལ་ དང་བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་ལས་ འཆར་གྱི་ཆ་ཤས་ཤིག་རེད།

211


རང་གི་ཆོས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་རང་ དབང་མེད་པའི་བོད་མི་རྣམས་རང་ཡུལ་དུ་རྩ་ ཡལ་འགྲོ་བའི་ཉེན་ཁ་ཡོད།

ྋགོང་ས་མཆོག་ནས་སྐུ་ངལ་འཛེམས་མེད་ཀྱིས་འཛམ་ གླིང་གི་ཡུལ་གྲུ་གང་སར་ཆིབས་སྒྱུར་བསྐྱངས་ཏེ། དབུ་ ཁྲིད་རྣམ་པ་དང་ཤེས་ཡོན་ཅན་རྣམས་ལ་མཇལ་འཕྲད་ བཀའ་མོལ་དང་གསུང་བཤད་མང་པོ་གནང་ཡོད།

བོད་ཀྱི་རྩ་དོན་ཐག་གཅོད་ཀྱིས་ཞི་ བདེ་དང་དྲང་བདེན་ལ་རྒྱལ་ཁ་མ་ ཐོབ་ཀྱི་བར་དུ། རང་སྲིད་རང་སྐྱོང་ གི་དོན་དུ་བོད་མིའི་འཚེ་མེད་ཞི་ བའི་ལས་འགུལ་མུ་མཐུད་དེ་གནས་ ངེས་སོ། །

212

བོད་མིའི་རེ་བའི་སྒྲོན་མེ་དེ་གནས་ཐབས་ སུ་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚང་ མས་མུ་མཐུད་འབད་རྩོལ་དང་འཐབ་རྩོད་ བྱེད་ཀྱི་ཡོད།


ལྷ་སའི་ཇོ་ཁང་མདུན་དུ་རྒྱ་ནག་ཉེན་རྟོག་མི་སྣའི་སྤྱོད་ཚུལ། ཕྱི་ལོ་ ༢༠༠༥ ། མཐུན་འགྱུར་དང་བདག་དབང༌། Pedro Saraiva, 2005

213


214

འབྲས་སྤུངས་དགོན་པར་བོད་མི་རྒན་ཁོག་ཅིག་གིསྋགོང་ས་མཆོག་གི་སྐུ་པར་མཇལ་བཞིན་པ། མཐུན་འགྱུར་དང་བདག་དབང༌། Gert Holmert, 1986


མཐའ་མཆན་།

ཕྱི་ལོ་ ༡༩༨༩ ལོར་གནམ་བདེ​ེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་མང་སྡེབ་གསོད་བྱུང་རྐྱེན་ཐད་ྋགོང་ས་མཆོག་ གིས་གསུང༌ ་ ་ ་

“རང་དབང་དང༌ མང་གཙོ་ འགྲོ་བ་མིའི་ཆེ་མཐོང་གི་ཆེད་དུ་རྒྱ་རིགས་སྤུན་ཟླ་ཕོ་མོ་ས་ཡ་མང་པོས་རང་གི་

འདོད་དོན་ཞི་བའི་ལམ་ནས་མངོན་ཐབས་བྱས་ཏེ་་་་་ རང་གི་དགོས་འདུན་དང་འཚམས་པར་འཚེ་མེད་ཞི་བའི་ཐབས་

ལམ་ཉག་གཅིག་ལ་བསྟེན་པ་དེ་ངོ་མཚར་གྱི་གནས་རེད་ རྒྱ་ནག་མི་མང་གི་མང་གཙོའི་ལས་འགུལ་འདི་ལ་རྒྱལ་ སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་དང་ཆབ་སྲིད་གཉིས་ཀའི་ཆ་ནས་རྒྱབ་སྐྱོར་བྱེད་རྒྱུའི་འོས་འགན་ཡོད་པའི་ཡིད་

ཆེས་ཤུགས་ཆེ་ཡོད་ རྒྱ་ནག་ལ་དགོས་གལ་ཆེ་བ་དེ་འགྲོ་བ་མིའི་ཐོབ་ཐང་དང༌ མང་གཙོ་ ཁྲིམས་ཀྱི་དབང་སྒྱུར་ བཅས་རེད་ འདི་དག་ནི་སྤྱི་ཚོགས་ཀྱི་རང་དབང་དང༌ ཡར་རྒྱས་ཀྱི་འགྱུར་བ་ བརྟན་ལྷིང༌ ཞི་བདེ་བཅས་ཀྱི་རྨང་

གཞི་རེད་་་་་ དེར་བརྟེན་རྒྱ་ནག་ཀྱང་འཛམ་གླིང་འདིའི་མང་གཙོའི་སྤྱི་ཚོགས་ཨ་མའི་ཁོངས་སུ་འཇུག་རྒྱུའི་ཐབས་ ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་དགོས་”ཞེས་བཀའ་བསྩལ་འདུག་།

ང་ལ་ཆ་མཚོན་ན་ྋགོང་ས་མཆོག་གི་དགོངས་ཚུལ་དེས་ཁོང་གི་འཚེ་མེད་ཞི་བའི་ལྟ་བའི་རང་གཟུགས་

མཚོན་པ་དང༌ ང་རང་ལ་ཡང་ནས་ཡང་དུ་ཁོང་གི་གསུང་དེ་ཟབ་མོ་ཅི་འདྲ་ཞིག་ཡིན་པ་གོ་རྟོགས་ཐུབ་པ་བྱུང༌།

འདི་ག་Emotional Content ལས་ཁུངས་ཀྱི་སྐུ་ཞབས་ཨཱི་ཇི་ཧན་ ཤི་མི་ཛུ་ལགས་ཀྱིས་ལོ་གཉིས་ལྷག་

ཙམ་གྱི་སྔོན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་པ་འཕྲིན་ལས་དང༌ བོད་ཀྱི་ལོ་རྒྱུས་ཀྱི་ བྱུང་རྐྱེན་རྣམས་མུ་སྦྲེལ་སྒྲུང་གཏམ་གྱི་རི་མོར་འབེབ་རྒྱུའི་དགོངས་ཚུལ་གསུང་བྱུང༌

དེ་ནས་བཟུང་ཉིན་བསྟར་རེ་

བཞིན་འཚེ་བ་སྤངས་པའི་གོ་དོན་དང་འབྲལ་ཐབས་མེད་པ་མ་ཟད་ འཚེ་བ་སྤངས་པའི་ལྟ་གྲུབ་དེ་ གནོད་འཚེའི་བྱ་

གཞག་དང་བྲལ་བ་ཙམ་མ་ཡིན་པར་ དགྲ་ཟླ་ཕན་ཚུན་གྱི་བར་དུའང་གོ་ཤེས་ཉན་ཤེས་ཀྱི་བསམ་པ་བསྐྲུན་རྒྱུར་ འབད་བརྩོན་རྒྱུན་མ་ཆད་དུ་བྱ་རྒྱུ་དང༌

འཛམ་བུ་གླིང་འདིའི་མི་མང་ཕན་ཚུན་དབར་གནད་དོན་གང་ཡོད་པ་དེའི་ 215


ཐོག་བསམ་ཚུལ་མཐུན་པ་དང་ཆིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་རེད་ ངའི་བསམ་པར་སྔོན་ཐོན་གྱི་བསམ་བློ་འདི་འདྲ་ལ་

བརྟེན་ནས་ ང་ཚོས་མ་འོངས་པར་རེ་བ་ཡོད་པ་ཞིག་དང༌ འཛམ་གླིང་འདིར་རྒྱུན་གནས་ཐུབ་པའི་ལེགས་ཕྱོགས་ཀྱི་ འགྱུར་བ་ཡོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་།

༢༠༠༨ ལོར་པེ་ཅིང་ཨོ་ལེམ་པིག་གི་སྔོན་བསུའི་ཚུལ་དུ་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་ཚོར་ཁོང་ཁྲོའི་རྣམ་ འགྱུར་ཅན་གྱི་ངོ་རྒོལ་བ་མང་པོས་རྒོལ་བརྡུང་བྱས་པ་དེས་ རྒྱ་ནག་དང་རྒྱ་རིགས་མི་མང་གི་སྤོབས་པ་དང་ཆེ་མཐོང་ལ་ གནོད་སྐྱོན་བཏང་བ་དང༌ ངོ་རྒོལ་གྱི་བྱ་གཞག་འདི་ཚོས་ཕྱོགས་གཉིས་ཀར་ཁོང་ཁྲོ་དང་འཁོན་འཛིན་སྤེལ་བ་མ་ཟད་ བོད་རང་བཙན་དགོས་པར་རྩོད་ལེན་གྱི་ལས་འགུལ་སྤེལ་མཁན་དེ་ཚོས་ྋགོང་ས་མཆོག་གི་ཐུགས་དགོངས་ཇི་ལྟ་བའི་

འཚེ་བ་མེད་པའི་ས་མཚམས་ལས་རྒྱ་ཡན་དུ་སོང་བ་དེས་ ངའི་ལས་དོན་འདི་རྫོགས་ལ་ཉེ་བའི་གནས་སྐབས་སུ་ཤིན་ཏུ་ བློ་ཕམ་ཆེན་པོ་ཞིག་བྱུང༌།

བཙན་རྒྱལ་རིང་ལུགས་པའི་དབང་སྒྱུར་མེད་པ་བཟོ་རྒྱུའི་ཆེད་དུ་བོད་ལ་ཞི་བའི་བཅིངས་བཀྲོལ་གཏོང་དགོས་

ཟེར་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་བཙན་བཟུང་བྱས་པ་རེད་།

འདས་མ་ཐག་པའི་བརྒྱ་ཕྲག་དེའི་ནང་ངའི་རྒྱལ་ཁབ་ཀྱིས་ཀྱང་བྱས་པ་ནང་བཞིན་འཛམ་བུ་གླིང་འདིས་དུས་

སྐབས་མང་པོར་དམག་དུས་ཀྱི་ཐལ་ཆ་དུ་མ་བྱུང་བའི་ཁ་གཡོར་ས་གཅིག་པ་རེད་།

མུ་སྦྲེལ་རི་མོའི་ཐབས་ལམ་འདི་ཉིད་གནད་དོན་ཁྱབ་སྤེལ་གྱི་བརྒྱུད་ལམ་ནུས་ལྡན་ཞིག་ཡིན་པར་

བརྟེན།་ ངའི་རྩོལ་བ་འདིས་འཚེ་བ་སྤངས་པའི་ལྟ་གྲུབ་ཁྱབ་སྤེལ་དང༌ རྩོད་རྙོག་ཐ་དག་ཞི་བའི་ཐབས་ཤིག་བསྐྲུན་ ཐུབ་པའི་རེ་བ་ཡོད་།

ཏེ་ཚུ་ སཱ་ཡེ་ཝཱ་ཡེ

ཝ་ག་ཡ་མ་ ཉི་ཧོང༌

༢༠༠༨ ལོའི་ཟླ་བ་ ༦ པ་།

216


ཐུགས་རྗེ་ལེགས་གསོལ།

ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཁང་གི་མཐུན་འགྱུར་མེད་པར་ལས་ དོན་འདི་འགྲུབ་ཐབས་མེད། དྷ་རམ་ས་ལ་བཙན་བྱོལ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་ནས་ བཀའ་འཁྲོལ་ཞུ་རྒྱུར། སྐུ་ཚབ་དོན་གཅོད་གོང་མ་ཇོ་དཔལ་དཔལ་འབྱོར་ཚེ་རིང་ལགས་དང༌། ད་ལྟའི་སྐུ་ཚབ་དོན་གཅོད་ལས་ཐོག་པ་མཚོ་སྒོ་ལྷག་པ་ལགས་ནས་སྐུ་པར་ཁག་གི་ཆེད། ཐེ་ ཝན་སྐུ་ཚབ་དོན་གཅོད་ལ་འབྲེལ་མཐུད་དང་ལམ་སྟོན་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན། ཉི ་ ཧོ ང་སྐུ་ཚབ་དོ ན ་གཅོ ད ་བརྒྱུད་ནས་བོ ད ་མི ་ བཙན་བྱོ ལ ་པར་རོ ག ས་སྐྱོ ར ་གནང་ འདོད་ཡོད་ན། http://www.tibethouse.jp/support/index.html དྲ་ གནས་བརྒྱུད་འབྲེལ་བ་གནང་རོགས། ྋགོང་ས་༸སྐྱབས་མགོན་ཆེན་པོའ ་ི མཛད་རྣམ་《བཙན་བྱོལ་དུ་རང་དབང་》དང་སྐུ་ ཞབས་མཱར་ཊིན་[Martin Scorsese] གྱིས་བཟོ་བསྐྲུན་གནང་བའི་གློག་བརྙན་《སྐུ་མདུན་》 ཞེས་པ་ལས་མེད་དུ་མི་རུང་བའི་གནས་ཚུལ་མང་པོ་ཐོབ་བྱུང༌། དེབ་འདིར་ང་ཚོས་བོད་ཀྱི་ ཡུལ་བཀོད་དང༌། ཁང་བཟོ། ཆས་གོས་སོགས་གང་བྲིས་པ་རྣམས་དོན་དངོས་དང་ཉེ་བོ་ཡོད་ པའི་རེ་བ་ཡོད། དཔེ་རིས་གྱི་བརྩམས་དེབ་འདིའི་ཆེད་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ བོད་ཀྱི་ཐེབས་རྩ་ལས་ཁང༌གི་འདྲ་པར་ཡིག་ཚགས་ཁང་ནས་པར་མི་ཉུང་བ་ཞིག་གི་མཐུན་ འགྱུར་གནང་བར་ལེགས་གསོལ་ཡོད། འཛམ་གླིང་ས་ཆ་གང་ས་ནས་པར་དང་ལག་རྩལ་གྱི་རམ་འདེགས་གནང་མཁན་པར་ བ་སྐུ་ཞབས་Pedro Saraiva, Gert Holmertz, Stephan Bollinger, བཅས་ཀྱིས་ང་ཚོའི་ལས་ འཆར་གྱི་གལ་གནད་མཁྱེན་པར་ཐུགས་རྗེ་ཆེ། མཇུག་མཐར་ང་ཚོའི་མཛའ་གྲོགས་རྣམ་པ་དང་ནང་མི་བུ་ཕྲུག་བཅས་པར་སེམས་ ཤུགས་དང་སྙིང་སྟོབས་སྤེལ་བའི་གྲོགས་དན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

217


གནས་ཚུལ་འཚོལ་ཁུངས། Interviews 1.Tsering, Chope Paljor. Personal interview. Dec. 2006. 2.Tshoko, Lhakpa. Personal interview. Aug. 2007.

DVDs 1.Biography - Dalai Lama: the Soul of Tibet. DVD. A&E Home Video, 2005. 2.COMPASSION IN EXILE: the Story of the 14th Dali Lama. Dir. Mickey Lemle. DVD. 1992. 3.Dalai Lama on Life and Enlightenment. DVD. Hannover House, 2006. 4.Escape Over the Himalayas. Dir. Maria Blumencron. DVD. Tibet Support Group KIKU, 2006. 5.Kundun. Dir. Martin Scorsese. Perf. Tenzin Thuthob Tsarong. DVD. 1998.

Books 1 Gyalpo, Pema. Tibet Nyumon. Tokyo: Nicchu Shuppan, 1998. 2. Ishihama, Yumiko, and Kazuo Nagahashi. Zusetsu Tibet Rekishi Kikou. Tokyo: Kawade Shobo Shinsha, 1999. 3.Tenzin Gyatso, Dalai Lama, and Howard C. Cutler. The Art of Happiness: a Handbook for Living. New York: Riverhead Hardcover, 1998. 4.Tenzin Gyatso, Dalai Lama. Freedom in Exile: the Autobiography of the Dalai Lama. New York: HarperCollins, 1990. 5.Tenzin Gyatso, Dalai Lama. Idaku Kotoba. Tokyo: East P, 2006.

Websites 1. Latest News. His Holiness the 14th Dalai Lama. The Office of His Holiness the Dalai Lama. Mar. 2006 <http://www.dalailama.com/>. 2. Messages from His Holiness the Dalai Lama.LIAISON OFFICE OF H.H.THE DALAI LAMA for Japan & EastAsia. 20 May 2006<http://www.tibethouse.jp/dalai_lama/message/index.html>. 3. Present Situation in Tibet. Tibet Government in Exile’s Official Web Site. The Government of Tibet in Exile. May 2008 <http://www.tibet.com/Humanrights/index.html>. 4. Tenzin Gyatso, 14th Dalai Lama. Wikipedia the Free Encyclopedia. Wikimedia Foundation, Inc. Aug. 2006 <http://en.wikipedia.org/wiki/Tenzin_Gyatso>. 5. Tibet in Exile. The Official Website of the Central Tibetan Administration. The Central Tibetan Administration. Aug. 2007 <http://www.tibet.net/en/tibet/exile.html>. 6. Tibet News. International Campaign for Tibet. International Campaign for Tibet. June 2006 <http://www.savetibet.org/news/index.php>.

218


རྩོམ་པ་པོ་ངོ་སྤྲོད།

ཉི་ཧོང་པ་ཏེ་ཚུ། སཱ་ཡེ་ཝཱ་ཡེ་(Tetsu Saiwai) ནི་མུ་སྦྲེལ་བརྙན་དེབ་སྒྱུ་རྩལ་པ་ཞིག་རེད། འདས་པའི་ལོ་ཉི་ཤུ་བརྒལ་བའི་རིང༌། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ ཐང་གི་གནད་དོན་དང་འབྲེལ་བའི་གོ་རྟོགས་ཁྱབ་སྤེལ་གྱི་བརྙན་དེབ་མང་པོ་འགྲེམས་སྤེལ་ གནང་ཡོད། མུ་སྦྲེལ་བརྙན་དེབ་འབྲི་རྩོམ་ཙམ་མ་ཟད། ཏེ་ཚུ་ལགས་ཨ་ལད་པད་ཀོའ་ི གསང་ཐག་ ལྷ་མོ་འཁྲབ་སྟོན་ལ་ཧ་ཅང་དགའ་མོས་ཆེ་བས། མི་རིང་བར་འགྲོ་བ་མིའི་གནད་དོན་གལ་ཆེ་ དང་འབྲེལ་བའི་གསང་ཐག་ལྷ་མོའ ་ི ཟློས་གར་དཔུང་ཁག་ཅིག་འགོ་འཛུགས་གནང་འཆར་ འདུག ད་ལྟའི་ཆར་ཁོང་ཉི་ཧོང་ནུབ་ཕྱོགས་ཀྱི་གྲོང་གསེབ་ཡིད་དུ་འོང་བ་ཞིག་ཏུ་ཁོང་རང་གི་ སྐུ་ཟླ་དང་སྒོ་ཁྱི་ཚོའི་མཉམ་དུ་བཞུགས་ཀྱི་འདུག ཁོང་གི་ཕྱག་ལས་སྐོར་ད་དུང་གནས་ཚུལ་ མཁྱེན་འདོད་ཡོད་ན་གཤམ་གསལ་དྲ་གནས་ལ་གཟིགས་རོགས། http://blogs.yahoo.co.jp/saiwaimiyuki/folder/1587623.html (Japanese)

Emotional Content གྱི་ངོ་སྤྲོད།

འདི་ནི་ཉི་ཧོང་ནང་གི་རང་དབང་ཅན་གྱི་མུ་སྦྲེལ་བརྙན་དེབ་དང་འགུལ་སྐྱོད་པར་ རིས་སྒྱུ་རྩལ་པའི་མཐུན་ཚོགས་ཤིག་ཡིན། ང་ཚོའི་དམིགས་ཡུལ་ནི་འཛམ་གླིང་ནང་ཕན་ བདེའི་བྱ་གཞག་སྤེལ་རྒྱུར་སྙིང་སྟོབས་སྤེལ་བ་དང༌། ནུས་པ་གོང་འཕེལ་ཡོང་བར་མཁོ་བའི་ གནས་ཚུལ་གསར་གཏོད་དང་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན། ད་ལྟའི་ཆར་ང་ཚོས་མུ་སྦྲེལ་བརྙན་དེབ་བཅུ་ཕྲག་བརྒལ་བ་ཞིག་དང་འགུལ་སྐྱོད་པར་ རིས་ལས་འཆར་གཅིག་བཅས་ཀྱི་ཐོག་ལས་ཀ་བྱེད་བཞིན་ཡོད་པས། མགྱོགས་པོ་བརྡ་ལན་ ཁྱབ་སྤེལ་དང༌། སྙིང་སྟོབས་སྤེལ་ཐབས། ནུས་པ་གོང་འཕེལ་གཏོང་ཐབས་ཀྱི་ལས་ཀའི་གྲུབ་ འབྲས་རྣམས་ཁྱེད་རྣམ་པ་དང་མཉམ་སྤྱོད་ཐུབ་པའི་རེ་བ་ཡོད།

219


ང་ཚོའི་གནས་ཚུལ་གསར་པ་རྣམས་དྲ་རྒྱ་འདི་དག་ཏུ་གཟིགས་རོགས།

www.biographicnovel.com www.emotionalcontent.net

ང་ཚོའི་ལས་ཁུངས་ཀྱི་ལས་དོན་རྣམས་ཨ་རིར་ཁེ་ལི་ཕོར་ནི་ཡའི་ནང་དང་། ཐོན་སྐྱེད་ ཀྱི་ལྟེ་གནས་ཉི་ཧོང་། ཡོ་ཀོ་ཧ་མར་ཡོད། ཁ་བྱང༌།

220

Emotional Content LLC. P.O. Box 251863 Los Angeles.CA 90025 info@biographicnovel.com



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.