སྤྱང་གྲུང་ལྡན་པའི་བུ་མོ་དབྱངས་ཅན།

Page 1


ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་། ༦༩

སྤྱང་གྲུང་ལྡན་པའི་བུ་མོ་དབྱངས་ཅན། ཆོས་ཉིད་སྒྲོལ་མས་བརྩམས།

ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་ཞུས།


སྤྱི​ི་ཁྱབ་འགན་འཛི​ིན།

རྩོམ་སྒྲིག་པ། རི་མོ་བ།

ཇུས་འགོད་པ།

བསྟན་འཛི​ིན་པདྨ།

ཆོས་ཉིད་སྒྲོལ་མ།

བསྟན་འཛིན་བཀྲ་ཤིས། ཆོས་ཉིད་སྒྲོལ་མ།

Copyright © 2021 Department of Education All rights reserved First Edition 2021 Acknowledgement Financial support from ARTIC (Association For Rengein Tanjouji International Cooperation), Japan has made this publication possible. Published by: Publication Cell/Education Council Department of Education Central Tibetan Administration Gangchen Kyishong, Dharamshala -176215 Distt. Kangra (H.P.) INDIA Printed by: Sherig Parkhang Trust E-mail: shepardelhi@gmail.com


༄༅། །ཉིན་ཞིག་གི་ཞོགས་པ་ཨ་མ་སྒྲོལ་མས་ཆུ་ཚོད་དྲུག་པ་ཡོལ་ཙམ་ནས་རང་གི་གཅེས་ ཕྲུག་ལོ་ན་ལྔ་ལ་སོན་མ་ཐག་པའི་བུ་མོ་དབྱངས་ཅན་སྐྱིད་པའི་མལ་ལས་བསླངས་ཏེ། ངོ་ གདོང་བཀྲུས་པ་དང་ཞོགས་ཟས་སུ་བག་ལེབ་མངར་མོ་དང་འོ་མ་སྤྲད་པ་རེད།

1


དེ་ཉིན་ཨ་མ་སྒྲོལ་མས་བུ་མོ་དབྱངས་ཅན་ལ་དུས་རྒྱུན་གྱི་གྱོན་ཆས་ལས་སྙིང་རྗེ་བ་ཞིག་

བཀོན་པ་རེད། བུ་མོ་དབྱངས་ཅན་གྱིས། ཨ་མ་ལགས། དེ་རིང་དུས་ཆེན་རེད་དམ། ཞེས་

དགའ་པོའི་ངང་ནས་སྐད་ཆ་དྲིས། ཨ་མ་ལགས་ཀྱིས། དེ་རིང་རང་གི་པ་ལགས་ཐག་རིང་ ནས་ང་གཉིས་ཐུག་པར་ཕེབས་ཀྱི་རེད། ཅེས་གསུངས།

2


དེ་ནས་ཨ་མ་སྒྲོལ་མ་དང་བུ་མོ་དབྱངས་ཅན་གཉིས་གནམ་ཐང་དུ་ཕ་སྐལ་བཟང་ཕེབས་སྒུག་ ཞུ་བར་ཕྱིན་པ་རེད། ཁོང་གཉིས་གནམ་ཐང་དུ་སླེབས་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཕ་ སྐལ་བཟང་འགྲུལ་སྒམ་ཞིག་དྲུད་ནས་ཁོང་གཉིས་ཀྱི་མདུན་དུ་འབྱོར།

3


འོན་ཀྱང་བུ་མོ་དབྱངས་ཅན་གྱིས་དགའ་སྣང་ཅུང་ཙམ་ཡང་མ་སྟོན་པར་མིག་གཉིས་ཁོང་གི་ ཕྱོགས་སུ་ཧྲིག་གིར་བལྟས། སྐབས་དེར་ཨ་མ་སྒྲོལ་མས། བུ་མོ། ཁོང་རང་གི་པ་ལགས་ རེད། མགྱོགས་པོ་པ་ལགས་ཞུ་ཡི་མིན་ནམ། ཞེས་གསུངས་པ་རེད།

4


དེ་ནས་དབྱངས་ཅན་གྱིས་འཛུམ་ཆུང་ཞིག་བསྟན་ནས། པ་ལགས། ཞེས་ཞུས་པ་དང་། ཕ་

སྐལ་བཟང་དགའ་ཚོར་ཆེན་པོ་བྱུང་བ་རེད། ཕ་སྐལ་བཟང་གིས་བུ་མོ་དབྱངས་ཅན་མགྱོགས་

པོ་པང་དུ་བཀྱགས་ནས་འོ་ཞིག་བྱས།

5


དེ་ནི་ཁོང་ནང་མི་ཚོར་མཚོན་ན། ལོ་ངོ་ཧྲིལ་པོ་བཞིའི་རྗེས་ནང་མི་མཉམ་འཛོམས་བྱུང་བ་

ཐེངས་དང་པོ་དེ་ཆགས་ཡོད། བུ་མོ་སྐྱེས་ནས་ལོ་ངོ་གཅིག་གི་རྗེས་ཕ་སྐལ་བཟང་ཕྱི་རྒྱལ་ དུ་དཔལ་འབྱོར་མཁོ་སྒྲུབ་ཀྱི་དོན་དུ་ཕྱིན་ནས་ད་བར་ཕེབས་ཐུབ་མེད།

6


དེ་རྗེས་ཕས་བུ་མོ་པང་དུ་བཀྱགས་པ་དང་། ཨ་མ་སྒྲོལ་མས་འགྲུལ་སྒམ་འདྲུད་ནས་ནམ་ ཐང་གི་ཕྱིར་ཐོན་རྩིས་བྱེད་སྐབས། དབྱངས་ཅན་གྱིས་ཕའི་པང་ལས་བབས་ཤིང་ཁོང་གི་ ལག་ནས་འཇུས་ཏེ་ཕྲུ་གུའི་རྩེད་ཆས་ཚོང་ཁང་དུ་ཁྲིད་པ་རེད།

7


དེར་ཕྲུ་གུའི་རྩེད་ཆས་འདྲ་མིན་སྣ་ཚོགས་ཡོད་པ་མཐོང་སྐབས། དབྱངས་ཅན་དགའ་ཐག་

ཆོད་དེ་ལམ་སང་ཉལ་ཁྲི་ཅན་གྱི་ཨ་ལད་པད་ཀོ་ལ་འཇུ་ཙམ་འཇུ་ཙམ་བྱས་པ་དང་ཕ་སྐལ་ བཟང་ལ་འཛུམ་དམུལ་དམུལ་ངང་། པ་ལགས། ང་ཁྱེད་རང་ལ་དགའ་པོ་ཡོད། ཅེས་ཞུས་ པ་མ་ཟད། ཨ་ལད་པད་ཀོ་འདི་ལ་པ་ལགས་ཁྱེད་རང་ནང་བཞིན་དགའ་པོ་ཡོད། ཅེས་ཞུས།

8


ཕ་སྐལ་བཟང་གིས་ལམ་སང་ཚོང་དཔོན་ལ་གོང་ཚད་ག་ཚོད་ཡིན་མིན་བཀའ་འདྲི་གནང་། ཚོང་ དཔོན་གྱིས་འདི་ལ་སྒོར་སུམ་སྟོང་ལྔ་བརྒྱ་རེད་ཅེས་བཤད། ཨ་མ་ལགས་ཀྱིས་དེ་འདྲའི་

རིན་གོང་མཐོ་བའི་རྩེད་ཆས་ཉོ་དགོས་ཀྱི་མ་རེད། ནང་ལ་ཡང་འདི་འདྲ་བའི་རྩེད་ཆས་མང་ པོ་ཡོད་རེད། ཅེས་གསུངས།

9


དེ་ནས་བུ་མོ་དབྱངས་ཅན་གྱིས། ཨ་མ་ལགས། ང་དངོས་གནས་ཨ་ལད་པད་ཀོ་འདི་ལ་པ་

ལགས་ནང་བཞིན་དགའ་ཡི་འདུག །ཅེས་ཟེར་ཞིང་མིག་ཆུ་ལྷུང་ལྷུང་དུ་བཏང། མིག་ཆུ་དེ་འདྲ་ བཏང་བ་ཕ་སྐལ་བཟང་གིས་མཐོང་སྐབས་སེམས་ཀྱིས་མ་བཟོད་པར་ཨ་ལད་པད་ཀོ་དེ་ཉོས་ ནས་བུ་མོ་དབྱངས་ཅན་གྱི་ལག་ཏུ་སྤྲད།

10


བུ་མོས་ཨ་ལད་པད་ཀོ་ལག་ཏུ་བླངས་ནས་དགའ་བའི་འཛུམ་ཆུང་དང་བཅས་ཨ་མར་ལྟ་ ཙམ་བྱས། དེ་ནས་ཕ་སྐལ་བཟང་གིས་བུ་མོ་དབྱངས་ཅན་གྱི་ལག་པ་འཇུས་ནས་ཁྲིད། ཨ་

མ་སྒྲོལ་མས་འགྲུལ་སྒམ་དྲུད་ནས་གནམ་ཐང་གི་སྒོ་དོན་ཏེ། གླ་འཁོར་ཞིག་གླས་ནས་མགྲོན་ ཁང་ཕྱོགས་སུ་ཕྱིན།

11


ཁོང་གསུམ་གླ་འཁོར་ནས་བབས་ཏེ་མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ། དབྱངས་ཅན་གྱིས་

གློ་བུར་དུ། པ་ལགས་ཞེས་འཛུམ་དམུལ་དམུལ་བྱས། པ་ལགས། རྔ་རྡུང་གི་རྩེད་ཆས་དེ་ཧ་ ཅང་སྙིང་རྗེ་མོ་འདུག་ག ཞེས་ཞུས་པ་དང་གོམ་པ་སྤོ་མཚམས་བཞག །པ་ལགས། ང་ཁྱེད་

རང་ལ་ཧ་ཅང་དགའ་པོ་ཡོད། ཅེས་ཞུས། ཕ་སྐལ་བཟང་གིས་བུ་མོས་སྤྱང་གྲུང་རྩེད་པ་ཤེས་ ནས་མུ་མཐུད་མགྲོན་ཁང་ཕྱོགས་སུ་བསྐྱོད་རྩིས་བྱས།

12


འོན་ཀྱང་དབྱངས་ཅན་གྱིས་གོམ་པ་མ་སྤོས་པར་ང་རྩེད་ཆས་འདི་ལ་ཧ་ཅང་དགའ་པོ་ཡོད། པ་ ལགས་ཁྱེད་རང་ལ་དགའ་བ་ནང་བཞིན་ཡིན། ཞེས་ཨུ་ཚུགས་ཀྱིས་ཞུས། ཕ་སྐལ་བཟང་བྱེད་ ཐབས་མེད་པར་ཚོང་དཔོན་ལ་གོང་ཚད་བཀའ་འདྲི་གནང་རྗེས་རྩེད་ཆས་དེ་མོའི་ལག་ཏུ་སྤྲད།

13


དེ་ནས་ཁོང་གསུམ་མགྲོན་ཁང་ཕྱོགས་སུ་བསྐྱོད། སྐབས་དེར་བུ་མོ་དབྱངས་ཅན་ལ་རང་གི་

འཛིན་གྲོགས་བུ་མོ་ལྷ་མོ་ཐུག བུ་མོ་ལྷ་མོས་ལམ་སང་རང་གི་ཨ་མ་ལགས་ཀྱིས་ཁྲོམ་གཞུང་ ནས་ཉོས་པའི་རྩེད་ཆས་མང་པོ་ཞིག་དབྱངས་ཅན་ལ་བསྟན་པ་རེད།

14


དེར་དབྱངས་ཅན་གྱིས་ང་ལ་ཡང་པཱ་ལགས་ཀྱིས་ཨ་ལད་པད་ཀོ་དང་རྔ་ཆུང་འདི་གཉིས་

གཟིགས་གནང་བྱུང་ཟེར་ཞིང་རྩེད་ཆས་རྣམས་ངོམ་རེས་བྱས། བུ་མོ་དབྱངས་ཅན་ལ་རྩེད་

ཆས་གཉིས་ལས་མེད་ཀྱང་འདོད་བློ་ཁེངས་པོའི་ངང་། ང་ལ་རྩེད་ཆས་འདི་གཉིས་ལས་མང་ པོ་མཁོ་ཡི་མི་འདུག་ཅེས། འདོད་པ་ཚིམས་པའི་སྐད་ཆ་དེ་འདྲ་ཞིག་བཤད།

15


ལོ་ན་ལྔ་ལ་སོན་མ་ཐག་པའི་བྱིས་པ་ཞིག་གིས་དེ་འདྲའི་ལན་ཞིག་གློ་བུར་དུ་རྒྱག་སྐབས། ཁོ་ མོའི་ཕ་མ་གཉིས་ཅུང་ཙམ་རིང་ཧང་སང་ནས་ལུས་པ་རེད།

16


དེ་རྗེས་དབྱངས་ཅན་གྱི་ཨ་མ་ལགས་ཀྱིས་དབྱངས་ཅན་ལ། ད་ཕྱི་པོ་ཆགས་འདུག ང་ཚོ་

འགྲོ་རན་སོང་། ལྷ་མོ་ལ་ག་ལེར་ཕེབས་ལོབ་ཅེས་གསུངས་པས་དབྱངས་ཅན་གྱིས་དེ་ལྟར་

བཤད། དེ་ནས་བུ་མོ་དབྱངས་ཅན་དང་ལྷ་མོ་གཉིས་རང་རང་གི་ཕ་མ་དང་ལྷན་དུ་རང་ཁྱིམ་ དུ་ལོག་པ་རེད།

17


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.