གནམ་ལ་འཕུར་ ས་ལ་འཛུལ་
ཤེས་རིིིག་ལས་ཁུུངས་ནས་པར་སྐྲུུན་དང་འགྲེམས་སྤེེལ་ཞུས་
སྤྱི་ཁྱབ་འགན་འཛིན།
བསྟན་འཛིན་པདྨ།
རྩོམ་པ་པོ།
ཆོས་ཉིད་སྒྲོལ་མ།
རི་མོ་བ།
ངག་དབང་རྡོ་རྗེ།
ཞུ་དག་པ།
ཇུས་འགོད་པ། ་
དཔར་ཐེངས་དང་པོ།
དགེ་འདུན་དོན་ཡོད། བསྟན་འཛིན་སྐལ་བཟང་།
First Printing
ཕྱི་ལོ་ ༢༠༢༣ ཟླ་ ༣
དཔར་གྲངས།
༡༥༠༠
March 2023
1500
First published by the Department of Education, Central Tibetan Adiministration in 2023. Printed by Sherig Parkhang Trust, Delhi. This children’s book is made possible by the support of the American People through the United States Agency for International Development (USAID). The contents of this book are the sole responsibility of the Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.
Phone: +91-1892-222572, 222721 E-mail: education@tibet.net Website: www.sherig.org
DEPARTMENT OF EDUCATION CENTRAL TIBETAN ADIMINISTRATION
Gangchen Kyishong, Dharamsala-176215 Distt Kangra, H.P. India
སྔོན་གླེང་། ༄༅། །ཤེས་རིག་ལས་ཁུངས་ནས་བོད་པའི་མ་འོངས་སོན་རྩ་རྣམས་ཀྱི་ལུས་ངག་ཡིད་གསུམ་བདེ་ཐང་ངང་འཚར་ལོངས་ཡོང་
ཐབས་སུ་བརྙན་དེབ་དང་། འགུལ་བརྙན། སྒྲུང་དེབ། སྒྲ་དེབ་སོགས་གང་ཐུབ་ཅི་ཐུབ་ཀྱིས་རྩོམ་སྒྲིག་དང་འགྲེམས་སྤེལ་ཞུས་དང་ཞུ་ བཞིན་པ་མ་ཟད། དུས་ཀྱི་དགོས་མཁོ་ལ་དཔག་པའི་གསར་གཏོད་གང་ཡོང་ཞུ་བཞིན་ཡོད།
ད་ལན་པར་སྐྲུན་ཞུས་པའི་བྱིས་སྒྲུང་དང་བརྙན་དེབ་ཁག་བཞི་ཡང་དམིགས་ཡུལ་ངེས་ཅན་རེ་བཟུང་ནས་གསར་རྩོམ་ཞུས་པ་ཡིན།
དེ་ཡང་<<བསྟན་འཛིན་གྱི་སྐྱེས་སྐར།>> ཞེས་པའི་བྱིས་སྒྲུང་གིས་བོད་པའི་བྱིས་པ་རྣམས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་སྐྱེས་ སྐར་གཏོང་སྟངས་ཤེས་ཐབས་སུ་དམིགས་པ་དང་། <<སློབ་ཕྲུག་ཚོ། འཛིན་གྲྭ་ཚོགས་རྒྱུར་གྲ་སྒྲིག་ཡིན་ནམ།>> ཞེས་པས་དགེ་རྒན་
རྣམ་པས་སློབ་ཚན་མ་འཁྲིད་པའི་སྔོན་དུ་སློབ་ཕྲུག་གི་སེམས་ཁམས་རྒྱུས་ལོན་གནང་སྟེ། སློབ་ཕྲུག་གི་སེམས་ལྷོད་ལ་འབེབས་རྒྱུ་གལ་ ཆེན་པོ་ཡིན་པ་ཤེས་ཐབས་སུ་དམིགས་པ་ཡིན། དེ་བཞིན་<<ཁྱེད་ལ་གཞན་གྱིས་བརྩེ་བ་སྤྲད་ན་དགའ་པོ་ཡོང་གི་འདུག་གམ།>> ཞེས་
པས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་སླེབས་ཐབས་སུ་དམིགས་ནས་བྲིས་པ་ཡིན། བཞི་པ་<<གནམ་ལ་འཕུར། ས་ ལ་འཛུལ།>> ཞེས་པས་སྲོག་ཆགས་ཁྲོད་ནས་གནམ་ལ་འཕུར་མཁན་དང་། ས་ལ་འཛུལ་མཁན་རིགས་ངོ་སྤྲོད་ཆེད་དུ་དམིགས་ནས་ བྲིས་པ་ཡིན།
སྤྱིར་བཏང་ནས་གོང་གི་བྱིས་པའི་དཔེ་དེབ་དེ་དག་བརྒྱུད་ནས་བོད་པའི་དམའ་རིམ་སློབ་ཕྲུག་ཚོས་བོད་པའི་ཚིག་ཕྱུག་པོ་བཟོ་ཐབས་
དང་། ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་བཀའ་མོལ་གནང་སྟངས། བཀའ་མོལ་གནང་སྐབས་ཞེ་ས་བསྐྱོན་པའི་གོམས་གཤིས་འཇགས་
ཐབས། སེམས་རྒྱུད་ཞི་བདེ་བག་ཕེབས་ཡོང་ཐབས། རང་གཞན་ཚང་མ་བདེ་སྐྱིད་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་ མཚུངས་ཡིན་པ་ཤེས་ཚོར་ཡོང་ཐབས་སོགས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཡིན།
མཐའ་དོན་བོད་ཕྲུག་ཚོས་བྱིས་པའི་དཔེ་དེབ་དེ་དག་ངེས་པར་དུ་ལྗགས་ཀློག་གནང་དགོས་པའི་སྐུལ་ལྕག་ཞུ་ཡི་ཡོད་ལ། བྱིས་སྒྲུང་
དེ་དག་གིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། སྐད་ཡིག་གི་ཉན་རྩལ་དང་། བཤད་རྩལ། ཀློག་རྩལ། འབྲི་རྩལ་བཅས་ཡར་
རྒྱས་གོང་འཕེལ་འགྲོ་བར་ཕན་པའི་རེ་བ་ཡོད། དེ་བཞིན་ཕ་མ་རྣམ་པས་སོ་སོའ་ི ཕྲུ་གུས་ཤེས་བྱ་སྣ་མང་ཤེས་རྟོགས་ཡོང་ཐབས་དང་།
བོད་ཚིག་ཕྱུག་པོ་ཡོང་ཐབས། མི་ཚེ་ཧྲིལ་པོ་ཀློག་པ་པོ་ཆགས་ཐབས་ཆེད་དུ་ཉིན་ལྟར་ཕྲུ་གུའི་ལྷན་དུ་སྐད་ཤུགས་ཆེན་པོས་དཔེ་ཀློག་ གནང་རྒྱུ་དང་། ནམ་རྒྱུན་དུ་ཕྲུ་གུའི་ལྷན་དུ་དཔེ་ཀློག་གནང་རྒྱུ་དང་བོད་སྐད་གཙང་མ་བསྐྱོན་དགོས་པའི་རེ་སྐུལ་དང་བཅས། ཤེས་རིག་ ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ཉིན།
ཐང་དཀར་རྒོད་པོོ་གནམ་ལ་འཕུར་
ཐང་དཀར་རྒོད་པོ་གནམ་ལ་འཕུར། 1
རིི་བོོོང་བློོོ་ལྡན་ས་ལ་འཛུལ་
རི་བོང་བློ་ལྡན་ས་ལ་འཛུལ། 2
ཕོོ་རོོོག་ནག་ཆུུང་གནམ་ལ་འཕུུར་
ཕོ་རོག་ནག་ཆུང་གནམ་ལ་འཕུར། 3
གྲོག་མ་མིིག་མེེད་ས་ལ་འཛུུལ་
གྲོག་མ་མིག་མེད་ས་ལ་འཛུལ། 4
འཇོོལ་མོོ་གསུུང་སྙན་གནམ་ལ་འཕུུར་
འཇོལ་མོ་གསུང་སྙན་གནམ་ལ་འཕུར། 5
རྐང་བརྒྱ་ལག་བརྒྱ་ས་ལ་འཛུལ་ རྐང་བརྒྱ་ལག་བརྒྱ་ས་ལ་འཛུལ།
6
ཁུུ་བྱུག་སྔོོན་མོོ་གནམ་ལ་འཕུུར་
ཁུ་བྱུག་སྔོན་མོ་གནམ་ལ་འཕུར། 7
ས་འབུ་ཐང་ནུུར་ས་ལ་འཛུལ་
ས་འབུ་ཐང་ནུར་ས་ལ་འཛུལ།
8
སྲིན་བྱ་འུུག་པ་གནམ་ལ་འཕུུར་
སྲིན་བྱ་འུག་པ་གནམ་ལ་འཕུར། 9
ཙིི་ཙིིི་རྐུན་བུ་ས་ལ་འཛུལ་
10
ཙི་ཙི་རྐུན་བུ་ས་ལ་འཛུལ།
ནེ་ཙོོ་སྨྲ་མཁས་གནམ་ལ་འཕུར་
ནེ་ཙོ་སྨྲ་མཁས་གནམ་ལ་འཕུར།
11
།
འཕྱིི་བ་སྒོོམ་ཆེེན་ས་ལ་འཛུལ་ འཕྱི་བ་སྒོམ་ཆེན་ས་ལ་འཛུལ།
12
སྐྱ་ཀ་ཁྲ་མོ་གནམ་ལ་འཕུུར་
སྐྱ་ཀ་ཁྲ་མོ་གནམ་ལ་འཕུར།
13
དུག་སྦྲུལ་ལྕེེ་གཉིིས་ས་ལ་འཛུལ་ དུག་སྦྲུལ་ལྕེ་གཉིས་ས་ལ་འཛུལ།
14
སྐྱུང་ཀ་མཆུུ་དམར་གནམ་ལ་འཕུུར་
སྐྱུང་ཀ་མཆུ་དམར་གནམ་ལ་འཕུར།
15
ཝ་མོ་གཡོོ་ཅན་ས་ལ་འཛུལ་
ཝ་མོ་གཡོ་ཅན་ས་ལ་འཛུལ། 16
གོོ་བོོོ་ཀླད་དཀར་གནམ་ལ་འཕུུར་
གོ་བོ་ཀླད་དཀར་གནམ་ལ་འཕུར། 17
ཟེེ་མོོོང་སྤུ་གཟེེང་ས་ལ་འཛུལ་
18
ཟེ་མོང་སྤུ་གཟེང་ས་ལ་འཛུལ།
འོལ་བ་སེེར་པོོོ་གནམ་ལ་འཕུར་
འོལ་བ་སེར་པོ་གནམ་ལ་འཕུར།
19
ཨ་བྲ་མཇུག་མེད་ས་ལ་འཛུལ་
ཨ་བྲ་མཇུག་མེད་ས་ལ་འཛུལ།
20
ཁུག་རྟ་ཆར་དགའ་གནམ་ལ་འཕུར་
ཁུག་རྟ་ཆར་དགའ་གནམ་ལ་འཕུར། 21
བྱིི་ལོོོང་མིིིག་མེེད་ས་ལ་འཛུལ་
བྱི་ལོང་མིག་མེད་ས་ལ་འཛུལ། 22
བྱ་གླག་རྩལ་ཅན་གནམ་ལ་འཕུར་
བྱ་གླག་རྩལ་ཅན་གནམ་ལ་འཕུར། 23
སྲེེ་མོོོང་གཟུགས་རིང་ས་ལ་འཛུལ་
སྲེ་མོང་གཟུགས་རིང་ས་ལ་འཛུལ།
24
གཤོག་ལྡན་སྲོག་ཆགས་གནམ་ལ་འཕུར་
གཤོག་ལྡན་སྲོག་ཆགས་གནམ་ལ་འཕུར།
25
སྐམ་སའིི་སྲོོོག་ཆགས་ས་ལ་འཛུལ་
སྐམ་སའི་སྲོག་ཆགས་ས་ལ་འཛུལ། 26
འཕུུར་འཕུུར་ནམ་མཁའིི་དབྱིིིངས་ལ་འཕུུར་
འཕུར་འཕུར་ནམ་མཁའི་དབྱིངས་ལ་འཕུར།
27
འཛུལ་འཛུལ་ས་ཡིི་འོོོག་ལ་འཛུལ་
འཛུལ་འཛུལ་ས་ཡི་འོག་ལ་འཛུལ།
28
ད་དུང་ཉ་དང་སྦལ་པ་སོགས་ ད་དུང་ཉ་དང་སྦལ་པ་སོགས། 29
གང་དུུ་འཛུུལ་བ་ཨེེ་ཤེེེས་སམ་ གང་དུ་འཛུལ་བ་ཨེ་ཤེས་སམ། 30