༄༅སྒ ོ འ ིི ་དྲིིིལ་བུ༌། །
ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བཟོ་བྱས་།
གངས་ལྗོངས་བྱིས་པའི་བརྙན་དེབ་། ༢༠
རྩོམ་སྒྲིག་འགན་འཛིན༌
ཨཱཙཱརྱ་ཀརྨ་སྨོན་ལམ༌
རྩོམ་སྒྲིག་ལས་རོགས༌
ངག་དབང་བསྟན་འཛིན༌
རྩོམ་སྒྲིག་པ༌
ཇུས་འགོད་པ༌
རྩོམ་པ་པོ་དང་རི་མོ་བ་
ཀུན་དགའ་རྒྱལ་མཚན༌ ཀུན་དགའ་རྒྱལ་མཚན༌
པེཊ་ ཧཌ་ཆིན་སི་(Pat Hutchins)
༄༅།ཨ་མས་ཁྱེད་གཉིས་ལ་ཁ་ཏོག་བཟོས་ཡོད་ གུ་གཉིས་ཀྱིས་ ཨ་མ་ལགས་
དཔེ་ཡག་པོ་བྱུང་སོང་
ཅེས་ཟེར་བཞིན་དགའ་སྣང་ཆེན་པོ་བྱས།
མཉམ་དུ་ཟོ་ཨང༌
ཞེས་བཤད་
ཕྲུ་
ང་ཚོ་གྲོད་ཁོག་ལྟོགས་ནས་བསྡད་ཡོད་
4
༢
ཁོ་ཚོ་གཉིས་ཀྱིས་མི་རེེེ་ལ་ཁ་ཏོག་ག་ཚོད་ཐོབ་མིན་གྲངས་ཀ་བརྒྱབས་ཏེ་ དྲུག་རག་གི་འདུག་ ཅེས་ལབ་སྟེ་
མདོག་ཁ་པོ་བཟོས་ཡོད།
ངེད་གཉིས་ལ་དྲུག་
དྲུག་དྲུག་བཟའ་རྒྱུ་བྱས་ ཁ་ཏོག་དེ་ཚོ་ཨ་མས་ཞིམ་
དེ་ནས་ཨ་མས་ནང་གི་ཞལ་ལ་ཕྱི་བདར་གཏོང་བཞིན་པའི་སྐབས་སུ་ ཏིང་ཏོོང་་་་ ཏིང་ཏོོང་་་་ ཞེས་སྒོའིི་དྲིིིལ་བུ་བརྡུངས་པ་དང་ཨ་མས་སྒོ་འབྱེད་པར་ཕྱིན།
༣
6
༤
ཕྲུ་གུ་གཉིས་ཀྱིས་སྡེར་མ་ཆུང་ཆུང་ནང་དུ་ཁ་ཏོག་བླུག་རྒྱུའི་གྲ་སྒྲིག་བྱེད་བཞིན་ པའི་སྐབས་དེར་
ཁྱིམ་མཚེས་ཀྱི་ཕྲུ་གུ་གཉིས་ཡིན་པ་མཐོང་།
ཨ་མས་
ནང་ལ་ཤོག་ ཁྱེད་ཚོས་ཁ་ཏོག་མཉམ་དུ་ཟོ་ཨང་ ཞེས་
བཤད་དེ་ མུ་མཐུད་དེ་ཞལ་ལ་ཕྱི་བདར་བཏང་།
༥
8
༦
ཡང་ཁོ་ཚོས་ཕྲུ་གུ་རེ་ལ་ག་ཚོད་ཐོབ་མིན་གྲངས་ཀ་བརྒྱབས་པས་ ཚང་མས་བགོད་རྩིས་ བརྒྱབས་ཏེ༌ ཕྲུ་གུ་རེ་ལ་གསུམ་གསུམ་ཐོབ་ཀྱི་འདུག་ ཅེས་བཤད།
དེ་དང་མཉམ་དུ་ཨ་མས་ནང་གི་ཞལ་ལ་ཕྱི་བདར་རྒྱག་འགོ་བཙུགས་པ་དང་ ཡང་བསྐྱར་ཏིང་ཏོོང་་་ ་ ཏིང་ཏོོང་་་་ ཞེས་སྒོ་དྲིལ་བརྡུངས།
༧
10
༨
ཁོ་ཚོ་གཉིས་ནི་ནམ་རྒྱུན་རྩེད་མོ་རྩེད་རོགས་ཀྱི་ཕྲུ་གུ་གཉིས་ཡིན་པ་རེད།
ཨ་མས་ ནང་ལ་ཤོག་
ཁྱེད་ཚོས་ཁ་ཏོག་བགོ་བཤའ་བརྒྱབས་ནས་ཟོ་ཨང་
ཞེས་བཤད་ནས་སྒོ་བརྒྱབས།
༩
12
༡༠
ཡང་ཁོ་ཚོས་ཕྲུ་གུ་རེ་ལ་ཁ་ཏོག་ག་ཚོད་ཐོབ་མིན་གྲངས་ཀ་བརྩིས་པས་ བགོད་རྩིས་བརྒྱབས་ནས་ཕྲུ་གུ་རེ་ལ་གཉིས་གཉིས་ཐོབ་ཀྱི་འདུག་
ཚང་མས་
ཅེས་བཤད།
དེ་ནས་ཨ་མས་ཕྲུ་གུ་དེ་གཉིས་ཀྱི་དུག་སློག་མཐུག་པོ་རྣམས་ཟུར་དུ་བཞག་མ་ཚར་གོང་ལ་ སླར་ཡང་ཏིང་ཏོོང་་་་ ཏིང་ཏོོང་་་་ ཞེས་སྒོ་དྲིལ་བརྡུངས།
༡༡
14
༡༢
ད་རེས་ནམ་རྒྱུན་རྩེད་མོ་རྩེད་རོགས་ཕྲུ་གུ་གཞན་པ་དྲུག་མཉམ་དུ་སླེབས་པ་ མཐོང་
ནང་དུ་ཡོད་པའི་ཕྲུ་གུ་རྣམས་ཧང་སང་སང་བྱས།
ཨ་མས་ ནང་ལ་ཤོག་ ཁྱེད་རང་ཚོས་ཁ་ཏོག་མཉམ་དུ་ཟོ་ཨང་ ཞེས་ བཤད་ནས་སྒོ་བརྒྱབས།
༡༣
16
༡༤
ཡང་ཁོ་ཚོས་ཕྲུ་གུ་རེ་ལ་ཁ་ཏོག་ག་ཚོད་ཐོབ་མིན་གྲངས་ཀ་བརྩིས་པས་ ཕྲུ་གུ་ རེེ་ལ་ཁ་ཏོག་རེ་རེ་ཐོོབ་ཀྱི་ཡོད་པ་ཤེས།
ཨ་མས་ཕྲུ་གུ་ཚོའི་དུག་སློག་མཐུག་པོ་རྣམས་ཕུད་ནས་ཕར་མ་བཞག་སྔོན་ལ་ ཡང་བསྐྱར་ ཏིང་ཏོོང་་་་ ཏིང་ཏོོང་་་་ ཞེས་སྒོ་དྲིལ་བརྡུངས།
༡༥
18
༡༦
ཕྲུ་གུ་ཚང་མར་ཁ་ཏོག་བགོ་བཤའ་བརྒྱབས་ཚར་བ་དང་ ནས་དངངས་སྐྲག་ཚ་མདོག་གིས་ལྟ་དུས།
ད་སུ་ཡིན་ནམ་བསམས་
ཨ་མས་ཀྱང་ ད་སུ་ཡིན་ནམ་བསམས་ཏེ་ཀྲོོང་ངེར་ལངས་ནས་ སྒོའི་ཕྱོོོགས་ལ་མིག་ ཧྲིག་གེར་བལྟས་ནས་བསྡད།
༡༧
20
༡༨
ཕྲུ་གུ་གཞན་ཚང་མས་ཁ་ཏོག་མ་བཟས་པར་
འགའ་ཤས་ཀྱིས་ཁ་ཏོག་ལ་ལྟ་བཞིན་
བསྡད་ ཡང་འགའ་ཤས་ཀྱིས་ཕན་ཚུན་སྐད་ཆ་ཤོད་ཀྱིན་བསྡད།
སྐབས་དེ་རང་དུ་ཕྲུ་གུ་གཅིག་སྒོ་འབྱེད་པར་ཕྱིན་ ཨ་མས་ད་དུང་དངངས་སྐྲག་ཚ་མདོག་ཁ་ པོས་ལྟ་བཞིན་བསྡད།
༡༩
22
༢༠
དེ་ནི་ནང་གི་རྨོ་མོ་ཡིན་པ་དང་ བ་མཐོང་དུས་
རྨོ་མོས་ཁ་ཏོག་དེ་ལས་ཞིམ་པ་མང་པོ་འཁྱེར་ཡོང་
ཕྲུ་གུ་རྣམས་རྨོ་མོ་བསུ་བར་རྒྱུགས།
རྨོ་མོས་ཀྱང་ཕྲུ་གུ་མང་པོ་འཛོམས་འདུག་པ་ཡག་པོ་བྱུང་སོང་
ངས་ཁ་
ཏོག་ཞེ་དྲག་མང་པོ་བཟོས་ཡོད། ཅེས་བཤད་ནས་སྒོ་བརྒྱབས།
༢༡
24
༢༢
ཚང་མ་ཁ་ཏོག་ལ་རྔམས་པའི་སྐབས་དེར་ ཨ་མས་ གང་ལྟར་སུ་ཡིན་ཡང་ང་ཚོའི་རྨོ་མོས་བཟོས་ པའི་ཁ་ཏོག་ནང་བཞིན་སུས་ཀྱང་བཟོ་ཐུབ་ཀྱི་མ་རེད་ ཅེས་བཤད་ ཕྲུ་གུ་ཚང་མས་ རྨོ་མོ་ལགས་ ཐུགས་རྗེ་ཆེ་ ཞེས་ཞུས་སོ།།།