འཛིན་རིམ་དགུ་པའི་སློབ་དེབ།

Page 1


ཕྱི་ལོ་༢༠༡༦ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱིས་གཏན་ལ་ཕབ་ པའི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་བསྒྲིགས།

འཛིན་རིམ་དགུ་པའི་སློབ་དེབ།

སྐད་ཡིག

ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་བྱས།


ཕྱི་ལོ་༢༠༡༦ ལོའི་གཞི་རིམ་གོང་མའི་བོད་ཡིག་བསླབ་གཞི་བསྐྱར་ཞིབ་ཚོགས་ཆུང༌།

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱིས་བསྐོ་འཛུགས་གནང་བའི་གཞི་རིམ་གོང་མའི་བསླབ་གཞི་ བསྐྱར་ཞིབ་ཚོགས་ཆུང་གི་མཚན་ཐོ། ༡ Shri Al Hilal Ahmed ༢ ཨཙཱརྱ་རིན་ཆེན། ༣ ཌོག་ཊར་པདྨ་དགའ་དབང་།

༤ མཁན་པོ་ཌོག་ཊར་ཨཙཱརྱ་ཆོས་དབང་། ༥ ཨཙཱརྱ་ཚུལ་ཁྲིམས་རྒྱ་མཚོ།

རྩོམ་སྒྲིག་ཐེངས་དང་པོ། First Edition

ཕྱི་ལོ་༢༠༡༦ ཟླ་༡༡

དཔར་ཐེངས་དང་པོ།

ཕྱི་ལོ་༢༠༡༦ ཟླ་༡༢

Nov. 2016

First Printing

Dec. 2016

དཔར་གྲངས་ ༤༠༠༠།

4000 Copies

Joint Director, CBSE, Delhi (སློབ་སྟོན་པ།) འབྲས་ལྗོངས་དཔལ་འབྱོར་རྣམ་རྒྱལ་བུ་མོའི་འབྲིང་རིམ་སློབ་གྲྭའི་ བོད་ཡིག་དགེ་རྒན། (ཚོགས་གཙོ།) འབྲས་གཞུང་སྔ་འགྱུར་རྙིང་མའི་ཆེས་མཐོ་གཙུག་ལག་སློབ་གཉེར་ ཁང་གི་སློབ་དཔོན་ཆེན་མོ། (ཚོགས་མི།) འབྲས་གཞུང་སྔ་འགྱུར་རྙིང་མའི་ཆེས་མཐོ་གཙུག་ལག་སློབ་གཉེར་ ཁང་གི་སློབ་དཔོན་ཆེན་མོ། (ཚོགས་མི།) རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། (ཚོགས་མི།)

མངགས་ཉོའི་ཁ་བྱང་།

Printed and Distributed by: Sherig Parkhang R-27 & 28, Ramesh Park Laxmi Nagar, New Delhi-110092 Ph: +91-11-2245 3672 Fax: +91-11-2245 5634 Email: shepardelhi@gmail.com Web: www.sherigparkhang.com


སྤྱི་ཁྱབ་འགན་འཛིན། རྩོམ་སྒྲིག་འགན་ཁུར། རྩོམ་སྒྲིག་པ། དེབ་གཟུགས་ཇུས་འགོད། རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ། བར་འཇུག་རི་མོ་འབྲི་མཁན།

དྲུང་འཕར་ཚེ་རིང་བསམ་གྲུབ། དགེ་འདུན་དོན་ཡོད། དཀར་གཞུང་བཀྲ་ཤིས་རྡོ་རྗེ། དཀར་གཞུང་བཀྲ་ཤིས་རྡོ་རྗེ། དགེ་འདུན་དོན་ཡོད། བློ་བཟང་ལེགས་སྒྲུབ། འཇམ་དབྱངས། བཀྲ་ཤིས་ཉི་མ། སྦྱིན་པ་དཔལ་མོ།

སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་།

དངོས་གྲུབ་བསྟན་པ། བསོད་ནམས་བཟང་པོ། མིང་ཆུང་། སྐལ་བཟང་ཆོས་སྒྲོན། བསྟན་འཛིན་ཆོས་སྐྱབས། ཚེ་རིང་བཀྲ་ཤིས། བཟང་པོ་ཐུབ་བསྟན། དགེ་འདུན་དོན་ཡོད། དཀར་གཞུང་བཀྲ་ཤིས་རྡོ་རྗེ།

(ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན།) (ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་གཞོན།)

(དྷ་སྟེང་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ།) (སྤོན་ཊ་སམ་བྷོ་ཊའི་དགེ་ཆེ།)

(སུ་ཇཱ་བོད་ཁྱིམ་གྱི་གཞི་རིམ་གོང་མའི་བོད་དགེ།)

(གོ་པལ་པུར་བོད་ཁྱིམ་གྱི་གཞི་རིམ་གོང་མའི་བོད་དགེ།) (མ་སུ་རི་བོད་ཁྱིམ་གྱི་གཞི་རིམ་གོང་མའི་བོད་དགེ།) (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།) (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།)

ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས། www.www.sherig.org or www.bodyiglobjong.com

ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།

© Department of Education, CTA

FUNDED BY: Danish International Development Agency through CICED.


ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ༡ སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་ སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་སྤྱོད་ཀྱི་རང་ དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་ མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་ བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་ བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།

༢ རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་པའི་ “གཞན་ཕན།”

༣ འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ཡི་ གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་བརྒྱུད་ འཛིན་བྱེད་ནུས་པའི་“རྒྱུན་འཛིན།”

༤ འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་”བཅས་བཞི་དང་ལྡན་པའི་ ཡུལ་མི་བསྐྲུན་རྒྱུ་དེ་ཡིན།


ཤེས་རིག་ལས་ཁུངས་

DEPARTMENT OF EDUCATION Central Tibetan Administration

Cable: SHERIG Phone: +91-1892-222572/222721 Fax: +91-1892-223481 Email: education@tibet.net Web: www.tcewf.org www.sherig.org GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA

ཆེད་བརྗོད། ༄༅། །གཞི་རིམ་གོང་མའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཐོན་རྒྱུགས་སྐབས་རྒྱ་གར་དབུས་

འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཁོངས་ཞུགས་དགོས་པ་དང་། འཛིན་རིམ་དགུ་པ་

ནས་བཅུ་གཉིས་བར་གོང་གསལ་ལྷན་ཚོགས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས་པའི་སློབ་

ཚན་གཞིར་བཟུང་བསྒྲིགས་དགོས་སྟབས། ཕྱི་ལོ་༢༠༠༨ ལོར་ཤེས་རིག་ལས་ཁུངས་ཀྱིས་རྒྱབ་

གཉེར་གནང་བའི་ཚོགས་ཆུང་གིས་བསྐྱར་ཞིབ་གཏན་འབེབས་གནང་བའི་རྗེས་ད་བར་དུ་སྐད་

ཡིག་སློབ་ཚན་བསྐྱར་ཞིབ་མ་བྱུང་ཞིང་། ཤེས་རིག་ལས་ཁུངས་ནས་ལོ་ངོ་དུ་མའི་རིང་འབྲེལ་ཡོད་

རྒྱ་གར་དབུས་ལས་ཁུངས་དང་སྡེ་ཚན་ཁག་ལ་ཞུ་སྐུལ་བགྱིས་འབྲས། རྒྱ་གར་དབུས་འབྲིང་རིམ་

ཤེས་ཡོན་ལྷན་ཚོགས་ཀྱིས་གཞི་རིམ་གོང་མའི་བསླབ་གཞི་བསྐྱར་ཞིབ་དང་གཏན་འབེབས་གནང་ བའི་དགོངས་དོན་བཞིན། སྡེ་ཚན་བརྒྱད་དུ་ཆ་བགོས་ཀྱིས་རྩོམ་སྒྲིག་བྱས་ཡོད།

སྐད་ཡིག་སློབ་དེབ་འདི་ཉིད་སློབ་ཁྲིད་བྱེད་སྐབས་ཐུགས་སྣང་གནང་དགོས་པའི་དོན་གནད་ཆེ་ ཁག་གཉིས་ནི། སློབ་དེབ་ཁོ་ན་ལས་མི་སློབ་པ་དང་། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་

གཙོ་བོར་མི་འཛིན་པའི་རྒྱུན་སྲོལ་དང་། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་ཀྱི་རྗེས་སུ་

མི་འབྲང་རྒྱུ་དེ་ཡིན། དངོས་ཡོད་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་རྣམ་པས་གཞི་རིམ་གོང་ མའི་སྐད་ཡིག་བསླབ་གཞི་རྩ་འཛིན་གཙོ་བོར་བཟུང་སྟེ། གཞི་རྩའི་ལྟ་གྲུབ་དང་། སློབ་ཁྲིད་ཀྱི་ཁ་ ཕྱོགས། གཙོ་ཕལ་གྱི་དབྱེ་བ། ལག་ལེན་གྱི་གོ་རིམ། གདེང་འཇོག་གི་ཐབས་ལམ་བཅས༌ཀྱི་གལ་


གནད་དམ་འཛིན་བྱས་ཏེ་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས༌བྱ་དགོས།

སློབ་དེབ་འདི་ནི་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་

སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། གཞི་རིམ་གོང་ མའི་འཛིན་རིམ་ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང་། སློབ་མ།

ཁོར་ཡུག ཆ་རྐྱེན། ཤེས་ཡོན་ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་གོང་མའི་འཛིན་

རིམ་ཁག་གི་སློབ་དེབ་འདིའི་ནང་དོན་དང་། གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་ སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ་དགོས།

འོན་ཀྱང་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས་པ་ ཡིད་འཇགས་འཚལ།

འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ལོ་འཁོར་ཡིག་རྒྱུགས་ཕུད། དེ་བྱིངས་ཡིག་རྒྱུགས་སྐབས་ སུ་དངོས་གཞིའི་སློབ་ཚན་ཁག་གི་ནང་དོན་ཁོ་ན་ཙམ་མ་ཡིན་པར། དམིགས་ཡུལ་དང་བྱེད་ནུས་

མཚུངས་པའི་ནང་དོན་རྒྱུགས་ཞིབ་ཁོངས་སུ་བཅུག་ནའང་འཐུས། ང་ཚོའི་སློབ་ཁྲིད་དང་སློབ་ སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་ཙམ་མ་ཡིན་པར། སློབ་ མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། ཁྱོན་ཡོངས་རྒྱུན་མཐུད་བརྟག་

ཞིབ་(CCE)ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་གནས་ཚད་ལ་གདེང་འཇོག་བྱ་

དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟེན། སློབ་དེབ་འདི་ ཉིད་བེད་སྤྱད་ནས་གཞི་རིམ་གོང་མའི་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་དང་གོང་མཐོར་ གཏོང་བའི་རེ་འདུན་ཞུ་རྒྱུ་དང་། འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་ལེགས་

སྤེལ་ཉེས་འགོག་གི་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཤེས་རིག་ལས་ ཁུངས་ནས། ཕྱི་ལོ་༢༠༡༦ ཟླ་༡༡ ཚེས་༡༠ ཉིན།


དཀར་ཆག བརྡ་སྤྲོད།

ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ།

1. སི་ཏུའི་ཞལ་ལུང་ལས་སྦྱར་བྱ་ཡི་གེའི་རྣམ་གཞག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་3

2. སླར་བསྡུ་དང་ལ་དོན་བཤད་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་9 3. ཨི་ལྡན་བཤད་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་15 4. རྒྱན་སྡུད་དང་། ལྷག་བཅས་བཤད་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་22 5. འབྱེད་སྡུད་དང་། འབྱུང་ཁུངས། བོད་པའི་སྒྲ་བཤད་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 26

6. ཚིག (༡) ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་30 7. ཚིག (༢) ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་36 8. དག་ཡིག་ངག་སྒྲོན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་43

གོ་རྟོགས་ནུས་རྩལ།

9. སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་50

རྒྱུན་སྤྱོད་ཡིག་རིགས།

10. འཕྲིན་ཡིག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་57 11. གསལ་བསྒྲགས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་64 12. ཟིན་བྲིས་དང་ཉིན་ཐོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་70

རྩོམ་འབྲིའི་ཤེས་བྱ།

ལྗོངས་རྣམ་འབྲི་ཚུལ།

13. ལྗོངས་རྣམ་འབྲི་ཚུལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་77 14. པད་རྫིང་གི་ཟླ་འོད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་82

དངོས་རྣམ་འབྲི་ཚུལ།

15. རྩམ་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་89


16. སྨྱུག་སྒམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་94

མི་སྣ་འབྲི་ཚུལ།

17. ང་ཡི་ནུ་མོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་99 18. ང་ཚོའི་དགེ་རྒན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་102

སྲོག་ཆགས་འབྲི་ཚུལ།

19. སྡོམ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་107 20. སྡོམ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་112

བྱ་བ་འབྲི་ཚུལ།

21. དཔེ་ཆ་ཉོས་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་119 22. ཨ་ཆུང་གིས་རྟ་ཉོས་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་124

རྩོམ་རིག

ལྷུག་རྩོམ།

23. ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་135

སྙན་ངག

24. ཚིགས་བཅད་འབྲི་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་142 25. ཀ་བཤད་རྩོམ་ཡིག་དང་པོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་151

མྱུར་ཀློག་རྩལ་སྦྱོང་།

26. ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང༌། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་158

དབུ་མའི་ལམ་གྱི་སྲིད་བྱུས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་179


བརྡ་སྤྲོད།

བརྡ་སྤྲོད་ཀྱི་སྡེ་ཚན་འདིའི་ནང་།

ཡི་གེའི་དབྱེ་བ།

ཕྲད་གཞན་དབང་ཅན་བརྒྱད།

མིང་གི་དབྱེ་བ།

དག་ཡིག་ངག་སྒྲོན་ལེའུ་གསུམ་པ་བཅས་

བཀོ ད ་སྒྲི ག ་བྱས་པ་མ་ཟད་དེ ་ དག་སོ ་ སོ འི ་

སྦྱང་བྱ་གཙོ ་ བོ ་ ནི ་ སློབ་ཚན་སོ ་ སོ འི ་ མགོ ར ་

འོས་འཚམ་གྱིས་ངོ་སྤྲོད་བྱས་ཡོད།

བརྡ་སྤྲོད་སློབ་ཚན་སྐབས་སྒོ་ཁྱིམ་༼ ༽འདིའི་ནང་

ཡོད་པ་རྣམས་ཁ་སྣོན་དུ་བཀོད་པ་ཡིན།

1


བརྡ་སྤྲ

ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་

པ།

འདི ར ་ཕྲད་གཞན་དབང་ཅན་རྣམ་དབྱེ ་ དང་བཅས་པ་བཤད་པ་ལ།

གཙོ་བོ་ཕྲད་དེ་དག་གི་སྒྲ་སྦྱོར་དང་། དོན་གང་ཞིག་སྟོན་པའི་ནུས་པ་ ཡོད་པ་ངོ་འཕྲོད་པ་བྱ་གལ་ཆེ།

དཔེར་ན། སླར་བསྡུ་ལྟ་བུར་ཆ་མཚོན་ན། སླར་བསྡུ་དང་། རྫོགས་ ཚིག

ཟླ་སྡུད་བཅས་གསུམ་ཡོད་པ་རྣམས་དོན་གཅིག་མིང་གི་རྣམ་

གྲངས་སོ། །

དགེ ་ རྒན་རྣམ་པས་སློབ་ཚན་འཁྲིད་སྐབས་ཡི་གེ་འབྲི་ཀློག ་ཁོ་ནར་ དམིགས་ཏེ། སློབ་ཕྲུག་གི་འཛིན་རིམ་དང་། ལོ་ཚོད་ལ་དཔག་པའི་

སློབ་ཁྲིད་བྱེད་དགོས་ལ། རྩ་དོན་འདི། ལོ་ཧྲིལ་པོའི་སློབ་ཚན་གང་ ཞིག་སློབ་ཁྲིད་ལག་ལེན་གྱི་ཁྲོད་དུ་སླེབས་དགོས་པ་ཡིན།

2


སི་ཏུའི་ཞལ་ལུང་ལས་སྦྱར་བྱ་ཡི་གེའི་རྣ

སློབ་ཚན་དང་པོ།

སི་ཏུའི་ཞལ་ལུང་ལས་སྦྱར་བྱ་ཡི་གེའི་རྣམ་གཞག སྦྱང་བྱ་གཙོ་བོ། • དབྱངས་བཞི་དང་། གསལ་བྱེད་སུམ་ཅུ།

• གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་བཅུ་དང་། དེ་ལས་སྔོན་འཇུག་ལྔ་ངོས་འཛིན་བྱེད་པ།

• རྗེས་འཇུག་བཅུ་ལས་གཞན་པའི་མིང་གཞི་རྐྱང་པའི་ཡི་གེ་ཉི་ཤུ་རྣམས་ཚེག་བར་གཅིག་ཏུ་ གཉིས་སམ་དུ་མ་སྦྲེལ་ཡང་གང་དུའང་མི་འཇུག་ཅིང་དེ་འདྲའི་སྦྱོར་ཚུལ་མེད་པ་ཡིན།

༄༅། །སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ། ། དང་པོ་ལ་གཉིས། བོད་ཡིག་གི་དབྱངས་གསལ་ངོས་གཟུང་བ་དང༌། ཁྱད་པར་གྱི་དབྱེ་བ་བསྟན་ པའོ། །

དང་པོ་ནི།

ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །

ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །

ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་པ་སྟེ།

སྤྱིར་ཡི་གེ་ལ་ཨཱ་ལི་སྟེ་ཨ་ལ་སོགས་པའི་འཕྲེང་བ་དབྱངས་ཡིག་དང༌། ཀཱ་ལི་སྟེ་ཀ་ལ་སོགས་པའི་ 3


བརྡ་སྤྲ

འཕྲེང་བ་གསལ་བྱེད་ཀྱི་ཡི་གེ་གཉིས་སུ་ཡོད་ལ། བྱེ་བྲག་ཏུ་བོད་ཡིག་ལ་ནི། ལེགས་སྦྱར་གྱི་ཨཱ་

ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང༌།

ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་ འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ཡོད་དོ། །ཞེས་པའོ། །

གཉིས་པ། ཁྱད་པར་གྱི་དབྱེ་བ་བསྟན་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། ། ³³ དང་པོ་ནི།

དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །

དེ་ལས་ལྔ་ནི་སྔོན་དུའང་འཇུག །

མི་འཇུག་པ་ནི་ཉི་ཤུའོ ། །ཞེས་པ་སྟེ།

བཤད་མ་ཐག་པའི་ཡི་གེ་ཀཱ་ལི་དེ་དག་ལ་དབྱེ་ན་རྗེས་སུ་འཇུག་པ་བཅུ་དང༌། རྗེས་འཇུག་དེ་ཉིད་

ལས་ལྔ་ནི་སྔོན་དུའང་འཇུག་པ་ཡིན་པས་སྔོན་འཇུག་ལྔ་དང༌། སྔོན་རྗེས་གཉིས་ཀར་མི་འཇུག་ པའི་ཡི་གེ་ཉི་ཤུ་སྟེ་ཚན་པ་གསུམ་དུ་དབྱེའོ ། །ཞེས་པའོ། །

གཉིས་པ། རྒྱས་པར་བཤད་པ་ལ་གཉིས། དབྱེ་སྒོ་སྤྱིར་བསྟན་པ་དང༌། བྱེ་བྲག་སོ་སོར་བཤད་པའོ། ། ³³ དང་པོ་ནི།

ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །

བཞི་བཞི་དག་ཏུ་ཕྱེ་བ་ལས། །ཞེས་པ་སྟེ།

ཀཱ་ལི་སུམ་ཅུ་པོ་དེ་རྣམས་ཀ་སྡེ་དང༌། ཅ་སྡེ་དང༌། ཏ་སྡེ་དང༌། པ་སྡེ་དང༌། ཙ་སྡེ་དང༌། ཞ་སྡེ་

དང༌། ར་སྡེ་སྟེ་སྡེ་པ་རངས་པོ་(1)བདུན་དང༌། ཧ་སྡེ་ཕྱེད་དུ་བྱས་ནས་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་ བགོས་པ་ནི། སྡེ་པ་རེ་རེ་ལ་ཡི་གེ་བཞི་བཞི་རུ་ཕྱེ་བ་ཡིན་ཅིང༌། ལས་ནི་འབྱུང་ཁུངས་ཀྱི་སྒྲའོ། །

གཉིས་པ། བྱེ་བྲག་སོ་སོར་བཤད་པ་ལ་གསུམ། རྗེས་འཇུག་བཤད་པ། སྔོན་འཇུག་བཤད་པ། མི་ (1) རིལ་བོའམ་ཧྲིལ་པོའི་དོན།

4


སི་ཏུའི་ཞལ་ལུང་ལས་སྦྱར་བྱ་ཡི་གེའི་རྣ

འཇུག་པ་བཤད་པའོ། ། ³³ དང་པོ་ནི།

དང་པོ་གསུམ་པ་བཞི་པ་ལས། །

མས་གཉིས་དྲུག་པའི་གསུམ་པ་དང༌། ། བདུན་པ་ལས་ནི་ཤ་མ་གཏོགས། །

རྗེས་འཇུག་ཡི་གེ་བཅུ་རུ་འདོད། །ཅེས་པ་སྟེ།

གོང་དུ་རྗེས་འཇུག་བཅུ་ཞེས་བཤད་པ་དེ་གང་ཞེ་ན། སྡེ་པ་དང་པོ་དང༌། གསུམ་པ་དང༌། བཞི་

པ་རྣམས་ཀྱི་མས་ཀྱི་ཡི་གེ་གཉིས་གཉིས་ཏེ། ག་ང༌། ད་ན། བ་མ་རྣམས་དང༌། སྡེ་པ་དྲུག་པའི་ གསུམ་པ་འ་དང༌། བདུན་པའི་ཤ་མ་གཏོགས་ལྷག་མ་ར་ལ་ས་གསུམ་མོ། །དེའང་ཡི་གེ་ཐམས་ཅད་ ཀྱི་རྗེས་སུ་འདི་དག་འཇུག་པའི་ཕྱིར་རྗེས་འཇུག་ཅེས་བྱ་ཞིང༌། ཡི་གེའི་གྲངས་བཅུ་ཉིད་དུ་ངེས་པ་ ཡིན་ནོ། །

³³ གཉིས་པ། སྔོན་འཇུག་བཤད་པ་ནི།

རྗེས་འཇུག་ཡི་གེ་བཅུ་ཉིད་ལས། ། དང་པོ་གསུམ་པ་ལྔ་པ་དྲུག །

བདུན་པ་རྣམས་ནི་སྔོན་དུའང་འཇུག །ཅེས་པ་སྟེ།

གོང་དུ་སྔོན་འཇུག་ལྔ་ཞེས་བཤད་པ་དེ་གང་ཞེ་ན། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་ཉིད་ལས་

དང་པོ་ག གསུམ་པ་ད། ལྔ་པ་བ། དྲུག་པ་མ། བདུན་པ་འ་རྣམས་ཡིན་ཅིང༌། དེ་དག་རྗེས་སུ་

འཇུག་པར་མ་ཟད་སྔོན་དུ་འཇུག་པའང་ཡོད་པས་སྔོན་འཇུག་ཅེས་ཀྱང་བྱ་སྟེ། ཡི་གེའི་གྲངས་ལྔ་ ཉིད་དུ་ངེས་པ་ཡིན་ནོ། །

³³ གསུམ་པ། མི་འཇུག་པ་བཤད་པ་ནི།

མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། ། དེ་ལ་དབྱངས་ཀྱི་བཞི་ལྡན་ཡང༌། ། 5


བརྡ་སྤྲ

གང་དུའང་འཇུག་མིན་སྦྱར་བའང་མིན། །ཞེས་པ་སྟེ།

སྔོན་འཇུག་དང་རྗེས་འཇུག་བསལ་བའི་ལྷག་མ་མིང་གཞི་ཁོ་ན་ཡིན་པ། ཀ་ཁ། ཅ་ཆ་ཇ་ཉ། ཏ་

ཐ༑ པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ ཧ་ཨ་སྟེ་ཡི་གེ་ཉི་ཤུ་ཐམ་པ་ནི། ཚེག་བར་གཅིག་ཏུ་གཉིས་

སམ་གསུམ་སྦྲེལ་བའམ། དེ་ལ་དབྱངས་ཨི་སོགས་གང་རུང་རེ་སྦྱར་བའི་བཞི་ལྡན་དུ་བྱས་པ། ཙཀ

ཚཕཁ། ཝཟིཡ་ལྟ་བུ་གངས་ལྗོངས་སུ་གྲགས་པའི་ཐ་སྙད་གང་ལའང་འཇུག་པ་མིན་པས་འདི་ བཞིན་སྦྱར་བར་རིགས་པའང་མ་ཡིན་ནོ། །

དེ་ཡང་སྐབས་འདིའི་མིང་གཞི་ནི་སྔོན་རྗེས་གཉིས་ཀྱི་འཇུག་ཡུལ་དུ་གྱུར་པའི་གསལ་བྱེད་ཀྱི་

ཡི་གེ་ཡིན་ལ། དེས་ན་སྔོན་རྗེས་མིང་གསུམ་ཅི་རིགས་པར་འགྱུར་བ་སྔོན་འཇུག་ལྔ། རྗེས་མིང་

གཉིས་ཅི་རིགས་པར་འགྱུར་བ་རྗེས་འཇུག་ལྷག་མ་ལྔ། མིང་གཞི་ཁོ་ན་ཡིན་པ་མི་འཇུག་པ་ཉི་ཤུ་ ཐམ་པ་སྟེ་གསུམ་དུ་དབྱེར་ཡོད་པ་ལས་འདིར་ནི་ཕྱི་མ་འཆད་པའི་སྐབས་སོ། །

6


སི་ཏུའི་ཞལ་ལུང་ལས་སྦྱར་བྱ་ཡི་གེའི་རྣ

སྦྱོང་ཚན། དང་པོ། གཤམ་གྱི་ཤློཀ་འདིར་དོན་འགྲེལ་ཞིག་བྲིས། དང་པོ་གསུམ་པ་བཞི་པ་ལས། །

མས་གཉིས་དྲུག་པའི་གསུམ་པ་དང༌། ། བདུན་པ་ལས་ནི་ཤ་མ་གཏོགས། །

རྗེས་འཇུག་ཡི་གེ་བཅུ་རུ་འདོད། །

གཉིས་པ། དྲི་བ་རྣམས་ལ་ལན་ཐུང་ངུ་རེ་ཐོབས། ༡ སྤྱིར་བོད་ཀྱི་ཡི་གེ་ལ་དབྱེ་བ་ག་ཚོད་དམ།

༢ གསལ་བྱེད་ཡི་གེ་རྣམས་སྡེ་པ་ག་ཚོད་ལ་ཕྱེ་ཡོད་དམ།

༣ སྔོན་རྗེས་མིང་གསུམ་ལ་འཇུག་པའི་ཡི་གེ་གང་དག་ཡིན་ནམ།

༤ མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །ཞེས་པའི་མིང་གཞི་དེ་གང་ལ་གོ་དགོས་སམ།

གསུམ་པ། དཔེ་བསྟན་པ་བཞིན་དཔེར་བརྗོད་གཉིས་རེ་བྲིས། ཡི་གེ་གཉིས་འདུས་ཀྱིས་དོན་སྟོན་པ། མིང་གཞི། རྗེས་འཇུག ཁ། (ཁའ།) ལམ། མིང་གཞི།

དབྱངས།

རི།

ཡི་གེ་གསུམ་འདུས་ཀྱིས་དོན་སྟོན་པ། མིང་གཞི། མིང་གཞི།

རྗེས་འཇུག ཡང་འཇུག གངས། དབྱངས།

སྔོན་འཇུག མིང་གཞི།

རྗེས་འཇུག རིག

རྗེས་འཇུག དགའ། 7


བརྡ་སྤྲ

ཡི་གེ་བཞི་འདུས་ཀྱིས་དོན་སྟོན་པ། སྔོན་འཇུག མིང་གཞི།

སྔོན་འཇུག མིང་གཞི།

སྔོན་འཇུག མགོ་ཅན།

རྗེས་འཇུག ཡང་འཇུག

དབྱངས།

མིང་གཞི།

རྗེས་འཇུག

རྗེས་འཇུག

མངགས།

འགོས།

བརྡར།

ཡི་གེ་ལྔ་འདུས་ཀྱིས་དོན་སྟོན་པ། སྔོན་འཇུག མིང་གཞི།

དབྱངས།

སྔོན་འཇུག མིང་གཞི།

འདོགས་ཅན། རྗེས་འཇུག ཡང་འཇུག འཁྲབས།

སྔོན་འཇུག མགོ་ཅན།

མིང་གཞི།

རྗེས་འཇུག ཡང་འཇུག གཙོགས། རྗེས་འཇུག ཡང་འཇུག བསྔགས།

ཡི་གེ་དྲུག་འདུས་ཀྱིས་དོན་སྟོན་པ། མགོ་ཅན།

མིང་གཞི། འདོགས།

དབྱངས།

རྗེས་འཇུག

སྔོན་འཇུག མགོ་ཅན། མིང་གཞི། དབྱངས།

རྗེས་འཇུག

སྔོན་འཇུག མགོ་ཅན། མིང་གཞི། འདོགས་ཅན། དབྱངས།

ཡང་འཇུག

རྗེས་འཇུག

ཡང་འཇུག

སྒྲིགས།

བསྒྱུར།

བསྐོརད།

ཡི་གེ་བདུན་འདུས་ཀྱིས་དོན་སྟོན་པ། སྔོན་འཇུག མགོ་ཅན། མིང་གཞི། འདོགས་ཅན། དབྱངས། རྗེས་འཇུག ཡང་འཇུག བསྒྲུབས།

8


སླར་བསྡུ་དང་ལ་དོན་བཤད་

སློབ་ཚན་གཉིས་པ།

སླར་བསྡུ་དང་ལ་དོན་བཤད་པ།

སྦྱང་བྱ་གཙོ་བོ། སླར་བསྡུ་དང་ལ་དོན་གྱི་སྒྲ་སྦྱོར་གསལ་པོར་ངེས་དགོས།

སླར་བསྡུ་དང་ལ་དོན་གྱི་དོན་སྦྱོར་ཚུལ་བཞིན་ཤེས་པ་དགོས།

ལ་དོན་གྱི་རྣམ་དབྱེ་དང་ནང་གསེས་རྣམས་ངེས་པར་བྱེད་དགོས།

གཉིས་པ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་ དབྱེ་དང་བཅས་པ་བཤད་པ་དང༌། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པའོ། །

དང་པོ་ལ་བརྒྱད། སླར་བསྡུ་བཤད་པ། ལ་དོན་བཤད་པ། ཨི་ལྡན་གྱི་རྣམ་དབྱེ་བཤད་པ། རྒྱན་

སྡུད་བཤད་པ། ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པ། འབྱུང་ཁུངས་བཤད་པ། བོད་པའི་ སྒྲ་བཤད་པའོ། །

9


བརྡ་སྤྲ

³³ དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ནི། །

མིང་གང་གི་ནི་མཐར་སྦྱར་བ། ། དེ་ལ་ཨཱ་ལི་བཞི་པ་སྦྱར། །

སླར་བསྡུ་བར་ནི་ཤེས་པར་བྱ། །ཞེས་པ་སྟེ།

སྔར་བཤད་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་རྣམས་ཉིད་མིང་ཚིག་གང་གི་མཐར་སྦྱར་བ་ཡོད་ ཀྱང་རུང༌། དེ་དག་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྟེ་སྣ་རུ་སྦྱར་བ་ནི། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ། རྫོགས་ཚིག་ཅེས་ཀྱང་བྱའོ། ། དེ་གཞུང་གི་དངོས་བསྟན་རྟག་གོ།

།བཟང་ངོ༌།

།ཡོད་དོ།

།ཡིན་ནོ།

།སྒྲུབ་བོ།

།བསམ་

མོ༑ ༑བྱའོ། །འགྱུར་རོ། །སེལ་ལོ། །བྱས་སོ། །ཞེས་པ་ལྟ་བུ་བཅུ་དང༌། ད་དྲག་གིས་ཐོབ་པའི་ཤུགས་ བསྟན་གྱུརད་ཏོ། །ལྟ་བུ་གཅིག་སྟེ་བཅུ་གཅིག་ཡོད་དོ། ། ³³ གཉིས་པ། ལ་དོན་བཤད་པ་ནི།

རྗེས་འཇུག་ཡི་གེ་བཅུ་རྣམས་ལས། ། གང་མིང་མཐའ་ན་བཅུ་པ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། །

གང་མིང་མཐའ་ན་བརྒྱད་པ་གནས། ། དེ་ལ་གཉིས་པ་ཨུ་ཡང་སྦྱར། །

གང་མིང་མཐའ་ན་གསུམ་པ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། །

བཞི་པ་དགུ་པ་དངོས་ཀྱང་སྟེ། །

ལས་དང་ཆེད་དང་རྟེན་གནས་དང༌། །

དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་པ་སྟེ། 10


སླར་བསྡུ་དང་ལ་དོན་བཤད་

• རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ཉིད་ལས། གང་ཡང་རུང་བའི་མིང་གི་མཐའ་ན་ལ་དོན་གྱི་ རྣམ་དབྱེ་སྦྱར་བའི་ཆེད་དུ་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས།

སུ། ཞེས་གྲུབ་པ་དང༌།

• དེ་བཞིན་དུ་ཚེག་བར་གཅིག་ཉིད་དུ་མིང་མཐར་བརྒྱད་པ་ར་ཡིག་སྦྱར་ཏེ་གནས་པ་ལྷག་པར་ ལྟ་བུ་དང༌།

• ཡང་ར་ཡིག་དེ་ཉིད་ཚེག་བར་ཕྱེས་པ་ལ་ཨུ་ཡིག་ཀྱང་སྦྱར་བའི་རུ་ཞེས་པ་དང༌། • རྗེས་འཇུག་གསུམ་པ་ད་ཡིག་གནས་པར་ཨུ་ཡིག་སྦྱར་བའི་དུ་དང༌།

• རྗེས་འཇུག་བཞི་པ་ན་དང༌། དགུ་པ་ལ་གཉིས་ནི་དབྱངས་ཀྱིས་མ་བརྒྱན་པའི་དངོས་པོ་ཉིད་ དུ་གནས་པའང་སྟེ་དངོས་བསྟན་དྲུག་དང༌།

• ཤུགས་བསྟན་ཏ་ཡིག་ཨུ་ཞུགས་ཀྱི་ཏུ་བཅས་བདུན་པོ་འདི་རྣམས་ནི།

ཤར་ཕྱོགས་སུ་འགྲོ་ལྟ་བུ། བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་ པ་ལས་སུ་བྱ་བའི་སྒྲ་དང༌།

རྟར་རྩྭ་བྱིན་ལྟ་བུ། བྱ་བ་གང་ཞིག་གིས། བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་

འདོགས་པར་འགྱུར་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་སྒྲ་དང༌།

དཔྲལ་བ་རུ་སྨེ་བ་ཡོད་ལྟ་བུ། གང་ཞིག་གང་ལ་བརྟེན་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པ་

རྟེན་གནས་ཀྱི་སྒྲ་དང༌།

འོད་དུ་འཚེར་ལྟ་བུ། ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་ངོ་བོ་གཅིག་ པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་ཀྱི་སྒྲ་དང༌། 11


བརྡ་སྤྲ

ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ། དུས་བརྗོད་པའི་དོན་ཅན་དུ་སྦྱར་ན་རྣམ་དབྱེ་བདུན་པའི་བྱེ་བྲག་ ཚེ་སྐབས་ཀྱི་སྒྲར་ཤེས་དགོས་ཤིང༌།

དེ་དག་ཐམས་ཅད་རྣམ་དབྱེར་སྦྱོར་བ་ན་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་མཐའི་

གསལ་བྱེད་ཡིན་པས་ལ་སྒྲ་ཞེས་ཀྱང་བརྗོད་པར་བྱ་སྟེ། འོན་ཀྱང་ན་ལ་གཉིས་དེ་ཉིད་ཀྱི་དོན་ཅན་

ལ་ནི་འཇུག་པར་མི་འགྱུར་ཏེ།

སྨྲ་སྒོ་ལས་ནའི་འཇུག་པ་བཅུ་བཞི་ཙམ་བཤད་པའི་སྐབས་སུ་དེ་ཉིད་ལ་འཇུག་པ་མི་འབྱུང་བ་དང༌།

དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

12


སླར་བསྡུ་དང་ལ་དོན་བཤད་

སྦྱོང་ཚན།

དང་པོ། གཤམ་གྱི་རེའུ་མིག་ནང་དུ་སླ‌‌‌‌‌ར་བསྡུའི་སྒྲའི་སྦྱོར་ཚུལ་བྲིས་ཏེ། མིང་གི་རྗེས་སུ་འཇུག་པ་ དང་། བྱ་ཚིག་གི་རྗེས་ལ་འཇུག་པའི་དཔེར་བརྗོད་རྣམས་འོག་གི་རེའུ་མིག་ནང་སྐོངས།

དགྲ་བཅོམ་མོ། །ཅ་ལག་གཡར་རོ། །འདི་ནི་ཁོ་བོའི་ཕའོ། །ཆུའི་ཞེ་ས་ནི་ཆབ་བོ། །མིང་བཏགས་སོ། །ནོར་ ནག་ནི་གཡག་གོ། །འདུ་ས་ནི་ཚོགས་ཁང་ངོ་། །སྐད་ཆ་བཤད་དོ། །ནམ་དུས་གྲང་ཤོས་དགུན་ནོ། །

ཆུ་བརྒལ་ཏོ། །སེམས་དགའ་འོ ། །བཙན་པོ་རྣམས་ནས་ཆོས་རྒྱལ་ལོ། ། རྗེས་འཇུག

སྒྲའི་སྦྱོར་ཚུལ།

མཐའ་མེད།

མིང་གི་རྗེས་སུ་འཇུག་པ།

བྱ་ཚིག་གི་རྗེས་སུ་འཇུག་པ།

གཉིས་པ། བར་སྟོང་ནང་ཐོབ་ཐང་ལྟར་ལ་དོན་གྱི་ཕྲད་སྐོངས། ནོར་རྩྭ་ཐོག་

སླེབས།

ནམ་མཁའ་

བྱ་འཕུར།

སྤྱང་ཀི་ལམ་

གོས་

རྩད་གཅོད་ རྒྱ་མཚོ་

བསད།

རས་འཐག

མི་མངགས།

ཉ་འཛིན།

གསུམ་པ། ལ་དོན་གྱི་ཕྲད་བདུན་པོར་དཔེར་བརྗོད་རེ་བྲིས། སུ། ར། རུ། ཏུ། ན། ལ། དུ།

བཞི་པ། དྲི་བ་རྣམས་ལ་ལན་ཐོབས།

༡ རྩ་བར་དངོས་སུ་བསྟན་པའི་སླར་བསྡུའི་ཕྲད་ག་ཚོད་ཡོད་དམ། ༢ སླར་བསྡུའི་གོ་དང་ཡི་གེ་གོ་གཉིས་ལ་མུ་ག་ཚོད་ཡོད་དམ། 13

ད་དྲག


བརྡ་སྤྲ

༣ ལ་དོན་ཞེས་བཏགས་པའི་རྒྱུ་མཚན་ཅི་ཡིན་ནམ། ༤ ལ་དོན་དང་ཡི་གེ་གཉིས་ལ་མུ་ག་ཚོད་ཡོད་དམ།

༥ མི་ལ་ལ་ལ་ལ་ལ་ཁང་པ་འདུག་ཅེས་པའི་ནང་ལ་དོན་གྱི་ཕྲད་ག་ཚོད་ཡོད་དམ།

༦ ཤར་ཕྱོགས་སུ་སུ་དང་སུ་འགྲོ་ཞེས་པའི་སྐབས་ཀྱི་ལ་དོན་གྱི་ཕྲད་གང་ཡིན་ནམ།

ལྔ་པ། རྟགས་ཡོད་པའི་ལ་དོན་གྱི་ཕྲད་རྣམས་འཇུག་ཡུལ་གང་ཡིན་ངོས་འཛིན་བྱོས།

ང་ཚོ་སྡོད་སའི་འགྲུལ་བཞུད་རླངས་འཁོར་དེ་མཚར་སྡུག་ལྡན་པའི་ཞོགས་པའི་ཉི་གཞོན་གྱི་འོད་

ཟེར་འཕྲོས་པའི་འོག་ཏུ་ཏུན་ཧོང་ནས་ཆས་ཏེ། ང་ཚོ་འགྲོ་སའི་མོ་ཀོ་བྲག་ཕུག་གི་ཕྱོགས་སུ་བརྒྱུགས་ སོང་། ཏུན་ཧོང་མཁར་ནས་སོང་མ་ཐག ཞིང་ས་གྲུ་བཞིའི་ནང་གི་ལོ་ཏོག་ལྗང་ལྡེམ་ལྡེམ་བྱེད་ཅིང་། ལམ་གྱི་གཡས་གཡོན་དུ་མ་གལ་གྱི་ལྗོན་ཤིང་གྲལ་དུ་བསྟར། ར་བས་བསྐོར་བའི་ཁང་པ་རྣམས་མུ་

འབྲེལ་ཞིང་མཆིས། ཡིན་ན་ཡང་མགྱོགས་འགྲོའི་རླངས་འཁོར་གྱི་འགྲོས་དང་བསྟུན་ནས་དེ་དག་ སྐད་ཅིག་སྐད་ཅིག་ཏུ་ཡལ་ཏེ། ང་ཚོའི་མིག་ལམ་དུ་ཡངས་ཤིང་རྒྱ་ཆེ་བའི་མྱ་ངམ་ཐང་ཞིག་ཤར་

འོངས་པ་དེ་མུ་མཐའ་མི་མངོན་པར་ལྷོ་ཕྱོགས་ཀྱི་ནམ་མཁའི་མཐའ་རུ་ཤོག་བུ་སེར་སྐྱ་ཆེན་པོ་ཞིག་ གི་སྟེང་དུ་སྣག་ཚ་ནག་པོའི་ཐིག་འདྲོང་པོ་ཞིག་བརྒྱབ་པ་དང་འདྲ།

14


ཨི་ལྡན་བཤད་པ།

སློབ་ཚན་གསུམ་པ།

ཨི་ལྡན་བཤད་པ།

གསུམ་པ། ཨི་ལྡན་གྱི་རྣམ་དབྱེ་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །

³³ དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ལ། །

ཨི་དང་མཐུན་ལུགས་འདི་ཞེས་བྱ། །ཞེས་པ་སྟེ།

རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་གང་རུང་རྗེས་སུ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་དང་སྦྱར་

བའི་རྣམ་དབྱེའི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་དང་འདིའ་ོ ཞེས་བསྟན་ པར་བྱའོ་ཞེས་སོ། །

15


བརྡ་སྤྲ

གཉིས་པ། རྒྱས་པར་བཤད་པ་ལ་གཉིས། འབྲེལ་སྒྲ་བཤད་པ་དང༌། བྱེད་པ་པོའི་སྒྲ་བཤད་པའོ། ། ³³ དང་པོ་ནི།

དང་པོ་གཉིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ། ། ལྷག་མ་རྣམས་ལ་གྱ་སྦྱར་བ། །

དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་པ་སྟེ།

རྗེ ས ་འཇུག་བཅུའི ་ དང་པོ ་ ག་དང་ང་གཉི ས ་གང་རུང་རྗེ ས ་སུ་ཞུགས་པའི ་ མི ང ་རྣམས་ལ་ནི །

རྗེས་འཇུག་དང་པོ་ག་ཉིད་མཐུན་ཞིང༌།

དེ་བཞིན་དུ་རྗེས་འཇུག་གསུམ་པ་ད་དང༌།

ལ་ཀྱ་དང་སྦྱར་བ་དང༌།

ལྔ་པ་བ་དང༌། བཅུ་པ་ས་རྣམས་རྗེས་སུ་ཞུགས་པ་

བདུན་པ་འ་ཡིག་གི་མཐའ་ཅན་རྣམས་ལ་དངོས་སུ་འ་ཡིག་ཡོད་དམ་མེད་ཀྱང་རུང་བདུན་པ་

འ་ཉིད་སྦྱར་བ་དང༌།

ཤུགས་བསྟན་འ་མཐའ་ཅན་ལ་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་དང༌།

དེ་དག་ལས་གཞན་ལྷག་མ་ན་མ་ར་ལ་བཞི་པོའི་མཐའ་ཅན་རྣམས་ལ་གྱ་ཉིད་སྦྱར་བ་མཐུན་པ་བཅས། དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་བས།

གི ཀྱི། འི། ཡི། གྱི་རྣམས་སུ་

གྲུབ་པ་དེ་རྣམས་གང་ཞིག་གང་དང་སྒྲ་མཐུན་པའི་མིང་མཐའ་སོ་སོ་དང་སྦྱར་བས།

བདག་གི། གང་གི། ཁད ྱོ ་ཀྱི། རྒྱབ་ཀྱི། གཡས་ཀྱི། དེའི། དེ་ཡི། མདུན་གྱི། ལམ་གྱི། གསེར་གྱི།

དངུལ་གྱི་སོགས་སུ་འགྱུར་ཏེ།

16


ཨི་ལྡན་བཤད་པ།

དེ་དག་ནི་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་ལ་སོགས་མིང་དོན་ཕན་ཚུན་

འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་པའི་ས་ཞེས་བྱའོ། །གི་

སོགས་དེ་དག་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ལྟ་བུ་གཞུང་འདིར་དངོས་སུ་མ་བསྟན་པའི་

དོན་གཞན་དང་གཞན་ལ་འཇུག་པ་སྔ་ཕྱིར་མང་དུ་སྣང་ཡང་འདིར་གཞུང་གི་དངོས་བསྟན་ཙམ་

ལས་མི་འཆད་པས་སྨྲ་སྒོ་སོགས་གཞུང་གཞན་དུ་རྟོགས་པར་བྱའོ། །

༼འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་བ།༽ འབྲེལ་སྒྲའི་དབྱེ་བ།

དཔེར་བརྗོད།

རྟེན་དང་བརྟེན་པ།

སློབ་ཁང་གི་སློབ་མ།

ཡན་ལག་དང་ཡན་ལག་ཅན།

ཁབ་ཀྱི་རྩེ་མོ།

ཆ་དང་ཆ་ཅན།

འཕྲུལ་འཁོར་གྱི་ལྷུ་ལག

བདག་པོ་དང་རྫས།

བླ་མའི་དཔེ་ཆ།

ཁྱད་གཞི་དང་ཁྱད་ཆོས།

ཁུ་བྱུག་གི་གསུང་སྙན།

རྒྱུ་དང་འབྲས་བུ།

ནས་ཀྱི་མྱུ་གུ།

བདག་ཉིད་གཅིག་པ།

བདེ་སྐྱིད་ཀྱི་འཚོ་བ།

གཞི་མཐུན།

གསེར་གྱི་སྣ་རྒྱན།

17


བརྡ་སྤྲ

༼འབྲེལ་སྒྲའི་ཕྲད་མི་མཐུན་པའི་ཚིག་རྒྱན་ལ་འཇུག་ཚུལ།༽

ཤེས་རབ་ལྡན་པའི་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །

ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་བསྟན་པས་ཅི་ཞིག་བྱ། ། ³³ གཉིས་པ། བྱེད་པ་པོའི་སྒྲ་བཤད་པ་ནི།

དེ་ཉིད་ལ་ནི་བཅུ་པ་སྦྱར། །

བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པ་སྟེ།

སྔར་བཤད་པའི་རྣམ་དབྱེ་དྲུག་པའི་སྒྲ་གི།

ཀྱི། འི། ཡི། གྱི་སྟེ་ལྔ་པོ་དེ་དག་ཉིད་ལ་རྗེས་འཇུག་

བཅུ་པ་ས་ཡིག་སྦྱར་བས་གིས། ཀྱིས། འིས། ཡིས། གྱིས་རྣམས་སུ་གྲུབ་པ་ནི་བྱ་བ་ལ་སྦར ྱོ ་བར་

སྟོན་པས་ན་རྣམ་དབྱེ་གསུམ་པ་བྱེད་པ་པོའི་ས་རུ་ཤེས་པར་བྱ་སྟེ།

དཔེར་ན།

བདག་གིས་བསྟན། ཁྱོད་ཀྱིས་ཉན། དེའིས་བྱིན། འདི་ཡིས་བླངས། གསེར་གྱིས་

ཉོས་ལྟ་བུའོ། །

༼བྱེད་སྒྲའི་ནང་གསེས་ཀྱི་དབྱེ་བ།༽ བྱེད་སྒྲའི་དབྱེ་བ།

དཔེར་བརྗོད།

བྱེད་པ་པོ་ལ་འཇུག་ཚུལ།

དགེ་རྒན་གྱིས་སློབ་ཁྲིད་བྱེད།

དེ་གཉིས་མཉམ་དུ་འཇུག་ཚུལ།

ཤིང་མཁན་གྱིས་སྟ་རེས་ཤིང་བཅད།

བྱེད་པ་ལ་འཇུག་ཚུལ།

ཁབ་ཀྱིས་གོས་བཙེམས།

18


ཨི་ལྡན་བཤད་པ།

༼བྱེད་སྒྲ་འཇུག་ཚུལ་གཞན།༽ གཞན་ལ་འཇུག་པའི་དབྱེ་བ།།

དཔེར་བརྗོད། འདོམས་གང་གིས་རིང་།

བྱེད་སྒྲ་རྗེས་མཐུན་པ་ལ་འཇུག་ཚུལ།

དགེ་རྒན་གྱིས་མ་བསླབས།

བྱེད་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ།

ཉི་མ་ཤར་བས་མུན་པ་སངས།

བྱེད་སྒྲ་ངང་ཚུལ་སྟོན་པར་འཇུག་པ།

དལ་གྱིས་སོང་།

19


བརྡ་སྤྲ

སྦྱོང་ཚན། དང་པོ། རྩ་ཚིག་འདི་དག་ལ་འགྲེལ་བཤད་གྱིས། དང་པོ་གཉིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ། ། ལྷག་མ་རྣམས་ལ་གྱ་སྦྱར་བ། །

དེ་དག་ཨི་སྦྱར་འབྲེལ་བའི་ས། །

གཉིས་པ། འབྲེལ་སྒྲའི་དཔེར་བརྗོད་རྣམས་ནང་གསེས་དབྱེ་བ་གང་ཡིན་ངོས་འཛིན་བྱེད་དགོས། རྩྭ་ཐང་གི་ནོར་ལུག སྡོང་པོའི་ཡལ་ག སྤྲིན་གྱི་དུམ་བུ། རྒད་པོའི་རྟ། ཉི་མའི་འོད་ཟེར། གསེར་གྱི་བུམ་པ།

འོ་མའི་བཅུད། གཡུ་ཡི་ཕྲེང་བ། ཐག་པའི་སྣེ་མོ། དཀར་ཡོལ་ནང་གི་འོ་མ། མར་གྱི་སྣུམ། ལྕགས་ཀྱི་ཐབ་ཀ མི་གཙང་བའི་དྲི་མ། དངུལ་གྱི་གའུ། ཆུ་ཡི་ཐིགས་པ། གཉེར་བའི་མཛོད་ཁང་།

གསུམ་པ། གཤམ་གྱི་དཔེར་བརྗོད་རྣམས་བྱེད་སྒྲའི་ནང་གསེས་གང་ཡིན་ངོས་འཛིན་བྱེད་དགོས།

ཡིག་མཁན་གྱིས་ཡི་གེ་བྲིས། བསམ་གྱིས་མི་ཁྱབ། རླུང་གིས་ཤིང་སྡོང་བཅག ཆུ་སྐྱར་མཐོང་བས་ཆུ་ཡོད་པ་ ཤེས། སློབ་མས་སྨྱུ་གུས་ཡི་གེ་བྲིས།

དོན་གྲུབ་ཀྱིས་རྡོ་གཞུས། བཟོ་པས་ཁབ་ཀྱིས་གོས་བཙེམས། གཡག་

གིས་རྩྭ་བཟས། རིག་པ་ངང་གིས་འཕེལ།

བཞི་པ། དྲི་བར་ལན་ཐོབས།

༡ བྱེད་འབྲེལ་གྱི་ཕྲད་བཅུ་ལ་ཨི་ལྡན་ཟེར་དོན་ཅི་ཡིན་ནམ། ༢ ཨི་ལྡན་གྱི་སྒྲའི་སྦྱོར་ཚུལ་ཇི་ལྟར་ཡིན་ནམ།

ལྔ་པ། རང་ངོས་ནས་བྲི་རྒྱུ།

༡ རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་རྣམ་དབྱེ་གསུམ་པ་བྱེད་སྒྲ་གཉིས་ཀྱི་ཁྱད་པར་བྲིས། ༢ ཨི་ལྡན་དང་རྣམ་དབྱེ་དྲུག་པ་བར་ལ་མུ་བཞི་མཚན་གཞི་དང་བཅས་པ་བྲིས། 20


ལྔ་པ།

རྒྱོབས།

ཨི་ལྡན་བཤད་པ།

གཤམ་གྱི་བརྗོད་དུམ་དེ་འབྲི་དེབ་ནང་དུ་བཤུས་ནས་བྱེད་འབྲེལ་གྱི་ཕྲད་རྣམས་ལ་རྟགས་

རྩོམ་གྱི་ཁ་བྱང་ནི་རྩོམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་བརྗོད་བྱ་ཕྱོགས་སྡོམ་དང་བརྗོད་བྱའི་སྙིང་པོ་ གསལ་པོར་སྟོན་ནུས། བརྗོད་བྱའི་གནད་ལ་མ་ཟིན་པའི་ཁ་བྱང་བྲིས་ན། དེ་བརྗོད་བྱའི་དོན་དང་འབྲེལ་བ་ མེད་པར་འགྱུར་བས། ང་ཚོས་རྩོམ་མ་བྲིས་གོང་དུ་ཁ་བྱང་གི་ནང་དོན་ལ་ཞིབ་བཤེར་བྱེད་དགོས། དེ་ལྟར་

བྱས་ན་ད་གཟོད་ཁ་ཡིག་བླང་བྱ་ལྟར་བྲི་བྱའི་ནང་དོན་གྱི་ཁོངས་མཚམས་དང་གཙོ་གནད་ཐག་གིས་གཅོད་ ཐུབ།

21


བརྡ་སྤྲ

སློབ་ཚན་བཞི་པ།

རྒྱན་སྡུད་དང་། ལྷག་བཅས་བཤད་པ།

³³ བཞི་པ། རྒྱན་སྡུད་བཤད་པ་ནི།

ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །

ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པ་སྟེ།

གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི། འི། ཡི། གསུམ་གྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་ རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང༌། འང༌། ཡང༌། ཞེས་གྲུབ་པ་དེ་རྣམས་ནི། 22


རྒྱན་སྡུད་དང་། ལྷག་བཅས་བཤ

༼ཀྱང་ཡང་འང་གསུམ་གྱི་སྒྲ་སྦྱོར་ནི།༽ ག

བ ཀྱང་།

ཡང་།

ད་དྲག འ་

མཐའ་མེད

འང་། ཡང་།

གསལ་ཡང་གསལ། མཛེས་ཀྱང་མཛེས་ལྟ་བུ། ཚིག་སྔ་ཕྱི་མཐུན་པར་སྟོན་པའི་རྒྱན་དང༌།

བཏུད་ཀྱང་ཁ།ྲོ མཛའང་སླུ་ལྟ་བུ། ཚིག་སྔ་ཕྱི་མི་མཐུན་པར་སྟོན་པའི་རྒྱན་ཏེ་ཚིག་རྒྱན་གཉིས་དང༌། མིར་མ་ཟད་ལྷས་ཀྱང་བཏུད་དོ་ལྟ་བུ། གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་ རོ་ཞེས་སོ། །

³³ ལྔ་པ། ལྷག་བཅས་བཤད་པ་ནི།

ལ་དོན་སུ་ལ་ཨུ་ཕྱིས་ནས། །

དེ་ལ་གསུམ་པའི་དང་པོ་སྦྱར། ། དེ་ལ་ཨཱ་ལི་གསུམ་པ་སྦྱར། །

དེ་ནི་ལྷག་མ་དང་བཅས་པའོ། །ཞེས་པ་སྟེ།

སྔར་བཤད་པའི་ལ་དོན་གྱི་ནང་ཚན་སུ་ཞེས་པ་དེའི་ཨུ་ཡིག་སྟེ།

ཞབས་ཀྱུ་ཕྱིས་ནས་ས་ཞེས་

གནས་པ་དེ་ལ་ཀཱ་ལིའི་སྡེ་པ་གསུམ་པའི་དང་པོ་ཏ་ཡིག་སྦྱར་ཞིང༌། དེ་ལ་སླར་ཡང་སྟེང་དུ་ཨཱ་ ལི་གསུམ་པ་སྟེ་འགྲེང་བུ་སྦྱར་བས། སྟེ་ཞེས་གྲུབ་པ་དང་། 23


བརྡ་སྤྲ

འོག་ནས་འབྱུང་བའི་དེ་དང་།

ཤུགས་བསྟན་གྱི་ཏེ་རྐྱང་བཅས་གསུམ་པོ་དེ་རྣམས་ནི།

མིང་ཚིག་གང་གི་མཐར་སྦྱར་ཡང་

བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བྱ་སྟེ།

༼སྒྲ་སྦྱོར་ནི།༽ ན ར

ག ཏེ།

དེ།

ད་དྲག

བ སྟེ། མ འ

མཐའ་མེད།

༼དོན་སྦྱོར་ནི།༽

དེ་ཡང༌། མདའ་འཕངས་ཏེ་ཕོག ཕྱག་འཚལ་ཏེ་བཤད། འཕར་ཏེ་འགྲོ་ལྟ་བུ་ནས་དང་ཅིང་སོགས་ ཀྱི་ཕྲད་དང་འཇུག་པ་མཐུན་པ་ནི་མཚམས་སྦྱོར་ལྷག་བཅས་དང༌།

དངོས་པོ་ནི་གསུམ་སྟེ། བེམ་པོ་དང༌། ཤེས་པ་དང༌། ལྡན་མིན་འདུ་བྱེད་དོ་ལྟ་བུ། ཚིག་སྔ་མའི་ གསལ་བྱེད་དུ་ཕྱི་མ་འདྲེན་པ་ནི་དམ་བཅའ་ལྷག་བཅས་དང༌།

ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། ལྟ་བུ་ལ་དང་འཇུག་པ་མཐུན་ཅིང་ལྷག་མ་ཡོད་པ་ཙམ་སྟོན་པ་ནི་ གཞན་འདྲེན་ལྷག་བཅས་ཏེ་རགས་པ་ཙམ་དབྱེ་ན་གསུམ་དུ་འགྱུར་རོ། ། 24


རྒྱན་སྡུད་དང་། ལྷག་བཅས་བཤ

སྦྱོང་ཚན།

དང་པོ། གཤམ་གྱི་དཔེར་བརྗོད་རྣམས་རྒྱན་སྡུད་དང་། ལྷག་བཅས་ཀྱི་ནང་གསེས་གང་ཡིན་ངོས་ བཟུང་ནས་གུག་རྟགས་ནང་བྲིས།

རྟ་ལ་བཞོན་ཏེ་འཛུམ་མདངས་ཕྱུང་།

(

)

ཆུ་སྐྱེས་ཏེ། ཆུ་ལས་སྐྱེས་པས་སོ། །

(

)

ཕྱུག་ཀྱང་སེར་སྣ་ཆེ།

(

སྤྱི་སེམས་ཀྱང་ཆེ།

(

བགད་དེ་སོ་བསྟན།

)

(

ཤར་ནས་ཉི་མ་ཤར་ཡང་ཤར།

)

(

ངོ་གནག་སྟེ་གཤེ།

འཇུག

)

(

གོ་དོན་ཚང་མ་བཤད་ཀྱང་བཤད།

རྒྱན་སྡུད་ལ་ནང་གསེས་གསུམ་ཡོད་པ་ནི།

)

(

མཛེས་པའང་ཡིན་ལ་མདོག་ཀྱང་དཀར།

གཉིས་པ། བར་སྟོང་སྐོངས།

)

)

( དང་།

) །

བཅས་དོན་གསུམ་ལ་

ཚིག་རྒྱན་ནི། གཞི་གཅིག་གི་སྟེང་དུ་མཐུན་པའི་ཆོས་གཉིས་སྡུད་ཅིང་། ཁྱད་པར་དུ་ཚིག་

མཛེས་པར་བྱེད་པ་ཞིག་ཡིན།

གསུམ་པ། དྲི་བར་ལན་ཐོབས།

༡ ཅི་ཞིག་ལ་ལྷག་བཅས་ཟེར་རམ།

༢ ལྷག་བཅས་ལ་ནང་གསེས་དབྱེ་བ་ག་ཚོད་ཡོད་དམ།

བཞི་པ། རྒྱན་སྡུད་དང་། ལྷག་བཅས་གཉིས་ཀྱི་ནང་གསེས་དབྱེ་བ་རྣམས་ལ་རང་ངོས་ནས་དཔེར་ བརྗོད་རེ་བྲིས།

25


བརྡ་སྤྲ

སློབ་ཚན་ལྔ་པ།

འབྱེད་སྡུད་དང་། འབྱུང་ཁུངས། བོད་པའི་སྒྲ་བཤད་པ།

སྦྱང་བྱ་གཙོ་བོ། • འབྱེད་པ་དང་སྡུད་པའི་སྒྲ་དོན་གྱི་སྦྱོར་ཚུལ། • འབྱེད་སྡུད་ཀྱི་ཕྲད་དྲི་བ་ལ་འཇུག་པ།

• འབྱུང་བའི་ཁུངས་དང་འབྱུང་ཆོས། དེ་ལས་འབྱུང་བའི་ཚུལ། • ཡུལ་མཆོག་དམན་བར་གསུམ་ལ་འབོད་སྒྲ་སྦྱོར་སྟངས།

³³ དྲུག་པ། འབྱེད་སྡུད་བཤད་པ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ལ། །

དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །ཞེས་པ་སྟེ།

རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ལ་དེ་ཉིད་ཀྱི་དྲུག་པ་མ་ཡིག་སྦྱར་བས་གམ་དང་། ངམ། དམ།

ནམ། བམ། མམ། འམ། རམ། ལམ། སམ་རྣམས་སུ་གྲུབ་པ་དེ་དག་དང༌། ཤུགས་བསྟན་ཏམ་ བཅས་བཅུ་གཅིག་པོ་རྣམས་ནི།

26


འབྱེད་སྡུད་དང་། འབྱུང་ཁུངས། བོད་པའི་སྒྲ

ཕུང་པོ་ནི་ལྔ་སྟེ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ ་ལྟ་ བུ༑ དབྱེ་གཞི་གཅིག་ལས་བྱེ་བྲག་སོ་སོར་འབྱེད་པ་དང༌།

གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོའ ོ ོ་ལྟ་བུ། ཚིག་དོན་མང་པོ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པ་ཡིན་ནོ་ཞེས་སོ། །

དེ་ཡང་། ཡོད་དམ་མེད་ལྟ་བུ། དྲི་ཚིག་རྣམས་ཀྱང་ཡོད་མེད་ཀྱི་ཁྱད་པར་འབྱེད་པའི་ཚིག་ཡིན་ པས་འབྱེད་པའི་སྒྲ་ཉིད་དུ་ངེས་སོ། །

³³ བདུན་པ། འབྱུང་ཁུངས་བཤད་པ་ལ་གཉིས། འབྱུང་ཁུངས་དངོས་བཤད་པ་དང༌། དེ་དགར་

སྡུད་ལ་འཇུག་པའི་ཚུལ་ལོ། ། དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ཡི། ། བཞི་པ་དགུ་པ་ལ་བཅུ་པ། །

སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །ཞེས་པ་སྟེ།

རྗེས་འཇུག་ཡི་གེ་བཅུ་པོ་དེའི་བཞི་པ་ན་དང༌། དགུ་པ་ལ་གཉིས་སོ་སོར་བཅུ་པ་ས་ཡིག་སྦྱར་བས། ནས། ལས་ཞེས་གྲུབ་པ་ནི།

ས་ནས་རྩྭ་སྐྱེས། བ་ལས་འོ་མ་འཇོ། ལྟ་བུ། ཆོས་གང་ལས་གང་ཞིག་བྲལ་བའམ་འབྱུང་བ་སྟོན་པའི་

དོན་དུ་མཚུངས་པར་འཇུག་པས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་ཡིན་ཅིང༌།

ཡང་། དུ་བ་ལས་མེར་ཤེས་ལྟ་བུ། ལས་ཀྱི་སྒྲ་ཁོ་ན་རྒྱུ་མཚན་ལ་འཇུག་པ་ཡོད་ཀྱང་རྣམ་དབྱེ་ལྔ་པ་ ལས་མ་འདས་ཏེ། མེར་ཤེས་པའི་རྒྱུ་མཚན་དེ་དུ་བ་མཐོང་བ་ལས་བྱུང་བས་སོ། ། ³³ གཉིས་པ། དེ་དགར་སྡུད་ལ་འཇུག་པའི་ཚུལ་ནི། 27


བརྡ་སྤྲ

དགར་དང་སྡུད་པའང་དེ་བཞིན་ཡིན། །ཞེས་པ་སྟེ།

བཤད་མ་ཐག་པའི་ནས་དང་ལས་ཀྱི་སྒྲ་དེ་དག་འབྱུང་ཁུངས་ཁོ་ནར་མ་ཟད། དགར་གཞི་ལས་

ལོགས་སུ་དགར་བའི་དོན་ལའང་འཇུག་ཅིང༌། དེ་ལས་ནས་ཀྱི་སྒྲ་གཅིག་པུ་ནི་མཚམས་འཛིན་

ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ཏེ།

ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་མཛེས་ལྟ་བུ། དགར་གཞི་དང་དགར་ཆོས་རིས་མཐུན་པ་ལ་ནས་

དང༌།

ལྷ་ལས་མི་དམན་ལྟ་བུ། དགར་གཞི་དང་དགར་ཆོས་རིས་མི་མཐུན་པ་ལ་ལས་དང༌།

གཟུགས་ནས་རྣམ་མཁྱེན་གྱི་བར་ལྟ་བུ། སྡུད་པ་ལ་ནས་འཇུག་ཅིང་དགར་སྡུད་གཉིས་ཀ་ཡང་རྣམ་

དབྱེ་ལྔ་པའི་ཁོངས་སུ་གཏོགས་ཏེ། དགར་བ་ནི་དགར་གཞི་ལས་དགར་ཆོས་དབྱེ་བ་ལྟར་སྣང་བ་

དང༌། སྡུད་པ་ནི་ཐོག་མ་གང་ནས་བརྩམས་པ་དེ་ལས་བསྡུ་བྱ་རྣམས་བྱུང་བ་ལྟར་སྣང་བས་སོ། །

³³ བརྒྱད་པ། བོད་པའི་སྒྲ་བཤད་པ་ནི།

གང་མིང་བརྗོད་པའི་དང་པོ་རུ། །

ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་པ་སྟེ།

གང་ཡང་རུང་བའི་མིང་བརྗོད་པའི་ཐོག་མར་ཀྱེ་ཞེས་སྦྱར་བ་ནི།

ཀྱེ་རྒྱལ་པོ་ཆེན་པོ་ལྟ་བུ། ཡུལ་ཁྱད་པར་ཅན་ལ་བོད་པ་གསལ་བར་བྱེད་པའི་སྒྲ་ཡིན་ལ། ཤུགས་ བསྟན་ཀྭ་ཡེ་དང་། ཀྭ་དང་། ཝ་ཡེ་ལྟ་བུ་ནི་ཡུལ་དམན་པ་ལ་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །

28


འབྱེད་སྡུད་དང་། འབྱུང་ཁུངས། བོད་པའི་སྒྲ

སྦྱོང་ཚན། དང་པོ། གུག་རྟགས་ནང་བྲི་རྒྱུ།

(འབྱེད་པ་དང་སྡུད་པ་གང་ཡིན་ངོས་འཛིན་བྱོས།)

ཆོས་རྒྱལ་མེས་དབོན་རྣམ་གསུམ་སྟེ་སྲོང་བཙན་སྒམ་པོའམ། ཁྲི་སྲོང་ལྡེའུ་བཙན་ནམ། ཁྲི་རལ་བ་ཅན་བཅས་སོ། །

(

)

(

)

ཉོན་མོངས་དུག་གསུམ་ནི་འདོད་ཆགས་སམ། གཏི་མུག་གམ། ཞེ་སྡང་བཅས་སོ། །

(

)

སྲོང་བཙན་སྒམ་པོའམ། ཁྲི་སྲོང་ལྡེའུ་བཙན་ནམ། ཁྲི་རལ་པ་ཅན་བཅས་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་མོ། ། འདོད་ཆགས་སམ། གཏི་མུག་གམ། ཞེ་སྡང་བཅས་ནི་ཉོན་མོངས་དུག་གསུམ་མོ། །

གཉིས་པ། འབྱུང་ཁུངས་དངོས་དང་ཆ་འདྲ་བ་སོ་སོར་ངོས་ཟུངས།

(

སྤྲིན་ནས་ཆར་པ་བབས།

(

)

མགོ་ལས་སྐྲ་སྐྱེས།

(

)

ཁང་པ་ནས་མི་ཐོན།

(

རྟ་ལས་ལྷུང་།

(

)

) )

གསུམ་པ། ཡུལ་མཆོག་དམན་བར་གསུམ་ལ་འབོད་སྒྲ་སྦྱོར་སྟངས་འགྲིག་མིན་རྟགས་རྒྱོབས། ཝ་ཡེ་མི་དབང་ས་སྐྱོང་མཆོག

(

)

ཀྱེ་གཅུང་པོ་ཚུར་གསོན་དང་།

(

)

ཀྭ་ཡེ་བློ་བཟང་ལགས།

(

)

བཞི་པ། དཔེར་བརྗོད་བྲི་རྒྱུ།

༡ འབྱེད་པའི་དཔེར་བརྗོད་གཉིས་དང་། སྡུད་པའི་དཔེར་བརྗོད་གཉིས་བྲིས།

༢ འབྱུང་ཁུངས་དངོས་ཀྱི་དཔེར་བརྗོད་གཉིས་དང་། ཆ་འདྲ་བའི་དཔེར་བརྗོད་གཉིས་རེ་བྲིས། ༣ ཡུལ་མཆོག་དམན་བར་གསུམ་ལ་བོད་པའི་དཔེར་བརྗོད་གཉིས་རེ་བྲིས།

29


བརྡ་སྤྲ

སློབ་ཚན་དྲུག་པ།

ཚིག (༡)

སྦྱང་བྱ་གཙོ་བོ། • གོ་དོན་ཙམ་གྱི་དབང་དུ་བྱས་ན་མིང་ནི་བརྟན་གཡོ་ཀུན་གྱི་བརྡ་སྤྲོད་བྱེད་ཀྱི་རྟགས་ ཤིག་ཡིན།

• བྱ་ཚིག་ནི་བརྟན་གཡོ་ཀུན་གྱི་གཡོ་འགུལ་གྱི་རྣམ་པ་གསལ་བར་བྱེད་པའི་སྒྲ་ཞིག་ ཡིན་ཟེར་ན་མི་ཆོག་པ་མེད་སྙམ།

ཡི་གེ་དུ་མ་འདུས་པའམ་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ལ་མིང་ཟེར། གཉིས་ཡོད།

དངོས་མིང་དང་བཏགས་མིང་།

མིང་ལ་དབྱེ་བ་

དངོས་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་

གཉིས། བཏགས་མིང་ལའང་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད།

ཡང་ན། འདོད་རྒྱལ་དང་རྗེས་གྲུབ། འདོད་རྒྱལ་ལ་དངོས་མིང་དང་བཏགས་མིང་གཉིས། རྗེས་གྲུབ་ལའང་དངོས་མིང་དང་བཏགས་མིང་གཉིས་སུ་དབྱེ་ནའང་ཆོག བྱ་ཚིག་ལའང་བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ་གཉིས་ཡོད།

30


ཚིག (༡)

u མིང་ཚིག

དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པ་ལ་ཚིག་ཟེར་བ་བཞིན་འདིར་མིང་

གི་ཁྱད་པར་ཆེ་ལོང་ཙམ་ཞིག་ཕྱེ་ནས་རེའུ་མིག་ཏུ་བཀོད་ཡོད། མིང་ལ་ ནང་གསེས་

དབྱེ་ན། དངོས་ མིང་།

བཏགས་ མིང་།

དབྱེ་བ།

འདོད་རྒྱལ། རྗེས་གྲུབ། འདོད་རྒྱལ། རྗེས་གྲུབ།

འགྲེལ་བཤད།

དཔེ་མཚོན།

དངོ ས ་པོ ་ ལ་ཐོ ག ་མར་འདོ ད ་པ་ཙམ་ མི། རི། ཁྱི། བུམ་པ། ཀ་བ། གྱིས་བརྡ་སྦྱར་བ་དངོས་པོ་དེའི་མིང་

དུ་ཆགས་པ།

རྔ་མ། ཅོག་ཙེ།

ཐ་སྙད་བཏགས་པ་ལ་རྒྱུ་མཚན་ སློབ་གྲྭ། བཤད་དུ་ཡོད་པ།

བཟོ་གྲྭ།

དངུལ་ཁང་།

འབྲི་དེབ། ཀློག་དེབ། རྐུབ་སྟེགས།

མི་ཕལ་བ་ཞིག་ལ་རྒྱུ་མཚན་མེད་པར་ བུ་སངས་རྒྱས། བུ་མོ་ལྷ་མོ།

རང་འདོད་ཀྱིས་མིང་བཏགས་པ།

མི་དང་ཅ་དངོས་འདྲ་བ་དང་། འབྲེལ་ མཚོ ་ ལ་འཚོ ་ བ་སྐྱེལ་བའི ་ བྱ་ལ་ཆུ་ བ་རྒྱུ་མཚན་དུ་བྱས་ནས་བཏགས་ བྱ། མེ་སྦར་བྱེད་ཀྱི་ཤིང་ལ་མེ་ཤིང་། པའི་མིང་།

བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ།

v བྱ་ཚིག

བྱེད་པ་པོ་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་བྱ་བ་བྱེད་བཞིན་པ་དང་། བྱས་ཟིན་པ། བྱ་

འགྱུར་གྱི་རང་བཞིན་གསལ་བར་བྱེད་པའི་སྒྲ་ལ་བྱ་ཚིག་ཟེར། བྱ་ཚིག་ལ་དབྱེ་ན་བྱ་བྱེད་ཐ་དད་པ་

དང་ཐ་མི་དད་པ་གཉིས་དང་། དེ་རེ་རེ་ལའང་གཟུགས་འགྱུར་བ་དང་མི་འགྱུར་བ་བཅས་གཉིས་

ཡོད།

31


བརྡ་སྤྲ

བྱ་ཚིག་ལ་དབྱེ་ན།

བྱ་བྱེད་ཐ་དད་པ།

བྱ་བྱེད་ཐ་མི་དད་པ།

སྒྲ་བཤད།

བྱ་ཡུལ་དང་བྱེད་པ་པོ་ཐ་དད་དུ་ཡོད་པ། བྱ་ཡུལ་དང་བྱེད་པ་པོ་ཐ་དད་དུ་མེད་པ།

བྱ་ཚིག ནང་གསེས་ དབྱེ་བ།

གཟུགས་ བྱ་བྱེད་

འགྱུར།

བྱ་བ་སོགས་

གཟུགས་མི་ འགྱུར།

མ་

འོངས།

བསྒྲུབ།

འཁོར་ལོ་བསྐོར། ལས་དོན་སྒྲུབ། ང་འགྲོ། ལས་དོན་འགྲུབ།

ད་ལྟ། སྒྲུབ།

འདས་ པ།

སྐུལ་ཚིག

བསྒྲུབས། སྒྲུབས།

མ་ཎི་འཁོར་ལོ་

བསྐོར།

སྐོར།

བསྐོརད།

སྐོརད།

ཡི་གེ་སོགས་

བྲི།

འབྲི།

བྲིས།

བྲིས།

སོགས་

སྒྲུང་དེབ་སོགས་

ཅ་ལག་སོགས་

ཐ་དད་ པ།

གཞི།

དཔེ་མཚོན།

བཀླག

ཀློག

བཀླགས། ཀློགས།

བརྐུ།

རྐུ།

བརྐུས།

རྐུས།

བརྩོན།

བརྩོན།

བརྩོན།

བརྩོན།

ཕ་མས་བུ་ལ་

བརྩེ།

སྡུག་བསྔལ་གྱིས་

མནར།

མནར།

མནར།

འགྲན།

འགྲན།

འགྲན།

སློབ་སྦྱོང་ལ་

བྱ་བ་བཟང་པོ་ལ་

རྟ་རྒྱུག་སོགས་

བསྔགས།

32

བརྩེ།

བསྔགས།

བརྩེ།

བསྔགས། བསྔགས། འགྲན།


གཟུགས་ བྱ་བྱེད་

འགྱུར།

ཐ་མི་དད་ པ།

ཉི་མ་སོགས་

འཆར།

འཆར།

ཤར།

སྡོད་གནས་སོགས་

འཕོ།

འཕོ།

འཕོས།

གཡུལ་དུ་ དུས་ཚོད་

སྐྲ་སོགས་

བྱིས་པ་སོགས་

གཟུགས་མི་ འགྱུར།

འཕམ། འཕྱི།

འཕྱིང་། སྐྲག

འཁོར་ལོ་སོགས་

འཁོར།

མི་ཚེ་སོགས་

འཁྱོལ།

ཆུ་སོགས་

ཆོས་སོགས་

འཁྱིལ། དར།

33

འཕམ། འཕྱི།

ཕམ།

འཕྱིས།

འཕྱིང་།

འཕྱིངས།

འཁོར།

འཁོར།

སྐྲག

འཁྱིལ།

འཁྱོལ། དར།

སྐྲག

འཁྱིལ།

འཁྱོལ། དར།

ཚིག (༡)


བརྡ་སྤྲ

སྦྱོང་ཚན། དང་པོ། མིང་ཚིག་རྣམས་ལ་ཚིག་སྒྲུབ་རེ་བཟོས།

རྩྭ་ཐང་། རྩྭ། སྡོང་པོ། ཡལ་ག སྤྲིན། ཉི་མ། འོད་ཟེར། གསེར། བུམ། འོ་མ། ཕྲེང་བ། ཡི་གེ།

སྒྲུབ། སྐོར། མཁྱེན། བརྙས། མནར། འགྲན། འཆར། འཕོ། སྐྲག འཁོར། འཁྱིལ། འཁྱོལ། འགྲུབ།

གཉིས་པ། མིང་ཚིག་དང་། བྱ་ཚིག་གང་ཤེས་བྲིས། མིང་ཚིག

བྱ་ཚིག

གསུམ་པ། དྲི་བར་ལན་ཐོབས།

༡ མིང་ཚིག་ལ་དབྱེ་ན་གང་དག་ཡོད་དམ། ༢ བྱ་ཚིག་ལ་དབྱེ་ན་གང་དག་ཡོད་དམ།

༣ མིང་ཚིག་དང་བྱ་ཚིག་གི་ཁྱད་པར་གང་ཡིན་ནམ། 34


ཚིག (༡)

བཞི་པ། བྱེད་སྒོ།

རྒན་ལགས་ཀྱིས་མིང་ཚིག་དང་། བྱ་ཚིག་གང་མང་བསྡུ་རུབ་བྱས་ནས་སློབ་ཕྲུག་ལ་ངོས་འཛིན་དུ་འཇུག་ དགོས།

35


བརྡ་སྤྲ

སློབ་ཚན་བདུན་པ།

ཚིག (༢)

སྦྱང་བྱ་གཙོ་བོ། • བྱ་ཚིག་རྗེས་མཐུན་མ། མིང་ཚབ། གྲངས་ཚིག ཁྱད་ཚིག རྒྱན་ཚིག་རྣམས་ ངོས་ཟིན་པ་དང་། བེད་སྤྱོད་གཏོང་ཤེས་པ་དགོས།

• གོང་གི་དེ་དག་བེད་སྤྱོད་ཇི་ལྟར་གཏོང་ཚུལ་ཤེས་པ་དགོས།

u བྱ་ཚིག་རྗེས་མཐུན་མ།

ཕལ་ཆེར་བྱ་ཚིག་གི་མཐར་སྦྱར་ན་དོན་དེ་ཡོངས་སུ་འགྲུབ་པར་བྱེད་ནུས་པའི་ཐ་སྙད་ལ་ཟེར། ཚིག

དཔེར་བརྗོད།

ཚིག

དཔེར་བརྗོད།

དགོས།

ཞིང་ལ་ཆུ་གཏོང་དགོས།

མེད།

ས་འདིར་ནད་མེད།

ཡིན།

ང་འབྲོག་པ་ཡིན།

ཡོད།

ནགས་ན་རི་དྭགས་ཡོད།

མིན།

མི་ལྷ་མིན།

འོས།

36

གཅེས་པར་འོས་པའི་མི།


རིགས།

ཁྲིམས་འགལ་བྱེད་མི་རིགས།

རུང་།

བྱ་ངན་བྱེད་མི་རུང་།

སྲིད།

རྩྭ་སྨན་ཐུན་གཅིག་གིས་ནད་ཆེན་པོ་གསོ་སྲིད།

འདུག

ཟོ་བའི་ནང་ལ་ཆུ་འདུག

རེད།

མེ་ཏོག་དེ་དམར་པོ་རེད།

ལགས།

ཚིག (༢)

དེ་ལྟར་མ་ལགས།

v མིང་ཚབ།

མིང་སོགས་ཀྱི་ཚབ་བམ། དེ་མཚོན་ཐུབ་པའི་ཐ་སྙད་ལ་ཟེར། ཚིག

དཔེར་བརྗོད།

ཚིག

དཔེར་བརྗོད།

ཁ་ཅིག

ཁ་ཅིག་ན་རེ།

ཁོང་ཚོ།

ཁོང་ཚོ་བོད་ལ་ཕྱིན་སོང་།

ཅིག་ཤོས།

ཅིག་ཤོས་དེ་ལས་ལྡོག་པའོ ། །

ཁྱེད།

ཁྱེད་ཀྱིས་བྲིས་སོང་།

ང་ཅག ཁོ།

ང་ཚོ།

ང་ཅག་གཞིས་ཀ་རྩེ་བ།

དེ།

ཁོ་བོད་པ་ཞིག་རེད།

མོ།

ང་ཚོ་འདི་རུ་འཛོམས་ཡོད།

འདི།

འོ་སྐོལ།

འདི་སེམས་པ་བཟང་།

རང་།

སུ།

རང་བློ་རང་གིས་བཅུན།

གང་།

མི་དེ་རང་རེད་འདུག མོ་རྒྱ་གར་བ་རེད།

འོ་སྐོལ་གྱི་སྟོན་པ།

མི་སུ་ཕྱིན་པ་རེད་དམ།

རང་གི་ཅ་ལག་གང་ཡིན་པ་ལོན།

w གྲངས་ཚིག

གྲངས་ཀ་མཚོན་པའི་ཐ་སྙད་ལ་ཟེར། ཚིག

ཀུན།

ཅག

དུ་མ།

དཔེར་བརྗོད།

རྒྱལ་ཁམས་ཀུན་ཏུ་ཉུལ།

བདག་ཅག་གི་སྟོན་པ།

བྱ་དུ་མ་གནམ་ལ་འཕུར།

ཚིག

གང་ག

གཅིག

དཔེར་བརྗོད།

མི་གང་ག་ཕྱི་ལ་སོང་།

སྲོག་ཆགས་རིགས་གཅིག་པ་རེད།

རྣམས།

ཁ་ལོ་བ་རྣམས་ཀྱིས་མོ་ཊ་བཏང་། 37


བརྡ་སྤྲ

ཕལ་ཆེར།

ལ་ལ།

དག

ལས་ཀ་ཕལ་ཆེར་གྲུབ།

མི་ལ་ལས་ལས་ཀ་བྱས།

སོགས།

དེ་སྙེད།

དེ་དག་ཚང་མ་གཙང་མ་རེད། ཟུང་།

བོད་པ་སོགས་ནང་པ་རེད།

མི་ཇི་སྙེད་ཡོད་པ་དེ་སྙེད་ཕྱིན། མིག་ཟུང་ཁ་ལས་ཆེ།

x ཁྱད་ཚིག

དངོས་པོ་གང་ཞིག་གི་ཁྱད་ཆོས་སྟོན་པའི་ཚིག་ལ་ཁྱད་ཚིག་ཟེར། ཁྱད་ཚིག

སྐ་བ།

གྱོང་པོ།

གཅེར་བུ།

འཇམ།

སྟུག

དོག

སྤྲོ།

བླུན།

རྩུབ།

ཞིམ།

རིང་།

རློན་པ།

གཤའ་མ།

ལྷུག

དཔེར་བརྗོད།

ཐུག་པ་སྐ་བ།

ཀོ་བ་གྱོང་པོ།

ལུས་གཅེར་བུ།

བདེ་ཞིང་འཇམ་པ།

ནགས་ཚལ་སྟུག་པོ།

ཁང་པ་གུ་དོག་པོ།

སེམས་ལ་སྤྲོ་བ་སྐྱེས།

མི་བླུན་པོ།

གོས་རྩུབ་པོ།

ཞིམ་པའི་ཟས།

ལམ་ཐག་རིང་།

གོས་རློན་པས་ཤ་མི་དྲོས།

ཆོས་གཤའ་མ།

གོས་ལྷུག་པོ་ལུས་ལ་བདེ།

ཁྱད་ཚིག

དཔེར་བརྗོད།

ཁ་ཚ།

སི་པན་ཁ་ཚ་བོ།

ཆུང་།

རིག་གནས་ཆུང་བ།

ངན།

ཉེ།

ཐུང་།

མི་ངན་བཀག་མི་ཐུབ།

ས་ཐག་ཉེ་བའི་གནས།

ཉི་མ་ཐུང་།

རྣོན་པོ།

མཚོན་རྣོན་པོ་ཀོ་ཤུབས་ནང་ལ་ཡོད།

མྱུར།

རིག་པ་མྱུར་པོ།

ཕྲ།

ཚ་པོ།

སྐུད་པ་ཕྲ་མོ་ཁབ་ལ་བརྒྱུས།

ཆུ་ཚ་པོ་འཐུང་།

བཟང་།

མི་བཟང་ངན་འདྲིས་ན་ཤེས།

ལེགས།

སློབ་སྦྱོང་ལེགས་པ།

ཡ་རབས། ཡ་རབས་མ་རབས་སྤྱོད་པས་ཤེས།

གསར།

ཨེན།

38

ཁང་པ་གསར་པ།

སྨན་ཨེན་ཙམ་འཐུང་།


ཚིག (༢)

y རྒྱན་ཚིག

བྱ་བའི་ཁྱད་པར་སྟོན་པའི་ཚིག་ལ་རྒྱན་ཚིག་ཟེར། རྒྱན་ཚིག

ལྷབ་བེ་ལྷུབ་བེ།

ཁྲ་ལེ་ཁྲུལ་ལེ།

ཉ་གེ་ཉོག་གེ

ཚམ་མེ་ཚོམ་མེ།

འབར་རེ་འབུར་རེ།

ལྷག་གི་ལྷུག་གི

ཀ་རེ་ཀོར་རེ།

ཤབ་བེ་ཤུབ་བེ།

ཐ་རེ་ཐོ་རེ།

རྫ་བེ་རྫུབ་བེ།

ལྷག་གེ་ལྷོག་གེ

ཟང་ངི་ཟིང་ངི་།

ཀྱ་གེ་ཀྱོག་གེ

ན་གེ་ནོག་གེ

ན་རེ་ནོ་རེ།

འ་རེ་འུར་རེ།

ཟམ་མི་ཟིམ་མི།

ལྡ་བེ་ལྡིབ་བེ།

ཁྱ་གེ་ཁྱོ་གེ

ཁྱ་རེ་ཁྱོར་རེ།

ཉ་ལེ་ཉིལ་ལེ།

བསྡུས་པ།

དཔེར་བརྗོད།

ལྷབ་ལྷུབ།

དར་ཆ་ལྷབ་ལྷུབ་ཏུ་གཡོ།

ཁྲལ་ཁྲུལ།

བསམ་བློ་ཁྲལ་ཁྲུལ་དུ་གྱུར།

ཀར་ཀོར།

ལས་ཀ་ཀར་ཀོར་མ་བྱེད།

ཤབ་ཤུབ།

སྐད་ཆ་ཤབ་ཤུབ་བཤད།

ཉག་ཉོག

གཏམ་ཉག་ཉོག་ཏུ་བཤད།

ཐར་ཐོར།

རྩྭ་ཐར་ཐོར་དུ་སྐྱེས།

ཚམ་ཚོམ།

ཚམ་ཚོམ་དུ་ལུས།

རྫབ་རྫུབ།

འབར་འབུར། ལྷག་ལྷོག ལྷག་ལྷུག

སྐད་ཆ་རྫབ་རྫུབ་ཏུ་བཤད་པ། ཆུ་འབར་འབུར་དུ་བརྡོལ། ཆུ་ལྷག་ལྷོག་ཏུ་ཁོལ།

སྐ་རགས་ལྷག་ལྷུག་ཏུ་བཅིངས།

ཟང་ཟིང་།

མི་ཚོགས་ཟང་ཟིང་དུ་གྱུར།

ཟམ་ཟིམ།

ཆར་ཟམ་ཟིམ་དུ་བབས།

ཀྱག་ཀྱོག

ཡིག་གཟུགས་ཀྱག་ཀྱོག་ཏུ་བྲིས།

ལྡབ་ལྡིབ།

གཏམ་ལྡབ་ལྡིབ་ཏུ་སྨྲ།

ནག་ནོག

གྱོན་གོས་ནག་ནོག་ཏུ་གྱུར།

ཁྱག་ཁྱོག

ལུས་ཁྱག་ཁྱོག་ཏུ་བསྐྱོད།

ནར་ནོར།

སྐད་ཆ་ནར་ནོར་དུ་བཤད།

ཁྱར་ཁྱོར།

གོམ་པ་ཁྱར་ཁྱོར་དུ་སྤོས།

འ་འུར།

སྒྲ་འ་འུར་དུ་གྲགས།

ཉལ་ཉིལ།

རི་ཉལ་ཉིལ་དུ་ཉིལ། 39


བརྡ་སྤྲ

ཆལ་ལི་ཆིལ་ལི།

ཆལ་ལེ་ཆོལ་ལེ། ས་བེ་སིབ་བེ།

ཆལ་ཆིལ།

རྦ་རླབས་ཆལ་ཆིལ་དུ་འཕྱུར།

སབ་སིབ།

གློག་འོད་སབ་སིབ་ཏུ་འཕྲོས།

ཆལ་ཆོལ།

40

གཏམ་ཆལ་ཆོལ་དུ་བཤད།


ཚིག (༢)

སྦྱོང་ཚན། དང་པོ།

ཚིག་རྣམས་ཀྱི་ནང་ནས་བྱ་ཚིག་རྗེས་མཐུན་མ་སོགས་གང་ཡིན་ངོས་འཛིན་གྱིས་རེའུ་

མིག་ནང་སྐོངས།

ཟམ་མེ་ཟིམ་མེ། རློན་པ། སོགས། དེ། ཡོད། ཐ་རེ་ཐོ་རེ། གྱོ​ོང་པོ། ལྟར། ཅིག་ཤོས། དགོས།

ཚིག

འདིར་སྐོངས།

བྱ་ཚིག་རྗེས་མཐུན་མ། མིང་ཚབ།

གྲངས་ཚིག ཁྱད་ཚིག

རྒྱན་ཚིག གཉིས་པ། བྱ་ཚིག་རྗེས་མཐུན་མ་དང་། མིང་ཚབ། གྲངས་ཚིག ཁྱད་ཚིག རྒྱན་ཚིག་བཅས་ལ་ དཔེ་མཚོན་བསྟན་པ་བཞིན་དཔེར་བརྗོད་གཉིས་རེ་བྲིས། དཔེར་ན། ཡོད། ངས་ཡི་གེ་ཀློག་གིན་ཡོད། ལྟ་བུ།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

གསུམ་པ། དྲི་བར་ལན་ཐོབས།

༡ སློབ་ཚན་འདིར་ཚིག་ལ་དབྱེ་བ་མི་འདྲ་བ་ག་ཚོད་ཡོད་པ་དང་། དེ་དག་གང་དང་གང་ཡིན་ནམ། ༢ ཅི་འདྲ་ཞིག་ལ་རྒྱན་ཚིག་ཟེར་རམ།

41


བརྡ་སྤྲ

༣ ཅི་འདྲ་ཞིག་ལ་ཁྱད་ཚིག་ཟེར་རམ།

བཞི་པ། འོག་གི་རྩོམ་ཐུང་ལས་ཚིག་གི་དབྱེ་བ་ལྔ་པོ་ངོས་འཛིན་བྱོས།

རྒྱ་སེ་མེ་ཏོག་རྐང་གཅིག

རེས་གཟའ་ཉི་མའི་ཉིན། ཕུར་བུ་ང་གཉིས་གླིང་ཁའི་ནང་འཆམ་འཆམ་དུ་ཕྱིན་པ་ཡིན། གླིང་ཁའི་སྒོར་འཛུལ་ མ་ཐག་མེ་ཏོག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བྱུང་བས་མེ་ཏོག་ལ་ལྟ་བར་ཐལ་སོང་། མེ་ཏོག་ལ་ལྟ་བའི་དུས་ གཡས་གཡོན་ལ་མི་མེད་པ་དང་སྟབས་བསྟུན་ནས་ངས་རྒྱ་སེ་མེ་ཏོག་དམར་པོ་རྐང་གཅིག་བཏོགས་པ་ཡིན། ཕུར་བུས་དེ་མཐོང་ནས་མི་དགའ་བའི་རྣམ་འགྱུར་སྟོན་བཞིན། ཁྱོད་རང་གིས་མེ་ཏོག་བཏོགས་ནས་གང་བྱ་

རྩིས་ཡོད་ཅེས་དྲིས་བྱུང་བས་ངས་ང་དེར་དགའ་པོ་ཡོད། ཁྱེད་རང་ལའང་གཅིག་བཏོག་ཆོག་ཅེས་བཤད་པས། ཕུར་བུ་ཁོང་ཁྲོ་ཟ་ནས་འཐོག་མི་དགོས་ཞེས་བཤད་པ་དང་ཆབས་ཅིག་ངའི་ལག་པའི་མེ་ཏོག་དེའང་ཕྲོགས་

ནས། གླིང་ཁའི་ནང་གི་མེ་ཏོག་ནི་མི་ཚང་མས་ལོངས་སྤྱད་བྱ་ཡིན། དེ་ནི་མི་མང་པོས་དཀའ་ལས་བརྒྱབ་ནས་ བྱུང་བ་རེད། ཁྱོད་རང་གིས་གཏོར་བཤིག་དེ་འདྲ་བཏང་ན་འགྲིག་གམ་ཞེས་སྐྱོན་བརྗོད་བྱས་བྱུང་བས། ང་ནི་

ག་ཤོད་འདི་ཤོད་མེད་པར་གྱུར། ཡང་གཟའ་ཉི་མ་ཞིག་ལ་ངས་ཁྱིམ་དུ་དཔེ་དེབ་བལྟས་ནས་བསྡད་ཡོད། ཕུར་ བུས་རྒྱ་སེ་མེ་ཏོག་དམར་པོའི་ཁོག་མ་ཞིག་ཁྱེར་ནས་ནང་དུ་སླེབས་བྱུང་། ཁོང་གིས་འཛུམ་དམུལ་དམུལ་ངང་ མེ་ཏོག་འདི་ངས་བཏབ་པ་ཡིན་པས་ཁྱོད་ལ་སྟེར་ཆོག་ཅེས་ཟེར་གྱི་འདུག

ལྔ་པ། བྱེད་སྒོ།

ཚགས་ཤོག་དང་། དུས་དེབ་སོགས་ནས་ཚིག་གི་དབྱེ་བ་ལྔ་པོ་ངོས་འཛིན་བྱེད་པའི་བྱེད་སྒོ་ཞིག་སྤེལ་དགོས།

42


དག་ཡིག་ངག་སྒྲོན

སློབ་ཚན་བརྒྱད་པ།

དག་ཡིག་ངག་སྒྲོན།

སྦྱང་བྱ་གཙོ་བོ། འཕུལ་དང་། མཐའ་རྟེན། མགོ་ཅན་གསུམ་གྱི་སྦྱོར་ཚུལ། དག་ཆ་གདམ་ང་ཅན་ལ་འཁྲུལ་བ་སྤོང་བ།

ལེའུ་གསུམ་པ།

༄༅། །ད་ནི་འཕུལ་དང་མཐའ་རྟེན་མགོ། །མེད་ལ་སྦྱོར་དང་ཡོད་ལ་སྤོང༌། །གདམ་ང་ཅན་ལ་མཐའ་གཅིག་

ཏུ༑ ༑འཛིན་པའི་འཁྲུལ་སང ྤོ ་ཅུང་ཟད་བཤད། །རྔ་ཡབ་གེ་སར་སིལ་སྙན་དང༌། །མངོན་སུམ་ཕུན་སུམ་ཚོགས་

སོགས་ལ། །གས་འཕུལ་ནོར་རོ་གཤའ་མ་དང༌། །གཤགས་འབྱེད་སོགས་ལ་མེད་ན་ནོར། །སར་པ་ལྟ་བུར་གང་

ཡང་རུང༌། །སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །དམིགས་བུ་སོགས་ ལ་མེད་ན་ནོར། །སྙན་དངགས་སོགས་ལ་གང་ཡང་རུང༌། །ཕྱག་དར་ལག་དར་གད་མོ་དང༌། །སྐྲ་ཤད་སོགས་

ལ་བས་འཕུལ་སྤང༌། །བསེར་བུ་སྐྱོ་བསངས་རྒྱ་མོ་བཟའ། །ཕྱི་བདར་སོགས་ལ་མེད་ན་ནོར། །སྔོ་སངས་ལྟ་ 43


བརྡ་སྤྲ

བུར་གང་ཡང་རུང༌། །ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་སོགས་ལ་མས་འཕུལ་སྤང༌། །མཐེ་བོ་མཚེ་

མ་སྔོ་སྨན་མཚེ། །ཁྱིམ་མཚེས་སོགས་ལ་མེད་ན་ནོར། །ཐུན་མོང་སོགས་ལ་གང་ཡང་རུང༌། །ཚོང་དུས་

ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། །རིམ་གྲོ་ཕྲ་མོ་ཕོངས་པ་དང༌། །ཕྱུག་ པོ་སོགས་ལ་འས་འཕུལ་སྤང༌། །མཐའ་འཁོབ་འཁྲི་ཤིང་འཁུར་བ་དང༌། །ཚུལ་འཆོས་སོགས་ལ་མེད་

ན་ནོར། །ཕྲིན་ལས་ཕྲེང་སོགས་གང་ཡང་རུང༌། །ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་

སྤང༌། །ཕྲག་དོག་ཕྲུག་གུར་མེད་ན་ནོར། །པུས་མོའི་ལྷ་ང་སླ་ང་དང༌། །སྒོ་ང་སོགས་ལ་ང་མཐའ་

ནོར། །ཡི་དམ་ཡི་རང་ཡི་དྭགས་དང༌། །སྲི་ཞུ་སོགས་ལ་ད་མཐའ་ནོར། །སྐ་ཅིག་ལྟ་བུར་གང་ཡང་

རུང༌། །སེ་མོ་དོ་ལ་ན་མཐའ་སྤང༌། །བྱན་མོ་ལྟ་བུར་མེད་ན་ནོར། །ལྷ་བཙུན་བཟའ་བཏུང་གདུ་བུ་ དང༌། །ལེ་བརྒན་སོགས་ལ་བ་མཐའ་ནོར། །རྒྱ་འདྲེ་ཁ་མཆུ་ར་མདའ་དང༌། །ར་མཉེ་ན་བཟའ་རྩྭ་

མཆོག་གྲོང༌། །རྒྱ་མཚོ་སོགས་ལ་མ་མཐའ་ནོར། །ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་

རྟེན་དང༌། །ལྷ་རྟེན་སོགས་ལ་ར་མཐའ་མེད། །དུར་ཁྲོད་མདོར་བསྡུས་ལ་མེད་ནོར། །བདེར་གཤེགས་

སོགས་ལ་གང་ཡང་རུང༌། །སྙུན་གྱི་གསོས་སྨན་ཁ་དྲོ་དང༌། །གྲྭ་ལྔ་སོགས་ལ་ལ་མཐའ་ནོར། །རིག་

སྔགས་གསུང་རབ་མཁྱེན་རབ་དང༌། །ནམ་མཁའ་གོ་འཕང་ཁྲི་འཕང་མཆོག །བསྐྱེད་རིམ་རྫོགས་རིམ་

འདུ་ཤེས་དང༌། །མཁའ་སྤྱོད་ས་སྤྱོད་དོ་ཤལ་འཕྲེང༌། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་

ཉི་ཆོམ་རྐུན་དང༌། །ཆོ་ག་སོགས་ལ་ས་མཐའ་ནོར། །ལྷས་བྱིན་ཀླུས་བྱིན་གདམས་ངག་སོགས། །མང་ པོ་ཞིག་ལ་མེད་ན་ནོར། །དྲི་བཟངས་རྒྱུད་མངས་གོ་རིམས་དང༌། །འཁོར་ལོས་སྒྱུར་སོགས་གང་ཡང་

རུང༌། །ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང༌། །པད་ཀོར་ཐན་ཀོར་འོད་ཀོར་ཕྲེང༌། །ཨ་མྲ་སོགས་ལ་ས་ མགོ་མེད། །ངུར་སྨྲིག་སྨིག་རྒྱུར་མེད་ན་ནོར། །ཡི་གེ་ཞལ་ཏ་ད་ལྟ་དང༌། །ལ་སོགས་ཐ་དད་ཅེས་རྣམས་

ལ། །བར་ཚེག་མི་བྱེད་བླུན་པོའི་ལུགས། །དེ་ལྟར་མདོ་ཙམ་བཤད་པ་འདིས། །མཚོན་ནས་ཤིན་ཏུ་རྒྱ་

ཆེའི་གནས། །རང་རང་རྣམ་དཔྱོད་རིག་པས་དཔྱད། །མཐའ་དག་ཡི་གེར་བརྗོད་མི་ལང༌། །བོད་ཀྱི་

བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་ བྱ་བ་ལས། ཡི་གེའི་སྦྱོར་བ་ལ་འཁྲུལ་བ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའོ།། །། 44


³³ དག་ཡིག་ངག་སྒྲོན་ལེའུ་གསུམ་པའི་འགྲེལ་བ།

དག་ཡིག་ངག་སྒྲོན

ད་ནི་འཕུལ་སྔོན་འཇུག་དང་མཐའ་རྟེན་རྗེས་འཇུག་དང་ར་སའི་མགོ་འདི་དག མེད་དགོས་པ་ལ་ སྦྱོར་བའི་འཁྲུལ་བ་དང་ཡོད་དགོས་པ་ལ་སྤོང་བའི་འཁྲུལ་བ་དང་། གང་ཡང་རུང་བའི་གདམ་ང་

ཅན་ལ་ཡོད་མེད་མཐའ་གཅིག་ཏུ། འཛིན་པའི་འཁྲུལ་བ་སྤོང་བའི་ཚུལ་ཅུང་ཟད་བཤད་པར་བྱ་

སྟེ༑ འཕུལ་ལ་རྔ་ཡབ་དང་གེ་སར་ཀེ་སར་སིལ་སྙན་དང༌། མངོན་སུམ་ཕུན་སུམ་ཚོགས་པ་དང་ སིལ་སིལ་སུམ་ཅུ་སོགས་ལ། གས་འཕུལ་བྲིས་ན་ནོར་བ་ཡིན་ཏེ་མེད་པར་བཤད་པའི་ཕྱིར་རོ་

གཤའ་མ་དང༌། གཤགས་འབྱེད་དང་གཤམ་གསལ་སོགས་ལ་གས་འཕུལ་མེད་ན་ནོར་ཞིང་། སར་

པ་ལྟ་བུར་ག་ཡོད་མེད་གང་ཡང་རུང་ངོ་། །སྐྱིལ་ཀྲུང་དང་ཀར་ཀར་སོགས་ལ་དས་འཕུལ་མེད་

ཅིང་། དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། དམིགས་བུ་དང་དམིགས་པ་སོགས་ལ་མེད་ན་ནོར་

ལ༑ སྙན་དངགས་སོགས་ལ་ད་ཡོད་མེད་གང་ཡང་རུང་སྟེ་སྙན་ངག་ཀྱང་འཐད་པའི་ཕྱིར་རོ། །ཕྱག་

དར་ལག་དར་མ་གད་མོ་དང༌། སོ་མང་གི་སྐྲ་ཤད་དང་སེར་བ་སོགས་ལ་བས་འཕུལ་བ་སྤང་བར་ བྱ་ཞིང་། བསེར་བུ་སྐྱོ་བསངས་རྒྱ་མོ་དང་བལ་མོ་བཟའ། ཕྱི་བདར་དང་མདུན་བདར་བདག་པོ་

སོགས་ལ་བས་འཕུལ་མེད་ན་ནོར་བ་ཡིན་ལ། སྔོ་སངས་ལྟ་བུར་བ་ཡོད་མེད་གང་ཡང་རུང་ངོ་། །ཐ་

གྲུ་ཡུལ་གྲུའམ་རྒྱ་ཁྱོན་ཐ་མ་ཚར་དུ་དངར། ཚོན་རྩི་དང་ནང་ཚན་སོགས་ལ་མས་འཕུལ་བ་སྤང་ དགོས་ཤིང་། མཐེ་བོ་མཐེ་བོང་མཚེ་མ་སྔོ་སྨན་གྱི་མཚེ། ཁྱིམ་མཚེས་དང་མཚན་མ་མཚེའུ་སོགས་

ལ་མ་མེད་ན་ནོར་ལ། ཐུན་མོང་དང་སྨན་ཚན་སོགས་ལ་མ་སྔོན་དུ་འཇུག་མི་འཇུག་གང་ཡང་

རུང་ངོ་། །ཚོང་གི་དུས་དང་ཁམས་དང་ཚོགས་པ་ཚོམས། ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། རིམ་གྲོ་

ཕྲ་མོ་ཕྲ་བ་ཕོངས་པ་དང༌། ཕྱུག་པོ་དང་ཕངས་པ་སོགས་ལ་འས་འཕུལ་བ་སྤང་ལ། མཐའ་འཁོབ་ འཁྲི་ཤིང་སྣུམ་གྱི་འཁུར་བ་དང༌། ཚུལ་འཆོས་དང་འཕོང་སྐྱེན་སོགས་ལ་འ་མེད་ན་ནོར་བ་ཡིན་ ཞིང་། ཕྲིན་ལས་ཕྲེང་བ་སོགས་གདམ་ང་ཅན་ཡིན་པས་འ་ཡོད་མེད་གང་ཡང་རུང་བའི་ཚུལ་ཤེས་

པར་བྱའོ། །རྗེས་འཇུག་ལ་ཡི་གེ་མྱུ་གུ་ལུ་གུ་རྒྱུད། ཤཱཀྱ་དང་ཆོ་ག་སོགས་ལ་གའི་མཐའ་རྟེན་སྤང་

བར་བྱ་ཞིང་། ཕྲག་དོག་ཕྲུག་གུ་ཤུག་པ་ལྟ་བུར་ག་མེད་ན་ནོར་བ་ཡིན་ནོ། །པུས་མོའི་ལྷ་ང་སླ་ང་ དང༌། སྒོ་ང་སོགས་ལ་ང་མཐའ་རྟེན་བྲིས་ན་ནོར་བ་ཡིན་ལ་འོ ན་ཀྱང་བསྡུས་ན་པུས་ལྷང་ལྕགས་

སླང་བྱ་སྒོང་ཞེ ས ་འབྱུང་བ་འདི་ལྟ་བུ་ག་མཐའ་སོ གས་རི གས་འགྲེ་བཏུབ་པ་གོ ང་འོ ག་ཀུན་ལ་ 45


བརྡ་སྤྲ

སྦྱར། ཡི་དམ་ལྷ་དང་དམ་བཅའ་ཡི་རང་ཡི་དྭགས་དང༌། སྲི་ཞུ་དང་ཡི་ཆད་སོགས་ལ་ད་མཐའ་

རྟེན་ནོར་ལ། སྐ་ཅིག་ལྟ་བུར་ད་མཐའ་ཡོད་མེད་གང་ཡང་རུང་ངོ་། །སེ་མོ་དོ་ལ་ན་མཐའ་རྟེན་སྤང་ བར་བྱ་ཞིང་། བྱན་མོ་དང་སེན་མོ་ལྟ་བུར་ན་མཐའ་མེད་ན་ནོར། ལྷ་རིགས་ཀྱི་བཙུན་པ་བཟའ་

བཏུང་ཟས་སྐོམ་གདུ་བུ་དང༌། ལེ་བརྒན་དང་སྡེ་བརྒྱད་སོགས་ལ་བ་མཐའ་རྟེན་ནོར། རྒྱ་འདྲེ་

འཁྲུག་པའམ་རྒྱའི་འདྲེ་ཁ་མཆུ་ར་མདའ་དང༌། ར་མཉེ་ན་བཟའ་རྩྭ་མཆོག་གྲོང་ཀུ་ཤའི་གྲོང་། རྒྱ་ མཚོ་དང་སྐྱེ་མཆེད་སོགས་ལ་མ་མཐའ་རྟེན་ནོར། ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། བྱ་རྒོད་རྡོ་རྗེ་མཐའ་

རྟེན་རྗེས་འཇུག་སོགས་དང༌། ལྷ་རྟེན་སྐུ་རྟེན་སོགས་དང་བཀའ་རྟགས་སོགས་ལ་ར་མཐའ་རྟེན་ མེད་ཅིང་། དུར་ཁྲོད་མདོར་བསྡུས་དང་གསར་པ་ལྟ་བུ་ལ་ར་མཐའ་མེད་ན་ནོར་ལ། བདེར་

གཤེགས་ཞེས་པ་ལྟར་ལ་དོན་དངོས་སུ་ཡོད་པའམ་ཡང་ན་སུ་ག་ཏའི་སྒྲ་ལྟར་བདེ་གཤེགས་ཞེས་ རྣམ་དབྱེ་མེད་ཀྱང་རུང་ལ་དེ་བཞིན་དུ་བདེར་བཀོད་སོགས་ལ་ར་ཡོད་མེད་གང་ཡང་རུང༌། སྙུན་

གྱི་གཉེན་པོ་གསོས་སྨན་ཁ་དྲོ་ལེགས་པ་སོགས་དང༌། གཟུངས་གྲྭ་ལྔ་དང་སཱ་ལ་སོགས་ལ་ལ་མཐའ་

རྟེན་ཡོད་ན་ནོར། རིག་སྔགས་གསུང་རབ་མཁྱེན་རབ་དང༌། ནམ་འཕང་གོ་འཕང་ཁྲི་འཕང་མཆོག སྔགས་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་འདུ་ཤེས་དང༌། མཁའ་སྤྱོད་དག་ཞིང་

སོགས་ས་སྤྱོད་རྒྱལ་པོ་སོགས་དོ་ཤལ་གྱི་འཕྲེང་བ། ཉམ་ཆུང་ཉམ་ཐག་ཉམ་ང་བ། ལོག་པར་རྟོག་པ་

ལོག་པར་འཛིན་པ་སོམ་ཉི་ཐེ་ཚོམ་ཆོམ་རྐུན་དང༌། ཆོ་ག་དང་སོ་ག་སོགས་ལ་ས་མཐའ་རྟེན་ཡོད་

ན་ནོར་ཞིང་། ལྷས་བྱིན་ཀླུས་བྱིན་གདམས་ངག་དང་རྟོགས་པ་རྟགས་ལ་སོགས་པ། མང་པོ་ཞིག་ ལ་ས་མཐའ་མེད་ན་ནོར་ལ། དྲི་བཟངས་རྒྱུད་མངས་གོ་རིམས་དང༌། འཁོར་ལོས་སྒྱུར་བ་ཞེས་ཕུར་

བུས་ཐོབ་ཀྱི་རིགས་པས་ས་མཐའ་ཡོད་པའམ་འཁོར་ལོ་སྐོར་བ་དང་སྐད་དོད་གཅིག་པས་མེད་ཀྱང་

རུང་ལ་དེ་བཞིན་དུ་ལག་བཟངས་སོགས་ལ་ས་མཐའ་ཡོད་མེད་གང་ཡང་རུང་སྟེ་གདམ་ང་ཅན་

ཡིན་པའི་ཕྱིར་རོ། །མགོ་ལ་ཀླད་ཀོར་སྟོད་ཀོར་གདུབ་ཀོར་གདུ་བུ་གོར་གོར་དང་། པད་ཀོར་པདྨ་

འཁོར་བ་སྟེ་ཕྱག་རྒྱའི་ཁྱད་པར་སོགས་ཐན་ཀོར་ཉེ་འཁོར་འོད་ཀོར་གྱི་ཕྲེང་བ། ཨ་མྲ་ཤིང་གི་ཁྱད་

པར་དང་ཉེན་ཀོར་སོགས་ལ་ས་མགོ་སྦྱོར་བ་མེད་ཅིང་། ངུར་སྨྲིག་སྨིག་རྒྱུ་དང་སྨྱུག་མ་ལྟ་བུར་ ས་མགོ་མེད་ན་ནོར་བ་ཡིན་ལ་འདི་དག་ཕལ་ཆེར་གྱི་ཚིག་དོན་གོང་དུ་རྒྱས་པར་བཤད་པ་དང་

སྦྱར་ནས་ཤེས་པར་བྱའོ ། །ཡི་གེ་དང་ཞལ་ཏ་དང་ད་ལྟ་དང༌། ལ་སོགས་པ་བསྡུ་འོས་མཐའ་དག་ 46


དག་ཡིག་ངག་སྒྲོན

སྡུད་པ་ཐ་དད་ཅེས་པ་ལྟ་བུ་རྣམས་ལ། སྔ་ཕྱིའི་བར་དུ་ཚེག་མི་བྱེད་པ་ནི་བླུན་པོའི་ལུགས་སུ་ཟད་ པས་ཚེག་བྱ་དགོས་སོ། །དེ་ལྟར་གོང་དུ་བརྡ་སྦྱོར་མདོ་རུ་བསྡུས་ཏེ་ཅུང་ཟད་ཙམ་བཤད་པ་འདིས།

མཚོན་པར་བྱས་ནས་ཡིག་སྦྱོར་ཤིན་ཏུ་རྒྱ་ཆེ་བའི་གནས་རྣམས་གཙུག་ལག་ལས་འབྱུང་བ་དག་

ཀྱང་ཤེས་པར་བྱ་ཞིང་། རང་རང་སོ་སོའི་བརྡ་ལ་རྣམ་པར་དཔྱོད་པའི་རིག་པས་ཀྱང་དཔྱད་པར་

བྱའོ། །སྡེབ་སྦྱོར་མཐའ་དག་པ་ནི་ཡི་གེར་བྲིས་ཏེ་བརྗོད་པས་མི་ལང་ངོ་། །འདིར་ལེགས་སྦྱར་གྱི་

མཆན་འགའ་སྣང་བ་དེ་ཙམ་གྱིས་དཔྱིས་ཕྱིན་དཀའ་ཞིང་ཡི་གེ་ཡང་མངས་ཀྱིས་དོགས་ནས་མ་ བྲིས་མོད་གཞུང་དོན་སོགས་ལ་ཉེ་བར་མཁོ་བས་སྒྲ་གཞུང་ལས་ཤེས་པར་བྱའོ ། །

བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་

སྒྲོན་མ་ཞེས་བྱ་བ་ལས། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའི་བཤད་ པའོ། །

མཆན།

དཔལ་ཁང་ལོ་ཙཱ་བས་མཛད་པའི་དག་ཡིག་ངག་སྒྲོན་ལེའུ་གསུམ་པའི་རྩ་བ་དང་། དེའི་འགྲེལ་བ་ཁུ་ནུ་བླ་མ་ བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའོ། །

47


བརྡ་སྤྲ

སྦྱོང་ཚན། དང་པོ། གཤམ་འཁོད་ཤློཀ་གཉིས་ལ་ཚིག་འགྲེལ་ཞིག་བྱོས།

རྔ་ཡབ་གེ་སར་སིལ་སྙན་དང༌། །མངོན་སུམ་ཕུན་སུམ་ཚོགས་སོགས་ལ། །གས་འཕུལ་ནོར་རོ་གཤའ་མ་

དང༌། །གཤགས་འབྱེད་སོགས་ལ་མེད་ན་ནོར། །སར་པ་ལྟ་བུར་གང་ཡང་རུང༌། །སྐྱིལ་ཀྲུང་སོགས་ལ་དས་ འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །དམིགས་བུ་སོགས་ལ་མེད་ན་ནོར། །

གཉིས་པ། ཚིག་སྒྲུབ་བཟོས།

མཐེ་བོ། མཚེ་མ། ཁྱིམ་མཚེས། ཚོང་དུས། ཁོ་ན། ཕོངས་པ། ཚུལ་འཆོས། ཕྲག་དོག པུས་མོ། ཡི་རང་། སྲི་ཞུ། ཁ་མཆུ། ལྷ་རྗེ།

གསུམ་པ། བསམ་གཞིག་བྱས་ཏེ་དྲི་བར་ལན་ཐོབས།

༡ དག་ཡིག་འདི་སྦྱངས་པ་བརྒྱུད་ཁྱེད་ཀྱིས་ཅི་ཞིག་ཤེས་སོང་ངམ།

༢ དག་ཡིག་འདི་སྦྱོང་བའི་དགོས་པ་འདི་རེད་འདུག་བསམས་པ་ཞིག་ངོས་འཛིན་ཐུབ་སོང་ངམ། ༣ དག་ཡིག་ཚན་པ་འདིར་མིང་ཚིག་དང་བྱ་ཚིག་གཉིས་ལས་གང་ཞིག་མང་བ་འདུག་གམ།

48


དག་ཡིག་ངག་སྒྲོན

49


གོ་རྟོགས་ནུས་ར

སློབ་ཚན་དགུ་པ།

སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས།

ཚིག་གསར།

བལྟམས། དོ་ར། བསྣན། བུང་བ། འཛུམ། ལྕག འབྱམས་ཀླས། ཡོལ་བ། བསྐྲད། ཆ་ཡོད་རྒྱུས་ཡོད། སོས་དལ། ཉིན་བྱེད་དབང་པོ། ཀུན་གསལ། མཐོངས་ཁ། ཀློང་།

༄༅།

མི་བུ། ཁམས། མོས་པ། འཕྱུག འཚོལ་སྙེག

།གཟི་བརྗིད་ཀྱི་བྱ་གཞག་གསར་པའི་འཇུག་ངོགས་སུ།

ཡོན་ཏན་རྒྱ་མཚོའི་དཔྱིད་དུ་

བལྟམས་པའི་སློབ་གླིང་འདིར་རིག་རྩལ་གྱི་དོ་རར་སྐྱེས་སྟོབས་ཀྱི་དཔལ་དང་གསོན་ཤུགས་བསྣན་ ནུས་པའི་དགེ་བའི་བཤེས་གཉེན་མང་ཞིང༌། ཡིད་ཀྱི་བུང་བ་ཤེས་རིག་མེ་ཏོག་གིས་འཛུམ་པར་

བྱས་པའི་ན་གཞོན་རིག་པའི་དཔའ་བོའི་ཚོགས་སུ་ངས་ཀྱང་རིག་པའི་དགའ་མ་གྲོགས་སུ་བསྟེན་

ཅིང༌། བརྩོན་འགྲུས་ཀྱི་རྟ་ཕོར་དྲན་ཤེས་ཀྱི་ལྕག་གིས་སྐུལ་བཞིན། འབྱམས་ཀླས་ཤེས་བྱའི་རྩྭ་ཐང་ དུ་བསྐྱོད་པ་ཡིན།

འགོག་ཏུ་མེད་པའི་དུས་ཀྱི་བཞུར་རྒྱུན་གྱིས་ཡང་ལོ་གཅིག་གི་ཉི་མ་ནུབ་རིར་བརྫངས། སྐབས་དེ་ 50


སྤྲོ་འཆམ་སྐབས་ཀྱི་མཐོང་ཐ

ནི་ཉིས་སྟོང་དྲུག་ལོའི་ལོ་མཇུག་སྟེ། དབྱར་གསུམ་གྱི་ཡོལ་བ་མཐའ་རུ་བསྐྲད་ལ་ཉེ་ཞིང༌། གློག་ དམར་དང་འབྲུག་སྒྲ་འཇགས་པའི་ནམ་ཟླ་སྐྱིད་དུས་ཤིག་ཡིན། ངེད་འཛིན་རིམ་དགུ་པའི་སློབ་

གྲོགས་ཀུན་སློབ་གྲྭ་ནས་ལེ་དབར་དྲུག་ལས་མི་རིང་བའི་གཙང་འགྲམ་ཞིག་ཏུ་སྤྲོ་འཆམ་དུ་ཕྱིན་པ་ ཡིན། སྤྲོ་འཆམ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཁྱིམ་སློབ་གྲྭ་ཁག་སོ་སོ་ནས་འདུས་པའི་སློབ་

ཕྲུག་རྣམས། དེ་སྔོན་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་དེ་ཙམ་མེད་པ་རྣམས། ཆ་ཡོད་རྒྱུས་

ཡོད་དང་འཆམ་མཐུན་མཉམ་གནས་ཡོང་ཕྱིར་ཡིན།

ཡིན་ཡང་སློབ་མ་སོ་སོའི་ཕུགས་འདུན་ནི་དེ་ལྟར་སྟབས་བདེ་པོ་ག་ལ་ཡིན། རྩེད་མོ་ལ་དགའ་བའི་ སློབ་མ་ཚོས་ཆུ་རྩེད་དང་། སྤོ་ལོ། བྱ་སྒྲོ་སོགས་རང་རང་དགའ་ཕྱོགས་ཀྱི་རྩེད་རིགས་སྣ་ཚོགས་ བརྩེས། བུ་མོ་འགའ་རེས་རང་རང་གི་སྔོན་མའི་སློབ་གྲྭའི་གནས་སྟངས་སོགས་ཕན་ཚུན་ལ་བསམ་

ཚུལ་བརྗེ་རེས་བྱེད་ཀྱིན་ཐང་སྟེང་དུ་སོས་དལ་ངང་བསྡད། སློབ་ཕྲུག་འགའ་ཞིག་གིས་གླུ་དབྱངས་ ལ་ཉན་བཞིན་གུར་འོག་ཏུ་ཉིན་གུང་ཞལ་ལག་བཟོ་བར་བྲེལ།

ཉིན་དེར་ཨ་སྔོན་དུ་སྤྲིན་དཀར་གྱི་ཕུང་པོ་བྱིའུའི་མགོ་ཙམ་ཡང་མཐོང་དུ་མེད་ལ།

ཉིན་བྱེད་

དབང་པོ་དལ་གྱིས་ཀུན་གསལ་གྱི་མཐོངས་སུ་བསྐྱོད་ཅིང༌། ཉི་ཟེར་ས་གཞིར་སྤྲོས་ནས་ང་ཚོ་ལ་

སྤྲོ་སྐྱིད་ཡག་པོ་ཐོངས་ཞེས་བཤད་པ་དང་གཉིས་སུ་མ་མཆིས།

ང་ནི་འཛིན་གྲྭའི་རྒན་བདག་ཡིན་ཡང་རང་གཤིས་སུ་དགེ་རྒན་ལ་བཅོས་མ་མ་ཡིན་པའི་བརྩི་

འཇོག་དང༌། གུས་བཀུར་ལྡན་ཕྱིར་རྒན་ལགས་དང་ལྷན་སློབ་ཚན་དང་མ་འབྲེལ་བའི་སྤྱིར་བཏང་

གི་སྐད་ཆ་བཤད་པའི་གོ་སྐབས་ཤིག་ག་ལ་ཡོད། འོན་ཀྱང༌། ཉིན་དེར་ངས་སློབ་གྲོགས་ཚོར་ལས་

ཀ་བཀོད་སྒྲིག་བྱས་རྗེས་ང་རང་གཅིག་པུ་སོས་དལ་ངང་གཙང་འགྲམ་གྱི་ཕ་བོང་ཞིག་གི་སྟེང་དུ་ བསྡད་ཅིང་། ཡིད་ལ་སྤྲོ་སེམས་ཀྱིས་ཁེངས་ནས་ལ་ལྟ་ལུང་ལྟ་བྱས་ནས་བསྡད།

མ་འགྱངས་བར་བདག་གི་ཆབ་སྲིད་ཚན་རིག་གི་དགེ་རྒན་སླེབས་ཤིང༌། ང་དང་ལྷན་དུ་ཆུ་ཚོད་

གཅིག་རིང་སྤྱིར་བཏང་གི་སྐད་ཆ་བཤད། མང་ཆེ་བ་ངས་དྲི་བ་དྲིས་ཏེ། ཁོང་གིས་ལན་བསྐྱོན། 51


གོ་རྟོགས་ནུས་ར

སྐབས་དེའི་ཆུ་ཚོད་གཅིག་གི་ཁ་བརྡ་དེའི་རིན་ཐང་ངས་ཁོང་གི་སློབ་ཚན་ཟླ་གཅིག་ཕྱིན་པའི་

རིན་ཐང་གིས་ཀྱང་གཞལ་མི་ཐུབ་པའི་ཚོར་སྣང་ཞིག་སྟེར། ཁོང་གིས་བདག་ལ་བསམ་ཚུལ་བརྗེ་

རེས་ཀྱི་ཚུལ་དུ་རིན་ཐང་ཅན་གྱི་སྐད་ཆ་མང་དག་ཅིག་བཤད་པའི་ཁྲོད་ནས་བདག་གི་སེམས་

འདུན་ལ་ཆེས་གསོན་ཤུགས་བསྣན་ནུས་ཤིང་། སྙིང་སྟོབས་བསྐྱེད་ནུས་པའི་སྐད་ཆ་ནི་བདག་གི་ དམིགས་ཡུལ་འདེམས་ཕྱོགས་སྐོར་ཡིན།

ཁོང་གིས་བསམ་གཞིག་གི་ཀང ློ ་ཡངས་ནས་གནད་སྨིན་གྱི་ཚུལ་དུ་བཤད་དོན། "སྤྱིར་མི་བུ་སུ་འདྲ་ ཞིག་ཡིན་རུང་རང་གི་དམིགས་ཡུལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་གནས་སྟངས་སོགས་མང་དག་

ཅིག་ལ་བསྟུན་དགོས་ནའང༌། དམིགས་ཡུལ་གྱི་གཞི་རྟེན་གཙོ་བོ་ནི་རང་ཉིད་ཀྱིས་བྱེད་ནུས་ལ། འཇོན་ཐུབ་པའི་བྱ་ལས་ཤིག་ཡིན་དགོས་པ་དང་། དེའང་རང་གི་ཁམས་དང་མོས་པས་རྒྱབ་རྟེན་

ཡོད་ཚེ། ད་གཟོད་ཁྱེད་ཀྱི་གདམ་ག་འཕྱུག་མེད་པར་བརྩི་ཆོག མི་སུ་ཞིག་ཡིན་ཡང་ཕྱིས་འབྱུང་ གི་ཕུགས་འདུན་རེ་ཡོད་ལ། དེའི་རྐྱེན་གྱིས་འཚོལ་སྙེག་རེའང་ཡོད། དེ་ཡོད་པ་ཙམ་གྱིས་སྒྲུབ་

ཐུབ་པའི་ངེས་པ་མེད། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤེས་བྱའི་རྣམ་གྲངས་རེ་ རེ་བཞིན་འཚོལ་བསྡུ་བྱེད་དགོས། དེ་ལྟར་བྱས་ཚེ་གཟི་བརྗིད་དང་འོད་སྣང་ལྡན་པའི་མ་འོངས་

པ་ཞིག་བསུ་ཐུབ་ངེས་ཡིན།" ཞེས་གསུངས་ཤིང༌། སྐད་ཆ་དུམ་བུ་དེས་བདག་གི་སེམས་ཁམས་

སུ་བག་ཆགས་ཟབ་མོ་ཞིག་བཞག་ལ་བདག་གི་སེལ་དཀའ་བའི་དོགས་པ་ཡལ་ཞིང་བརྟོལ་དཀའ་

བའི་གསང་རྒྱ་བརྡོལ་བས། བདག་ལ་རེ་བ་གསར་པ་ཞིག་སྟེར།

དུས་དེ་ནས་བཟུང༌། ངས་རང་ཉིད་ཀྱི་འཇོན་ནུས་ངོས་འཛིན་བྱེད་ཐུབ་ཅིང༌། གཞན་གྱི་ནུས་པར་

མཐོང་ཆེན་བྱེད་ཤེས་སོང་། དེ་དག་ནི་བདག་ལ་ཆ་མཚོན་ན། སྤྲོ་འཆམ་དེས་གནང་བའི་ལེགས་

སྐྱེས་ཤིག་རེད་ཟེར་ན་ཆོག་ལ། སྤྲོ་འཆམ་དེར་ཐོབ་པའི་དངོས་པོ་རིན་བྲལ་ཞིག་རེད་ཟེར་ནའང་ ཆོག

སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས་ཏེ། བདག་གི་མི་ཚེར་ཆེས་གཟི་བརྗིད་ལྡན་པའི་དཀྱོག་མཚམས་ ཤིག་ཡིན་ངེས་ལ། སྤྲོ་འཆམ་དེས་བདག་ལ་བརྗེད་དུ་མེད་པའི་བག་ཆགས་ཤིག་བཞག 52


སྤྲོ་འཆམ་སྐབས་ཀྱི་མཐོང་ཐ

མཆན།

(རྩོམ་ཡིག་འདི་འོས་འཚམ་གྱིས་བཅོས་འབྲི་བྱས་ནས་སློབ་ཚན་དུ་བདམས།)

རྩོམ་ཡིག་འདི་ནི་ཤེས་རིག་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་སྨྱུག་གསར་ འདོན་ཐེངས་༡༢

པའི་ནང་དཔལ་ལྡན་ལགས་ཀྱིས་བརྩམས་གནང་བ་དེ་རྩོམ་

ཡིག་འབྲི་དཔེར་བདམས་བཀོད་ཞུས་པ་ཡིན། རྩོམ་ཡིག་འདིའི་ནང་རྩོམ་པ་པོས་

དགེ་སློབ་རྣམས་སྤྲོ་འཆམ་ལ་ཕྱིན་པའི་སྐབས། རང་གི་དགེ་རྒན་དང་སྤྱིར་བཏང་

གི་གཏམ་གླེང་ལས་ཐོབ་པའི་གལ་ཆེའི་བསླབ་བྱ་དང་དེའི་ཕན་ཐོགས་སྐོར་བཀོད་

འདུག་པ་སྟེ།

ཆེས་སྤྱིར་བཏང་གི་བྱ་བ་ཞིག་ལས་ཐུན་མོང་མ་ཡིན་པའི་གནས་

ཚུལ་ཞིག་ཕྱིར་འདོན་བྱེད་པའི་རྩོམ་ཡིག་འབྲི་བའི་དཔེ་མཚོན་དུ་འོས། རྩོམ་ཡིག་

ནང་གཟུགས་ཅན་གྱི་རྒྱན་བཀོལ་སྤྱོད་བྱས་པ་ཆེས་མང་ཞིང་། བཀོལ་སྟངས་ཀྱང་ གང་ལེགས་འདུག་པས་སྙན་ངག་གི་ཐབས་རྩལ་རྣམས་ཚིགས་བཅད་ཙམ་དུ་མ་ ཟད་ཚིག་ལྷུག་ལའང་གཅིག་མཚུངས་སུ་བཀོལ་སྤྱོད་རུང་བ་སྟོན།

རྩོམ་ཡིག་འདིར་ལེགས་ཆ་དང་ཞན་ཆ་ཅི་ཡོད་སྨྱུག་གསར་འདོན་ཐེངས་༡༢ པར་ གསལ་བས་དེར་གཟིགས་པར་ཞུ།

53


གོ་རྟོགས་ནུས་ར

སྦྱོང་ཚན། དང་པོ། གཤམ་གསལ་མིང་ཚིག་རྣམས་ཀྱི་གོ་དོན་གཅིག་པ་སློབ་ཚན་ནས་ཚོལ། བཙས་པ། ཡོན་ཏན། འགྲོ་བ། བསྲིངས། ནམ་མཁའ། རྟ་བདུན་དབང་པོ། དུ་མ། གམ།

གཉིས་པ། ཚིག་སྒྲུབ་བཟོས།

བྱ་གཞག འཇུག་ངོགས། གསོན་ཤུགས། བཞུར་རྒྱུན། ཕུགས་འདུན། ཁ་བརྡ། གནད་སྨིན། མངོན་འགྱུར།

གསུམ་པ། འོག་གི་བརྗོད་པ་བཀླགས་ཏེ་བར་སྟོང་སྐོངས།

"འགོག་ཏུ་མེད་པའི་དུས་ཀྱི་བཞུར་རྒྱུན་གྱིས་ཡང་ལོ་གཅིག་གི་ཉི་མ་ནུབ་རིར་བརྫངས། སྐབས་དེ་ནི་ཉིས་

སྟོང་དྲུག་ལོའི་ལོ་མཇུག་སྟེ། དབྱར་གསུམ་གྱི་ཡོལ་བ་མཐའ་རུ་བསྐྲད་ལ་ཉེ་ཞིང༌། གློག་དམར་དང་འབྲུག་སྒྲ་ འཇགས་པའི་ནམ་ཟླ་སྐྱིད་དུས་ཤིག་ཡིན། ངེད་འཛིན་རིམ་དགུ་པའི་སློབ་གྲོགས་ཀུན་སློབ་གྲྭ་ནས་ལེ་དབར་

དྲུག་ལས་མི་རིང་བའི་གཙང་འགྲམ་ཞིག་ཏུ་སྤྲོ་འཆམ་དུ་ཕྱིན་པ་ཡིན། སྤྲོ་འཆམ་དེའི་དམིགས་ཡུལ་གཙོ་བོ་ནི་ བོད་ཁྱིམ་སློབ་གྲྭ་ཁག་སོ་སོ་ནས་འདུས་པའི་སློབ་ཕྲུག་རྣམས། དེ་སྔོན་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་ དེ་ཙམ་མེད་པ་རྣམས། ཆ་ཡོད་རྒྱུས་ཡོད་དང་འཆམ་མཐུན་མཉམ་གནས་ཡོང་ཕྱིར་ཡིན།" ༡ སྐབས་དེ་ནི་

༢ སྤྲོ་འཆམ་དུ་འགྲོ་བའི་དུས་ཚོད་ནི་

ལོར་ཡིན། (ཉིས་སྟོང་དྲུག་ ཉིས་སྟོང་བདུན་ ཉིས་སྟོང་བརྒྱད་)

ཡིན། (དགུན་ཁ་ དཔྱིད་ཀ་ དབྱར་ཁ་)

ཆེད་དུ་ཡིན།

༣ སྤྲོ་འཆམ་དུ་འགྲོ་བའི་དམིགས་ཡུལ་ནི་

༤ སློབ་གྲྭའི་

(གུ་ཡངས་ཀྱི་ རྒྱུས་ཡོད་དང་འཆམ་མཐུན་གྱི་ སྐྱིད་པོ་ཡོང་བའི་)

༥ སློབ་ཕྲུག་ཕན་ཚུན་རྒྱུས་མངའ་

ལ་སྤྲོ་འཆམ་དུ་ཕྱིན། (རི་འདབས་ ནགས་གསེབ་ གཙང་འགྲམ་)

། (གཏན་ནས་མེད། དེ་ཙམ་མེད། ཆེན་པོ་ཡོད།)

བཞི་པ། དྲི་བར་ལན་ཐོབས།

༡ འཛིན་གྲྭའི་རྒན་བདག་དེ་སྤྲོ་འཆམ་ལ་ཕྱིན་ནས་མི་ཚེར་ཕན་ཐོགས་ཅི་འདྲ་ཞིག་བྱུང་ངམ།

༢ བརྟོལ་དཀའ་བའི་གསང་རྒྱ་བརྡོལ་བའི་སྐད་ཆ་དེས་བདག་ལ་རེ་བ་སྟེར་ཞེས་པའི་སྐབས་ཀྱི་གསང་རྒྱ་ བརྟོལ་བའི་སྐད་ཆ་དེ་གང་ཡིན་ནམ།

༣ འཛིན་གྲྭའི་རྒན་བདག་དང་། སློབ་ཕྲུག་བྱིངས་ཀྱིས་གླིང་ག་གཏོང་སྟངས་ལ་ཁྱད་པར་གང་འདུག་གམ། 54


༤ འཛིན་གྲྭའི་རྒན་བདག་དེའི་གཤིས་སྤྱོད་གང་འདྲ་ཞིག་འདུག་གམ།

སྤྲོ་འཆམ་སྐབས་ཀྱི་མཐོང་ཐ

ལྔ་པ། གཤམ་གྱི་རང་བྱུང་ཚན་པ་འདི་བསྡུས་འབྲི་གྱིས།

"སྤྱིར་མི་བུ་སུ་འདྲ་ཞིག་ཡིན་རུང་རང་གི་དམིགས་ཡུལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་གནས་སྟངས་སོགས་ མང་དག་ཅིག་ལ་བསྟུན་དགོས་ནའང༌། དམིགས་ཡུལ་གྱི་གཞི་རྟེན་གཙོ་བོ་ནི་རང་ཉིད་ཀྱིས་བྱེད་ནུས་ལ།

འཇོན་ཐུབ་པའི་བྱ་ལས་ཤིག་ཡིན་དགོས་པ་དང་། དེའང་རང་གི་ཁམས་དང་མོས་པས་རྒྱབ་རྟེན་ཡོད་ཚེ། ད་

གཟོད་ཁྱེད་ཀྱི་གདམ་ཀ་འཕྱུག་མེད་པར་བརྩི་ཆོག མི་སུ་ཞིག་ཡིན་ཡང་ཕྱིས་འབྱུང་གི་ཕུགས་འདུན་རེ་ཡོད་ ལ༑ དེའི་རྐྱེན་གྱིས་འཚོལ་སྙེག་རེའང་ཡོད། དེ་ཡོད་པ་ཙམ་གྱིས་སྒྲུབ་ཐུབ་པའི་ངེས་པ་མེད། རང་ཉིད་ཀྱི་

ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤེས་བྱའི་རྣམ་གྲངས་རེ་རེ་བཞིན་འཚོལ་བསྡུ་བྱེད་དགོས། དེ་ལྟར་བྱས་ ཚེ་གཟི་བརྗིད་དང་འོད་སྣང་ལྡན་པའི་མ་འོངས་པ་ཞིག་བསུ་ཐུབ་ངེས་ཡིན།"

དྲུག་པ། བྱེད་སྒོ།

ཚགས་པར་དང་། དུས་དེབ་སོགས་བཀླགས་ཏེ་སྒྲ་གདངས་དང་། དོན་འགྲེལ་བྱེད་པའི་བྱེད་སྒོ་ཞིག་སྤེལ་ དགོས།

55


རྒྱུན་སྤྱོད་ཡིག་

རྒྱུན་སྤྱོད་ཡིག་རིགས།

སྤྱིར་ང་ཚོས་འཛིན་རིམ་བཞི་པར་དགོངས་ཤོག

ལྔ་པར་

གཏོང་ཡིག དྲུག་པར་ཡང་བསྐྱར་དགོངས་ཤོག ངོ་སྤྲོད་ཡི་ གེ༑ འཛིན་ཡིག ཉིན་ཐོ། བདུན་པར་ཡང་བསྐྱར་འཕྲིན་ཡིག སྙན་ཞུ། ལན་འཇོག བརྒྱད་པར་བརྡ་ཐོ་དང་། མགྲོན་ཤོག ངོས་སྦྱོར།

རྒྱབ་གཉེར་ཡི་གེ་འབྲི་ཚུལ་སྦྱངས་ཟིན་མོད།

འདིར་ཡང་འཕྲིན་ཡིག་དང་། གསལ་བསྒྲགས། ཟིན་བྲིས། ཉིན་ཐོ་བཅས་ཀྱི་དཔེ་མཚོན་བཀོད་ཡོད།

འདི་ལྟར་བསྐྱར་བཀོད་ཡང་བཀོད་བྱེད་དོན་ནི།

རྒྱུན་སྤྱོད་

ཡིག་རིགས་ཁག་ལས་ཀའི་ཁྲོད་རྒྱུན་དུ་བེད་སྤྱོད་ཡོད་སྟབས་ བསླབ་གཞི་རྩ་འཛིན་དུ་གཏན་ལ་ཕབ་པ་བཞིན་འདིར་བཀོད་ སྒྲིག་བྱས།

56


འཕྲིན་ཡིག

སློབ་ཚན་བཅུ་པ།

འཕྲིན་ཡིག

༄༅། །དང་པོ། འཕྲིན་ཡིག་གི་གོ་དོན། འཕྲིན་ཡིག་ནི་མི་དང་མིའི་དབར་དང༌། མི་དང་སྒྲིག་

འཛུགས་དབར། སྒྲིག་འཛུགས་དང་སྒྲིག་འཛུགས་དབར་ཕན་ཚུན་ཡིག་ཐོག་ནས་འབྲེལ་གཏུག་

བྱས་ཏེ་བསམ་བློ་བརྗེ་རེས་དང༌། སློབ་སྦྱོང༌། ལས་དོན། འཚོ་བ་སོགས་ཀྱི་གནས་ཚུལ་བསྐུར་བའི་ ཉེར་མཁོའི་ཡིག་རིགས་ཤིག་ལ་ཟེར།

གཉིས་པ། སྤྱིར་འཕྲིན་ཡིག་འབྲི་སྐབས་ཚང་དགོས་པའི་དོན་ཚན་བདུན་ཡོད། ༡ གང་ལ་བསྐུར་ཡུལ་གྱི་ཆེ་བརྗོད་འགོད་པ།

༢ གུས་འདུད་དང་བཅས་པའི་ཞེ་སའི་འབེབས་ཀྱི་རིམ་པ། ༣ ཁམས་བདེའི་འཚམས་འདྲི། ༤ རང་གི་གནས་ཚུལ་སྐོར། ༥ སྐབས་བབ་ཀྱི་དོན་དག

༦ སླད་མར་དགེ་བའི་སྨོན་འདུན།

༧ ལོ་ཟླ་ཚེས་གྲངས་དང་རང་མིང་བཅས་ཡིན།

57


རྒྱུན་སྤྱོད་ཡིག་

དེ་དག་ནི་སྤྱིར་ཚང་དགོས་པའི་ཆ་རྐྱེན་ཡིན་པ་ལས་འཕྲིན་ཡིག་ཡོད་དོ་ཅོག་ལ་དེ་ལྟར་ཚང་མི་ དགོས་ཏེ། སྐབས་འཕྲལ་སྟབས་བདེའི་འཕྲིན་ཡིག་ལྟ་བུ་རྣམས་དོན་ཚན་གསུམ་པ་དང་། བཞི་པ། དྲུག་པ་རྣམས་མེད་ནའང་ཆོག ལྷག་དོན་ནང་དོན་བཞི་པ་རྒྱས་དྲགས་ན་ཕ་རོལ་པོ་ལ་གུས་ཞབས་ མེད་པར་མཚོན་པར་བཤད།

གསུམ་པ། འཕྲིན་ཡིག་དངོས་སུ་འབྲི་སྐབས་ཡུལ་དང་འཚམ་པའི་ཆེ་བརྗོད་དང་འོས་ཤིང་འཚམ་

པའི་དཔེ་དོན་སྦྱོར་ཚུལ།

དོན་ཚན་དང་པོ། འཕྲིན་ཡིག་དངོས་སུ་འབྲི་སྐབས་ཡིག་གཟུགས་དེ་དང་མཐུན་པའི་ཡིག་མགོ་

དང་བཅས་པའི་ཆེ་བརད ྗོ ། ཞེ་ས། དཔེ་དོན་སྦར ྱོ ་སྟངས་སོགས་འབྲི་ཡུལ་གྱི་མཐོ་དམན་དང་། ལས་ རིགས། ཁྱད་ཆོས་སོགས་ལ་གཞིགས་ཏེ་འོས་ཤིང་འཚམ་པ་དང༌། ཡིད་དུ་འཐད་པ་ཞིག་ཡོང་རྒྱུ་ནི་

ཤིན་ཏུ་ནས་གལ་ཆེ། དཔེར་ན། རང་ལ་བཀའ་དྲིན་ཆེ་བའི་སློབ་གྲྭའི་དགེ་རྒན་ཞིག་ལ་ཕུལ་ན། “འཛིན་གྲྭའི་དགེ་རྒན་བཀྲ་ཤིས”ཞེས་སམ། “དགེ་རྒན་བཀྲ་ཤིས་ཚེ་རིང་མཆོག་གི་མདུན་དུ།”ཞེས་

པ་ལྟ་བུའི་ཡི་གེའི་ལམ་ནས་བྲིས་ན། གོས་རྒྱན་དང་བྲལ་བའི་ལུས་གཅེར་བུ་ལྟར་འགྱུར་ཞིང་མི་ སྙན་པས། ཕ་རོལ་པོས་ཉན་པར་སྤྲོ་ཞིང་ཡིད་དགའ་བའི་ཕྱིར་“༄༅། །བཀའ་དྲིན་མཚུངས་ཟླ་མ་ མཆིས་པའི་དགེ་རྒན་བཀྲ་ཤིས་མཆོག་གི་ཞབས་དྲུང་དུ།”ཞེས་བྲིས་ན་འོ ས་ཤིང་འཚམ།

དོན་ཚན་གཉིས་པ། འོས་འཚམ་གྱིས་འབེབས་བཞག་ནས་ཞབས་དང་དྲུང་གི་འོག་ནས་གུས་ཞུ་ དང་བཅས་འབྲི་དགོས། འདི་ནི་དཔེ་མཚོན་ལ་བལྟས་ན་གསལ་ཁ་ཆེ། དོན་ཚན་གསུམ་པ།

གཞན་ཡང་ཁམས་བདེའི་འཚམས་འདྲི་ལ་“ཁྱོད་བདེའམ་”ཞེས་བྲིས་ན་

སྐབས་དོན་འགྲུབ་མོད། འོན་ཀྱང་ཚིག་ཉམས་མེད་པས་ཚིག་ལ་སྙན་ཆ་དང་ལྡན་པར་བྱེད་དགོས་

ཏེ༑ “གང་ཉིད་ཀྱི་དྲི་བྲལ་པདྨོའི་སྐུ་གཟུགས་ཉ་གང་ཟླ་བའི་དཔལ་ལ་འགྲན་པ་བཞིན་བདེའམ་

”ལྟ་བུ་བྲིས་ན་ཚིག་ལ་རྒྱན་བཏགས་པ་ལྟར་འགྱུར་རོ། །

མི་སྒེར་གྱིས་སྒྲིག་འཛུགས་ལ་འཕྲིན་ཡིག་སྐུར་བའམ། སྒྲིག་འཛུགས་ཕན་ཚུན་དབར་འཕྲིན་ཡིག་ 58


འཕྲིན་ཡིག

འབྲི་སྐབས། སྒྲིག་འཛུགས་ག་གེ་མོའི་ཆེ་བ་ཙམ་བརྗོད་པ་ལས་ཁམས་བདེའི་འཚམས་འདྲི་དང་ རང་ཉིད་བདེ་གནས་སོགས་ཀྱི་ནང་དོན་འབྲི་མི་དགོས་པར་གང་བརྗོད་པར་བྱ་རྒྱུའི་ནང་དོན་

ཁག་ཐད་ཀར་བྲིས་རྗེས་གུས་འདུད་དང་བཅས་པའི་སྒོ་ནས་ལོ་ཟླ་ཚེས་གྲངས་ཀྱིས་མཚམས་སྦྱར་ ན་འཐུས།

དོན་ཚན་བཞི་པ། རང་གི་གནས་ཚུལ་འབྲི་སྐབས་ཞེ་ས་དང་ཆེ་བརྗོད་མི་དགོས་ནའང་རང་གི་

གནས་ཚུལ་འོས་འཚམ་གྱིས་ངོ་སྤྲོད་བྱེད་དགོས།

དོན་ཚན་ལྔ་པ། ནང་དོན་ནི་འཕྲིན་ཡིག་འབྲི་བའི་དགོས་པ་དེ་ཡིན་ལ། རང་གིས་བརྗོད་འདོད་

པའི་དོན་དེ་ཁ་གསལ་གོ་བདེ་ཞིང་། འོས་འཚམ་དགོས་པ་སྨོས་མ་དགོས།

དོན་ཚན་དྲུག་པ། དགེ་བས་མཇུག་བསྡུ་བ་ནི་དེ་ཙམ་གལ་མི་ཆེ་ནའང་ཚིག་བརྗོད་འོས་འཚམ་

དགོས་པ་གོར་མ་ཆག

དོན་ཚན་བདུན་པ། ལོ་ཟླ་ཚེས་གྲངས་དང་རང་མིང་ནི་ངེས་པར་དགོས་པ་མ་ཟད་མ་ནོར་བ་ཡང་ དགོས།

གཏོང་ཡིག་དཔེ་གཞི།

རང་གི་དགེ་རྒན་ལ་འབུལ་བ།

59


རྒྱུན་སྤྱོད་ཡིག་

60


འཕྲིན་ཡིག

སྦྱོང་ཚན།

དང་པོ། འོག་གི་ཕ་མར་ཕུལ་བའི་གཏོང་ཡིག་ནས་འཕྲིན་ཡིག་གི་དོན་ཚན་བདུན་པོ་ངོས་ཟུངས། ༄༅། །བྱམས་བརྩེ་བཀའ་དྲིན་མཚུངས་མེད་ཡབ་ཡུམ་ལྷན་རྒྱས་མཆོག་གི་ཞབས་དྲུང་དུ།

གུས་གསོལ།

བར་ལམ་མ་མཇལ་བར་ལྷན་རྒྱས་སྐུ་འཚོ་གསལ་བཞུགས་ཡོད་པ་ནི་བཀའ་དྲིན་གྱི་དཔལ་དུ་ཆེ། འདིར་གུས་ ཀྱང་ྋགོང་ས་ཆེན་པོའི་ཐུགས་རྗེས་གཟུགས་ཁམས་བདེ་ཐོག་ཟས་གོས་གནས་མལ་གང་ཅིར་ཕུན་ཚོགས་

བདེ་སྐྱིད་ངང་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ྋགོང་ས་ཆེན་པོ་མཆོག་དང༌། ཕ་མའི་བཀའ་སློབ་སྙིང་ བཅངས་ཀྱིས་སྦྱང་བརྩོན་བགྱིས་ཏེ་མཁྱེན་རབ་ལྡན་པའི་མཁས་དབང་གྲལ་ལ་མ་ཚུད་རུང༌། བློ་རྨོངས་ཅན་ གྱི་ཁྲོད་དུ་མ་ལུས་པ་ཙམ་བྱུང་བའི་ཡིག་ཚད་རྒྱུགས་འབྲས་སྤྱན་བསྟར་ཆེད་ཟུར་འབུལ་ཞུས་ཡོད། ད་དུང་ ཡང་དགེ་རྒན་རྣམས་དང་སློབ་གྲོགས་ཡོངས་ལ་མཐུན་ལམ་ཞུ་རྒྱུ་གཞི་རྩར་བཞག་སྟེ། སློབ་སྦྱོང་ལ་འབད་

བརྩོན་གྱིས་ྋགོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་དང་མཐུན་པའི་བསྟན་སྲིད་གཞུང་མང་གི་ཞབས་

འདེགས་ཞུ་ཐུབ་པའི་རེ་སེམས་རྒྱུན་བཅངས་ཡོད་པས་ཐུགས་གཡེང་ནམ་ཡང་མེད་པར་ཞུ། དེ་གར་ལྷན་རྒྱས་ སྐུ་གཟུགས་ལ་ཐུགས་གཟབ་དང་ཞལ་འདོན་དགེ་སྦྱོར་གོང་འཕེལ་ཐོག་སྤུན་མཆེད་རྣམས་ཀྱིས་ཕ་མ་གཉིས་ ལ་བཀུར་སྟི་ཞབས་ཞུ་གནང་རྒྱུའི་རེ་བ་ཆེ། འདི་ཕྱོགས་སུའང་བཀའ་སློབ་གངྒཱའི་རྒྱུན་བཞིན་སྩོལ་བ་མཁྱཻན། མཁྱེན།

ཉིད་ཀྱི་བུ་བསྟན་འཛིན་བདེ་ལེགས་ཀྱིས་ཕྱི་ལོ་༢༠༡༧ ཟླ་༧ ཚེས་༥ ཉིན་

ཕུལ།

གཉིས་པ། གཤམ་གྱི་འཕྲིན་ཡིག་གི་བརྗོད་བབ་ལ་གཞིགས་ན་འགོ་བརྗོད་གང་ཞིག་སྤྱད་ན་འོས། ༄༅། །བྱམས་བརྩེ་བཀའ་དྲིན་བདག་ཉིད་ཕ་མ་གཉིས་ཀྱི་ྋཞབས་དྲུང་དུ། ༄༅། །བློ་དཀར་དམ་གཙང་གྲོགས་མཆོག་ཕུན་ཚོགས་ལགས་ཀྱི་དྲུང་དུ།

༄༅། །ཚེ་རབས་ཀུན་ཏུ་བཀའ་དྲིན་འཁོར་མེད་ཡབ་ཡུམ་ལྷན་རྒྱས་མཆོག་གི་ྋཞབས་དྲུང་དུ། ༄༅། །རིང་ནས་ཐུགས་བརྩེས་སྐྱོང་བའི་གཅེན་མོ་བཀྲ་ཆོས་ལགས་ཀྱི་སྐུའི་དྲུང་དུ། 61


རྒྱུན་སྤྱོད་ཡིག་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ཆེད་ཞུ།

ད་ལམ་རང་རེའི་ཡིག་ཚད་གྲུབ་འབྲས་ཀྱི་གསལ་བསྒྲགས་ཡི་གེར་མགོ་ནས་མཇུག་བར་ལྟ་ཞིབ་ནན་ཏན་བྱས་ པ་ཡིན་ཡང༌། གྲོགས་པོ་ཁྱེད་རང་གི་མཚན་ནི་རྙེད་མ་བྱུང༌། དེར་གཞིགས་ན་སྐུ་ཉིད་ཡིག་རྒྱུགས་མ་འཕྲོད་

པ་འདྲ་ཞིང༌། ཡིན་ན་ཡང༌། ངས་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་སེམས་གསོ་ཞུ་བཞིན་ཡོད། སྐབས་རེར་

ཕམ་པ་དང༌། སྐབས་རེར་རྒྱལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། བསྒྲུབ་བྱའི་དམིགས་ཡུལ་དམའ་ཞིང་ཕམ་ ཉེས་དང་འཕྲད་པ་ནི་ཕུགས་སུ་ནོངས་པའི་རང་བཞིན་ཅན་ཞིག་ཡིན། ཕམ་ཉེས་ནི་རྒྱལ་ཁའི་རྩ་བ་དང༌།

ཡིག་རྒྱུགས་ནི་གོ་སྐབས་ཀྱི་རྩེད་མོ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་

གསལ་ལ་སོང༌། ད་ལམ་གྱི་ཕམ་ཉེས་འདིའི་ཐོག་བློ་ཕམ་དང་ཡི་ཆད་དགོས་དོན་རྩ་ནས་མེད་ཅིང༌། གནས་

ཚུལ་དེ་དག་གཏིང་ནས་བརྗེད་དེ་སེམས་ཤུགས་ཀྱི་རལ་གྲི་རྣོ་བར་བརྡར་ནས་སྤྲོ་སེམས་དང་བཅས་ལོ་རྗེས་ མའི་སློབ་སྦྱོང་གི་གཡུལ་ངོར་ནུས་ཤུགས་གང་ཡོད་ཀྱིས་ཞུགས་ཕྱིན།

ཕམ་ཉེས་ཀྱི་འགོང་པོ་མཐར་བསྐྲད་ན་

རྒྱལ་ཁ་འཐོབ་པ་གདོན་མི་ཟ་ཞིང༌། ཕྲན་ནས་ཀྱང་གཡུར་དུ་ཟ་བའི་གྲུབ་འབྲས་འཐོབ་རྒྱུའི་སྨོན་ལམ་རྒྱུན་དུ་ གདབ་རྒྱུ་ལགས་ན་དེ་དོན་སེམས་ལ་འཇོག་པར་ཞུ།

ཞེས་སློབ་གྲོགས་འཚོ་སྐྱིད་ཀྱིས། ཕྱི་ལོ་༢༠༡༧ ཟླ་༧ ཚེས་༧ ཉིན་བཟང་པོར་

གསུམ་པ།

གཤམ་གྱི་འགོ་བརྗོད་དང་།

གྲོགས་པོར་གཏོང་ཡིག་ཅིག་བྲིས།

གུས་ལུགས་ཚིག་བརྗོད་གང་རུང་རེ་སྤྱད་ནས་རང་གི་

༄༅། །བརྩེ་འཛིན་མིག་གི་འབྲས་བུ་... གམ་དུ།

༄༅། །བློ་ཡི་རེ་ལྟོས་དམ་པ་གྲོགས་... ལགས་ཀྱི་དྲུང་དུ།

༄༅། །ཡིད་ལ་རྟག་པར་འཆར་བ་སྙིང་གྲོགས་... དྲུང་དུ། ༄༅། །བརྩེ་ལྡན་སེམས་ཀྱི་མེ་ཏོག་... ། ༄༅། །ཡིད་དགའི་པདྨའི་གེ་སར་... །

༄༅། །གྲོགས་པོ་ཡིད་ཀྱི་ཟླ་བ་གསར་པ་གང་དེའི་དྲུང་དུ། ༄༅། །བརྩེ་ལྡན་སེམས་ཀྱི་མེ་ལོང་གང་དེའི་དྲུང་དུ།

ཕུལ།

62


འཕྲིན་ཡིག

༄༅། །རྣམ་དཀར་བརྩེ་བ་འགྱུར་མེད་གང་དེའི་དྲུང་དུ།

གུས་གསོལ། གུས་པས་ཞུ་གསོལ། གུས་པས་ཞུ་བ། གུས་ཞུ། གུས་འབུལ། ཞུ་གསོལ། ཞུ་འབྲས། ཞུ་དོན།

ཞུ་སྙིང༌། ཆེད་འབུལ། ཆེད་ཞུ། ཆེད་གསོལ། ཆེད་འབྲས། ཆེད་བསྲིངས། ཆེད་དོན། ཆེད་སྤེལ། སྟབས་ འབུལ། སྟབས་གསོལ། སྟབས་ཞུ། སྟབས་འབྲས། སྟབས་སྤེལ། འབུལ་སྙིང༌། འབུལ་འབྲས། འབུལ་དོན། སྐུར་དོན།

བཞི་པ། དྲི་བར་ལན་ཐོབས།

༡ ཅི་ཞིག་ལ་འཕྲིན་ཡིག་ཟེར་རམ།

༢ འཕྲིན་ཡིག་ལ་ཚང་དགོས་པའི་དོན་ཚན་བདུན་པོ་གང་དག་ཡིན་ནམ།

༣ འཕྲིན་ཡིག་ལ་ངེས་པར་དུ་ཚང་དགོས་པའི་དོན་ཚན་ག་ཚོད་ཡོད་དམ།

63


རྒྱུན་སྤྱོད་ཡིག་

སློབ་ཚན་བཅུ་གཅིག་པ།

གསལ་བསྒྲགས།

སྦྱང་བྱ་གཙོ་བོ། གསལ་བསྒྲགས་ཡིག་རིགས་ལ་ཚང་དགོས་པའི་དོན་ཚན་ཁག་གསལ་བར་ངེས་དགོས།

དཔེ་མཚོན་ཁག་ལ་དཔེ་བལྟས་ཏེ་གཙོ་བོ་རང་ཉིད་ཀྱིས་གསལ་བསྒྲགས་ཡི་གེ་འབྲི་ཤེས་དགོས།

གོ་དོན།

༄༅། །གནས་ཚུལ་གང་ཡང་རུང་བ་ཞིག་ཡོངས་ཁྱབ་ཀྱིས་བརྒྱུད་བསྒྲགས་བྱེད་པའི་ཡིག་རིགས་ ཤིག་ལ་གསལ་བསྒྲགས་ཡི་གེ་ཟེར།

ཚང་དགོས་པའི་ཆ་རྐྱེན། ༡ གསལ་བསྒྲགས་ཀྱི་ཁ་བྱང་། ༢ དངོས་གཞིའི་ནང་དོན།

༣ གསལ་བསྒྲགས་སྤེལ་མཁན་གྱི་ལས་ཁུངས་སམ། སྒྲིག་འཛུགས། མི་སྒེར་སོགས་ཀྱི་མིང་། 64


གསལ་བསྒྲགས

༤ ལོ་ཟླ་ཚེས་གྲངས་བཅས་ཡིན།

དབྱེ་བ།

གསལ་བསྒྲགས་ལ་ནང་དོན་གྱི་ཆ་ནས་ཚོགས་བརྡ་གསལ་བསྒྲགས་དང༌།

ཆོས་བརྡ་གསལ་

བསྒྲགས། ཚོང་འགྲེམས་གསལ་བསྒྲགས། རྒྱུགས་སྤྲོད་གསལ་བསྒྲགས། གྲུབ་འབྲས་གསལ་

བསྒྲགས། སློབ་འཇུག་གསལ་བསྒྲགས། གནས་སྤོའི་གསལ་བསྒྲགས། གནས་སྤར་གསལ་བསྒྲགས།

དག་སེལ་གསལ་བསྒྲགས། དགེ་སྐུལ་གསལ་བསྒྲགས། གསར་འགོད་གསལ་བསྒྲགས། ལས་འགུལ་ གསལ་བསྒྲགས། འབོད་སྐུལ་གསལ་བསྒྲགས། འོས་བསྡུའི་གསལ་བསྒྲགས་སོགས་དམིགས་ཡུལ་ དང་ནང་དོན་གྱི་སྒོ་ནས་རིགས་མང་པོ་ཞིག་ཡོད།

བརྒྱུད་ལམ།

དེ་ནི་དུས་རྒྱུན་ཚགས་ཤོག་དང་། དུས་དེབ། བརྙན་འཕྲིན། དྲ་ཚིགས། སྦྱར་པང་། གྱང་ལྡེབས་ སོགས་མི་ཚང་མས་མཐོང་སར་ཡོངས་ཁྱབ་འགྲེམས་སྤེལ་དང་གསལ་བསྒྲགས་བྱེད།

དོ་སྣང་བྱེད་དགོས་པ།

གསལ་བསྒྲགས་འབྲི་སྐབས་བརྗོད་བྱའི་ཐད་ནང་དོན་ཁ་གསལ་ཞིང་འཁྲུལ་གཞི་མེད་པ། རྗོད་

བྱེད་ཐད་ཚིག་རྙོག་མེད་ཅིང་བརྡ་སྤྲོད་དང་མཐུན་པ་བཅས་ལ་དམིགས་བསལ་ཐུགས་སྣང་གནང་ དགོས།

65


རྒྱུན་སྤྱོད་ཡིག་

དཔེ་མཚོན། ༡

66


གསལ་བསྒྲགས

དཔེ་མཚོན། ༢

67


རྒྱུན་སྤྱོད་ཡིག་

68


གསལ་བསྒྲགས

སྦྱོང་ཚན། དང་པོ། འོག་གི་ནང་དོན་གང་རུང་གཉིས་ལ་གསལ་བསྒྲགས་ཡི་གེ་རེ་བྲིས།

གྲུབ་འབྲས་གསལ་བསྒྲགས། སློབ་འཇུག་གསལ་བསྒྲགས། གནས་སྤོའི་གསལ་བསྒྲགས། དགེ་སྐུལ་གསལ་ བསྒྲགས། འབོད་སྐུལ་གསལ་བསྒྲགས།

གཉིས་པ། དྲི་བར་ལན་ཐོབས།

༡ ཅི་ཞིག་ལ་གསལ་བསྒྲགས་ཟེར་རམ།

༢ གསལ་བསྒྲགས་ལ་ཚང་དགོས་པའི་དོན་ཚན་གང་དག་ཡོད་དམ།

གསུམ་པ། སློབ་གྲྭའི་མཛད་སྒོར་སྦྱར་བའི་གསལ་བསྒྲགས་གང་མང་བྲིས། བཞི་པ། ཚགས་པར་དང་། དུས་དེབ་སོགས་ནས་གསལ་བསྒྲགས་ཡི་གེ་བསྡུ་རུབ་གྱིས།

69


རྒྱུན་སྤྱོད་ཡིག་

སློབ་ཚན་བཅུ་གཉིས་པ།

ཟིན་བྲིས་དང་ཉིན་ཐོ།

ཟིན་བྲིས།

ཟིན་བྲིས་ནི་གང་སར་སྤྱོད་ཆོག་པའི་ཡིག་རིགས་ཤིག་ཡིན་མོད། འདིར་ཁྱབ་ཆེ་བའི་དབང་དུ་ བྱས་ནས་སློབ་ཁྲིད་དང་། དཔེ་ཀློག་གཉིས་དཔེ་མཚོན་དུ་དགོད་རྒྱུ་ཡིན།

ཟིན་བྲིས་འགོད་པའི་དགོས་པ་ནི། དོན་གང་ཞིག་ངེས་པར་དུ་ཤེས་དགོས་པ་ངེས་པའི་ཆེད་དང་། བརྗེད་སླ་བ་བཟུང་བདེ་བ། ནོར་སོ་ཅན་ངོས་འཛིན་སླ་བ། འཁྲུག་གཞི་ཅན་མི་འཆོལ་བ། རྙེད་

དཀའ་བ་འཚོལ་བདེ་བ་བཅས་ཀྱི་ཆེད་དུ་ཡིན།

དང་པོ་སློབ་ཁྲིད་ཟིན་བྲིས།

དགེ་རྒན་གྱིས་གསུངས་པའི་འགྲེལ་བཤད་དང་། ནག་པང་ཐོག་བྲིས་པའི་ཡི་གེ། དྲི་བ་དྲིས་པ། བྱེད་སྒོ་སྤེལ་བ་སོགས་ཟིན་བྲིས་བྱ་ཡུལ་ཡིན།

དགེ་རྒན་གྱིས་གསུངས་ཚད་དང་། བྲིས་ཚད་ཟིན་བྲིས་སུ་འདེབས་ཀྱིས་མི་ལང་བས་གོང་འཁོད་ 70


ཟིན་བྲིས་འདེབས་པའི་དགོས་པ་བཞིན་བྲིས་ན་ལེགས།

ཟིན་བྲིས་དང་ཉིན་ཐོ།

གཉིས་པ་དཔེ་ཀློག་ཟིན་བྲིས།

དཔེ་ཀློག་སྐབས་ཀློག་གིན་ཀློག་གིན་ཟིན་བྲིས་འདེབས་པ། ཀློག་ཚར་སོང་ན་བསྡུས་དོན་གྱི་ཚུལ་ དུ་ཟིན་བྲིས་འདེབས་པ་བཅས་ཡོད་ཆོག

དཔེ་མཚོན། 《 སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས་》 བཀླགས་པའི་ཟིན་ཐོ།

དང་པོ། སློབ་གྲྭའི་ནང་བཤེས་གཉེན་དང་། སློབ་གྲོགས་ཚོ་དང་མཉམ་དུ་ཤེས་བྱའི་གནས་ལ་

སྦྱངས་པ། ཚིག་སྡེབ་ལེགས་པ་ཞིག་གིས་འགོ་བཙུགས་ཏེ་བརྗོད་དོན་དྲངས་འདུག་སྟེ། “ན་གཞོན་ རིག་པའི་དཔའ་བོའི་ཚོགས་སུ། ངས་ཀྱང་རིག་པའི་དགའ་མ་གྲོགས་སུ་བསྟེན་ཅིང་། བརྩོན་

འགྲུས་ཀྱི་རྟ་ཕོར་དྲན་ཤེས་ཀྱི་ལྕག་གིས་སྐུལ་བཞིན། འབྱམས་ཀླས་ཤེས་བྱའི་རྩྭ་ཐང་དུ་བསྐྱོད་པ་ ཡིན་”ཞེས་བྲིས་འདུག

གཉིས་པ། ལོ་གཅིག་གི་སྤྲོ་འཆམ་དུ་བསྐྱོད་པའི་དུས་ཚོད་དང་། སློབ་ཕྲུག་རྣམས་ཀྱི་བྱེད་སྒོའི་ རྣམ་པ་བྲིས་འདུག

གསུམ་པ། ཉིན་དེའི་གནམ་གཤིས་སྐོར་དང་། ཁོང་ཆབ་སྲིད་ཚན་རིག་གི་དགེ་རྒན་ལྷན་དུ་བཀའ་ མོལ་གནང་བའི་རྣམ་པ་བྲིས་འདུག

བཞི་པ། དགེ་རྒན་གྱི་རིན་ཐང་ལྡན་པའི་བཀའ་མོལ་གྱིས་ཁོང་གི་བློ་སྒོ་ཕྱེས་ཤིང་། འཚོལ་སྙེག་ གི་དམིགས་ཡུལ་གསར་པ་བསྐྲུན་པར་བཀོད་ཡོད་དེ། དམིགས་ཡུལ་གྱི་གཞི་རྟེན་གཙོ་བོ་ནི་རང་ ཉིད་ཀྱི་ནུས་པ་དང་མོས་པར་བརྟེན་དགོས་པ་ཡིན། རང་ཉིད་ཀྱིས་བྱེད་ནུས་ལ། འཇོན་པའི་ལས་

དེར་ཁམས་དང་མོས་པས་རྒྱབ་རྟེན་ཡོད་ཚེ། ད་གཟོད་ཁྱེད་ཀྱི་དམིགས་ཡུལ་གྱི་ཁ་ཕྱོགས་འཕྱུག་

པ་མེད་པར་བརྩི་ཆོག་ཅེས་བྲིས་འདུག

71


རྒྱུན་སྤྱོད་ཡིག་

གོང་གསལ་ཟིན་བྲིས་འདི་གཙོ་བོ་རྩོམ་ཡིག་དཔྱད་བརྗོད་བྱས་ནས་ཟིན་བྲིས་བཀོད་པ་

ཞིག་རེད་འདུག ཟིན་བྲིས་ནི་དགོས་མཁོ་ལ་གཞིགས་ནས་འགོད་སྟངས་སྣ་ཚོགས་ཡོད།

སྔོན་གླེང་།

ཉིན་ཐོ་ནི་ཉིན་གཅིག་གི་ནང་དུ་རང་ཉིད་ཀྱི་བསམ་བློའི་འཆར་སྣང་དང༌།

རང་

གིས་བསྒྲུབས་པའི་ལས་དོན་ནམ་མཐོང་ཐོས་སུ་བྱུང་བ་གང་ཡིན་འབྲི་ཆོག་མོད།

འོན་ཀྱང་ཁྱབ་ཆེ་བ་ནི་བྱ་བ་སོགས་དྲན་གསོ་བྱ་འོས་པའི་རིགས་དང༌། དོན་སྙིང་ དང་ལྡན་པའི་བྱ་བ་ཞིག་འབུར་དུ་བཏོད་ནས་འབྲི་ཡི་ཡོད། དེ་ནི་རང་ཉིད་ཀྱི་འཚོ་བ་དང་།

ལས་དོན་ཆེ་ཕྲ་སོགས་ཕྱོགས་བསྡོམས་བྱེད་

ཐུབ་པ་མ་ཟད། རང་ཉིད་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་པའི་གལ་ ཆེའི་རང་བཞིན་ལྡན་ཡོད། ལྷག་པར་དུ་གཞི་རིམ་སློབ་མའི་འབྲི་རྩལ་གོང་མཐོར་ འགྲོ་བར་ཤིན་ཏུ་ཕན།

ཉིན་ཐོ་འབྲི་བ་ལ་གཤམ་གསལ་གྱི་དོན་ཚན་རྣམས་ངེས་པར་ཚང་དགོས།

༡ ཐོག་མར་ཟླ་ཚེས་སོགས་གསལ་པོར་འབྲི་དགོས།

༢ ཉིན་རེའི་འཚོ་བའི་ཁྲོད་ཀྱི་དོན་སྙིང་ལྡན་པའི་བྱ་བ་རྣམས་ཆེ་ཆུང་ལ་མ་ལྟོས་པར་འགོད་དགོས།

༣ དངོས་ཡོད་གནས་ཚུལ་དང་འབྲེལ་བའི་བརྗོད་བྱ་གནད་བསྡུས་དང་གོ་རིམ་ལྡན་པར་འབྲི་ དགོས།

72


ཟིན་བྲིས་དང་ཉིན་ཐོ།

དང་པོ། ཉིན་ཐོའི་གོ་དོན།

ཉི་མ་རེ་རེར་འཕྲད་པའི་དོན་དག་བཟང་ངན་དང་། དོན་སྙིང་ཅན་གྱི་ལས་ཀ དེ་དག་ལ་བརྟེན་

ནས་ཚོར་སྣང་དང་བསམ་ཚུལ་ཅི་བྱུང་ཟིན་ཐོར་འགོད་པ་ལ་ཉིན་ཐོ་ཟེར།

གཉིས་པ། ཉིན་ཐོ་འབྲི་སྟངས།

ཐོག་མར་ཉིན་དེའི་ལོ་ཟླ་ཚེས་གྲངས་དང་། གནམ་གཤིས་ཀྱི་གནས་སྟངས། དེ་ནས་དངོས་གཞིའི་

ནང་དོན་དང་། མྱོང་ཚོར་རྣམས་ཡིག་ཐོག་ཏུ་འགོད་པ་དང་། ཉིན་ཐོ་འབྲི་སྐབས་རྩོམ་ལུས་ལ་

ཚད་བཀག་མེད་པར་འབྲི་ཆོག

གསུམ་པ། ཉིན་ཐོའི་ཕན་ཡོན།

ཉིན་ཐོ་འབྲི་བར་རྒྱུན་འཁྱོངས་བྱས་ན། ཡི་གེ་འབྲི་བར་གོམས་འདྲིས་ཐེབས་པ་དང་། བསམ་བློའི་

གནས་ཚད་མཐོ་རུ་འགྲོ་བ། རྩོམ་ཡིག་འབྲི་བའི་རྨང་གཞི་སྐྲུན་པ། གནད་དོན་འཚོལ་བ། དབྱེ་ ཞིབ་བྱེད་པ། ཐག་གཅོད་བྱེད་པ་བཅས་ལ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་ཡོད།

73


རྒྱུན་སྤྱོད་ཡིག་

དཔེ་མཚོན། ཉིན་ཐོ། ༄༅། །ཕྱི་ལོ་༢༠༡༦ ཟླ་༡༡ ཚེས་༡༡ གཟའ་ཟླ་བ། གནམ་གཤིས་འཐིབས།

དེ་རིང་ང་ཚོ་འཛིན་རིམ་དགུ་པའི་སློབ་མ་རྣམས་ལ་དགེ་རྒན་གྱིས་བོད་ཡིག་ཚོད་རྒྱུགས་

བཏང་བའི་རྒྱུགས་འབྲས་བསྒྲགས་པ་དང་།

དགོས་པའི་རྒྱུ་མཚན་ངོ་སྤྲོད་བྱས་སོང་།

རྒྱུགས་འབྲས་བསྒྲགས་རྗེས་ཡིག་ཚད་གཏོང་

རྒན་ལགས་ཀྱིས།

ཡིག་ཚད་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད་ཀྱང་།

ཚད་གཏོང་དགོས་པའི་རྒྱུ་མཚན་ངོས་ཟིན་མི་འདུག

ཉེ་ཆར་ང་ཚོས་བཏང་བའི་

སློབ་གྲོགས་ཁག་ཅིག་གིས་ད་དུང་ཡིག་ ཡིག་ཚད་གཏོང་བ་ནི་ང་དགེ་རྒན་

གྱིས་ངོས་ནས་སློབ་ཁྲིད་བྱས་པ་དེ་ཁྱོད་ཚོ་ལ་ག་ཚོད་ཅིག་ཕན་གྱི་ཡོད་པ་དང་།

སློབ་མ་

ཁྱེད་ཅག་གི་ངོས་ནས་སློབ་སྦྱོང་བྱས་པའི་གནས་ཚད་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་ལ་

ལྟ་བའི་ཚད་གཞི་ཞིག་ལས། ཉི་མ་གང་འཁྱོལ་དང་། ཁྲལ་རྒྱག་པ་ལྟ་བུ་ཞིག་མ་ཡིན། ཉིན་ ལྟར་སློབ་སྦྱོང་བྱེད་དུས་རྗོད་བྱེད་ཀྱི་ཚིག་སྦྱོར་སྤེལ་སྟངས་དང་།

བྱེ་བྲག་དུམ་མཚམས་

འབྱེད་སྟངས། ཚིག་ཕྲད་དང་། རྒྱན་ཚིག་བེད་སྤྱོད་སྟངས་ལ་དོ་སྣང་བྱས་ཏེ་སོ་སོའི་སློབ་ སྦྱོང་གོང་འཕེལ་གཏོང་ཐབས་ལ་འབད་དགོས་པ་ལས། དྲི་བའི་ལན་བློ་ལ་བཟུང་སྟེ་སྦྱངས་ ན༑ མདུན་གྱི་རྐང་པའི་རྡོག་སྣེ་ལས་གཡས་གཡོན་གྱི་ཁོར་ཡུག་ལ་མ་བལྟས་པ་ལྟ་བུ་ཡིན་

སྟབས། སློབ་སྦྱོང་དེ་གནད་ལ་ཁེལ་མེད་ཅེས་གསུངས། ང་རང་གིས་ཀྱང་སློབ་སྦྱོང་བྱེད་ སྟངས་ལ་ཕྱིར་དྲན་བྱེད་སྐབས་གནམ་གཤིས་གྲང་མོ་ཡིན་ན་ཡང་། ངོ་གནོངས་ནས་གདོང་ པ་ཚ་བེར་བེར་བྱས་པ་དང་། ཚོར།

རང་ཉིད་ཀྱིས་སློབ་སྦྱོང་བྱེད་སྟངས་འགྲིག་མེད་པ་གཞི་ནས་

དེ་རིང་ནས་བཟུང་དགེ་རྒན་གྱི་ལམ་སྟོན་ལ་བརྟེན་ནས། རང་ངོས་ནས་འབད་པ་ལྷོད་མེད་ བྱ་རྒྱུ་ཡིན།

74


ཟིན་བྲིས་དང་ཉིན་ཐོ།

སྦྱོང་ཚན། དང་པོ། སློབ་ཐུན་གཅིག་གི་ཟིན་བྲིས་ཤིག་དང་། ཉིན་ཐོ་ཞིག་བྲིས།

གཉིས་པ། སློབ་དེབ་འདིའི་ནང་ཡོད་པའི་རྩོམ་ཐུང་《ང་ཡི་ནུ་མོ།》 ཞེས་པ་དེ་བཀླགས་ནས་དཔེ་ ཀློག་ཟིན་བྲིས་ཤིག་ཁོད།

གསུམ་པ། དྲི་བར་ལན་ཐོབས།

༡ ཟིན་བྲིས་འགོད་པའི་དགོས་པ་གང་ཡིན་ནམ།

༢ ཉིན་ཐོ་འབྲི་སྐབས་དོན་ཚན་གང་དག་ལ་གཟབ་དགོས་སམ། ༣ ཉིན་ཐོ་བྲིས་པའི་ཕན་ཡོན་གང་དག་ཡོད་དམ།

བཞི་པ། བྱེད་སྒོ།

ཟིན་བྲིས་འབྲིར་བཅུག་སྟེ་འཛིན་གྲྭའི་ནང་ཀློག་ཏུ་འཇུག་དགོས།

75


རྩོམ་འབྲིའི་ཤེས་

རྩོམ་འབྲིའི་ཤེས་བྱ། ལྗོངས་རྣམ་འབྲི་ཚུལ།

ཡུལ་ལྗོངས་སམ་དངོས་པོ་ཞིབ་འབྲི་བྱ་ཡུལ་དུ་བཟུང་བ་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཁྲོད་རྒྱུན་དུ་མཐོང་

རྒྱུ་ཡོད་པ་ཞིག་ཡིན།

ལྗོངས་རྣམ་འབྲི་ཚེ་སྐྱེ་བོའི་ཡིད་དུ་འཆར་ཞིང་བརྩེ་དུང་གི་ཀློང་དུ་ཚུད་པ་ཞིག་དགོས་པ་དང་།

དངོས་རྣམ་

འབྲི་ཚེ་གསོན་ཉམས་དོད་ལ་འདུ་ཤེས་ཀྱིས་ཕྱུག་པ་ཞིག་དགོས། ཕུལ་བྱུང་གི་རྩོམ་ཡིག་དེ་རིགས་ལྟ་ཀློག་ བྱས་ན་གཅིག་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བར་མ་ཟད། མཛེས་ཆོས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ།

ད་དུང་བསམ་གཞིག་གི་བློ་སྒོ་ཕྱེ་ནས་

ལྗོངས་རྣམ་དང་དངོས་རྣམ་འབྲི་བར་ཡུལ་ལྗོངས་དང་དངོས་པོའི་ཁྱད་ཆོས་དམ་པོར་འཛིན་དགོས། འཛམ་ གླིང་ཐོག་གི་ཡུལ་ལྗོངས་དང་དངོས་པོའི་རྣམ་པ་འདྲ་མིན་སྣ་ཚོགས་དང་། འགྱུར་བ་མང་དུ་ཡོད་མོད། འོན་

ཀྱང་དེ་དག་སོ་སོར་རང་རང་གི་ཁྱད་ཆོས་རེ་ཡོད་པས་ཕན་ཚུན་དབྱེ་འབྱེད་བྱེད་ཐུབ་པ་ཡིན། ཡུལ་ལྗོངས་ དང་དངོས་པོའི་ཐུན་མོང་མ་ཡིན་པའི་གནད་དེ་ཁོང་དུ་ཆུད་པ་ཞིག་བྱུང་ན་གཞི་ནས་དེ་དག་གི་གཟུགས་

བརྙན་ཁོང་དུ་ཆུད་ཐུབ། དཔེར་ན། གཤམ་གྱི་ 《པད་རྫིང་གི་ཟླ་འོད།》 ཅེས་པར་“པདྨའི་མཚེའུ་ཡི་ངོས་ སུ་མཛེས་སྡུག་ལྡན་པའི་ཆུ་སྐྱེས་ཀྱི་འདབ་མ་ཕན་ཚུན་གཅིག་ཏུ་སྦྲེལ། ཆུ་ཁར་བུད་པའི་ལོ་འདབ་མཐོན་པོ་ དེ་དག་ནི་སྒེག་ལྡན་གར་མའི་སྨད་ཤམ་གཡོ་བ་དང་ཀུན་ནས་མཚུངས་”ཞེས་ཆུ་སྐྱེས་ཀྱི་འདབ་མ་བྲིས་ཡོད། ལྗོངས་རྣམ་དང་དངོས་རྣམ་གསོན་ཉམས་ལྡན་པ་ཞིག་འབྲི་དགོས་ན། མོང་མིན་པའི་སེམས་ཀྱི་མྱོང་ཚོར་ཞིག་ཡོད་དགོས།

དེར་ངེས་པར་དུ་རྩོམ་པ་པོའི་ཐུན་

བརྩེ་དུང་ནི་ལྗོངས་རྣམ་འབྲི་བའི་བླ་སྲོག་ཡིན།

ལྗོངས་རྣམ་ཞིབ་འབྲི་བྱེད་པའི་སྐད་ཆ་ཐམས་ཅད་བརྩེ་དུང་ལྡན་པ་ཞིག་ཡིན་དགོས་ན།

ཕྱི་ཡུལ་གྱི་ལྗོངས་

དང་དངོས་པོའི་རྣམ་པ་དང་། ནང་སེམས་ཀྱི་བརྩེ་དུང་ཕན་ཚུན་མཉམ་འདྲེས་བྱས་ཏེ། རི་བོར་བརྩེ་དུང་ལྡན་ པ་དང་། རྩི་ཤིང་ལས་དོན་རྟོགས་ཐུབ་པ་བྱེད་དགོས། 76


ལྗོངས་རྣམ་འབྲི་ཚ

སློབ་ཚན་བཅུ་གསུམ་པ།

ལྗོངས་རྣམ་འབྲི་ཚུལ། སྦྱང་བྱ་གཙོ་བོ། • རྩོམ་དཔེ་དང་པོ། མཚོ་སྔོན་པོའི་བྱ་གླིང་གི་ཆགས་དབྱིབས་དང་། བྱ་གླིང་དེར་བྱ་དང་སྒོ་ང་མང་ བའི་རྣམ་འགྱུར་ཞིབ་ཙམ་བྲིས་ནས་བྱ་གླིང་དེའི་ཁྱད་ཆོས་གཙོ་བོ་མཚོན་ཐབས་བྱས་ཡོད།

• རྩོམ་དཔེ་གཉིས་པ། རི་དང་། རྫིང་བུ། ཞིང་ཁ། གྲོང་ཚོ་བཅས་རིམ་པ་བཞིན་བྲིས་ནས་དེ་ལ་

གནས་པའི་སེམས་ཅན་སོགས་ཀྱི་ཉམས་འགྱུར་ལ་བརྟེན་ནས་ཡུལ་ལྗོངས་ཀྱི་རྣམ་པ་གསལ་འདོན་

བྱས་ཡོད།

འདིར་གསལ་པོར་ཞུ་དགོས་པ་ཞིག་ལ། སློབ་ཚན་འདི་བསླབས་ཏེ་མཚོ་སྔོན་པོའི་བྱ་གླིང་དང་། ཕ་ ཡུལ་གྱི་ཞོགས་པ་ཤེས་པའི་ཆེད་དུ་མིན། སློབ་ཚན་འདི་བསླབས་པ་བརྒྱུད་སློབ་མ་རྣམས་ཀྱིས་ཡུལ་ ལྗོངས་ཀྱི་རྣམ་པ་བཀོད་འབྲི་དང་ཞིབ་འབྲི་བྱས་ནས། དོན་པོར་འཛིན་དགོས། j

ཡུལ་ལྗོངས་ངོ་སྤྲོད་བྱེད་ཐུབ་པ་དེ་གནད་ཀྱི་

མཚོ་སྔོན་པོའི་བྱ་གླིང་།

༄༅། །ང་ཚོ་འདི་ལོའི་ཟླ་བ་དྲུག་པར། འཛམ་གླིང་ན་སྙན་གྲགས་

ཀྱིས་ཁྱབ་པའི་མཚོ་སྔོན་པོའི་བྱ་གླིང་ལ་ལྟ་སྐོར་དུ་ཕྱིན། བྱ་གླིང་དེ་ ནི་དྭངས་ཤིང་སྔོ་ལྡེམ་མེར་འཁྱིལ་བའི་མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་

གླིང་ཕྲན་ཞིག་ཡིན། གླིང་ཕྲན་དེའི་རྒྱ་ཁྱོན་དེ་འདྲ་མི་ཆེ་ནའང་། བྱ་ 77


རྩོམ་འབྲིའི་ཤེས་

ཆིག་འབུམ་ལྷག་དེ་རུ་གནས་བཅས་ཏེ་རིགས་རྒྱུད་སྤེལ་བཞིན་ཡོད།

རང་བྱུང་ཚན་པ་འདིར། དྭངས་ཤིང་སྔོ་བའི་ཁྱད་ཆོས་དང་། ནུབ་ཕྱོགས་གླིང་ཕྲན་ཡིན་

པས་གནས་ཡུལ། རྒྱ་ཁྱོན། བྱ་ཡི་ཁ་གྲངས་བཅས་བྲིས་ཡོད།

ས་དེའི་ནམ་མཁར་འཕུར་བཞིན་པ་དང་། ས་ཐོག་ཏུ་འབབ་བཞིན་པ་ནི་བྱ་ཡིན་ལ། ཆུ་ནང་དུ་

རྐྱལ་བཞིན་པའང་བྱ་ཡིན་པས། ངོ་མ་བྱའི་འཇིག་རྟེན་ཞིག་རེད། ལོ་རེའི་དཔྱིད་ཀ་སླེབས་པ་དང་

མཉམ་དུ་དུས་ལྟར་གནས་སྤོ་བའི་བྱ་རིགས་སྣ་ཚོགས་ལྷོ་ཕྱོགས་ཚ་བའི་ས་ཁུལ་ནས་རི་ཆུ་སྟོང་

ཕྲག་བརྒལ་ཏེ་མཚོ་སྔོན་པོའི་བྱ་གླིང་ལ་འཕུར་ཡོང་བ་རེད། གླིང་ཕྲན་དུ་རྩྭ་ཡོད་ལ། མཚོ་ནང་ དུ་གཟན་ཡོད་པ་མ་ཟད་ཧ་ཅང་བདེ་འཇགས་ཡིན་པས། བྱ་རིགས་འཚོ་བའི་རང་བྱུང་གི་ས་བབ་ བཟང་པོ་ཞིག་རེད།

རང་བྱུང་ཚན་པ་འདིར། ནམ་མཁར་འཕུར་བ་དང་། ས་ཐོག་ཏུ་འབབ་པ། ཆུ་ནང་དུ་

རྐྱལ་བཞིན་པའང་བྱ་ཡིན་ཞེས་ཅུང་ཞིབ་ཙམ་བྲིས་ནས་མཚོ་སྔོན་པོའི་བྱ་གླིང་དེའི་རྣམ་པ་མཚོན་ ཐབས་བྱས་ཡོད།

བྱ་གླིང་དེའི་མཐར་བྲག་ཆེན་པོ་ཞིག་ཀྱང་ཡོད། བྲག་དེ་ཀྲོང་ངེར་ལངས་ཡོད་པ་དང་། ཀླད་ཐོག་

ངོས་སྙོམས་ཤིང་ཕྱོགས་བཞིར་འཛེང་རྡོ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་ཡོད། དེར་མི་དང་སྲོག་ ཆགས་གཞན་དག་འགྲོ་མི་ཐུབ་པས་དེ་ནི་བྱ་ཡིས་སྒོ་ང་གཏོང་བ་དང་སྒོ་ང་རུམ་སའི་གནས་བཟང་

པོ་ཞིག་ཀྱང་ཡིན། བྲག་རི་དེའི་ཐོག་དང་མཐའ་སྐོར་དུ་བྱ་ཡིས་སྒོ་ང་རུམ་ནས་ཡོངས་སུ་གང་

འདུག་པས། ཐ་ན་གོམ་པ་སྤོ་ས་ཡང་མེད། བྲག་རིའི་ཐོག་དང་ནམ་མཁའ། མཚོ་ངོས་བཅས་སུ་བྱ་

ཚོགས་འཕུར་ནས་ཟང་ཟིང་ལང་ལོང་རེད། མོ་བྱས་སྒོ་ང་རུམ་ན་ཕོ་བྱས་བྲང་ཁོག་ལྡིར་ནས་སོ་ལྟ་ བྱེད་ཀྱིན་ཡོད། དེ་ལས་ངས་བྱ་རིགས་ཀྱི་འཚོ་བ་རོལ་ཚུལ་ཅུང་ཙམ་ཤེས་བྱུང་།

རང་བྱུང་ཚན་པ་འདིར། བྱ་གླིང་གི་མཐར་བྲག་རིའི་བཀོད་པ་ཞིབ་ཙམ་བྲིས་ནས་གནས་

དེར་བྱ་ཚང་བཅས་ན་བདེ་འཇགས་ཤིག་ཡིན་པར་བྲིས་ཡོད།

ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་མང་པོ་གནས་འདིར་ལྟད་མོ་བལྟ་བར་ཡོང་གི་ཡོད། དེ་

རིང་ཡང་མི་མང་པོ་ལྟད་མོ་བལྟ་རུ་སླེབས་འདུག ཁོ་ཚོས་ངོ་མཚར་ཆེ་བའི་སྣང་ཚུལ་ལ་བསྔགས་ 78


ལྗོངས་རྣམ་འབྲི་ཚ

བརྗོད་བྱེད་བཞིན་'ཚག་ཚག་'ཅེས་པར་རྒྱག་པ་དང་། ཁོ་ཚོས་ས་ཆ་གང་ལ་སོང་ཡང་འདི་ལས་བྱ་ ཚོགས་མང་བ་དང་། བྱ་རིགས་མང་བ་ཞིག་མཐོང་མ་མྱོང་ཞེས་ཤོད་ཀྱིན་འདུག ངོ་མ་འདི་'འདབ་ ཆགས་ཀྱི་ཞིང་ཁམས་'ཤིག་རེད།

རང་བྱུང་ཚན་པ་འདིར། ལྗོངས་རྒྱུ་བའི་བྱ་སྤྱོད་དང་། གཏམ་བཤད་བཅས་བྲིས་

ནས་ངོ་མཚར་བའི་བྱ་གླིང་གི་རྣམ་པ་མཚོན་ཐབས་བྱས་ཡོད།

k

ཕ་ཡུལ་གྱི་ཞོགས་པ།

བདག་གི་ཕ་ཡུལ་ནི་ལྗོན་ཤིང་སྣ་ཚོགས་ཀྱིས་གཡོགས་པའི་རི་འདབས་སུ་ཆགས་ཡོད་པ་དང་། བརྩིགས་པའི་ཁང་ཁྱིམ་དེ་དག་ཡལ་འདབ་རབ་ཏུ་རྒྱས་པའི་ཤིང་སྡོང་སྣ་ཚོགས་ཀྱིས་བཀབ་ཡོད།

ཞོགས་པར། ང་རང་རྒྱུན་དུ་རི་འདབས་ཀྱི་རྫིང་བུའི་འགྲམ་དུ་འཆམ་འཆམ་ལ་འགྲོ་བར་དགའ། 79


རྩོམ་འབྲིའི་ཤེས་

རྫིང་བུའི་ལོགས་གཉིས་སུ་སྐྱེས་པའི་མེ་ཏོག་སེར་ཆེན་གྱི་གཟུགས་བརྙན་རྫིང་བུའི་ནང་ཇི་མ་ཇི་ བཞིན་འཆར་ཡོད་པ་ལ། ཁྱུ་དང་ཁྱུ་བྱས་པའི་ཉ་མོ་དེ་དག་གིས་བར་ནས་ཕར་རྐྱལ་ཚུར་རྐྱལ་བྱས་

ཚེ་དངོས་གནས་མེ་ཏོག་གི་དགའ་ཚལ་དུ་ལྗོངས་རྒྱུར་འགྲོ་བ་བཞིན་མཛེས། དེ་དུས་ལག་པ་ཆུ་

ནང་དུ་བསྒྲེས་ནས་ཉ་མོ་འཛིན་གྲབས་བྱས་ཚེ། དེ་རྣམས་སྐད་ཅིག་ཉིད་ལ་གར་སོང་ཆ་མེད་དུ་ འགྲོ་ཞིང་། ཆུ་ངོས་སུ་ཆུ་གཉེར་རིམ་པ་ཞིག་ཀྱང་བྱུང་ནས་རྒྱང་དུ་འགྲོ་སྲིད། རྫིང་བུ་དེ་བརྒྱུད་

ནས་མུ་མཐུད་དུ་མདུན་ཕྱོགས་སུ་སོང་ན། སྔོ་ལྗང་ལྗང་གི་ཞིང་ཁར་ཐོན་ཐུབ་ལ། དེར་ས་འདམ་ གྱི་རླན་དྲི་དང་རྩྭ་སྔོན་གྱི་དྲི་ཞིམ་འདྲེས་པའི་མཁའ་དབུགས་ཤིག་གིས་ཁྱབ་འདུག ང་ནི་མཁའ་

དབུགས་དེ་འདྲའི་ཁྲོད་དུ་སློབ་དེབ་ཐོག་གི་སྙན་ངག་དང་ལེགས་བཤད་སོགས་བློ་འཛིན་པར་ཧ་

ཅང་དགའ། ད་དུང་ཞིང་ཁར་སྔོ་ཚོད་བཏབ་པའི་ཞིང་ཁ་གྲུ་བཞི་མ་མང་པོ་ཡོད་ལ། དེ་དག་གི་

ནང་དུ་སྐྱེས་པའི་སྔོ་ཚོད་མཐོང་ཚེ་ཟ་འདོད་ཀྱི་འགྲམ་ཆུ་ལྡང་སྲིད་པ་དང་། དེ་དང་ཐག་མི་རིང་

བའི་པད་ཁའི་ཞིང་ནང་དུ་སེར་ལམ་ལམ་གྱི་པད་ཁའི་མེ་ཏོག་བཞད་ཡོད་པ་དེས་རྒྱང་རིང་གི་བུང་

བ་དང་། ཕྱེ་མ་ལེབ་མགྲོན་དུ་བོས་ཏེ​ེ་སྦྲང་རྩིའི་བཅུད་ཀྱིས་སྣེ་ལེན་བྱེད། དེ་དག་གིས་ཀྱང་ཟིར་

ཟིར་གྱི་གླུ་དང་གཤོག་འགྱུར་གྱི་གར་ལ་རོལ་བ་སོགས་ངོ་མཚར་ལྟད་མོ་མིག་གི་དགའ་སྟོན་དུ་ འགྱེད་པར་བྱེད་དོ། །

ཞིང་ཁ་ནས་ཁ་ཕྱིར་འཁོར་ནས་རི་འདབས་སུ་བལྟས་པ་ན། གྲོང་ཚོ་ཆུང་ཆུང་དེ་ཞོགས་པའི་སྨུག་ པའི་ཁྲོད་དུ་གསལ་ལ་མི་གསལ་དུ་སྣང་བ་དང་། དུད་ཁུང་ནས་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུད་ ཞགས་རིང་མོ་དེའང་དགུང་སྔོན་གནམ་དུ་འཐེན་འདུག དེ་དུས་བྱ་རིགས་སྣ་ཚོགས་ནི་བར་མེད་

དུ་ཕྱིར་འཕུར་འོང་བ་དང་། ཆུ་ལེན་བུ་མོ་རྣམས་ཀྱིས་ཆུ་ཟོ་རྒྱབ་ལ་ཁུར་ནས་གཅིག་རྗེས་གཉིས་ མཐུད་ཀྱིས་སྒོར་བུད་བྱུང་བས། ཕ་ཡུལ་གྱི་ཞོགས་པའི་རྣམ་པ་དེ་བས་མཛེས།

80


ལྗོངས་རྣམ་འབྲི་ཚ

སྦྱོང་ཚན། དང་པོ། ཡང་ཡང་བཀླགས་ཏེ་ངག་ལ་གོམས་པར་གྱིས།

ནམ་མཁར་འཕུར་བཞིན་པ་བྱ་ཡིན། ས་ཐོག་ཏུ་འབབ་བཞིན་པ་ནི་བྱ་ཡིན། ཆུ་ནང་དུ་རྐྱལ་བཞིན་པ་བྱ་ཡིན། དུས་ལྟར་གནས་སྤོ་བའི་བྱ། འཛམ་གླིང་ལ་སྙན་གྲགས་ཀྱིས་ཁྱབ་པའི་མཚོ་སྔོན་པོའི་བྱ་གླིང་། མོ་བྱས་སྒོ་ང་ རུམ། ཕོ་བྱས་བྲང་ཁོག་ལྡིར། ལྗོན་ཤིང་སྣ་ཚོགས་ཀྱིས་གཡོགས་པའི་རི་འདབས། བརྩིགས་པའི་ཁང་ཁྱིམ། ཁྱུ་དང་ཁྱུ་བྱས་པའི་ཉ་མོ། རྒྱང་རིང་གི་བུང་བ། སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུད་ཞགས་རིང་མོ།

གཉིས་པ།

རྩོམ་དཔེ་དང་པོར་རང་བྱུང་ཚན་པ་རེར་ལྗོངས་རྣམ་ཞིབ་འབྲི་ཇི་ལྟར་བྱས་ཡོད་པ་

གནད་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད།

རྩོམ་དཔེ་གཉིས་པར་གོང་བཞིན་རང་བྱུང་ཚན་པ་རེར་

ལྗོངས་རྣམ་ཇི་ལྟར་ཞིབ་འབྲི་བྱས་ཡོད་པ་གནད་བསྡུས་ཀྱིས་བྲིས། གསུམ་པ། དྲི་བར་ལན་ཐུང་ངུ་རེ་ཐོབས། ༡ ཅི་ཞིག་ལ་ལྗོངས་རྣམ་ཟེར་རམ།

༢ རྩོམ་དཔེ་དང་པོའི་བརྗོད་བྱ་གཙོ་བོ་གང་རེད་དམ།

༣ རྩོམ་དཔེ་གཉིས་པའི་བརྗོད་བྱ་གཙོ་བོ་གང་རེད་དམ།

བཞི་པ། ཡུལ་ལྗོངས་གང་རུང་ཞིག་ངོ་སྤྲོད་བྱེད་པའི་ལྗོངས་རྣམ་གྱི་རྩོམ་ཐུང་ཞིག་བྲིས། ལྔ་པ། བསམ་གཞིག་བྱས་ནས་བྲིས།

༡ རྩོམ་དཔེ་གཉིས་ལས་གང་ཞིག་ཞིབ་འབྲི་ལེགས་པོ་བྱས་ཡོད་པའི་རྒྱུ་མཚན་དང་བཅས་འགྲེལ་བརྗོད་གྱིས། ༢ རྩོམ་དཔེ་གཉིས་ཀྱི་ཞིབ་འབྲི་བྱ་ཡུལ་གང་ཡིན་ངོས་འཛིན་ཁ་གསལ་གྱིས།

དྲུག་པ། སོ་སོའི་སློབ་གྲྭའི་ཁོར་ཡུག་དང་སྦྱར་ནས་ལྗོངས་རྣམ་གྱི་རྩོམ་ཐུང་ཞིག་བྲིས།

81


རྩོམ་འབྲིའི་ཤེས་

སློབ་ཚན་བཅུ་བཞི་པ།

པད་རྫིང་གི་ཟླ་འོད། སྦྱང་བྱ་གཙོ་བོ།

• ཡུལ་ལྗོངས་ཀྱི་ཁྱད་ཆོས་འབྲི་ཐབས། • དཔེ་དང་དཔེ་ཅན་སྦྱོར་ཚུལ།

དོ་ནུབ། འཕགས། གྱེར། ལྭ་རིང་། སྦོ་ལུག ཚང་ཚིང་། སྐྱི་གཡའ་བ། མོག་མོག་པོར། རྒྱབ་

ལག་བྱས། འདུ་འཛི། ལྷིང་འཇགས། ཁེར་སྡོད། ཀློང་། བསྐྱུར། དྲི་བསུང་། རོལ། སྒེག་ལྡན། སྨད་ཤམ། སྐྱེངས། གང་བུ། མཆེད་པ། སྙན་འཇེབས། མརྒད། ཉལ་འགྲོ་མ། སྟུག་པོ། ན་བུན། འཕྱོར་སྒེག ས་འཛིན། འདྲེན་བྱེད། བརྟས་པ། ཆུ་སྐྱེས།

༄༅། །ཉིན་འགའི་རིང་ལ་ཡིད་སེམས་བག་ཕེབས་སུ་གནས་པའི་གོ་སྐབས་ཧ་ཅང་དཀོན། དོ་

ནུབ་ཁྱིམ་རར་བསྡད་དེ་བསིལ་གཡེང་(2)བྱེད་སྐབས་གློ་བུར་དུ་རྒྱུན་ལྡན་འཆམ་འཆམ་དུ་འགྲོ་སའི་

པདྨའི་མཚེའུ་དེ་ཡིད་ལ་འཁོར་ཞིང་། ཟླ་བའི་དཀྱིལ་འཁོར་གྱི་ཆ་ཤས་ཀུན་ནས་རྫོགས་ཤིང་འོ ད་ (2) ཚ་གཡོལ་བྱས་པར་གོ།

82


པད་རྫིང་གི་ཟླ་འོད

ཀྱི་སྣང་བ་གང་སར་འཕྲོས། ཟླ་བའི་དཀྱིལ་འཁོར་དལ་བ་དལ་བུར་མཁའ་ལ་འཕགས་ཤིང་། ཁྱིམ་ རའི་ཕྱི་རོལ་གྱི་རྒྱ་ལམ་ན་རྩེ་བཞིན་པའི་བྱིས་པ་ཚོའི་དགོད་སྒྲའང་འཇགས་པར་གྱུར་ལ། ཁྱིམ་དུ་

བཟའ་ཟླས་བུ་ཆུང་གཉིད་དུ་འགུག་ཕྱིར་ལག་པས་ཡང་བ་ཡང་པོར་རྡེབ་ཅིང་གསལ་ལ་མི་གསལ་ བའི་གཉིད་གླུ་ངག་ལ་གྱེར་བཞིན་འདུག ངས་ལྭ་རིང་སྦོ་ལུག་ཏུ་གྱོན་ཏེ་སྒོ་ནས་ཕྱིར་བུད།

པདྨའི་མཚེའུའི་འགྲམ་ངོགས་སུ་སྣུམ་ལམ་བཏིངས་པའི་ལམ་ཕྲན་ཀྱག་ཀྱོག་ཅིག་ཡོད་ཅིང་། དེར་

ཉིན་མོའང་མི་རྣམས་བགྲོད་པ་ཉུང་ལ། མཚན་མོར་དེ་བས་ཀྱང་དབེན་ཞིང་ཁུ་སིམ་མེར་གནས། པདྨའི་མཚེའུའི་ཕྱོགས་བཞིར་ལྗོན་པ་ཚང་ཚིང་དུ་འཁྲིགས་ཤིང་ལམ་འགྲམ་ན་རྒྱ་ལྕང་དང་མིང་མི་

ཤེས་པའི་ལྗོན་ཤིང་སྣ་ཚོགས་རབ་ཏུ་རྒྱས། ཟླ་འོད་མེད་པའི་མཚན་མོར་ལམ་ཕྲན་འདི་ནག་རོག་

གེར་སྐྱི་གཡའ་བ་ཞིག་ཡོད། དོ་ནུབ་ཟླ་འོད་མོག་མོག་པོར་སྣང་མོད་ནམ་རྒྱུན་ལས་ཅུང་ལེགས་

པར་སྣང་།

83


རྩོམ་འབྲིའི་ཤེས་

ལམ་ཕྲན་དེར་བདག་གཅིག་པུ་རྒྱབ་ལག་བྱས་ནས་དལ་དལ་ལྷོད་ལྷོད་ངང་ཕྱིན་ཙ་ན། གནམ་ས་

འདི་བདག་ལ་དབང་ཞིང་བདག་ཀྱང་ནམ་རྒྱུན་དང་མི་འདྲ་བར་འཇིག་རྟེན་གཞན་ཞིག་གི་དཔལ་

ལ་རོལ་བ་དང་ཀུན་ནས་མཚུངས། བདག་ནི་འདུ་འཛི་ལ་དགའ་ཞིང་ལྷིང་འཇགས་ལའང་མོས།

འདུ་འཛོམས་ལ་སྤྲོ་ཞིང་ཁེར་སྡོད་ལའང་དགའ། དོ་ནུབ་ལ་མཚོན་ན་ཟླ་འོད་ཀྱི་ཀློང་དུ་ཅི་ཞིག་ བསམས་ཀྱང་རུང་ལ་ཅི་ཡང་མ་བསམས་ཀྱང་ཆོག་པས་བདག་ལ་རང་དབང་ཐོབ་པའི་ཚོར་བ་

ཞིག་སྐྱེས་ཏེ། ཉིན་མོར་ངེས་པར་སྒྲུབ་དགོས་པ་དང་ཤོད་དགོས་པ་རྣམས་ད་ལྟ་ལོགས་སུ་བསྐྱུར་ ནས་བཞག་ཆོག འདི་ནི་ཁེར་སྡོད་ཀྱི་དགེ་མཚན་ཏེ། ད་ནི་པདྨའི་དྲི་བསུང་དང་ཟླ་བའི་འོད་སྣང་ གི་དཔལ་ལ་ཅི་དགར་རོལ་ཆོག་གོ། །

གོང་བུར་འཁྱིལ་བའི་པདྨའི་མཚེའུའི་ངོས་ཡོངས་སུ་མཛེས་སྡུག་ཆུ་སྐྱེས་ཀྱི་འདབ་མ་ཕན་ཚུན་

གཅིག་ཏུ་སྦྲེལ། ཆུ་ཁར་བུད་པའི་ལོ་འདབ་མཐོན་པོ་དག་ནི་སྒེག་ལྡན་གར་མའི་སྨད་ཤམ་གཡོ་བ་

དང་ཀུན་ནས་མཚུངས་ཤིང་། ལོ་འདབ་ཀྱི་བང་རིམ་གསེབ་ཏུ་མེ་ཏོག་དཀར་པོའི་ཕྲ་ཚོམ་ཐར་ཐོར་ དུ་བཀོད་པ་དེ་ལས་ལ་ལ་ནི་སྒེག་པའི་ཉམས་ཀྱིས་རྣམ་པར་དགོད་ཅིང་། འགའ་རེ་ནི་སྐྱེངས་པའི་

ཚུལ་གྱིས་གང་བུ་འཛུམ་སྟེ། བཀྲག་མདངས་བཀྲ་བའི་མུ་ཏིག་རྡོག་པོ་རེ་རེ་དང་འདྲ་ལ་སྔོ་བསངས་ ཀྱི་ནམ་མཁའི་སྐར་ཚོགས་དང་ཡང་དག་མཚུངས། བསིལ་བའི་དྲི་བཞོན་དང་འགྲོགས་ནས་ཁྱབ་

པའི་དྲི་བསུང་ནི་ཐག་རིང་གི་ཁང་རྩེག་མཐོན་པོ་ལས་མཆེད་པའི་སྙན་འཇེབས་གླུ་དབྱངས་ཀྱི་ རྗེས་སུ་རྐང་པ་འཇོག དེའི་ཚེ་ལོ་འདབ་དང་མེ་ཏོག་རྣམས་འདར་ཡོམ་ཡོམ་བྱས་ཤིང་གློག་འགྱུ་ བ་ཇི་བཞིན་སྐད་ཅིག་ལ་མཚེའུའི་ཚུར་རོལ་ནས་ཕ་རོལ་ཏུ་རྒྱུགས་ཤིང་། པདྨའི་ལོ་འདབ་རྣམས་

ཕན་ཚུན་དཔུང་པ་སྦྲེལ་ཏེ་མཆིས། མརྒད་ཀྱི་ཉིང་ཁུ་ལས་བྱས་པའི་རླབས་རྒྱུན་ཞིག་སྲ་གཟུགས་

སུ་གྲུབ་པ་དང་དབྱེར་མ་མཆིས། ཉལ་འགྲོ་མ་ལོ་འདབ་སྟུག་པོའི་འོག་ཏུ་བདེ་བས་མྱོས་ཏེ་ཁུ་སིམ་

མེར་བཞུར་བ་ལས། ཁ་དོག་གི་མཛེས་སྡུག་སྣང་ཡུལ་དུ་མ་གྱུར་ཀྱང་ལོ་འདབ་དག་ལ་མཛེས་སྡུག་ གི་ལང་ཚོ་སྔར་བས་འབར།

ཟླ་བའི་འོད་ཟེར་ནི་འཇམ་ཐིང་ངེར་ཆུ་རྒྱུན་ཇི་བཞིན་ལོ་འདབ་དང་མེ་ཏོག་རྣམས་ཀྱི་སྟེང་དུ་

ཟགས་ཤིང་། ན་བུན་སྲབ་མོ་ཞིག་མཚེའུའི་ངོགས་སུ་འཕྱོ། ལོ་འདབ་དང་མེ་ཏོག་རྣམས་མརྒད་ 84


པད་རྫིང་གི་ཟླ་འོད

ཁུ་བས་བཀྲུས་པ་ཇི ་ བཞི ན ་ལྗང་ལྡེམ་མེ ར ་སང་རས་ཀྱི ས ་བསྒྲི བ ས་པ་ལྟ་བུའི ་ རྨི ་ ལམ་གྱི ་ ཞི ང ་

ཁམས་དང་ཀུན་ནས་མཚུངས། ཟླ་བའི་ཆ་ཤས་ཡོངས་སུ་རྫོགས་ཀྱང་མཁའ་དབྱིངས་སུ་ཆུ་འཛིན་ ཐོར་བུས་སྒྲིབ་པར་བྱས་པས་ཟླ་འོད་དེ་ལྟར་མི་གསལ་ཡང་ངས་ནི་འདི་ཉིད་མཆོག་ཏུ་ལེགས་པར་

འདོད་དེ། དཔེར་ན་གཉིད་མཐུག་པོ་དགོས་པ་སྨོས་ཅི། གཉིད་ཐུན་རེས་ཀྱང་ཐུན་མོང་མ་ཡིན་

པའི་བདེ་བ་སྦྱིན་ཐུབ་པ་བཞིན་ནོ། །ཟླ་འོད་ལྗོན་ཤིང་གི་གསེབ་ནས་ཚུར་འཕྲོས་ཏེ་མཐོ་སར་སྟུག་

པོར་རྒྱས་པའི་ཤིང་ཕྲན་གྱི་ཆ་མི་མཉམ་པའི་གྲིབ་གཟུགས་པདྨའི་ལོ་འདབ་ཀྱི་སྟེང་དུ་རི་མོ་བྲིས་

པ་བཞིན་ཤར། མཚེའུའི་ངོས་ཀྱི་ཟླ་འོད་ཆ་མི་སྙོམས་ཀྱང་། འོད་དང་གྲིབ་གཟུགས་གཉིས་ཕན་ ཚུན་འགྲོས་མཉམ་པའི་འགྱུར་ཁུག་ཅིག་ཏུ་གྲུབ་པས་མགུལ་འཆང་སྒྲ་སྙན་(3)གྱིས་སྦྲེང་བའི་རོལ་

དབྱངས་གྲགས་ཅན་གྱི་ཟླ་བོར་འཁུམས།

པདྨའི་མཚེའུའི་ཕྱོགས་བཞིའི་ཉེ་རྒྱང་གང་སར་ལྗོན་ཤིང་གིས་ཡོངས་སུ་བཏུམས་པ་ལས་མང་ཆེ་

ཤོས་ནི་རྒྱ་ལྕང་ཡིན། ལྗོན་ཤིང་དེ་དག་གིས་མཚེའུ་དེ་ཕྱི་རིམ་ནང་རིམ་བཞིན་ཡོངས་སུ་བསྐོར་

ཅིང་དམ་པོར་སྦྲེལ། ལམ་ཕྲན་གྱི་འགྲམ་དུ་བར་གསེང་འགའ་རེ་ལུས་ཡོད་པ་ནི་ཆེད་དུ་ཟླ་འོ ད་ མཚོ་ལ་འཕྲོ་སའི་བགོ་སྐལ་སྤྲད་པ་དང་འདྲ། ལྗོན་པ་རྣམས་ནག་རོག་གེར་འདུག་པ་དེ་མིག་ལམ་

དུ་མངོན་མ་ཐག་སྤྲིན་གྱི་ཕུང་པོ་ཞིག་དང་གཉིས་སུ་མེད་ཀྱང་རྒྱ་ལྕང་གི་འཕྱོར་སྒེག་དེ་དུ་སྤྲིན་

གྱི་ཕུང་པོ་ལས་དབྱེ་བར་ནུས། ལྗོན་ཤིང་གི་རྩེ་ལས་རྒྱང་རིང་གི་ས་འཛིན་གྱི་ཕྲེང་བ་དག་གསལ་

ལ་མི་གསལ་བ་ཞིག་མཐོང་། ལྗོན་གསེབ་ནས་གསལ་ལ་མི་གསལ་བའི་ལམ་འགྲམ་གྱི་གློག་འོད་ ཅིག་འཕྲོས་པ་དེ་ནི་གཉིད་ལ་ཉེ་བའི་མིའི་འདྲེན་བྱེད་དང་མཚུངས་སོ། །སྐབས་འདིའི་ཆེས་སྤྲོ་བ་

བརྟས་པ་ནི་བགྲང་དུ་ཡས་པའི་སྡོང་མགོའི་འབུ་འུར་བའི་སྒྲ་དང་ཆུ་ནང་གི་སྦལ་སྐད་ཡིན། འོན་ ཀྱང་སྤྲོ་སྐྱིད་དེ་ཁོ་ཚོར་དབང་བ་ལས་ང་ལ་ཅི་ཡང་མི་འདུག

གློ་བུར་དུ་པདྨའི་འབྲས་བུ་འཐོག་པའི་དོན་དག་དེ་ཡིད་ལ་འཁོར་བྱུང་། པད་འབྲས་འཐོག་པ་ནི་

འབྲི་ཆུའི་ལྷོ་རྒྱུད་ཀྱི་གོམས་སྲོལ་རྙིང་པ་ཞིག་སྟེ། ཕལ་ཆེར་གནའ་སྔ་མོ་ནས་དར་ཞིང་རྒྱལ་རབས་ (3) ཨོག་ལེན།

85


རྩོམ་འབྲིའི་ཤེས་

དྲུག་གི་དུས་སུ་འཕེལ་རྒྱས་ཆེ་བའི་ཚུལ་སྙན་ངག་ལས་རགས་ཙམ་ཤེས་ཐུབ།

དེའི་ཕྱིར་ངའི་ཡིད་ལ་སླར་ཡང་《ཤེས་ཀྲིའུ་སྙན་གཞས་》 (4)ཞེས་པའི་ཚན་པ་གཅིག་ཡིད་ལ་འཁོར་ བ་འདི་ལྟར།

ལྷོ་མཚེའུར་པད་འབྲས་འཐོག་པའི་སྟོན་དུས་སུ། ། མཛེས་སྡུག་ཆུ་སྐྱེས་མི་ཡི་མགོ་རྩེར་གཡོ། །

མགོ་བོ་དུད་དེ་པད་འབྲས་འཐོག་པའི་ཚེ། །

པད་འབྲས་ཉལ་འགྲོ་ཇི་བཞིན་གཙང་བ་མཐོང་། །

གལ་སྲིད་དོ་ནུབ་འདི་རུ་པད་འབྲས་འཐུ་མཁན་རེ་ཡོད་ན་འདི་གའི་པདྨ་ཡང་མི་ཡི་མགོ་རྩེར་

གཡོ་བ་ཡིན་མོད། འོན་ཀྱང་ཉལ་འགྲོའི་གཟུགས་བརྙན་པད་འདབ་ཀྱིས་བསྒྲིབས་པ་ལས་འཐུ་ མཁན་མ་བྱུང་བས་དོན་དེ་ག་ལ་འོང་། འདི་ཡིས་བདག་གི་སེམས་སུ་འབྲི་ཆུའི་ལྷོ་རྒྱུད་དེ་རྡོ་ལ་རི་

མོ་བརྐོས་པ་ཇི་བཞིན་དྲན། དེ་ལྟར་བསམ་བཞིན་མགོ་བོ་ཡར་བཏེགས་ཚེ་ཇི་ལྟར་སླེབས་པའང་ མ་ཚོར་བར་རང་ཁྱིམ་གྱི་སྒོ་ཁར་སླེབས། དལ་བུར་སྒོ་ཕྱེ་བས་ནང་དུ་གྲག་འགུལ་ཅི་ཡང་མེད་པར་ འཇམ་ཐིང་ངེར་གནས་ཤིང་བཟའ་ཟླ་སྔ་མོ་ནས་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་ཟིན།

(4) འདི་རྒྱ་ཡི་སྙན་ཚིག་དེབ་གཅིག་མིན་ནམ་སྙམ།

86


པད་རྫིང་གི་ཟླ་འོད

སྦྱོང་ཚན།

དང་པོ། མདོག་སྔོན་པོ་ཅན་གྱི་བྱ་ཚིག་དེ་དང་འདྲ་བ་ཞིག་གཡས་ཀྱི་གསུམ་ཚན་ནས་གདམ་རྒྱུ། པདྨའི་མཚེའུ་དེ་ཡིད་ལ་འཁོར།

འཕྱུར།

བགྲོད།

དྲན།

ངས་ལྭ་རིང་སྦོ་ལུག་ཏུ་གྱོན་ཏེ་སྒོ་ནས་ཕྱིར་བུད།

དད།

ཐོན།

འཆར།

ཟླ་བའི་དཀྱིལ་འཁོར་དལ་བ་དལ་བུར་མཁའ་ལ་འཕགས། བདག་འདུ་འཛི་ལ་དགའ་ཞིང་ལྷིང་འཇགས་ལའང་མོས།

རྒྱུ།

སོང་།

སྨོན།

བསྙེགས།

བསམ། དགའ།

གཉིས་པ། གཤམ་གྱི་དཔེ་མཚོན་ལ་བལྟས་ཏེ་བརྗོད་དུམ་གསུམ་བྲིས།

(བདག་ནི་འདུ་འཛི་ལ་དགའ་ཞིང་ལྷིང་འཇགས་ལའང་མོས། བདག་འདུ་འཛོམས་ལ་སྤྲོ་ཞིང་ཁེར་སྡོད་ལའང་ དགའ།)

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

གསུམ་པ། རྒྱན་ཚིག་རྣམས་བེད་སྤྱད་དེ་བརྗོད་པ་རེ་བྲིས། དཔེར་ན། དལ་བ་དལ་བུ། - དལ་བ་དལ་བུས་ནང་ལ་ལོག

ཡང་བ་ཡང་པོ། གསལ་ལ་མི་གསལ། ཀྱག་ཀྱོག ཁུ་སིམ་མེར། ནག་རོག་གེར། མོག་མོག་པོ། དལ་དལ་ལྷོད་ ལྷོད། འཇམ་ཐིང་ངེར།

བཞི་པ། གཤམ་གྱི་བརྗོད་པ་རྣམས་བེད་སྤྱད་དེ་ལྗོངས་རྣམ་འབྲི་བའི་རྩོམ་ཐུང་ཞིག་བྲིས། ལྗོན་པ་ཚང་ཚིང་དུ་འཁྲིགས།

ལྗོན་ཤིང་སྣ་ཚོགས་རབ་ཏུ་རྒྱས། སྐྱི་གཡའ་བ་ཞིག་ཡོད།

འདབ་མ་ཕན་ཚུན་གཅིག་ཏུ་སྦྲེལ།

རྨི་ལམ་གྱི་ཞིང་ཁམས་དང་ཀུན་ནས་མཚུངས། སྤྲིན་གྱི་ཕུང་པོ་ཞིག་དང་གཉིས་སུ་མེད། གསལ་ལ་མི་གསལ་བ་ཞིག་མཐོང་།

87


རྩོམ་འབྲིའི་ཤེས་

ལྔ་པ། དཔེ་དོན་སྦྱོར་སྟངས་ངོས་འཛིན་གྱིས། (གཤམ་ཐིག་ཅན་རྣམས་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡིན།) ༡ ལོ་འདབ་མཐོན་པོ་དག་ནི་སྒེག་ལྡན་གར་མའི་སྨད་ཤམ་གཡོ་བ་དང་ཀུན་ནས་མཚུངས། ༢ བཀྲག་མདངས་བཀྲ་བའི་མུ་ཏིག་རྡོག་པོ་རེ་རེ་དང་འདྲ།

༣ སྔོ་བསངས་ཀྱི་ནམ་མཁའི་སྐར་ཚོགས་དང་ཡང་དག་མཚུངས།

༤ ཁང་བརྩེགས་མཐོན་པོ་ལས་མཆེད་པའི་སྙན་འཇེབས་གླུ་དབྱངས་ཀྱི་རྗེས་སུ་འགྲོ།

༥ མརྒད་ཀྱི་ཉིང་ཁུ་ལས་བྱས་པའི་རླབས་རྒྱུན་ཞིག་སྲ་གཟུགས་སུ་གྲུབ་པ་དང་དབྱེར་མ་མཆིས།

༦ ཟླ་བའི་འོད་ཟེར་ནི་འཇམ་ཐིང་ངེར་ཆུ་རྒྱུན་ཇི་བཞིན་ལོ་འདབ་དང་མེ་ཏོག་རྣམས་ཀྱི་སྟེང་དུ་ཟགས།

༧ མགུལ་འཆང་སྒྲ་སྙན་གྱིས་སྦྲེང་བའི་རོལ་དབྱངས་གྲགས་ཅན་གྱི་ཟླ་བོར་འཁུམས། ༨ སྤྲིན་གྱི་ཕུང་པོ་ཞིག་དང་གཉིས་སུ་མེད།

༩ གློག་འོད་ཅིག་འཕྲོས་པ་དེ་ནི་གཉིད་ལ་ཉེ་བའི་མིའི་འདྲེན་བྱེད་དང་མཚུངས།

88


རྩམ་པ།

དངོས་རྣམ་འབྲི་ཚུལ། སློབ་ཚན་བཅོ་ལྔ་པ།

རྩམ་པ།

ངོ་སྤྲོད་མདོར་བསྡུས།

སློབ་ཚན་འདིའི་ནང་དུ་ཞིབ་འབྲི་བྱ་ཡུལ་ནི་རྩམ་པ་ཡིན། མེད།

དངོས་པོ་དེའི་རྒྱུ་ཆ།

དངོས་པོ་དེ་ལ་རིགས་ག་ཚོད་ཡོད་

ལས་སྣོན་(དངོས་རྫས་སོགས་གསར་དུ་བཟོ་བཅོས་བྱེད་པ།)བྱེད་སྟངས།

ཁྱད་ཆོས། བེད་སྤྱོད་བྱེད་སྟངས། ཕན་ནུས་བཅས་ངོ་སྤྲོད་ཞིབ་ཚགས་བྱས་ཡོད་པས། སྒྲིག་ གཞིའི་བང་རིམ་སྟར་ཆགས་ཤིང་།

ཚིག་སྦྱོར་གསོན་ཉམས་ལྡན་སྟབས་དངོས་པོ་ཞིབ་འབྲི་

བྱེད་སྟངས་ཀྱི་དཔེ་མཚོན་ཡག་པོ་ཞིག་རེད།

༄༅། །རྩམ་པ་ནི་ནས་དང་སྲན་མ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བྱེ་མ་བསྲེག་མའི་ནང་

བརྔོས་ཏེ་བཏགས་པའི་ཕྱེ་མ་ལ་ཟེར་ཞིང༌། རྩམ་པར་དབྱེ་ན་ནས་རྩམ་དང༌། སྲན་རྩམ། གྲོ་ རྩམ་སོགས་ཡོད། ནས་རྩམ་ལའང་དམངས་རྩམ་རྩིང་པོ་དང༌། བར་རྩམ། མཆོད་རྩམ། ཞིབ་

རྩམ་བཅས་ཡོད། ཞིབ་རྩམ་ནི་ཡོས་ལ་དྲུས་(ཡོས་སྒྱེ་མོའི་ནང་བླུགས་ནས་རྡོག་བརྫིས་བཏང་སྟེ་ཡོས་ལྤགས་བཤུ་བ་ )བརྒྱབ་སྟེ་ཆེས་ཞིབ་མོར་བཏགས་པའི་ནས་རྩམ་སྤུས་ལེགས་དང༌།

དེ་མིན་དང་དོད་དེ་ཙམ་

མ་བྱས་པའི་རྩམ་པ་རྩིང་བ་སོགས་ཡོད། དེ་བཞིན་དུ་སྲན་རྩམ་ལའང་སྲན་ཞིབ་ཅེས་སྲན་ 89


རྩོམ་འབྲིའི་ཤེས་

ལྤགས་ཕུད་ནས་ཆེས་ཞིབ་མོར་བཏགས་པའི་སྲན་རྩམ་སྤུས་ལེགས་དང༌། སྲན་ལྤགས་མ་

ཕུད་པའི་སྤྱིར་བཏང་གི་སྲན་རྩམ་ཁག་གཉིས་ཙམ་ཡོད།

རང་བྱུང་ཚན་པ་འདིའི་ནང་། རྩམ་པའི་རིགས་དང་། རྒྱུ་ཆ། ལས་སྣོན་བྱེད་སྟངས་བཅས་བྲིས་ཡོད།

རྩམ་པའི་ཁྱད་ཆོས་ནི་བཙོ་སྐོལ་སོགས་བྱེད་མི་དགོས་པར། གནས་དུས་གང་དུའང་དེ་མུར་

ཟ་སྤྱོད་ཆོག་པའི་ཧ་ཅང་སྟབས་བདེ་བའི་བཟའ་ཆས་ཤིག་ཡིན་ལ། མི་སོ་སོའི་འདོད་པ་ལྟར་

བཏུང་བྱའི་རིགས་ཇ་ཆང་དང་ཕྱུར་ཁུ་སོགས་སྤགས་ཁུ་བྱས་ནས་གཡོས་ཏེ་ཚལ་རིགས་དང་

མཉམ་དུ་ཟ་ཆོག་ལ། ཆ་རྐྱེན་མེད་ན་ཆུ་རྐྱང་སྤགས་རྐྱང་དུ་བཟས་ཀྱང་ཆོག ད་དུང་རྩམ་པ་

ནི་སྐམ་པོར་འགམ་ན་འགྲིག་ལ། ཕྱུར་བ་དང་། ཀ་ར། མར། སྣུམ། ཐུད་སོགས་དང་བསྲེས་

ནས་མར་ཟན་ཞེས་པ་སོགས་བཟོས་ནས་བཟས་ཀྱང་ཆོག ཡང་རྩམ་པ་བརྒྱབ་ནས་བསྐོལ་ པའི་རྩམ་ཐུག་གམ་འཇམ་ཐུག་དང་། ཆང་སྐོལ། ཕྱུར་རུལ་གྱི་ཐུག་པ་སོགས་མང་པོ་ཡོད།

རྩམ་པར་ཇ་ཆང་གང་རུང་ཞིག་བླུགས་ནས་སྐྱོ་མའམ་ཇ་འདུར་ཞེས་གར་སླ་རང་འདོད་ལྟར་

བྱས་ཏེ་སྤྱད་རྒྱུ་ཡང་ཡོད། ད་དུང་སྤགས་ལ་ཆང་རྩི་བཏབ་ནས་བསྙལ་རྗེས་ནར་མོའམ་སྒོར་

ལེབ་བཟོས་ཏེ་བསྐམས་པ་ལ་ཟན་ཆང་ངམ་སྤགས་ཆང་ཞེས་མངར་སྐྱུར་ལྡན་པའི་ཁ་ཟས་

ལྟོགས་སྐོམ་གཉིས་ཀ་སེལ་བའི་ཞིམ་མངར་ཅན་གྱི་ཟས་ཤིག་ཀྱང་བཟོ་ཡི་ཡོད།

རང་བྱུང་ཚན་པ་འདིའི་ནང་། རྩམ་པའི་ཁྱད་ཆོས་དང་། བེད་སྤྱོད་བྱེད་སྟངས་བཅས་བྲིས་ཡོད།

90


རྩམ་པ།

རྩམ་པའི་རྒྱུ་ནས་ནི་འབྲུ་རིགས་གཞན་དང་མི་འདྲ་བར་དམིགས་བསལ་གྱི་རོ་བཅུད་ལྡན་ པས། མིའི་གཟུགས་པོར་ཕན་པ་དང༌། ན་ཚ་བཅོས་ཐུབ་པའི་ནུས་པ་ལྡན་པར་གསུངས།

ནས་ནི་ཁྱད་འཕགས་རང་བཞིན་ཆེན་པོ་ལྡན་པའི་འབྲུ་རིགས་ཤིག་ཡིན་པ་བོད་ཀྱི་གསོ་བ་

རིག་པའི་ནང་སྔ་ས་ནས་གསུངས་ཡོད་པ་དང༌། དེང་དུས་ཀྱི་ཚན་རིག་ཐོག་ནས་ཀྱང་ནས་ ལ་སྙིང་ཁྲག་གི་ནད་བཅོས་པའི་ནུས་པ་ལྡན་པ་ར་འཕྲོད་ཡོད་ལ། རྩམ་པས་གཅིན་སྙིའི་ ནད་སྔོན་འགོག་བྱེད་ཐུབ་པའི་ནུས་པ་ལྡན་པར་ཡང་གསུངས་སོ། །

རང་བྱུང་ཚན་པ་འདིའི་ནང་། རྩམ་པའི་སྤྱོད་སྒོ་དང་ཕན་ནུས་ཞིབ་ཙམ་བྲིས་ཡོད།

91


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། ཚིག་སྒྲུབ་རེ་བཟོས།

བརྔོས། བཏགས་པ། དང་དོད། བཙོ་སྐོལ། འགམ། ཟན།

གཉིས་པ། རང་ཉིད་རྩམ་འཚོང་བ་ཞིག་ཡིན་ཁུལ་བྱས་ནས་གཤམ་གསལ་ཚིག་རྣམས་བེད་སྤྱད་དེ་ རྩམ་པའི་བརྡ་ཁྱབ་ཅིག་བྲིས།

བསྲེག་མ། ཕྱེ་མ། ཕྱུར་ཁུ། སྤགས་ཁུ། སྐྱོ་མ། ཆང་རྩི། གཅིན་སྙི།

གསུམ་པ། འོག་གི་པར་རིས་ལ་རང་གི་མཐོང་སྣང་བཞིན་ཞིབ་འབྲི་གྱིས།

92


རྩམ་པ།

བཞི་པ། རང་རྩོམ།

དངོས་པོ་ཞིབ་འབྲིའི་ཐབས་ལ་བརྟེན་ནས་འབྲས་ཀྱི་རིགས་དང་། ལས་སྣོན།(5) ཁྱད་ཆོས། བེད་སྤྱོད། ཕན་ ནུས་བཅས་འདུས་པའི་རྩོམ་ཐུང་ཞིག་བྲིས།

ཡང་ན། ཁྱོད་ཀྱིས་འབྲི་འདོད་པའི་དངོས་པོ་ཞིག་དང་སྦྱར་ནས་རྩོམ་ཐུང་ཞིག་བྲིས།

ལྔ་པ། དྲི་བར་ལན་ཐོབས།

༡ ནས་རྩམ་ཇི་ལྟར་བཟོ་ཡི་ཡོད་དམ།

༢ རྩམ་པ་ལ་རིགས་མི་འདྲ་བ་ག་ཚོད་འདུག་གམ། ༣ རྩམ་པ་བེད་སྤྱོད་ཅི་འདྲ་ཡོད་དམ།

(5) དངོས་པོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ཟེར།

93


རྩོམ་འབྲིའི་ཤེས་

སློབ་ཚན་བཅུ་དྲུག་པ།

སྨྱུག་སྒམ།

༄༅། །ང་ལ་ལྟ་ན་སྡུག་ཅིང་སྤྱོད་སྒོ་མང་བའི་སྨྱུག་སྒམ་ཞིག་ཡོད། རྭ་ཤེལ་གྱིས་བཟོས་པ་དང་

དབྱིབས་གྲུ་བཞི་ནར་མོ་ཞིག་ཡིན། དེའི་སྲིད་ལ་སན་ཊི་མི་ཊར་༢༢ དང་ཞེང་ལ་སན་ཊི་མི་ཊར་ ༨ དཔངས་ལ་སན་ཊི་མི་ཊར་༣ ཡོད། དེ་ཧ་ཅང་ཆེ་བས་སྨྱུག་སྒམ་ཕལ་བ་གཉིས་ཀྱི་ཆེ་ཆུང་ཙམ་ ཡོད།

སྨྱུག་སྒམ་ཐོག་གི་རི་མོ་ཡང་ཡག་སྟེ། བུ་མོ་མཛེས་མ་ཞིག་གིས་པི་ཝང་དཀྲོལ་བཞིན་ཡོད་ལ། དེའི་གམ་དུ་བུ་མོ་ཆུང་ཆུང་ཞིག་གིས་བྲོ་འཁྲབ་བཞིན་ཡོད། ཚུལ་དེ་མཐོང་དུས་ངས་ཀྱང་ཁོ་ཚོ་ དང་མཉམ་དུ་བྲོ་ཞིག་འཁྲབ་རྒྱུ་བྱུང་ན་ཅི་མ་རུང་སྙམ།

སྨྱུག་སྒམ་གྱི་མདུན་དུ་འོད་ཆེམ་ཆེམ་གྱི་ཁབ་ལེན་ཞིག་ཡོད་ཅིང་། དེས་སྨྱུག་སྒམ་གྱི་ཁ་གཅོད་

དམ་པོར་བརྒྱབ་ཡོད། སྨྱུག་སྒམ་གྱི་ཁ་གཅོད་ཕྱེ་ཚེ། ཁ་གཅོད་ཀྱི་ནང་ངོས་སུ་ཁུག་མ་གཉིས་

ཡོད། གཅིག་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་དེ་ནི་སློབ་ཐུན་རེའུ་མིག་འཇོག་ས་རེད། དེས་ང་

ལ་དེ་རིང་སློབ་ཚན་གང་དག་ཡོད་པ་དང་། ཡིག་ཆས་གང་དག་ཁྱེར་དགོས་མིན་གསལ་པོར་ཤོད་

ངེས་རེད། ཁུག་མ་ཅིག་ཤོས་ནི་གྲུ་བཞི་ཡིན་ལ་མདོག་ལྗང་ཁུ་རེད། དེའི་ནང་དུ་ཐིག་ཤིང་རིང་པོ་ 94


བཅུག་ཡོད་ཅིང་། དེ་ནི་ངའི་དྲང་ཐིག་རྒྱག་བྱེད་ཡིན།

སྨྱུག་

སྨྱུག་སྒམ་གྱི་ཁ་གཅོད་ཆེ་བའི་འོག་ཏུ་ཁ་གཅོད་ཆུང་བ་ཞིག་ཡོད། དེ་ནི་རྭ་ཤེལ་དཀར་པོས་བཟོས་

པ་ཡིན། ཐོག་ཏུ་རི་བོང་ཆུང་ཆུང་བདུན་གྱིས་རྩྭ་ཟ་བཞིན་པ་བྲིས་ཡོད། ཁ་གཅོད་ཆུང་བའི་ཐོག་ ཏུ་ད་དུང་མདོག་ལྗང་སྐྱ་ཅན་གྱི་སྨྱུག་ཤུབས་ཡོད་ཅིང་། དེའི་ནང་དུ་ཞ་སྨྱུག་བཞི་དང་། སྐམ་སྨྱུག་ གཅིག་བཅས་བཅུག་ཡོད།

ཁ་ལེབ་འོག་མ་ཕྱེ་ཚེ། ཆེ་ཆུང་མི་འདྲ་བའི་སྣོད་གསུམ་ཡོད་ཅིང་། གྲུ་བཞི་ནར་མོ་ཆེ་བ་དེ་ནི་ཞ་

སྨྱུག་འཇོག་ས་ཡིན་པ་དང་། ཆེས་ཆུང་བའི་སྣོད་དེ་ནི་འགྱིག་བསུབ་འཇོག་ས་རེད། སྨྱུག་སྒམ་ དེའི་ནང་དུ་དངོས་པོ་མང་པོ་ཤོང་ཐུབ།

དུས་རྒྱུན་དུ་ངས་སྨྱུག་སྒམ་དེ་ཁྱེར་ནས་སློབ་གྲྭར་འགྲོ་ཡི་ཡོད་ལ། ནང་སྦྱོང་འབྲི་སྐབས་དང་སློབ་ ཚན་གཤར་སྦྱང་བྱེད་སྐབས། སྨྱུག་སྒམ་དེ་ང་དང་འབྲལ་གྱི་མེད། ངེད་གཉིས་ཀྱིས་མཉམ་དུ་སྤྲོ་

སྐྱིད་ལྡན་པའི་སློབ་དུས་གསར་པ་རེ་རེ་བཞིན་བསྐྱལ་བ་ཡིན་པས། དེ་ངའི་གྲོགས་པོ་བློས་ཐུབ་ ཅིག་ཏུ་གྱུར་ཡོད།

95


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། མཆན་འགྲེལ། སྤྱོད་སྒོ། རྭ་ཤེལ། སྲིད།

དཔངས།

བེད་སྤྱོད་སའི་དོན།

རྫས་སྦྱོར་གྱིས་བཟོས་པའི་སྤྱིན་ཤོག་གི་རིགས་ཤིག འགྱིག་དམ་གྱི་ཁ་གཅོད་ལྟ་བུ།

འདིར་རིང་ཐུང་གི་ཚད་ལ་གོ་དགོས།

མཐོ་ཚད་ཡིན།

གཤར་སྦྱང་།

ཡང་ཡང་བཀླགས་ཏེ་མི་བརྗེད་པར་བྱེད་པ།

བློས་ཐུབ།

ཡིད་ཆེས་བྱེད་ཆོག་པའམ་མི་བསླུ་བ།

གཉིས་པ། ཚིག་སྒྲུབ་རེ་བཟོས།

ཁ་གཅོད། ཅི་མ་རུང་། གཤར་སྦྱང་། ཁབ་ལེན། ནར་མོ། དཀྲོལ།

གསུམ་པ།

སྨྱུག་སྒམ་གྱི་པར་རིས་འདིར་ཁྱེད་རང་གིས་མཐོང་སྣང་བཞིན་ངག་ཐོག་ནས་ཞིབ་

བརྗོད་ཅིག་གྱིས།

བཞི་པ། དྲི་བར་ལན་ཐོབས།

༡ རྩོམ་ཐུང་འདིའི་ནང་རང་བྷྱུང་ཚན་པ་ག་ཚོད་འདུག་གམ།

༢ རྩོམ་ཐུང་འདིའི་རང་བྱུང་ཚན་པ་བཞི་པའི་ནང་ཅི་ཞིག་བྲིས་འདུག་གམ། 96


སྨྱུག་

ལྔ་པ། གཤམ་གྱི་རང་བྱུང་ཚན་པ་གཉིས་ལ་ཞིབ་འབྲི་གང་ཞིག་བྱས་ཡོད་པ་དང་། ཇི་ལྟར་བྱས་ ཡོད་པ་གསལ་བཤད་བྱོས།

ང་ལ་ལྟ་ན་སྡུག་ཅིང་སྤྱོད་སྒོ་མང་བའི་སྨྱུག་སྒམ་ཞིག་ཡོད། རྭ་ཤེལ་གྱིས་བཟོས་པ་དང་དབྱིབས་གྲུ་ བཞི་ནར་མོ་ཞིག་ཡིན། དེའི་སྲིད་ལ་སན་ཊི་མི་ཊར་༢༢ དང་ཞེང་ལ་སན་ཊི་མི་ཊར་༨ དཔངས་ ལ་སན་ཊི་མི་ཊར་༣ ཡོད། དེ་ཧ་ཅང་ཆེ་བས་སྨྱུག་སྒམ་ཕལ་བ་གཉིས་ཀྱི་ཆེ་ཆུང་ཙམ་ཡོད།

སྨྱུག་སྒམ་ཐོག་གི་རི་མོ་ཡང་ཡག་སྟེ། བུ་མོ་མཛེས་མ་ཞིག་གིས་པི་ཝང་དཀྲོལ་བཞིན་ཡོད་ལ། དེའི་གམ་དུ་བུ་མོ་ཆུང་ཆུང་ཞིག་གིས་བྲོ་འཁྲབ་བཞིན་ཡོད། ཚུལ་དེ་མཐོང་དུས་ངས་ཀྱང་ཁོ་ཚོ་ དང་མཉམ་དུ་བྲོ་ཞིག་འཁྲབ་རྒྱུ་བྱུང་ན་ཅི་མ་རུང་སྙམ།

97


རྩོམ་འབྲིའི་ཤེས་

མི་སྣ་འབྲི་ཚུལ།

མི་སྣ་ཞིབ་འབྲི་བྱེད་སྐབས་གོང་གི་ཁོར་ཡུག་དང་དངོས་པོ་ཞིབ་འབྲི་བྱེད་པ་

དང་མི་འདྲ་བར་སྐྱེས་དུས་དང་། སྨྲ་བརྗོད། སྐྱེས་ཡུལ། ལོ་ཚོད། གདོང་ རིས། གཟུགས་རིས། བསམ་བློའི་འཁྱེར་སོ། ཀུན་སྤྱོད། སེམས་ཁམས། ཡོན་ཏན། ལས་རིགས། གོ་གནས། བྱས་རྗེས། གྲུབ་འབྲས། ཡུལ་གོམས་ གཤིས་ལུགས་སོགས་གཞན་དང་བསྡུར་ན་ཞིབ་འབྲི་བྱ་ཡུལ་མང་བ་ཡོད།

འདིར་གསལ་པོར་ཞུ་དགོས་པ་ཞིག་ལ་མི་སྣ་ཞིབ་འབྲི་བྱེད་སྐབས་གོང་གི་ནང་

དོན་ཆ་ཚང་ཞིབ་འབྲི་བྱེད་དགོས་པའི་ངེས་པ་མེད།

གང་ཞིག་ཞིབ་འབྲི་བྱེད་

དགོས་པ་དང་། གང་ཞིག་བསྡུས་འབྲི་བྱེད་པ། གང་ཞིག་མི་འབྲི་བ་བཅས་ནི་ ཁྱོད་ཀྱི་རྩོམ་ཡིག་དེའི་དགོས་མཁོ་ལ་ལྟོས་པ་ཡིན།

མི་སྣ་ཞིབ་འབྲི་བྱེད་པར་སྤྱི་ཚོགས་ཀྱི་འཚོ་བ་ལ་འདུ་ཤེས་ཟབ་མོ་ཞིག་དགོས།

98


ང་ཡི་ནུ་མོ།

སློབ་ཚན་བཅུ་བདུན་པ།

ང་ཡི་ནུ་མོ།

མི་སྣ་འབྲི་ཚུལ།

༄༅། །ངའི་ནུ་མོ་གཟུགས་མི་ཆེ། གདོང་སྒོར་སྒོར་ཡིན་ལ་མིག་གཉིས་ཧ་ཅང་ཆེ། སྨིན་མ་འཇའ་ ལྟར་གུག་པ་དང་སྐྲ་ཁམ་ནག་ཡིན། མགོ་ན་རི་བོང་གི་རྣ་གཤོག་ལྟ་བུའི་ཐོར་ཅོག་གཉིས་ཡོད་པ་ དང་། དེ་ལ་སྐྲ་ཆིངས་དམར་པོ་རེ་བཏགས་ཡོད། ལམ་དུ་འགྲོ་དུས་ཡར་རྒྱུག་མར་རྒྱུག་དང་གནམ་ ལྡིང་ས་ལྡིང་བྱས་ནས་འགྲོ། མོ་མཛེས་ཤིང་སྡུག་པའི་ཕྱེ་མ་ལེབ་ཅིག་དང་འདྲ། ནུ་མོ་རིག་པ་རྣོ་ཞིང་རྩེ་དགའ་ཆེ་བས་དུས་

ཚོ ད ་སྐར་མ་གང་ལ་ཡང་འདུག་མི ་ བཟོ ད །

བུ་བཅོལ་ཁང་དུ་བཞག་རྗེས་ནུ་མོ་སློབ་སྦྱོང་

བྱེད་པར་དགའ་བར་གྱུར། ཁྱིམ་དུ་ངས་ནང་ ལས་འབྲི་བའི་དུས་སུ་མོས་ཀྱང་རང་གི་འབྲི་

དེབ་བླངས་ནས་ནན་ཏན་གྱིས་ཡི་གེ་འབྲི་བ་ 99


རྩོམ་འབྲིའི་ཤེས་

རེད། བྲིས་ཚར་ན་ཨ་མར་བསྟན་ནས་སྐར་མ་སྤྲོད་དུ་འཇུག སྐར་མ་༡༠༠ ཡིན་ན་མོ་དགའ་ནས་ "སྐར་མ་༡༠༠ རེད། སྐར་མ་༡༠༠ རེད་"ཅེས་ཟེར་བ་དང་། ང་ལ་བལྟས་ནས་ཁ་བསྙེར་སྣ་བསྙེར་

བྱེད་པ་ཡིན། གལ་ཏེ་སྐར་མ་༩༠ ཡིན་ན་མོའི་མཆུ་ཏོ་སྤགས་ནས་ཁ་མི་གྲགས་པ་དང་། ས་ལ་

བསྡད་ནས་མིག་འབྱིད་པར་བྱེད། ཐེངས་ཤིག་ཁོ་མོས་ངོ་ཚ་བའི་ཉམས་ཀྱིས་ང་ལ་"གཅེན་པོ། ཁད ྱོ ་ ཀྱིས་ང་ལ་སློབ་ཁྲིད་གྱིས་དང་"ཟེར། ངས་མོ་ལ་ཡི་གེ་རེ་རེ་བཞིན་བྱས་ནས་ཤེས་པའི་བར་དུ་ཁྲིད་ ཅིང་ཤེས་སོང་ན་ད་གཟོད་མོ་དགའ་ནས་རྩེད་མོ་རྩེ་རུ་འགྲོ་བ་རེད།

ནུ་མོ་སློབ་སྦྱོང་ལ་ནན་ཏན་ཡིན་པ་མ་ཟད། ད་དུང་དཀར་ཡོལ་འཁྲུད་པ་དང་། ཅོག་ཙེ་འབྱིད་པ།

གད་འཕྱག་པ་བཅས་ཁྱིམ་གྱི་ལས་ཀ་ཙག་ཙིག་བྱེད་རྒྱུར་དགའ་བ་མ་ཟད། ཨ་མར་རོགས་པ་བྱེད་ རྒྱུར་ཤིན་ཏུ་དགའ།

ནུ་མོས་ད་དུང་གཏམ་རྒྱུད་ཤོད་ཤེས་པ་དང་། བྲོ་འཁྲབ་ཤེས་ལ། གླུ་དབྱངས་ཀྱང་ལེན་ཤེས། དེ་

དག་གང་ལའང་ཚམ་ཚོམ་དང་ཐོགས་རྡུགས་གཏན་ནས་མེད། ན་ནིང་གི་བྱིས་པའི་དུས་ཆེན་ལ་ མོས་གླུ་དབྱངས་བླངས་ནས་བྱ་དགའ་ཡང་ཐོབ་པ་རེ​ེད། ང་ནུ་མོ་ལ་སེམས་གཏིང་ནས་དགའ།

100


ང་ཡི་ནུ་མོ།

སྦྱོང་ཚན། དང་པོ། མཆན་འགྲེལ། ཐོར་ཅོག སྤགས།

ད་གཟོད།

ཚམ་ཚོམ།

ཐོགས་རྡུགས།

མགོ་རྒྱན་གཙུག་ཏོར་གྱི་མིང་།

གཞི་ནས་ཞེས་པའི་དོན།

སས ྦོ ་ནས་ཇེ་ཆེར་གྱུར་བའི་དོན། འདིར་མཆུ་ཏོ་ཡིས་མི་འདོད་པའི་རྣམ་འགྱུར་སྟོན་སྟངས་ཤིག

ཐེ་ཚོམ་དང་འདྲ།

བྱང་ཆ་མེད་པ་དང་ཐགས་ཐོགས།

གཉིས་པ། འགྲིག་ནོར་གྱི་རྟགས་རྒྱོབས།

༡ ནུ་མོ་རིག་པ་རྣོ་ཞིང་རྩེ་དགའ་ཆེ་བ་ཞིག་ཡིན།

༢ ནུ་མོ་བུ་བཅོལ་ཁང་དུ་བཞག་རྗེས་ཞན་པར་གྱུར། ༣ ནུ་མོས་ནང་ལས་བྲིས་ཚར་ན་ཨ་མར་བསྟན།

༤ ནུ་མོ་གལ་ཏེ་སྐར་མ་༩༠ ཡིན་ན་དགའ་བ་ཡིན།

༥ ངས་མོ་ལ་ཡི་གེ་རེ་རེ་བཞིན་སློབ་ཁྲིད་བྱེད་ཀྱི་ཡོད།

གསུམ་པ། དཔེ་བསྟན་པ་བཞིན་དྲི་བ་གཞན་རྣམས་ལ་ལན་རྒྱས་པ་རེ་བྲིས། ནུ་མོ་ལ་འཇོན་ནུས་གང་དང་གང་ཡོད་དམ།

ལན། ནུ་མོ་སློབ་སྦྱོང་ལ་ནན་ཏན་ཆེ་བ་དང་། དཀར་ཡོལ་འཁྲུད་པ་དང་། ཅོག་ཙེ་འབྱིད་པ། གད་འཕྱག་པ་ བཅས་ཁྱིམ་ལས་བྱས་ནས་ཨ་མ་ལ་རོགས་པ་བྱེད་པ་བཅས་ཀྱི་ནུས་པ་ལྡན་ཡོད། ༡ ནུ་མོའི་ཕྱི་ལུས་ཀྱི་བྱད་གཟུགས་ཅི་འདྲ་ཡོད་དམ།

༢ ནུ་མོའི་སློབ་སྦྱོང་གི་གནས་བབ་དང་བྱེད་སྟངས་ཅི་འདྲ་ཞིག་ཡོད་དམ། ༣ ནུ་མོ་ལ་སྒྱུ་རྩལ་གྱི་རང་བཞིན་གང་དག་ཡོད་དམ།

བཞི་པ། གཤམ་འཁོད་མི་སྣ་གང་རུང་ཞིག་ཞིབ་འབྲི་གྱིས། ༡ བརྩེ་ལྡན་གྱི་ཡབ།

༣ བདག་གི་གཅེན་པོ།

༢ བྱམས་ལྡན་གྱི་ཡུམ་ཆེན། ༤ བདག་གི་གཅེན་མོ། 101


རྩོམ་འབྲིའི་ཤེས་

སློབ་ཚན་བཅོ་བརྒྱད་པ།

ང་ཚོའི་དགེ་རྒན།

དགེ་རྒན་གྱི་ལག་པ།

༄༅། །ང་ཚོའི་སྐད་ཡིག་དགེ་རྒན་གྱི་མིང་ལ་རྡོ་རྗེ་ཟེར། ཁོང་ལ་བདེ་མྱུར་ཅན་གྱི་ལག་པ་ཞིག་ ཡོད། ཁོང་གིས་ནག་པང་ཐོག་ཏུ་བྲིས་པའི་ཡི་གེ་ཡག་ཅིང་གསལ། དགེ་རྒན་རྡོ་རྗེ་ལ་ཐུན་མོང་མ་ ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཡིག་གཟུགས་འབྲི་བར་དགའ་བ་དེ་ཡིན། ཁོང་གིས་དབུ་ཅན་

དང་། དབུ་མེད། ལཉྫ། ཝརྟུ། འབྲུ་ཚ། ཚུགས་རིང་། ཚུགས་ཐུང་། ཡིག་ཆུང་། འཁྱུག་བྲིས་སོགས་ འབྲི་ཤེས་ལ། བྲིས་ན་མི་ཡག་པ་གཅིག་ཀྱང་མེད། དགེ་རྒན་རྡོ་རྗེའི་བདེ་མྱུར་ཅན་གྱི་ལག་པས་

སྨྱུ་གུ་གཡས་གསེག་གཡོན་གསེག་བྱས་ནས་ཡི་གེ་བྲིས་ན། གྲ་དག་(6)ཅིང་གཟུགས་ཡག་པའི་ཡི་

གེ་ཞིག་ཁྱོད་ཀྱི་མིག་མདུན་དུ་མངོན་སྲིད། ང་ཚོས་ཁོང་གི་ལག་པ་མཐོང་བ་ཙམ་གྱིས་ཁོང་གིས་

བྲིས་པའི་ཡི་གེ་ཡིད་ལ་འཆར་ཡོང་བ་རེད། ཁོང་ལ་ང་ཚོའི་ཡུལ་གྱི་དགེ་རྒན་གྱི་ཡིག་གཟུགས་ བཤམས་སྟོན་ཐོག་ཏུ་ཡིག་གཟུགས་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད། (6) གཙང་མའི་དོན།

102


ང་ཚོའི་དགེ་རྒན།

དགེ་རྒན་རྡོ་རྗེ་ད་དུང་སྤོ་ལོ་རྩེ་བར་ཧ་ཅང་དགའ་ཞིང་། སློབ་གྲྭའི་སྤོ་ལོ་རུ་ཁག་གི་འགོ་པ་ཡང་ ཡིན། ཁོང་གི་དཔུང་པ་གཉིས་ཧ་ཅང་རིང་བ་དང་། སྤོ་ལོ་རྩེ་ཐེངས་རེར་ཁོང་ཡར་ལྡིང་ནས་ལག་ པ་རིང་པོ་སྲིང་ཚེ་སྤོ་ལོ་གཟེབ་ཀྱི་ནང་དུ་ཡོ་གཟུར་མེད་པར་བླུག་སྲིད།

དགེ་རྒན་གྱི་ཁ།

དགེ་རྒན་གྱི་ཁ་ནི་ང་ཚོར་མཚོན་ན་ཤེས་བྱའི་སྒོ་མོ་དང་། བློ་གྲོས་ཀྱི་འབྱུང་ཁུངས་ཤིག་རེད། སློབ་ ཁྲིད་བྱེད་པའི་སྐབས་སུ་དོན་དང་ལྡན་པའི་སྐད་ཆ་ཆུ་ཀླུང་བརྡོལ་བ་ལྟར་ཤོད་པ་དང་། ང་ཚོར་ཁ་ ཏ་བྱེད་པའི་དུས་སུ་ངག་འཇམ་ཞིང་ཚིག་རྣ་བར་སྙན་པ་དང་། སྐད་ཆ་རེ་རེ་ཞིམ་མངར་གྱི་སྦྲང་

རྩི་དང་འདྲ་བར་ང་ཚོའི་སེམས་སུ་སིམ་ཡོད། ང་ཚོར་རྩོམ་ཡིག་འབྲི་ཚུལ་ཟུར་ཁྲིད་བྱེད་སྐབས་

རྩོམ་གྱི་རྒྱུ་ཆ་ཇི་ལྟར་འདེམས་དགོས་པ་དང་། རྩོམ་ཁོག་ཇི་ལྟར་སྒྲིག་པ། བཟོ་བཅོས་ཇི་ལྟར་བྱེད་ དགོས་པ་སོགས་ཆུ་བཞུར་བ་ལྟར་ཁ་ནས་འཆད་ཀྱི་ཡོད།

དགེ་རྒན་གྱི་མིག

དགེ་རྒན་གྱི་མིག་ནི་དྭངས་ཤིང་གསལ་ལ་གཏིང་དཔག་དཀའ་བའི་མཚོ་མོ་ཞིག་དང་འདྲ། དགེ་

103


རྩོམ་འབྲིའི་ཤེས་

རྒན་རྡོ་རྗེའི་མིག་ལ་ཆེས་རྒྱུས་ཡོད་པ་ནི་ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྣམས་ཡིན། སློབ་ཁྲིད་ཀྱི་ སྐབས་སུ་སློབ་གྲོགས་ཚོས་དྲི་བར་ལན་འདེབས་མ་ཤེས་ཚེ་སྐུལ་མ་གཏོང་བའི་མིག་མདའ་འཕེན་

པ་ཡིན། རིག་པ་བསྒྲིམས་ནས་སློབ་ཁྲིད་ལ་མི་ཉན་པར་ལྐོག་ཏུ་པྲ་ཆལ་(7)བྱས་ན་དགེ་རྒན་གྱིས་ དེ་མ་ཐག་ཏུ་རིག་པ་དང་། མཚམས་རེར་ཁོ་ཚོར་བོས་ནས་དྲི་བར་ལན་འདེབས་སུ་འཇུག་པ་ཡིན།

རྫུན་བཤད་པར་དགའ་བའི་སློབ་གྲོགས་ཚོ་དགེ་རྒན་གྱི་མིག་འོ ད་རྣོན་པོ་མཐོང་བ་ན་ངོ་ཚ་ནས་ མགོ་བོ་སྒུར་འགྲོ་བ་རེད།

དགེ་རྒན་གྱི་རྐང་པ།

དགེ་རྒན་རྡོ་རྗེའི་གཟུགས་ལ་མི་ཊར་༡.༧༩ ཡོད། རྐང་པ་གཉིས་ཧ་ཅང་རིང་ཞིང་བརྒྱུགས་ན་

མགྱོགས། སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཀྱི་རྒྱང་རྒྱུག་འགྲན་སྡུར་བྱེད་དུས། ཐེངས་ཤིག་ཁོང་

གིས་ཨང་དང་པོ་བླངས་པ་རེད། ཁོང་ཞོགས་པ་སྔ་མོར་མལ་ལས་ལངས་ཏེ་ལུས་རྩལ་རྩེ་བ་རེད། སློབ་མ་ལ་ན་ཚ་བྱུང་ན་ཁོང་གིས་ཁུར་ནས་གོམ་སྟབས་ཆེན་པོས་སྨན་ཁང་དུ་འགྲོ།

དགེ་རྒན་གྱི་གཉེར་མ།

དགེ་རྒན་རྡོ་རྗེ་དགུང་ལོ་སོ་གསུམ་རེད། འོན་ཀྱང་ཁོང་གི་ཐོད་པར་གཉེར་མ་ཤུར་མོ་རེ་རེ་བྱས་ ནས་བསྒྲིགས་ཡོད། ཁོང་གི་དོ་མཉམ་པའི་གཉེར་མས་ཁེངས་པའི་ཐོད་པ་ནི་ལོ་རྒྱུས་ཀྱི་རྡོ་རིང་

ཞིག་དང་འདྲ་ཞིང་། དེའི་ཐོག་ཏུ་ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་མི་རབས་རྗེས་མ་སྐྱེད་ སྲིང་བྱས་པའི་བྱས་རྗེས་བརྐོས་ཡོད་པ་མ་ཟད། དེ་ནི་མདུན་སྐྱོད་ཀྱི་བགྲོད་ལམ་སྟོན་པའི་སྒྲོན་མེ་ ཞིག་ཀྱང་ཡིན་ནོ། །

(7) ཡུལ་སྐད་ཕྲུ་གུ་འཚུབ་པོ།

104


ང་ཚོའི་དགེ་རྒན།

སྦྱོང་ཚན། དང་པོ། ཚིག་སྒྲུབ་རེ་བཟོས།

བདེ་མྱུར། གྲ་དག བསྲིངས། བརྡོལ། ཁ་ཏ། མིག་མདའ། བོས། མལ། ན་ཚ།

གཉིས་པ།

གཤམ་དུ་དགེ་རྒན་གྱི་ལག་པ་ཞིབ་འབྲི་བྱས་པར་དཔེ་བལྟས་ནས།

དགེ་རྒན་གྱི་ཁ་

དང་། དགེ་རྒན་གྱི་མིག དགེ་རྒན་གྱི་རྐང་པ། དགེ་རྒན་གྱི་གཉེར་མ་གང་རུང་ཞིག་ཞིབ་འབྲི་གྱིས།

དཔེ་མཚོན།

ØØ དགེ་རྒན་རྡོ་རྗེ་ལ་བདེ་མྱུར་ཅན་གྱི་ལག་པ་གཉིས་ཡོད་ཅེས་བསྡུས་འབྲི་བྱས་ནས་ནག་པང་ཐོག་ཏུ་ བྲིས་པའི་ཡི་གེ་ཡག་པའི་རྒྱུ་མཚན་དུ་བཀོད་ཡོད།

ØØ དགེ་རྒན་རྡོ་རྗེའི་ཁྱད་ཆོས་གཙོ་བོ་ཡིག་གཟུགས་ཡིན་པ་དང་། ཡིག་གཟུགས་ཀྱང་སྣ་མང་འབྲི་ཤེས་པ་ རེ་རེ་བཞིན་ཞིབ་འབྲི་བྱས་ཡོད།

ØØ དགེ་རྒན་རྡོ་རྗེའི་བདེ་མྱུར་ཅན་གྱི་ལག་པས་སྨྱུ་གུ་གཡས་གསེག་གཡོན་གསེག་བྱས་ནས་ཡི་གེ་བྲིས་ ཞེས་པས་དགེ་རྒན་རྡོ་རྗེའི་ཁྱད་དུ་འཕགས་པའི་ལག་པ་འགུལ་སྟངས་ཀྱི་རྣམ་པ་བྲིས་ཡོད།

ØØ ང་ཚོས་ཁོང་གི་ལག་པ་མཐོང་བ་ཙམ་གྱིས་ཁོང་གིས་བྲིས་པའི་ཡི་གེ་ཡིད་ལ་འཆར་ཡོང་བ་རེད་ཅེས་ ལག་པ་དང་ཡི ག ་གཟུགས་གཉི ས ་ངོ ་ བོ ་ དབྱེར་མེ ད ་ཀྱི ་ ཚུལ་དུ་བརྗོ ད ་ནས་དགེ ་ རྒན་རྡོ་རྗེ འི ་ ཡི ག ་ གཟུགས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཡོད།

ØØ ཁོང་ལ་ང་ཚོའི་ཡུལ་གྱི་དགེ་རྒན་གྱི་ཡིག་གཟུགས་བཤམས་སྟོན་ཐོག་ཏུ་ཡིག་གཟུགས་ཕུལ་བྱུང་གི་བྱ་ དགའ་ཐོབ་པ་རེད་ཅེས་དགེ་རྒན་རྡོ་རྗེའི་ཁྱད་དུ་འཕགས་པའི་ཕྱག་རྩལ་གྱི་གྲུབ་འབྲས་མངོན་ཐབས་ བྱས་ཡོད།

ØØ དགེ་རྒན་རྡོ་རྗེ་ད་དུང་སྤོ་ལོ་རྩེ་བར་ཧ་ཅང་དགའ་ཞིང་སློབ་གྲྭའི་སྤོ་ལོ་རུ་ཁག་གི་འགོ་པ་ཡིན། ཁོང་གི་ དཔུང་པ་གཉིས་ཧ་ཅང་རིང་བ་དང་།

སྤོ་ལོ་རྩེ་ཐེངས་རེར་ཁོང་ཡར་ལྡིང་ནས་ལག་པ་རིང་པོ་སྲིང་ཚེ་

སྤོ་ལོ་གཟེབ་ཀྱི་ནང་དུ་ཡོ་གཟུར་མེད་པར་བླུག་སྲིད་ཅེས་དགེ་རྒན་རྡོ་རྗེ་ལ་ཕྱག་རྩལ་གཅིག་པུ་མིན་ པར་ཁྱད་ཆོས་ལེགས་པ་གཞན་ཡང་ཡོད་པ་ཟུར་བརྗོད་བྱས་ཡོད།

སྲོག་ཆགས་འབྲི་ཚུལ།

105


རྩོམ་འབྲིའི་ཤེས་

སྲོག་ཆགས་ཞིབ་འབྲི་བྱེད་པའི་སྐབས་གོང་གི་ཁོར་ཡུག་དང་། དངོས་པོ་ཞིབ་ འབྲི་བྱེད་པ་དང་མི་འདྲ་བར་སྐྱེ་འཕེལ་ཤི་གསུམ་གྱི་བརྒྱུད་རིམ་དང་། བསམ་

བློའི་འདུ་ཤེས། དེ་ལ་བརྟེན་པའི་གཤིས་ཀ འཚོ་གནས་བྱེད་སྟངས་བཅས་ དང་།

ཕྱིའི་གཟུགས་དབྱིབས་དང་། དེ་ལ་བརྟེན་པའི་བྱ་འགུལ། ཤེད་ཤུགས། ནུས་ སྟོབས། ཁྱད་ཆོས་བཅས་བྲི་བྱ་གཙོ་བོར་འཛིན་དགོས།

འདིར་གསལ་པོར་ངེས་དགོས་པ་ཞིག་ལ་སྲོག་ཆགས་ཞིབ་འབྲི་བྱེད་སྐབས་ གོང་གི་ཞིབ་འབྲི་བྱ་ཡུལ་ཚང་མ་ཞིབ་འབྲི་བྱེད་དགོས་པའི་ངེས་པ་མེད།

གང་ཞིག་ཞིབ་འབྲི་བྱེད་དགོས་པ་དང་། གང་ཞིག་བསྡུས་འབྲི་བྱེད་པ། གང་ ཞིག་མི་འབྲི་བ་བཅས་ནི་ཁྱོད་ཀྱི་རྩོམ་ཡིག་དེའི་དགོས་མཁོ་ལ་ལྟོས་པ་ཡིན།

སྲོག་ཆགས་ཞིབ་འབྲི་བྱེད་པར་རིགས་གཉིས་ཡོད། དང་པོ། སྲོག་ཆགས་ སྲོག་ཆགས་ཀྱི་ཚུལ་དུ་འབྲི་བ་དང་། གཉིས་པ། སྲོག་ཆགས་མི་སྣའི་ཚབ་ མཚོན་བྱས་ནས་འབྲི་བ་བཅས་ཡིན།

106


སྡོམ།

སློབ་ཚན་བཅུ་དགུ་པ།

སྡོམ།

སྦྱང་བྱ་གཙོ་བོ།

• སྲོག་ཆགས་ཀྱི་བྱེད་ལས་ལ་བལྟས་ནས་སྲོག་ཆགས་འབྲི་ཐབས།

༄༅། །ངེད་ཚང་གི་སྒོ་ཁའི་སྡོང་མགོ་ན་སྡོམ་རྒྱ་ཞིག་ཡོད། སྡོམ་རྒྱའི་དཀྱིལ་ན་སྡོམ་ནག་ཆེན་པོ་

ཞིག་འདུག ཉིན་ཞིག་ལ་ངས་འབུ་བསེ་བོ་ཞིག་སྡོམ་རྒྱའི་སྟེང་དུ་འབྱར་ཡོད་པ་མཐོང་། དེས་སྲོག་ བསྡོ ས ་ཀྱི ས ་འཕག་འཚག་ལན་མང་

བརྒྱབ་རྗེ ས ་ད་གཟོ ད ་སྡོ མ ་རྒྱ་གཏོ ར ་

ཐུབ་པ་བྱུང་ཞིང་། ཡར་རྒྱུག་མར་རྒྱུག་ བྱས་ཏེ ་ སྡོ མ ་དེ ་ བཙལ་ཀྱང་མ་རྙེད།

ང་འགྲོ་གྲབས་བྱེད་སྐབས་སྡོམ་དེ་གློ་

བུར་དུ་སྡོ​ོང་པོའི ་སྟེང་དུ་འགོས་སོང་

བ་མཐོང་། ང་ཡ་མཚན་ནས་དེར་ལྟ་ 107


རྩོམ་འབྲིའི་ཤེས་

ཞིབ་ནན་མོ་ཞིག་བྱེད་དགོས་བསམས། སྡོམ་ནག་དེས་ཕྲ་ཞིང་རིང་བའི་སུག་པ་བརྒྱད་བསྲིངས་

ནས་འགྲོ་བཞིན་ཡོད་ལ། སྡོང་པོའི་ཡལ་ག་དང་འཛེར་པ་སོགས་ཀྱི་'ལམ་འཕྲང་'གང་མང་ཞིག་

བརྒྱུད་མཐར། ཡལ་གའི་འོག་ཏུ་འཁྱུད། ཡིན་རྒྱུ་ནི་དེ་སྡོམ་རྒྱ་ཞིག་གསོ་བྱེད་དུ་འོངས་པ་རེད།

སྡོམ་ནག་དེས་སྡོམ་རྒྱ་ཐེད་པོ་དེ་མཐུད་འགོ་བརྩམས་བྱུང་། དེ་སྡོམ་རྒྱ་རྙིང་པ་འཐེན་སའི་ཡལ་

གའི་བར་དུ་ཕར་འགྲོ་ཚུར་འོང་ཐེངས་འགའ་བྱས་སོང་ལ། ཤུལ་དུ་སྡོམ་ཐག་ཕྲ་མོ་རེ་རེ་འཐེན་ ཡོད། ང་མདུན་ལ་སོང་ནས་ཞིབ་ཏུ་བལྟས་ཚེ། སྡོམ་ཐག་ཕྲ་མོ་དེ་དག་ནི་དེའི་རྐུབ་སྒོ་ནས་གཏོང་

གིན་ཡོད་པ་རེད། ཅུང་ཙམ་འགོར་རྗེས། སྡོམ་ནག་དེ་ཡལ་

ག་ཞིག་གི་ཐོག་ཏུ་འཁྱུད་དེ་མི་འགུལ་བར་ཅི་ཞིག་ལ་སྒུག་

པ་དང་འདྲ། གློ་བུར་དུ་བསེར་བུ་ཞིག་ལྡང་བ་ན། སྡོམ་ནག་ གིས་སུག་པ་བརྒྱད་པོས་ཡལ་ག་ལྷོད་དེ་བསེར་བུའི་གཡུག་

ཕྱོགས་དང་བསྟུན་ནས་མདུན་ཕྱོགས་ཀྱི་ཡལ་གའི་ཐོག་ཏུ་ སོང་བ་དང་། འགྲོ་ཞོར་དུ་རྐུབ་སྒོ་ནས་ཕྲ་ཞིང་ཕྲ་བའི་སྐུད་

པ་གཏོང་། དཔྱང་ཐག་རྩེ་བ་ལྟར་ཕན་ཚུན་ལ་ཐེངས་འགར་

གཡུགས་མཐར་འཇོང་དབྱིབས་ཀྱི་དྲ་རྒྱ་ཞིག་གྲུབ་པ་རེད།

"ཧ་ལམ་ཆུ་ཚོད་གཉིས་གསུམ་ཙམ་འགོར་སོང་" ཞེས་ངས་

རབ་རིབ་ཏུ་གྱུར་པའི་མིག་ལ་ཕུར་ཕུར་བྱེད་བཞིན་དེ་ལྟར་

ཁེར་ལབ་བྱེད་པའི་སྐབས་དེར། གློ་བུར་དུ་སྦྲང་ནག་འགས་ "བུང་བུང་" ཞེས་སྒྲ་སྒྲོག་བཞིན་

སྡོམ་རྒྱའི་མཐའ་རུ་ཡར་འཕུར་མར་འཕུར་བྱེད། ཡུད་ཙམ་གྱི་རྗེས་སུ་དེ་དག་རེ་རེ་བཞིན་སམ ྡོ ་རྒྱར་

འབྱར་སོང་བས་འགུལ་ཡང་མི་ཐུབ་པར་གྱུར། མ་གཞི་སྡོམ་གྱི་སྐུད་པ་དེར་འབྱར་བག་ཡོད་པས་ རེད། ངས་སྦྲང་ནག་དེ་དག་ལེན་སྙམ་པའི་སྐབས་སུ། སྡོམ་ནག་མྱུར་མོར་སྡོམ་རྒྱའི་སྟེང་དུ་འགོས་

ཤིང་། མདུན་སུག་འགའ་བསྲིངས་ཏེ་སྦྲང་ནག་ཅིག་དམ་པོར་བཟུང་ནས་སྐེ་ལ་སོ་བཏབ་སྟེ་ཁྲག་

འཇིབ་པ་རེད། གཅིག་གི་ཁྲག་བཞིབས་ཚར་རྗེས། ཡང་གཞན་ཞིག་གི་སྐེ་ལ་འཐམས།

ང་དེར་གཡེངས་ནས་དུས་ཚོད་ཅི་ཙམ་འགོར་བ་ཡང་མ་ཤེས། གློ་བུར་དུ། ཨ་ཅེས་"ཝེ། ཁྱོད་ངག་ 108


ལྐུགས་སོང་ངམ། སྡོམ་ལ་ཕན་ཡོན་ཅི་ཞིག་ཡོད་པ་ཤེས་སམ་"ཞེས་དྲིས་བྱུང་།

སྡོམ།

ངས་ད་རེས་མཐོང་བའི་གནས་ཚུལ་རྣམས་ཕྱིར་དྲན་ཞིག་བྱས་རྗེས། "སྦྲང་ནག་ནི་ནད་རིགས་ མང་པོ་བསྒོ་མཁན་ཞིག་ཡིན་པས་མི་ཚང་མ་དེ་ལ་མི་དགའ། སྡོམ་གྱིས་སྦྲང་ནག་ཚར་གཅོད་ཐུབ། དེས་ཁ་རོག་གེར་མི་མང་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་"ཅེས་ཐེ་ཚོམ་མེད་པར་བཤད།

ཨ་ཅེས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་ཏེ་"ཁྱོད་ཀྱིས་བཤད་པ་འགྲིག སམ ྡོ ་ལ་ཕྱེ་མ་ལེབ་ལྟ་བུའི་

ཕྱི་གཟུགས་ཡག་པོ་མེད། ལུས་པོ་ནག་ཅིང་མགོ་ཆུང་བ་དང་། གསུས་པ་ཆེ་ལ་སུག་པ་བརྒྱད་པོ་ རིང་བས། མཐོང་བ་ཙམ་གྱིས་ཧ་ཅང་སྐྱུག་བ་ྲོ ཞིང་འཇིགས་ཡེར་བ་ཞིག་རེད། ཡིན་ན་ཡང་། དེས་

ནམ་ཡང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྡོམ་རྒྱ་བཟོས་ཏེ། མི་དམངས་ལ་གནོད་པའི་ དགྲ་བོ་འཛིན་པ་རེད་"ཅེས་ཟེར།

"རེད་ཡ། ངས་སྡོམ་གྱི་སྙིང་སྟོབས་དེ་ལྟ་བུ་ལ་སློབ་སྦྱོང་བྱས་ནས། མི་མང་ལ་ཕན་པའི་བྱ་བ་ བསྒྲུབ་དགོས་"ཞེས་བཤད།

109


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོ་རྒྱུ།

སྡོམ་རྒྱ། སྲོག་བསྡོས། འཛེར་པ། ཞིག་གསོ། ཐེད་པོ། དཔྱང་ཐག འབྱར་བག ཚར་གཅོད། གསུས་པ། སྐྱུག་བྲོ།

གཉིས་པ། ཡང་ཡང་བཀླགས་ཏེ་ངག་ལ་གོམས་པར་གྱིས།

སྡོམ་རྒྱའི་དཀྱིལ་ན་སྡོམ་ནག་ཆེན་པོ་ཞིག་འདུག ཡར་རྒྱུག་མར་རྒྱུག་བྱས་ཏེ་སྡོམ་དེ་བཙལ་ཀྱང་མ་རྙེད།

སྡོམ་ནག་དེས་སྡོམ་རྒྱ་ཐེད་པོ་དེ་མཐུད་འགོ་བརྩམས། ཧ་ལམ་ཆུ་ཚོད་གཉིས་གསུམ་ཙམ་འགོར། སྡོམ་གྱིས་ སྦྲང་ནག་ཚར་གཅོད་ཐུབ། མཐོང་བ་ཙམ་གྱིས་ཧ་ཅང་སྐྱུག་བྲོ།

གསུམ་པ། བར་སྟོང་སྐོངས།

༡ སྡོམ་ནག་དེས་སྡོམ་རྒྱ་ཐེད་པོ་དེ་

འགོ་བརྩམས་བྱུང་།

ཐེངས་འགའ་བྱས།

༢ དེ་སྡོམ་རྒྱ་རྙིང་པ་འཐེན་སའི་ཡལ་གའི་བར་དུ་ཕར་འགྲོ་

༣ སྡོམ་ཐག་ཕྲ་མོ་དེ་དག་ནི་དེའི་རྐུབ་སྒོ་ནས་

གིན་ཡོད་པ་རེད།

དེ་མི་འགུལ་བར་ཅི་ཞིག་ལ་སྒུག་པ་དང་འདྲ།

༤ སྡོམ་ནག་དེ་ཡལ་ག་ཞིག་གི་ཐོག་ཏུ་

༥ སྡོམ་ནག་གིས་སུག་པ་བརྒྱད་པོས་ཡལ་ག་

༦ འགྲོ་ཞོར་དུ་རྐུབ་སྒོ་ནས་ཕྲ་ཞིང་ཕྲ་བའི་སྐུད་པ་

༧ ཕན་ཚུན་ལ་ཐེངས་འགར་

༨ སྡོམ་ནག་མྱུར་མོར་སྡོམ་རྒྱའི་སྟེང་དུ་

དེ་བསེར་བུའི་གཡུག་ཕྱོགས་སུ་བརྒྱུགས།

མཐར་འཇོང་དབྱིབས་ཀྱི་དྲ་རྒྱ་ཞིག་གྲུབ་པ་རེད།

༩ སྦྲང་ནག་ཅིག་དམ་པོར་བཟུང་ནས་སྐེ་ལ་སོ་བཏབ་སྟེ་ཁྲག་

༡༠ ཡང་གཞན་ཞིག་གི་སྐེ་ལ་

བཞི་པ། དྲི་བར་ལན་ཐོབས།

༡ སྡོམ་གྱི་བྱ་སྤྱོད་གང་འདྲ་ཞིག་འདུག་གམ།

༢ སྡོམ་གྱི་འཚོ་བའི་གོམས་གཤིས་ཅི་འདྲ་ཞིག་འདུག་གམ།

༣ སྡོམ་གྱིས་མིའི་རིགས་ལ་ཕན་ཐོགས་ཅི་ཞིག་བྱེད་ཀྱི་ཡོད་དམ། 110

པ་རེད།


ལྔ་པ། གྲོག་མའི་བྱ་སྤྱོད་དང་། ཁྱད་ཆོས་ལ་སྦྱར་བའི་རྩོམ་ཐུང་ཞིག་བྲིས།

111

སྡོམ།


རྩོམ་འབྲིའི་ཤེས་

སློབ་ཚན་ཉི་ཤུ་པ།

སྡོམ།

སྦྱང་བྱ་གཙོ་བོ།

• སྡོམ་གྱི་འཚོ་བའི་གོམས་གཤིས་དང་ལུས་ཕུང་གི་ཁྱད་ཆོས་གསལ་བཤད་ ཇི་ལྟར་བྱས་ཡོད་པ།

༄༅། །གནམ་གཤིས་ཇེ་དྲོ་རུ་གྱུར། སྡོམ་སླར་ཡང་ཕྱི་རུ་བུད་དེ་

མདའ་ཡབ་འོ ག་ཏུ་སྡོམ་རྒྱ་བཟོ་འགོ་བརྩམས། ཚུལ་དེ་མཐོང་བའི་ དུས་སུ་ངས་ཆུང་དུས་ཀྱི་གབ་ཚིག་སྟེ།

དཀྱིལ་འཁོར་བར་སྣང་

ཁམས་ན་ཡོད། །བཟོ་བོ་དཀྱིལ་འཁོར་དབུས་ན་ཡོད། །ཅེས་པ་དྲན་ བྱུང་།

དེ་ནས་བཟུང་སྟེ་ངས་རྐང་ལག་བརྒྱད་ཅན་གྱི་བཟོ་པོ་དེས་སྡོམ་

ཐག་ཅི་ལྟར་འཐེན་པ་དང་། འབུ་ཇི་ལྟར་འཛིན་པར་ཡིད་འཇོག་ 112


བྱས་པར་མ་ཟད། དེ་ལ་འབུ་འཛིན་སྟངས་སྣ་ཚོགས་ཡོད་

སྡོམ།

པའང་ཤེས་སོང་། དུག་སྦྲང་སོགས་འབུ་སྲིན་ཆུང་བ་དག་ འཕུར་ཡོང་སྟེ་སྡོམ་ཐག་ལ་འབྱར་ནས་འཕག་འཚག་བྱེད་

བཞིན་པའི་དུས་དེར། སམ ྡོ ་ག་ློ བུར་དུ་ཡོང་ནས་བྲེལ་འཚུབ་

ཀྱི ས ་འབུ་དེ ་ བཟུང་ནས་སོ ་ བཏབ་སྟེ་ཁྲག་འཇི བ ་པའམ།

ཡང་ན། སོ་བཏབ་ནས་སྡོམ་ཐག་དཀྱིལ་དུ་ཁྱེར་བ་དེ་ནི།

ང་ཚོ ས ་བག་ལེ བ ་ཟ་བ་བཞི ན ་ཤུགས་ཅི ་ ཡང་འདོ ན ་མི ་ དགོས། གལ་ཏེ་སྡོམ་ཐག་ཏུ་ཚུད་པ་དེ་དག་སྟོབས་ཤུགས་

ཅུང་ཆེ་བའི་གཤོག་འབུ་ཡིན་ཚེ། བྲེལ་འཚུབ་ཀྱིས་འོང་ ནས་སྡོམ་ཐག་གིས་འབུ་དེ་འཕག་འཚག་རྒྱག་མཚམས་མ་

བཞག་བར་དུ་བཀྱིགས་པ་རེད། གལ་ཏེ་སྡོམ་ཐག་ལ་འབྱར་བ་དེ་མཚོན་ཆ་འཛིན་མཁན་ཏེ་སྦྲང་

མ་ལྟ་བུ་ཡིན་ཚེ། སྡོམ་གྱིས་སྔོན་དུ་སོང་སྟེ། དེའི་ལུས་ལ་སྡོམ་ཐག་དཀྲིས་རྗེས། མྱུར་དུ་ཕར་འབྲོ།

ཡིན་ན་ཡང་རྒྱང་བཀྱེད་པ་ཙམ་ལས་ཐག་རིང་ལ་མི་འགྲོ། དེ་ནི་ཕལ་ཆེར་དེའི་དུག་མདུང་ལ་སྐྲག་

པ་འདྲའོ། །ཡང་ཚུར་ལ་ཡོང་ནས་ཐེངས་གཅིག་དཀྲིས་རྗེས། ཡང་རྒྱང་བཀྱེད་དེ་སྡོད། དེ་ལྟར་

བསྟུད་མར་ཐེངས་འགའ་ལ་དཀྲིས་རྗེས། འབུ་དེ་འཕག་འཚག་བྱེད་པའི་སྟོབས་ཤུགས་ཇེ་ཞན་དུ་

འགྱུར་འགྲོ། ད་གཟོད་དེའི་གམ་དུ་བཅར་ནས་དམ་པོར་བཀྱིགས་པ་ཡིན། སྐབས་འགར་བཀྱིགས་

པ་ཤིན་ཏུ་ཞིབ་པས་རས་ཁུག་ཅིག་དང་མཚུངས། སྦྲང་མ་ནི་དེ་འདྲའི་ཁུག་མའི་ནང་དུ་བཏུམས་ ཚེ༑ རྒྱུན་དུ་"ཙི་ཙི་"ཞེས་སྐད་ཆུང་ངུ་འདོན་པ་ཡིན།

ཤིན་ཏུ་འཛིན་དཀའ་བ་ནི་སྐོགས་ཤུན་ཅན་གྱི་གཤོག་འབུ་ཡིན། དཔེར་ན། སྦུར་བ་ཞིག་སྡོམ་ཐག་

ཏུ་ཚུད་ནའང་། དེའི་སྐོགས་ཤུན་ཧ་ཅང་མཐུག་པ་དང་། ལུས་པོ་ཤིན་ཏུ་ལྕི་བར་མ་ཟད། སྟོབས་ ཤུགས་ཀྱང་ཟད་མཐའ་མེད། དེའི་རྐང་པ་དྲུག་རེས་མོས་ཀྱིས་བརྐྱང་བསྐུམ་བྱེད་པས། སྡོམ་གྱིས་ དེའི་རྐང་པ་གཅིག་བཀྱིགས་ན། རྐང་པ་གཞན་ཞིག་བརྐྱང་ཡོང་བ་ཡིན། སྐབས་འགར་སྡོམ་ཐག་

དཀྲིས་ནས་བཀྱིགས་ཀྱང་ཕྱིར་བུད་ནས་ས་ལ་ལྷུང་བས། སྡོམ་གྱིས་ཕངས་སེམས་ཀྱི་ངང་ནས་སྡོམ་ 113


རྩོམ་འབྲིའི་ཤེས་

ཐག་ལ་བལྟས་ནས་མི་སྡོད་ཀ་མེད་ཡིན། དེ་འདྲ་ཡིན་ཡང་སྡོམ་ལ་ཉེན་ཁ་གང་ཡང་མེད།

ཧ་ཅང་སྐྲག་དགོས་པ་ནི་ཀོ་ལོ་ཟེར་བའི་སྲིན་འབུ་དེ་ཡིན། དེ་འཇབ་ནས་ཡོང་སྟེ་གཤོག་པ་རྡེབ་

བཞིན་སྡོམ་ཐག་ལ་རྡེག་མ་ཐག་ཏུ་མྱུར་མོར་རྒྱང་བཀྱེད་དེ་སྡོད། སྡོམ་ཐག་གཡོ་འགུལ་བྱས་པ་ན། སྡོམ་གྱིས་ཁ་ཟས་ཤིག་སྡོམ་ཐག་ཏུ་ཚུད་པར་བསམས་ཏེ། བྲེལ་འཚུབ་ཀྱིས་འཛིན་དུ་འགྲོ་དུས། ཀོ་

ལོས་གློ་བུར་དུ་བདེ་ལྕག་འཁྱུག་པོའི་སྒོ་ནས་རྐང་པས་སྡོམ་བཟུང་སྟེ་འཕུར་འགྲོ་བ་ཡིན། སྡོམ་ལ་ དེས་འཇབ་རྒོལ་ཐེབས་པའི་སྐབས་སྲོག་ཐར་བ་ནི་ཤིན་ཏུ་དཀའོ ། །ཀོ་ལོས་སྡོམ་བཟུང་ནས་སོང་

རྗེས། ལུས་ཧྲིལ་པོར་གཙགས་ནས་སྦྲིད་དུ་འཇུག་པ་དང་། དེ་ནས་འདམ་བག་གི་ཚང་དུ་བཅུག་ སྟེ་རང་གི་ཕྲུ་གུ་ཚོའི་ཁ་ཟས་སུ་བྱེད། སྡོམ་ཐག་སྟོང་པ་དེ་ནས་བཟུང་སྟེ་ཞིག་གསོ་བྱེད་མཁན་

མེད་པར་ས་རྡུལ་གྱིས་ཁེངས་པར་མ་ཟད། རིམ་བཞིན་ཞིག་རལ་དུ་གྱུར་ཅིང་། མཐར་རླུང་གིས་ ཁྱེར་ཏེ་མེད་པར་འགྱུར་རོ། །

སྡོམ་ནི་སྲོག་ཆགས་ཁྲོད་ཀྱི་ལག་རྩལ་བ་གྲགས་ཅན་ཞིག་ཡིན། དེའི་སྡོམ་ཐག་འཐེན་པའི་ལག་

རྩལ་མཐོ་ཞིང་ངོ་མཚར་བས་མི་རྣམས་ཧ་ལས་སུ་འཇུག སྡོམ་གྱི་ལུས་ཕུང་གྲུབ་སྟངས་ཧ་ཅང་

ཡ་མཚན་ཞིག་སྟེ། སྡོམ་གྱི་གྲོད་ཁོག་ནང་དུ་གཤེར་རྨེན་རིགས་འགའ་ཡོད་པའི་ནང་དུ་གཤེར་ ཁུ་ཡོད་པ་དང་། གཤེར་རྨེན་དེ་དག་ལས་བྱུང་བའི་གཤེར་ཁུ་རྐུབ་ནས་ཕྱིར་བཏང་ནས་མཁའ་

དབུགས་དང་འཕྲད་མ་ཐག་ཏུ་སྡོམ་ཐག་ཏུ་འགྱུར། གཤེར་རྨེན་བུམ་དབྱིབས་ཅན་ནས་བཏང་

བའི་སྡོམ་ཐག་དེ་ནི་ཐོག་མར་དཀྱུས་སུ་འཐེན་པའི་རྒྱུ་སྐུད་བྱེད་ལ། ཡང་གཤེར་རྨེན་རྒུན་འབྲུམ་

དབྱིབས་ལས་བཏང་བའི་གཤེར་ཁུ་སྡོམ་ཐག་མཁྲེགས་པོ་རུ་འགྱུར་བ་དེ་ནི་སྡོམ་རྒྱའི་སྤུན་བྱེད།

ཡང་འབྱར་རྨེན་ལས་བཏང་བའི་གཤེར་ཁུ་ནི་སྡོམ་ཐག་ཏུ་མི་འགྱུར་བར་འབྱར་ཁུ་ཡིན་ལ། གོང་

གི་གཤེར་ཁུ་དེ་རིགས་དང་མཉམ་དུ་གཏོང་ཞིང་སྡོམ་ཐག་སྟེང་དུ་འབྱར་ནས་ཡོད། དངོས་པོའི་ངོ་

བོའི་བྱེད་ནུས་ཀྱི་དབང་གིས་རྡོག་པོ་ཆུང་ཆུང་རེ་རེ་བྱས་ཏེ། སྡོམ་ཐག་ལ་ཤིན་ཏུ་འབྱར་བག་ལྡན་

པར་བྱེད། ད་དུང་སྦུ་གུའི་དབྱིབས་ཀྱི་གཤེར་རྨེན་ཞིག་ཡོད་པ་དེ་ནི་སྒོ་ང་གཏོང་བའི་ཁུག་མ་བྱེད་ པ་ཡིན། སིལ་ཏོག་ལི་དང་འདྲ་བའི་གཤེར་རྨེན་རིགས་ཤིག་ཡོད་པ་ནི་སྡོམ་ཐག་སྦྱོར་བའི་དུས་སུ་ སྤྱོད་པ་ཡིན།

114


སྡོམ།

སྡོམ་གྱི་བ་ཐག་ལ་ཚན་རིག་ཞིབ་འཇུག་ལྟ་ཞོག་ཁོམ་ལོང་བྱུང་དུས་ཀྱི་ལྟད་མོ་ཙམ་ཡང་མི་བྱེད་ ནའང་། དོན་དངོས་སུ་དེར་ཡང་དོན་སྙིང་ཆེན་པོ་ལྡན་པ་ཡིན། དར་འབུའི་དར་སྐུད་བཏགས་

ཆོག་ན། སྡོམ་གྱི་བ་ཐག་གིས་ཅི་ཞིག་ལ་དངོས་པོ་མི་བཟོ་བ་ཡིན། གནད་དོན་དེར་མི་མང་པོ་

ཞིག་གིས་བསམ་བློ་བཏང་མྱོང་བ་རེད། བྱིས་པ་རྣམས་ཀྱིས་སྨྱུག་ལེབ་ཀྱིས་ཨ་ལོང་ཞིག་བཟོས་ ནས་དེ་ལ་ཡུ་བ་ཞིག་སྤྲད་པ་དང་། ཨ་ལོང་གི་ཐོག་ལ་སྡོམ་རྒྱ་འབྱར་དུ་བཅུག་སྟེ་འབུ་འཛིན་པའི་

རྒྱ་བྱས་པ་དེས་འཕུར་བའི་གཤོག་འབུ་འཛིན་ཐུབ། ནུབ་གླིང་པས་སྡོམ་གསོས་ནས་བ་ཐག་བླངས་ ཏེ༑ ཐགས་བཏགས་ནས་དར་འབུའི་དར་སྐུད་ཀྱི་ཚབ་བྱེད་པར་བསམས། ཐོས་པ་ལྟར་ན་ཚོད་ལྟ་

བྱེད་མཁན་དེས་སྡོམ་གྱི་བ་ཐག་བླངས་ཏེ་ལག་འབོབ་དང་རྐང་འབོབ་སོགས་བཏགས་མྱོང་། སྡོམ་

གསོ་བ་ནི་ལས་སླ་མོ་ཞིག་མིན། དེས་སྲིན་འབུ་ཟ་བར་མ་ཟད། ཡི་ག་ཆེ་ཞིང་ཟས་ལ་དང་དོད་ ཆེ་བ་སྟེ། སྲིན་འབུའི་ཁུ་བ་ཁོ་ན་བཞིབས་པས། དར་ཤིང་གི་ལོ་མ་བཏོགས་ནས་དར་འབུ་གསོ་བ་ ལས་ཤིན་ཏུ་གསོ་དཀའ་བའི་ཕྱིར་མཚམས་བཞག་པ་རེད།

ཡིན་ནའང་། སྡོམ་ལ་ལས་སྡོམ་ཐག་མི་བཟོ་བ་སྟེ། འདམ་དུ་ཡར་རྒྱུག་མར་རྒྱུག་བྱེད་པའི་སྡོམ་

སྤྱང་ཀི་དང་། གྱང་ལྡེབས་ཀྱི་སྡོམ་སྐྱ། དེ་མིན་རྐང་ལག་བརྒྱད་ཅན་སོགས་སྡོམ་རྒྱ་མི་བཟོ་ཡང་

སྡོམ་ཐག་ཡོད་དོ། །སྡོམ་སྐྱ་ལ་རྒྱུན་དུ་རྒྱུ་སྐུད་རྐྱ་མ་གཅིག་ཡོད་པ་སྟེ། རྒྱུན་དུ་མཐོ་ས་ནས་མར་

འབབ་དུས་སུ་སྡོམ་ཐག་རྐྱ་མ་གཅིག་འཐེན་པ་རེད། སྡོམ་རྒྱ་མི་བཟོ་བའི་སྡོམ་གྱིས་ཀྱང་ཤ་ཟ་

ནའང་། ཁོ་ཚོས་ཟ་མ་ནི་སྟོབས་ཤུགས་ལ་བརྟེན་ནས་འབུ་སྲིན་འཛིན་པ་ལས་བ་ཐག་ལ་བརྟེན་

ནས་འཛིན་པ་མིན་ནོ། །

115


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། མཆན་འགྲེལ། བཀྱིག

རྒྱང་བཀྱེད།

བསྟུད་མར།

ཀོ་ལོ། (རྒྱ་སྐད།) གཤེར་རྨེན། རྒྱུ་སྐུད། ཐགས།

ལག་འབོབ། རྐང་འབོབ།

འཁྱིག་གི་མ་འོངས་པ། ཐག་པས་མི་ཕྱུགས་སོགས་ཀྱི་ཡན་ལག་བསྡམས་པའི་དོན་ ཏེ༑ དཔེར་ན། ལུག་བཀྱིགས་ནས་བལ་བྲེག་ལྟ་བུ།

ཐག་རིང་བར་བྱེད་པའི་དོན། དཔེར་ན། ཕ་མ་དང་རྒྱང་བཀྱེད་ནས་མ་སྡོད།

གཅིག་རྗེས་གཉིས་མཐུད་དམ་བར་མ་ཆད་པ་སྟེ། དཔེར་ན། བང་ཆེན་བསྟུད་ མར་འབྱོར།

པོ་དོང་མ་སྟེ། སྦྲང་བུ་མཆུ་མདུང་ཅན་ཞིག

སྐབས་འདིར་སྡོམ་གྱི་བ་ཐག་ཐོན་སའི་རྨེན་བུ།

ཐགས་ངོས་ཀྱི་སྲིད་ལ་དྲངས་པའི་ཐགས་སྐུད་ལ་རྒྱུ་སྐུད་ཟེར།

རྒྱུ་སྤུན་སོགས་སྦྲེལ་ནས་བཏགས་པའི་དངོས་རྫས་ཀྱི་མིང་སྟེ། དཔེར་ན། སྣམ་བུ་

ཐགས་མགོ་གཅིག་ཅེས་པ་ལྟ་བུའོ། །

ལག་ཤུབས།

རྐང་ཤུབས་སམ་ཨུ་སུག

གཉིས་པ། འོག་ཏུ་སྡོམ་གྱི་བྱེད་ལས་ཞིབ་འབྲི་བྱས་པ་ཟུར་འདོན་གྱིས་དཔེ་བསྟན་པ་བཞིན། སྡོམ་ གྱི་ལུས་ཕུང་གི་ཁྱད་ཆོས་ཞིབ་འབྲི་བྱས་པ་རྣམས་ཟུར་འདོན་གྱིས།

༡ སྡོམ་སླར་ཡང་ཕྱི་རུ་བུད་དེ་མདའ་ཡབ་འོ ག་ཏུ་སྡོམ་རྒྱ་བཟོ་འགོ་བརྩམས།

༢ སྡོམ་གློ་བུར་དུ་ཡོང་ནས་བྲེལ་འཚུབ་ཀྱིས་འབུ་དེ་བཟུང་ནས་སོ་བཏབ་སྟེ་ཁུ་བ་འཇིབ་པའམ། ཡང་ན། སོ་བཏབ་ནས་སྡོམ་ཐག་དཀྱིལ་དུ་ཁྱེར་བ་རེད།

༣ གལ་ཏེ་སྟོབས་ཤུགས་ཅུང་ཆེ་བའི་འབུ་ཡིན་ཚེ། བྲེལ་འཚུབ་ཀྱིས་འོང་ནས་སྡོམ་ཐག་གིས་འབུ་དེ་འཕག་ འཚག་རྒྱག་མཚམས་མ་བཞག་བར་དུ་བཀྱིགས་པ་རེད།

༤ གལ་ཏེ་སྡོམ་ཐག་ལ་འབྱར་བ་དེ་མཚོན་ཆ་འཛིན་མཁན་ཏེ་སྦྲང་མ་ལྟ་བུ་ཡིན་ཚེ། སྡོམ་གྱིས་སྔོན་དུ་སོང་ སྟེ༑ དེའི་ལུས་ལ་སྡོམ་ཐག་དཀྲིས་རྗེས། མྱུར་དུ་ཕར་འབྲོ།

༥ སྐབས་འགར་སྡོམ་ཐག་དཀྲིས་ནས་བཀྱིགས་ཀྱང་ཕྱིར་བུད་ནས་ས་ལ་ལྷུང་བས། སྡོམ་གྱིས་ཕངས་སེམས་ ཀྱི་ངང་ནས་སྡོམ་ཐག་ལ་བལྟས་ནས་མི་སྡོད་ཀ་མེད་ཡིན། 116


སྡོམ།

གསུམ་པ། དྲི་བར་ལན་ཐོབས།

༡ སྡོམ་གྱི་བ་ཐག་ལ་ཁྱད་ཆོས་གང་འདུག་གམ།

༢ སྡོམ་གྱི་འཚོ་བའི་གོམས་གཤིས་ཅི་འདྲ་ཞིག་འདུག་གམ།

བཞི་པ། བྱི་ལ་དང་། ཁྱི་གང་རུང་གི་ལུས་ཕུང་གི་ཁྱད་ཆོས་དང་། འཚོ་བའི་གོམས་གཤིས་ལ་ སྦྱར་ནས་རྩོམ་ཐུང་ཞིག་བྲིས།

117


རྩོམ་འབྲིའི་ཤེས་

བྱ་བ་འབྲི་ཚུལ།

བྱ་བ་འབྲི་བ་ཞེས་པ་ནི་བྱ་བ་བཟང་ངན་གང་ཞིག་བྲིས་ནས་བརྗོད་བྱའི་ནང་དོན་

མཚོན་ཐབས་བྱེད་པ་ཡིན། བྱ་བ་ཕལ་ཆེ་བར་དང་པོ་འགོ་ཚུགས་པ་དང་། དུ་འཕེལ་བ། པ༑

བར་

མཐའ་མར་འབྲས་བུ་གང་རུང་ཞིག་ཐོན་པའི་བརྒྱུད་རིམ་ཞིག་ཡོད་

འཛིན་རིམ་འོག་མར་ཁྲིད་ཟིན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་གསལ་

བ་ལྟར་ཡིན།

རྩོམ་ཡིག་འབྲི་བའི་སྐབས་བྱ་བ་གང་ཞིག་འབྲི་བ་དང་། རྩོམ་ཡིག་དེའི་དགོས་མཁོ་ལ་རག་ལས་པ་ཡིན།

ཇི་ལྟར་འབྲི་བ་བཅས་ནི་

རྩོ མ ་ཡི ག ་གི ་ དགོ ས ་མཁོ ་ ལ་ལྟོས་ནས་བྱ་བ་གཙོ ་ ཕལ་བྱས་ནས་འབྲི ་ ཆོ ག ་ལ། རྒྱས་བསྡུས་བྱས་ནས་ཀྱང་འབྲི་ཆོག

རྩོམ་རིག་སྐབས་ཀྱི་བྱ་བ་འབྲི་བ་ཞེས་པ་ནི་གཙོ་བོ་མི་སྣའི་འགུལ་སྐྱོད་བྲིས་ནས་ མི་སྣ་གསར་བཞེངས་བྱེད་པ་དེ་ཡིན།

གཤམ་དུ་བྱ་བ་འབྲི་ཚུལ་གྱི་རྩོམ་དཔེ་གཉིས་ཡོད་པས་བྱ་བ་གང་ཞིག་བྲིས་ཡོད་པ་

དང་། ཇི་ལྟར་བྲིས་ཡོད་པ་ནི་སྦྱང་བྱ་གཙོ་བོ་ཡིན།

118


དཔེ་ཆ་ཉོས་པ།

སློབ་ཚན་ཉེར་གཅིག་པ།

དཔེ་ཆ་ཉོས་པ།

གསལ་བཤད།

སློབ་ཚན་འདི ར ་དཔེ ་ ཚོ ང ་ཁང་གི ་ ཨ་ནེ འི ་ ཞབས་ཞུའི ་ སྤུས་ཚད་ཀྱི ་ འགྱུར་

འགྲོས་གསལ་ཙམ་བྲིས་ནས་བྱ་བཟང་སྤྱོད་བཟང་ལ་བྱ་དགའ་དང་། ཤུགས་ ལ་བྱ་ངན་སྤྱོད་ངན་ལ་ཆད་གཅོད་ཀྱི་གྲུབ་འབྲས་ལ་གདེང་འཇོག་བྱས་ཡོད།

༄༅།

།གཟའ་ཉི་མའི་ཞོགས་པར།

ངས་ནངས་ཇ་བཏུངས་རྗེས་དཔེ་ཁང་དུ་དཔེ་ཆ་ཉོ་བར་

སོང་། དཔེ་ཁང་དུ་འཛུལ་མ་ཐག་གདོང་ལ་སྤྲོ་སྣང་དང་འཛུམ་གྱིས་ཁེངས་པའི་ཨ་ནེ་དེ་མཐོང་བ་ ན༑ ཡང་བསྐྱར་སེམས་མི་སྐྱིད་པའི་དོན་དེ་དྲན་བྱུང་།

ན་ནིང་དབྱར་ཁའི་གུང་གསེང་གི་ཕྱི་དྲོ་ཞིག་ལ། ཨ་མས་ང་རང་དཔེ་དེབ་ཚོང་ཁང་ལ་《ཞལ་

འདོན་ཕག ྱོ ས་བསྒྲིགས་》ཤིག་ཉོ་བར་མངགས། ང་དཔེ་ཁང་ཆུང་ཆུང་དེར་འཛུལ་བ་ན། ཨ་ནེ་ཞིག་

གིས་མི་གཞན་དང་དགའ་འཛུམ་གྱིས་ཁ་བརྡ་བྱས་ནས་བསྡད་འདུག "ཨ་ནེ་ལགས། ང་ལ་《 ཞལ་

འདོན་ཕྱོགས་བསྒྲིགས་》ཤིག་འཚོང་རོགས་"ངས་གུས་པ་དང་བཅས་དེ་ལྟར་བཤད། "ངོ་མ་འདུག་ 119


རྩོམ་འབྲིའི་ཤེས་

ཏུ་མི་འཇུག སྒོར་མོ་ཁྱེར་ཤོག" ཨ་ནེ་དེས་སུན་

སྣང་དང་བཅས་སྒོར་མོ་ལེན་ཞོར་མུ་མཐུད་ནས་ མི་དེ་དང་ཁ་བརྡ་བྱེད། ཕྱིར་འགྲོ་རྩིས་བྱེད་དུས།

ངས་《 གངས་རྒྱན་ན་ཆུང་ཚགས་པར་》 གསར་པ་ ཞིག་ཡོད་པ་མཐོང་བས། "ཨ་ནེ་ལགས། ང་ལ་

ད་རུང་《 གངས་རྒྱན་ན་ཆུང་ཚགས་པར་》 ཞིག་ འཚོང་རོགས་"ཞེས་བཤད་པ་ན། ཁོ་མོའི་གདོང་

ལ་མི་འཐད་པའི་ཉམས་ཤིག་ཤར་ཏེ། "བྱིས་པ་

འདིར་དོན་དག་མང་བ་ལ། ངོ་མ་སུན་པོ་ཞིག་འདུག་"ཟེར་བཞིན་ཚགས་པར་ཞིག་བྱིན་ནས་སྒོར་ མོ་བླངས། ངས་ཚགས་པར་ཁྱེར་ཏེ་མྱུར་དུ་སྒོའི་ཕྱི་ལ་བུད།

དེ་རིང་ང་ཡང་བསྐྱར་དཔེ་ཁང་འདིར་འོངས་བས། ཨ་ནེ་འདིས་ང་ལ་རྣམ་འགྱུར་ཅི་འདྲ་ཞིག་ འཛིན་ནམ་སྙམ་ནས་ཐེ་ཚོམ་སྐྱེས། ཡིན་ནའང་། དཔེ་ཆ་ཉོ་ཆེད་དུ་ངོ་ཚ་རྒྱབ་ཏུ་བསྐྱུར་ནས་ནང་

ལ་སོང་། ནང་དུ་འཛུལ་མ་ཐག་ང་རང་ཡ་མཚན་སོང་། ཨ་ནེ་དེས་དཔེ་ཆ་ཉོ་རུ་ཡོང་བའི་མགྲོན་ པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་སྣེ་ལེན་བྱེད་པས། སྔོན་དང་གཏན་ནས་མི་འདྲ། ལྟོས་ དང་། མགྲོན་པོ་ཞིག་དཔེ་སྒྲོམ་གྱི་འགྲམ་དུ་ཐོན་པ་ན། "སྐུ་ཞབས་ལགས། དཔེ་ཆ་ཅི་ཞིག་ཉོ་རྒྱུ་

ཡིན་ནམ་"ཞེས་གུས་པས་དྲིས། "ང་ལ་《 དག་ཡིག་གསར་བསྒྲིགས་》 ཤིག་འཚོང་རོགས།" "ཡ་ཡ་ "ཨ་ནེ་དེས་བྱང་ཆ་ལྡན་པའི་སྒོ་ནས་དཔེ་ ཆ་ཁྱེར་ཡོང་བར་མ་ཟད། མྱུར་དུ་སྒོར་མོ་

བླངས། སྐབས་དེར། ཨ་ནེ་དེས་སྤྲོ་སེམས་ འཁོ ལ ་བའི ་ ངང་ནས་"སྐུ་ཞབས་ལགས།

བདེ་མོ་བྱོས། རྗེས་ནས་ཡང་བསྐྱར་ཡོང་ བར་དགའ་བསུ་ཞུ་"ཞེས་ཟེར། ཨ་ནེ་འདི་

དངོས་གནས་འགྱུར་བ་ཡིན་ནམ། ང་ཐེ་ 120


དཔེ་ཆ་ཉོས་པ།

ཚོམ་སྐྱེ་བཞིན་དཔེ་སྒྲོམ་གྱི་འགྲམ་དུ་སོང་། མོས་"གྲོགས་པོ་ཆུང་ཆུང་། ཁྱོད་ཀྱིས་ཅི་ཞིག་ཉོ་རྒྱུ་

ཡིན་"ཞེས་དྲིས། ངས་བདམས་ཡོད་པའི་དཔེ་ཆའི་རྒྱབ་ཀྱི་རིན་གོང་ལ་བལྟས་པ་ན། སྒོར་ཟུར་

གཉིས་ཀྱིས་མི་འདང་། དེ་ནས་ངས་"ཨ་ནེ་ལགས། སྒོར་ཟུར་གཉིས་ཀྱིས་མི་འདང་བས། རྗེས་ནས་ ཉོ་"ཞེས་མོ་ལ་ལན་བྱིན། "གྲོགས་པོ་ཆུང་ཆུང་། སྐྱོན་མེད། སྒོར་ཟུར་གཉིས་ངས་སྟེར་"ཞེས་ཟེར།

སྐབས་དེར་ང་ལ་བཤད་རྒྱུ་ཅི་ཡང་མེད་པར་མགོ་བོ་ཡར་བཀྱགས་པ་ན། གྱང་ངོས་སུ་དཔྱངས་པའི་

'ཞབས་ཞུའི་སྤུས་ཚད་ལེགས་པའི་བྱ་དགའ་'ཞེས་པ་དེ་མཐོང་བས་ངས་མོ་ལ་འཛིན་པའི་ལྟ་ཚུལ་ ལ་འགྱུར་བ་བྱུང་། དངོས་གནས་ཨ་ནེ་འགྱུར་སོང་། སྤྱི་ཚོགས་ཀྱང་འགྱུར་སོང་།

121


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། མཆན་འགྲེལ། ནངས་ཇ།

ཞོགས་ཟས་དང་། ཞོགས་ཇ་ལ་གོ།

མི་འཐད།

སྒོར་ཟུར།

སྒོར་མོ་གཅིག་གི་བཅུ་ཆ་ལ་ཟེར།

དཔེ་སྒྲོམ།

རྒྱུ་མཚན་མི་འགྲིག་པ་དང་། འདོད་པ་མེད་པར་གོ།

དཔེ་ཆ་བླུག་སའི་སྒྲོམ་དང་། དཔེ་ཁྲི་ལ་གོ།

གཉིས་པ། བརྗོད་པའི་བྱུང་རིམ་ལྟར་གོ་རིམ་སྒྲིགས། ༡ ང་ཡང་བསྐྱར་དཔེ་ཁང་འདིར་འོངས། ༢ སེམས་མི་སྐྱིད་པའི་དོན་དེ་དྲན།

༣ དཔེ་ཆ་ཉོ་ཆེད་དུ་ངོ་ཚ་རྒྱབ་ཏུ་བསྐྱུར་ནས་ནང་ལ་སོང་།

༤ གྱང་ངོས་སུ་དཔྱངས་པའི་"ཞབས་ཞུའི་སྤུས་ཚད་ལེགས་པའི་བྱ་དགའ་"ཞེས་པ་དེ་མཐོང་།

༥ "སྐུ་ཞབས་ལགས། བདེ་མོ་བྱོས། རྗེས་ནས་ཡང་བསྐྱར་ཡོང་བར་དགའ་བསུ་ཞུ་"ཞེས་ཟེར། ༦ མི་གཞན་དང་དགའ་འཛུམ་གྱིས་ཁ་བརྡ་བྱས་ནས་བསྡད། ༧ ངས་<<གངས་རྒྱན་ན་ཆུང་ཚགས་པར་>>ཞིག་མཐོང་།

༨ "གྲོགས་པོ་ཆུང་ཆུང་། ཁྱོད་ཀྱིས་ཅི་ཞིག་ཉོ་རྒྱུ་"ཞེས་ཟེར། ༩ ཞོགས་ཇ་འཐུངས་རྗེས་དཔེ་ཆ་ཉོ་བར་སོང་།

༡༠ མགྲོན་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་སྣེ་ལེན་བྱེད།

༡༡ ཨ་མས་<<ཞལ་འདོན་ཕྱོགས་བསྒྲིགས་>>དཔེ་ཆ་ཉོ་བར་མངགས། ༡༢ ཁོ་མོའི་གདོང་ལ་མི་འཐད་པའི་ཉམས་ཤིག་ཤར།

༡༣ དངོས་གནས་ཨ་ནེ་འགྱུར་སོང་། སྤྱི་ཚོགས་ཀྱང་འགྱུར་སོང་།

གསུམ་པ། རང་བྱུང་ཚན་པ་གཉིས་པའི་ནང་གི་བྱ་ཚིག་རྣམས་ཟུར་འདོན་གྱིས། བཞི་པ། དྲི་བར་ལན་ཐོབས།

༡ ཐོག་མར་ཨ་ནེའི་རྣམ་འགྱུར་གང་འདྲ་འདུག་གམ།

༢ རྗེས་སུ་ཨ་ནེའི་རྣམ་འགྱུར་གང་འདྲ་ཆགས་འདུག་གམ། 122


དཔེ་ཆ་ཉོས་པ།

༣ གྱང་ངོས་སུ་དཔྱངས་པའི་བྱ་དགའ་དེས་ཨ་ནེའི་བྱ་སྤྱོད་ལ་འགྱུར་བ་གང་ཞིག་བཏང་འདུག་གམ།

ལྔ་པ། ཁྱེད་ཀྱིས་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གི་བྱ་སྤྱོད་ཞིབ་འབྲི་བྱོས།

123


རྩོམ་འབྲིའི་ཤེས་

སློབ་ཚན་ཉེར་གཉིས་པ།

ཨ་ཆུང་གིས་རྟ་ཉོས་པ། གསལ་བཤད།

ཨ་ཆུང་གི་འཚོ་བར་སྔ་ཕྱིའི་འགྱུར་ལྡོག་དང་། རྒད་པོ་སྲི་ཐར་གྱིས་བློ་འགྱོད་སྐྱེས་པའི་ ཚོང་ཞིག་བརྒྱབ་ནས་བྱ་ཉེས་སྤྱོད་ཉེས་ཤོར་བ་ཞིབ་ཙམ་བྲིས་ནས་ཨ་ཆུང་གི་འབད་ བརྩོན་དང་། བབ་ཆགས་པའི་འཚོ་བ་ལ་ངོས་འཛིན་གསལ་པོ་བྱས་ཡོད།

སློབ་ཚན་འདི་བྱ་བ་འབྲི་ཐབས་ཤིག་ཡིན་མོད། འོན་ཀྱང་འདིར་མི་སྣའི་སྐད་ཆ་ཞིབ་ ཙམ་བྲིས་པ་ལས་ལུས་སེམས་ཀྱི་བྱ་འགུལ་དེ་ཙམ་བྲིས་མེད། དེར་བརྟེན་སྐད་ཆ་བཤད་ པའི་བྱ་འགུལ་གྱི་མཚོན་དོན་ལ་གཟབ་ནན་གྱིས་སྦྱོང་དགོས།

༄༅། (9)

།'བྱ་རྟ་ཁྱུང་གཤོག་'ཅེས་འབོད་པའི་ཨ་ཁུ་སྲི་ཐར་གྱི་རྟ་ཝ་ལ་(8)དེས་ན་ནིང་གཤོག་ཀ་

ཡོངས་ཀྱི་རྟ་རྒྱུག་འགྲན་སྡུར་ཐོག་ཨང་དང་པོ་བླངས་པའི་སྐད་གྲགས་ཉེ་འདབས་ཀྱི་གཤོག་ཀ་

ཡོངས་ལ་ཁྱབ་པས། རྟ་དེར་སྨོན་ནས་གཟིགས་མོར་ཕེབས་མཁན་ཟམ་མི་ཆད་པར་ཡོད་པ་དང་།

འཚང་ཁ་ཤིག་ཤིག་གིས་གོང་ཆེན་པོས་ཉོ་རྩིས་བྱས་ཀྱང་། ཨ་ཁུ་སྲི་ཐར་ལ་གདེང་ཚོད་ཡོད་པས། (8) བྱ་འོལ་བའི་མདོག་སྟེ་རྟ་ཁམ་སེར་ལ་ཟེར།

(9) སྔོན་གྱི་གྲོང་གསེབ་ཀྱི་ཚོ་ཁག་ཆུང་ངུའི་མིང་།

124


ཨ་ཆུང་གིས་རྟ་ཉོས་པ

ཧེ་ཧེ་ཞེས་གད་མོ་དགོད་བཞིན་དུ་"ས་ཆ་གཞན་ན་རྟ་བཟང་མང་པོ་ཡོད་པ་མ་རེད་དམ་"ཞེས་ ལན་འདེབས་ཀྱིན་ཡོད། དེ་ནི་ཁོང་གིས་རིན་གོང་ཆུང་དྲགས་འདུག་སྙམ་པ་མ་ཡིན་པར། གཅེས་ པའི་རྟ་མཆོག་དེ་འཚོང་མི་ཕོད་པ་ཧ་ཅང་གསལ་པོ་རེད།

ཉིན་ཞིག་ལ། ས་ཆ་གཞན་གྱི་མི་འགའ་ཞིག་སྲི་ཐར་གྱི་ཁྱིམ་དུ་རྟ་ཉོ་བར་འོ ངས་པ་ལ། སྲི་ཐར་

གྱིས་རྟ་རྣམས་རྟ་ར་ནས་རེ་རེ་བཞིན་རྒྱལ་སྒོའི་འགྲམ་དུ་ཁྲིད་ཡོང་། སྲི་ཐར་གྱིས་རྟ་འཚོང་གིན་

ཡོད་པ་ཐོས་འཕྲལ་དུ་མི་མང་པོས་རྟ་ཉོ་མི་ཐུབ་ཀྱང་ལྟ་ཙམ་བྱས་ན་མི་ཆོག་པ་ཅི་ཡོད་སྙམ་ནས་

ཚང་མ་དེར་རུབ་པས། སྲི་ཐར་གྱིས་རྟ་རྐྱང་པོ་དང་། གྲོ་དམར། གཡུ་འབྲུག་སྔོན་མོ་བཅས་ཕྱིར་ ཁྲིད་འོངས་ནས་ཉོ་མཁན་ལ་"ཁྱོད་ཚོས་རང་རང་གི་འདོད་པ་ལྟར་འདེམས་ཤིག་"ཅེས་བཤད། སྐབས་དེར། མི་ཚོགས་ཀྱི་ཁྲོད་ནས་མི་ཞིག་གིས་"བྱ་རྟ་ཁྱུང་གཤོག་གང་དུ་ཡོད་"ཅེས་དྲིས།

སྲི་ཐར་གྱིས་དྲང་པོ་བཤད་ན་ཡག་པོ་མི་ཡོང་སྙམ་ནས་སྐད་ཆ་བསྐོར་ཏེ། "བྱ་རྟ་ཁྱུང་གཤོག་ཨེ། དེ་ གོང་ཆེ་དྲགས་པས། ཁྱོད་ཚོས་ཉོ་ཨེ་ཐུབ་"ཅེས་བཤད།

"ང་ཚོས་ཉོ་ངེས་ཡིན། ཉོ་ངེས་ཡིན། དེ་མགྱོགས་པོ་ཁྲིད་ཤོག"

སྲི་ཐར་གྱིས་སྐད་སྒྲ་དེའི་ཕྱོགས་སུ་ལྟ་སྐབས། དེ་ནི་གཤོག་ཀ་ཡོངས་སུ་སྐད་གྲགས་ཆོད་པའི་

དབུལ་པོ་ཨ་ཆུང་ཟེར་བ་དེ་ཡིན་ཞིང་། ལོ་འགའི་སྔོན་དུ་ཁོས་ཕྱི་བ་བསད་ནས་འཚོ་བ་འཁྱོལ་ ཐབས་བྱེད་པ་དང་། ད་དུང་ལྟོ་སློང་བར་ཐེངས་མང་པོར་འགྲོ་མྱོང་བས། སྲི་ཐར་གྱིས་ཁོ་ལ་མཐོང་ ཆུང་དང་བཅས་ཏེ། "ཨ་ཙི། ཁྱོད་རང་རེད་དམ། ཁྱོད་རང་འདིར་འཚང་ཁ་རྒྱག་པར་ཡོང་ནས་

ཅི་བྱེད་"ཅེས་བཤད་རྗེས། ཁ་ཕར་གཏད་དེ་མི་གཞན་དག་ལ་"འདི་དག་ལས་མེད། ཁྱོད་ཚོས་ འདེམས་ཤིག"ཅེས་བཤད།

ཨ་ཆུང་གིས་ནན་གྱིས་"ཨ་ཁུ་སྲི་ཐར། ཁྱེད་ཀྱི་'བྱ་རྟ་ཁྱུང་གཤོག་'དེ་དངོས་གནས་ངའི་བློར་འབབ་ པ་ཞིག་འདུག མགྱོགས་པོར་ཕྱིར་ཁྲིད་ཤོག་དང་"ཞེས་གད་མོ་དགོད་བཞིན་དུ་བཤད། 125


རྩོམ་འབྲིའི་ཤེས་

"ཁྱོད་ཀྱིས་ང་བྲེལ་བ་ཆེན་པོ་ཡོད་པ་མི་མཐོང་ངམ།" སྲི་ཐར་ཅུང་ཁྲོས་མདོག་གིས་"དོན་དག་ མེད་ན་ཕར་སོང་"ཞེས་བཤད།

ཨ་ཆུང་སྲི་ཐར་གྱི་མདུན་དུ་གཏུགས་ནས་"ཨ་ཁུ་སྲི་ཐར་ལགས་སྐུ་མཁྱེན། རྟ་དེ་ཁྲིད་ནས་ཡོང་

རོགས་གནོངས། ང་དངོས་གནས་རྟ་ཉོ་བར་ཡོང་བ་ཡིན་"ཞེས་ནན་གྱིས་ཞུ་བ་ཕུལ།

"དེ་སྔ་ཁྱོད་ལ་ཇ་ཉོ་བྱེད་ཀྱི་དངུལ་ཙམ་ཡང་མེད་པར། ད་ལྟ་སྒོར་རྡོག་ཁ་ཤས་ཡོད་དུས་རྟ་ཉོ་ འདོད་སྐྱེས་སམ། ངས་བལྟས་ན། ཁྱོད་ཀྱི་དངུལ་ཁུག་ནང་སྒོར་མོ་ཁ་ཤས་ཀྱང་འདོན་རྒྱུ་ཡོད་ཀྱི་ མ་རེད།"

"དངུལ་མང་པོ་མེད་ནའང་། ཁྱོད་ཀྱི་བྱ་རྟ་ཁྱུང་གཤོག་དེ་ངས་ཅི་ནས་ཀྱང་ཉོ་དགོས།"

"དེ་འདྲའི་འུད་ཤོབ་ཚ་བ་ལ་ཨང་།" ཨ་ཆུང་གིས་སྲི་ཐར་སུན་པར་བྱས་པའི་སྟབས་ཀྱིས། སྲི་ཐར་

ཁོང་ཁྲོ་ལངས་ནས་ལག་པ་གཡས་པའི་མཛུབ་མོ་ལྔ་པོ་བརྐྱངས་ཏེ། "ང་ལ་གྲངས་ཀ་འདི་དགོས།

ཁྱེར་ཤོག" ཅེས་བཤད།

126


ཨ་ཆུང་གིས་རྟ་ཉོས་པ

སྐབས་དེར། ཨ་ཆུང་སོམ་ཉིའི་དྲ་བར་ཚུད་(10)ནས་ཡིད་ཆེས་ལ་མ་ཆེས་ཀྱི་སྒོ་ནས་"ཁྱེད་ཀྱིས་ང་ལ་

རྩེད་མོ་རྩེས་པ་མ་ཡིན་ནམ་"ཞེས་དྲིས།

སྲི་ཐར་གྱིས་ཨ་ཆུང་དཔའ་ཞུམ་པ་མཐོང་ནས་ཁོ་ལ་དངུལ་མེད་ཁོ་ཐག་(11)རེད་སྙམ་ཞིང་། སྐད་

ཤུགས་སྔར་ལས་ཀྱང་ཆེན་པོས་"གཞན་ལ་ཡོད་མེད་ངས་མི་ཤེས། ཨ་ཆུང་ཁྱོད་ཀྱིས་གྲངས་ཀ་

འདི་འདོན་ཐུབ་ན་"ཞེས་མཛུབ་མོ་གསུམ་བརྐྱངས་ཏེ། "བྱ་རྟ་ཁྱུང་གཤོག་བདག་པོ་ཁྱོད་རང་བྱས་ ཆོག"ཅེས་བཤད།

"མགྱོགས་པོར་ཕྱིར་ཁྲིད་ཤོག སྐད་ཆ་མང་པོ་ཤོད་མི་དགོས་"ཞེས་ཨ་ཆུང་གིས་ཡང་ཡང་བསྐུལ།

ཨ་ཆུང་ལ་ཚོད་ལྟ་བྱེད་ཆེད་དུ་སྲི་ཐར་གྱིས་རང་གི་འཁྲིས་སུ་ཡོད་པའི་བུ་ཆུང་བར་"རྟ་དེ་ཁྲིད་ ནས་ཤོག ཨ་ཆུང་ལ་བལྟ་རུ་ཆུགས" ཞེས་བཤད།

རྐང་ལག་བཞིའི་རིང་ཐུང་སྙོམ་པ། སྤུ་གྲ་ཡག་ལ་ཤ་ཤེད་རྒྱས་པའི་'བྱ་རྟ་ཁྱུང་གཤོག་'དེ་ཕྱིར་ཁྲིད་

ནས་ཡོང་རྗེས། མི་ཚང་མས་བསྔགས་བརད ྗོ ་ཡང་ཡང་བྱས། སྲི་ཐར་ཨ་ཆུང་གི་འཁྲིས་སུ་ཕྱིན་ནས་ རློམ་སེམས་ཆེན་པོས་སྒོ་ནས་"ཁྱོད་ལ་དངུལ་འདོན་རྒྱུ་ཡོད་དམ།"ཞེས་དྲིས།

"ཁྱེད་ཉིད་ཁ་དན་ཚིག་ལ་གནས་ཐུབ་བམ་"ཞེས་ཨ་ཆུང་གིས་ནན་གྱིས་དྲིས།

"ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཟེར་བ་ལྟར། དེ་ལས་ལྡོག་ན་ང་བོད་ཁ་བ་ཅན་པར་མ་ བརྩིས་ཀྱང་ཆོག་"ཅེས་སྲི་ཐར་གྱིས་རང་ཉིད་ཀྱི་ཚོད་དཔག་ལ་ཡིད་ཆེས་བརྟན་པོ་བྱས།

མཐའ་སྐོར་གྱི་མི་ཚང་མས་མི་མང་ཁ་མང་གིས་ངར་ཤུགས་བསླངས་ཏེ། "དེ་རེད། ང་ཚོ་བོད་ཁ་

ཅན་པས་བཤད་པ་ཁ་དན་ཚིག་ལ་གནས་ཀྱི་རེད། ང་ཚོ་ཚང་མས་དཔང་པོ་བྱེད་ཆོག་"ཅེས་སྐད་ (10) ཐེ་ཚོམ་སྐྱེས་པའི་དོན།

(11) གཏན་ལ་ཕབ་པའམ། ཐག་ཆོད་པའི་དོན།

127


རྩོམ་འབྲིའི་ཤེས་

བརྒྱབ།

ཨ་ཆུང་གིས་ལག་གཡས་ཀྱི་མཛུབ་མོ་བརྐྱངས་ཏེ་"ད་ཤོག་"ཅེས་བོས། སྲི་ཐར་གྱིས་ཨ་ཆུང་གི་མཛུབ་མོ་ལ་འཇུ་ཙམ་བྱས།

དེ་ནས་ཨ་ཆུང་གིས་རུམ་ནས་རས་ཐུམ་ཞིག་བཏོན་པ་དང་། ཁ་ཕྱེ་ནས་ལྟ་སྐབས། ཤོག་སྒོར་བཅུ་

ལོར་མཐུག་པོ་ཞིག་ཡོད་ཅིང་། ཁོས་བསྟུད་མར་བཅུ་ལོར་སུམ་ཅུ་བརྩིས་ནས་སྲི་ཐར་ཀྱི་ལག་ཏུ་

སྤྲད་པ་དང་སྦྲགས་སྲི་ཐར་གྱི་ལག་ནས་'བྱ་རྟ་ཁྱུང་གཤོག་'གི་མཐུར་མདའ་བླངས་ཤིང་རྟ་ཁྲིད་ནས་

སོང་།

སྲི་ཐར་ཧོན་འཐོར་ནས་ལག་ནང་གི་དངུལ་ལོར་རྣམས་སར་ལྷུང་། ཨ་ཆུང་རྟར་བཞོན་ནས་'བྱ་ རྟ་ཁྱུང་གཤོག་'ལ་རྐང་པ་གཉིས་ཀྱིས་ཡོབ་རྡུང་ཞིག་བྱས་ཏེ། བྱ་འཕུར་བ་ལྟར་བརྒྱུགས་ནས་ཕྱིན་

ཅིང་། གྲོང་ཚོའི་འདབས་སུ་སླེབས་དུས། ཕྱིར་ལྟ་ཞིག་བྱས་ཏེ་"ཨ་ཁུ་སྲི་ཐར་ལགས། "རྗེས་སུ་

མཇལ་ཡོང་ཞེས་བོས་མ་ཐག་ཏུ་རྟའི་རྨིག་པའི་འོག་ཐལ་བ་ལང་བཞིན་གློ་བུར་དུ་ཐག་རིང་སར་ མཐོང་རྒྱུ་མེད་པར་གྱུར།

128


ཨ་ཆུང་གིས་རྟ་ཉོས་པ

ཁོང་ཁྲོ་ལངས་དགོས་པའི་ཚོང་ཐེངས་གཅིག་བརྒྱབ་རྗེས། སྲི་ཐར་ཉིན་གང་པོར་འགྱོད་པ་སྐྱེས་ ནས་ཁྱིམ་དུ་བསྡད། བཟའ་ཟླས་ཀྱང་"ཁྱོད་ཀྱིས་བལྟས་ན། ཨ་ཆུང་ནམ་ཡིན་རུང་དབུལ་པོ་བྱས་

ནས་སྡོད་སྲིད་དམ། ཁོས་ལག་གཉིས་ལ་བརྟེན་ནས་ཞོགས་པ་བག་ལེབ་འཚོང་བ་དང་། ཉིན་མོ་

རྩམ་པ་འཚོང་གི་ཡོད་པས་ཡོང་འབབ་མང་པོ་ཡོད། གོ་ཐོས་ལ་ཁོས་ད་དུང་བུ་མོ་མཛེས་མ་ཞིག་

མནའ་མར་ལེན་རྩིས་ཡོད་རེད་ཟེར། ལྟོས་དང་། ཁྱོད་རང་ནི་..."ཞེས་ལེ་བདའ་བྱས།

སྲི་ཐར་གྱིས་མགོ་བོ་གཡུག་ཙམ་བྱས་ཏེ་"ང་ནི་ངོ་མ་གླེན་པ་རེད། ད་དུང་གཞན་ལ་ལྟ་སྟངས་རྙིང་ པ་བཟུང་"ཞེས་བཤད།

ཉིན་ཞིག་ལ། སྲི་ཐར་གཅིག་པུ་སེམས་མི་སྐྱིད་པར་ཆང་འཐུངས་ནས་སྡོད་པའི་སྐབས་དེར། གློ་

བུར་དུ་'བྱ་རྟ་ཁྱུང་གཤོག་'གི་སྐད་འདྲ་བ་ཞིག་ཐོས་པས། ལམ་སང་ཆང་ཕོར་བཞག་ནས་སྒོ་ཁར་ སོང་བ་ན། མདུན་ཕྱོགས་ནས་རྟ་པ་གཉིས་རླུང་འཚུབ་པ་བཞིན་དུ་འོང་བ་མཐོང་། མདུན་དུ་ཡོང་

མཁན་ནི་'བྱ་རྟ་ཁྱུང་གཤོག་'ཅེས་པའི་རྟ་དེ་ཡིན་ཞིང་། སྐད་ཅིག་ཉིད་ལ་རྟ་དེ་སྲི་ཐར་གྱི་མདུན་དུ་

བརྒྱུགས་ནས་ཡོང་། རྟ་ལ་ཞོན་མཁན་ནི་ཨ་ཆུང་དང་གཞན་དེ་རྒྱུས་མངའ་མེད་པའི་བུ་མོ་མཛེས་ མ་ཞིག་ཡིན་ཞིང་། ཁོ་གཉིས་རྟ་ལས་བབས། བྱ་རྟ་ཁྱུང་གཤོག་ལ་རྟ་སྒ་གསར་པ་ཞིག་བསྟད་ཡོད་

པ་དང་། རྟ་སྒའི་སྟེང་ལ་རྨ་བྱའི་རིས་ཅན་གྱི་རྟ་སྒྲོ་བརྒྱབ་ཡོད། ཨ་ཆུང་ལམ་སང་མདུན་དུ་ཡོང་ ནས་ཨ་ཁུ་སྲི་ཐར་གྱི་ལག་པར་འཇུས་ཏེ། "ཨ་ཁུ་སྲི་ཐར་ལགས། ཁྱེད་བདེ་མོ་ཡིན་ནམ། ད་རེས་ ང་ཡོང་ཞོར་ཁྱེད་ལ་དངུལ་སྐྱེལ་བར་ཡོང་བ་ཡིན་"ཞེས་བཤད། སྲི་ཐར་མགོ་འཐོམས་ནས་"ག་རེའི་དངུལ།"

"ཉེ་སྔོན། རྟ་ཉོ་དུས་སུ་ཁྱེད་ལ་དངུལ་མ་འདང་བས་..."ཞེས་ཤོད་བཞིན་དུ་རུམ་ནས་སྒོར་ཉིས་བརྒྱ་ བཏོན་ཏེ་སྲི་ཐར་གྱི་ལག་ཏུ་སྤྲད།

སྐབས་དེར། སྲི་ཐར་གྱིས་དངུལ་མི་ལེན་པར་"མིན། མིན། ཁ་དན། ཁ་དན་ཚིག་ལ་གནས་དགོས་ "ཟེར་བར། ཨ་ཆུང་གིས་"ཁྱེད་ཀྱི་རྟ་ལ་རིན་ཐང་དེ་འདྲ་གནས་ཀྱི་རེད། ཨ་ཁུ་ལགས། ཁྱེད་ཀྱིས་ 129


རྩོམ་འབྲིའི་ཤེས་

ཐུགས་འཛེམས་མ་གནང་བཞེས་དང་"ཞེས་ཟེར་བའི་མོད་ལ། བུ་མོ་དེ་ཡང་མདུན་དུ་ཡོང་སྟེ་དེ་ ལྟར་བཤད།

སྲི་ཐར་གྱིས་སོམ་ཉིའི་ངང་ནས་བུ་མོ་དེར་བལྟས་པས། ཨ་ཆུང་གིས་ལམ་སང་"ཨ་ཁུ་ལགས། ཁོ་ མོ་ནི་ངའི་བཟའ་ཟླ་ཡིན། མིང་ལ་པད་སྒྲོན་ཟེར་"ཞེས་ངོ་སྤྲོད་བྱས།

སྲི་ཐར་དགའ་སྤྲོའི་ངང་ནས་ཁོའི་ཕྲག་པར་གཞུ་ཙམ་བྱས་ཤིང་། "དངོས་གནས་ཆ་འགྲིག་པོ་

འདུག་"ཅེས་བཤད་རྗེས། ཁོ་གཉིས་ཀྱི་ལག་པ་ནས་འཐེན་ཏེ་"འགྲོ། འགྲོ། མགྱོགས་པོ་ནང་ལ་འགྲོ་ "ཞེས་བཤད།

སྲི་ཐར་གྱིས་ཤ་ཆང་གིས་ཁོ་གཉིས་ལ་སྣེ་ལེན་བྱས་པ་མ་ཟད། རྟ་གཉིས་ཀར་ཡང་གཟན་ཆག་ཡག་ གྲས་བྱིན། ཁོ་གཉིས་འགྲོ་ཁར། སྲི་ཐར་གྱིས་'བྱ་རྟ་ཁྱུང་གཤོག་'གི་གདོང་ལ་ཡུད་ཙམ་འགྲམ་པ་

སྦྱར་བ་དང་། རྔོག་མ་ལ་བྱིལ་བྱིལ་བྱས་ཤིང་། རྟའི་མཇིང་པར་གཞུ་ཙམ་བྱས་ཏེ། རྟ་ལ་'བྱ་རྟ་ཁྱུང་

གཤོག་'"ངའི་ནོར་བུ། ཁྱོད་ཀྱི་བདག་པོ་གསར་པ་ནི་ཁྱོད་ལ་གཟབ་མཆོར་ང་ལས་སྤྲས་མཁས་ཀྱི་

རེད། ཁྱོད་བདག་པོ་གསར་པའི་རྗེས་སུ་ཡག་པོ་རྒྱུགས་ཤིག་"ཅེས་ཆིག་ལབ་བརྒྱབ། 130


ཨ་ཆུང་གིས་རྟ་ཉོས་པ

སྲི་ཐར་གྱིས་ཐག་རིང་པོའི་སར་ཁོ་གཉིས་ལ་མིག་གིས་སྐྱེལ་མ་བྱས་པ་དང་། འཛུམ་མདངས་རྒྱས་ ཤིང་དགའ་བའི་གཉེར་མས་ཁེངས་པའི་གདོང་ནས་ལྷག་བསམ་རྣམ་དག་གི་སྨོན་ལམ་མཚོན་པ་ རེད།

131


རྩོམ་འབྲིའི་ཤེས་

སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོ་རྒྱུ།

གཤོག་ཀ སྨོན། དབུལ་པོ། ཕྱི་བ། ལྟོ་བ། ཕྱིད་ཐབས། འུད་ཤོབ། སོམ་ཉི། ཁོ་ཐག ཁ་དན། ཤ་ཤེད། རློམ་ སེམས། ཡོབ་རྡུང་། རྨིག་པ། ལེ་བདའ། གཟན་ཆག

གཉིས་པ། ནན་ཏན་གྱིས་བཀླགས་ཏེ། གཏམ་གླེང་སོ་སོའི་དོན་ངེས་པར་བྱེད་དགོས།

uསྲི་ཐར་གྱིས་སྔར་ལས་ཀྱང་སྐད་ཤུགས་ཆེན་པོས་"གཞན་ལ་ཡོད་མེད་ངས་མི་ཤེས། ཨ་ཆུང་ཁྱོད་ཀྱིས་

གྲངས་ཀ་འདི་འདོན་ཐུབ་ན་"ཞེས་མཛུབ་མོ་གསུམ་བརྐྱངས་ཏེ། "བྱ་རྟ་ཁྱུང་གཤོག་བདག་པོ་ཁྱོད་རང་བྱས་ ཆོག"ཅེས་བཤད།

vབཟའ་ཟླས་ཀྱང་"ཁྱོད་ཀྱིས་བལྟས་ན། ཨ་ཆུང་ནམ་ཡིན་རུང་དབུལ་པོ་བྱས་ནས་སྡོད་སྲིད་དམ། ཁོས་ལག་ གཉིས་ལ་བརྟེན་ནས་ཞོགས་པ་བག་ལེབ་འཚོང་བ་དང་། ཉིན་མོ་རྩམ་པ་འཚོང་གི་ཡོད་པས་ཡོང་འབབ་མང་ པོ་ཡོད། གོ་ཐོས་ལ་ཁོས་ད་དུང་བུ་མོ་མཛེས་མ་ཞིག་མནའ་མར་ལེན་རྩིས་ཡོད་རེད་ཟེར། ལྟོས་དང་། ཁྱོད་ རང་ནི་..."ཞེས་ལེ་བདའ་བྱས།

wསྲི་ཐར་གྱིས་"ང་ནི་ངོ་མ་གླེན་པ་རེད། ད་དུང་གཞན་ལ་ལྟ་སྟངས་རྙིང་པ་བཟུང་"ཞེས་བཤད།

གསུམ་པ།

གཤམ་དུ་ཨ་ཆུང་གིས་སྐད་ཆ་བཤད་པ་ཁག་ཅིག་ཟུར་འདོན་གྱིས་སྐད་ཆ་དེ་དག་གི་

མཚོན་དོན་གསལ་བཤད་བྱས་ཡོད། གྱིས་གསལ་བཤད་གྱིས།

དེར་དཔེ་བལྟས་ནས་ཨ་ཁུ་སྲི་ཐར་གྱི་སྐད་ཆ་ཟུར་འདོན་

ཨ་ཆུང་གིས་ནན་གྱིས་"ཨ་ཁུ་སྲི་ཐར། ཁྱེད་ཀྱི་'བྱ་རྟ་ཁྱུང་གཤོག་'དེ་དངོས་གནས་ངའི་བློར་འབབ་པ་ཞིག་ འདུག མགྱོགས་པོར་ཕྱིར་ཁྲིད་ཤོག་དང་"ཞེས་གད་མོ་དགོད་བཞིན་དུ་བཤད། བློར་འབབ་པ་དང་། མགྱོགས་པོར་ཕྱིར་ཁྲིད་ཤོག གད་མོ་

དགོད་བཞིན་དུ་བཤད་ཅེས་པའི་ཨ་ཆུང་དབུལ་པོའི་གནས་ནས་རྟ་ཉོ་ བའི་དཔལ་འབྱོར་ཡོད་པ་མཚོན་ཐབས་བྱས་ཡོད།

ཨ་ཆུང་སྲི་ཐར་གྱི་མདུན་དུ་གཏུགས་ནས་"ཨ་ཁུ་སྲི་ཐར་ལགས་སྐུ་མཁྱེན། རྟ་དེ་ཁྲིད་ཡོང་རོགས་གནོངས། ང་དངོས་གནས་རྟ་ཉོ་བར་ཡོང་བ་ཡིན་"ཞེས་ནན་གྱིས་ཞུ་བ་ཕུལ། 132


ཨ་ཆུང་སྲི་ཐར་གྱི་མདུན་དུ་གཏུགས་པ་དང་། རྟ་མར་ཁྲིད་ཡོང་དགོས་པའི་

ཨ་ཆུང་གིས་རྟ་ཉོས་པ

ཞུ་བ་འཐེན་པ། དངོས་གནས་རྟ་དགོས་ལུགས་བཤད་པ་དེས་ཨ་ཆུང་ལ་གདེང་ཚོད་ ཡོད་པ་མངོན་གསལ་ཇེ་དོད་དུ་བཏང་ཡོད།

"དངུལ་མང་པོ་མེད་ནའང་། ཁྱོད་ཀྱི་'བྱ་རྟ་ཁྱུང་གཤོག་'དེ་ངས་ཅི་ནས་ཀྱང་ཉོ་དགོས།" གོང་གི་སྐད་ཆ་དེས་ཨ་ཆུང་ནི་བསམ་ཕོད་པ་དང་། སྒྲུབ་ཕོད་པ་ཞིག་ཡིན་

པའི་གཟུགས་བརྙན་ཞིག་བསྐྲུན་ཡོད།

སྐབས་དེར། ཨ་ཆུང་སོམ་ཉིའི་དྲ་བར་ཚུད་ནས་ཡིད་ཆེས་ལ་མ་ཆེས་ཀྱི་སྒོ་ནས་"ཁྱེད་ཀྱིས་ང་ལ་རྩེད་མོ་རྩེས་ པ་མ་ཡིན་ནམ་"ཞེས་དྲིས།

གོང་གི་སྐད་ཆ་དེས་ཨ་ཆུང་ནི་བྱ་བ་སྒྲུབ་སྐབས་གཟབ་ནན་ཡིན་པ་བསྟན་ཡོད།

"མགྱོགས་པོར་ཕྱིར་ཁྲིད་ཤོག སྐད་ཆ་མང་པོ་ཤོད་མི་དགོས་"ཞེས་ཨ་ཆུང་གིས་ཡང་ཡང་བསྐུལ། གོང་གི་སྐད་ཆ་དེས་ཨ་ཆུང་གི་གདེང་ཚོད་ལ་མངོན་གསལ་ཇེ་དོད་དང་།

ཤུགས་ཇེ་ཆེར་བཏང་ཡོད།

བཞི་པ། དྲི་བར་ལན་ཐོབས།

༡ བྱ་རྟ་ཁྱུང་གཤོག་སྐད་གྲགས་ཡོད་དོན་ཅི་ཡིན་ནམ།

༢ རྒད་པོ་སྲི་ཐར་གྱིས་ཨ་ཆུང་ལ་མཐོང་ཆུང་བྱེད་དོན་ཅི་ཡིན་ནམ། ༣ ཨ་ཆུང་ཕྱུག་པོར་འགྱུར་དོན་ཅི་ཡིན་ནམ།

ལྔ་པ། དམིགས་བསལ་མི་སྣ་ཞིག་གི་བྱ་བ་ཞིབ་འབྲི་བྱས་ནས་མི་སྣའི་གཤིས་ཀ་མཚོན་པའི་རྩོམ་ ཐུང་ཞིག་བྲིས།

133


རྩོམ་རི

134


ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔ

སློབ་ཚན་ཉེར་གསུམ་པ།

ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔེ། སྦྱང་བྱ་གཙོ་བོ།

• ནང་དོན་གོ་བ་ལོན་པ་བྱེད་དགོས། • ཡང་ཡང་བཀླགས་ཏེ་ངག་ལ་གོམས་པར་བྱེད་དགོས། • ཚིགས་བཅད་འོས་འཚམ་རེ་ཚིག་ལྷུག་ཏུ་འབྲི་དགོས།

ས་སྐྱ་ལེགས་བཤད་ཀྱི་མཁས་པ་བརྟག་པའི་རབ་བྱེད་ལས་བཏུས།

སྐྱེ་བོ་ཡོན་ཏན་ཡོད་མེད་པས། །

བླང་དོར་བློ་གྲོས་ལྡན་པ་མཁས། །

ཤེས་རབ་ལྡན་པས་ཉེས་པ་དག །

སེལ་བར་ནུས་ཀྱི་བླུན་པོས་མིན། །

བློ་གྲོས་ཆེན་པོ་རྒུད་ན་ཡང༌། །

ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །

རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། ། ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །

ཁབ་ལེན་རྡོ་ཡིས་ལེན་པར་ཤེས། ། བསད་པར་ནུས་ཀྱི་ཁ་ཏས་མིན། །

རི་དྭགས་རྒྱལ་པོ་བཀྲེས་པ་ན། ། གླང་ཆེན་སྤྱི་བོ་མྱུར་དུ་འགེམས། ། 135


རྩོམ་རི

རིག་པ་ནངས་པར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང༌། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །

ནོར་ལ་རང་ཉིད་ལེན་པ་འདྲ། །

ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །

མ་བསྡུས་པར་ཡང་རང་ཉིད་འདུ། །

དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །

མཁས་པ་ཡོན་ཏན་ཀུན་བསླབས་པ། ། མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། ། བློ་ངན་ཤེས་པ་མང་ན་ཡང༌། །

རྒྱུ་སྐར་བཞིན་དུ་གསལ་མི་ནུས། །

མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང༌། ། བླུན་པོ་འཇུག་པའི་ལམ་མི་འགྲོ། ། ཆར་འདོད་བྱིའུ་སྐོམ་ན་ཡང༌། །

ས་ལ་འབབ་པའི་ཆུ་མི་འཐུང༌། །

ཤེས་རབ་ལྡན་པ་མགོ་བསྐོར་ཡང༌། ། བྱ་བའི་ཆ་ལ་རྨོངས་མི་འགྱུར། །

སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། ། མིག་ལྡན་གཞན་ལས་ལྷག་པར་མགྱོགས། ། བློ་དང་ལྡན་ན་མ་སྨྲས་ཀྱང༌། །

རྣམ་འགྱུར་ཉིད་ལས་བསམ་པ་གོ། །

མཁས་པ་སློབ་པའི་དུས་ན་སྡུག །

བདེ་བར་སྡོད་ལ་མཁས་མི་སྲིད། །

རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང༌། །

རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །

བལ་པོའི་སེའུ་མ་ཟོས་ཀྱང༌། །

བདེ་བ་ཆུང་ལ་ཆགས་པ་དེ། །

འདོད་ཡོན་སྤྱད་པས་མི་ངོམས་ཏེ། །

ཁ་དོག་ཉིད་ལས་བྲོ་བ་ཤེས། །

ཆེན་པོའི་བདེ་བ་ཐོབ་མི་སྲིད། །

མཁས་པ་ལེགས་བཤད་ཀྱིས་མི་ངོམས། ། 136


ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔ

ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ།

སྦྱང་བྱ་གཙོ་བོ།

• བསླབ་བྱ་འདིའི་ཚིག་སྦྱོར་གྱི་ཁྱད་ཆོས་ཤེས་དགོས།

• ཡང་ཡང་བཀླགས་ཏེ་ངག་ལ་གོམས་པར་བྱེད་དགོས།

འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །ལྟ་ལུགས་གཅིག་ལ་རིགས་ཀྱང་རིགས་ གཅིག་འདུག །

ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། །

དེ་འདྲ་བསམ་ན་ཐུང་ཐུང་ག་ནས་ཡིན། །

ཕྲུ་གུ་ཕ་མ་མེད་པ་མི་སྲིད་ཀྱང་། །

ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ། །

མ་བསམས་གྱུར་ན་ཕ་བུའི་དམ་ཚིག་ཉམས། ། དམ་ཉམས་ལག་ལེན་སྡང་བའི་དགྲ་ལ་འགྱུར།། ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་མང་། ། དགའ། །

ཕ་བུའི་དམ་ཚི ག ་བསྲུང་དུས་བསྲུངས་པ་

དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ། ། འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབས། ། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། །

ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། །

བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། །

རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད། །

ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་སྐྱོལ། །

མི་ཕོའི་ཡི་གེ་སྟག་གདན་སྟེང་དུ་འཇོག །

ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། ། ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད། ། ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཀྱང་། ། དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་། ། དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། ། ཡོང་། །

ནོ ར ་རྫས་མཚམས་རེ ་ སོ ང ་འགྲོ་མཚམས་རེ ་

ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་ 137


རྩོམ་རི

གཏེར། །

ན་སོ་གཞོན་དུས་བུ་ལ་སྦྱོང་ཐར་སློབས། །ན་སོ་ལོངས་ནས་བསླབ་དགོས་མེད་པ་གྱིས། །

གཏམ་དཔེ་མཐོང་བ་འཛུམ་ཤོར།

སྦྱང་བྱ་གཙོ་བོ།

ཚིག་ཉུང་ལ་དོན་འདུས་པ། གོ་སླ་ཞིང་རྣ་བར་སྙན་པ། དཔེ་དོན་བཀོད་པ་འཚམ་ཞིང་ ལེགས་པ་སོགས་གཏམ་དཔེའི་ཁྱད་ཆོས་ཁོང་དུ་ཆུད་པར་བྱ་དགོས།

༡ གངས་དཀར་པོ་སེང་གེའི་གདན་ས་ལ། །

འབྲུག་ཕོ་ཆུང་ཡིན་ཀྱང་གཟུར་ན་དགའ། །

༢ གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་། །

གྲོགས་ངན་པ་དུག་གི་སྡོང་པོ། །

༣ དགུང་ཉི་མས་མཐོ་ཚད་མ་ཟིན་ན། །

གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། །

༤ སྤྲིན་དཀར་པོས་མཐོ་ཚད་མ་ཟིན་ན། །

རླུང་བསེར་བུ་ཟེར་བའི་དགྲ་ཞིག་ཡོད། །

༥ འགྲོ་འདོད་ན་རྟ་ཕོ་ཆས་ཀྱིས་གསོས། །

མཁས་འདོད་ན་རིག་པའི་གནས་ལྔ་སྦྱོངས། །

༦ འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས། །

བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས། །

༧ རྟ་ཤ་ཤེད་འཛོམས་དུས་བཙོང་དགོས། །

མི་སྐད་གྲགས་ཆེ་དུས་འཛེམ་དགོས། ། 138


ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔ

༨ སྤྲིན་དཀར་པོ་ཐོད་ལ་བཅིངས། །

ས་ནག་པོ་འདོམ་ལ་འཇལ། །

༩ བླ་མ་བཞུགས་དུས་དད་པ་མེད། །

དད་པ་ཡོད་དུས་བླ་མ་མེད། །

༡༠ མི་སྐྱོན་མེད་འཛམ་བུ་གླིང་ན་མེད། །

ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། །

༡༡ ཧོར་ཆེན་རྒྱལ་པོའི་མངའ་འོ ག་ཏུ། །

ཧོར་ཞྭ་མི་གོན་ཀ་མེད་རེད། །

༡༢ དཔོན་ཁ་བཙན་ཆེ་ན་འབངས་ཀྱིས་འདུལ། །དཔའ་གླེན་རྟགས་ཆེ་ན་དགྲ་ཁར་འཆི། །

139


རྩོམ་རི

སྦྱོང་ཚན། དང་པོ། འོག་གི་བརྗོད་དུམ་གྱི་ནང་དོན་དང་མཐུན་པ་སློབ་ཚན་ནས་བཙལ་རྒྱུ།

༡ དཔོན་བཙན་པོའི་ཁྲིམས་ཀྱི་འོག་ལ་འདོད་པ་ཡོད་མིན་ལ་མ་བལྟོས་པར་བཀའ་གང་གནང་འོ ག་ཤར་ སྐྱོད་བྱེད་དགོས་པ།

༢ སྐྱེ་བོ་གང་ཞིག་དམ་པའི་རང་རྟགས་དང་། ཡོན་ཏན་ཡོད་ན་འཁོར་ཚོགས་རང་གིས་བསྡུ་མི་དགོས་པར་ རང་བཞིན་གྱིས་འདུས་པ།

༣ ཕྲུ་གུ་ཆུང་དུས་ཕ་མ་ཡོད་པ་མང་མོད་ཀྱང་། མི་ན་སོ་རྒས་པའི་སྐབས་སུ་ཕ་མ་མེད་པ་མང་བ་ཡོད།

༤ ཡོན་ཏན་ནི་ནོར་རྫས་ཀུན་ལས་ཕུལ་དུ་བྱུང་བ་ཡིན། དཔེར་ན། འཕར་ཆག་མེད་པ། རྐུན་པོ་སོགས་ ཀྱིས་མི་འཁྱེར་བ།

༥ སྐྱེ་བོ་གང་ཞིག་ཡོན་ཏན་ཡོད་མེད་ཀྱི་ས་མཚམས་ནི་བྱ་བའི་འཇུག་ལྡོག་ལ་མཁས་མིན་གྱིས་འབྱེད་ དགོས་པ།

༦ རང་ས་ལག་མཐིལ་ཙམ་ཡང་མེད་པའི་མི་ཡུལ་ལུང་པར་རང་ལ་སྟོབས་རྩལ་ཇི་ཙམ་ཡོད་ཀྱང་གཞན་ལ་ བསྟུན་མཁས་བྱས་ན་བཟང་།

གཉིས་པ།

གོང་གི་ས་སྐྱ་ལེགས་བཤད་སོགས་ཚན་པ་གསུམ་ནས་ཚིགས་བཅད་རེ་རེ་བདམས་ཏེ་

ཚིག་ལྷུག་ཏུ་བཟོས།

གསུམ་པ། གཤམ་གསལ་ཚིགས་བཅད་རྣམས་ཚིག་ལྷུག་ཐོག་བྲིས། ༡ བློ་དང་ལྡན་ན་མ་སྨྲས་ཀྱང༌། ། བལ་པོའི་སེའུ་མ་ཟོས་ཀྱང༌། །

རྣམ་འགྱུར་ཉིད་ལས་བསམ་པ་གོ། ། ཁ་དོག་ཉིད་ལས་བྲོ་བ་ཤེས། །

༢ ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། ། ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད། ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཀྱང་། །

༣ དགུང་ཉི་མས་མཐོ་ཚད་མ་ཟིན་ན། །

སྤྲིན་དཀར་པོས་མཐོ་ཚད་མ་ཟིན་ན། །

དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་།

གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། །

རླུང་བསེར་བུ་ཟེར་བའི་དགྲ་ཞིག་ཡོད། ། 140


བཞི་པ། འོག་གི་ཚིགས་བཅད་རྣམས་ལ་དོན་འགྲེལ་བྲིས། ༡ རིག་པ་ནངས་པར་འཆི་ཡང་བསླབ། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །

ས་སྐྱ་ལེགས་བཤད། ཁ་ཆེ་ཕ་ལུ། གཏམ་དཔ

ཚེ་འདིར་མཁས་པར་མ་གྱུར་ཀྱང༌། ། ནོར་ལ་རང་ཉིད་ལེན་པ་འདྲ། །

༢ ན་སོ་གཞོན་དུས་བུ་ལ་ཡོན་ཏན་སློབས། ། ན་སོ་ལོངས་ནས་བསླབ་དགོས་མེད་པ་གྱིས། ། ༣ རྟ་ཤ་ཤེད་འཛོམས་དུས་བཙོང་དགོས། །

མི་སྐད་གྲགས་ཆེ་དུས་འཛེམ་དགོས། །

ལྔ་པ། གཤམ་གྱི་འབྲི་ཐབས་ལ་དཔེ་བལྟས་ནས་རང་གིས་ཚིགས་བཅད་ཅིག་བྲིས། ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་སྐྱོལ། ། བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། །

མི་ཕོའི་ཡི་གེ་སྟག་གདན་སྟེང་དུ་འཇོག །

རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད། །

དྲུག་པ། དྲི་བར་ལན་ཐོབས།

༡ ས་སྐྱ་ལེགས་བཤད་དང་། ཁ་ཆེ་ཕ་ལུ་གཉིས་སོ་སོར་ཚེག་བར་ཇི་ཙམ་འདུག་གམ། ༢ གཏམ་དཔེ་ལ་ཚེག་བར་མི་འདྲ་བ་ཇི་ཙམ་འདུག་གམ།

141


རྩོམ་རི

སྙན་ངག སློབ་ཚན་ཉེར་བཞི་པ།

ཚིགས་བཅད་འབྲི་སྟངས།

༄༅། །ང་ཚོས་འཛིན་རིམ་བདུན་པའི་ནང་ཞིབ་ཙམ་སྦྱངས་ཟིན་པ་ལྟར། ཚིགས་བཅད་ནི་རྐང་པ་

བཅད་པའི་ཚིག་གི་རྒྱུན་ལ་ཚིགས་བཅད་ཅེས་བྱ་ཞིང༌། སྲོལ་རྒྱུན་སྙན་ངག་ཏུ་ལུས་གསུམ་བཤད་

པའི་ཡ་གྱལ་ཞིག་ཀྱང་ཡིན་ལ། སན ྔོ ་རབས་མཁས་པ་རྣམས་ཀྱིས་སྙན་ཚིག་དང་བསྟན་བཅོས་གང་ ཞིག་བྲིས་ཀྱང་ཚིགས་བཅད་དུ་བྲིས་པ་མངས།

འདིར་ཚེག་བར་དྲུག་མ་ནས་དགུ་མ་བར་གྱི་ཚིགས་བཅད་དཔེ་མཚོན་རེ་བཀོད་ཡོད། ཚིགས་ བཅད་ཀྱི་ཆ་ཡའི་གཅོད་མཚམས་མི་འདྲ་བ་མང་པོ་ཡོད། ཚེག་བར་ཇི་ཙམ་མང་བ་དེ་ཙམ་གྱིས་

ཆ་ཡའི་གཅོད་མཚམས་མི་འདྲ་བའི་རྣམ་གྲངས་མང་། དང་པོ། ཚེག་བར་དྲུག་མ།

༡། ཚང་མ་ཆ་བྱས་པའི་ཚེག་བར་དྲུག་མ། དཔེར་ན། 142


ཚིགས་བཅད་འབྲི་སྟངས

ཤིང་དེ་མ་གཞོག་གྲུ་བཞི། ། ཀོང་པོ་རོང་གི་ཤིང་རེད། །

བཞོགས་ནས་ཀྱོག་ཏུ་འགྲོ་བ། །

རྒྱུ་བདག་མེད་པའི་རྟགས་རེད། །

༢། ཡ་གཅིག་དང་ཆ་གཉིས་ཡ་གཅིག་བྱས་པའི་ཚེག་བར་དྲུག་མ་ཞིག་བྲིས།

༣། ཆ་གཅིག་ཡ་གཅིག་ཆ་གཅིག་ཡང་ཡ་གཅིག་བྱས་པའི་ཚེག་བར་དྲུག་མ་ ཞིག་བྲིས།

གཉིས་པ། ཚེག་བར་བདུན་མ།

༡། ཆ་གསུམ་གྱི་མཇུག་ཏུ་ཡ་གཅིག་བྱས་པའི་ཚེག་བར་བདུན་མ། དཔེར་ན། ཚིག་གི་ལོ་མས་མ་བསྒྲིབས་ཤིང་། ། དོན་གྱི་འབྲས་བུ་གཡུར་ཟ་བའི། །

ལེགས་བཤད་ལྗོན་པའི་དབང་པོ་འདི། ། དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། ། 143


རྩོམ་རི

༢། ཆ་གཉིས་ཀྱི་རྗེས་སུ་ཡ་གཅིག་དང་། སླར་ཡང་ཆ་གཅིག་བྱས་པ་ཞིག་བྲིས།

༣། ཆ་གཅིག་གི་རྗེས་སུ་ཡ་གཅིག་དང་། སླར་ཡང་ཆ་གཉིས་བྱས་པ་ཞིག་བྲིས།

གསུམ་པ། ཚེག་བར་བརྒྱད་མ།

༡། ཡ་གཅིག་གི་རྗེས་སུ་ཆ་གསུམ་དང་། སླར་ཡང་ཡ་གཅིག་བྱས་པའི་ཚེག་བར་ བརྒྱད་མ། དཔེར་ན།

ལུག་དཀར་དཀར་མུ་ཏིག་ཕྲ་ཚོམ་འདྲ། །

ལྡེམ་འཁྱུག་འཁྱུག་འབྲོག་མོའི་ངོ་གདོང་ལ། ། འཛུམ་ལྷུག་ལྷུག་དགའ་བའི་མེ་ཏོག་ཤར། །

མདངས་དཀར་དཀར་བལ་གྱི་རྩིག་པ་བརྩིགས།

༢། ཚེག་བར་ཚང་མ་ཆ་རེ་བྱས་པ་ཞིག་བྲིས།

144


ཚིགས་བཅད་འབྲི་སྟངས

༣། ཆ་གཅིག་གི་རྗེས་སུ་ཡ་གཅིག་དང་། སླར་ཡང་ཆ་གཉིས་ཀྱི་རྗེས་སུ་ཡ་ གཅིག་བྱས་པ་ཞིག་བྲིས།

བཞི་པ། ཚེག་བར་དགུ་མ།

༡། ཆ་བཞི་ཡི་རྗེས་སུ་ཡ་གཅིག་བྱས་པ་རྒྱུན་ལྡན་གྱི་ཚེག་བར་དགུ་མ། དཔེར་ན། ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་བོའི་ངོགས། །

མཛེས་བརྗིད་ལུས་ཀྱི་དྲི་མ་འཁྲུད་པའི་ཕྱིར། །

འཇམ་མཉེན་གོས་རྣམས་སྤངས་ཏེ་རིངས་སྟབས་ཀྱིས། །

ཞུགས་པའི་བསིལ་བ་སྐྱིད་འདི་ཉམས་རེ་དགའ། །

༢། ཆ་གསུམ་གྱི་རྗེས་སུ་ཡ་གཅིག་དང་། སླར་ཡང་ཆ་གཅིག་བྱས་པ་ཞིག་བྲིས།

145


རྩོམ་རི

༣། ཆ་གཉིས་ཀྱི་རྗེས་སུ་ཡ་གཅིག་དང་། སླར་ཡང་ཆ་གཉིས་བྱས་པ་ཞིག་བྲིས།

146


ཚིགས་བཅད་འབྲི་སྟངས

སྦྱོང་ཚན།

དང་པོ། ཚེག་བར་དྲུག་མ་དང་། བདུན་མ། བརྒྱད་མ། དགུ་མ་སོ་སོར་ཆ་ཡའི་གཅོད་མཚམས་ གང་ཡང་རུང་བའི་ཚིགས་བཅད་ཤློཀ་རེ་བྲིས། གཉིས་པ། སྒྱུར།

གཤམ་གྱི་ཚེག་བར་དགུ་མའི་ཚིགས་བཅད་འདི་ཚེག་བར་བདུན་མའི་ཚིགས་བཅད་དུ་

དེང་དུས་བོད་རིགས་ཀྱི་གཞོན་ནུ་ལ་ལ། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

གླུ་ལེན་གར་རྩེད་ཀྱི་བྱ་བ་དུ་མས། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ལེ་ལོ་རྣམ་གཡེང་གི་དབང་དུ་གྱུར་ཏེ། །

ཉིན་མཚན་དོན་མེད་དུ་འདའ་བར་བྱེད་དོ། །

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

གསུམ་པ། ཆ་དང་ཡའི་གཅོད་མཚམས་ཇི་ལྟར་ཡིན་ཚིག་རྐང་རེ་རེའི་འོག་ཏུ་ཐིག་རྒྱོབས། ཡོན་ཏན་གྱི་མཚོ་མཐའ་རུ། ། བརྩོན་འགྲུས་ཀྱི་ཉ་མོ་རྒྱུ། །

མཚོ་འཇིངས་སུ་འཇུག་འདོད་ན། ། རྐྱལ་རྩལ་གྱི་སྦྱོང་བ་གལ། །

དད་ལྡན་བུ་སློབ་ཀྱི་དབུས་སུ། །

དམ་པའི་ཆོས་བཤད་ལ་མཁས་ཤིང་། ། ཐོས་བསམ་ལག་ལེན་ལ་འཇུག་དུས། ། སྔོན་བྱོན་པཎ་གྲུབ་དང་འདྲ་འོ། །

སྐྱེས་ཕོ་རབ་དགྲ་ལ་རལ་གྲི་འཕྱར། །

སྐྱེས་ཕོ་འབྲིང་རྟ་ལ་ལྕག་ཚན་འཕྱར། ། སྐྱེས་ཕོ་མཐའ་མ་ལ་མེ་ཡོག་འཕྱར། །

147


རྩོམ་རི

དཔོན་ཨ་ཁུས་བཟའ་ལ་ཁུ་ཚུར་འཕྱར། ། ཀྭ་ཡེ་ལང་ཚོས་སྙེམས་པའི་གཞོན་ནུ་མ། །

ཁ་སྒོ་སྐྱེ་འབྲས་མཚར་བའི་དྲེགས་ལྡན་མ། ། ག་དོར་ལྟ་བུར་ཡོན་ཏན་དབུལ་བའི་ཕྱིར། །

ང་ཡིས་བལྟས་ན་སྙིང་པོ་མེད་པར་མཐོང་། །

བཞི་པ། གུག་རྟགས་ནང་འདེམས་སྐོང་བྱོས།

༡། ཚིག་སྒྲུབ་དག་ཚེག་བར་ཆ་ཡའི་སྡེབ་སྟངས་ཡོངས་སུ་མཐུན་པའི་ཚན་པ་ནི། ( ཀ) བོད་གངས་ཅན། གངས་ཅན་བོད། མཐོ་གངས་རི། མྱུར་མགྱོགས་རྟ།

ཁ) དགུང་སྔོན་དབྱིངས། བར་སྣང་གི་འཇའ། མི་མང་ཡོངས། ཁྲ་ཆུང་མིག

)

ག) བརྗིད་ཆགས་གངས་རི། སྐས་ཀྱི་གདང་བུ། སེམས་དགའ་བ། གློག་གི་སྣང་བརྙན། ང) རྩྭ་རྩི་ཤིང་། རྟ་འདོ་བ། རི་མཐོན་པོ། སྟག་དམར་ཡག

༢། ཚིག་སྒྲུབ་ཡོངས་རྫོགས་ཚེག་བར་ཆ་གཅིག་གི་རྗེས་སུ་ཡ་གཅིག་ཅན་ཡིན་པའི་ཚན་པ་ནི། (

)

ཀ) བུ་དཔའ་བོ། ལུག་གཡང་དཀར། རྒོད་ཐང་དཀར། འབྲི་ཐུལ་མ། ཁ) འདོ་རིག་རྟ། ཁྲེལ་མེད་བུ། རི་བོང་རྭ། སྐྱི་བསེར་རླུང་།

ག) ལྟ་རྒྱ་ཡངས། བོད་མི་རིགས། མདོག་དམར་པོ། རས་ཀྱི་ཟུར།

༣། ཚིག་སྒྲུབ་ཡོངས་རྫོགས་ཆ་གཉིས་ཀྱིས་གྲུབ་པའི་ཚན་པ་ནི། (

)

ཀ) ཕ་མེས་ཡང་མེས། ཁ་བརྡ་ལ་ཉན། ཆར་གནམ་ནས་བབས། བཀོད་ལེགས་མཆོད་རྟེན།

ཁ) བརྗིད་ཆགས་གངས་རི། མངོན་སུམ་མཐོང་བ། རི་མཐོན་པོའི་རྩེ། འཛུམ་པའི་བཞིན་རས། ག) སྨིན་ལེགས་བཅུད་ལྡན། འཇམ་མཉེན་ལག་པ། ཇོ་མོ་གླང་མ། གཞུང་ལམ་པ་ཏྲ།

༤། ཚེག་བར་ཡ་ཅན་ཡོངས་རྫོགས་ཚིག་ཕྲད་ཡིན་པའི་ཚན་པ། (

)

ཀ) ལྗོན་ཤིང་གི་རྩེ། འཆི་ཁ་ཡི་ཁ་ཆེམས། གཡུ་ཡི་གཞོང་པ། འཇམ་མཉེན་གྱི་ཕྱག

ཁ) གླུ་སང་སང་བླངས། མགོ་ལྕོག་ལྡེམ་ལྡེམ། གསེར་གྱི་སྐར་ལྔ། ཆར་གནམ་ནས་བབས། 148


ཚིགས་བཅད་འབྲི་སྟངས

ག) རྟ་ཕོ་ཡི་མྱུར་རྩལ། ས་མཐོ་ཡི་བོད་ལྗོངས། ལོ་ལེགས་ཀྱི་སྙེ་མ། མཚོ་རླབས་དང་འདྲ་བ།

ལྔ་པ། གཤམ་གསལ་དྲི་བ་རྣམས་ལ་ལན་རེ་བྲིས།

༡ གང་འདྲ་ཞིག་ལ་ཚིགས་བཅད་རྩོམ་ཡིག་ཟེར་རམ། ༢ ཚེག་བར་ཆ་དང་ཡ་ཞེས་པའི་དོན་ཅི་ཡིན་ནམ།

149


རྩོམ་རི

ཀ་བཤད། ཀ་བཤད་ནི་སྐད་ཡིག་གཞན་ལ་དེ་ཙམ་གྱིས་འབྲི་བའི་ལུགས་སྲོལ་དང་། བྲིས་ནའང་སྟབས་བདེ་

མེད་པ་དང་། བོད་ཡིག་ཐོག་ལས་སླ་པོས་འབྲི་ཐུབ་པར་བརྟེན། འདི་ནི་བོད་ཡིག་ཁོ་ནའི་ཁྱད་ཆོས་ ཡག་པོ་ཞིག་རེད།

སྤྱིར་ཀ་བཤད་ཤེས་བྱ་འཛིན་རིམ་བདུན་པའི་ནང་ཞིབ་ཏུ་བཀོད་ཡོད་པས།

དེ་དག་འདིར་བསྐྱར་

ཟློས་མི་བྱེད་པར། རྣམ་པ་གཞན་དང་བྱེད་ཐབས་གཞན་ཞིག་གི་ཐོག་ནས་ངོ་སྤྲོད་ཞུས་ན།

ཀ་བཤད་ཀྱི་གོ་དོན།

ཀ་བཤད་ཅེས་པ་ནི་ཡི་གེ་ཨཱ་ལི་དང་ཀཱ་ལི་གཉིས་ལས་གཙོ་བོར་ཀཱ་ལིའི་ཕྲེང་བ་བསྒྲིགས་ནས་

བརྗོད་དོན་མཚོན་པའི་རྩོམ་ལུས་བྱེ་བྲག་ཅིག་ལ་གོ་དགོས།

ཀ་བཤད་ལུས་ཀྱི་རྣམ་པ།

• ཀ་ནས་ཨ་བར་བཀོད་པ་ལུགས་འབྱུང་དང་། དེ་ཡང་དབྱངས་ཨི་སོགས་རེ་རེ་སྦྱར་བ། ཨཱ་ལི་ གོ་རིམ་བཞིན་སྦྱར་བ།

• ཨ་ནས་ཀ་བར་བཀོད་པ་ལུགས་ལྡོག གོང་དང་འདྲ་བར་ཨི་སོགས་རེ་རེ་སྦྱར་བ། ཨཱ་ལི་གོ་ རིམ་བཞིན་སྦྱར་བ།

• ཀ་རྐྱང་རྐྱང་དང་ཁ་རྐྱང་རྐྱང་བྲིས་པ་སོགས་མང་།

150


ཀ་བཤད་རྩོམ་ཡིག་དང་པོ།

སློབ་ཚན་ཉེར་ལྔ་པ།

ཀ་བཤད་རྩོམ་ཡིག་དང་པོ། སྦྱང་བྱ་གཙོ་བོ།

སློབ་ཚན་འདི་བསླབས་པ་བརྒྱུད་ཀ་བཤད་འབྲི་ཤེས་པ་དང་། ཀ་བཤད་ཀློག་ཤེས་པ། ནང་ དོན་གོ་བ་ལེན་ཤེས་པ་བཅས་ཤེས་པ་གསུམ་མངོན་དུ་འགྱུར་བར་གཙོར་བཟུང་བྱེད་དགོས། འདིར་རྒྱུན་དུ་སྤྱོད་བཞིན་པའི་ཀ་བཤད་ཁག་ཅིག་གོ་སྒྲིག་བྱས་ཡོད།

༡) ལུགས་འབྱུང་གི་ཀ་བཤད།

ལུགས་འབྱུང་གི་ཀ་བཤད་ཅེས་པ་ནི་ཀ་མད་སུམ་ཅུའི་གོ་རིམ་བཞིན་ཀ་ནས་འགོ་བརྩམས་ཏེ་ཨ་ བར་བྲིས་པའི་རྒྱུན་སྤྱོད་ཀྱི་ཀ་བཤད་ལ་ཟེར་བ་ཡིན་ཏེ། དཔེར་ན། སྐྱིད་ཟུར་ལགས་ཀྱིས། ཀ་༵པ་ལ་ནས་སྤུ་གཅིག་བཏོགས། ། ག་༵ནས་བལྟས་ཀྱང་འདྲེ་འདྲ་བ། ། ༢) ལུགས་ལྡོག་གི་ཀ་བཤད།

ཁ་༵ཡི་ཟུར་དུ་བཙུགས་པ་འདྲ། ། ང་༵ལ་གནོད་པ་མ་སྐྱེལ་ཨང་། །

ལུགས་ལྡོག་གི་ཀ་བཤད་ཅེས་པ་ནི་གོང་གི་ལུགས་འབྱུང་ལས་གོ་ལྡོག་སྟེ་ཨ་ནས་འགོ་བརྩམས་ཏེ་

ཀ་བར་བྲིས་པའི་ཀ་རྩོམ་ལ་ཟེར། དཔེར་ན།

151


རྩོམ་རི

ཨ་༵གསར་ཁོ་ནའི་རྗེས་སུ་མ་རྒྱུགས་པར། །

ཧ་༵ཅང་བཟང་བའི་དུས་བབ་དམ་འཛིན་གྱིས། །

ས་༵བཟང་འདི་རུ་བདེ་སྐྱིད་བསྐྲུན་པའི་སླད། ། ཤ་༵ཞེན་ཆེན་པོས་སློབ་ལ་འབུངས་ཤིག་ཨང་། །

༣) གསལ་བྱེད་ཀྱི་ཡི་གེ་ཚིག་རྐང་གི་བར་ན་གནས་པའི་ཀ་བཤད། 《བསླབ་བྱ་གྲོས་འདེབས་》ལས།

ཡོན་ཏན་གཞི་རྩ་ཀཱ་༵ལི་འབྲི་ཀློག་སོགས། ། མདོ་སྔགས་གཞུང་ལུགས་ཁ་༵བཤད་ཙམ་མིན་ཞིང་། ། སྙིང་ནས་དྲན་ན་ག་༵ལེར་མ་འདུག་པར། ། མནོ་བསམ་ཐོངས་ལ་ང་༵ཡི་ཚིག་ལ་ཉོན། ། ༤) གསལ་བྱེད་ཀྱི་ཡི་གེ་ཚིག་རྐང་གི་མཐའ་ན་གནས་པའི་ཀ་བཤད། ངོ་མཚར་ཆེའ་ོ ལྷ་མོ་མེ་ན་ཀ(12)༷ །

༵ ། རི་དྭགས་ལྟ་བུའི་ཁྲ་ཆུང་མིག་གཉི་ག

མེ་ཏོག་ཇི་བཞིན་ནམ་ཡང་མི་ཟུམ་ཁ།༵ །

གཞན་ལ་མི་དབང་དེ་ཡི་བདག་པོ་ང་༵། །

༥) ཚིག་རྐང་གི་ཐོག་མར་དབྱངས་སྦྱར་བའི་ཀ་བཤད། 《 རྭ་མ་ཎའི་རྟོགས་བརྗོད་》ལས། ཏེ༵་བོར་(13)ཡུན་རིང་བྱ་དཀའ་དག ། དེ༵་ལྟར་ག་ཆད་སྨྲ་བ་ནི། །

གུང་ཐང་བསྟན་པའི་སྒྲོན་མེས།

ཐེ༵་ཚོམ་མེད་པར་སྤྱད་པའི་ཚིག །

ནེ༵་ཙོའི་སྒྲོ་ཐུལ་ཅན་(14)གྱིས་ཐོས། །

ཀོ༵་ཏམ་བསྟན་པའི་ཞབས་འདྲེན་ཐ་མ་ཁ། ། ཁོ༵་ཐག་ཆོས་ལ་གཅོད་བྱེད་ཐ་མ་ཁ། ། གོ༵་རིག་དྲན་པ་སླད་བྱེད་ཐ་མ་ཁ། །

ངོ༵་ཚ་ཁྲེལ་འཛེམས་འདོར་བྱེད་ཐ་མ་ཁ། །

༦) གསལ་བྱེད་ཀྱི་རིམ་པ་ལྟར་དབྱངས་བཞི་གོ་རིམ་བཞིན་དུ་སྦྱར་ནས་ཚིག་རྐང་གི་ཐོག་མར་ བྲིས་པ། 《 དགའ་བཞི་བའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མཚོ་》ལས།

ཀི༵་བསྭོའི་སྒྲ་སྒྲོག་གོར་དཔུང་བོད་ཡུལ་ནས། །ཁུ་༵ བྱུག་མོན་ནས་ཇི་བཞིན་ཚུར་འཁོར་དུས། ། (12) ལྷའི་བུ་མོའམ་ལྷའི་གར་མཁན་མའི་མིང་།

(13) རྒྱན་ཚིག་སྟེ་ཤིན་ཏུའམ་རབ་ཏུ་ཞེས་པའི་དོན། (14) ལྷ་དབང་ཕྱུག་གི་མིང་།

152


ཀ་བཤད་རྩོམ་ཡིག་དང་པོ།

གེ༵་སར་ལྟ་བུའི་དཔའ་ཉམས་སྟོན་བཞིན་དུ། །ངོ༵་མཚར་ནོར་སྐལ་གོར་ཁའི་དཔོན་ལ་སྦྱིན། །

༧) མང་ཚོགས་ཁྲོད་ཀྱི་ངག་རྒྱུན་དང་མཐུན་པར་གསལ་བྱེད་ཀྱི་ཡི་གེ་བཟློས་པའི་ཀ་བཤད་འབྲི་ སྟངས། དཔེར་ན།

ཀ་༵ར་ཀོ་རེའི་ལས་ཀའི་རྣམ་འགྱུར་དང་། །

ཁ་༵རེ་ཁོ་རེའི་གཤིས་རྒྱུད་མ་དུལ་བ། །

ག་༵ལེ་གུ་ལེའི་སློབ་སྦྱོང་བྱེད་སྟངས་སོགས། ། ང་༵རེ་ངུ་རེར་མ་འཇོག་རིངས་པར་སྤོངས། ། ༨) ཁ་རྐྱང་གི་ཀ་བཤད།

ཁ་༵པར་ཐེངས་མང་བཏང་བའི་རྗེས། །

ཁ་༵འབྲས་མཚར་བའི་ན་ཆུང་ཞིག །

ཁ་༵པར་ཨང་གྲངས་རག་ཚུལ་བཤད། །

ཁ་༵ནས་ཁ་ཁོག་མེད་ཁུལ་གྱིས། །

ཁ་༵འཛུམ་དམུལ་ལེར་སླེབས་ནས་བྱུང་། ། ཁ་༵ཞེ་གཉིས་མེད་ཡིན་ཚུལ་དང་། ། ཁ་༵ཞེ་ཅན་གྱི་སྙིང་གཏམ་བཤད། ། ཁ་༵རི་ཁ་ཐུག་བཤད་པ་འདི། ། ཁ་༵མཚར་ཀུ་རེ་ཁོ་ན་དང་། །

ཁ་༵ནས་འདི་འདྲ་བཤད་པ་ལས། །

ཁ་༵དོག་དཀར་ནག་སྨན་ཤར་ལ། །

ཁ་༵ལག་ཐེངས་གཅིག་མཉམ་དུ་བཟས། ། ཁ་༵ནས་ཁྱོད་ལ་དགའ་ཚུལ་གྱིས། ། ཁ་༵བ་ཅན་གྱི་བུ་ཆུང་ངས། །

ཁ་༵ཁོག་མཐུན་པའི་གྲོགས་པོའི་དབུས། ། ཁ་༵བྲོ་ཉི་མ་འཁྱོལ་བའི་ཆེད། ། ཁ་༵བ་ཅན་གྱི་བུ་མོ་དང་། །

ཁ་༵བཤད་ལག་ལེན་ག་ནས་ཕོད། །

153


རྩོམ་རི

སྦྱོང་ཚན། དང་པོ། གོང་གསལ་ལ་དཔེ་བལྟས་ཏེ་ཀ་བཤད་འབྲི་སྟངས་མི་འདྲ་བ་ཁག་ལ་ཤློཀ་རེ་བྲིས། གཉིས་པ། གཤམ་གསལ་ཀ་བཤད་འདི་ལེགས་པར་བཀླགས་ཏེ་གོ་བ་ལོན་པར་གྱིས། ཀ་ལས་བྱས་པ་ཅན་གྱི་ཨ་མའི་བུ་ཆུང་ནོར་བཟང་།

ཁ་ལ་ཉན་པའི་བུ་ཆུང་བྱང་ནས་འཁོར་བ་ཡག་བྱུང་།

། །

ག་བཏང་གོ་ཆོད་ཡོང་བའི་མ་ངའི་དགྲ་འདུལ་གཉེན་སྐྱོང་། ། ང་གཉིས་མ་བུ་འཕྲད་པས་ཞིམ་པོའི་བསུ་ཆང་བཞེས་དང་། ། ཅ་ནེ་(15)དྭགས་ཅན་སེར་པོར་ཡལ་ག་ཚངས་པའི་ལྔ་ལྡན།

ཇ་ཁྲའི་ནང་ལ་བླུག་པའི་ཞིམ་པོའི་ཨ་རག་བདུད་རྩི།

ཏ་ལ་གཉིས་པའི་སྟེང་ལ་ཨ་མས་བསུ་ཆང་བཏེགས་ཡོད།

ཆ་ལུགས་ཀུན་དང་མཐུན་པའི་མ་ངའི་བསུ་ཆང་བཞེས་དང་། ། ཉ་པེ་ཉོ་པེ་མ་མཛད་བུ་ཆུང་གཙང་བཞེས་གནང་དང་། ཐ་ཆད་ཧ་རི་ནག་པོས་ཆང་ལ་བསྲེས་བསླད་མེད་དོ།

། །

ད་དུང་གདན་ལ་བཞུགས་དང་ངང་གིས་ངང་གིས་ཞུས་ཆོག ། ན་སོ་གཞོན་པའི་བུ་ཆུང་བྱང་ནས་འཁོར་བ་ལེགས་བྱུང་། པ་ཕ་ཡབ་ཆེན་རྒྱལ་པོ་མི་ངན་གཞན་གྱིས་བསླུས་སོང་།

། །

ཕ་ལ་རང་དབང་མེད་པར་ལྔ་བརྒྱའི་དམག་དཔུང་ཤོར་བྱུང་། ། བུ་མོ་བརྒྱ་ལས་ལྷག་པ་ལྷ་སྲས་མཛེས་ལྡན་ལྷ་མོ(16)།

རྩ་བ་རྩེ་ནས་སྤྱད་པ་གཙུག་རྒྱན་ནོར་བུའི་ཕྲེང་བ(17)།

མ་ངས་སྟེང་ཕྱོགས་ལྷ་ལ་མི་གཏོང་ཀ་མེད་བྱུང་སོང་། ཚ་དྲག་ཆེ་རང་གྲགས་ནས་བུ་མོའི་ཕྱག་ཏུ་ཕུལ་བས།

(15) བསུ་ཆང་དཀྱག་སའི་ཕོར་པ་དང་། གྲྭ་པའི་ཕོར་པ་ལ་གོ་དགོས་པ་འདྲ། (16) ཡིད་འཕྲོག་ལྷ་མོ་ཡིན།

(17) རྩ་བ་རྩེ་ནས་སྤྱད་པ་ཞེས་འདི་འགྲེལ་བཤད་ཁུངས་མ་ཞིག་མ་རག་གྱང་། གཙུག་རྒྱན་ནོར་བུའི་ཕྲེང་བ་ནི་ནམ་མཁར་འཕུར་ བྱེད་ཀྱི་དོ་ཤལ་ཞིག་ཡིན།

154


ཛ་རེ་ཛོ་རེ་མེད་པར་ལྗོན་པའི་ཡུལ་(18)ལ་ཕེབས་སོང་།

ཞ་ལོང་རྒད་པ་(20)ཡོད་པ་མ་ངའི་ཐོག་ལ་མ་བྱུང་།

འུ་ཅག་མ་བུ་འཕྲད་པས་ཇ་ཆང་ལེགས་པར་བཞེས་དང་།

ཝ་མོ་བརྒྱལ་བ་བཞིན་དུ་ཉིས་སྟོང་ལྔ་བརྒྱས་(19)བྱས་སོང་། །

ཟ་རི་ཟི་རིའི་དམག་གིས་རོ་སྟོད་ན་ཚས་ཁེངས་སོང་།

ཡ་མཚན་ཅན་གྱི་བུ་ཆུང་ཡུལ་དུ་འཁོར་བ་བཟང་བྱུང་།

། །

རང་གཉིས་མ་བུ་འཕྲད་པའི་གླེང་མོའི་གཏམ་ལན་འདི་ཚོ། ། ལ་མོ་འདི་ཡི་སྟེང་དུ་ཆད་ལུས་མེད་པ་ཞུས་ཡོད།

ས་སྟེང་འདི་ན་མ་བཞུགས་ཕོ་བྲང་ནང་ལ་ཕེབས་དང་།

ཨ་མ་མ་ཤི་གོང་ལ་ནོར་བཟང་གཞིས་ལ་ཕེབས་མཛོད།

ཤ་ཚའི་སྙིང་གཏམ་ཡིན་པས་བུ་ཆུང་ཐུགས་ལ་ཞོག་མཛོད། ། ཧ་ལམ་གསན་པ་ཨེ་བྱུང་མ་ངའི་བུ་ཆུང་ནོར་བཟང་།

གསུམ་པ། ཀ་ནས་ན་བར་གྱི་ལུགས་འབྱུང་གི་ཀ་བཤད་ཅིག་བྲིས། ཀ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ། ང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཅ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཆ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ། ཇ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཉ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ། ཏ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཐ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ། (18) དྲི་ཟའི་ཡུལ་བྱེ་བྲག་ཞིག་སྟེ་ཡབ་རྟ་མགོ་ལྗོན་པའི་ཡུལ། (19)

(20)

ཨ་མཆོད་ཧ་རི་ནག་པོས་གཙོས་བཙུན་མོ་ལྔ་བརྒྱ་ལ་གོ།

ཨ་མ་ང་བུ་ཁྱེད་མེད་པའི་རིང་ཡན་ལག་དང་དབང་པོ་སོགས་ན་ཚ་མ་བྱུང་བའི་དོན།

155

ཀ་བཤད་རྩོམ་ཡིག་དང་པོ།


རྩོམ་རི

ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

བཞི་པ། ང་ནས་ཀ་བར་གྱི་ལུགས་ལྡོག་གི་ཀ་བཤད་ཅིག་བྲིས། ང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ཀ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

ལྔ་པ། གསལ་བྱེད་གང་རུང་ཞིག་ངེས་པའི་ཀ་བཤད་ཅིག་བྲིས།

156


ཀ་བཤད་རྩོམ་ཡིག་དང་པོ།

མྱུར་ཀློག་རྩལ་སྦྱོང་།

སྡེ ་ ཚན་འདི ར ་མཛད་རྣམ་གྱི ་ ལེ འུ ་དང་པོ ་ སོ ་ ནམ་པའི ་ བུ་བཀོ ད ་

ཡོད་ཅིང་། དང་།

དེའི་ནང་༸གོང་ས་མཆོག་གི་འཁྲུངས་ཡུལ་གྱི་སྐོར་

༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་

མཛད་དེ་གསེར་ཁྲི་མངའ་གསོལ་ཞུས་པ་སོགས་ཀྱི་སྐོར་བཀོད་ ཡོད།

སྡེ་ཚན་འདི་སློབ་ཕྲུག་སོ་སོར་ཀློག་ཏུ་བཅུག་སྟེ།

འགོད་སྟངས་ཁྲིད་ཟིན་པ་ལྟར།

ཟིན་བྲིས་

ཟིན་བྲིས་འགོད་དུ་བཅུག་ནས་

འཛི ན ་གྲྭའི ་ ནང་སྦྱང་བཤད་བརྒྱུད་གོ ་ རྟོ ག ས་ཀྱི ་ ནུས་པ་དང་། བཤད་རྩལ་སྦྱོང་བརྡར་སྤྲོད་དགོས།

157


མྱུར་ཀློག་རྩལ་ས

སློབ་ཚན་ཉེར་དྲུག་པ།

ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང༌།

ལེའུ་དང་པོ། སོ་ནམ་པའི་བུ།

༄༅། །ཕྱི་ལོ་༡༩༣༥ བོད་ཤིང་ཕག་ཟླ་༥ ཚེས་༥ ཉིན་ང་སྐྱེས་ཤིང༌། ངའི་སྐྱེས་ཡུལ་བོད་བྱང་ཤར་ ཁུལ་སྟག་འཚེར་ཞེས་པ་གྲོང་གསེབ་ཆུང་ཆུང་ཞིག་སྟེ། སྟག་འཚེར་ཞེས་པ་འདི་ནི་མདོ་ཁམས་ཀྱི་

ཁོངས་གཏོགས་ཡིན་ཞིང༌། མདོ་ཁམས་ཞེས་ལུང་པའི་མིང་གི་སྟེང་ནས་གོ་རྒྱུ་ཆེན་པོ་ཡོད། མདོ་ ཞེས་པ་རོང་དང་ཐང་འབྲེལ་མཚམས། ཁམས་ཞེས་པ་བོད་ཤར་ཕྱོགས་སུ་ཡོད་ཅིང༌། ས་གནས་

དེར་ཁམས་པ་རྣམས་སྡོད་པ་ཡིན། མདོ་ཁམས་ཞེས་པ་བོད་ཤར་ངོས་ཀྱི་རི་བརྒྱུད་རྒྱ་ནག་ཕྱོགས་ བབས་པའི་ས་ཁུལ་དུ་ཡོད་ཅིང༌། སྟག་འཚེར་ནི་རྒྱ་མཚོ་ནས་མཐོ་ཚད་ཕི་ཀྲི་དགུ་སྟོང་ཡོད།

ལུང་པ་དེ་མཛེས་སྡུག་དང་ལྡན་པ་ཞིག་ཡིན་པ་མ་ཟད། ས་ཆ་མཐོན་པོའི་ཐང་ཆུང་ཆུང་ཞིག་

གི་སྟེང་ལ་ཆགས་ཏེ། ཉེ་འཁོར་དུ་གྲོ་དང༌། འབྲུ་སོགས་ཀྱི་ཞིང་ག་མང་པོ་དང༌། ཐང་ཆུང་དེའི་ གཡས་གཡོན་རི་དང༌། རྩྭ། ནགས་ཚལ་གྱིས་ཁེངས་ནས་ཡོད་པ་རེད།

གྲོང་གསེབ་དེའི་ལྷོ་ངོས་རི་བོ་གཞན་ལས་མཐོ་བ་ཞིག་ཡོད་པ་དེའི་མིང་ལ་ཨ་མེས་སྐྱེ་རི་ཟེར། 158


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ཡུལ་མི་ཚོས་རི་གནམ་ལ་གཟུག་མཁན་ཡང་ཟེར་ཞིང༌། རི་དེར་ཡུལ་ལྷ་གནས་པར་གྲགས། རི་

སྨད་ལ་ཤིང་ནགས་དང༌། དེའི་ཐོད་དུ་སྤང་རི། དེའི་རྩེར་བྲག་རི། ཡང་རྩེར་གངས་ཕྲན་བུ་ཡོད་

ཅིང༌། གངས་དེ་དབྱར་དུས་སུའང་མ་བཞུ་བར་གཏན་དུ་གནས་ཡོད། རི་དེའི་བྱང་ལ་ཤུག་པ་དང༌། ཁམ་སྡོང༌། སྟར་ཁ། སེ་འབྲུའི་རིགས་སོགས་ཤིང་འབྲས་ཀྱི་སྡོང་པོ་མང་པོ་དང༌། མེ་ཏོག་དྲི་ངད་

ལྡན་པ་མང་པོ་ཡོད་ཁར། བྲག་ལོགས་ནས་ཆུ་རྒྱུན་ལྷུང་ལྷུང་བབ་པས་མཛེས་ཤིང༌། ཡུལ་དེར་བྱ་

དང༌། བྱིའུ་སྣ་ཚོགས་དང༌། རི་དྭགས་ཤྭ་བ། རྐྱང༌། སྤྲེའུ་དང༌། གཅན་གཟན་གཟིག དོམ། ཝ་ མོ་སོགས་ཡོད་ཅིང༌། ང་ཚོའི་ཡུལ་མི་མང་ཆེ་ནང་པ་ཡིན་པས་སེམས་ཅན་ལ་གནོད་འཚེ་མ་བྱས་ སྟབས་རི་དྭགས་རྣམས་ཀྱང་འཇིགས་པ་མེད་པར་བག་ཕེབས་སུ་སྡོད་པ་རེད།

རང་བྱུང་བཀོད་པས་མཛེས་པའི་ལུང་པ་དེའི་དབུས་སུ་ཀརྨ་ཤར་ཙོང་རི་ཁྲོད་ཅེས་བོད་ཀྱི་ཆོས་

ཀྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པ་ཞིག་ཡོད་ཅིང༌། དགོན་པ་དེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་ རྡོ་རྗེས་ཕྱག་བཏབ་པ་རེད། ཀརྨ་པ་ནི་བོད་ནང་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོག་མ་

ཡིན། དགོན་པ་དེར་དུས་རབས་བཅུ་བཞི་པའི་ནང་རྗེ་ཙོང་ཁ་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་སྒོར་

ཐོག་མར་གཞུགས་གནང་མཛད་པ་རེད། དེའི་སྨད་ལ་དགོན་པ་གཉིས་པ་ཞིག་ཡོད། དེའི་མིང་ ལ་ཨ་མདོ་བྱ་ཁྱུང་དགོན་པ་ཟེར། དགོན་རྒྱབ་རི་ལ་བརྟེན་ཏེ་ཡོད་པས་ཆགས་སྟངས་མཛེས་ཤིང༌།

དགོན་པའི་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་དང༌། དེ་བཞིན་ཆོས་ཀྱི་འཁོར་ལོ་ཡོད་པ་དེ་ རི་དྭགས་གཉིས་ཀྱིས་མཐའ་གཉིས་སུ་བརྒྱན་པ་སོགས་ཡོད་གཤིས། དགོན་པ་དེ་དབྱིབས་བཀོད་

མཛེས་ཤིང་བརྗིད་ཆགས་ཅན་ཞིག་ཏུ་མ་ཟད། སྐུ་གསུང་ཐུགས་རྟེན་མང་བས་ལུང་པ་དེའི་ནང་ལ་

རྩ་ཆེན་ཞིག་ཏུའང་ཆགས་པ་རེད།

གྲོང་གསེབ་ཀྱི་མི་རྣམས་དད་པའི་རྟགས་མཚན་གྱིས་ཁང་པ་ཚང་མའི་ཐོག་ཁར་དར་ལྕོག་ཡོད། སྟག་འཚེར་ནི་སོ་ནམ་པའི་ས་ཁུལ་ཞིག་སྟེ། ཟ་ཆས་གཙོ་བོ་གྲོ། གྲོ་ཞིབ། རྩམ་པ། ཤ། མར། ཇ༑ ཆང་ཞེས་པ་ནས་ཀྱིས་བཟོས་པ་ཞིག་བཅས་རེད། ནང་པའི་མི་ཚོ་ཤ་ཟ་རྒྱུའི་སྐོར་བསམ་ཚུལ་

འདྲ་མིན་སྣ་ཚོགས་ཡོད་ཀྱང༌། སྤྱིར་བཏང་བཤད་ན། བོད་ཀྱི་གནམ་གཤིས་གྲང་ཞིང༌། སྔོ་ཚོད་ཀྱི་

བཟའ་བཅའི་རིགས་མང་པོ་མིན་སྟབས་ཤ་མ་ཟོས་པར་ལུས་འཚོ་སྲ་ཐང་ཡོང་མི་ཐུབ་པར་བརྟེན་ 159


མྱུར་ཀློག་རྩལ་ས

བོད་ཡུལ་དུ་ནང་ཆོས་མ་དར་གོང་ནས་ལུགས་སྲོལ་གོམས་གཤིས་དེ་ལྟར་ཡོད། དེ་ལྟར་ན་ཡང༌།

གཞན་གྱི་སྲོག་གཅོད་བྱེད་རྒྱུ་བོད་མི་ཚང་མས་འཛེམས་ཟོན་བྱེད་ཅིང༌། རང་གི་ཆེད་དུ་མིན་པར་

སྲོག་དང་བྲལ་ཟིན་པའི་ཤ་ཁྲོམ་ནས་ཉོས་པ་ལ་ཉེས་དམིགས་སུ་མི་ལྟ། སྲོག་གཅོད་བྱེད་མཁན་ བཤན་པ་ཚོར་སྡིག་ཅན་དང༌། རིགས་ངན་ཐ་ཆད་ཅིག་ཏུ་བརྩི་བ་རེད། འབྲུ། གྲོ་ཞིབ། འཁྲོལ་

འཁྱིལ་རྣམས་ཉེ་ཁུལ་སྐུ་འབུམ་དང༌། ཟི་ལིང་ནང་ཕར་སྤྲད་དེ། ཇ། བྱེ་ཀར། རས་སོགས་མཁོ་ བྱེད་དང༌། རྒྱན་ཆ། ལྕགས་ཀྱི་སྣོད་ཆས་སོགས་ཚུར་བླངས་ཏེ་ཉོ་ཚོང་བྱེད།

མི་མང་གི་གྱོན་ཆས་ནི་བོད་ཀྱི་གྱོན་ཆས་ཁེ་གཙང་སྟེ། ཁྱོ་གས་པགས་ཞྭ་དང༌། ཀོ་བའི་ལྷམ་ཡུ་

རིང་གྱོན་པ། ཕྱུ་པ་ལ་སྐེ་རགས་དམའ་བོ་བཅིངས། ཨམ་ཧྲག་ལྷུག་ལྷུག་བཞག་སྟེ། དེ་ནང་མཁོ་ ཆས་འཇུག་གི་རེད། བོད་ནང་གང་སར་ཕྱུ་པ་གྱོན་སྟངས་སྣ་ཚོགས་ཡོད། སྐྱེད་དམན་རྣམས་ནས་ བལ་གྱིས་བཟོས་པའི་ཕྱུ་པ་ཕུ་ཐུང་མེད་པ་རིང་པོ་གྱོན་པ་དང༌། རས་སམ། སི་ལེགས་ཀྱི་སྟོད་ཐུང་

ཚོན་བཀྲག་ཆེན་པོ་དེ་འདྲ་ཡང་གྱོན་གྱི་རེད། དམིགས་བསལ་གྱི་དུས་སྐབས་ལ་སྐྱེད་དམན་ཚོས་ མགོ་རྒྱབ་ནས་རྐེད་མཚམས་བར་སླེབས་པའི་རྒྱན་ཆ་འདོགས་པ་དང༌། དགུན་དུས་སུ་ཚང་མས་

པགས་པའི་སྟོད་ཐུང་དང༌། པགས་པ་མཐུག་པོའི་ནང་ཤ་བྱས་པའི་ཕྱུ་པ་གྱོན་གྱི་རེད། འཛམ་གླིང་ གཞན་དག་གི་སྐྱེད་དམན་ནང་བཞིན་སྟག་འཚེར་ནང་གི་སྐྱེད་དམན་ཚོས་ཀྱང་རྡོ་རྩ་ཆེན་སོགས་

ཀྱི་རྒྱན་ཆའི་རིགས་ལ་དགའ་བོ་བྱེད། ད་དུང་སྐྱེད་དམན་རྣམས་མ་བྱན་གཏོང་རྒྱུའི་ལས་ཀ་ཡག་ པོ་ཡོད་སྟབས་སྐྱེས་པ་ཚོས་ངོམས་བཞིན་སྤོབས་པ་བྱེད་སྲོལ་ཡོད། ཉེ་སྐོར་དུ་དགོན་པ་དང༌། ལྷ་

ཁང་མང་པོ་ཡོད་པར་སེར་སྐྱ་ཚང་མས་མཆོད་འབུལ་དང༌། སྨོན་ལམ་འདེབས་པར་འགྲོ་ཞིང༌། ས་

ཁུལ་དེའི་འཚོ་བའི་རྟེན་གཞི་ངོ་མ་ཆོས་ཡིན། བོད་རིགས་ནང་ཆོས་ལ་མི་དད་པ་མེད་པས། བུ་

ཕྲུག་ཆུང་ངུ་སྨྲ་བརྗོད་ཐུབ་ཙམ་ནས་ཀྱང་རྟེན་གསུམ་ཡོད་སའི་ལྷ་ཁང་དུ་འགྲོ་རྒྱུར་དགའ་པོ་བྱེད་ པ་དང༌། རྩེད་མོའི་དུས་སུ་ཡང་ལྷ་ཁང་བཞེངས་པ་དང༌། མཆོད་འབུལ་གྱི་ལད་མོ་བྱེད་ཅིང༌། རང་གིས་ངང་གིས་ཆོས་ཀྱི་སྤྱོད་ཚུལ་མང་པོ་བྱེད་ཀྱི་རེད། སེར་སྣ་ཅན་རེ་ཟུང་མ་གཏོགས་བོད་

མི་དབུལ་ཕྱུག་ཕལ་མོ་ཆེས་རང་གི་དགོས་མཁོའི་ཁ་ལྷག་ནས་ལྷ་ཁང་བཞེངས་པ་དང༌། མཆོད་ འབུལ། དབུལ་པོར་སྦྱིན་གཏོང་སྲོག་བླུ་སོགས་ཀྱི་ཐོག་བཏང་ནས་དགེ་སྒྲུབ་བྱེད་ཀྱི་རེད། མི་ཚང་ 160


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ཕྱུག་པོའི་ཁྱིམ་དུ་མཆོད་གཤོམས་རེ་ཡོད་ཅིང༌། དགེ་འདུན་པར་བསྙེན་བཀུར་ཏེ་ཆོས་སྤྱོད་མཛད་

དུ་འཇུག དུས་དུས་སུ་ཁྱིམ་ཚང་རེས་དགེ་འདུན་བརྒྱ་ཕྲག་གདན་ཞུས་ཀྱིས་རྩ་ཆེའི་གསུང་རབ་

ཀློག་ཅིང་བསྙེན་བཀུར་བྱེད། དབུལ་པོ་ཚོར་ཡང་མཆོད་གཤོམས་ཆུང་ངུ་རེ་དང༌། སངས་རྒྱས་ཀྱི་ སྐུ་རེ་ཕལ་ཆེར་ལ་ཡོད་ཅིང༌། རྒྱུན་དུ་མར་མེ་འབུལ་གྱི་རེད།

མདོ་ཁམས་ཀྱི་མི་ཕལ་ཆེ་བ་ལུས་སྟོབས་ཆེ་ཞིང༌། རང་བཞིན་གྱི་དཔའ་ཆེ་བ་ཡིན་ཡང༌། ཆོས་ཀྱི་

ནུས་པས་ཞི་དུལ་དང༌། སྙོམ་ཆུང༌། གཏོང་ཕོད་ཅན། རང་ཚུགས་ཟིན་པ། བྱམས་སྙིང་རྗེ་ལྡན་པ་ ཡོད།

མི་རིགས་སྤྱོད་བཟང་དང༌།

མཛའ་མཐུན་ཆེན་པོ་བྱེད་མཁན་དེ་འདྲ་ཞིག་གི་དཀྱིལ་དུ་བོད་

རིགས་ཁེ་གཙང་གི་ཁྱིམ་ཞིག་ལ་ངོས་རང་སྐྱེས་འདུག ངའི་ཁྱིམ་ཁང་མདོ་ཁམས་སུ་ཡོད་ཀྱང༌། རིགས་བརྒྱུད་ཕ་མེས་བོད་དབུས་ནས་ཡོང་བ་ཞིག་སྟེ། དེ་ཡོང་སྟངས་ཇི་ལྟར་ཡིན་མིན་གྱི་གནས་

ལུགས་ཤོད་རྒྱུ་ལས་སླ་པོ་རེད། ལོ་བརྒྱ་ཕྲག་མང་པོ་བརྒལ་བའི་དུས་བོད་ཀྱི་ཆོས་རྒྱལ་མང་སྲོང་ མང་བཙན་སྐབས་བོད་བྱང་ཤར་ཕག ྱོ ས་ས་མཚམས་སྲུང་སྐྱོབ་ཀྱི་དམག་མིའི་རུ་ཁག་མང་པོ་བཞག་

ཚོད་འདུག ངའི་ཕ་མེས་ཤིག་དམག་མི་དེ་དག་ནས་བྱུང༌། དེར་བརྟེན་ནང་མིའི་ཡུལ་སྐད་ནང་ ལའང་བོད་དབུས་འཕན་པོའི་ནང་གི་ཡུལ་སྐད་འགའ་ཤས་འདྲེས་ཡོད་པ། དཔེར་ན། མཐུར་མ་

ལ་ཁྱེམ་བུ་དང༌། ཕོར་པ་ལ་ཅན་ནེ་ཟེར་བ་ལྟ་བུ་རེད། ད་ལྟའི་གོང་གི་མི་རབས་གཉིས་ཙམ་མ་

གཏོགས་དེའི་གོང་དུ་མི་བརྒྱུད་ནས་གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་བཟུང་འདུག ང་

སོ་ནམ་པའི་ཁྱིམ་ཚང་དམའ་བོ་ཞིག་ནས་ཡོང་བ་འདིར་རྒྱུན་དུ་དགའ་པོ་འདུག ལོ་ན་ཆུང་ཆུང་ སྐབས་གྲོང་གསེབ་ནས་ཡོང་བའི་གནས་ཚུལ་འདི་དག་བརྗོད་འདོད་ཡོད། ལོ་མང་པོའི་རྗེས་ལ་ང་ རྒྱ་ནག་ནས་ཕྱིར་ལོག་ཡོང་བའི་ལམ་ཞོར་སྟག་འཚེར་ལ་འཁྱུག་ཙམ་ཕྱིན་པར། དེ་སྐབས་ངའི་ཕ་

མེས་ཀྱི་ཁྱིམ་ཁང་གྲོང་གསེབ་ཉམ་ཆུང་འདི་མཐོང་བ་ཙམ་གྱིས་སྤོབས་པ་ཆེན་པོ་ཞིག་སྐྱེས་བྱུང༌།

ང་ཁྱིམ་ཚང་ཕྱུག་པོ་དང༌། མཐོ་བོ་ཞིག་ལ་སྐྱེས་ཡོད་ན་མི་མང་དབུལ་པོ་ཉམ་ཆུང་གི་བདེ་སྡུག་ ཇི་ཡོད་ངས་ཤེས་རྟོགས་ཐུབ་ཀྱི་མ་རེད་བསམ་པ་རྒྱུན་དུ་ཡོད། ཁྱིམ་ཚང་དམའ་པོ་ཞིག་ལ་སྐྱེས་

སྟབས་མི་ཉམ་ཆུང་སྐྱོ་བོའི་གནས་ཚུལ་རྣམས་གསལ་པོ་ཤེས་ཀྱི་ཡོད་པས། མི་མང་ཉམ་ཆུང་ཚོའི་ 161


མྱུར་ཀློག་རྩལ་ས

འཚོ་ཐབས་འདི་གང་ལེགས་སུ་འགྲོ་བའི་ཐབས་ཤེས་བྱས་པ་ཡིན།

ངའི་ཁྱིམ་དེར་ནང་མི་མང་པོ་ཡོད། དེ་ཡང༌། གཅེན་པོ་བཞི་དང༌། གཅེན་མོ་གཉིས་ཡོད། ང་

ཚོ་ལོ་ན་རྒན་གཞོན་ཁྱད་པར་ཆེན་པོ་ཡོད་ཅིང༌། ངའི་སྐྱེད་མར་བུ་ཕྲུག་བཅུ་དྲུག་འཁྲུངས་ཀྱང༌།

དགུ་ཆུང་དུས་ནས་གྲོངས་འདུག ནང་མི་ཚང་མ་མཛའ་བརྩེའི་འབྲེལ་བ་དམ་པོ་ཡོད།

ངའི་ཕ་བྱམས་སྙིང་རྗེ་ལེགས་པོ་ཡོད་མཁན་ཞིག་དང༌། རླུང་ལངས་པོ་ཞིག་ཀྱང་རེད། ཡིན་ནའང་

རླུང་དེ་རྒྱུན་རིང་པོ་མི་སྡོད། ཁོང་གཟུགས་རིང་སྟོབས་ལྡན་ཞིག་མིན་ལ། ཡོན་ཏན་ཡང་ཡོད་པ་

ཞིག་མིན་ཏེ། རང་བཞིན་གྱི་སྤྱང་པོ་དང༌། གྲུང་པོ་ཞིག་རེད། ལྷག་པར་རྟ་ལ་དགའ་པོ་ཡོད་སྟབས་ རྟ་དྲེལ་མང་པོ་ཞོན་གྱི་རེད། དེ་བཞིན་རྟ་དྲེལ་འདེམ་བསྒྲུག་ལ་མཁས་ཤིང༌། བཅོས་ཐབས་ལ་ཡང་ མཁས་པོ་ཡོད།

ངའི་ཨ་མ་བྱམས་སེམས་ཆེན་པོ་ཞིག་སྟེ། ཚང་མར་ཕན་སེམས་བྱེད་ཅིང༌། དཔེར་ན། མི་གཞན་ བཀྲེས་སྐོམ་གྱི ས ་ཉེ ན ་པ་ཞི ག ་ཡོ ད ་ན་རང་གི ་ ལྟོ་ཆས་རྣམས་གནང་སྟེ་རང་ཉི ད ་ལྟོགས་པར་

བཞུགས་ཀྱི་རེད། རྒྱུན་དུ་ནང་མི་ཚོའི་འགོ་འཁྲིད་བྱམས་བརྩེའི་ངང་ནས་གནང་བ་རེད། ཁོང་མི་

ཚང་མར་འདྲིས་བདེ་བོ་དང༌། བསམ་བློ་རྒྱ་ཆེན་པོ་གཏོང་མཁན་ཞིག་སྟེ། ངེད་རང་ཏཱ་ལའི་བླ་མའི་

ངོས་འཛིན་བྱས་རྗེས་ཁོང་གིས་ཕྲུག་གུ་གཞན་རྣམས་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུའི་དམིགས་ བསལ་གྱི་འགན་བཞེས་གནང་བ་རེད།

ང་ཚོའི་འཚོ་བ་སྐྱེལ་སྟངས་ཀྱི་གཙོ་བོ་སོ་ནམ་ཡིན་ཀྱང༌། རྟ་དང༌། བ་ཕྱུགས་སོགས་ཀྱང་གསོ་ཉར་ དང༌། ཚལ་ཞིང་ཡང་འདེབས་ལས་བྱེད། སྤྱིར་བཏང་ཞིང་ལས་བྱེད་མི་ལྔ་ཡོད་ཀྱང་ལས་ཀ་མང་

ཆེ་བ་ནང་མི་རང་གིས་བྱེད་ཅིང༌། སྟོན་དཔྱིད་ཞིང་འདེབས་པ་དང༌། བཙས་མ་རྔ་སྐབས་ཉིན་

ཤས་རིང་ཕྱི་ནས་མི་བཅོ་ལྔ་ནས་བཞི་བཅུ་བར་ལས་མི་གླས་ཏེ་གླ་རྔན་སྤྲོད་ཀྱི་ཡོད། ང་ཚོའི་གྲོང་

ནང་ཁྱིམ་ཚང་གཞན་ཞིག་ལ་ལས་ཀ་ཁག་པོ་ཡོད་ན་ཕར་ཚུར་རོགས་རམ་བྱེད་རྒྱུའི་ལུགས་སྲོལ་

ཡང་ཡོད་པ་ཡིན། ངེད་རང་ཆུང་ངུའི་སྐབས་ཨ་མ་ལགས་ཀྱིས་རྒྱབ་ལ་བསྣམས་ཏེ་ཞིང་ལས་སར་ 162


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ཕེབས་ཏེ་ཞིང་ལས་གནང་སྐབས། ཞིང་གི་མཐའ་ལ་རྒྱུག་པ་ཞིག་ཏུ་ཉི་གདུགས་བསྒྲགས་ཏེ་དེའི་

བསིལ་གྲིབ་འོག་ལ་གཉིད་ཉལ་འཇུག་གི་ཡོད།

ང་ཚོའི་ཁང་པ་དེ་གྲུ་བཞི་ཐོག་གཅིག་མ་དཀྱིལ་དུ་རྡོ་གཅལ་དང་རྩིག་རྨང་ལ་རྡོ་དང༌། ཐོད་ཆར་

སོ་ཕག་གིས་བརྒྱབ་ཡོད། ཐོག་ཁའི་མཐའ་ལ་གཡུ་རྩིའི་ཁ་བད་དང་རྒྱལ་སྒོ་ལྟེ་བའི་ཁ་ལྷོ་ངོས་སུ་

ཨ་མེས་སྐྱེ་རིར་བསྟན་ཅིང༌། བོད་ཀྱི་ལུགས་སྲོལ་ལྟར་མདུན་སྒོའི་ཐོད་དུ་མདུང་དར་དང༌། རྡོ་

གཅལ་དཀྱིལ་དུ་དར་ཆེན་རིང་པོ་ཞིག་ཀྱང་ཡོད། ཁང་རྒྱབ་ལ་རྟ་ར། བ་ར། སྒོ་ཁར་འདོགས་ཁྱི་ ཞིག་བཏགས་ཡོད་ཅིང༌། དེ་ནི་ཁང་པའི་ནང་གཞན་དག་གང་བྱུང་མི་ཡོང་བའི་ཁྱད་རེད།

བ་ཕྱུགས་བརྒྱད་དང༌། མཛོ་མོ་བདུན་ཡོད། མཛོ་མོ་ཞེས་པ་གཡག་དང༌། བ་ཕྱུགས་འདྲེས་པ་རེད།

གཡག་ཅེས་པ་ཕོ་མིང་དང༌། མོ་ལ་འབྲི་ཟེར། སྒོ་ཕྱུགས་ཀྱི་འོ་མ་སྐྱེད་མ་རང་ཉིད་ཀྱིས་འཇོ་གནང་ མཛད་ཅིང༌། ངོས་གོམ་པ་རྒྱག་ཤེས་སྐབས་ཕོར་པ་འཁྱེར་ཏེ་ཨ་མ་ལགས་འོ ་མ་བཞོ་བའི་སར་འགྲོ་

ཞིང༌། དེར་མཛོ་མོའི་འོ་མ་བཞོས་མ་ཐག་པ་ཚ་བོར་གནང་གི་ཡོད། བྱ་མོ་ཡོད་སར་སྒོ་ང་ལེན་པར་

གཏོང་གནང་གི་ཡོད་པ་སོགས་དྲན་སོས་ཀྱི་འདུག ངས་ཁྱིམ་བྱ་ནང་བཞིན་གདང་ག་ལ་འཛེགས་ ཏེ་བྱ་སྐད་བརྒྱབ་པ་ཡང་དྲན་སོས་ཀྱི་འདུག

ང་ཚོའི་ནང་མི་རྣམས་མི་ཚེ་སྐྱེལ་སྟངས་རྒྱས་སྤྲོས་མེད་པའི་ཁུ་འདུས་ཤིག་ཡིན་ནའང་དགའ་བོའི་

ངང་ནས་བློ་ཁ་ཁེངས་པ་ཞིག་ཡོད། དེ་ནི་ཏཱ་ལའི་བླ་མ་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ལ་བརྟེན་

ནས་བྱུང༌། ཁོང་གིས་བོད་ནང་སྲིད་དང༌། ཆོས་ཀྱི་དབུ་འཁྲིད་ལོ་མང་པོ་གནང་ཞིང༌། ཁོང་

གི་དུས་སུ་སླར་ཡང་བོད་ཅེས་པ་ཟུར་དུ་རང་བཙན་ཡིན་པ་ཞིག་བཟོས་གནང་བ་མ་ཟད། མི་

དམངས་ལ་ཡར་རྒྱས་ཡོང་ཐབས་ཀྱང་གནང་བ་རེད། ང་ཚོ་ཡོད་ས་ཤར་ཕྱོགས་ཀྱི་ས་ཁུལ་དེ་རྒྱ་ ནག་གི་སྲིད་དབང་འོག་ཡིན་ཀྱང༌། ཁོང་ཆོས་སྲིད་ཀྱི་དབུ་བཞུགས་ཤིག་ས་གནས་དེར་ལོ་གཅིག་ མིན་ཙམ་བཞུགས་སྟབས་མི་མང་དེ་ཚོར་ཁོང་གི་བྱིན་ནུས་ཐད་ཀར་ཐོབ་ཡོད་པ་ཡིན།

དམ་པ་གང་དེས་བོད་མི་མང་ལ་གནང་བའི་གསུང་བཤད་ཅིག་གི་ནང་ལ། ངོས་ལ་ཆོས་སྲིད་ཀྱི་ 163


མྱུར་ཀློག་རྩལ་ས

འགན་འཁུར་ཐོག་ཏུ་བབས་ན། རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་

དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་

ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་ རྒུ་རྩལ་སྤྲུགས་བགྱིས་ལུགས་གསུངས་འདུག་ཅིང༌། ཁོང་གིས་དགོངས་བཞེད་དེ་ལྟར་གནང་བའི་

གྲུབ་འབྲས་སུ་བོད་མི་རྣམས་ཞི་བདེ་དང༌། ཡར་རྒྱས། དགའ་སྐྱིད་ཀྱི་དུས་སྐབས་རིང་པོ་ཞིག་འགོ་

ཚུགས་པ་བྱུང༌། ཡང་གསུངས་གསལ། ཆུ་གླང་ནས་ད་ལྟ་ཆུ་སྤྲེལ་བར་བོད་ལང ྗོ ས་འདི་ཉིད་དུ་བདེ་

སྐྱིད་རྫོགས་ལྡན་གྱི་དཔལ་གསར་དུ་བཞད་པས་མཆོག་དམན་ཚང་མས་དགའ་བདེར་ཅི་དགར་

ལོངས་སྤྱོད་བག་ཕེབས་སུ་ཚིམས་པ་འདིས་མཚོན་ཞེས་བཀའ་གནང་འདུག

འོན་ཀྱང་ཆུ་བྱ། ཕྱི་ལོ་༡༩༣༣ ལོར་ཐུབ་བསྟན་རྒྱ་མཚོ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་དེ་ བོད་ནང་ཁྱབ་སྐབས་མི་མང་ཚང་མ་སེམས་སྡུག་ཚད་མེད་པ་བྱུང་བ་དང་ཆབས་ཅིག་པར། ང་ ཚོའི་གྲོང་གསེབ་ལ་གསར་འགྱུར་སྐྱོ་བོ་མི་སྙན་པ་བསྣམས་ཕེབས་མཁན་ངའི་ཕ་རྒན་ཡིན་འདུག ཁོང་སྐུ་འབུམ་ལ་ཕེབས་དུས་དགོན་པ་ཆེན་པོ་དེ་ནས་གསན་པ་རེད། རྒྱལ་དབང་གོང་མ་སྐུ་ཕྲེང་ བཅུ་གསུམ་པ་ཆེན་པོས་བོད་ཀྱི་ཞི་བདེ་དང༌། ཡར་རྒྱས་ཀྱི་དོན་ལ་མཛད་འཁུར་ཆེན་པོ་བཞེས་

ཡོད་སྟབས་བོད་མི་རྣམས་ནས་བཀའ་དྲིན་རྗེས་དྲན་གྱིས་དམིགས་བསལ་གུས་བཏུད་ཆེད་དུ་

གསེར་སྡོང་ཆེ་བ་ཞིག་བཞེངས་རྒྱུ་ཐག་བཅད་དེ། སྔོན་གྱི་གནའ་སྲོལ་དང་མཐུན་པའི་གསེར་སྡོང་ ཞིག་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏཱ་ལའི་ཕོ་བྲང་ནང་གསར་བཞེངས་བྱས།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་དེའི་ཡང་སྲིད་བརྩད་འཚོལ་སྐོར། ཏཱ་

ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཡང་དེའི་གོང་མའི་ཡང་སྲིད་ཅིག་སྟེ། ཏཱ་ལའི་བླ་མ་སྐུ་ཕྲེང་དང་

པོ་ཕྱི་ལོ་༡༣༩༡ ནང་འཁྲུངས་ཤིང་། འཕགས་པ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པར་ དམ་བཅས་ཏེ་སྤྲུལ་པའི་རོལ་གར་རིམ་པས་ཡང་སྲིད་དུ་བྱོན་པ་ཞིག་རེད།

ཏཱ་ལའི་བླ་མ་ཡང་སྲིད་མ་རྙེད་བར་དང༌། སྐུ་ན་མ་སོན་བར་རྒྱལ་ཚབ་ཅིག་ཡུལ་ཁམས་ཀྱི་ཚོགས་

འདུ་ནས་བསྐོ་བཞག་བྱེད་ཅིང༌། དེ་ནས་སྔར་གྱི་ཚུལ་ལུགས་དང་མཐུན་པར་ཡང་སྲིད་ས་ཕྱོགས་ 164


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

གང་དུ་ཡོད་མེད་ལྷ་བླ་མཁས་པ་ཚད་ལྡན་རྣམས་ལ་ལུང་བརྟག་ཞུས་ཏེ། དེའི་སྐབས་ལྷ་ས་ནས་ བྱང་ཤར་ལ་སྤྲིན་པ་ཆགས་སྟངས་མི་འདྲ་བ་མང་པོ་བྱུང་བ་དང༌། རྒྱལ་དབང་མཆོག་གི་སྐུ་པུར་དེ་

(ནོར་བུ་གླིང་གར)བཞུགས་ཁྲིའི་སྟེང་ཞལ་ལྷོར་བལྟས་ཏེ་བཞུགས་པ་ནས་ཞལ་ཤར་ངོས་སུ་གཟིགས་

པའི་སྣང་བ་དང༌། རྗེས་སུ་མཆོད་སྡོང་གི་བྱང་ཤར་ཀ་རིང་གི་ལྡེབས་ལ་ག་ློ བུར་དུ་སྐར་མ་འདྲ་བའི་ དཀར་ཤ་ཞིག་སྐྱེས་པ་སོགས་ཁུངས་སྐྱེལ་གཞན་དག་དང་བཅས་པས་ཡང་སྲིད་གང་དུ་འཁྲུངས་ ཡོད་མེད་ཀྱི་རྟགས་མཚན་དུ་བྱུང་ཚོད།

དེ་རྗེས་ཕྱི་ལོ་༡༩༣༥ ཤིང་ཕག་ལོ་རྒྱལ་ཚབ་ནས་ལྷ་སའི་ཤར་ལྷོའི་མཚམས་མལ་ལེ་༩༠ ཙམ་གྱི་ སར་ཆོས་འཁོར་རྒྱལ་དུ་ལྷ་མོའི་བླ་མཚོ་རྩ་ཆེ་ཡོད་སར་ཕེབས། མཚོ་དེར་མ་འོངས་པའི་ལྐོག་གྱུར་ གྱི་གནས་ཚུལ་ཇི་ཡོང་ཆུ་ནང་ནས་བསྟན་གྱི་ཡོད་པ་བོད་མི་ཚང་མས་ཡིད་ཆེས་བྱེད་ཅིང༌།

མཚོ་དེ་འདྲ་བོད་ལ་མང་པོ་ཡོད་ཀྱང་ལྷ་མོའི་བླ་མཚོ་ཞེས་པ་དེ་སྐད་གྲགས་ཆེ་ཤོས་ཤིག་སྟེ། སྐབས་

རེ་མཚོའི་ནང་ནས་དོན་གནད་རྣམས་ཡིག་ཐོག་དང༌། སྐབས་རེ་པར་རིས་ཐོག་ནས་མཐོང་གི་ཡོད་ པ་དེར་རྒྱལ་ཚབ་ནས་སྨོན་ལམ་དང༌། གསོལ་འདེབས་གནང་སྟེ་ཉིན་མང་པོ་བཞུགས་རྗེས་མཚོའི་

ནང་ནས་ཨ་ཀ་མ་ཞེས་པའི་ཡི་གེ་དང༌། དེ་རྗེས་དགོན་པ་ཐོག་ལྗང་ཁུ་དང༌། སེར་པོ་བྱས་པ། དེ་ མཉམ་དུ་ཁང་པ་ཐོག་སྔོན་པོ་བྱས་པ་བཅས་གཟིགས་ཤིང༌། གང་གཟིགས་པ་རྣམས་ཡིག་ཐོག་ཏུ་

བཀོད་དེ་རེ་ཞིག་བར་གསང་རྒྱའི་ནང་བཞག་ཡོད་པ་རེད།

ལོ་དེའི་མཇུག་བླ་མ་ཆེ་ཁག་དང༌། དཔོན་རིགས་འགའ་ཤས་ནས་རྒྱལ་ཚབ་ཀྱིས་མཚོ་གཟིགས་ བྱུང་བའི་བརྗེད་ཐོ་རྣམས་བསྣམས་ཏེ། དེའི་ནང་གི་ས་ཆ་དེ་ངོས་འཛིན་བྱེད་པར་བོད་ས་ཡས་མས་ གང་སར་ཕེབས་འདུག

གོང་གསལ་བླ་མ་དང༌། དཔོན་ཁག མཁས་པ་དེ་རྣམས་ང་ཚོའི་ཡུལ་ཕྱོགས་མདོ་ཁམས་སུ་དགུན་ ཁ་སླེབས་ཤིང༌། དེར་ཁོང་ཚོས་སྐུ་འབུམ་དགོན་པའི་ཐོག་ལྗང་ཁུ་དང༌། སེར་པོ་རྣམས་མཐོང་བ་

དང༌། སྟག་འཚེར་གྱི་གྲོང་གསེབ་ནང་ཐོག་སན ྔོ ་པོ་བྱས་པའི་གྲོང་གསེབ་དེ་ཡང་རིམ་མཐོང་བྱུང་བ་ 165


མྱུར་ཀློག་རྩལ་ས

རེད། དེར་འགོ་འཁྲིད་དེས་ཁང་པ་དེའི་ནང་ཕྲུག་གུ་ཡོད་མེད་འདྲི་སྐབས་ཕྲུག་གུ་ལོ་གཉིས་ཟིན་ ཙམ་ཞིག་ཡོད་ལུགས་བརྗོད་འདུག

གནས་ཚུལ་དེ་ཐོས་འཕྲལ་ཡང་སྲིད་འཚོལ་མི་གཉིས་དང༌། གཡོག་པོ་གཅིག་བཅས་ཀྱིས་དགོན་

པ་དེའི་ལས་བྱེད་གཉིས་ལམ་རྒྱུས་སུ་འཁྲིད་དེ་ཁང་པ་དེར་བསྐྱོད་ཅིང༌། དེའི་སྐབས་ཁོང་ཚོའི་

འགོ་འཁྲིད་ལྟེ་བ་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་ཡིན་ཀྱང་ཁོང་གིས་གཡོག་པོའི་ཁུལ་དང༌།

རྩེ་དྲུང་བློ་བཟང་ཚེ ་ དབང་ནས་འགོ ་ འཁྲི ད ་ཡི ན ་ཁུལ་གྱི ས ་གྱོ ན ་ཆས་ཀྱང་ངོ ་ གཡོ ག ་བརྫུས་ཏེ ་ བསྐྱོད་འཁོད་བྱས། ཁོང་ཚོ་ཁང་པའི་རྒྱལ་སྒོའི་འཁྲིས་སུ་འབྱོར་སྐབས་ངའི་ཕ་མ་ཚོས་དེ་སྔོན་ངོ་མ་ ཤེས་སྟབས་བློ་བཟང་ཞེས་པ་དེ་ཁོང་ཚོའི་འགོ་འཁྲིད་རེད་དགོངས་ཏེ་ནང་དུ་འཁྲིད་ཕེབས། ཀེའུ་ ཚང་བླ་མ་དང༌། གཞན་དག་ཐབ་ཚང་དུ་བཞག་སྟེ། དེར་ཁོང་ཚོས་ཕྲུག་གུ་ཆུང་ཆུང་དེ་བརྙེད་

ཅིང༌། ཕྲུག་གུ་ཆུང་ཆུང་དེས་བླ་མ་མཐོང་བ་དང་བླ་མའི་པང་དུ་སྡོད་འདོད་བྱས་འདུག པགས་

ཚག་ཅིག་གྱོན་ཏེ་ཡོད་པའི་བླ་མའི་སྐེ་ལ་ྋརྒྱལ་དབང་གོང་མའི་ཕྱག་ཕྲེང་ཞིག་བཞེས་ཡོད་འདུག་

པ་ཕྲུག་གུས་ཕྲེང་བ་དེ་ངོས་འཛིན་བྱས་ཏེ་འདི་ང་ལ་སྤྲོད་རོགས་ལབ་སྟབས་བླ་མས་ང་ངོ་ཤེས་ན་ སྤྲད་ཆོག་གསུངས་པར། ཕྲུག་གུས་ལན་དུ་ཡུལ་སྐད་ཐོག་སེ་རའི་ཨ་ཀ་རེད་བརྗོད། དོན་ནི་སེ་

རའི་བླ་མ་རེད་བརྗོད་འདུག དེ་ནས་བླ་མས་རོགས་དཔོན་པོ་དེ་སུ་རེད་ཅེས་འདྲི་སྐབས་ཕྲུག་གུ་ དེས་འདིའི་མིང་བློ་བཟང་རེད། ཡང་ཞབས་ཕྱི་ངོ་མ་དེའི་མིང་ལ་ཨ་མདོ་སྐལ་བཟང་ཟེར་བ་རེད་

ཅེས་ལབ་པ་བྱུང་འདུག བླ་མ་དེས་ཉིན་གང་ཕྲུག་གུ་མ་ཉལ་བར་དུ་དོ་སྣང་ཆེན་པོས་བལྟས་ཏེ་ ཁོང་ཚོ་དེའི་དགོང་མོ་དེར་བསྡད། སང་སྔ་དྲོ་ཁོང་ཚོ་ཐོན་རྩིས་བྱེད་སྐབས་ཕྲུག་གུ་ཉལ་ས་ནས་ ཐོན་ཏེ་ཁོང་ཚོ་མཉམ་དུ་འགྲོ་ཡི་ཡིན་ཞེས་བརྗོད་འདུག་པའི་ཕྲུག་གུ་དེ་ང་རང་རེད།

དེ་སྐབས་ཕ་མ་ཚོས་ཁོང་ཚོའི་དོན་གནད་ལྟེ་བ་གང་ཡིན་མཁྱེན་ཡོད་པ་མིན་ཅིང༌། དེ་ནས་ཉིན་ ཁ་ཤས་སོང་རྗེས་ཡང་སྲིད་འཚོལ་མི་བླ་མ་དང༌། དཔོན་རིགས་ཚང་མ་སྟག་འཚེར་ཁྱིམ་ནང་སླར་

ཡང་ཕེབས་ཤིང༌། གཟི་བརྗིད་ཆེན་པོའི་མཇལ་འཕྲད་ཞུ་མི་སླེབས་གཤིས་ཕ་མ་ནས་ང་སྐྱེ་སྤྲུལ་

འདྲ་མིན་ནམ་སྙམ་པ་བྱུང་འདུག རྒྱུ་མཚན་ནི་བོད་ནང་སྤྲུལ་སྐུ་མང་པོ་ཡོད་པ་དང༌། ངའི་གཅེན་ པོ་ཞིག་ཀྱང་སྐྱེ་སྤྲུལ་ཡིན་པ་མ་ཟད། ཉེ་ཆར་སྐུ་འབུམ་དགོན་པའི་སྤྲུལ་སྐུ་ཞིག་ཀྱང་དགོངས་པ་ 166


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

རྫོགས་པའི་སྐབས་ཡིན་པ་དང་བཅས་དེ་འདྲའི་ཡང་སྲིད་འཚོལ་མཁན་འདྲ་ཡིན་ལས་ཆེ་དགོངས་ པ་བྱུང་འདུག འོན་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བརྟག་དཔྱད་བྱེད་མཁན་ཡིན་པ་བློ་ ཡི་ཟུར་ནའང་བྱུང་མི་འདུག

ཕྲུག་གུ་ཆུང་ཆུང་སྐྱེ་སྤྲུལ་ཡིན་པ་རྣམས་ནས་སོ་སོའི་སྐྱེ་བ་སྔོན་མའི་དངོས་རྫས་དང༌། ངོ་ཤེས་

པའི་མི་སོགས་ངོ་ཤེས་མཁན་མང་པོ་ཡོང༌། དེ་རིགས་འགའ་ཤས་དཔེ་ཆའང་དྲན་སྐྱོར་ཐུབ་ཀྱི་རེད། ངའི་སྤྱོད་ཚུལ་བྱེད་བབས་ལ་བརྟེན་བླ་མ་ཁོང་ནས་ཡང་སྲིད་དུ་ངེས་པ་ཕལ་ཆེར་བརྙེད་ཀྱང༌། ད་

དུང་རོགས་ཟླ་གཞན་བརྟག་དཔྱད་བྱེད་པར་ཡོང་སྟེ་ཁོང་ཚོས་ྋརྒྱལ་དབང་གོང་མའི་ཕྱག་ཕྲེང་

གཅིག་དང༌། དེ་མིན་གཅིག་བཅས་ཕྲེང་བ་ནག་པོ་ཆ་གཅིག་འཁུར་ཡོང་ནས། ཕྲེང་བ་གཉིས་ཀ་

ང་ལ་སྤྲོད་སྐབས་སྐུ་གོང་མའི་ཡིན་པའི་ཕྲེང་བ་དེ་ངས་བླངས་ཏེ་སྐེར་གྱོན་འདུག་ཅིང༌། དེ་རྗེས་

ཕྲེང་བ་སེར་པོ་གཉིས་འཁྱེར་ནས་བརྟག་དཔྱད་བྱེད་སྐབས་གོང་བཞིན་ངོས་འཛིན་པ་དང༌། དེ་ རྗེས་ཌ་མ་རུ་ཆུང་བ་ྋརྒྱལ་དབང་སྐུ་གོང་མའི་སྐུ་མདུན་པར་སྐད་བརྡ་གནང་བྱེད་གཅིག་དང༌། ཆེ་བ་ཌམ་འཛར་ལ་གསེར་གྱི་ཆབ་རྩེ་དང༌། རྒྱན་ཆ་མཛེས་པོ་བཟོས་པ་གཅིག་བཅས་གཉིས་ འཁྱེར་བྱུང་བ་ནས་ངས་ཆུང་བ་དེ་གདམས་ཏེ་ཞལ་འདོན་སྐབས་དཀྲོལ་སྟངས་ལྟར་དཀྲོལ་སྐད། དེ་ནས་འཁར་རྒྱུག་གཉིས་སྤྲད་བྱུང་བ་ནས་འཁར་རྒྱུག་རྫུས་མ་དེར་འཆང་ནས་ཡུད་ཙམ་ཉར་

བལྟས་བྱས་ཏེ་དེ་ནས་ཏཱ་ལའི་བླ་མའི་ཡིན་པ་དེ་བླངས་འདུག ངས་འཁར་རྒྱུག་ལ་ཐེ་ཚོམ་བྱས་པར་ ཁོང་ཚོས་བསམ་བློ་གཏོང་སྐབས་འཁར་རྒྱུག་རྫུས་མ་དེ་ཡང་སྐབས་ཤིག་ལ་ྋརྒྱལ་དབང་གོང་མས་

བསྣམས་རྗེས་བླ་མ་གཞན་ཞིག་ལ་སྩལ། དེས་ཀྱང་ཀེའུ་ཚང་རིན་པོ་ཆེ་ལ་གནང་བ་སོགས་ཤེས།

བརྟག་དཔྱད་དེ་རྣམས་བྱས་རྗེས་ཁོང་ཚོས་ཡང་སྲིད་རྙེད་པར་ཡིད་ཆེས་ཆེ་རུ་ཕྱིན་པ་རེད། རྒྱལ་

ཚབ་ཀྱི་མཚོ་གཟིགས་ཡི་གེ་གསུམ་པོ་དེ་ལའང་ཡིད་ཆེས་བྱུང་ཚུལ་ནི། ཡི་གེ་དང་པོ། ཨ་ནི་ཨ་

མདོ་ཞེས་ཡུལ་མིང་དང༌། ཀ་ནི་སྐུ་འབུམ་ཞེས་པ་དེའི་ཁུལ་དགོན་པ་ཆེ་ཤོས་དེའི་མིང་ཡིག་དང་

པོ་ཡིན་ནམ། ཡང་ན། ཀ་མ་ཡི་གེ་གཉིས་པོ་དེ་གྲོང་གསེབ་ཀྱི་རིའི་སྟེང་དུ་ཡོད་པའི་ཀརྨ་རོལ་

པའི་རྡོ་རྗེའི་དགོན་པ་དེའི་རྟགས་མཚན་ཡིན་གྱི་རེད།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་ནས་ཕེབས་སྐབས་ཀརྨ་པ་རོལ་པའི་རྡོ་རྗེའི་དགོན་པ་ 167


མྱུར་ཀློག་རྩལ་ས

དེའི་སྤྲུལ་སྐུ་ནས་གདན་ཞུ་གནང་སྟེ་དགོན་པ་དེར་བཞུགས་པར་བརྟེན་ནས་ཁོང་ཚོས་གལ་ཆེན་

པོ་མཐོང་གི་ཡོད་པ་རེད། དེའི་སྐབས་གྲོང་གསེབ་དེའི་མི་རྣམས་ནས་ཏཱ་ལའི་བླ་མར་གུས་འདུད་

ཆེན་པོས་མཇལ་ཕྱག་ཏུ་བཅར་ཞིང༌། དེའི་སྐབས་ངའི་ཕ་རྒན་ཡང་མི་དམངས་དེ་ཚོ་མཉམ་དུ་ ཡོད་པ་རེད། དེ་དུས་ཕ་རྒན་རང་ལོ་དགུ་ཡིན་འདུག ད་དུང་དྲན་སོས་པ་ལ་ཏཱ་ལའི་བླ་མའི་ ཞབས་ཕྱགས་འཇའ་ཆེན་ཆ་གཅིག་དགོན་པ་དེར་བཞག་གནང་ཡོད་པ་མ་ཟད། དེ་དུས་ཁོང་

གིས་ང་སྐྱེས་སའི་ཕྱོགས་དེར་གཟིགས་ཏེ་སྙིང་རྗེ་པོ་འདུག་གསུངས་ཞེས་གྲགས། དངོས་འབྲེལ་

གྱི་གནས་ལུགས་དེ་རྣམས་ལ་བརྟེན་ནས་ཡང་སྲིད་འཚོལ་མི་ཁོང་ཚོར་ཡང་སྲིད་བརྙེད་པའི་ཡིད་ ཆེས་བྱུང་མཚམས་ཞིབ་ཆའི་གནས་ཚུལ་ཚང་མ་ཏར་ཐོག་ནས་ལྷ་སར་བཏང་བ་རེད། དེ་སྐབས་

ལྷ་ས་ནས་རྒྱ་གར་བར་མ་གཏོགས་ཏར་ལམ་མེད་སྟབས་གནས་ཚུལ་རྣམས་ཟི་ལིང་ནས་རྒྱ་ནག་ བརྒྱུད་རྒྱ་གར་ལ་གསང་ཏར་བཏང་བ་རེད། ལམ་དེ་རང་བརྒྱུད་ཏར་ལན་འབྱོར་གསལ། ང་ལྷ་སར་ ལམ་སེང་གདན་ཞུ་བྱ་དགོས་ཀྱི་ལན་ཞིག་སླེབས་པ་རེད།

དེ་སྐབས་བོད་ཤར་ངོས་ང་ཚོའི་སྐྱེ་ཡུལ་དེ་རྒྱ་ནག་གི་མངའ་འོ ག་དང་ཁུལ་དེའི་ས་ཁུལ་སྤྱི་ཁྱབ་

རྒྱ་ཁ་ཆེ་རྨ་སྤུ་ཕཧང་ཞེས་པ་དེ་ཡིན། ཡང་སྲིད་འཚོལ་མི་ཚོས་རྨ་སྤུ་ཕཧང་ལ་ཡང་སྲིད་འཁྲུལ་ བྲལ་ཡིད་ཆེས་ཡོད་ཚུལ་བརྗོད་ན་ཁོང་གིས་འགལ་རྐྱེན་དཀའ་རྙོག་རིགས་བཟོས་ཡོང་སྙམ་ནས་

ཁ་གསལ་མ་བཤད་པར་ཏཱ་ལའི་བླ་མའི་ཡང་སྲིད་མིན་ནམ་སྙམ་པའི་ཕྲུག་གུ་རྣམས་ལྷ་སར་འཁྲིད་ རྒྱུའི་རོགས་རམ་གནང་དགོས་ཞུས་པར། རྨ་སྤུ་ཕཧང་ནས་དེར་ལན་མ་སྤྲད་པ་རེད། ཁོང་གིས་

ཏཱ་ལའི་བླ་མའི་ཡང་སྲིད་རེ་འཆར་ཡོད་པའི་ཕྲུག་གུ་རྣམས་ཐེངས་གཉིས་བཀུག་སྟེ་ཁོང་རང་ཁ་

ཆེ་ཡིན་ཀྱང་ཕྲུག་གུ་དེ་རྣམས་ལ་བརྟག་དཔྱད་ཅིག་བྱས་ཤིང་། བྱེད་སྟངས་བདེ་བོ་ཞིག་བྱས། ང་ ཚོ་ཕྲུག་གུ་རྣམས་ལ་མངར་ཆ་སྡེར་མ་གཅིག་གཏད་དེ་ཕྲུག་གུ་འགའ་ཤས་སྐྲག་སྣང་གིས་བྱེ་རིལ་ མ་བླངས་པ་དང༌། འགའ་ཤས་ནས་ལྟོགས་རྔམས་བྱས་ཏེ་སྦར་བ་གང་འཁུར་བ་སོགས་བྱས་ཤིང༌། ངས་བྱེ་རིལ་གཅིག་བླངས་ཏེ་སྤམ་པོ་བྱས་ནས་ཟོས་འདུག གཞན་ཡང་དྲི་བ་འགའ་ཤས་བྱས་ཏེ་

ཁོང་ནས་ཕྲན་ལ་འདོད་བློ་ཁེངས་པའི་རྣམ་འགྱུར་བསྟན་ཞིང༌། འོས་སྤྲུལ་བྱིངས་ཀྱི་ཕ་མ་ཚོར་

དངོས་སྐྱེས་རེ་སྤྲད་དེ་ཕྱིར་སློག་བྱས་པ་དང༌། ཁོང་གིས་ངའི་ཕ་མ་ལ་ང་སྐུ་འབུམ་དགོན་དུ་གཅེན་ 168


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

པོའི་སར་འཇོག་དགོས་བཀའ་གནང་བ་རེད། དེ་སྐབས་ངའི་གཅེན་པོ་གཉིས་སྐུ་འབུམ་དགོན་ པའི་སྒྲིག་གྲྭར་ཞུགས་ཟིན་འདུག

དེ་རྗེས་རྨ་སྤུ་ཕཧང་ནས་ང་བོད་དུ་གཏོང་རྒྱུའི་བཀའ་འཁྲོལ་མ་བྱས་གོང་བོད་གཞུང་གི་སྐུ་ཚབ་ ཚོར་རྡ་ཡང་སྟོང་ཕྲག་བརྒྱ་ཐམ་པ་དགོས་ཞེས་ལབ་པ་རེད། དེ་དངུལ་འབོར་གང་ཆེ་མ་ཟད། ཁོང་

ལ་དེ་འདྲ་བརྗོད་རྒྱུའི་ཐོབ་ཐང་གཏན་ནས་མེད་ཀྱང་བོད་གཞུང་སྐུ་ཚབ་ཚོ་ནས་དེ་དོན་དངུལ་

འབབ་སྤྲོད་དགོས་བྱུང་ཞིང༌། ཁོང་ནས་ད་དུང་དེའི་ཁར་སྟོང་ཕྲག་སུམ་བརྒྱ་དགོས་ཞེས་ལབ་པར།

སྐུ་ཚབ་ཚོ་ནས་ཡང་སྲིད་ངོ་མ་ཡིན་མིན་ད་ལྟ་གཏན་འཁེལ་ཡོད་པ་མིན་ཁར། བོད་ས་ཕྱོགས་

གཞན་ནས་ཀྱང་ཕྲུག་གུ་དེ་ལྟ་བུ་མང་པོ་ཡོང་གི་རེད་ཅེས་བརྗོད་པ་རེད། དེ་ནི་སྐུ་ཚབ་ཚོ་ནས་ང་ ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་གཏན་འཁེལ་ཡིན་པ་རྨ་སྤུ་ཕཧང་ནས་ཤེས་ཚེ་དངུལ་

འབོར་སྤར་བ་དང༌། དུས་ཚོད་འགྱངས་རྒྱུའི་བཀག་འགོག་བྱས་ཏེ་དཀའ་རྙོག་ཡོང་དོགས་ཀྱིས་ འཇིགས་སྣང་བྱུང་བ་ཙམ་དུ་མ་ཟད། བོད་ལ་རྒྱ་ནག་གཞུང་གིས་དབང་ཆ་ཡོང་བའི་གོ་སྐབས་ ཀྱང་མི་འཚོལ་བའི་ངེས་པ་མེད་སྙམ་པའི་ཉེན་དོགས་བྱུང་བ་རེད།

སྐུ་ཚབ་རྣམས་ནས་དཀའ་ངལ་དེ་ཚོ་ལྷ་སར་ཞུ་དགོས་ཀྱི་ཡོད་སྟབས་རྒྱ་ནག་བརྒྱུད་གསང་ཏར་

གཏོང་རྒྱུ་དེ་ཡང་གསང་བ་ཕྱི་གྱར་བྱུང་དོགས་ཀྱིས་བོད་ལ་བང་མི་ཆེད་བཏང་གིས་གོ་བསྡུར་བྱས་

པར་ཕྱིར་ལན་འབྱོར་མ་ཐུབ་པར་ཟླ་བ་མང་པོ་འགོར་ཞིང༌། ཡང་སྲིད་བརྩད་གཅོད་དུ་ཕྱིན་པ་

ནས། རྨ་སྤུ་ཕཧང་གི་འཕྲོས་མོལ་ཐག་གཅོད་མ་ཟིན་བར་ལོ་གཉིས་མ་ཟིན་ཙམ་འགོར་འདུག

དེ་སྐོར་རྨ་སྤུ་ཕཧང་གིས་ཅི་འདྲ་བྱས་ཡོང་སྙམ་པའི་འཇིགས་སྣང་དང༌། བོད་ལ་དཔོན་འབངས་

ཚང་མའི་སར་ངོས་འཛིན་བྱ་རྒྱུ་བསྡད་སྟབས་གསང་བ་ཆེན་པོ་བྱས་ཏེ། ཡང་སྲིད་འཚོལ་མི་བླ་མ།

དཔོན་ཁག་ཚོའི་ཡིད་ཆེས་དེ་ངའི་ཕ་མ་ཚོ་ལའང་བཤད་པ་མ་བྱུང་བས། ཁོང་ཚོ་རྒྱུན་རིང་སྒུག་

སྡོད་བྱས་ཀྱང་ཕ་མ་ཚོས་ང་བོད་ཀྱི་བླ་མ་མཐོ་ཤོས་ཤིག་གི་ཡང་སྲིད་ཡིན་པ་ད་དུང་དགོངས་ཡོད་

པ་མ་རེད། ང་ལོ་ན་སོན་སྐབས་ཨ་མ་ལགས་ནས་ང་མ་སྐྱེས་གོང་གཞན་དང་མི་འདྲ་བའི་རྟགས་

མཚན་ཁྱད་པར་ཅན་འགའ་ཤས་བྱུང་གསུང་གི་འདུག བོད་ནང་སྤྱིར་བཏང་གི་སེམས་ལ་རྣམ་རྟོག་ 169


མྱུར་ཀློག་རྩལ་ས

ཆེན་པོ་ཞིག་ཡོད་པ་རེད། གང་ཡིན་ཟེར་ན། བླ་མ་ཆེན་པོ་ཞིག་གི་སྐུ་སྐྱེ་འཁྲུངས་སའི་ཡུལ་དེར་

དཀའ་ངལ་ཆེན་པོ་ཡོང་ཞེས་བརྗོད་སྲོལ་ལྟར། ང་མ་སྐྱེས་པའི་གོང་ལོ་བཞིའི་རིང་ལ་སྟག་འཚེར་

ལུང་པའི་སྟོན་འབྲས་ལ་སད་སེར་དང༌། ཐན་པས་ལོ་ཉེས་བྱུང་བ་དེ་ལ་ཡུལ་མི་ཚོས་ལོ་ཉེས་འབྱུང་

སྟངས་དེས་སྐྱེ་སྤྲུལ་ཞིག་ཡུལ་དེར་ཡོང་གྲབས་ཡོད་པ་འདྲ་ཞེས་གླེང་ཞིང༌། ལྷག་པར་ངའི་ནང་

དེར་ནང་མི་ཚོས་རྩ་ཆེར་བརྩི་བའི་རྟ་བོང་དང༌། བ་ཕྱུགས་མང་པོ་ཤི་བ་སོགས་ནང་མི་ཚོར་དཀའ་

ངལ་ཆེན་པོ་བྱུང་བ་རེད། ངའི་ཕ་ཡིས་དེ་ཚོ་ཤི་བའི་རྒྱུ་མཚན་ཤེས་ཀྱི་མེད་ཚོད། ང་མ་སྐྱེས་པའི་

ཟླ་བ་གཉིས་ཙམ་གོང་ཕ་རྒན་བསྙུན་ཏེ་གཟིམ་ས་ནས་བཞེང་མ་ཐུབ་པར་ཡོད་པ་ལ། ང་སྐྱེས་པའི་ ཞོགས་པ་དེར་སྐྱེད་བྱེད་བསྙུན་གཞི་མེད་པར་ཡར་བཞེངས་ནས་ནང་གི་མཆོད་གཤོམས་མདུན་

མཆོད་མེ་སོགས་འབུལ་གནང་མཛད་ཅིང༌། སྐྱེད་མས་དེ་སྔོན་ཉལ་སར་བཞུགས་པ་དེ་ལས་ཀ་མ་ སྒྱིད་པར་ཉལ་བ་འདྲ་གསུང་སྐབས། ཕ་དམ་པས་ང་དྲག་འདུག་གསུངས་ཏེ། བཙས་པའི་ཁྱེའུ་དེ་ བུ་ཡིན་ན་གྲྭ་པ་བཟོ་དགོས་གསུངས་འདུག

རྨ་སྤུ་ཕཧང་དང་གོ་བསྡུར་བྱེད་སྐབས་ང་དགོན་པའི་ནང་དུ་བཞག་ཡོད་ཅིང༌། དེའི་སྐབས་ང་ལོ་

གསུམ་ཙམ་སླེབས་ཡོད། ཐོག་མར་ཕ་མ་ནས་ཁ་བྲལ་བར་བརྟེན་ང་སྐྱིད་པོ་རང་མ་བྱུང༌། ངའི་

གཅེན་པོ་རྒན་པ་ཐུབ་བསྟན་འཇིགས་མེད་ནོར་བུ་དང༌། གཅེན་པོ་གསུམ་པ་བློ་བཟང་བསམ་ གཏན་ལོ་ལྔ་ལ་སླེབས་པ་གཉིས་དགོན་པར་ཡོད་མུས་ཐོག བློ་བཟང་བསམ་གཏན་སློབ་སྦྱོང་འགོ་ ཚུགས་ཏེ་དགེ་རྒན་སར་ཡོད་སྐབས་ང་ལ་རྩེད་མོ་རྩེ་རོགས་མེད་པས། ངས་བློ་བཟང་བསམ་གཏན་

སློབ་སྦྱོང་བྱེད་སའི་སྒོ་འགག་དེར་སྒུག་བསྡད་དེ་སྐབས་རེ་དགེ་རྒན་གྱིས་མ་གཟིགས་པར་ཡོལ་

བའི་སེང་ནས་བསམ་གཏན་ལ་བལྟས་པ་སོགས་ད་ལྟ་ཡང་དྲན་གསོས་ཀྱི་འདུག དགེ་རྒན་ཚ་བོ་ ཡིན་སྟབས་བསམ་གཏན་སློབ་ཡུན་དེའི་རིང་རྩེད་རོགས་ལ་ཡོང་ཐབས་ཡོད་པ་མ་རེད།

ང་ཚོར་ཨ་ཞང་ཞིག་ཡོད་དེ། ངས་བློ་འགྱོད་ཀྱིས་བརྗོད་རྒྱུར། ཨ་ཞང་དེར་བློ་བསམ་ང་གཉིས་

དགའ་བོ་རང་ཡོད་པ་མིན་ཏེ། གང་གིས་ཟེར་ན། ཨ་ཞང་ཁོང་གདོང་ནག་པོ་དང༌། འབྲུམ་ཤུལ་

མང་ཞིང༌། སྨ་ར་ལ་ཞག་རྩི་བྱུགས་ཏེ་སྨ་ར་ཀེར་ལངས་ཅན་བཟོས་ཡོད་པ་དང༌། ངོ་ནག་ཅིང༌།

རླུང་ཡང་ལངས་པོ་ཡོད་པ་རེད། དེ་ལ་བརྟེན་ནས་ང་གཉིས་ཞེད་སྣང་དང༌། མ་དགའ་བ་ཆབས་ 170


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ཅིག་བྱུང་བ་རེད། ཁོང་ལ་ཕྲེང་བ་ཆེན་པོ་ལྗིད་ཆེ་བ་ཞིག་ཡོད་པ་དེ་རྒྱུན་དུ་བགྲངས་གཤིས་ཕྲེང་

བ་མདོག་སྨུག་ནག་ཏུ་བྱས་ཡོད་པ་གཅིག་དང༌། ཁོང་གི་དཔེ་ཆ་ཤོག་ལྷེ་ལྷུག་མ་མང་པོ་ཡོད་པ་ སོགས་ངས་དྲན་གསོས་ཀྱི་འདུག ཉིན་གཅིག་ཁོང་གི་དཔེ་ཆ་རྣམས་ངས་བལྟས་ཏེ་ཤོག་ལྷེ་འགའ་

ཤས་འཁྲུགས་སོང་བར་ཨ་ཞང་རླུང་ལངས་ཏེ་ལྡན་ལྕག་ཅིག་བརྒྱབ་བྱུང༌། དེ་འདྲ་བྱེད་པའི་སྐབས་

ལ་བསམ་གཏན་ང་གཉིས་ཁང་པ་ནས་བྲོས་ཏེ་གྱང་གསེབ་ལ་ཡིབ་བསྡད་ནས་ཨ་ཞང་འཚོལ་དུ་

འཇུག་གི་ཡོད། དེ་སྐབས་རྨ་སྤུ་ཕཧང་གིས་ང་ལ་གནད་ཆེན་པོ་བརྩིས་པ་ཡིན་སྟབས་ཨ་ཞང་

སེམས་ངལ་ཡོད་པ་དེ་དུས་ཤེས་ཀྱི་མེད། ཡིན་ནའང་ངེད་གཉིས་བྲོས་པ་རེད། ཁོང་གིས་ང་ཚོ་

བརྙེད་པའི་སྐབས་ལ་རྗེས་སུ་འབྲེལ་བ་བཟང་པོ་ཡོང་རྒྱུའི་གོ་བསྡུར་གནང་གིན་ཡོད་དེ། ད་དུང་

དེ་འདྲའི་སྐབས་ལ་ང་ཚོ་ལྷིངས་པོ་བཟོ་ཆེད་ཁོང་གིས་མངར་ཆ་ཤེལ་ཀར་ཡང་སྟེར་གྱི་ཡོད། སྒྲིག་ ལམ་ཡག་པོ་བྱེད་སྐབས་བྱེ་རིལ་སྟེར་གྱི་མེད།

སྤྱིར་བཏང་བྱས་ན་ངེད་རང་ཕྲུག་གུའི་སྐབས་ཀྱི་དུས་ཚོད་དེ་གཅིག་པུར་སྡོད་དགོས་པ་སྐྱོ་ཤོས་

ཤིག་རེད། སྐབས་རེ་བསམ་གཏན་གྱི་དགེ་རྒན་ནས་པང་པར་ཉར་བ་དང༌། གཟན་འོག་བཅུག་ སྟེ་ཤིང་ཏོག་སྐམ་རློན་རིགས་སྟེར་གྱི་ཡོད་པ་དེ་ངས་དྲན་སོས་པའི་སྐྱོ་བོའི་སྐབས་ལ་དྲག་ཤོས་ཤིག་

རེད། གཅེན་མོ་ནས་གསུངས་གསལ། ངས་རྩེད་མོའི་སྐབས་རྩེད་ཆས་རྟར་བཞོན་ཏེ་ཕྱོགས་འགྲོའི་ ཚུལ་བྱེད་ཀྱི་ཡོད་ཅེས་དྲན་གསོས་གནང་མྱོང༌།

ཕྱི་ལོ་༡༩༣༩ བོད་ས་ཡོས་ཟླ་༦ ཚེས་ཤར་ལ་དངོས་འབྲེལ་གྱིས་ཕྱོགས་ཐོན་བྱ་རྒྱུའི་དུས་ཚོད་དེ་ སླེབས་སོང༌། བོད་ཀྱི་སྐུ་ཚབ་ཚོ་ནས་རྡ་ཡང་སྟོང་ཕྲག་སུམ་བརྒྱ་དེ་སྒྲུབ་འཚོལ་མ་ཐུབ་པར་རྒྱ་

མིའི་ཁ་ཆེ་ཚོང་པ་འགའ་ཤས་མེ་ཀ་ཞེས་པར་གནས་བསྐོར་དུ་སྐྱོད་མཁན་ནས་སྔ་གཡར་བྱས་ཏེ་

རྗེས་སུ་ལྷ་ས་ནས་སྤྲོད་རྒྱུ་བྱས་པ་རེད། དེ་ནས་རྨ་སྤུ་ཕཧང་གིས་ང་བོད་དུ་གཏོང་རྒྱུ་དང༌། སྐུ་ཚབ་

ཁོངས་ནས་བགྲེས་པ་ཞིག་གཏེ་མར་སྡོད་དགོས། ང་ལྷ་སར་བདེ་སླེབས་བྱུང་མཚམས་སྐུ་འབུམ་ དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ན་བཟའ་ཆ་

ཚང་གཅིག་གཏོང་དགོས་བརྗོད་པར་དེ་རྣམས་འབུལ་རྒྱུ་ཐག་བཅད། འོན་ཀྱང་ང་ལྷ་སར་འབྱོར་ ཟིན་རྗེས་མདོ་ཁམས་སུ་སྲིད་དོན་གྱི་རྙོག་ཁྲ་ཞིག་ལངས་སྐབས་གོང་གསལ་གཏེ་མར་ཚུད་པའི་སྐུ་ 171


མྱུར་ཀློག་རྩལ་ས

ཚབ་དེ་རྨ་སྤུ་ཕཧང་ས་ནས་བྲོས་ཏེ་ལྷ་སར་བདེ་འབྱོར་བྱུང་འདུག

ང་ལོ་བཞི་ལ་སོན་པའི་བདུན་ཕྲག་གཅིག་རྗེས་ང་ཚོ་ཕ་ཡུལ་ནས་ཐོན་ཏེ་ལམ་བར་ཟླ་བ་གསུམ་ ཞག་བཅུ་གསུམ་འགོར་བ་རེད། ངའི་ཕ་མ་ཚོ་སྟག་འཚེར་དང༌། ནང༌། ས་ཞིང༌། ཉེ་ལྟོས་སོགས་ བཞག་སྟེ་ཕེབས་དགོས་བྱུང་བར་ཐུགས་སྐྱོ་བོ་བྱུང་ཚོད། རྒྱུ་མཚན་ནི། མ་འོངས་པར་གང་འདྲ་

ཡོང་མིན་མ་མཁྱེན་སྟབས་བྱུང་བ་རེད། ང་ཚོ་ཐོག་མར་ཐོན་ཡོང་སྐབས་ངའི་ནང་མི་ཚོ་དང༌། བོད་ཀྱི་སྐུ་ཚབ། གནས་བསྐོར་ཐག་རིང་ལ་སྐྱོད་མཁན་ཁ་ཆེ་ཚོ་བཅས་མི་ལྔ་བཅུ་ཙམ་དང༌། རྟ་

དྲེལ་སུམ་བརྒྱ་ལྔ་བཅུ་སྐོར་ཡོད། ཕ་མ་ཚོས་ངའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལོ་དགུ་དང༌། བློ་ བཟང་བསམ་གཏན་ལོ་དྲུག་ལ་སླེབས་པ་མཉམ་དུ་འཁྲིད་ཕེབས་ཤིང༌། དེ་དུས་བོད་ནང་འགྲིམ་

འགྲུལ་འཁོར་ལོ་དང་འཁོར་ལམ་ཡོད་པ་མ་རེད། བསམ་གཏན་དང༌། ངེད་གཉིས་དྲེལ་བྱམས་ ནང་ཡོང་བ་ཡིན། དྲེལ་བྱམས་ཞེས་པ་འདི་བཞིན་ཤིང་གཉིས་ལ་བསྒྲོགས་ཏེ་དེ་དྲེལ་གཉིས་ཀྱི་

སྒལ་པར་འཁུར་ཡོད་པ་རེད། ལམ་རྩུབ་མོ་དང༌། ཉེན་ཁ་ཡོད་སར་ངོས་རང་ཡང་སྲིད་འཚོལ་ མཁན་སོགས་ནས་རེ་མོས་ཀྱིས་འཁུར་ཞིང༌། ཉིན་ལྟར་ཞོགས་པ་ནམ་ལངས་མཚམས་ནས། ཉིན་ དགུང་བར་བསྐྱོད་ཀྱི་ཡོད། དེ་སྤྱིར་བཏང་བོད་ཀྱི་འགྲུལ་པ་ཕྱོགས་འགྲོའི་ལུགས་སྲོལ་ཞིག་རེད།

ལམ་ལ་ཁང་པ་དཀོན་པོ་ཡིན་སྟབས་ང་ཚོ་དགོང་དྲོ་གུར་ནང་སྡོད་ཀྱི་ཡོད། ང་ཚོ་ཐོག་མར་ཐོན་ པ་ནས་བདུན་ཕྲག་མང་པོའི་རིང་ལམ་བར་འབྲོག་པ་རེ་གཉིས་ལས་མཐོང་མ་བྱུང༌། འབྲོག་པ་དེ་

ཚོས་ཕྱག་དབང་ཞུ་བར་སླེབས་བྱུང༌།

རྒྱ་མིའི་ས་མཚམས་ནས་བདེ་ཐར་བྱུང་མཚམས་བོད་དུ་ཚོགས་འདུ་རྒྱས་འཛོམས་ཐོག་ནས་དྲིལ་

བསྒྲགས་ཤིག་བྱ་རྒྱུར་མོས་མཐུན་བྱས་ཏེ། རྒྱལ་ཚབ་ནས་མཚོ་གཟིགས་དང༌། བརྟག་དཔྱད་ངོས་

འཛིན་ལེགས་བྱུང་གི་གནས་ཚུལ། སྐུ་ཕྲེང་བཅུ་གསུམ་པས་སླར་གང་དུ་འཁྲུངས་མིན་གྱི་མཚོན་

རྟགས་ཇི་བྱུང་རྣམས་ཞིབ་བཀོད་ཀྱིས་སྙན་ཞུ་ཞིག་ཚོགས་འདུ་དེར་ཕུལ་ཞིང༌། ངོས་འཛིན་ཞུ་

མི་ནས་ཀྱང་བརྟག་དཔྱད་ཇི་བྱུང་དང༌། ལྷ་བླ་མའི་ལུང་ཕེབས་རྣམས་རྩེ་མཐུན་བྱུང་ལུགས་ཞུས་

མཐར། ཚོགས་འདུ་རྒྱས་འཛོམས་དེ་ནས་ངེད་རང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པ་ཐག་གཅོད་ གཏན་འཁེལ་བྱས་འདུག དེ་རྗེས་དཔོན་རིགས་བགྲེས་པ་འགའ་ཤས་བསུ་བར་ཕེབས་འབྱོར་བྱུང༌། 172


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ང་ཚོ་ཐོན་ནས་ཟླ་བ་གསུམ་འགྲོ་ཉེའི་མཚམས་བསུ་མ་དཔོན་རིགས་དང་པོ་དེ་མཐུ་སྟོབས་ཆུ་ཁར་

ངོ་འཕྲད་བྱུང་ཞིང༌། དཔོན་རིགས་དེ་རྣམས་ངོ་གཡོག་བཅུ་ཙམ་དང་དོ་པོ་བརྒྱ་སྐོར། ཆུ་སྒྲོལ་ཀོ་ བ་བཞི་བཅས་འདུག དེ་ནས་ང་ཚོ་ངོ་གཡོག་མང་དུ་སོང༌།

དེ་ནས་ཉིན་འགའ་ཤས་ཡོང་རྗེས་ལྷ་ས་ནས་ཉིན་བཅོ་ལྔ་འགྱངས་ཁད་ཡོད་ས་ཁྲ་ཚང་ལ་བརྒྱབ་ སྟེ་འབུམ་ཆེན་ཞེས་པའི་གྲོང་སྡེ་དེར་འབྱོར། ས་གནས་དེར་བོད་གཞུང་དཔོན་རིགས་ཤིག་ནས་

དགའ་བསུ་ཞུས་ཏེ་མཇལ་རྟེན་ཁ་བཏགས་དང༌། མཎྜལ་རྟེན་གསུམ་བཅས་བཏེག་བྱུང༌། སྐབས་ དེར་ངའི་ཕ་མ་གཉིས་ང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པའི་གནས་ལུགས་ཐོག་མར་མཁྱེན་པ་ཡིན་

སྟབས་འདི་འདྲ་དངོས་གནས་ཨེ་བདེན་ན་སྙམ་པའི་དགའ་སྤྲོ་ཆེན་པོ་བརྗོད་མི་ཤེས་པ་ཞིག་བྱུང་

བ་རེད།

ལྷ་ས་ནས་ཉིན་བཅུའི་ས་གནས་སུ་བསུ་མ་དཔོན་རིགས་བརྒྱ་སྐོར་དང༌། རྟ་དྲེལ་མང་པོ་ཐུག་བྱུང༌།

དེའི་འགོ་འཁྲིད་བཀའ་ཤག་དང༌། གཞན་ཡང་དཔོན་རིགས། གདན་ས་གསུམ་གྱི་ལས་སྣེ་སོགས་ ཀྱིས་ང་ལ་མཇལ་དར་དང༌། མཎྜལ་རྟེན་གསུམ་བཏེག་བྱུང༌། དཔོན་རིགས་དེ་ཚོས་བོད་ཀྱི་རྒྱལ་

ཚབ་དང༌། ཚོགས་འདུ། བཀའ་ཤག་བཅས་ཚང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་

འཛིན་མོས་མཐུན་བྱུང་བའི་ངོ་སྤྲོད་ཀྱི་ཡི་གེ་ཞིག་འཁྱེར་འདུག དེ་ནས་ངོས་སོ་ནམ་པའི་གན ྱོ ་ཆས་ ཕུད་དེ་གྲྭ་ཆས་གྱོན་པ་ཡིན། དེ་ནས་སྐུ་བཅར་བ་འགའ་ཤས་བཞག་བྱུང༌། དེ་ནས་བཟུང་ཕེབས་ བྱམས་ཤིག་ནང་ཡོང་བ་ཡིན་ཞིང༌། ང་ཚོའི་ཆིབས་གྲལ་དེ་ཡང་ཇེ་རྒྱས་སུ་ཕྱིན་འདུག ལམ་འཁེལ་

དགོན་པ་དང༌། གྲོང་གསེབ་ཚང་མར་བླ་མ་ལས་སྣེ། དགེ་འདུན་ཚོ་ནས་སེར་སྦྲེང་དང༌། དུང༌། རྒྱ་

གླིང༌། རོལ་མོ་དཀྲོལ་བ་དང༌། བསངས་དུད་སྤྲིན་ལྟར་དཀྲིགས་ཏེ། སེར་སྐྱ་མི་མང་ཚང་མ་གྱོན་ ཆས་གཟབ་མཆོར་ལེགས་པོའི་ཐོག་ནས་བསྟར་བསྒྲིགས་ཀྱིས་ལག་གཉིས་ཐལ་མོ་སྦྱར་ཏེ་དགའ་

བའི་རྣམ་འགྱུར་དུ་མས་དགའ་བསུ་བྱེད་ཀྱིན་འདུག ངས་ཕེབས་བྱམས་ནས་ལྟ་དུས་མི་ཚང་མས་ དགའ་སྤྲོའི་མིག་ཆུ་བཏང་བ་དྲན་སོས་ཀྱི་འདུག ས་གང་སར་དགའ་བསུའི་གླུ་གཞས་དང་ཞབས་ བྲོ་རྒྱག་མཁན་ཡང་འདུག

173


མྱུར་ཀློག་རྩལ་ས

དེ་ནས་གལ་ཆེའི་ས་གནས་འདམ་དབུ་མ་ཐང་དུ་སླེབས་ཤིང༌། དེར་བོད་ཀྱི་རྒྱལ་ཚབ་དང༌། སྤྱི་

ཁྱབ་མཁན་པོ་ནས་དགའ་བསུ་གནང་སྟེ་རྭ་སྒྲེང་དགོན་པར་ཉིན་གསུམ་བསྡད་པ་ཡིན། གཞུང་ སྲོལ་དགའ་བསུ་ངོ་མ་རྒྱ་ཆེ་བ་དེ་འདོད་རྒུ་ཐང་ལ་སླེབས་སྐབས་བྱུང་བ་རེད། དེར་བརྟེན་བོད་ཀྱི་

སྲིད་བློན་དང༌། བཀའ་ཤག དཔོན་རིགས་འཕྲོས་ཚང་མ་དང༌། གདན་ས་གསུམ། གཞིས་དགོན་ བཅས་ཀྱི་མཁན་པོ། བླ་མ། ལས་སྣེ་རྣམས་ཕེབས་ཡོད་པ་རེད། དེར་ལྷ་སར་ཡོད་པའི་དབྱིན་ཇིའི་ སྐུ་ཚབ་ཀྱི་འགོ་འཁྲིད་ཧིའུ་རི་ཅར་སན་དང༌། བལ་ཡུལ། འབྲུག རྒྱ་ནག་སྐུ་ཚབ་བཅས་ནས་

དགའ་བསུ་ཞུས། དེ་ནས་ང་ཚོ་ངོ་འཁོར་བརྒྱ་ཕྲག་མང་པོ་བྱས་པ་རྣམས་རྟ་གྲལ་རིང་པོ་བསྒྲིགས་ ཏེ་ལྷ་སར་བསྐྱོད་སྐབས་ལམ་གཡས་གཡོན་དུ་གྲྭ་པ་སྟོང་ཕྲག་མང་པོ་ནས་མཆོད་རྫས་སྣ་ཚོགས་

ཀྱི་སེར་སྦྲེང་བསྒྲིགས་ཏེ་བཞུགས་འདུག མི་མང་ཁག་མང་པོས་དགའ་བསུའི་གཞས་དང༌། རོལ་

ཆ་གཏོང་གི་འདུག བོད་ཀྱི་དམག་སྒར་ཚང་མའི་འགོ་དམག་ནས་རུ་བསྒྲིགས་ཀྱིས་གུས་འདུད་ བྱེད་ཅིང༌། བོད་ལྷ་སར་ཡོད་པའི་སེར་སྐྱ་ཕོ་མོ་རྒན་བྱིས་བར་གསུམ་ཡོངས་རྫོགས་ནས་གྱོན་ཆས་

ལེགས་ཤོས་ཀྱི་གཟབ་མཆོར་སྤྲས་ཏེ་དགའ་བསུ་དང༌། གུས་འདུད་ཞུ་བར་སླེབས་འདུག མི་དེ་

ཚོས། ད་སྐྱིད་པའི་ཉི་མ་ཤར་སོང་ཞེས་སྐད་བརྒྱབ་པ་མཐོང་བྱུང༌།

ང་རང་ནི་རྨི་ལམ་རྨིས་པ་ལྟར་གླིང་ག་རྒྱ་ཆེན་པོ་ཞིག་ནང་རང་བཞིན་གྱིས་སྐྱེས་པའི་མེ་ཏོག་སྣ་

ཚོགས་བཞད་ཅིང༌། ལྷག་རླུང་བསིལ་བསིལ་གྱིས་དྲི་ངད་བཟང་པོ་འཐུལ་བ་དང༌། མདུན་ན་རྨ་

བྱའི་གར་སྟབས་བསྒྱུར་བ་ལྟ་བུའི་ཟང་ཟིང་འདུ་ལོང་ཆེན་པོ་འདུག རང་དབང་བདེ་སྐྱིད་ཅེས་པ་

ལ་སོགས་པའི་གླུ་དབྱངས་དང༌། རོལ་ཆའི་སྒྲས་ནམ་མཁའ་ཡོངས་སུ་གང་སྟེ། ལྷ་སར་འབྱོར་ཟིན་ དུས་ཀྱང་རྨི་ལམ་ལྟ་བུའི་སྣང་བ་ཡལ་མི་འདུག དེ་ནས་ངེད་རང་གཙུག་ལག་ཁང་དུ་འཁྲིད་དེ་

རྟེན་གཙོ་ཁག་ལ་མཆོད་མཇལ་གསོལ་འདེབས་ཞུས་ནས་སླར་ཡང་ང་ཚོ་སྐུ་འཁོར་རྣམས་ཏཱ་ལའི་

བླ་མའི་དབྱར་ཁའི་བཞུགས་ས་ནོར་བུ་གླིང་གར་བསྐྱོད། དེ་དུས་ཀྱང་རྨི་ལམ་གྱི་བཟོ་འདྲའི་ཐོག་ སྐུ་གོང་མའི་ཕོ་བྲང་དང༌། གཟིམ་ཆུང་ལེགས་པོ་དེ་ཚོའི་ནང་འཁྲིད་བྱུང༌།

ང་ལྷ་སར་འབྱོར་རྗེས་ཕྱི་ལོ་༡༩༤༠ བོད་ལྕགས་འབྲུག་ཟླ་༡ ཚེས་༡༤ ཉིན་གསེར་ཁྲི་མངའ་གསོལ་

གྱི་མཛད་སྒོ་དེ་འཚོགས་རྒྱུ་བྱས་པ་རེད། དེ་ནི་ངོས་སེངྒེའི་ཁྲི་སྟེང་སྡོད་རྒྱུའི་མཛད་སྒོ་རེད། ཚེས་ 174


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

གྲངས་འདི་བོད་ཀྱི་བླ་རྩིས་པའི་བསམ་འཆར་དང་བསྟུན་ཚོགས་ཆེན་ལ་གོ་བསྡུར་ཐོག རྒྱལ་ཚབ་ ནས་གཏན་འཁེལ་བཟོ་གནང་གིས་རྒྱ་ནག་གཞུང་དང༌། རྒྱ་གར་ནང་དབྱིན་གཞུང༌། བལ་ཡུལ་ རྒྱལ་པོ། འབྲུག་དང༌། འབྲས་ལྗོངས་ཀྱི་རྒྱལ་པོ་བཅས་སོ་སོར་གློག་འཕྲིན་ཡང་བཏང་བ་རེད།

མཛད་སྒོ་དེ་རྩེ་ཕོ་བྲང་གི་ཤར་བརྒྱུད་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ནང་བྱས་ཤིང༌། སྲིད་ཞིའི་

ཕུན་ཚོགས་ཞེས་པ་འདི་ལས་དོན་ཡག་པོ་ཤ་སྟག་བྱེད་ས་རེད། མཛད་སྒོ་འདིར་ཕེབས་མཁན་

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་སྐུ་ཚབ་དང༌། བོད་གཞུང་གི་དཔོན་རིགས་སེར་སྐྱ་ཁག གདན་

ས་གསུམ། གཞིས་དགོན་བཅས་པའི་སྤྲུལ་སྐུ། མཁན་པོ། ལས་སྣེ། ངའི་ནང་མི་ཚོ་བཅས་ཡོད་པ་ རེད། སྲིད་ཞིའི་ཕུན་ཚོགས་ལ་བསྐྱོད་སྐབས་ང་དང་མཉམ་དུ་ྋརྒྱལ་ཚབ་རིན་པོ་ཆེ་ཡོད། ཁོང་

ནི་ཡོངས་འཛིན་བགྲེས་པ་ཡང་ཡིན། ཡོངས་འཛིན་སྐུ་གཞོན། བཀའ་ཤག སྤྱི་མཁན། གསོལ་

གཟིམ་མཆོད་གསུམ། མགྲོན་ཆེ། སྔར་བོད་ཀྱི་ས་ཁུལ་ཁག་གི་སྐུ་ཚབ་བཅས་ཡོད། ང་ཡར་བསྐྱོད་

པ་དང་ཁོང་ཚོ་ཚང་མ་ཡར་འགྲེང་སྟེ་སད ྡོ ་མུར། བཀའ་ཤག་དང༌། སྤྱི་ཁྱབ་མཁན་པོ་ནས་ངེད་རང་

སེང་ཁྲིའི་སྟེང་དུ་ཕྱག་འདྲེན་སོགས་མཛད། མགྲོན་ཆེ་ནས་ཁོང་ཚོ་གཞན་རྣམས་ཀྱི་སྣེ་ལེན་བྱས་

སོང༌།

སེང་ཁྲིའམ། གསེར་ཁྲི་འདི་དབྱིབས་གྲུ་བཞི་ཤིང་ལ་གསེར་རིས་དང༌། ཕྱོགས་བཞི་ལ་སེངྒེ་བརྒྱད་

བཀོད་ཡོད་པ་རེད། དེ་ཆོས་ཀྱི་ལུགས་སྲོལ་དང་བསྟུན་དེ་བཟོས་ཤིང༌། དེ་སྟེང་གོས་འབོལ་ཚོས་ སྣ་ལྔ་བརྩེགས་མཐོ་ཚད་ཕུ་ཁྲུ་དྲུག་བདུན་ཙམ་ཡོད། དེའི་མདུན་དུ་ཅོག་ཙེ་ཞིག་ཡོད་པའི་ཁར་ཏཱ་ ལའི་བླ་མའི་དབང་ཆའི་དམ་ག་ཚང་མ་ཡོད་པ་རེད།

པོ་ཏཱ་ལའི་ནང་གཏན་བཞུགས་དགེ་འདུན་རྣམས་ནས་དམིགས་བསལ་གྱི་ཞལ་འདོན་གནང་ཞིང་ མཛད་སྒོ་ཚུགས་ཏེ།

དེ་རྣམས་ནི་རྒྱལ་བའི་ཆོས་ཀྱི་མཛད་སྒོ་ཚང་མར་གསུང་ཞབས་ཀྱི་ལས་

འགན་ཡོད་པ་ཞིག་ཡིན། དེ་ནས་ཁོང་ཚོས་རྟེན་འབྲེལ་བཟང་པོའི་ཚིགས་བཅད་ཐོག་ནས་མཆོད་

པ་ཕུལ་རྗེས་རྒྱལ་ཚབ་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བྱུང༌། དེ་ལ་དང་པོ་གསེར་ གྱི་ཐུབ་དབང་སྐུ་ཞིག་དང༌། གཉིས་པ་གསུང་རབ་གླེགས་བམ། གསུམ་པར་མཆོད་རྟེན་བཅས་ 175


མྱུར་ཀློག་རྩལ་ས

ཀྱི་རྒྱུ་མཚན་ནི། དང་པོ་ཚེ་རིང་པོ་ཡོང་བ་དང༌། གཉིས་པ་དེ་བསྟན་པ་དར་ཁྱབ། གསུམ་པ་དེ་ སངས་རྒྱས་ཀྱི་ཐུགས་བཞེད་ལྟར་འབྱུང་བའི་མཚན་དོན་དང་དགོས་པ་སོགས་ཡོད་པ་ཡིན།

དེ་ནས་རྒྱལ་ཚབ་དང༌། ཡོངས་འཛིན། སྲིད་བློན་སོ་སོས་མཇལ་དར་གནང་བྱུང༌། རྒྱལ་ཚབ་དང༌།

ཡོངས་འཛིན་ལ་ཕར་དབུ་གཏུགས་ཞུས། སྲིད་བློན་ལ་ལག་པ་གཉིས་ཀའི་ཕྱག་དབང་བྱས། དེ་

ནས་མཁན་མགྲོན་ཆེ་བ་ནས་སྣེ་འཁྲིད་བྱས་ཏེ་དཀར་ཡོལ་དང༌། རྫུལ་གྱི་སྡེར་མ་ཞིག་ནང་གྲོ་མ་

ཕུལ་རྗེས། གསོལ་ཐབ་པ་གཞན་གྱིས་མཛད་སྒོ་དེར་ཡོད་ཚང་མར་གྲོ་འབྲས་ཕུལ། དེ་ནི་བོད་

ཀྱི་མཛད་སྒོ་ཚང་མར་རྟེན་འབྲེལ་བཟང་པོའི་རྟགས་མཚན་དུ་གྲགས་ཏེ་བཀྲ་ཤིས་པའི་རྫས་ལྟ་བུ་

བྱེད། དེ་རྗེས་གསོལ་ཇ་བཏེག་སྟེ་རིམ་པས་ཚང་མར་གསོལ་ཇ་ཕུལ་རྗེས་འབྲས་སིལ་འབུལ་གྱི་ རེད། འདི་ཚོའི་སྐབས་གདན་སའི་མཁས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་དང༌། དེ་རྗེས་ཕྲུག་གུ་ འགའ་ཤས་ནས་རོལ་ཆ་དང་བསྟུན་ཏེ་གར་འཁྲབ། ཡང་ཆོས་ཀྱི་བགྲོ་གླེང་མཇུག་མཐུད་དུ་བྱས་

ཏེ༑ དེའི་སྐབས་ཚོམས་ཆེན་དེའི་དབུས་སུ་བོད་པའི་ཁ་ཟས། ཤིང་ཏོག་སོས་པ་དང༌། སྐམ་པོ་

སོགས་སྣེ་མང་རྒྱ་ཆེར་བསྒྲིགས་ཏེ། དེ་མཚམས་རྒྱལ་ཚབ་ནས་བོད་གཞུང་གི་མཎྜལ་འཇིག་རྟེན་

འདིར་ཡོད་རྒུའི་རྟགས་ཞིབ་རྒྱས་བཀོད་པ་ལོགས་གཅིག་ནས་བཀའ་ཤག་དང༌། གཅིག་ནས་སྤྱི་ ཁྱབ་མཁན་པོས་བཏེག་སྟེ་རྒྱལ་ཚབ་ནས་བཤད་པ་ཡུན་རིང་གནང་སྟེ་ཁོང་གིས་གསུངས་གསལ།

བོད་ཀྱི་བླ་མ་ལྷ་དང་བཅས་པའི་ལུང་དོན་བཞིན་ཡང་སྲིད་ཡུན་རིང་འཚོལ་ཞིབ་ཀྱིས་ལུང་དང་

མཐུན་པར་ངོས་བོད་གཞུང་མི་མང་སེར་སྐྱ་ཡོངས་རྫོགས་ནས་གསེར་ཁྲི་ལ་མངའ་གསོལ་ཞུས་པའི་ གནས་ལུགས་དང༌། ཁོང་གི་རེ་འདུན་གནང་བར་བོད་ཀྱི་ཆོས་སྲིད་དར་རྒྱས་དང༌། མི་མང་བདེ་

སྐྱིད་ཡོང་ཆེད་དུ་ང་ཚེ་རིང་པོ་སྡོད་དགོས་གསུངས། དེ་རྗེས་བོད་གཞུང་ནས་འབུལ་བར། དང་པོ། གསེར་གྱི་འཁོར་ལོ་དང༌། དུང་དཀར་ཕུལ། དེ་ཆོས་སྲིད་གཉིས་ཀྱི་དབང་ཆའི་རྟགས་མཚན་རེད།

བཀྲ་ཤིས་ལེགས་འཛོམས་གོང་འཕེལ་གྱི་རྟགས་མཚན་བཀྲ་ཤིས་རྟགས་བརྒྱད། རྒྱལ་པོའི་རིགས་

ཀྱི་ཕུན་ཚོགས་རྒྱལ་སྲིད་སྣ་བདུན་སོགས་ནོར་སྣ་མང་པོ་སེར་སྐྱ་ལས་བྱེད་པས་རིམ་བཏེག་བགྱིས་

བསྟར་འབུལ་བྱས་ཤིང༌།

དེ་ནས་མཇལ་ཁའི་སྐབས་ལ་དང་པོ་བོད་གཞུང་དཔོན་རིགས་རྣམས་ལ་ཕྱག་དབང་དང༌། དེ་ 176


ངོས་ཀྱི་ཡུལ་དང༌། ངོས་ཀྱི་མི་མང

ནས་ཕྱི་རྒྱལ་སྐུ་ཚབ་ཚོས་མཇལ་དར་འབུལ་སློག་སྐབས་སྐུ་ཚབ་རིམ་པ་མཐོ་བ་རྣམས་ལ་ངོས་རང་

གིས་མཇལ་དར་ཕྱིར་སློག བྱིངས་རྣམས་མགྲོན་གཉེར་ཆེན་མོ་ནས་མཇལ་དར་འབུལ་སློག དེ་ ནས་ཚོམས་ཆེན་དབུས་སུ་བསྒྲིགས་པའི་ཤིང་འབྲས་ཐོག་མར་ངོས་ལ་བཏེག དེ་རྗེས་རིམ་པས་

ཚང་མར་འགྲེམས་སྤྲོད་རྗེས་སླར་ཡང་གར་དང༌། ཡང་ལྷ་དང༌། ཀླུ། དྲི་ཟ། གྲུལ་བུམ། མིའམ་ ཅི༑ གནོད་སྦྱིན་སོགས་ཀྱི་ཚུལ་དུ་འབག་གྱོན་པ་གྲལ་བསྒྲིགས་ནས་ཡུལ་ལ་བསྟོད་པའི་གླུ་གཞས་

གཏོང་བ་དང༌། དེ་རྗེས་སྔར་རྒྱ་གར་གྱི་ཨ་ཙརྱའི་འདྲ་འབག་གན ྱོ ་མཁན་བཞི་ཡོང་ནས་གར་འཁྲབ། ཡང་གྲལ་འཕྲོས་པ་ཟེར་བའི་གྲྭ་པ་གཉིས་ནས་བོད་ཀྱི་རྒྱལ་རབས་ནང་གི་ལོ་རྒྱུས་ཀྱི་འབེལ་གཏམ་

བཤད། དེ་རྗེས་གར་འཁྲབ་མཇུག་བགྲོ་གླེང་པ་རྒན་པ་དེས་རང་བརྩམས་ཀྱིས་ཏཱ་ལའི་བླ་མ་སྐུ་ཚེ་

རིང་པོར་བརྟན་པ་དང༌། ཆོས་དར་རྒྱས་ཡོང་བ། ཏཱ་ལའི་བླ་མའི་གཞུང་གི་དབང་ཆའི་འོག་ཞི་ བདེ་དང༌། ཡར་རྒྱས་ཡོང་བ་སོགས་ཀྱི་ཚིགས་བཅད་སྐྱོར། ངས་ཁོང་གཉིས་ཀྱི་རང་རྩོམ་ཚིགས་

བཅད་ལ་དགའ་བོའི་ངང་ནས་ཁོང་གཉིས་ལ་དམིགས་བསལ་གྱི་ཕྱག་དབང་དང༌། ཁ་བཏགས་རེ་ གཡོགས། དེ་ནས་མཛད་སྒོ་གྲོལ། མཛད་སྒོ་དེ་རྒྱུན་རིང་པོ་བྱུང་སོང༌། དེར་ཡོད་སེར་སྐྱ་དཔོན་

རིགས་རྣམས་ནས་ང་ལོ་ཆུང་ཆུང་ཡིན་ཀྱང་མཛད་སྒོ་དེར་སྡོད་སྟངས་དང༌། བྱ་སྟངས་ཀྱི་རྣམ་

འགྱུར་ཧ་ཅང་ཡག་པོ་བྱུང་སོང་ཞེས་དགའ་བོ་བྱེད་ཀྱི་འདུག དེ་ནས་གཟིམ་ཆུང་ཕུན་ཚོགས་

འདོད་འཁྱིལ་ནང་དུ་ཕྱིན་པ་ཡིན། ཕུན་ཚོགས་འདོད་འཁྱིལ་ཞེས་པ་ནི། འདོད་པའི་བྱ་བ་ཐམས་

ཅད་འགྲུབ་ཅེས་པ་རེད། དེའི་ནང་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཡོད་པའི་དཔོན་རིགས་

མཐོ་བ་ཚང་མ་ཕེབས་ཏེ་ཏཱ་ལའི་བླ་མའི་དབང་ཆའི་དམ་ཕྲུག་རྣམས་ང་ལ་སྤྲད། དེ་ནས་ཡིག་ཆ་ འགའ་ཤས་དང༌། དགོན་པ་ཚོར་སྤྲོད་བྱེད་ཀྱི་སངས་རྒྱས་ཀྱི་སྐུ། རྟེན་རྫས་ཁ་བཏགས་སོགས་ལ་ དམ་རྒྱ་ཕབ། དེ་ཚོ་དབང་ཆ་ཚང་མ་ཡོད་པའི་རྟགས་མཚན་གྱི་ཐོག་མ་དེ་རེད།

ང་ལོ་བཞི་དང་ཕྱེད་ཀ་ལ་སླེབས་པའི་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བོད་ལྗོངས་རྒྱལ་

སྲིད་དང༌། ཆོས་སྲིད་གཉིས་ཀྱི་འགོ་འཁྲིད་ཡིན་པར་ངོས་འཛིན་བྱས་ནས་བོད་མི་ཚང་མ་མ་ འོངས་པའི་དུས་སུ་བདེ་སྐྱིད་ཡུན་བརྟན་ཡོང་བའི་རྨང་གཞི་ཚུགས་པར་བསམས་སོ། ། 177


མྱུར་ཀློག་རྩལ་ས

སྦྱོང་ཚན།

༡ གོང་གི་སློབ་ཚན་འདི་བཀླགས་ཏེ་ཚིག་གསར་ཟུར་འདོན་གྱིས་ནང་དོན་ཚིག་མཛོད་ལས་བཙལ་རྒྱུ། ༢ སློབ་ཚན་འདི་བཀླགས་ཏེ་ཟིན་བྲིས་འགོད་སྟངས་ལྟར་ཟིན་ཐོ་རྒྱས་པ་ཞིག་བཀོད། ༣ སློབ་ཚན་གྱི་ནང་དོན་རགས་བསྡུས་ཤིག་བྲིས།

178


དབུ་མའི་ལམ་གྱི་སྲིད་བ

ཟུར་བཀོད།

དབུ་མའི་ལམ་གྱི་སྲིད་བྱུས།

སྔོན་གླེང༌།

དབུ་མའི་ལམ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་

བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་

གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་དང༌། བཙན་

བྱོལ་བོད་མིའི་སྒྲིག་འཛུགས་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་

གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན།

༡) དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་ཁྱད་ཆོས།

བོད་ཀྱི་རྩ་དོན་སྒྲུབ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་ནི། བོད་རང་བཙན་བསྐྱར་གསོ་

བྱས་ཏེ་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་དང༌། ད་ལྟའི་བོད་ཀྱི་གནས་བབ་རང་འཇགས་

བསྡད་རྒྱུའི་མཐའ་གཉིས་དང་བྲལ་བའི་དབུས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་ སྲིད་བྱུས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་པ་ཡིན། བོད་དོན་འགྲིག་ཆགས་ཡོང་བ་ལ་ 179


མྱུར་ཀློག་རྩལ་ས

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་

ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་རྣམས་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་པར་ ལག་བསྟར་བྱེད་དགོས་པ་དང༌། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་

ངེས་པར་དུ་ཚུད་དགོས་པ། དེའི་སྒྲུབ་ཐབས་འཚེ་བ་མེད་པའི་ལམ་འབའ་ཞིག་ལ་བརྟེན་རྒྱུ་བཅས་ ནི་སྲིད་བྱུས་འདིའི་འདོར་ཐབས་མེད་པའི་སྙིང་དོན་ཡིན།

༢) དབུ་མའི་ལམ་གྱི་བྱུང་རིམ། ཕྱི་ལོ་༡༩༦༧-༡༩༦༨ ཙམ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་ གི་གནས་ཚུལ་ཡོངས་ལ་ཐུགས་ཞིབ་དགོངས་བཞེས་གཏིང་ཟབ་དང་འབྲེལ།

སྐབས་དེའི་སྤྱི་

འཐུས་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་སོགས་གྲོས་ལ་དབང་བ་རྣམས་དང༌། མཁས་

མྱོང་ལྡན་པའི་བོད་ཀྱི་གྲོགས་པོ་རྣམས་ལ་གོ་བསྡུར་བགྲོ་གླེང་དང་དཔྱད་ཞིབ་གཏིང་ཟབ་རྒྱུན་རིང་ གནང་འབྲས་སུ་ཕྱི་ལོ་༡༩༧༤ ལོར་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ ཤར་ཚེ་རང་བཙན་རྩོད་གླེང་མི་གནང་བར་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ འཐོབ་ཐབས་གནང་རྒྱུའི་ནང་དོན་སྲིད་བྱུས་གཏན་འབེབས་གནང་ཡོད་པ་ལྟར། ཕྱི་ལོ་༡༩༧༩

ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་རང་བཙན་མ་གཏོགས་གནད་

དོན་གཞན་ཚང་མ་གྲོས་མོལ་ལམ་ནས་ཐག་གཅོད་བྱེད་ཆོག་ཚུལ་གྲོས་འགོ་བཏོན་སྐབས་ཐེ་ཚོམ་ མེད་པར་བཀའ་ལན་གནང་ཆོག་བྱུང་བ་མ་ཟད། རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་འགོ་ ཚུགས་ཐུབ་པ་བྱུང་ནས། ཕྱི་ལོ་༡༩༧༩ ནས་༡༩༨༥ བར་བོད་ནང་ྋགོང་ས་ྋསྐྱབས་མགོན་ཆེན་

པོའི་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་སྔ་རྗེས་ཐེངས་བཞི་དང༌། ཕྱི་ལོ་༡༩༨༢ དང་༡༩༨༤ ལོར་གྲོས་མོལ་ རྟོག་ཞིབ་ཚོགས་ཆུང་ཐེངས་གཉིས་བཅས་ཕེབས་ཐུབ་པ་བྱུང་ཞིང་། ཕྱི་ལོ་༡༩༩༣ ཟླ་༨ བར་ཕན་ ཚུན་དབར་གྱི་ཐད་ཀའི་འབྲེལ་ལམ་མུ་མཐུད་གནས་པ་མ་ཟད། གཞིས་བྱེས་གཉིས་དབར་འགྲོ་ འོང་སོགས་ཀྱི་གྲུབ་འབྲས་རྒྱ་མི་ཆུང་བ་བྱུང་ཡོད། ཕྱི་ལོ་༡༩༨༧ ལོར་ྋགོང་ས་ྋསྐྱབས་མགོན་

ཆེན་པོ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུར་ཞི་བདེའི་གྲོས་ 180


དབུ་མའི་ལམ་གྱི་སྲིད་བ

འཆར་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས།

ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་ནི།

u བོད་ས་ཡོངས་རྫོགས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ།

v རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་ བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ།

w བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོའི་རང་དབང་རྣམས་ ལ་བརྩི་བཀུར་དགོས་རྒྱུ།

x བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་ དང༌། སྲུང་སྐྱོབ་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་པ་ དང༌། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།

y བོད་ཀྱི་མ་འོངས་པའི་གནས་བབ་དང༌། བོད་དང་རྒྱ་ནག་དབར་གྱི་འབྲེལ་བའི་སྐོར་ལ་ལྷག་ བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་འཛུགས་དགོས་རྒྱུ་བཅས་ཡིན།

དེའི་དོན་ཚན་ལྔ་ཡི་རྒྱས་བཤད་དུ་སི་ཏྲས་སྦག་གི་གྲོས་འཆར་ཕྱི་ལོ་༡༩༨༨

ལོར་ཡོ་རོབ་གྲོས་

ཚོགས་སུ་གསལ་བསྒྲགས་བསྐྱངས་ཡོད། གྲོས་འཆར་འདིའི་སྙིང་དོན་ནི། བོད་ཆོལ་ཁ་གསུམ་

སྟེ་དབུས་གཙང་དང༌། ཁམས། ཨ་མདོ་བཅས་བོད་ཡོངས་རྫོགས་སྤྱིའི་བདེ་རྩ་དང༌། མི་དམངས་ དང་དེའི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་གཙོ་བཟུང་གིས་ཁྲིམས་ ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་དམངས་གཙོའི་ཆབ་སྲིད་ཀྱི་གོང་བུ་

ཞིག་ཏུ་བསྒྱུར་རྒྱུ། དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་ཡིན། རྒྱ་

ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནས་བོད་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་འགན་འཁུར་

རང་འཇགས་ལེན་ཆོག་རྒྱུ་དང༌། བོད་གཞུང་ནས་རང་ཉིད་ཀྱི་ཕྱི་ཕྱོགས་འབྲེལ་མཐུད་ལས་ཁུངས་

བརྒྱུད་ནོར་སྲིད་དང༌། ཤེས་རིག་སློབ་གསོ། ཆོས། རིག་གཞུང༌། ཡུལ་སྐོར་སྤྲོ་འཆམ། ཚན་རིག

ལུས་རྩལ། དེ་མིན་སྲིད་དོན་མ་ཡིན་པའི་འབྲེལ་བ་བཅས་ཡར་རྒྱས་གཏོང་རྒྱུ་དང༌། རྒྱུན་འཁྱོངས་ 181


མྱུར་ཀློག་རྩལ་ས

ཡོང་བ་བྱེད་དགོས། བོད་ཀྱི་ལས་དོན་དེ་རིགས་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་

ནང་ཞུགས་རྒྱུ་བཅས་གསལ་ཡོད། ཕྱི་ལོ་༡༩༩༣ ནས་བོད་རྒྱའི་འབྲེལ་ལམ་ཆད་པ་རེད། ཕྱི་ལོ་

༢༠༠༢ རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་

དབར་འབྲེལ་མོལ་ཐེངས་དགུ་དང་ནང་ལུགས་གྲོས་བསྡུར་ཐེངས་གཅིག་བཅས་བྱུང་ཞིང༌། ཕྱི་ལོ་

༢༠༠༨ ཟླ་༧ པའི་ནང་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ངོས་

ནས་རང་སྐྱོང་གི་ངོ་བོ་གང་འདྲ་ཞིག་རེ་འདུན་བྱེད་ཀྱི་ཡོད་མིན་ཡིག་ཐོག་བསམ་འཆར་འགོད་ དགོས་བཤད་པ་ལྟར། ཕྱི་ལོ་༢༠༠༨ ཟླ་༡༠ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་ རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་ཡོད།

ལོ་དེའི་ནང་བོད་རྒྱ་ཁྱབ་ཏུ་དེ་སྔོན་བྱུང་མྱོང་མེད་པའི་ཞི་བའི་གྱེན་ལངས་གཞི་རྒྱ་ཆེ་བ་བྱུང་བ་ རེད། བསམ་འཆར་ཡིག་ཆར་རྒྱ་ནག་གཞུང་གིས་འགྲེལ་བཤད་ལོག་པ་དང་དགག་བྱ་མང་དག་

ཅིག་བྱས་པར་གསལ་བཤད་བྱེད་ཆེད་ཕྱི་ལོ་༢༠༡༠ ཟླ་༡ ནང་འབྲེལ་མོལ་ཐེངས་དགུ་པའི་སྐབས་

བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་

ཡིག་ཆ་སྤྲད་ཡོད། བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་

རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་ཕྱོགས་སྐོར་འགྲེལ་ བརྗོད་བྱས་ཡོད།

༣) དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་གྲུབ་ཀྱི་གཞི་རྟེན།

ྋགོང་ས་ཆེན་པོས་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷག་བསམ་ (Universal Responsibility) གྱི་ དགོས་པ་དང༌། དེ་བཞིན་དཀའ་རྙོག་གང་ཡིན་ཡང་གཉིས་མོས་མཛའ་མཐུན་ལམ་ནས་སེལ་

དགོས་པའི་ལམ་སྟོན་འཇིག་རྟེན་ཡོངས་ལ་མཛད་དེ། དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་འཐབ་

རྩོད་ཀྱི་དུས་རབས་ཤིག་ཏུ་འདས་ཀྱང༌། ད་ཆ་དུས་རབས་ཉེར་གཅིག་པ་འདི་དཀའ་རྙོག་རྣམས་ བགྲོ་གླེང་གི་ལམ་ནས་སེལ་བའི་དུས་རབས་གསར་པ་ཞིག་ཏུ་བསྐྲུན་དགོས་པའི་སློབ་སྟོན་གནང་

བཞིན་ཡོད། རང་བཙན་རྩོད་ན་གཉིས་མོས་བགྲོ་གླེང་ཡོང་ཐབས་བྲལ་ཞིང༌། བགྲོ་གླེང་དང་གུ་

བཤངས་ཀྱི་ལམ་ནས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལམ་ཕག ྱོ ས་ཤིག་མ་བཟུང་ཐབས་མེད་ 182


དབུ་མའི་ལམ་གྱི་སྲིད་བ

ཡིན་པའི་ལྟ་གྲུབ་ལ་གཞི་བཅོལ་བ་ཡིན།

༤) དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་ འབེབས་བྱུང་ཚུལ།

ཀ) དབུ་མའི་ལམ་གྱི་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་འཆར་ཡིན་ཡང་

དེའི་གཏན་འབེབས་ྋགོང་ས་མཆོག་གིས་ཐད་ཀར་གནང་བ་མིན། མང་གཙོའི་ལམ་སྲོལ་གཞི་

བཟུང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བློན་སོགས་མང་ཚོགས་ཀྱི་སྐུ་

ཚབ་མཚོན་པའི་གང་ཟག་དང་སྒྲིག་འཛུགས་ཡོངས་ལ་གོ་བསྡུར་གནང་བ་བརྒྱུད་སྤྱི་མོས་ཀྱིས་ གཏན་འབེབས་དང་ཕྱག་བསྟར་གནང་ཡོད། རྒྱ་གཞུང་མཉམ་འབྲེལ་མོལ་ཐེངས་མང་གནང་བའི་

རྗེས་གྲོས་འཆར་ཆ་ཚང་ཞིག་དགོས་མཁོ་བྱུང་བ་དང་བསྟུན་ཏེ། ཕུགས་ཀྱི་འཆར་སྣང་ཞི་བའི་དོན་

ཚན་ལྔ་ཕྱི་ལོ་༡༩༨༧ ལོར་ཨ་རི་གྲོས་ཚོགས་སུ་གསལ་བསྒྲགས་དང༌། དེའི་དོན་ཚན་ལྔ་པའི་རྒྱས་ བཤད་དུ་སི་ཏྲས་སྦག་གི་གྲོས་འཆར་ཕྱི་ལོ་༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་

བསྐྱངས་ཡོད། གྲོས་འཆར་འདི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་དང་པོ་ཡིན་སྟབས། གསལ་བསྒྲགས་མ་གནང་གོང་ཕྱི་ལོ་༡༩༨༨ ཟླ་༦ ཚེས་༦ ནས་ཚེས་༩ བར་ཉིན་བཞིའི་རིང་དྷ་

སར་བཀའ་ཤག་དབུ་བཞུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གཞུང་ཞབས་རྣམ་པ།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རང་སྐྱོང་སྡེ་ཚན་ཁག གསར་འབྱོར་བོད་མིའི་འཐུས་

ཚབ། དམིགས་བསལ་སྐུ་མགྲོན་རྣམ་པ་བཅས་བཙན་བྱོལ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་

དམིགས་བསལ་ཆབ་སྲིད་ཚོགས་ཆེན་ནང་བགྲོ་གླེང་མཐིལ་ཕྱིན་གནང་རྗེས་གྲོས་འཆར་དེ་རང་

གསལ་བསྒྲགས་གནང་རྒྱུ་སྤྱི་མོས་ཀྱིས་རྒྱབ་གཉེར་གནང་ཡོད། འདི་ནི་བཀའ་སྤྱི་གཉིས་ཙམ་མ་

ཟད། མང་ཚོགས་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་རྣམས་ནས་ཐད་ཀར་བསམ་ཚུལ་བསྡུས་ཏེ་མང་ གཙོའི་བརྒྱུད་ལམ་ནས་གཏན་འབེབས་གནང་བའི་རིམ་པ་དང་པོ་དེ་ཡིན།

ཁ) ཕྱི་ལོ་༡༩༩༣ ནས་བོད་རྒྱའི་འབྲེལ་ལམ་ཆད་པར་བརྟེན་ཕྱི་ལོ་༡༩༩༥ དང་༡༩༩༦ སོ་སོའི་

ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དུ་འབྱུང་འགྱུར་ལངས་ཕྱོགས་ཇི་དགེ་མང་མོས་ 183


མྱུར་ཀློག་རྩལ་ས

ཐག་གཅོད་འོས་བསྡུ་བྱ་དགོས་ཕེབས་པ་བཞིན་བཀའ་སྤྱི་ཐུན་མོང་གིས་མང་མོས་ཐག་གཅོད་འོ ས་ བསྡུའི་སྔོན་འགྲོའི་ལས་རིམ་འགོ་འཛུགས་ཀྱིས་གདམ་བྱ་དོན་ཚན་བཞིའི་ཐོག་བགྲོ་གླེང་སོགས་

བྱེད་སྐབས་བོད་མི་གཞིས་བྱེས་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་༦༤ བརྒལ་བས་མང་མོས་ཐག་ གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ནམ། ྋགོང་ས་ྋསྐྱབས་ མགོན་ཆེན་པོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དུས་ནས་དུས་སུ་ཐག་གཅོད་

གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་དགོས་གསལ་བ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་

ཀྱིས་ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ཉིན་ྋགོང་ས་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་

ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང༌། ྋགོང་ས་ྋསྐྱབས་མགོན་

ཆེན་པོས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་ བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་སྟེ་མང་ཚོགས་ཀྱི་མང་མོས་དང་སྤྱི་ ལྷན་གྱི་སྤྱི་མོས་ཀྱི་ཐོག་ནས་ྋགོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་ལ་ྋགོང་ས་ཆེན་པོས་

ཕྱི་ལོ་༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་ ཁྱབ་བསྒྲགས་གནང༌། འདི་ནི་མང་ཚོགས་ཀྱིས་མང་མོས་དང་སྤྱི་ལྷན་གྱིས་སྤྱི་མོས་ཀྱི་ལམ་ནས་ མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གཉིས་པ་དེ་ཡིན།

ག) ཕྱི་ལོ་༢༠༠༢ ནས་བོད་རྒྱའི་ཐད་འབྲེལ་བ་བསྐྱར་གསོའི་རྗེས་འབྲེལ་མོལ་ཐེངས་བདུན་གནང་

ཡང་རྩ་དོན་ཐོག་གྲུབ་འབྲས་མ་བྱུང་ཁར། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་བ་

དང༌། བཙན་བྱོལ་སྤྱི་ཚོགས་སུའང་ཛ་དྲག་གི་ཚོར་སྣང་བྱུང་བ་བཅས་ལ་གཟིགས་ཏེ་སླར་ཡང་ཕྱི་

ལོ་༢༠༠༨ ཟླ་༡༡ ཚེས་༡༧ ནས་ཚེས་༢༢ བར་ཉིན་དྲུག་རིང་དྷ་སར་བཅའ་ཁྲིམས་དོན་ཚན་ང་

དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྐྱངས་པར་བོད་མི་གནས་ཡུལ་ཡོངས་ནས་

མང་ཚོགས་ཀྱི་ངོ་ཚབ་མཚོན་ངེས་ཀྱི་ཚོགས་མི་༦༠༠ མ་ཟིན་ཙམ་དང༌། ཚོགས་མི་སོ་སོའི་ཡོང་ ཁུངས་མང་ཚོགས་ཀྱི་བསམ་ཚུལ་ཡིག་ཐོག་ཏུ་ཕུལ་བ། གཞིས་བཞུགས་བོད་མིའི་ཁྲོད་ནས་བསམ་

འཆར་བསྡུ་ལེན་བྱས་པ་བཅས་ཁྱོན་བསམ་ཚུལ་བརྒྱ་ཆ་བརྒྱད་ཅུ་བརྒལ་བའི་ཚད་མཐོའི་མང་མོས་ ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས། འདི་ནི་མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་ 184


བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གསུམ་པ་དེ་ཡིན།

དབུ་མའི་ལམ་གྱི་སྲིད་བ

ང) དེ་བཞིན་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ྋགོང་ས་

ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་དང་གསན་

ཞིབ་རྗེས་སླར་ཡང་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ ཡོད། འདི་ནི་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་བཞི་པ་དང་གསར་ཤོས་དེ་ཡིན།

དེ་ལྟར་ཕྱི་ལོ་༡༩༧༤ ནས་བཟུང་ཕྱི་ལོ་༢༠༡༠ བར་འདས་པའི་ལོ་ངོ་སོ་དྲུག་ནང་ྋགོང་ས་མཆོག་

ནས་ཡང་ཡང་མང་ཚོགས་ལ་གོ་བསྡུར་བསྐྱངས་པ་དང༌། མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་ དུ་རང་དབང་ལྡན་པའི་རྣམ་དཔྱོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་

རྒྱབ་སྐྱོར་ཞུས་ཤིང༌། ལྷག་པར་སྔ་རྗེས་སུ་བོད་ནང་གི་མི་རིགས་ཀྱི་བདེ་དོན་ལ་ལོ་མང་འབད་ བརྩོན་བྱས་མྱོང་བའི་རྒྱུས་ཅན་དང༌། ད་ལྟ་འབད་བརྩོན་བྱེད་བཞིན་པའི་ཆོལ་ཁ་གསུམ་གྱི་མཁས་ དབང་དང་ལས་འགུལ་བ་མང་པོས་རྒྱབ་སྐྱོར་བློ་མོས་ཤུགས་ཆེན་ཞུས་ཡོད།

༥) དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཆའི་ནང་དོན་ལ་འགྱུར་འགྲོས།

ཕྱི་ལོ་༡༩༧༩ ནས་༡༩༨༨ བར་འབྲེལ་མོལ་གྱི་བྱུང་རིམ་ནང་ཁ་བྲལ་མིན་པའི་རང་སྐྱོང་གི་གནས་

བབ་སྤྱི་སྤུང་ཙམ་ལས་ཞིབ་ཆའི་འགྲེལ་བརྗོད་མེད། ཕྱི་ལོ་༡༩༨༨ ལོར་བསྩལ་བའི་སི་ཏྲས་སྦག་

གི་གྲོས་འཆར་ནང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ལ་གཞི་རྩའི་ཁྲིམས་ཡིག་ཟུར་དུ་ཡོད་ པའི་མང་གཙོའི་ལམ་སྲོལ་ཅན་གྱི་རང་སྲིད་རང་སྐྱོང༌། དམག་སྲིད་དང་གཞུང་ཚབ་གཏོང་རེས་

ཀྱི་ཕྱི་འབྲེལ་ལས་གཞན་པའི་དོན་གནད་ཡོངས་རྫོགས་ས་གནས་གཞུང་གི་དབང་ཚད་དུ་དགོས་

པ་དང༌། དེ་འདྲའི་རང་སྐྱོང་གཞུང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་

བྱ་རྒྱུ་གསལ་ཡོད། སི་ཏྲས་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་རང་བཙན་དང༌། ཕྱེད་རང་

བཙན་ནམ་རྣམ་པ་འགྱུར་བའི་རང་བཙན་ཡིན་ཚུལ་དང༌། ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་

ལ་འཁྱོག་བཤད། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་བདག་དབང་ཁས་ 185


མྱུར་ཀློག་རྩལ་ས

ལེན་མ་བྱས་པའི་སྐྱོན་བརྗོད་བྱས། ཕྱི་ལོ་༡༩༨༨ ཟླ་༩ ཚེས་༢༡ ཉིན་ལྡི་ལིའི་རྒྱ་ནག་གཞུང་

ཚབ་ཀྱིས་བཀའ་ཤག་ལ་དོན་ཚན་གསུམ་ཅན་གྱི་བརྡ་ལན་འབྱོར་བའི་ནང༌། སི་ཏྲས་སྦག་གི་

གྲོས་འཆར་ནང་བོད་རང་བཙན་གྱི་ལྟ་བ་དོར་མི་འདུག་པས་དེ་སྐད་ཆ་བཤད་རྒྱུའི་རྨང་གཞི་ཡོང་ ཐབས་མེད་ཚུལ་བཤད་པ་དང༌། དེ་དོན་ཚེས་༢༢ ཉིན་གསར་འགོད་པར་གསལ་བསྒྲགས་བྱས།

སླར་ཡང་༡༩༨༨ ཟླ་༡༡ ཚེས་༡༨ ཉིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་ནས་ཀྲུང་དབྱང་གིས་བསྐྱར་

བཤད་བྱ་རྒྱུ་ཞིག་ལ་སི་ཏྲས་སྦག་གི་གསུང་བཤད་དེ་བཀའ་མོལ་གནང་རྒྱུའི་རྨང་གཞི་རྩ་བ་ནས་ ཡོང་གི་མ་རེད། བཀའ་མོལ་གནང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱ་

རྒྱུ་ངོས་ལེན་དང༌། དེ་འོག་ནས་གནང་དགོས་ཀྱི་རེད།’ཅེས་ནན་བརྗོད་བྱས་པ་སོགས་སི་ཏྲས་སྦག་

གི་གྲོས་འཆར་ལ་རྒྱ་ཕྱོགས་ནས་འབྲེལ་མོལ་བྱ་ཐབས་མེད་པའི་ལན་འདེབས་སྔ་རྗེས་བྱུང་བར་

བརྟེན། ཕྱི་ལོ་༡༩༩༡ ལོའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དུ་དུས་ཚོད་ངེས་ཅན་ ནང་རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་ན་གྲོས་འཆར་དུ་གསལ་བའི་དོན་གནད་ཁག་ ལ་འགན་བཞེས་གནང་དགོས་མེད་པ་དང༌། ཕྱི་ལོ་༡༩༩༢ ལོའི་ྋགོང་ས་ཆེན་པོའི་གསུམ་དུས་ གསུང་འཕྲིན་དང༌། ཡེལ་གཙུག་ལག་སློབ་ཁང་དུ་བསྩལ་བའི་གསུང་བཤད་བཅས་ཀྱི་ནང་གྲོས་ འཆར་རང་བཞིན་ནུས་མེད་དུ་གྱུར་ཚུལ་གསལ་བསྒྲགས་བསྐྱངས། གྲོས་འཆར་དེ་ཕྱི་ལོ་༡༩༩༢

ལོར་རང་བཞིན་ནུས་མེད་དུ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་ཕྱི་ལོ་༢༠༠༨ བར་དབུ་མའི་

ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཕྲའི་འགྲེལ་བརྗོད་གསར་པ་བཟོས་མེད། ཕྱི་ལོ་༢༠༠༢ ནས་འབྲེལ་མོལ་

ཐེངས་བདུན་བྱས་པའི་ལས་རིམ་དུ་རྒྱལ་སྤྱིའི་དངོས་ཡོད་གནས་བབ་དང༌། རྒྱ་གཞུང་གི་ལངས་ ཕྱོགས།

བོད་མིའི་མངོན་འདོད་བཅས་དང་བསྟུན་ཏེ་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་

འཛུགས་ཀྱི་ངོས་ནས་གུ་བཤངས་བྱས་ཏེ་བོད་ཀྱི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་

ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་འོག་བསལ་རྒྱུའི་འབད་བརྩོན་གནང་རྒྱུའི་དགོངས་ཚུལ་རྣམས་བར་

སྐབས་དེའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ཁག་དང༌། བཀའ་ཤག་གི་གཏམ་བཤད་

ཁག་གི་ནང་རིམ་གསལ་བྱས་ཡོད་པ་མ་ཟད། འབྲེལ་མོལ་སྐབས་སུའང་གོ་སྐབས་སྨིན་མཚམས་

ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་ཞིབ་ཆའི་འགྲེལ་བརྗོད་གསར་པ་གནང་རྒྱུའི་གོ་སྒྲིག་ཡོད་

ཚུལ་བརྗོད་ཡོད། ཕྱི་ལོ་༢༠༠༨ ལོར་འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་ང་ཚོའི་དགོས་ 186


དབུ་མའི་ལམ་གྱི་སྲིད་བ

འདུན་གྱི་རང་སྐྱོང་གི ་གནས་བབ་གསལ་པོ་དགོས་ཞེས་བརྗོད་པ་ལྟར་རྒྱ་ནག་མི་དམངས་སྤྱི་

མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་བོད་ རིགས་ཡོངས་ལ་དངོས་སུ་ལག་བསྟར་བྱེད་ཕག ྱོ ས་ཀྱི་བསམ་འཆར་ཡིག་ཆའི་ནང་ཞིབ་རྒྱས་བཀོད་

ཡོད། དེའི་ནང་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ་དང༌། བོད་མིའི་མངོན་ འདོད། བོད་མིའི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག་བཅུ་གཅིག བོད་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ། རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི། མ་འོངས་མདུན་

བསྐྱོད་བྱེད་ཐབས་བཅས་ཞིབ་ཕྲ་བཀོད་ཡོད། བསམ་འཆར་འདི་ནི་སི་ཏྲས་སྦག་གི་གྲོས་འཆར་ དང་ཁྱད་པར་ཆེན་པོ་ཡོད་ཅིང༌། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་

མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞི་བཟུང་ཐོག་བོད་རིགས་ཡོངས་ རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་རྒྱུ་གཙོ་བོར་བྱས་ཏེ་བཀོད་ཡོད།

གྲོས་འཆར་དེ་ལ་རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་ཇི་སྙེད་ཅིག་བྱས་པར་བརྟེན་དེའི་འགྲེལ་

བརྗོད་ཅིག་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༢༦ ཉིན་འབྲེལ་མོལ་ཐེངས་དགུ་པའི་སྐབས་སྤྲད་པའི་ནང་རྒྱ་

མིའི་འཁྱོག་བཤད་ལ་འགྲེལ་བརྗོད་བྱས་ཡོད། ཡིག་ཆ་འདི་གཉིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ འགྲེལ་བརྗོད་གསར་ཤོས་དེ་ཡིན།

བསམ་འཆར་ཡིག་ཆ་འདི་ལ་རྒྱལ་སྤྱིའི་ནང་གཞུང་དང༌། གྲོས་ཚོགས། སྒྲིག་འཛུགས། མི་སྒེར་ བཅས་མང་པོས་ཧ་ཅང་འོས་འཚམས་དང་ཁྲིམས་མཐུན་ཡིན་པའི་བསྔགས་བརྗོད་དང༌། རྒྱ་གཞུང་ གིས་འདི་ལ་ངོས་ལེན་མ་བྱས་པར་ཡ་མཚན་དང༌། འོས་འཚམས་མིན་པའི་སྐྱོན་བརད ྗོ ་བྱེད་བཞིན་

ཡོད་པ་མ་ཟད། གྲོས་གཞི་འདིའི་ཐོག་འབྲེལ་མོལ་གྲུབ་འབྲས་ཐོན་པ་གནང་དགོས་པའི་སྐུལ་ལྕག་ ཀྱང་ནན་པོ་གནང་བཞིན་ཡོད།

187


མྱུར་ཀློག་རྩལ་ས

སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོ་རྒྱུ། (མིང་ཚིག་རྣམས་དགེ་རྒན་གྱིས་འགྲེལ་བརྗོད་གནང་དགོས)

དབུ་མའི་ལམ། བོད་རྒྱའི་དཀའ་རྙོག བརྟན་ལྷིང༌མཉམ་གནས། གཏན་ལ་ཕབ་པའི་སྲིད་བྱུས།

བོད་ཀྱི་རྩ་དོན། བདེན་མཐའ་གསལ། རྩ་ཁྲིམས། བཅའ་ཁྲིམས། ས་གནས་རང་སྐྱོང༌། ཞི་བའི་གྲོས་འཆར། མིང་དོན་མཚུངས་པ། གྲོས་མོལ་རྟོག་ཞིབ། བཀའ་སྤྱི་ཐུན་མོང་། མང་མོས་ཐག་གཅོད། བོད་མིའི་མངོན་ འདོད། འཁྱོག་བཤད། གོང་བུ་གཅིག་སྒྲིལ། འབྲེལ་མོལ།

གཉིས་པ། སློབ་ཚན་བཀླགས་ནས་ལན་ཐུང་རེ་བྲིས།

༡ བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་སུས་འདོན་གནང་མཛད་པ་ཡིན་ནམ། ༢ དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་ག་འདྲ་ཞིག་ལ་གོ་བ་ལེན་དགོས་སམ།

༣ དབུ་མའི་ལམ་གྱི་སྲིད་བྱུས་གྲོས་ལ་དབང་བ་རྣམས་ཀྱིས་དུས་ནམ་ཞིག་ལ་གོ་བསྡུར་མཛད་ཡོད་དམ།

༤ བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་བོད་རང་དབང་བསྐྱར་གསོ་གནང་རྒྱུའི་དབུ་མའི་ལམ་གྱི་སྲིད་བྱུས་ འདི་ག་དུས་ནས་བཟུང་ཡོད་དམ།

༥ ྋགོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་སུ་འདོན་གནང་མཛད་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་གང་ དག་ཡིན་ནམ།

༦ ཕྱི་ལོ་༡༩༧༩ ལོར་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་བོད་རྒྱ་འབྲེལ་མོལ་བྱེད་པར་བརྡ་ ལན་ཅི་ཞིག་སྤྲད་ཡོད་དམ།

༧ ཕྱི་ལོ་༡༩༩༦ ལོར་ྋགོང་ས་མཆོག་ནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐབས་ལམ་ཐད་བོད་རྒྱ་ཆེའི་མི་མང་ ལ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་པའི་ལམ་སྟོན་ཕེབས་དགོས་དོན་ཅི་ཡིན་ནམ།

༨ དབུ་མའི་ལམ་ནི་མང་གཙོའི་ལམ་སྲོལ་ཐོག་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་ཞེས་པའི་རྒྱུ་ མཚན་ཅི་ཡིན་ནམ།

༩ འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་རེ་འདུན་གཙོ་བོ་ཅི་ཞིག་བཏོན་ཡོད་དམ།

༡༠ འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གཞུང་ལ་སྤྲད་པའི་ཡིག་ཆ་དེ་མིང་ལ་ཅི་ཞིག་ཟེར་རམ།

༡༡ ༸གོང་ས་མཆོག་གིས་གཞི་རྩ་གང་འདྲར་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་འདོན་གནང་མཛད་ ཡོད་དམ།

༡༢ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་གསར་ཤོས་ཀྱི་ཡིག་ཆ་གཉིས་གང་ཡིན་ནམ།

༡༣ སི་ཏྲས་སྦག་གི་ཞི་བའི་གྲོས་འཆར་ལྔའི་རྒྱས་བཤད་ལ་རྒྱ་ནག་གཞུང་གི་སྐྱོན་བརྗོད་ཇི་ལྟར་བྱས་ཡོད་ དམ།

188


དབུ་མའི་ལམ་གྱི་སྲིད་བ

གསུམ་པ། གཤམ་གྱི་ལོ་ཚིགས་དང་དོན་གནད་ཕན་ཚུན་ཐིག་གིས་སྦྲེལ་དགོས། ལོ།

༡༩༧༤

༡༩༧༩ ༡༩༧༩ ནས་ ༡༩༨༥ བར། ༡༩༨༧ ༡༩༨༨

༢༠༠༢ ༢༠༠༨/༡༠ ༢༠༠༨/༡༡ ༢༠༡༠/༡

དོན་གནད།

བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོ ག་དམིགས་བསལ་

ཚོགས་ཆེན་སྟེང་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་མོས་རྒྱབ་ སྐྱོར་ཐོབ་སྟེ་གཏན་འབེབས་བྱས།

ལོ་མང་རིང་ཆད་པའི་བོད་རྒྱའི་འབྲེལ་བ་བསྐྱར་གསོ་བྱུང་བ་དང་རིམ་ པའི་འབྲེལ་མོལ་ཐེངས་དགུ་གནང་།

འབྲེལ་མོལ་ཐེངས་བརྒྱད་པའི་སྟེང་བོད་རིགས་ཡོངས་ལ་མིང་དོན་ མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད།

ཏེང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་ མ་གྲོས་མོལ་ལམ་ནས་ཐག་གཅོད་བྱེད་ཆོག་པའི་གྲོས་འགོ་བཏོན།

འབྲེལ་མོལ་ཐེངས་དགུ་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་

མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ ཡིག་ཆ་སྤྲད།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་

གི་ཚོགས་འདུར་ཞི་བདེའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་ བསྐྱངས།

རང་བཙན་རྩོད་གླེང་མི་བྱེད་པར་རང་སྐྱོང་གི་གནས་བབ་མིང་དོན་ མཚུངས་པ་ཞིག་འཐོབ་ཐབས་ཀྱི་སྲིད་བྱུས་གཏན་འབེབས་གནང་།

བོད་དུ་སྔ་རྗེས་སུ་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་ཐེངས་བཞི་ཕེབས་ཐུབ་ པ་བྱུང་།

སི་ཏྲས་སྦག་ཏུ་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཡི་རྒྱས་བཤད་ཡོ་རོབ་ གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས། 189


མྱུར་ཀློག་རྩལ་ས

བཞི་པ། རང་ཚིག་ཐོག་ལན་བྲིས།

༡ ཕྱི་ལོ་༡༩༧༩ ནས་༡༩༨༥ བར་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་ཐེངས་ག་ཚོད་ཕེབས་ཡོད་པ་དང་། ཕེབས་ ཐེངས་རེ་རེར་ཚོགས་མི་སུ་དང་སུ་ཕེབས་ཡོད་མེད་བརྩད་ཞིབ་ཀྱིས་བྲིས།

༢ དབུ་མའི་ལམ་གྱི་སྲིད་བྱུས་ཇི་ལྟར་གཏན་འབེབས་བྱུང་བའི་བརྒྱུད་རིམ་གནད་བསྡུས་ཤིག་བྲིས།

ལྔ་པ། དབུ་མའི་ལམ་དང་བོད་རྒྱ་ཞི་མོལ། བོད་ཀྱི་མ་འོངས་མདུན་ལམ་བཅས་ཀྱི་བརྗོད་གཞིའི་ ཐོག་རང་ཉིད་ལ་སེམས་ཚོར་ཆེ་ཤོས་ཀྱི་དྲི་བ་ལྔ་རེ་བཟོས། དྲུག་པ།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་བོད་མིའི་ཕྱོགས་ནས་བསྒྲུབ་བྱ་གང་ཡོད་སྐོར་

འཛིན་གྲྭའི་ནང་བགྲོ་གླེང་གོ་སྒྲིག་གནང་དགོས།

190


སུམ་ཅུ་པའི་རྩ་བ།

རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། །ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་

འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་ སྒྲ་དབྱངས་ཀུན་གསུངས་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་ གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་

ཡང་ཕྱག་འཚལ་ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་

ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་

གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ ། །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་

བ་ལས། །དང་པོ་གསུམ་པ་བཞི་པ་ཡི། །མས་གཉིས་དྲུག་པའི་གསུམ་པ་དང༌། །བདུན་པ་ལ་ནི་ཤ་

མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་

པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་

ལ་དབྱངས་ཀྱི་བཞི་ལྡན་ཡང༌། །གང་དུའང་འཇུག་མིན་སྦྱར་བའང་མིན། །རྗེས་འཇུག་ཡི་གེ་བཅུ་ པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་

བྱ༑ ༑རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་

པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་

གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་

རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་


ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་

བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་ སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་

པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་ སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་པ་འབྱུང་ཁུངས་ས་

ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ཡིན། །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་

བོད་པ་ཡིན། །གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་

པའི་ཚིག་ཏུ་འགྱུར། །མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་

ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །གང་མིང་གི་ནི་ཡ་མཐའ་ རུ༑ ༑གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་ འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་

པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་

ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཚིགས་སུ་བཅད་པའི་

མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །དེ་ནི་དེ་བཞིན་སྦྱར་བར་བྱ། །སྔོན་

འཇུག་ཡོད་དམ་མེད་ཀྱང་རུང༌། །མིང་གཞིའི་ཡི་གེ་གང་ཡིན་ལ། །ཉིས་འབྲེལ་ཡོད་དམ་སུམ་

འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང༌། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་

བ་ཡོད་མི་སྲིད། །རྗེས་འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀག ློ ་དང་བཤད་རྣམས་ཀྱི། །མཚམས་

སྦྱོར་སྒྲ་ལ་ཐོགས་མེད་ཅིང༌། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང༌། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་

མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང༌། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ ཏུ་དབབ་པར་བྱ། །བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང༌། །སྔོན་

འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་ བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་


དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་

རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ ཏེ༑ ༑བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །སློབ་དཔོན་དེ་ཉིད་དུ་

འཛིན་ཅིང༌། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་ མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ ། །


བོད་ཀྱི་སྐད་ཡིག Tibetan (Code: 017)

འཛིན་རིམ་དགུ་པ། Class-IX (2017 - 2018) One paper

3 Hours

Marks 80

Marks

Suggested Periods

Section A

གོ་རྟོགས་ནུས་རྩལ། Comprehension

15 Marks

10

དེ་སྔོན་མ་བསླབས་པའི་དུམ་ཚན་ཞིག་ལས་གོ་རྟོགས་ནུས་རྩལ། བརྗོད་བྱ། སྒྲུང་ཐུང་སྣ་ ཚོགས་དང་། དངོས་བསྐྱོད་ཟིན་ཐོ། དངོས་བྱུང་གཏམ་རྒྱུད།

Comprehension of an unseen passage extracted from stories, notes, and biographies.

Section B ༡། རྒྱུན་སྤྱོད་ཡིག་རིགས། Letter Writing

གཏོང་ཡིག གསལ་བསྒྲགས། ཟིན་བྲིས། ཉིན་ཐོ།

ཁྲིད་གཞིའི་ལམ་སྟོན། Suggested Reference:

Letter Writing, notice, Notes and diary.

8 Marks

15


བོད་ཀྱི་ཡིག་བསྐུར་རྣམ་གཞག ཤེས་རིག་དཔར་ཁང།

Bod kyi yig kur rNam zhag, published by Tibetan Culture Printing Press, Delhi.

༢། རྩོམ་འབྲིའི་ཤེས་བྱ། Essay writing

12 Marks

35

ལྗོངས་རྣམ་དང་། དངོས་རྣམ། མི་སྣ་འབྲི་ཚུལ། སྲོག་ཆགས་འབྲི་ཚུལ། བྱ་བ་འབྲི་ཚུལ། Description of Places and things, people and actions

༢། ཨིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་རྒྱུ།

5 Marks

Translation from English to Tibetan.

Section C བརྡ་སྤྲོད་ཉེར་མཁོ། Applied Grammar ༡། སུམ་ཅུ་པ། Sumchupa

10 Marks

30

• སུམ་ཅུ་པའི་རྩ་བ་ལས་སྦྱར་བྱ་ཡི་གེའི་རྣམ་གཞག་དང་། ཕྲད་གཞན་དབང་ཅན་རྣམ་ དབྱེ་དང་བཅས་པ།

• ཚིག་གི་དབྱེ་བ།

• Morphology of words and Additive particles depended upon suffix letter. • Classifications of words

ཁྲིད་གཞིའི་ལམ་སྟོན།

Suggested Reference:

སི་ཏུའི་ཞལ་ལུང་། མཛད་པ་པོ། དངུལ་ཆུ་དྷརྨ་བྷ་དྲ། ཤེས་རིག་པར་ཁང་།


Si tu’i zhal lung of Ngulchu Dharma Badra, published by Tibetan Culture Printing Press, Delhi.

༢། དག་ཡིག Orthography

5 Marks

10

དག་ཡིག་ལས་འཕུལ་དང་མཐའ་རྟེན། མགོ་ཅན་གསུམ་གྱི་སྦྱོར་ཚུལ་དང། གདམ་ང་ཅན་ གྱི་དག་ཆ།

Application of prefix, suffix and superscripted letters. Optional spelling

ཁྲིད་གཞིའི་ལམ་སྟོན། Suggested Reference:

དག་ཡིག་ངག་སྒྲོན། མཛད་པ་པོ། དཔལ་ཁང་ལོ་ཙཱ་བ། Dag yig ngag don by Palkhang Lotsawa.

Section D རྩོམ་རིག Literature

༡། ལྷུག་རྩོམ། Prose

10 Marks

ས་སྐྱ་ལེགས་བཤད་མཁས་པ་བརྟག་པའི་རབ་བྱེད་ལས་འདེམས་བཏུས། Selective verses from the first chapter of Sakya Legs bShad

ཁ་ཆེ་ཕ་ལུའི་བསླབ་བྱ།

Kha Che Pha Lu’i bsLab Bya

གཏམ་དཔེ། Proverb

35


ཁྲིད་གཞིའི་ལམ་སྟོན། Suggested Reference:

བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་དང། གཏམ་མཛོད་མེས་པོའི་ཞལ་རྒྱུན།

Bod Kyi gTam dPe Phyogs bsGrigs, gTam mZod Mes Po’i Zhal rGyun

༢། སྙན་ངག Poetry

10 Marks

30

༡ ཚིགས་བཅད་འབྲི་སྟངས། ཚེག་བར་དྲུག་པ་ནས་དགུ་པ་བར། ༢ ཀ་བཤད་རྩོམ་ཡིག

i) Verse of 6 to 9 words ii) Ka bShad

ཁྲིད་གཞིའི་ལམ་སྟོན། Suggested Reference:

སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཁས་དབང་དུང་དཀར་བློ་བཟང་ འཕྲིན་ལས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།

Tsig rGyan Rig Pa’i sGo ‘Byed, Dung dKar bLo Sang ‘Phrin Las, published by Bod lJongs Mi Rigs Publication

༣། མྱུར་ཀློག་རྩལ་སྦྱོང་། Rapid Reading

5 Marks

15

ངོས་ཀྱི་ཡུལ་དང༌ངོས་ཀྱི་མི་མང༌། ལེའུ་དང་པོ།

The first chapter of <<My land and my people>

ཁྲིད་གཞིའི་ལམ་སྟོན། Suggested Reference:

ངོས་ཀྱི་ཡུལ་དང༌ངོས་ཀྱི་མི་མང༌། ལེའུ་དང་པོ། མཛད་པ་པོ། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ ཆེན་པོ་མཆོག ཤེས་རིག་པར་ཁང་།

<<My land and my people>>, H.H the Dalai Lama, published by Tibetan Culture Printing Press, Delhi.



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.