Coronationtext 200410

Page 1

འབྲུག་རྒྱལ་ལྔ་པ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར་ ངོ་མཚར་འབུམ་ལྡན་བཞུགས།

རྫོང་ཁ་གོང་འཕེལ་ལྷན་ཚོགས། ༢༠༠༩

1


སྤར་དབང་

© ༢༠༠༩ རྫོང་ཁ་གོང་འཕེལ་ལྷན་ཚོགས།

སྤར་དབང་ཧྲིལ་པོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ཡོདཔ་ལས་ ཡིག་

ཐོག་གི་གནང་བ་མེད་པར་ དཔེ་དེབ་འདི་བསྐྱར་སྐྲུན་དང་ཆ་ཤས་ཀྱི་དཔེ་བཤུས་ སོགས་ག་ནི་ཡང་འབད་མི་ཆོག།

༢༠༠༩

སྤར་ཐེངས་དང་པ་ ཞུན་དག་

རྩོམ་སྒྲིག་པ་

དྲགོས་སངས་རྒྱས་རྡོ་རྗེ།

དྲུང་བགྲེས་ དམ་ཆོས་ལྷུན་གྲུབ།

ཞིབ་འཚོལ་དང་ གནས་ཚུལ་བསྡུ་ལེན་

དྲུང་བགྲེས་ དམ་ཆོས་ལྷུན་གྲུབ།

པར་རིས་དང་དེབ་བཀོད་

བཀྲ་ཤིས་བློ་གྲོས་ རྫོང་ཁ་གོང་འཕེལ་ལྷན་ཚོགས།

གློག་རིག་མཛུབ་གནོན་པ་

ཕུར་པ་རྡོ་རྗེ་དང་ བཀྲ་ཤིས་བློ་གྲོས། རྫོང་ཁ་གོང་འཕེལ་ལྷན་ཚོགས།

དྲུང་བགྲེས་ དམ་ཆོས་ལྷུན་གྲུབ།

དཔེ་སྐྲུན་

རྫོང་ཁ་གོང་འཕེལ་ལྷན་ཚོགས་ ཐིམ་ཕུ།

བརྒྱུད་ཕྲིན་ཨང་ ༣༢༢༦༦༣

ISBN:

འགྲེམས་སྒྲོམ་ ༡༢༢

གློག་འགྲེམས་ ddc@druknet.bt 978-99936-765-0-0

སྤར་ཁང་

2


3


4


དཀར་ཆག།

སྔོན་བརྗོད།.................................................................................................................. ༡༣ མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ།.................................................................. ༡༣ དང་པ་དེབ་ཐེར་གྱི་དགོས་པ་དམིགས་ཡུལ།................................................................༡༤ རྩ་དོན་གྱི་བཅུད་དོན།................................................................................................... ༡༥ དེབ་ཐེར་འབྲི་རྩོམ་འབད་ཐངས།.................................................................................. ༡༦ བཀའ་དྲིན་དགའ་ཚོར།............................................................................................... ༡༧ བཟོད་གསོལ།. .......................................................................................................... ༡༧

ལེའུ་དང་པ་ གླེང་གཞི།.............................................................................................༢༠ དང་པ་ འབྲུག་རྒྱལ་ཁབ་ཀྱི་ངོ་སྤྲོད།............................................................................༢༠

གཉིས་པ་ འབྲུག་གཞུང་དབུ་བརྙེས་ཚུལ། ................................................................ ༢༤ གསུམ་པ་ རྒྱལ་བརྒྱུད་ཀྱི་རིང་ལུགས་བྱུང་ཚུལ།........................................................ ༢༦ བཞི་པ་ འབྲུག་རྒྱལ་བཞི་པ་ཚུན་གྱི་གསེར་ཁྲི་མངའ་གསོལ།......................................༢༨ ༡ འབྲུག་རྒྱལ་དང་པ།....................................................................................... ༢༨

5


༢ འབྲུག་རྒྱལ་གཉིས་པ།................................................................................... ༣༡ ༣ འབྲུག་རྒྱལ་གསུམ་པ།................................................................................. ༣༤ ༤ འབྲུག་རྒྱལ་བཞི་པ།...................................................................................... ༣༨

ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།.................. ༤༤ དང་པ་ ཡབ་ཡུམ་གཉེན་སྟོན་གྱི་བཀྲིས་མངའ་གསོལ།............................................... ༤༤ གཉིས་པ་ སྐུ་འཁྲུངས་ཚུལ་དང་སྐུ་ཡོན་གསན་བཞེས།.............................................. ༤༨ གསུམ་པ་ སྲིད་དོན་ཉམས་བཞེས་དང་གོ་གནས་རིམ་པར་བཞེས་ཚུལ།...................... ༥༢ བཞི་པ་ གསེར་ཁྲི་མངའ་གསོལ་མ་མཛད་ཚུན་གྱི་མཛད་རྣམ།.................................... ༦༧ ༡ རྒྱལ་པོའི་ཕྱག་འགན་རྩིས་བཞེས་གནང་ཚུལ།................................................... ༦༧ ༢ རྒྱལ་ཡོངས་དུས་ཆེན་ཐེངས་༩༩ པའི་སྐུ་མགྲོན་གཙོ་བོ།. ..................................... ༦༨ ༣ རྒྱལ་གཞུང་གི་རྒྱལ་ཡོངས་ཚོགས་འདུའི་གཙོ་ཁྲིད་འགོ་དང་པ་གནང་བ།............... ༧༣ ༤ འབྲུག་རྒྱལ་པོའི་མཚན་ཐོག་རྒྱ་གར་གཟིགས་སྐོར་དང་པ།................................... ༧༥ ༥ རྒྱལ་གཞུང་གི་རྒྱལ་ཡོངས་ཚོགས་འདུའི་མཇུག་སྡོམ།....................................... ༧༦ ༦ མི་སེར་ཉམ་ཆུང་གི་སྐྱིད་སྡུག།........................................................................༧༧ ༧ རྒྱལ་བརྒྱུད་ལོ་ངོ་བརྒྱ་འཁོར་གྱི་དུས་ཆེན་བརྩི་སྲུང་།........................................... ༧༨

6


༨ བྱང་ཕྱོགས་མཐའ་ཟུར་མི་སེར་གྱི་སྐྱིད་སྡུག།...................................................... ༧༩

ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།...............................༨༢ དང་པ་ དགའ་སྟོན་གྱི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས།........................................... ༨༢ གཉིས་པ་ ཡན་ལག་ཚོགས་ཆུང་ཚུ་དང་ དེ་ཚུའི་ལཱ་འགན།.......................................... ༨༦ ༡ ལས་རིམ་འགོ་འདྲེན་ཚོགས་ཆུང་གིས།............................................................. ༩༡ ༢ རྩོམ་རིག་དང་དཔེ་སྐྲུན་ཡན་ལག་ཚོགས་ཆུང་གི་ལཱ་འགན།................................... ༩༢ ༣ བརྡ་བརྒྱུད་དང་བརྡ་དོན་ཡན་ལག་ཚོགས་ཆུང་གི་ལཱ་འགན།..................................༩༥ ༤ སྤྲོ་སྟོན་ཡན་ལག་ཚོགས་ཆུང་གི་ལཱ་འགན།...................................................... ༡༠༡ ༥ མགྲོན་བསུ་དང་དྲང་བཞག་ཡན་ལག་ཚོགས་ཆུང་གི་ལཱ་འགན།........................... ༡༠༢ ༦ མགྲོན་བདག་ཡན་ལག་ཚོགས་ཆུང་གི་ལཱ་འགན།............................................. ༡༠༣ ༧ ཉེན་སྲུང་ཡན་ལག་ཚོགས་ཆུང་གི་ལཱ་འགན།....................................................༡༠༤ ༨ ཁས་བླང་ཡན་ལག་ཚོགས་ཆུང་གི་ལཱ་འགན།................................................... ༡༠༥ ༩ དངུལ་འབྲེལ་ཡན་ལག་ཚོགས་ཆུང་གི་ལཱ་འགན།.............................................༡༠༥ ༡༠ མཁོ་སྒྲུབ་ཡན་ལག་ཚོགས་ཆུང་གི་ལཱ་འགན།.................................................. ༡༠༨ ༡༡ ཞབས་ཏོག་ལྷན་ཁག་གི་ཁ་ཐུག་ལས།. .......................................................... ༡༠༩

7


༡༢ ནང་སྲིད་དང་ལམ་སྲོལ་ལྷན་ཁག་གི་ཁ་ཐུག་ལས།............................................ ༡༡༢ ༡༣ དངུལ་རྩིས་གཞུང་ཆས་བདག་སྐྱོང་ལས་ཁུངས་ཀྱི་ཁ་ཐུག་ལས། . ...................... ༡༡༣ ༡༤ གཞུང་གྲྭ་ཚང་གི་ཁ་ཐུག་ལས།. ..................................................................... ༡༡༣ ༡༥ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས།.............................................................. ༡༡༤ ༡༦ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས།................................................................. ༡༡༥ ༡༧ ཤེས་རིག་ལྷག་ཁག་ཁ་ཐུག་ལས། ............................................................... ༡༡༦ ༡༨ ལཱ་གཡོག་དང་མི་སྟོབས་ལྷན་ཁག་ཁ་ཐུག་ལས།.............................................. ༡༡༦ ༡༩ མངའ་བདག་རྒྱལ་པོའི་ཡིག་ཚང་ཁ་ཐུག་ལས།. ............................................... ༡༡༦ ༢༠ འབྲུག་ཨོ་ལོམ་པིག་ཚོགས་པའི་ཁ་ཐུག་ལས།................................................. ༡༡༦ ༢༡ མི་མང་དང་ལེན་ཚོགས་པའི་ཁ་ཐུག་ལས།....................................................... ༡༡༧

གསུམ་པ་ རྟེན་འབྲེལ་ས་ཁོངས་ཀྱི་མཐོང་སྣང་བཤད་པ།........................................... ༡༡༧

ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།..............༡༢༦ དང་པ་ གསེར་ཁྲི་མངའ་གསོལ་གྱི་ཚེས་གྲངས་དང་མཛད་རིམ་ཁུངས་དོན།.............. ༡༢༧ གཉིས་པ་ བྱིན་ཅན་གྱི་དར་ཞུ་བར་ཆིབས་བསྐྱོད་གནང་བའི་མཛད་རིམ།...................... ༡༢༩ གསུམ་པ་ སྤུངས་ཐང་ཁར་བྱིན་ཅན་གྱི་དར་བཞེས་སྐབས་ཀྱི་མཛད་རིམ།.................. ༡༣༤ 8


བཞི་པ་ སྤུངས་ཐང་ཀུན་ར་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ།................ ༡༣༨ ལྔ་པ་ རྒྱལ་སར་ཕྱིར་ལོག་ཕེབས་སྐབས་ཀྱི་མཛད་རིམ།........................................... ༡༤༤ དྲུག་པ་ བཀྲ་ཤིས་ཆོས་རྫོང་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ།..............༡༤༨ བདུན་པ་ ཀུན་ར་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ།............................... ༡༥༨ བརྒྱད་པ་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་གི་གསོལ་སྟོན་མཛད་རིམ།............................ ༡༦༡ དགུ་པ་ རྟེན་འབྲེལ་ཐང་ནང་ མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ།...................... ༡༦༣ བཅུ་པ་ རྒྱལ་པོའི་མགྲོན་ཁང་ནང་གི་ཚོགས་སྟོན་མཛད་རིམ།.....................................༡༦༥ བཅུ་གཅིག་པ་ རྒྱལ་ཡོངས་དགའ་སྟོན་ ཉིནམ་དང་པའི་མཛད་རིམ།.......................... ༡༦༦ བཅིུས་པ་ བཀྲ་ཤིས་ཆོས་རྫོང་ནང་གི་ཚོགས་སྟོན་མཛད་རིམ།. ................................... ༡༨༡ བཅུ་གསུམ་པ་ རྒྱལ་ཡོངས་དགའ་སྟོན་ ཉིནམ་གཉིས་པའི་མཛད་རིམ།. ................... ༡༨༣ བཅུ་བཞི་པ་ ཅང་གླིང་མའི་ཐང་ནང་མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ།. .............༡༨༧ བཅོ་ལྔ་པ་ གསེར་ཁྲི་མངའ་གསོལ་ལུ་བཅར་མི་སྐུ་མགྲོན།........................................ ༡༩༠ བཅུ་དྲུག་པ་ གསེར་ཁྲི་མངའ་གསོལ་དང་འབྲེལ་བའི་མཛད་པ།................................. ༡༩༥

ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།........................༢༠༨ དང་པ་ གྲྭ་ཚང་དང་ཆོས་སྡེ་ཚུ་གི་ཁ་ཐུག་ལས།.........................................................༢༠༨ 9


གཉིས་པ་ ནང་སྲིད་ལྷན་ཁག་ཁ་ཐུག་ལས།...............................................................༢༡༣ གསུམ་པ་ རྩོམ་རིག་དང་དཔེ་བསྐྲུན་ཡན་ལག་ཚོགས་ཆུང་ཁ་ཐུག་ལས།. ................. ༢༡༩ བཞི་པ་ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས།.............................................................. ༢༢༢ ལྔ་པ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཁ་ཐུག་ལས།........................................... ༢༢༣ དྲུག་པ་ གསོ་བའི་ལྷན་ཁག་ཁ་ཐུག་ལས།............................................................... ༢༢༣ བདུན་པ་ མཐའ་འཁོར་གནས་སྟངས་ལྷན་ཚོགས་ཁ་ཐུག་ལས།............................... ༢༢༤ བརྒྱད་པ་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས།....................................................... ༢༢༥ དགུ་པ་ གཞུང་མིན་ལས་ཁུངས་ཁ་ཐུག་ལས།......................................................... ༢༢༥ བཅུ་པ་ ཞབས་ཏོག་ལྷན་ཁག་གི་ཁ་ཐུག་ལས།........................................................ ༢༢༦ བཅུ་གཅིག་པ་ བསྟན་རྒྱས་ལྷན་ཁག་གི་ཁ་ཐུག་ལས།............................................. ༢༢༦ བཅུ་གཉིས་པ་ བསྟན་སྲུང་དྲག་པོའི་ལས་ཁུངས་ཁ་ཐུག་ལས།.................................༢༢༧ བཅུ་གསུམ་པ་ ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས།. ............................................ ༢༢༨ བཅུ་བཞི་པ་ སྤ་རོ་རྫོང་ཁག་གི་ཁ་ཐུག་ལས།............................................................ ༢༣༠ བཅོ་ལྔ་པ་ དར་དཀར་རྫོང་ཁག་ཁ་ཐུག་ལས།........................................................... ༢༣༢ བཅུ་དྲུག་པ་ རྩི་རང་རྫོང་ཁག་གི་ཁ་ཐུག་ལས།. ........................................................ ༢༣༣ 10


བཅུ་བདུན་པ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ཁ་ཐུག་ལས།................................... ༢༣༥ བཅོ་བརྒྱད་པ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས།................................. ༢༣༦ བཅུ་དགུ་པ་ དངུལ་རྩིས་ལྷན་ཁག་གི་ཁ་ཐུག་ལས།................................................. ༢༣༧ ཉི་ཤུ་པ་ ལྷུན་རྩེ་རྫོང་ཁག་གི་ཁ་ཐུག་ལས།............................................................... ༢༣༨ ཉེར་གཅིག་པ་ མོང་སྒར་རྫོང་ཁག་གི་ཁ་ཐུག་ལས།................................................... ༢༣༩ ཉེར་གཉིས་པ་ ཀྲོང་གསར་རྫོང་ཁག་གི་ཁ་ཐུག་ལས།............................................... ༢༤༡ ཉེར་གསུམ་པ་ བུམ་ཐང་རྫོང་ཁག་གི་ཁ་ཐུག་ལས།.................................................. ༢༤༡ ཉེར་བཞི་པ་ ཐིམ་ཕུ་རྫོང་ཁག་གི་ཁ་ཐུག་ལས།.........................................................༢༤༤ ཉེར་ལྔ་པ་ བསམ་རྩེ་རྫོང་ཁག་གི་ཁ་ཐུག་ལས།........................................................༢༤༥ ཉེར་དྲུག་པ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ཁ་ཐུག་ལས།........................... ༢༤༧ ཉེར་བདུན་པ་ པདྨ་དགའ་ཚལ་རྫོང་ཁག་གི་ཁ་ཐུག་ལས།......................................... ༢༤༩ ཉེར་བརྒྱད་པ་ ཧཱ་རྫོང་ཁག་གི་ཁ་ཐུག་ལས།. ............................................................ ༢༤༩ ཉེར་དགུ་པ་ བཀྲ་ཤིས་སྒང་རྫོང་ཁག་གི་ཁ་ཐུག་ལས།.............................................. ༢༥༡ སུམ་ཅུ་པ་ བཀྲ་ཤིས་གཡང་རྩེ་རྫོང་ཁག་གི་ཁ་ཐུག་ལས།....................................... ༢༥༧ སོ་གཅིག་པ་ གཞལ་སྒང་རྫོང་ཁག་གི་ཁ་ཐུག་ལས།................................................ ༢༥༨ 11


སོ་གཉིས་པ་ མགར་ས་རྫོང་ཁག་གི་ཁ་ཐུག་ལས།................................................... ༢༦༠ སོ་གསུམ་པ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ཁ་ཐུག་ལས།.....................................༢༦༡ སོ་བཞི་པ་ གསར་སྤང་རྫོང་ཁག་གི་ཁ་ཐུག་ལས།..................................................... ༢༦༢ སོ་ལྔ་པ་ ཆུ་ཁ་རྫོང་ཁག་གི་ཁ་ཐུག་ལས།................................................................. ༢༦༣ སོ་དྲུག་པ་ བརྡ་བརྒྱུད་ལས་སྡེའི་ཁ་ཐུག་ལས།......................................................... ༢༦༤ སོ་བདུན་པ་ ལས་འཛིན་ཚུ་གི་ཁ་ཐུག་ལས།. ........................................................... ༢༦༨ སོ་བརྒྱད་པ་ འབྲུག་བཞུགས་ཕྱི་རྒྱལ་ཡིག་ཚང་ཚུ་གི་ཁ་ཐུག་ལས།......................... ༢༧༠ སོ་དགུ་པ་ འབྲུག་ཨོ་ལོམ་པིག་རྩེད་ཚོགས་ལས།................................................... ༢༧༡ བཞི་བཅུ་པ་ ཕྱིའི་རྒྱལ་ཁབ་ཁག་གི་ཁ་ཐུག་ལས།................................................... ༢༧༣ ཞེ་གཅིག་པ་ འབྲུག་རྒྱ་མཐུན་འབྲེལ་ཚོགས་པའི་ཁ་ཐུག་ལས།.............................. ༢༧༧ ཞེ་གཉིས་པ་ སྣ་ཚོགས་ཁ་ཐུག་ལས།..................................................................... ༢༧༧ ཞེ་གསུམ་པ་ མི་སེར་གྱིས་དང་ལེན་སྡེ་ཚན་ཁ་ཐུག་ལས།......................................... ༢༨༣ མཇུག་དོན།............................................................................................................. ༢༩༤

12


སྔོན་བརྗོད། མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ། ༄༅། །རྣམ་འདྲེན་རྒྱུ་སྐར་སྟོང་གི་དབུས་སུ་མཛེས་པའི་སྐུ། །ཐུགས་རྗེ་འོད་ཀྱི་སྙིགས་ལྔའི་གདུང་བ་སེལ་ བའི་གསུང་། །བདག་སོགས་འགྲོ་ལ་མ་གཅིག་བུ་བཞིན་བརྩེ་བའི་ཐུགས། །ཤཱཀྱའི་སྲས་ལ་གུས་པས་བཏུད་ དོ་དགེ་ལེགས་སྩོལ། །

མཚར་མཚར་མངལ་གྱིས་མ་འགོས་བལྟམས་པ་མཚར། །མཛེས་མཛེས་འབུམ་ཚོགས་མཁའ་འགྲོའི་དབུས་ ན་མཛེས། །ཡང་ཡང་ཞབས་ཀྱིས་བཅགས་མཛད་མཆོག་ལ་ཡང་། །གདུང་གདུང་ཡིད་ཀྱིས་ལན་གྲངས་མེད་ པར་གདུངས། །

མོན་ཡུལ་ཆོས་ལྡན་ཞིང་དུ་བསྒྱུར་བའི་མགོན། །ཆོས་སྲིད་བསྟན་པའི་སྲོལ་བཟང་ཁྱོད་ཀྱི་དྲིན། །བརྩེ་བ་མ་ལྷོད་ སྐུ་གསུང་ཐུགས་སྤྲུལ་ཏེ། །འབྲུག་ཡུལ་སྐྱབས་མཛད་ངག་གི་དབང་པོར་འདུད། །

བྱང་སེམས་མི་གཟུགས་སྤྲུལ་པའི་ཆོས་རྒྱལ་དང་། །དགེ་བཅུས་ཁྲིམས་ཀྱིས་ཞིང་འདི་སྐྱོང་བའི་དཔོན། །རིམ་ བྱོན་གོང་མའི་སྐུ་དྲིན་དྲན་བཞིན་དུ། །བརྒྱུད་འཛིན་ལྔ་པའི་ཁྲི་སྟོན་བྱུང་རབས་བསྐྲུན། །

ཁ་བཞི་འབྲུག་ཡུལ་སྨན་གྱི་ལྗོངས་འདི་ནང་། །ཆོས་རྒྱལ་ལྔ་པ་གསེར་ཁྲིར་མངའ་གསོལ་གཏམ། །དབྱར་རྔའི་ སྒྲ་བཞིན་འཛམ་གླིང་ཁྱོན་ཁྱབ་པའི། །བྱུང་རབས་ཕྱི་རབས་དོན་དུ་འདིར་གསལ་བྱ། །

13


ཟེར་བའི་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ཏེ་ སྐབས་ཀྱི་གླེང་གཞི་ མི་

དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་ལྔ་པའི་ གསེར་ ཁྲིར་མངའ་གསོལ་ཞུ་བའི་མཛད་རིམ་ ཁ་གསལ་བཀོད་པའི་བྱུང་རིམ་དེབ་ཐེར་ངོ་མཚར་འབུམ་ལྡན་འདི་ལུ་

ཐོག་མར་ བརྩམ་པའི་ཁུངས་དང་དགོས་པའི་སྔོན་བརྗོད། བར་དུ་གཞུང་དངོས་ཁྲི་སྟོན་མཛད་རིམ་བཤད་པ། མཐའ་མར་ ལེགས་སྨོན་མཐའ་དོན་བཅས་རྩ་བའི་གོ་རིམ་གསུམ་གྱི་སྒོ་ལས་བཤད་ནི་ཨིན།

དང་པ་དེབ་ཐེར་གྱི་དགོས་པ་དམིགས་ཡུལ། དེབ་ཐེར་འདི་འབྲི་དགོ་པའི་དགོས་པ་དང་ དམིགས་ཡུལ་སྐོར་ལས་ཞུ་བ་ཅིན། འབྲུག་རྒྱལ་ཁབ་འདི་ནང་ མངའ་འབངས་བདེ་བར་བཀོད་པའི་དབུ་ཁྲིད་རྒྱལ་པོ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་རང་དབང་རང་བཙན་ དུས་ ཇི་སྲིད་ནམ་གནས་བར་ གནས་ཐབས་དང་ མི་མང་བདེ་བ་ལས་བདེ་བ་ལུ་བཀོད་པའི་དོན་ལས་ མཛད་པ་ཕྲིན་ ལས་བསམ་གྱིས་མི་ཁྱབ་པར་བསྐྱངས་ཏེ་བཞུགས་ནུག། དེའི་ནང་ལས་ སྤྱི་ལོ་༢༠༠༨ ཀྱི་ལོ་འདི་ནང་ འབྲུག་

རྒྱལ་ཁབ་ནང་སྔོན་ཆད་བྱུང་མ་མྱོང་བའི་དུས་སྟོན་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་དང་ འབྲུག་ རྒྱལ་ལྔ་པ་མཆོག་གི་གསེར་ཁྲི་མངའ་གསོལ། མི་སེར་དམངས་གཙོའི་གཞུང་གསར་བཏོད་ཀྱི་ དུས་སྐབས་

བཅས་ཀྱི་ལེགས་ཚོགས་སྟབས་གཅིག་ཁར་བྱུང་ནི་དེ་གིས་ ཁྱད་དུ་འཕགས་པའི་དུས་སྐབས་ཅིག་བྱུང་ཡོདཔ་ ཨིན། དེ་འབདཝ་ལས་ འབྲུག་གཞུང་རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ལྷན་ཚོགས་ཀྱིས་ རྩོམ་རིག་དང་

དཔེ་སྐྲུན་ཡན་ལག་ཚོགས་ཆུང་བརྒྱུད་དེ་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་ བྱུང་རབས་དེབ་ཐེར་ ཅིག་གསར་དུ་བཞེངས་དགོ་པའི་བཀོད་རྒྱ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་གནང་ཡི། རྫོང་ཁ་གོང་འཕེལ་

ལྷན་ཚོགས་ཀྱི་ཁོངས་ལས་བཀོད་རྒྱ་དེ་དང་འཁྲིལ་ཏེ་་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་སར་རྣམ་ རྒྱལ་དབང་ཕྱུག་མཆོག་ གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་སྒོ་ཚུ་ མ་འོངས་མི་རབས་རིམ་པས་མངོན་ སུམ་གསལ་མཐོང་ཚུགས་པའི་དོན་ལུ་དམིགས་ཏེ་ མཛད་སྒོའི་བཅའ་སྒྲིག་ལས་ འགོ་བཙུགས་ཏེ་ དངོས་ གཞི་བརྩི་སྲུང་ཞུ་ཚུལ་དང་ གཞུང་དང་གཞུང་མིན་ལས་སྡེ། གཞན་ཡང་སྒེར་པ་མི་ངོ་སོ་སོའི་ཁ་ཐུག་ལས་ཡང་

14


དུས་སྟོན་འདི་གི་དོན་ལུ་ དངོས་པོ་ཟང་ཟིང་རྒྱུ་དངོས་ཀྱི་ཞབས་ཏོག་དང་ ལུས་སེམས་ཀྱིས་གུས་བཀུར་ཞུ་བའི་

ལས་རིམ་ཚུ་ག་དེ་དྲག་དྲག་བསྡུ་ལེན་ཐོག་ལས་ བྱུང་རིམ་དེབ་ཐེར་འདི་ནང་གསལ་བཤད་འབད་དེ་ཡོད། དེ་

གིས་ འབྲུག་རྒྱལ་ལྔ་པ་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་རྗེས་དྲན་ཞུ་ཚུགསཔ་མ་ཚད་ འབྲུག་རྒྱལ་ལྔ་ པ་གསེར་ཁྲི་ཁར་ཕེབས་པའི་སྐབས་ མི་མང་དང་རྒྱལ་པོའི་བར་ན་དམ་ཚིག་དང་བརྩེ་གདུང་ག་དེ་སྦེ་སྡོད་ཅི་ག་ མ་འོངས་མི་རབས་རིམ་པས་གསལ་ཏོག་ཏོ་སྦེ་ཧ་གོ་ཚུགས་ཟེར་ཞུ་ནི།

དེ་ཡང་སྔོན་གྱིས་དུས་ལུ་ འབྲུག་རྒྱལ་ཁབ་འདི་ནང་ གཞུང་དང་མི་མང་གི་དོན་ལུ་ ག་ནི་བ་རྩ་ཆེ་བའི་ཕྱག་ལཱ་ མཛད་མི་དབུ་ཁྲིད་རིམ་པར་བྱོན་མི་ཚུ་གིས་ ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ལས་མི་མང་ལུ་ཕན་རླབས་ཆེ་བའི་

མཛད་བཟང་མཐའ་ཡས་པ་མཛད་ཡོད་རུང་ ཆོས་ཕྱོགས་ཀྱི་མཛད་པ་དུམ་གྲ་རེ་ རྒྱལ་རབས་དང་ཆོས་བྱུང་། བླ་མ་སོ་སོའི་རྣམ་ཐར་ཚུ་ནང་བཀོད་ཡོདཔ་མ་གཏོགས་ སྲིད་ཕྱོགས་ཀྱི་མཛད་པ་ཕྲིན་ལས་ཚུ་ ཡིག་ཐོག་

བཀོད་པ་མེད་ནི་དེ་གིས་ ད་རེས་ནངས་པར་ ང་བཅས་ར་འབྲུག་མི་ཚུ་གིས་ དབུ་ཁྲིད་དམ་པ་དེ་ཚུ་གི་མཛད་ བཟང་རྗེས་སུ་དྲན་ཏེ་གུས་བཀུར་ཞུ་ནི་ཕར་བཞག། ཐ་ན་དབུ་ཁྲིད་དེ་ཚུ་གི་མཚན་དང་འཁྲུངས་ཡུལ། ཕྱག་

ཤུལ་དང་དུས་ཚིགས་ཙམ་ཡང་ ཧིང་སང་ས་ཤེས་མི་ཉིན་མའི་སྐར་མ་ལས་དཀོན་ཏེ་ ཐབས་ཆག་པའི་དཀའ་ ངལ་ཚུ་ཧ་གོ་བའི་ཐོག་ལས་ མ་འོངས་མི་བརྒྱུད་ཚུ་ལུ་མི་ལོ་སྟོང་ཕྲག་ལེ་ཤའི་བར་ན་ཡང་འབྲུག་རྒྱལ་ལྔ་པ་

གསེར་ཁྲི་མངའ་གསོལ་གྱི་སྐོར་ལས་ གསལ་ཏོག་ཏོ་ཧ་གོ་ནི་དང་ རང་ལུགས་ཐུན་མོང་མ་ཡིན་པའི་མཛད་ ཚུལ་གོ་རིམ་ཚུ་མ་ཉམས་པར་ཤེས་ཐབས་ལུ་ ཨིན་ཟེར་ཞུ་ནི་ཨིན།

རྩ་དོན་གྱི་བཅུད་དོན། དེབ་ཐེར་འདིའི་དབུ་ཞབས་ཀྱི་བར་ན་བཀོད་ཡོད་པའི་ གཙོ་དོན་མདོར་བསྡུ་སྟེ་ཞུ་བ་ཅིན་ དེབ་འདི་ནང་ལེའུ་ལྔ་ ཡོད་པའི་དང་པ་གླེང་གཞི་ནང་ འབྲུག་རྒྱལ་ཁབ་ཀྱི་ངོ་སྤྲོད་དང་རྒྱལ་བརྒྱུད་རིང་ལུགས་དབུ་བརྙེས་ཚུལ་ཁར་ རྒྱལ་པོ་རིམ་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་རིམ་མདོར་བསྡུས། ལེའུ་གཉིས་པ་འབྲུག་རྒྱལ་ལྔ་པ་

15


གསེར་ཁྲི་ཁར་མ་ཕེབས་པའི་གོང་གི་མཛད་རྣམ་མདོར་བསྡུས། ལེའུ་གསུམ་པ་གསེར་ཁྲི་མངའ་གསོལ་གྱི་ བཅའ་སྒྲིག་དོན་ལུ་ རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱིས་གཙོས་པའི་ལས་བྱེད་ཚོགས་ཆུང་བསྐོ་བཞག་

དང་ དེ་ཚུ་གི་ལཱ་འགན་རིམ་པ་། ལེའུ་བཞི་པ་གསེར་ཁྲི་མངའ་གསོལ་རྟེན་འབྲེལ་གྱི་མཛད་སྒོ་དངོས་གཞི་དང་། ལེའུ་ལྔ་པ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་རྗེས་དྲན་ཞུ་དོན་ལུ་གཞུང་དང་ གཞུང་མིན་ལས་སྡེ།

མི་སེར་སྒེར་པ་སོ་སོའི་ཁ་ཐུག་ལས་ དུས་སྟོན་རྗེས་དྲན་ཞུ་ཚུལ་དང་ མཐའ་མར་ལེགས་སྨོན་ཤིས་བརྗོད་ཀྱི་ རིམ་པ་དང་བཅས་བཀོད་དེ་ཡོད། དེ་གིས་མི་དབང་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་ བྱུང་རབས་ ལེགས་ཤོམ་སྦེ་རང་ཧ་གོ་ཚུགས་པའི་ཡིད་ཆེས་ཡོད།

དེབ་ཐེར་འབྲི་རྩོམ་འབད་ཐངས། བྱུང་རབས་དེབ་ཐེར་འབྲི་རྩོམ་ག་དེ་སྦེ་འབད་ཡོདཔ་ཨིན་ན་གི་སྐོར་ལས་ མདོར་བསྡུས་ཏེ་ཞུ་བ་ཅིན། དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ངོ་སྤྲོད་དང་ རྒྱལ་པོ་རིམ་བྱོན་གྱི་གསེར་ཁྲི་མངའ་གསོལ་ཚུ་ འབྲུག་གི་རྒྱལ་རབས་ཁག་

དང་ཡིག་རྙིང་ཁག་ལུ་གཞི་བཞག་ཐོག་ལས་བྲིས་ཡི། གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག་དང་ ལས་རིམ་ ཚུ་གསེར་ཁྲི་མངའ་གསོལ་དང་ ལོ་བརྒྱའི་དགའ་སྟོན་གྱི་ རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱི་འཆར་གཞི་

ཡིག་ཆ་དང་ ཡན་ལག་ཚོགས་ཆུང་ཚུ་གི་ གྲུབ་འབྲས་སྙན་ཞུའི་ཡིག་ཆ་ཚུ་ལུ་གཞི་བཞག་ཐོག་ལས་བྲེིས་ཡི་ ཟེར་ཞུ་ནི། དེ་ལས་ཁྲི་མངའ་གསོལ་རྗེས་དྲན་གྱི་མཛད་རིམ་ཚུ་ གནས་ཚུལ་གསར་ཤོག་ཚུ་དང་ རྒྱང་བསྒྲགས།

རྒྱང་མཐོང་གི་གནས་ཚུལ་གསལ་བཤད་སྒྲ་འཛིན་འཁོར་ལོ་ཁར་བཟུང་ཐོག་ལས་ཕབ་སྟེ་བྲིས་ཡི། དེ་གུ་རྫོང་ ཁག་སོ་སོ་དང་ ལས་ཁུངས་སོ་སོ་ལས་ཡིག་ཐོག་སྙན་ཞུ་ལྷོད་མི་ཚུ་ལས་ཡང་ ཁུངས་དང་འབྲེལ་བ་ཡོད་

མི་ཚུ་གི་ གནད་དོན་ཚུ་བཅུད་བསྡུ་སྟེ་རྒྱས་བསྡུས་རན་པ་སྦེ་བཀོད་ཡོད་པའི་ཁར་ གཞན་ཡང་ཁུངས་དང་རྒྱུ་

མཚན་གསལ་བཤད་ཀྱི་རིགས་ རང་ལུགས་རིག་གཞུང་དང་ ཁུངས་ལྡན་གྱི་ཡིག་དེབ་རྙིངཔ་ཚུ་ལུ་གཏུགས་ ཐོག་ལས་གསལ་བཀོད་ཞུ་ཡི་ཟེར་ཞུ་ནི།

16


བཀའ་དྲིན་དགའ་ཚོར། བྱུང་རབས་དེབ་ཐེར་དེ་ཅིག་བྲིས་ཚུགས་མི་འདི་ འབྲུག་གཞུང་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱི་ལམ་སྟོན་ དང་ རྩོམ་རིག་དང་དཔེ་བསྐྲུན་ཡན་ལག་ཚོགས་ཆུང་གིས་མ་དངུལ་དང་མཐུན་རྐྱེན་གནང་བའི་བཀའ་དྲིན་དང་

རྩ་བའི་རྩོམ་འབྲི་འགན་ཁུར་ མཁྱེན་དཔྱོད་བློ་གྲོས་ཡངས་པའི་ དྲུང་བགྲེས་དམ་ཆོས་ལྷུན་གྲུབ་ཀྱིས་འབད་

བརྩོན་དྲག་པོ་ལུ་བརྟེན་ཏེ་ཨིནམ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁོངས་ལས་ཁོ་ལུ་དམིགས་བསལ་ གྱི་བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི།

དེ་དང་གཅིག་ཁར་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་ཞིབ་འཚོལ་དང་གནས་ཚུལ་བསྡུ་ལེན་པ་དང་ པར་རིས་པ་ བཀྲ་ཤིས་བློ་གྲོས་དང་ ལྟ་ཞིབ་འགོ་དཔོན་ཕུར་པ་རྡོ་རྗེ་ལུ་ཡང་ རྒྱ་མ་ཆུང་བའི་དགའ་ཚོར་ཡོད། ལས་དོན་འདི་གི་དོན་ལུ་ ལྷན་ཁག་དང་ལས་སྡེ་ རྫོང་ཁག་དང་སྒེར་པ་སོ་སོའི་ཁ་ཐུག་ལས་གནས་ཚུལ་གྱི་ གྲོགས་རམ་མཛད་མི་ཚུ་དང་ འབྲུག་དུས་ཚོད་གསར་ཤོག་དང་ཀུན་གསལ་གསར་ཤོག་ འབྲུག་གི་རྒྱང་

བསྒྲགས་ལས་འཛིན་ལ་སོགས་པ་ཡོངས་ལུ་བཀའ་དྲིན་དགའ་ཚོར་ཡོདཔ་མ་ཚད་ དཔེ་སྐྲུན་དང་མཐུན་སྦྱོར་ གྱི་གྲོགས་རམ་མཛད་མི་གཞན་རྣམས་ལུ་ཡང་ཧིང་ལས་དགའ་ཚོར་ཡོད་ཟེར་ཞུ་ནི།

བཟོད་གསོལ། མི་དབང་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དང་ མཛད་པ་རྗེས་དྲན་གྱི་ལས་རིམ་ རྒྱ་ མཚོའི་མཐའ་དང་འདྲ་བར་ཡོད་རུང་ ང་བཅས་ལུ་སྐྱེས་སྦྱངས་ཀྱི་རིག་སྟོབས་ཉག་ཕྲ་བའི་ཁར་ ལཱ་འདི་གི་དོན་

ལུ་དུས་ཡུན་ཧྲིལ་པོར་མ་ཐོབ་པ་དང་ གང་ཅིའི་མཐུན་འགྱུར་གྱི་གྲོགས་རམ་དུས་ཐོག་ལུ་ཚུལ་བཞིན་མ་ཐོབ་

པའི་གཞན་དབང་ལེ་ཤ་ཅིག་ལུ་བརྟེན་ཏེ་ བྱུང་རབས་དཔེ་དེབ་འདི་ནང་ཡོངས་རྫོགས་ཆ་ཚང་མ་ཚུགས་མི་དང་ ཚུལ་མཐུན་གྱི་ཐོག་ལས་བཀོད་མ་ཚུགས་པའི་རིགས་ལུ་ རྩོམ་སྒྲིག་པ་དང་འགོ་འདྲེན་པ་ཚུ་གི་ཁ་ཐུག་ལས་

སེམས་ཀྱི་གདིང་ལས་བཟོད་གསོལ་ཞུ་ནི་ཨིནམ་ལས་ འབྲེལ་ཡོད་ཡོངས་ཀྱི་ཁ་ཐུག་ལས་བཟོད་བཞེས་

17


གནང་ཐབས་ཡོད་པའི་གསོལ་བཏབ་ཞུ་ནི་ཨིན། །ཐུན་མོང་མ་ཡིན་དཔལ་ལྡན་འབྲུག་པའི་ལུགས། །ཕྱོགས་ ཙམ་མ་ཡིན་རྣམ་གཞག་གསལ་པོ་རུ། །རག་ཙམ་མ་ཡིན་ཇི་ལྟར་བྱུང་བའི་རིམ། །ཡོངས་གསལ་བཀོད་པའི་ དགེ་མཚན་མཆོག་གྱུར་ཅིག།

རྫོང་ཁ་གོང་འཕེལ་ལྷན་ཚོགས།

18


ལེའུ་དང་པ་ གླེང་གཞི།

China Nepal

Bhutan Thimphu

India

Bangladesh

Myanmar

Bay of Bengal

འཛམ་གླིང་ས་ཁྲ་ནང་གསལ་གྱི་འབྲུག་རྒྱལ་ཁབ།

19


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལེའུ་དང་པ་ གླེང་གཞི། ༈

པདྨའི་སྦས་གནས་རང་དབང་འབྲུག་ཡུལ་འདི། །མཐུ་ཆེན་བླ་མས་ལུགས་གཉིས་གཞུང་སྲོལ་བཏོད། །

རྒྱལ་བརྒྱུད་གཞུང་གིས་འབངས་རྣམས་བདེར་བཀོད་པའི། །བྱུང་རབས་ངོ་མཚར་འབུམ་གྱི་དཔལ་དུ་གླེང་། །

ཟེར་བའི་ཚིགས་བཅད་ཀྱིས་མདུན་བསུ་སྟེ་ ལེའུ་དང་པ་གླེང་གཞི་ལུ་ནང་གསེས་ཀྱི་དབྱེ་རིམ། དང་པ་འབྲུག་

རྒྱལ་ཁབ་ཀྱི་ངོ་སྤྲོད་མདོར་བསྡུས་བཤད་པ་དང་ གཉིས་པ་འབྲུག་གཞུང་དབུ་བརྙེས་ཚུལ་བཤད་པ། གསུམ་ པ་རྒྱལ་བརྒྱུད་ཀྱི་རིང་ལུགས་བྱུང་ཚུལ་བཤད་པ། བཞི་པ་རྒྱལ་ཐོག་དང་པ་མི་དབང་ཨོ་རྒྱན་དབང་ཕྱུག་ལས་ རྒྱལ་ཐོག་བཞི་པ་ མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་ཚུན་གྱི་གསེར་ཁྲི་མངའ་གསོལ་ཞུ་ཚུལ་བཅས་ དབྱེ་རིམ་བཞི་གི་ཐོག་ལས་བཤད་ནི།

དང་པ་ འབྲུག་རྒྱལ་ཁབ་ཀྱི་ངོ་སྤྲོད། ལྷོ་འབྲུག་ཆོས་འབྱུང་ཚུ་ནང་འབྲུག་རྒྱལ་ཁབ་འདི་ བོད་ཆོས་ལྡན་གྱི་ཞིང་མ་ཆགས་པའི་ཧེ་མ་ལས་ཆགས་ཡོད་

ལུགས་གསུངས་དོ་བཟུམ་ ལོ་ངོ་སྟོང་ཕྲག་ལེ་ཤའི་གོང་ལས་ཆགས་པའི་ཡུལ་ལྗོངས་ཅིག་ཨིན་པས། འཛམ་ གླིང་ནང་གྲགས་སྲོལ་ཆེ་བའི་གངས་རི་ཆེན་པོ་ཧི་མ་ལ་ཡའི་ཞོལ་ལུ་ཆགས་པའི་འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་

ད་རེས་ནངས་པར་འཛམ་གླིང་ཡོངས་གྲགས་ཀྱི་བཞེད་ཚུལ་དང་འཁྲིལ་ཏེ་བཤད་པ་ཅིན། འཛམ་གླིང་གླིང་ཆེན་ དྲུག་ཟེར་ ཨ་མི་རི་ཀ་གཉིས། ཨ་ཕི་རི་ཀ། ཡུ་རོབ། ཨེ་ཤི་ཡ། ཨཱསི་ཀྲེལ་ཡ་དང་བྱང་ངོས་ཀྱི་ཨར་ཀྲིག་ཟེར་

འཛམ་གླིང་དུམ་བུ་དྲུག་ཏུ་བརྩིས་པའི་གྲལ་ལས་ ཨེ་ཤི་ཡའི་གྲལ་ཁར་ཨིན་མི་འབྲུག་རྒྱལ་ཁབ་འདི་ འཛམ་

གླིང་ས་ཁྲའི་ནང་ལྟ་བ་ཅིན་ཡར་དང་མར་གི་ཐིག་ཕྲེང་༩༠ དང་ཆ་༣ ཕར་དང་ཚུ་གི་ཐིག་ཕྲེང་༢༥དང་ཆ་༢༧ གྱི་

ནང་འཁོད་ལུ་གནས་ཏེ་ཡོད་པའི་རྒྱལ་ཁབ་འདི་ནང་ སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་ མཐོ་ཤོས་གངས་རི་

ཆེན་མོ་ཇོ་མོ་ལྷ་རི་མཐོ་ཚད་ཕིཀྲ་སྟོང་ཕྲག་༢༣ དང་ཀུ་ལ་གངས་རི་ཕིཀྲ་༢༤,༧༨༠ ཡོད་མི་ཚུ་ལས་ དམའ་ ཤོས་འབྲུག་ལྷོ་ཁ་ཐུག་གི་རྒྱ་ཐང་ཕིཀྲ་༢༠༠ དེ་ཅིག་གི་བར་ན་གནས་ཏེ་ཡོདཔ་ཨིན། སའི་རྒྱ་ཚད་འབྲུག་དཀར་

20


ལེའུ་དང་པ་ གླེང་གཞི།

པོ་ལས་གསུང་དོ་བཟུམ་འབད་བ་ཅིན་ ཤར་ལས་ནུབ་ཀྱི་བར་ན་མེ་ལི་༢༥༠ དང་ལྷོ་དང་བྱང་གི་བར་ན་མེ་ལི་

༡༠༧ ཡོད་མི་དེའི་ནང་བསྡོམས་ས་ཞིང་ཨེ་ཀར་འབུམ་༡༣༣ ཡོདཔ་འབད་བཀོད་དེ་ཡོད་དོ་བཟུམ་ཨིན་པས། རྒྱལ་ཁབ་འདི་ནང་མིའི་འགྲོ་བ་གནས་ཏེ་ལོ་ངོ་སྟོང་ཕྲག་ལེ་ཤ་སོང་ཡོད་ལུགས་ ཆོས་འབྱུང་ཚུ་ནང་གསུངས་ དོ་བཟུམ་དང་ དེ་ཡང་དམ་པའི་ཆོས་ཀྱི་སྣང་བ་མེད་པར་ རྒྱལ་ཁབ་ལུ་མོན་དང་ མི་ལུ་མོན་པ་ཟེར་སླབ་སྟེ་

སྡོད་པའི་ཤུལ་ལས་ བོད་ལུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་ཞིནམ་ལས་ བོད་ཀྱི་ལྷོ་ཁ་ཐུག་གནས་ནི་ དེ་གིས་ ལྷོ་མོན་ཟེར་སླབ་སྲོལ་དར་ཏེ་སྡོད་ནུག།

འབྲུག་རྒྱལ་ཁབ་ཀྱི་ས་གནས་འདི་ཁར་འཚོ་བའི་མཐུན་རྐྱེན་ཚང་བའི་ཁར་ རང་བཞིན་གྱིས་བསིལ་དྲོད་སྙོམས་

ཡུལ་ལྗོངས་འདི་ནི་ ཕུ་ན་གངས་རི་ཆགས། མདའ་རུ་གཙང་པོ་འབབ། བར་ན་ཞིང་ས་བཟང་བ་ཟེར་བཤད་སྲོལ་ ཅན་གྱི་ས་གནས་ ཆུ་ཤིང་ལོ་ཏོག་ཕུན་སུམ་ཚོགས་པ། སའི་མཐིལ་ལུ་རྒྱ་ཟས་ཀྱི་འབྲུ་སྣ་བཅུ་གསུམ། བར་

ན་མོན་ཟས་ཀྱི་འབྲུ་སྣ་བཅུ་གསུམ། རྩེ་ལུ་བོད་ཟས་ཀྱི་འབྲུ་སྣ་བཅུ་གསུམ་ཚང་སྟེ་ཡོདཔ་ལས་ རྒྱ་བོད་རྒྱལ་ ཁབ་ཚུ་ལས་ མི་སྣ་ལེ་ཤ་ཅིག་ འབྲུག་ལུ་ལྷོད་པའི་གྲལ་ཁར་ རྒྱ་གར་གྱི་རྒྱལ་པོ་སིན་དྷ་རཱ་ཛ་བྲོས་ཟུར་གྱི་

ཐོག་ལས་བུམ་ཐང་ལུ་བྱོན་ཏེ་བཞུགས་ཞིནམ་ལས་ཚུར་ རྒྱལ་པོ་དང་འབངས་ཀྱི་རིམ་པ་དར་ཁྱབ་སོང་ཡོདཔ་ སྦེ་བརྩིས་སྲོལ་ཅིག་ཡང་ཚུད་ནུག།

དེ་ལས་རྒྱལ་པོ་སིན་དྷ་རཱ་ཛ་གིས་ བལ་ཡུལ་ལས་ཚུར་སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་འབྲུག་

ལུ་འགོ་དང་པ་གདན་འདྲེན་ཞུཝ་བཞིན་དུ་ བོད་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ མ་བཞེངས་པའི་ མི་ལོ་༡༢ ཀྱི་གོང་ལུ་ ང་བཅས་རའི་རྒྱལ་ཁབ་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཞབས་

བཅགས་གནང་པའི་ཤུལ་ལས་ སྐུ་དངོས་དང་རྫུ་འཕྲུལ་གྱིས་ ལན་ཐེངས་ལེ་ཤ་ཅིག་ ཞབས་བཅགས་སྒྲུབ་ པ་མཛདཔ་མ་ཚད་ ཆོས་ ནོར་ དམ་རྫས་ཀྱི་གཏེར་ཁས་རི་ལུང་བཀང་གནང་པའི་ཁར་བདུད་དང་དམ་སྲི་དེ་ཚུ་ བཏུལ་བའི་མཛད་པ་ལ་སོགས་པ་མཛད་དེ་འབྲུག་ལུ་དམ་པ་ཆོས་ཀྱི་བསྟན་པ་དར་ཁྱབ་གནང་ནུག།

21


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གུ་རུའི་ཞབས་བཅགས་སྒྲུབ་པ་མཛད་པའི་བུམ་ཐང་སྐུ་རྗེས་ལྷ་ཁང་།

དེ་གི་ཤུལ་ལས་འབྲུག་ཤར་ཕྱོགས་ཁ་ཐུག་ལྷོད་མི་ བོད་རྒྱལ་གྲི་གུམ་བཙན་པོའི་གདུང་བརྒྱུད་དང་ལྷ་སྲས་

གཙང་མ་ལས་ ཉ་མཁར་རྒྱལ་པོ་ཟེར་མི་དང་ རྒྱལ་པོ་མཐོང་ལེགས་བཙན། ཁྲི་བརྟན་དཔལ། གནམ་བསྐོས་

སྡེ། ཁུང་རི་རྒྱལ། ལྷ་བཟང་དར་ལ་སོགས་པ་མང་རབས་ཅིག་བྱོན་ཏེ་ ཤར་ཕྱོགས་ཁ་ཐུག་གི་ཡུལ་ལུང་ཚུ་མངའ་ དབང་བསྒྱུར་མི་དང་། ས་གནས་ལ་ལོ་ཅིག་ནང་ལུང་པར་རྒྱལ་པོ་མེདཔ་ལས་ གཅིག་གིས་གཅིག་འཐབ་རྩོད་

མངཔ་ཐོན་ཏེ་ བདེ་སྐྱིད་མ་ཐོབ་པར་གནམ་གྱི་ལྷ་ལུ་གསོལ་བ་བཏབ་སྟེ་ ལྷ་གི་དངོས་གྲུབ་སྦེ་གནང་མི་བུམ་ ཐང་ཁ་ཐུག་ གདུང་ལྷ་དབང་ལ་སོགས་པ་ལྷས་ལུང་བསྟན་ཏེ་འཁྲུངས་མི་དེ་ཚུ་གི་སྐབས་ལས་ཚུར་ རྒྱལ་པོ་ དང་འབངས་ཀྱི་ལམ་སྲོལ་དར་ཡོད་ལུགས་ཅིག་ཡང་བཤད་སྲོལ་འདུག།

22


ལེའུ་དང་པ་ གླེང་གཞི།

དེལས་དུས་རབས་༡༢ པ་ལས་ཚུར་བླམ་ལྷ་པ་དང་གནས་རྙིང་པ། ལྕགས་ཟམ་པ། ཀ་ཐོག་པ་ཚུ་གིས་ཆོས་

རྒྱུན་དར་བ་མ་ཚད་ རྒྱལ་བ་ལོ་རས་པ་དང་ཕ་ཇོ་འབྲུག་སྒོམ་ཞིག་པོ། འཇམ་དབྱངས་ཀུན་དགའ་སེང་གེ་དང་

རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ་དང་འབྲུག་པ་ཀུན་ལེགས་སྲས་བརྒྱུད་ཚུ་གིས་ སྒྲུབ་བརྒྱུད་དཔལ་ལྡན་ འབྲུག་པའི་བསྟན་པ་རིན་པོ་ཆེ་དང་ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོག་གིས་ བུམ་ཐང་ ཐར་པ་གླིང་ལ་སོགས་པའི་གདན་ས་གླིང་བརྒྱད་ཚུ་བཅགས་གནང་ནི་དེ་གིས་ འབྲུག་ལུ་སངས་རྒྱས་ ཀྱི་བསྟན་པ་ རྒྱ་ཆེ་ཏོག་ཏོ་སྦེ་སྤེལ་གནངཔ་མ་ཚད་ བསྟན་བཅོས་མང་རབས་ཅིག་ཡང་འབྲུག་ལུ་བརྩམས་ཏེ་ སླར་ཡང་སྐུའི་སྐྱེ་བ་གཏེར་སྟོན་པདྨ་གླིང་པ་སྦེ་འབྲུག་ལུ་འབྱོན་ནི་གི་ཐུགས་སྨོན་ཡང་གནང་ནུག།

གཏེར་ཆེན་པདྨ་གླིང་པའི་གདན་ས་བུམ་ཐང་གཏམ་ཞིང་ལྷ་ཁང་།

སྔོན་གྱི་ཐུགས་སྐྱེད་སྨོན་ལམ་དང་འཁྲིལ་ཏེ་ སྤྱི་ལོ་༡༤༥༠ ལོར་འབྲུག་བུམ་ཐང་ལུ་ཀུན་མཁྱེན་ཀློང་ཆེན་རབ་ འབྱམས་མཆོག་གི་སྐུའི་སྐྱེ་བ་སྦེ་ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ རིག་འཛིན་པད་མ་གླིང་པ་མཆོག་སྐུ་འཁྲུངས་

ཡོདཔ་ཨིན་པས། གཏེར་ཆེན་པད་མ་གླིང་པ་མཆོག་གིས་ འབྲུག་རྒྱལ་ཁབ་ལས་ཟབ་ཆོས་མང་རབས་ཅིག་

23


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གཏེར་ལས་བཞེས་ཏེ་ འབྲུག་རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པའི་ནང་གསང་ཆེན་སྔ་འགྱུར་རིང་

ལུགས་ཀྱི་བསྟན་པ་རིན་པོ་ཆེ་ བོད་ཆོས་ལྡན་གྱི་ཞིང་ལས་ལྷགཔ་སྦེ་སྤེལ་གནང་ནི་དེ་གིས་ སེམས་ཅན་ལུ་བདེ་ སྐྱིད་རྒྱུན་མ་ཆད་པར་འབྱུང་པའི་ རྒྱུ་མཚན་ཅིག་དེ་ཨིན་པས་ཟེར་ཞུ་ནི། ཨིན་རུང་རྒྱལ་ཁབ་ཀྱི་ལུང་ཕྱོགས་རེ་ནང་ ཆོས་ལུགས་རེ་དར་ཏེ་སྡོདཔ་མ་གཏོགས་ འབྲུག་རྒྱལ་ཁབ་སྲིད་གཞུང་གཅིག་གིས་ཡུག་གཅིག་ཏུ་དབང་བའི་

དུས་སྐབས་མ་བྱུང་བར་ ལུང་ཕྱོགས་རེ་ནང་བླ་དཔོན་རེ་གིས་དབང་བསྒྱུར་ཏེ་ ལོ་ངོ་མང་རབས་ཅིག་སོང་ནུག།

གཉིས་པ་ འབྲུག་གཞུང་དབུ་བརྙེས་ཚུལ།

སྤྱི་ལོ་ ༡༦༣༧ ལུ་ ཆགས་པའི་གདན་སའི་གཙོ་བོ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་།

སྤྱི་ལོ་༡༦༡༦ ལུ་ དགོན་འོབ་ཚོ་བླ་མ་མཆོག་གིས་གདན་འདྲེན་ཞུཝ་བཞིན་དུ་འཇིག་རྟེན་དབང་ཕྱུག་མིའི་

གཟུགས་སུ་བྱོན་མི་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ར་ལུང་ལས་ཆིབས་ཁ་ལྷོ་ལུ་བསྒྱུར་ཞིནམ་

ལས་ཚུར་ འབྲུག་རྒྱལ་ཁབ་ཡུག་གཅིག་ལུ་བཟོ་གནང་སྟེ་ ལྷོ་ཁྲིམས་མེད་ལུ་ཁྲིམས་དང་ རྫ་ལུང་མེད་ལུ་ལུང་

24


ལེའུ་དང་པ་ གླེང་གཞི།

ཟེར་གྲགས་སྲོལ་ཅན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པར་མཛད་དེ་ རྒྱལ་ཁབ་ལུ་འབྲུག་དང་ མི་ལུ་འབྲུག་

པ་ཟེར་བའི་ཐ་སྙད་དར་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་དཔལ་ལྡན་འབྲུག་པའི་གཞུང་དབུ་བརྙེས་ཏེ་ད་ཚུན་མི་ ལོ་༣༧༥ དེ་ཅིག་གི་རྩིས་ལང་སོ་ནུག།

དེ་ལས་ཞབས་དྲུང་རིན་པོ་ཆེ་གིས་ སྤྱི་ལོ་༡༦༥༡ ལུ་ སྲིད་སྐྱོང་གི་ཕྱག་འགན་དབུ་མཛད་བསྟན་འཛིན་འབྲུག་ རྒྱལ་དང་ ཆོས་ཕྱོགས་ཀྱི་ཕྱག་འགན་ རྗེ་མཁན་པོ་པད་དཀར་འབྱུང་གནས་གཉིས་ལུ་གནང་སྟེ་ཁོ་ར་ ཐུགས་

དམ་ལུ་བཞུགས་ཞིནམ་ལས་ཚུར་རྗེ་མཁན་པོ་ པད་དཀར་འབྱུང་གནས་མཆོག་གིས་དབུ་གཙོས་ཏེ་ཞལ་ བཞུགས་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཚུན་ཚོད་ལུ་རྗེ་མཁན་ཁྲི་རབས་བདུན་ཅུ་སོང་ཡོད་མི་གེ་ར་གིས་ དཔལ་ལྡན་འབྲུག་པའི་བསྟན་པ་གྲྭ་མ་ཉམས་ འབྲུ་མ་ཞིག་པར་བསྐྱངས་གནང་ནུག།

སྡེ་སྲིད་དང་པ་བསྟན་འཛིན་འབྲུག་རྒྱལ་ལས་འགོ་བཙུགས་ཏེ་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ ཚུན་ སྡེ་སྲིད་ཁྲི་རབས་༥༧ གྱིས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་ཞབས་དྲུང་རིན་པོ་ཆེ་སྐུ་དངོས་བཞུགས་ དོ་བཟུམ་རང་བསྐྱངས་གནང་ནུག།

ཞབས་དྲུང་རིན་པོ་ཆེ་ཐུགས་དམ་ལུ་ཞུགས་པའི་སྐབས་དཔལ་ལྡན་འབྲུག་པའི་ཆབ་འོག་གི་མངའ་འབངས་ ག་དེ་སྦེ་སྡོད་ནུག་ག་རྣམ་གྲངས་ཙམ་ཅིག་བཤད་པ་ཅིན། ཐེད་དར་ཐེག་༡༣། ཤར་དར་༨། ཝང་ཚོ་ཆེན་༨། སྤ་ རོ་བར་སྐོར་ཚོ་༦། དར་དཀར་ཡུལ་གླིང་ཆེན་པོ་༨། དགོན་མཁར་སྟོད་མཁར་སྨད། སྐྱབས་ཁྲ་གླིང་༣། མང་སྡེ་ ཚོ་༤། བུམ་ཐང་སྡེ་༤། ཀུར་མདོ་༤། གཡང་རྩེ་ཚོ་༥། ཁེངས་རིགས་རྣམ་༣། གཞོང་སྒར་ཚོ་༧། བཀྲ་ཤིས་

སྒང་ཚོ་༡༠། ཁ་གླིང་གདུང་བསམ་མདོ་༣ ལ་སོགས་པ་མང་རབས་ཅིག་བརྩིས་སྲོལ་ཡོད་མི་ཚུ་ ཆོས་རྗེ་དཔལ་ ལྡན་འབྲུག་པའི་མངའ་འོག་གི་རྒྱལ་ཁབ་ཅིག་སྦེ་སྡོད་ནུག།

25


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གསུམ་པ་ རྒྱལ་བརྒྱུད་ཀྱི་རིང་ལུགས་བྱུང་ཚུལ།

འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་བརྒྱུད་འཛིན་གྱི་རྒྱལ་པོར་བསྐོས་པ།

ལྷ་དང་བླ་མའི་ལུང་བསྟན་དང་ འབྲུག་མིའི་སྤྱི་མཐུན་བསོད་ནམས་ཀྱི་འབྲས་བུ་བསླུ་བ་མེད་པར་ དུས་སུ་སྨིན་

པ་ལུ་བརྟེན་ཏེ་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་སྦེ་བཞུགས་པའི་སྐབས་ ཁོང་གིས་ ཐབས་མཁས་རྨད་དུ་བྱུང་བའི་མཛད་བཟང་ལུ་བརྟེན་ཏེ་ དུས་སྐབས་དེ་ལས་ཚུར་རིམ་པ་བཞིན་དུ་ ང་བཅས་ར་

འབྲུག་མི་ཚུ་གིས་ ད་རེས་ལོངས་སུ་སྤྱོད་ནི་ཡོད་མི་ རང་དབང་དང་བདེ་སྐྱིད་ཀྱི་ས་བོན་ དེ་སྐབས་ལུ་བཏབ་

གནང་ཡོདཔ་ཨིན་པས། དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན། འཛམ་གླིང་ནང་སྟོབས་ཤུགས་ཅན་ བིརི་ཀྲེཤ་གཞུང་

གིས་ འཛམ་གླིང་རྒྱལ་ཁབ་མང་ཤོས་ ཁོང་གི་བཙན་དབང་འོག་ལུ་བཙུག་པའི་ནམ་དུས་ལུ་ འབྲས་ལྗོངས་ དང་བོད་ཀྱི་རྒྱལ་ཁབ་ཚུ་གིས་ཡང་ བིརི་ཀྲེཤ་གི་སྟོབས་ཤུགས་ཧ་མ་གོ་བར་སྡོདཔ་ཨིན་རུང་ མི་དབང་ཨོ་

རྒྱན་དབང་ཕྱུག་མཆོག་གིས་མཁྱེན་རླབས་རྒྱ་ཆེ་བ་ལུ་བརྟེན་ཏེ་ བིརི་ཀྲེཤ་དང་མཐུན་ལམ་གྱི་ཕྱག་བསྣར་ བའི་སྐུ་དྲིན་ལུ་བརྟེན་ཏེ་བྱུང་ནུག།

26


ལེའུ་དང་པ་ གླེང་གཞི།

ལེགས་བཤད་ལས། བློ་ལྡན་གོ་འཕང་མཐོ་གྱུར་པ། །དེ་ལྟ་དེ་ལྟར་སྤྱོད་པ་བཟང་། །ནོར་བུ་རྒྱལ་མཚན་རྩེར་མཆོད་

ན། །དགོས་རྒུ་ཡིད་བཞིན་སྩོལ་བར་བྱེད། །ཟེར་གསུངས་དོ་བཟུམ་འབྲུག་རྒྱལ་ཁབ་ནང་ འཕྲལ་ཕུགས་གཉིས་

ཀྱི་ཕན་བདེ་བཟང་ཤོས་དང་དྲག་ཤོས་ཀྱི་ཐབས་ཤེས་དེ་རང་ དེ་བསྒང་གི་ཕམ་ཚུ་གིས་མི་དབང་ཨོ་རྒྱན་དབང་ ཕྱུག་མཆོག་ འབྲུག་བརྒྱུད་འཛིན་རྒྱལ་པོར་བསྐོས་པའི་བློ་གྲོས་བཏོན་ཡོད་མི་འདི་ཨིན་པས།

དེ་ཡང་གོང་ལུ་ཞུ་དོ་བཟུམ་ཞབས་དྲུང་རིན་པོ་ཆེ་ཐུགས་དམ་ལུ་བཞུགས་ཞིནམ་ལས་ སྡེ་སྲིད་རིམ་བྱོན་ཚུ་གིས་ ཆབ་སྲིད་བསྐྱངས་ཏེ་མི་ལོ་༢༥༥ དེ་ཅིག་བཞུགས་པའི་སྐབས་ སྔར་སྡེ་སྲིད་དང་དཔོན་ཁག་ཚུ་གཞུང་གྲྭ་ཚང་

གི་ དགེ་འདུན་པའི་གྲལ་ལས་བསྐོས་སྲོལ་ཡོདཔ་ཨིན་རུང་ རིམ་པ་བཞིན་དཔོན་ཁག་སྒར་ལྟོའི་གྲལ་ལས་ བསྐོས་སྲོལ་དར་ཁྱབ་སོང་ནི་དེ་གིས་ཆེས་མཐོའི་གོ་གནས་ལུ་ཧབ་ཐོབ་རྐྱབ་པའི་རྐྱེན་གྱིས་རྒྱལ་ཁབ་ནང་ ནང་ འཁྲུགས་རྒྱུན་མ་ཆད་པར་འབྱུང་ནི་དང་ནད་རིམས་མུ་གེ་ལ་སོགས་པ་མི་འདོད་པ་སྣ་ཚོགས་ཐོན་པའི་སྐབས་

འཕྲལ་འཕྲལ་རྫོང་གཞིས་ཚུ་ཡང་མེ་མཆོད་ཕུལ་ཏེ་ཤར་ནུབ་ཀྱི་མི་མང་ཚུ་འུར་ལཱ་རྐྱབ་དགོཔ་ལ་སོགས་པའི་ སྐྱིད་སྡུག་སྦོམ་ཕོག་སྟེ་སྡོད་ནུག། ཁྱིམ་ཚང་རྒྱལ་ཁབ་ཚུ་དང་མཐུན་ལམ་བཟོ་བའི་ཚབ་མ་ ནང་ན་མ་འགྲིགས་

པའི་སྐབས་དམག་རྒྱབ་ཕྱིའི་རྒྱལ་ཁབ་ལས་འཚོལ། རྒྱ་བོད་རྒྱལ་ཁབ་ཚུ་གིས་ཡང་ འབྲུག་ལུ་འཚེ་བ་རྒྱུན་ མ་ཆད་པར་རྐྱབ་སྟེ་ རྒྱལ་ཁབ་ཀྱི་རང་དབང་ལུ་ཡང་ ཐོ་ཕོག་སག་ས་གུ་ལྷོད་དེ་སྡོད་ཡོདཔ་ཨིན་མས།

དེ་སྐབས་ འཛམ་གླིང་གསུམ་ཆ་གཉིས་ལུ་དབང་བའི་བིརི་ཀྲེཤ་རྒྱལ་ཁབ་དང་ བོད་རྒྱལ་ཁབ་གཉིས་མ་མཐུན་ པར་དམག་འཁྲུགས་ལངས་ཏེ་ ལྷ་ལྡན་བོད་ཀྱི་རྒྱལ་ཁབ་སྤྱི་དང་ལྷག་པར་ ལྷ་སའི་ཇོ་ཁང་ལས་འགོ་གཙུགས་ ཏེ་ སེ་འབྲས་དགེ་གསུམ་ལ་སོགས་པའི་ནང་པའི་རྟེན་གསུམ་ཡོད་རིགས་གཏོར་བཤིག་བཏང་སྟེ་བསྟན་པ་

རྩ་མེད་བཟོ་ནི་གུ་ལྷོད་པའི་སྐབས་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གིས་ བིརི་ཀྲེཤ་གཞུང་དང་གཅིག་

ཁར་མཐུན་ལམ་བཟོ་ཐོག་ལས་ བོད་རྒྱལ་ཁབ་ཀྱི་སྐྱབས་མཛད་དེ་གནང་བའི་ཁར་ ནང་པའི་བསྟན་པ་ལུ་ཐོ་ བཀལ་མ་བཅུག་པར་འཆམ་ཁ་བཟོ་ཚུགས་ནི་དེ་གིས་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གི་མཚན་སྙན་ གྲགས་འཛམ་གླིང་ནང་ཁྱབ་ཚུགསཔ་བྱུང་ནུག།

27


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ཨིནམ་ལས་འབྲུག་སྤྱི་ཁྱབ་ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་ལུ་ རྒྱ་བོད་རྒྱལ་ཁབ་ཚུ་

གིས་རྒྱབ་སྐྱོར་བཟང་བའི་གུ་ འབྲུག་རྒྱལ་ཁབ་ནང་མི་མང་སྡུག་ལུ་སྦྱོར་ཏེ་ ནང་འཁྲུགས་ཀྱི་གཞི་རྩ་ གྱོ་

དཔོན་གཉའ་རྒོད་ཡོད་ཚད་ཡང་ ཆམ་ལུ་ཕབ་གནང་ནི་དེ་གིས་ རྒྱལ་ཁབ་ནང་བདེ་སྐྱིད་ཀྱི་རྩ་བ་དེ་རང་ གོང་ས་

ཨོ་རྒྱན་དབང་ཕྱུག་གིས་བཙུགས་གནང་ཡོདཔ་ལས་བརྟེན། འབྲུག་རྒྱལ་ཁབ་ཀྱི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་

མི་དབང་ཨོ་རྒྱན་དབང་ཕྱུག་བརྒྱུད་འཛིན་དང་བཅས་པ་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་གནང་དགོ་པའི་ཞུ་བ་ ཕུལ་ཏེ་ སྤྱི་ལོ་༡༩༠༧ སྤྱི་ཟླ༡༢ པའི་ཚེས་༡༧ ལུ་བརྒྱུད་འཛིན་རྒྱལ་པོ་དང་པའི་གསེར་ཁྲིར་མངའ་གསོལ་

ཞུ་ཞིནམ་ལས་ཚུར་འབྲུག་རྒྱལ་ཁབ་ནང་རྒྱལ་བརྒྱུད་ཀྱི་རིང་ལུགས་བཟང་པོ་འདི་དབུ་བརྙེས་ཡོདཔ་ཨིན་ནོ། །

བཞི་པ་ འབྲུག་རྒྱལ་བཞི་པ་ཚུན་གྱི་གསེར་ཁྲི་མངའ་གསོལ། ༡

འབྲུག་རྒྱལ་དང་པ།

མི་དབང་ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ བརྒྱུད་འཛིན་གྱི་རྒྱལ་པོ་དང་པར་ གསེར་

ཁྲི་མངའ་གསོལ་ཞུ་བའི་སྐབས་ གདན་ས་སྤུངས་ཐང་ཁར་བཅའ་སྒྲིག་གི་རིམ་པ་ཡང་ རྫོང་གི་གཡས་གཡོན་ གཉིས་ན་ཡོད་པའི་ཕོ་ཆུ་དང་མོ་ཆུ་ཟམ་པའི་གུ་ལས་དབུ་རྩེའི་སྒོ་ཁ་ཚུན་གྲུམ་གདན་དམརཔ་བཏིང་སྟེ་ རྡོ་གཅལ་

བར་ན་སྤ་རི་གྲུ་བཞི་བརྐྱངས་པའི་དབུས་སུ་ ལྕགས་ཀྱི་རྐང་གསུམ་གུ་ནོར་བུའི་ཁྲོ་ཟངས་ནང་ ཆང་ཕུད་བཀང་ པའི་ཕྱོགས་གསུམ་ན་ ཆུ་སྲིན་དབྱིབས་ཅན་གྱི་ཡར་བསྒྲོན་ལྷོང་སྟེ་བསྒྲིགས་པའི་གཡས་གཡོན་ལུ་གསེར་ སྐྱེམས་ ཕྱེ་མར་དེ་ཚུ་བཀལ་ཏེ་བཅའ་སྒྲིག་རྒྱས་པར་བསྒྲིགས་བཞག་ནུག།

རྟེན་འབྲེལ་གྱི་མཛད་སྒོ་གནང་ས་ འདུ་ཁང་ཆེན་མོ་དེ་ནང་ཡང་ མཆོད་རྫས་ སྤྱན་གཟིགས་ ཕྱེ་ཕུར་ བླ་བྲེས་ བརྒྱན་པའི་མཚམས་ཚུ་ན་ རིན་ཐང་ཅན་གྱི་སྐུ་ཐང་ཚུ་དཔྱངས་པའི་འདུ་ཁང་གི་སྦུག་ལུ་ མཐོ་ལ་མཛེས་པ་ མི་ འཇིགས་སེང་གེས་བཏེགས་པའི་ཁྲི་རིམ་ གསུམ་རྐྱབ་པའི་ལྟེ་བར་ མི་དབང་མངའ་དག་རིན་པོ་ཆེ་དང་ གཡས་

ཁ་ཐུག་རྗེ་མཁན་ཁྲི་རབས་༥༠ པ་རྗེ་འཇམ་དཔལ་ཤེས་གཉེན། གཡོན་ཁ་ཐུག་སྐུ་མགྲོན་གཙོ་བོ་ བིརི་ཀྲེཤ་

28


ལེའུ་དང་པ་ གླེང་གཞི།

སྐུ་ཚབ་ ཇཱོན་ ཀལའུཊ་ ཝའེཀྲ་ཚུ་བཞུགས་པའི་དོན་ལུ་བཅའ་སྒྲིག་རྐྱབ་བཞག་ནུག། དགེ་འདུནམ་དམངས་དང་རྗེ་མཁན་ རྫོང་བཞུགས་དཔོན་ཁག་ཚུ་གིས་ མོ་ཆུ་ཟམ་པའི་སྒོ་ར་ཁ་ལས་ཕྱག་དབང་ བཅར་ཞིནམ་ལས་ བསུ་བ་གསེར་སྦྲེང་དང་ཆིབས་གྲལ་རྒྱས་པར་བསྒྲིགས་ཏེ་ བཙར་ཐོག་ལས་ རྫོང་གི་སྡེ་སྲིད་

གཟིམ་ཅུང་ནང་གདན་འདྲེན་ཞུ་ནུག། དེ་ལས་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ སྤྱི་ཚེས་ ༡༧/༡༢/༡༩༠༧

གྱི་དྲོ་པ་ ཞབས་དྲུང་མ་ཆེན་སྐུ་མདུན་ལས་རྒྱལ་བ་རིགས་ལྔ་མཚོན་བྱེད་དར་མདོག་ལྔའི་ཆུན་བུ་ཞུ་སྟེ་ རྟེན་ འབྲེལ་ལྷ་ཁང་ནང་བྱོན་པའི་སྐབས་ལུ་ཡང་ ཀྲིང་ཀྲིང་ བང་རྔ་ལ་སོགས་པའི་ཆིབས་གྲལ་དང་སེར་སྦྲེང་གི་ ཐོག་ལས་འདུ་ཁང་ནང་གདན་འདྲེན་ཞུ་ཡོདཔ་ཨིན་པས།

བརྒྱུད་འཛིན་རྒྱལ་པོ་དང་པའི་གསེར་ཁྲི་མངའ་གསོལ་ཞུ་བ།

29


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་སྐབས་རྗེ་མཁན་རིན་པོ་ཆེ་གིས་དབུ་གཙོས་པའི་ གྲྭ་ཚང་དགེ་འདུན་པ་ཚུ་ཆོས་གོས་རྣམ་གསུམ་དང་གོས་ ཆེན་གྱི་བེར་ བཅས་པ་བཞེས་ཏེ་མཇལ་བ་ཙམ་གྱིས་ གཞན་སྣང་དྭངས་བ་འདྲེན་ནུས་པའི་སྦུག་གྲལ་ མཐའ་ གྲལ་ རྩ་གྲལ་གྱི་རིམ་པ་མ་ནོར་བར་བཞུགས་པའི་མདུན་གྱི་མཆོད་ཁྲི་གུ་ བདེ་མཆོག་ལྷ་བཅུ་གསུམ་པོ་

རྒྱན་བཀོད་དུ་བཀོད་པའི་མཆོད་གཏོར་གདོང་ཁར་ མཆོད་པ་དང་མཆོད་མེའི་རིགས་གཙང་ཞིང་ཡིད་དུ་འོང་བ་ བསྒྲིགས་ཏེ་ བདེ་མཆོག་རྒྱས་པ་ལྷ་དྲུག་ཅུ་མའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གསུང་ཆོག་གནང་བའི་བར་མཚམས་

བདུད་རྩི་མཐུན་མཚམས་དང་བསྟུན་ཏེ་ རྗེ་འཇམ་དཔལ་ཤེས་གཉེན་ཞབས་ལས་ བཀྲ་ཤིས་རྫས་བརྒྱད་དང་

རྟགས་བརྒྱད་ལ་སོགས་པ་རེ་རེ་བཞིན་ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུགས་སྨོན་དང་བཅས་པ་གནང་པའི་ རྟེན་འབྲེལ་མཇུག་བསྡུ་མཚམས་ཁར་ རྒྱལ་དྲུང་ཆེན་མོ་དེ་གིས་སྦུག་གྲལ་མཇུག་ལས་ལོང་སྟེ་ འབྲུག་རྒྱལ་

ཁབ་འདི་ དུས་ད་རེས་ལས་ མི་དབང་ཨོ་རྒྱན་དབང་ཕྱུག་བརྒྱུད་འཛིན་གྱི་ཕྱག་ལུ་ཕུལ་བའི་གན་རྒྱ་སྐད་སེང་ སྟེ་ལྷག་ཚར་ཞིནམ་ལས་ ཕྱོགས་ཀྱི་དཔོན་སློབ་དང་གཞུང་ལྷན་རྒྱས་ཚུ་རེ་རེ་བཞིན་བཞེངས་ཏེ་སྦུག་གྲལ་

མཇུག་ལུ་ རང་སའི་ཕྱག་ཐམ་དང་དམངས་ལག་བསྐོར་གྱི་ཐིའུ་ཚུ་ཕུལ་ཚར་བའི་ཤུལ་མ་ བཞུགས་གྲལ་གྱི་ རིམ་པ་ཚུ་བཙུགས་ནུག།

བཞུགས་གྲལ་གྱི་རིམ་པ་ཡང་ གྲོ་མ་ དྲི་བཟང་ བསོད་ནམས་མཆོད་ཇ་ ཇ་ནག་པོ་ གཞུང་ཇ་འབྲས་སེར་དང་ བཅས་པ་དྲངས་པའི་ཤུལ་ལས་མར་ཆང་དང་ ཕྱག་འགྱེདཔ་བལ་ཀྲམ་རེ་ དོག་མ་ པ་ནེ་ ཁ་རེག་མུ་ཟི་ལས་

ཤིང་འབྲས་ཚལ་ལུ་གིས་འགོ་བཙུགས་ཏེ་སྟར་ཀོ་གིས་མཇུག་བསྡུ་བའི་ཤུལ་མ་ ཁ་ཟས་སྐམ་ཚོགས་ལ་ སོགས་པ་དྲངས་ཞིནམ་ལས་ རྗེ་འཇམ་དཔལ་ཤེས་གཉེན་གྱིས་དབུ་གཙོས་པའི་ལྷན་རྒྱས་ཁག་དང་གཉིས་ སྐལ་མ་ ཆིབས་བཞོན་པ་ཚུ་གི་རྟིང་ཤུལ་ བླམ་ཆོས་རྗེ་ཁག་གི་འབུལ་བ་ ཝང་ཚོ་ཆེན་བརྒྱད་ ཐེད་དར་རྒྱས་ བཅུ་གསུམ་ སྤ་རོ་བར་སྐོར་ཚོ་དྲུག་ ཧད་ལུང་བརྒྱུད་བཞི་ བཙན་སྟོང་གླིང་དྲུག་ དེ་ལས་ཤར་ཕྱོགས་འཁོར་ལོ་ རྩིབས་བརྒྱད་པོའི་འབུལ་བ་ མཇུག་རང་དར་དཀར་གླིང་གསུམ་པོ་ཚུ་གིས་ ལྷ་གོས་ཉིན་མོ་བདེ་ལེགས་ཀྱིས་

སྣ་དྲངས་ཏེ་ དོས་སྣ་མང་རབས་དང་ ཚན་གྲངས་ཉེར་གཅིག་གུ་དངུལ་གྱི་ཐུམ་ཏོག་བཀལ་ཏེ་འབུལ་བ་རི་རྒྱལ་ ལྷུན་པོ་བཟུམ་ཕུལ་ཏེ་མངའ་གསོལ་ཞུ་ཡོདཔ་ཨིན་པས།

30


ལེའུ་དང་པ་ གླེང་གཞི།

དེ་བཟུམ་སྐུ་མགྲོན་གཙོ་བོ་ཚུ་གིས་ཡང་ འབུལ་བ་དོས་སྣ་མང་རབས་ཕུལ་བའི་ཤུལ་ལུ་ མི་དབང་ཨོ་རྒྱན་

དབང་ཕྱུག་མཆོག་གི་ཞབས་ལས་ ཁོང་དབྱིན་གཞུང་སྐུ་ཚབ་བཞི་པོ་རེ་རེ་ལུ་ གསེར་ལྗང་བརྡུངས་ཀྱི་རྟགས་ མ་རེ་གནང་སྟེ་ དགའ་སྟོན་རྩེད་སྣ་དང་ཟས་སྟོན་བསམ་གྱིས་མི་ཁྱབ་པ་ཉིན་ཞག་༧ གྱི་རིང་གནང་སྟེ་ དགའ་ སྟོན་མཛད་ནུག། དེ་ལས་ཚུར་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གིས་ རྒྱ་བོད་རྒྱལ་ཁབ་ཚུ་དང་མཐུན་

ལམ་ག་དེ་དྲག་དྲག་བཟོ་གནང་སྟེ་ ཕྱིའི་དགྲ་དམག་ཞི་བའི་ཁར་ ནང་འཁྲུགས་ཀྱི་རྒྱུན་བཅད་དེ་ རྒྱལ་ཁབ་ ནང་ཡར་རྒྱས་གོང་འཕེལ་གྱི་ས་བོན་བཏབ་གནང་ཞིནམ་ལས་ཚུར་ འབྲུག་རྒྱལ་ཁབ་ནང་དགའ་བའི་ཉིམ་ཤར་ ནི་འགོ་བཙུགས་ནུག།

༢ འབྲུག་རྒྱལ་གཉིས་པ། བརྒྱུད་འཛིན་གྱི་རྒྱལ་སྲས་ མི་དབང་ཀྲོང་གསར་དཔོན་སློབ་ འཇིགས་མེད་དབང་ཕྱུག་མཆོག་ འབྲུག་རྒྱལ་ གཉིས་པའི་གསེར་ཁྲི་མངའ་གསོལ་ཞུ་ནི་དོན་ལུ་ རང་ལུགས་འདས་ལོ་༢༧༥ སྤྱི་ལོ་༡༩༢༦ མེ་སྟག་ཟླ་བ་

༡༢ པའི་ཚེས་༡༧ ལུ་མི་དབང་འཇིགས་མེད་དབང་ཕྱུག་ སྐུ་མཆེད་གསུམ་གྱིས་གཙོས་པའི་འཁོར་གཡོག་ བརྒྱ་ཕྲག་མང་རབས་ཅིག་བུམ་ཐང་ལས་སྤུངས་ཐང་ཁའི་ཕྱོགས་སུ་ཆིབས་གྲལ་བཙར་ཏེ་བྱོན་ནུག།

ཆིབས་གྲལ་ ཀྲོང་གསར་གྱི་ས་གནས་ གསོལ་བ་བཞེས་ས་ཟེར་སར་ཕེབས་པའི་བསྒང་ལས་ ཆོས་རྩེ་རབ་སྡེ་ དང་ རྫོང་བཞུགས་དཔོན་ཁག་ མང་སྡེ་ལུང་པའི་རྒེད་སྤྱི་མི་མང་ཡོངས་ཀྱིས་ཕེབས་བསུ་སེར་སྦྲེང་དང་བཅས་པ་ འབད་གདན་འདྲེན་ཞུ། ཆིབས་གྲལ་དབང་འདུས་ ར་སྦུག་ནང་ཕེབས་པའི་བསྒང་ལས་ དབང་འདུས་ཕོ་བྲང་གི་

རྫོང་བཞུགས་དཔོན་ཁག་ རྫོང་དཔོན་དང་ མགྲོན་གཟིམ་གཉིས་ཀྱིས་གཙོས་པའི་ཞི་བའི་དཔོན་ཁག་དང་ བླམ་ གནས་བརྟན་གྱིས་དབུ་གཙོས་པའི་རབ་སྡེ། རྒེད་པོ་དང་མི་སེར་དམངས་ཀྱིས་ ཕེབས་བསུ་སེར་སྦྲེང་དང་ཐོག་ རོལ་བཅས་པ་འབད་ རྫོང་ནང་གདན་འདྲེན་ཞུ་ནུག།

ཆིབས་གྲལ་སྤུངས་ཐང་རྫོང་གི་མ་སྒོ་ཁར་ཕེབས་པའི་བསྒང་ལས་ ཕེབས་བསུ་ སེར་སྦྲེང་ཐོག་རོལ་དང་བཅས་ ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ རྗེ་མཁན་པོ་སྲིད་ཞི་རྣམ་རྒྱལ་གཉིས་ཀྱིས་བསུ་བ་མཛད་དེ་ ལྷ་གོས་ཉིན་

31


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མོ་བདེ་ལེགས་བརྗེ་བཞེས་མཛད་གནང་ནུག། དེ་ལས་ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ རྗེ་མཁན་པོ་སྲིད་ ཞི་རྣམ་རྒྱལ་གཉིས་ཀྱིས་ ལྷ་སྲས་འཇིགས་མེད་དབང་ཕྱུག་མཆོག་བར་ན་བཙུགས་ཏེ་ གྲུམ་གདན་དམར་

པོའི་ཁར་འབྲུ་རིས་བཀོད་པའི་གུ་ལས་བྱོན་ཏེ་ རྡོ་གཅལ་སྦུག་ལུ་ མར་ཆང་གསེར་སྐྱེམས་ ཕྱེ་མར་བཅས་པ་ བསྒྲིགས་བཞག་པའི་གྲལ་མགོའི་ཁྲི་སྟེགས་གུ་བཞེངས་བཞུགས་ཏེ་ སེར་སྦྲེང་རོལ་ཕབ་དང་འཁྲིལ་ཏེ་ བྱིས་

པའི་དཔའ་བོ་བཞི་གིས་ མཇུག་འཆམ་རྐྱབ་སྟེ་ཕྱག་དབང་ཞུ་བའི་འཕྲོ་ལས་ མར་ཆང་རྟེན་འབྲེལ་གྱི་རིམ་པ་ མཛད་དེ་ སྡེ་པའི་གཟིམ་ཅུང་ནང་བྱོན་ནུག།

འབྲུག་རྒྱལ་གཉིས་པ་གསེར་ཁྲི་མངའ་གསོལ་ཞུས་གྲུབ་པའི་སྐུ་པར།

གཟིམ་ཅུང་ནང་བཞུགས་གྲལ་ཕུན་སུམ་ཚོགས་པའི་རིམ་པ་དང་ བཞེས་ལེན་ནམ་གསུམ་ཚུ་ ཆོས་རྗེ་འབྲུག་ པའི་ལམ་སྲོལ་ཇི་ལྟ་བ་བཞིན་དུ་དྲངས་ཡོདཔ་ཨིན་པས།་ལྷ་སྲས་མཆོག་གིས་ཡང་ གཞུང་གྲྭ་ཚང་ལུ་ཕྱག་

མཇལ་ གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ། རྒྱ་ནག་གོས་ཆེན་གྱི་འཆམ་གོས་དང་བེར་ལ་སོགས་པ་ མང་རབས་བསྣམས་པའི་ཁར་བ་མེན་རུ་ཁག་སྦེ་ཕུལ་ནུག།

32


ལེའུ་དང་པ་ གླེང་གཞི།

དེ་ལས་ རང་ལུགས་འདས་ལོ་༢༧༦ སྤྱི་ལོ་༡༩༢༧ མེ་ཡོས་ཟླ་བ་དང་པའི་ཚེས་༡༡ གི་དྲོ་པ་ མ་ཆེན་སྐུ་ མདུན་ལས་ དར་མཛོད་ཁ་དོག་ལྔའི་ཆུན་བུ་བཞེས་ཏེ་བྱོན་པའི་སྐབས་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་

ཆིབས་གྲལ་ བང་རྔ་ ཀྲིང་ཀྲིང་དང་འབོད་ཀྱི་རྒྱ་གླིང་དང་དར་ཤིང་སྣ་ལྔ་ལ་སོགས་པ་གིས་སྣ་འདྲེན་པའི་ཆིབས་ གྲལ་རྒྱས་པ་དང་། དུང་དཀར་འཕུ་མི་དང་རྒྱང་རྔ་རྡུང་མི་ལ་སོགས་པ་དགེ་སློང་གི་སེར་སྦྲེང་རྒྱས་པ་བསྒྲིགས་ ཐོག་ལས་ འདུ་ཁང་ཆེན་མོའི་ནང་གདན་འདྲེན་ཞུ་སྟེ་འདུ་ཁང་གི་མ་སྒོ་ཁར་ ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་

རྗེ་སྲིད་ཞི་རྣམ་རྒྱལ་ རྗེ་ཁྲི་ཟུར་ངག་དབང་རྒྱལ་མཚན་གསུམ་གྱིས་ ཕེབས་བསུ་ཞུ་ནུག། འདུ་ཁང་ནང་ མི་ འཇིགས་སེང་གེས་བཏེགས་པའི་ཁྲི་གུ་མི་དབང་འཇིགས་མེད་དབང་ཕྱུག་མཆོག་བཞུགས་པའི་གཡོན་ཕྱོགས་

ལས་ དེ་སྐབས་ཀྱི་སྐུ་མགྲོན་གཙོ་བོ་ འབྲས་ལྗོངས་ལུ་གཏན་བཞུགས་ བིརི་ཀྲེཤ་སྐུ་ཚབ་ ཨེཕ་ ཨེམ་ བེལ་ གྱིས་གཙོས་པའི་སྐུ་མགྲོན་༣དང་འབྲས་ལྗོངས་རྒྱལ་པོའི་ཡབ་འབྲུག་སྒྲ་དཔོན་གཡོག་༣ བྱོན་མི་ཚུ་གི་དོན་ ལས་བཞུགས་ཁྲི་རྒྱབ་ལ་དང་ གཡས་ཁ་ཐུག་ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ རྗེ་སྲིད་ཞི་རྣམ་རྒྱལ། རྗེ་ ཁྲི་ཟུར་ངག་དབང་རྒྱལ་མཚན་གྱི་ཁྲི་ཚུ་བཤམས་ཏེ་ བཀྲ་ཤིས་མངའ་གསོལ་གྱི་གསུང་ཆོག་རྒྱས་ཤིང་རྒྱས་ པ་གནང་ཡོདཔ་ཨིན་པས།

བདེ་མཆོག་ལྷ་དྲུག་ཅུ་མའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གསུང་ཆོག་གནང་པའི་ ཉིན་དགུང་བདུད་རྩི་མཐུན་མཚམས་

དང་བསྟུན་ཏེ་ ཞབས་སྤྲུལ་རིན་པོ་ཆེ་ཞབས་ལས་བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་ཚུ་རེ་རེ་བཞིན་ ཕྱོགས་ ལས་རྣམ་པར་རྒྱལ་བའི་ཐུགས་སྨོན་བཅས་པ་གནང་པའི་སྐབས་ སྤྱི་བླ་གཉིས་དང་རྫོང་པ་ མགྲོན་གཟིམ་ལ་

སོགས་པ་འབྲུག་གི་ལྷན་རྒྱས་ཁག་དང་དཔོན་ཁག་ཆ་མཉམ་སོ་སོའི་ཐོབ་ཐངས་དང་བསྟུན་པའི་བཞུགས་ གདན་གུ་བཞུགས་པའི་སྐབས་ མི་དབང་འཇིགས་མེད་དབང་ཕྱུག་གི་སྐུ་མཆེད་འགྱུར་མེད་རྡོ་རྗེ་དང་འཇིགས་ མེད་ལྷུན་གྲུབ་གཉིས་ཡང་གཅིག་ཁར་བཞུགས་ཏེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་རིམ་པ་མཇུག་བསྡུ་

བའི་འཕྲོ་ལས་ ཞབས་སྤྲུལ་རིན་པོ་ཆེ་དང་ རྗེ་མཁན་རྣམ་གཉིས་ཀྱིས་ ལྷ་གོས་ཉིན་མོ་བདེ་ལེགས་ཀྱིས་སྣ་ འདྲེན་ཏེ་ འབུལ་བ་དོས་སྣ་དང་ ཟོང་སྣ་ཚུ་ཕུལ་བའི་རྟིང་བདའ་སྟེ་ གཞུང་གྲྭ་ཚང་དང་རབ་སྡེ་ཁག་གིས་འབུལ་ བ་ཕུལ་ནུག།

33


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ལས་གཞུང་ལྷན་རྒྱས་དང་དཔོན་ཁག་ཚུ་གིས་ ཟོང་སྣ་དང་དོས་སྣ་མང་རབས་ཕུལ་བའི་ཤུལ་ལས་ སྐུ་

མགྲོན་གཙོ་བོ་ བིརི་ཀྲེཤ་སྐུ་ཚབ་ ཨེཕ་ ཨེམ་ བེལ་མཆོག་གིས་ བིརི་ཀྲེཤ་རྒྱལ་པོ་གིས་ཕུལ་བའི་བཀྲ་

ཤིས་བདེ་ལེགས་ཀྱི་གསུང་ཕྲིན་དེ་ དབྱིན་སྐད་ལས་བོད་སྐད་ལུ་བསྒྱུར་ཏེ་མ་ལྷག་པའི་ཧེ་མ་ རྟགས་མ་ སི་ ཨའི་ ཨི་ཟེར་མི་དེ་ཕུལ་ནུག། དེ་ལས་སྐུ་མགྲོན་གཙོ་བོ་ཨེཕ་ ཨེམ་ བེལ་གྱིས་ བཀྲ་ཤིས་བདེ་ལེགས་ཀྱི་

གསུང་བཤད་ཧིན་སྐད་ནང་ཞུ་བའི་ལན་ལུ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ཡང་ ཧིན་སྐད་ནང་ གསུང་བཤད་གནང་མི་དེ་ནང་ བིརི་ཀྲེཤ་དང་འབྲུག་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་སྔར་ལས་ལྷག་པ་བཞག་ ནི་དང་ འབྲུག་གི་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ བིརི་ཀྲེཤ་གཞུང་ལས་རྒྱབ་སྐྱོར་ག་དེ་དྲག་དྲག་འབད་དགོ་ པའི་སྐོར་ལས་གསུང་གནང་ནུག།

མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་སྤུངས་ཐིམ་གྲྭ་ཚང་ནང་ ཡབ་ཞིང་གཤགས་ཀྱི་དགོངས་རྫོགས་

ལུ་བསྔོ་སྟེ་དགེ་སློང་བཙུན་གསར་ཁལ་དགུ་ བཙུགས་གནང་པའི་ཁར་དགེ་འདུན་པའི་མཚན་ཐོ་གསར་དུ་བཟོ་ གནང་མི་དེ་ རྒྱལ་དྲུང་ཆེན་མོ་གིས་ལྷག་སྟེ་མཚན་ཐོ་དེ་གུ་ ཞབས་དྲུང་རིན་པོ་ཆེ་དང་གཞུང་ལྷན་རྒྱས་ཁག་

དཔོན་ཁག་ཆ་མཉམ་གྱི་ཕྱག་ཐམ་དང་ཐིའུ་ཚུ་རྐྱབ་སྟེ་ མཚན་གྲངས་གཏན་འཁེལ་བཟོ་གནང་ནུག། དེའི་ནངས་

པ་ལས་ཉིན་གྲངས་༡༡གི་རིང་སྤུངས་ཐིམ་གྲྭ་ཚང་དམངས་ཀྱིས་བཀའ་སྲུང་ཡོངས་རྫོགས་ཀྱི་གཏང་རག་གནང་

པའི་ཁར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་དབུ་རྩེ་གུ་གསེར་ཟངས་ཀྱི་གསེར་ཏོག་རྒྱ་ཕིབས་དང་བཅས་ པ་ཕུལ་གནང་སྟེ་ གསེར་ཁྲི་མངའ་གསོལ་གྱི་རིམ་པ་ཡོངས་སུ་རྫོགས་པ་མཛད་ནུག།

༣ འབྲུག་རྒྱལ་གསུམ་པ། བརྒྱུད་འཛིན་གྱི་རྒྱལ་སྲས་མི་དབང་སྤ་རོ་དཔོན་སློབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ བརྒྱུད་འཛིན་

གསུམ་པའི་གསེར་ཁྲི་གུ་མངའ་གསོལ་གྱི་དོན་ལུ་སྤྱི་ལོ་༡༩༥༢ཟླ་༨ པའི་ནང་བུམ་ཐང་ལས་འཁོར་གཡོག་ བརྒྱ་ཕྲག་མ་ལངཔ་ཅིག་གིས་ཆིབས་གྲལ་བཙར་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་རྫོང་ནང་ཕེབས་ནུག།

ཆུ་འབྲུག་ཟླཝ་༨ པའི་ཚེས་༡༩ གི་ཉིན་མ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་འབད་ ཞབས་དྲུང་རིན་པོ་

34


ལེའུ་དང་པ་ གླེང་གཞི།

ཆེའི་སྐུ་གདུང་ མ་ཆེན་གྱི་སྐུ་མདུན་ལས་ བརྒྱུད་འཛིན་རྒྱལ་པོར་དབང་བསྐུར་བའི་ དར་མདོག་ལྔ་པའི་ཆུན་ བུ་མགུལ་ལུ་གསོལ་གནང་ཞིནམ་ལས་ རང་ལུགས་ཆིབས་གྲལ་བཙར་ཏེ་ སྤུངས་ཐང་འདུ་ཁང་ཆེན་མོའི་ནང་

བཀྲ་ཤིས་མངའ་གསོལ་བའི་མཛད་སྒོ་ཚུ་ མཁན་ཆེན་ཁྲི་རབས་རེ་གཅིག་པ་རྗེ་བསམ་གཏན་རྒྱ་མཚོ་དབུ་ བཞུགས་ཐོག་ལས་མར་ཆང་དང་བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བརྩི་སྲུང་མཛད་གནང་ནུག།

བརྒྱུད་འཛིན་གསུམ་པ་གསེར་ཁྲི་མངའ་གསོལ་བའི་སྐབས།

ཨིན་རུང་དེ་སྐབས་ སྤུངས་ཐང་རྫོང་ནང་ཁྲི་སྟོན་རྒྱས་པ་མ་མཛད་པར་ མི་དབང་འབྲུག་རྒྱལ་གསུམ་པ་དཔོན་

གཡོག་འཁོར་བཅས་ སྤུངས་ཐང་ཁ་ལས་ཆིབས་གྲལ་བཙར་ཏེ་ ཐིམ་ལུང་སེམས་རྟོགས་ཁ་ལས་བརྒྱུད་དེ་སྤ་ རོ་ལུ་ཕེབས་པའི་ཆིབས་གྲལ་ སྤ་རོ་འབྲས་ལ་ཁར་ལྷོད་པའི་བསྒང་ལས་ སྤ་རོ་ལས་ཚུར་རྫོང་ཚབ་སྐལ་བཟང་ ཟླ་བ་གིས་འགོ་འདྲེན་འཐབ་སྟེ་བསུ་བ་ སེར་སྦྲེང་དང་ ཆིབས་གྲལ་རྒྱས་པ་བསྒྲིགས་ཐོག་ལས་གདན་འདྲེན་

ཞུ་ནུག། མི་དབང་སྐུ་འཁོར་ཚུ་རྫོང་ནང་ཕེབས་ཕེབས་ཀྱི་བར་ན་བསུ་རིམ་མར་ཆང་རྟེན་འབྲེལ་ལ་སོགས་པའི་ མཛད་སྒོ་རྒྱས་ཤིང་རྒྱས་པ་བསྒྲིགས་ཏེ་རྫོང་ནང་ཕེབས་ཡོདཔ་ཨིན་པས།

35


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ལས་ལོ་དེ་གི་རང་ཟླ་༩ པའི་ཚེས་༩ ལུ་གཟའ་སྐར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་དང་བསྟུན་ཏེ་

རྟེན་འབྲེལ་བརྩི་སྲུང་རྒྱས་པ་ཞུ་བའི་དོན་ལུ་ སྤ་རོ་རིན་སྤུངས་རྫོང་ནང་འཚོགས་མི་ཡང་ སྤུངས་ཐང་ཁ་ལས་

རྗེ་བསམ་གཏན་རྒྱ་མཚོ་མཆོག་གིས་དབུ་གཙོས་པའི་ རྡོར་སློབ་རིག་འཛིན། དབྱངས་སློབ་བསོད་ནམས་རྡོ་ རྗེ། སྒྲ་སློབ་བསྟན་འཛིན་རྣམ་རྒྱལ། མཚན་སློབ་རྡོ་རྗེ་ལ་སོགས་པའི་བླ་སློབ་ཁག་དང་། གཞུང་མགྲོན་གསོ་པ་

སྲི་རྒྱལ་དང་ བོད་འགྲུལ་པ་ནོར་བུ། གོང་གཟིམ་རྒྱ་གར། ཧད་དྲུང་པ་འཇིགས་མེད་དཔལ་ལྡན་རྡོ་རྗེ། དར་རྫོང་ མདོ་ལེགས། རྫོང་པ་བཞི་གི་གཟིམ་དཔོན་ལ་སོགས་པ་ཞི་བའི་དཔོན་ཁག་ ཚུ་དང་ཤར་ནུབ་དབུས་གསུམ་གྱི་

མི་སྡེའི་འགོ་འཛིན་ཁག། བླ་དཔོན་མང་རབས་ཅིག་ཁྲི་མངའ་གསོལ་བའི་དོན་ལས་འཛོམས་ཡོདཔ་ཨིན་པས། དེ་བསྒང་གི་ཁྲི་སྟོན་སྐབས་ བཅའ་མ་གཏོགས་མི་རྒྱལ་པོ་སྐུ་ཕྲེང་གསུམ་གྱི་ཕྱག་ཞུ་སྟེ་ དྲུང་ཡིག་དཀྱུས་མ་

ལས་འགོ་བཙུགས་ཏེ་ ལྷན་རྒྱས་འོག་མ་ཚུན་ཚོད་ཀྱི་གོ་གནས་ཁར་ཕྱག་ཞུ་མི་ དྲགོས་ཤིང་མཁར་བླ་མ་ གིས་གསུངས་དོ་བཟུམ་ཨིན་པ་ཅིན། དེ་སྐབས་སྤ་རོ་ལུ་ཉིན་ཞག་༢༠ གི་རིང་བཅའ་སྒྲིག་རྐྱབ་མི་ཡང་ གཞུང་ འབྲེལ་རྟེན་འབྲེལ་གྱི་རིགས་ སྤ་རོའི་རྫོང་ནང་དང་ དགའ་སྟོན་ལྟད་མོའི་རིགས་ག་ར་ ཕོ་བྲང་ལྡུམ་ར་ནང་ན་

འབད་བསྒྲིགས་པའི་སྐབས་ རྫོང་དང་ཕོ་བྲང་གི་ཕྱི་ནང་ག་ར་ དར་ཤིང་དང་ཁ་མདོག་སྣ་ལྔའི་རུ་དར། ལྷ་དར་ རྩ་བ་ལས་ཡར་འབད་ དཔྱངས་གདན་དམརཔོ་བཏིང་པ་དང་ སྒོ་ར་ཁ་ལུ་སྤ་རོ་པའི​ི་ལམ་སྲོལ་ མ་སྒོ་གཡས་

པའི་ཁ་ཐུག་ཁྲོ་ཆེན་ཨོམ་གྱིས་བཀང་། གཡོན་གྱི་ཁ་ཐུག་ཆབ་ཀྱིས་བཀང་བའི་སྦོ་ལོགས་ཁར་ མཆོད་པའི་ལྷ་ མོའི་ཚུལ་འབད་ བཅུ་དྲུག་ལང་ཚོ་ལྡན་པའི་བུ་མོ་གཉིས་ཟབ་སྤྲོས་གྱོན་ཏེ་ དེ་ཁར་ཆིབས་གྲལ་བཙར་ཏེ་བྱོན་མི་ ཚུ་ལུ་ ཆབ་དང་འོ་མ་གིས་བསྒྲོན་ཏེ་བསུ་ནི་འདུག་ཟེར་བཤད་ཅི།

དེ་ལས་སྤ་རོ་དཔོན་སློབ་ཀྱི་གཟིམ་ཅུང་ནང་མ་བྱོན་པའི་ཧེ་མ་ རྡོ་གཅལ་བར་ན་མར་ཆང་དང་དཔའ་བོ་བཞིའི་གར་ འཆམ་གྱིས་མཇུག་བསྡུ་སྟེ་ གཟིམ་ཅུང་ནང་སྐུ་ངལ་གནང་པའི་ཤུལ་མ་ ཉིན་དགུང་བདུད་རྩི་མཐུན་མཚམས་ དང་བསྟུན་ཏེ་འདུ་ཁང་ནང་གདན་འདྲེན་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ མ་ཡུམ་ཕུན་ཚོགས་ཆོས་སྒྲོན་དང་ རྒྱལ་ལྕམ་ཨ་ཞེ་སྐལ་བཟང་། གཞན་ཡང་སྐུ་མགྲོན་གཙོ་བོ་ རྒྱ་གཞུང་སྐུ་ ཚབ་ བི་ ཀེ་ ཀ་པུར་མཆོག་དང་ འབྲས་ལྗོངས་རྒྱལ་སྲས་ མི་རྗེ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ལ་སོགས་པ་

36


ལེའུ་དང་པ་ གླེང་གཞི།

ཕྱི་རྒྱལ་སྐུ་མགྲོན་ སྐུ་སྲུང་དམག་མི་དང་བཅས་པ་དང་ ཕྱོགས་ཀྱི་དཔོན་སློབ་དང་ རྫོང་དཔོན་ལ་སོགས་པ་ནང་

གི་དཔོན་ཁག། དེ་སྐབས་འབྲུག་གི་ས་གནས་མཐའ་ཟུར་ཚུ་ལས་ཡང་ སྐྱ་སེར་ཕོ་མོ་གྱངས་ཁ་མ་ཆོདཔ་ཅིག་

རྒྱལ་པོ་གསུམ་པ་མཆོག་ལུ་ གུས་བཏུད་ཀྱི་ཁྲི་དར་ཕུལ་བར་བཅར་ཏེ་ ཉིན་ཞག་བདུན་ཕྲག་གསུམ་ལྷགཔ་ ཅིག་གི་རིང་དགའ་སྟོན་བརྩི་སྲུང་ཞུ་བའི་སྤྲོ་སྟོན་ལུ་ལོངས་སྤྱོད་དེ་སྡོད་ཅི་ཟེར་ཨིན་པས།

སྤ་རོ་རབ་སྡེ་ཚུ་གིས་འདུ་ཁང་ཆེན་མོའི་ནང་བཅའ་སྒྲིག་གི་རིམ་པ་ མཆོད་རྫས་ ཕྱེ་ཕུར་བླ་བྲེ་ལ་སོགས་པས་ བརྒྱན་པའི་ཁར་ རིན་ཐང་གཞལ་དུ་མེད་པའི་སྐུ་ཐང་ཚུ་དཔྱངས་ཏེ་ ལྷ་ཡི་ཞལ་ཡས་ཁང་བཟུམ་བཟོ་བའི་ གྲལ་

འགོར་མི་འཇིགས་སེང་གེས་བཏེགས་པའི་ཁྲི་གུ་ རྒྱལ་རབས་གསུམ་པ་མི་དབང་འཇིགས་མེད་རྡོ་རྗེ་དབང་ ཕྱུག་མཆོག་དང་ གཡས་ཕྱོགས་སུ་རྗེ་མཁན་ཁྲི་རབས་རེ་གཅིག་པ་ རྗེ་བསམ་གཏན་རྒྱ་མཚོ་མཆོག། དེའི་ འོག་ལས་སློབ་དཔོན་བཞི་པོ། གཡོན་ཁ་ཐུག་ལས་སྐུ་མགྲོན་གཙོ་བོ་ཁག་དང་རྒྱལ་ལྕམ། རྒྱལ་ཡུམ་བཅས་ པའི་བཞུགས་གནས་རྒྱབ་ལ་བསྒྲིགས་ཡོདཔ་ཨིན་པས། གསུང་ཆོག་གི་དབུ་ཁྲིད་རབ་སྡེ་གནས་བརྟན་གྱིས་

མཛད་དེ་ རབ་སྡེ་དམངས་ཀྱི་ཆོས་གོས་ སྒོམ་ཞྭ་དང་བཅས་པ་བཞེས་ཏེ་ ཕུན་སུམ་ཚོགས་པའི་རིམ་པ་ཡོངས་

སུ་རྫོགས་པ་གནང་པའི་སྐབས་ འབྲུག་རྒྱལ་ཁབ་འདི་ནང་རྒྱལ་ཡོངས་ཚོགས་འདུའི་སྲོལ་ཁྱུན་བཙུགས་ནི་ ཨིན་ཟེར་བའི་བཀའ་རྒྱ་ཡང་ དེ་སྐབས་རྫོང་ཚབ་སྐལ་བཟང་ཟླ་བ་ལུ་གནང་ཡི་ཟེར་དྲགོས་ཤིང་མཁར་བླ་མ་ གིས་གསུང་ནི་འདུག།

དེ་ལས་འདུ་ཁང་ཆེན་མོའི་ནང་ བཞུགས་གྲལ་གྲོ་མ་དྲི་བཟང་ལས་འགོ་བཙུགས་ཏེ་ཕུན་སུམ་ཚོགས་པའི་རིམ་ པ་ཟས་སྣ་ཚུ་དྲངས་ཚར་བའི་ཤུལ་ལས་ རྗེ་མཁན་པོ་དང་སློབ་དཔོན་བཞི་པོ། རབ་སྡེ་གནས་བརྟན་ཚུ་གིས་དབུ་

གཙོས་ཏེ་ སྐུ་མགྲོན་དང་སྐུ་འཁོར་ཚུ་གིས་ ཁྲི་དར་གྱི་འབུལ་བ་ཚུ་མ་ཕུལ་བའི་ཧེ་མ་ ཆབ་འབངས་ལྷ་མི་སྲིད་

སྡེ་མགྲིན་གཅིག་གིས་ཐོག་ལས་ ལེགས་བཤད་ཀྱི་ཞུ་བ་ཅིག་ཡང་ལྷག་སྟེ་ཕུལ་བའི་ཤུལ་ལས་རྗེ་མཁན་པོ་

དང་སློབ་བཞི། གཞུང་མགྲོན་གཉེར། བོད་འགྲུལ་པ། གོང་གཟིམ། དབང་མགྲོན། ཧད་དྲུང་པ། དར་རྫོང་པ། རིན་རྫོང་པ། སྤུངས་གཟིམ། ཐིམ་གཟིམ། ཆོས་གཟིམ། རིན་གཟིམ་ལ་སོགས་པའི་དཔོན་ཁག་ཚུ་གིས་ཕྱག་ ཐམ་བཀོད་དེ་མི་དབང་མངའ་བདག་རིན་པོ་ཆེ་གི་ཕྱག་ལུ་ཕུལ་ཡོདཔ་ཨིན་པས།

37


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་སྦེ་རྫོང་ནང་གི་ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ སྐུ་མགྲོན་དང་དཔོན་ཁག་ མི་མང་ཕོ་མོ་རྒན་གཞོན་

མེདཔ་ག་ར་ལྡུམ་རའི་ཕོ་བྲང་ནང་འབད་གླུ་གཞས་ འཆམ་དང་ མདའ་རྩེད་ལ་སོགས་པའི་ལྟད་མོ་དང་ བཟའ་

བཏུང་ཇ་ཆང་ལོངས་སྤྱོད་ཀྱི་ཚོགས་འཁོར་ཉིན་ཞག་ལེ་ཤའི་བར་ན་གནང་ཐོག་ལས་གསེར་ཁྲི་མངའ་གསོལ་ གྱི་དུས་སྟོན་བརྩི་སྲུང་ཞུ་ནུག།

༤ འབྲུག་རྒྱལ་བཞི་པ།

བརྒྱུད་འཛིན་བཞི་པ་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས།

38


ལེའུ་དང་པ་ གླེང་གཞི།

བརྒྱུད་འཛིན་གྱི་རྒྱལ་སྲས་མི་དབང་ཀྲོང་གསར་དཔོན་སློབ་ འཇིགས་མེད་སེང་གེ་དབང་ཕྱུག་ འབྲུག་རྒྱལ་ བཞི་པ་ལུ་ ཁྲི་མངའ་གསོལ་ནི་འདི་ ཡབ་བརྒྱུད་འཛིན་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་

མཆོག་ ཞིང་ལུ་ཕེབས་ཏེ་ཉིནམ་གསུམ་གྱི་ཐོག་ལུ་ ལྷན་རྒྱས་གཞུང་ཚོགས་དང་ བློ་གྲོས་ཚོགས་སྡེ་གིས་

འབྲུག་མི་ཡོངས་ཀྱི་ཚབ་ལུ་གསོལ་བཏབ་ཞུཝ་བཞིན་དུ་ སྤྱི་ལོ་༡༩༧༢ ཟླ་༧ པའི་ཚེས་༢༤ ལུ་མི་དབང་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དགུང་ལོ་༡༧ ལས་མ་བཞེས་རུང་རྒྱལ་པོའི་གསེར་ཁྲི་བདག་གིར་

བཞེས་པའི་རྟེན་འབྲེལ་བརྩིས་གནང་ནུག། སྤྱི་ལོ་༡༩༧༢ ཟླ་ ༡༡ པའི་ཚེས་༢༧ ལུ་ གཟའ་སྐར་དགེ་བ་དང་

བསྟུན་ སྤུངས་ཐང་ཁ་མ་ཆེན་སྐུ་མདུན་ལས་ བྱིན་ཅན་གྱི་མགུལ་དར་བཞེས་ཏེ་ འབྲུག་རྒྱལ་བཞི་པའི་གསེར་ ཁྲི་མངའ་གསོལ་གྱི་རྟེན་འབྲེལ་བརྩིས་གནང་ནུག།

ཁྲི་སྟོན་ངོ་མ་འདི་ སྤྱི་ལོ་༡༩༧༤ ཟླ་༦ ཚེས་༢ ལུ་གནང་ནི་གི་དོན་ལུ་གསེར་ཁྲི་མངའ་གསོལ་གྱི་ལམ་སྟོན་

ལྷན་ཚོགས་ རྒྱལ་སྲས་སྤ་རོ་དཔོན་སློབ་མི་དབང་རྣམ་རྒྱལ་དབང་ཕྱུག་དབུ་བཞུགས་ཐོག་ བཅའ་སྒྲིག་རྒྱས་ ཤིང་རྒྱས་པར་གནང་སྟེ་ དངོས་གཞི་ཉིནམ་དང་པ་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ སྐྱབས་རྗེ་དིལ་མགོ་མཁྱེན་

བརྩེ་རིན་པོ་ཆེ་མཆོག་གིས་ ཚེ་ལ་དབང་བའི་རིག་འཛིན་གྱི་གྱལ་ཁར་ཚུད་པའི་རྟེན་འབྲེལ་ལུ་དགོངས་ཏེ་ ཚེ་ དབང་བསྐུར་གནང་པའི་སྐབས་ བཀྲ་ཤིས་ཆོས་རྫོང་གསེར་ཁྲི་ཁང་བཟང་ནང་སྐྱབས་རྗེ་རྗེ་མཁན་ཁྲི་རབས་༦༣ པ་སྤྲུལ་སྐུ་ཕྲིན་ལས་ལྷུན་གྲུབ་མཆོག་གི་ཞབས་ལས་ ལྷ་བསངས་བཀྲ་ཤིས་རེ་སྐོང་དང་སྲུང་མའི་གཏང་རག་

ཚུ་གནང་སྟེ་ དྲོ་པ་ཆུ་ཚོད་༩ ལས་བདེ་ཆེན་ཆོས་གླིང་ཕོ་བྲང་ལས་ རྒྱལ་བློན་སྐུ་འཁོར་བཅས་པ་ ཆིབས་གྲལ་ བཙར་ཏེ་གླང་འབྱོག་ཕ་ཁར་ལྷོད་པའི་སྒོ་ར་དང་པ་ལས་འགོ་བཙུགས་ཏེ་ རྒྱལ་དྲུང་ཆེན་མོ་དྲགོས་ཤིང་མཁར་

བླ་མ་དང་ མི་སེར་འཐུས་དཔོན་དྲགོས་སྐོར་ལའི་བླ་མ་གཉིས་ཀྱིས་འགོ་འདྲེན་འཐབ་སྟེ་ ཆོས་རྗེ་འབྲུག་པའི་ ཆིབས་གྲལ་དང་བཀྲ་ཤིས་ཆོས་རྫོང་གི་ཡང་ཐོག་ལས་དགེ་འདུན་པའི་བསུ་བ་སེར་སྦྲེང་རྒྱས་པ་བསྒྲིགས་ཏེ་ བཀྲ་ཤིས་ཆོས་རྫོང་ཁ་ཐུག་ལུ་གདན་འདྲེན་གྱི་བསུ་བ་ཞུ་ཡོདཔ་ཨིན།

ཆིབས་གྲལ་བཀྲ་ཤིས་ཆོས་རྫོང་ནང་ལྷོད་དེ་ རྒྱལ་པོའི་སྐུ་སྲུང་རུ་ཁག་གིས་ རུ་སྒྲིག་གི་སྟི་སྭ་ཞུ་བའི་སྐབས་

འཛམ་གླིང་སྤྱིའི་ལུགས་སྲོལ་མེ་སྒྱོགས་ཀྱི་སྟོབས་ལན་ཐེངས་༢༡ གནམ་སྟོང་ལུ་བསྐུལ་བའི་གུས་བཏུད་ཞུ་

39


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ནི་དང་ རྒྱལ་ཁབ་མཐའ་དབུས་སོ་སོ་ལས་འོང་སྟེ་ཆིབས་གྲལ་ཁར་ཡོད་མི་ ཕོ་མོ་ཚུ་གིས་ཡུལ་ཕྱོགས་སོ་

སོའི་ གཞས་རིགས་མ་འདྲ་བའི་གཞས་མཇུག་བསྡུ་ནི་དང་ དཔའ་བོ་བཞི་པོས་མཇུག་འཆམརྐྱབ་ནི་ སེར་ སྦྲེང་པ་ཚུ་གི་རྔ་རོལ་ཕབ་པའི་སྐབས་ དུང་དང་རྒྱ་གླིང་གི་སྐད་ཀྱིས་གནམ་ས་གཡོ་བ་ཙམ་དུ་ བཀྲ་ཤིས་

ཆོས་རྫོང་གི་བར་སྣང་ལས་ལྷ་དང་ལྷ་མོ་ཚུ་གིས་མེ་ཏོག་གི་ཆར་ཕབ་པ་ལ་སོགས་པ་དགེ་བའི་མཚན་ལྟས་ དང་བཅས་པའི་བསུ་བ་དང་།

དབུ་རྩེ་གུ་ལས་མར་མཐོང་གྲོལ་བྱིན་རླབས་ཅན་དཔྱངས་མི་དེའི་གདོང་ཁར་ མི་དབང་མངའ་བདག་རིན་པོ་ཆེ་

དང་རྗེ་མཁན་རྣམ་གཉིས་ཁྲི་སྟེགས་ ཁྲི་ཁེབས་དང་བཅས་པ་བཤམས་པའི་ཁར་བཞེངས་པའི་མདུན་ཕྱོགས་ ལུ་ རྒྱལ་པོའི་མགྲོན་གཉེར་དྲགོས་ ཚེ་བརྟན་རྡོ་རྗེ་དང་ རྒྱལ་གཟིམ་དྲགོས་ རྡོ་རྗེ་རྒྱལ་མཚན། ཐིམ་ཕུག་རྫོང་

བདག་དྲགོས་ དར་སྒོ་གསུམ་གྱིས་མར་ཆང་ཕྱེ་མར་གྱི་ཕུད་གཏོར་ཚར་ཞིནམ་ལས་ མི་དབང་མངའ་བདག་རིན་ པོ་ཆེ་མཆོག་གསེར་ཁྲི་ཁང་བཟང་ནང་ཆིབས་བསྐྱོད་གནང་། དེ་ལས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་

གསེར་ཁྲི་ཁང་བཟང་གི་རྟེན་གྱི་ཕྱོགས་ལུ་ ཁྲི་ཁེབས་གུ་ལས་སྐུ་ཕྱག་གནང་ཞིནམ་ལས་ སྤུངས་ཐང་མ་ཆེན་ སྐུ་མདུན་ལས་ཞུ་བའི་དར་མདོག་ལྔ་མ་མགུལ་ལུ་བཞེས་ཏེ་ རྒྱལ་པོའི་གསེར་ཁྲི་་ཁར་བཞུགས་ནུག།

དེ་སྐབས་བཀྲ་ཤིས་མངའ་གསོལ་ཞུ་སར་སྐུ་མགྲོན་གཙོ་བོ་འབད་ཕེབས་མི་ཡང་ རྒྱ་གར་གྱི་སྲིད་འཛིན་ བི་བི་ གི་རི་སྐུ་ཟླ་གཉིས་དང་ བང་ལ་དཧེཤ་ལས་སྲིད་འཛིན་ མི་ཧ་མ་དུ་ཧ། ནེ་པཱལ་ལས་རྒྱལ་སྲས་ དཧི་རཱན་དཧ་

ར་ བིར་ བིཀ་རམ་ ཤཱཧ་དཧེཝ། སྲས་མོ་ པི་རིཀ་ཤི་ཡ་ ར་ཇཱ་ཡ་ ལག་ཆི་མི་ དཧེ་བི་ཤཱ། འབྲས་ལྗོངས་ལས་ ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ། གཞན་ཡང་ ཨཱསི་ཀྲེལ་ཡ། ཀེ་ན་ཌ། རྒྱ་ནག། ཕ་རཱནསི། འཇའ་ པཱན། ནིའུ་ཛར་ལེནཌ། སིང་ག་པུར། སུའི་ཛར་ལེནཌ། ཡུ་ཀེ། ཡུ་ཨེས་ཨེ། ར་ཤི་ཡ་རྒྱལ་ཁབ་ཚུ་ལས་ཆེས་

མཐོའི་སྐུ་ཚབ་ཁག་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་སོ་སོ་ལས་ཡང་སྐུ་ཚབ་མང་རབས་བྱོན་ཡོདཔ་མ་ ཚད་ རྒྱལ་དབང་ཀརྨ་ པ་སྐུ་ཕྲེང་༡༦ པ་ལ་སོགས་པའི་བླ་ཆེན་ཚུ་ཡང་བཀྲ་ཤིས་མངའ་གསོལ་བའི་མཛད་སྒོ་

ལུ་ཆིབས་བསྐྱོད་གནང་ནི་དེ་གིས་ བཀྲ་ཤིས་ཆོས་རྫོང་གི་རྒྱལ་པོའི་གསེར་ཁྲི་ཁང་བཟང་ནང་རྟེན་འབྲེལ་བརྩི་ སྲུང་སྐབས་ གོང་གསལ་སྐུ་མགྲོན་ཚུ་དང་ མ་ཡུམ་དང་རྒྱལ་ཡུམ་བགྲེས་གཞོན་གཉིས་ ཡུམ་ཆོས་དབྱིངས་

40


ལེའུ་དང་པ་ གླེང་གཞི།

རྡོ་རྗེ་ཚུ་གིས་གཙོས་པའི་སྐུ་འཁོར་ཁག་དང་ གཞུང་གྲྭ་ཚང་གི་སློབ་དཔོན་བཞི། བློན་པོ་ལྷན་རྒྱས་ཁག་བཅས་

པ་འཚོགས་ཏེ་ཆུ་ཚོད་༨ དང་སྐར་མ་༤༥ ལས་རྟེན་འབྲེལ་འགོ་བཙུགས་པའི་སྐབས་ རྗེ་མཁན་རིན་པོ་ཆེ་

གིས་ བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་དང་ནོར་བུ་ཆ་བདུན་ལ་སོགས་པ་ཕུལ་

ཞིནམ་ལས་ ཇི་སྐད་དུ། །ཀུན་བླངས་སྐྱེས་བུ་དམ་པ་ཡིས། །ལུས་དང་ལོངས་སྤྱོད་ལ་སོགས་རྫས། །དངོས་ འབྱོར་སྤྲུལ་ཞིང་མཎ་ཌལ་འབུལ། །ཟེར་གསུངས་དོ་བཟུམ་མཎ་ཌལ་གྱི་བཤད་པ་མདོར་བསྡུས་དང་བཅས་པ་ ཞུ་སྟེ་མཎ་ཌལ་སྐུ་གསུང་ཐུགས་རྟེན་ཕུལ་གནང་ནུག།

དེ་ལས་རྗེ་མཁན་པོ་དང་རྒྱལ་བ་ཀརྨ་ པ། མཁྱེན་བརྩེ་རིན་པོ་ཆེ་ཚུ་གིས་དབུ་གཙོས་ཏེ་རྒྱལ་ཁབ་སོ་སོའི་སྐུ་

ཚབ་དང་གཞུང་ཚབ་ཚུ་གིས་ཁྲི་དར་ཕུལ་ནི་འགོ་བཙུགས་ཏེ་ཉིམ་འཛུལ་རུང་ ཁྲི་དར་ཕུལ་མི་མཇུག་མ་ཆོད་ ནི་དེ་གིས་ ཉིན་ཞག་༣ གྱི་རིང་དྲོཔ་ཨ་རྟག་རང་ཁྲི་དར་ལས་རིམ་བཟོ་དགོཔ་བྱུང་ནུག། དབྱིན་ཚེས་༣ གྱི་ཚེ་

ཅང་གླིང་མའི་ཐང་ན་འབད་ མི་མང་ཡོངས་ལུ་མཇལ་ཁ་གནང་བའི་ལས་རིམ་ཨིན་ནི་དེ་གིས་ དྲོ་པ་ཆུ་ཚོད་༥ དང་སྐར་༣༠ ལས་མི་མང་འཚོགས་ནི་འགོ་བཙུགས་ཏེ་ཆུ་ཚོད་༩ དང་སྐར་མ་༣༠ ལུ་མི་དབང་མངའ་བདག་ རིན་པོ་ཆེ་མཆོག་ ཆོས་རྗེ་འབྲུག་པའི་ཆིབས་གྲལ་དང་སེར་སྦྲེང་རྒྱས་པ་བཙར་ཐོག་ལས་ཅང་གླིང་མའི་ཐང་གི་

རྟེན་འབྲེལ་བརྩི་སྲུང་ཞུ་སར་ཕེབས་ཏེ་ འབྲུག་གི་རྒྱལ་དར་གཟི་བརྗིད་ཅན་དགུང་དབྱིངས་ལུ་འཕྱར་གནང་ཡི།

དེ་སྐབས་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མི་མང་ལུ་གསུང་བཤད་འགོ་དང་པ་གནང་མི་དེ་ནང་

མངའ་འབངས་ཡོངས་ཀྱིས་རེ་ལྟོས་ཞུཝ་བཞིན་དུ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་རྒྱལ་ཁབ་ རང་མགོ་རང་འདྲོང་གི་ཕྱག་ལཱ་ཚུ་ ལྷག་བསམ་རྣམ་དག་གི་སྒོ་ལས་མཛད་ནི་དང་ དེ་ལུ་གཞུང་དང་མི་སེར་ ལགཔ་གཅིག་ཁར་མཐུད་དེ་ བརྩོན་ཤུགས་བསྐྱེད་དགོཔ་སྦེ་གསུངས་གནང་ཡི།

དེ་ལས་དགུང་བློན་བླམ་རྡོ་རྗེ་གིས་ཕྱག་ཞུ་སྟེ་ མི་དབང་མངའ་བདག་རིན་པོ་ཆེམཆོག་ དྲག་ཁག་གསུམ་གྱི་སྟི་

སྭ་ཞུ་སར་སྤྱན་གཟིགས་གནང་པར་གདན་འདྲེན་ཞུ་བའི་སྐབས་ རོལ་དབྱངས་སྙན་འཇེབས་ཅན་གྱི་གླུ་དབྱངས་

ལེན་ཐོག་ལས་སྟི་སྭ་ཞུ་ནི་དང་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་པར་རྒྱལ་བཅུག་ཟེར་བའི་ང་རོ་ལྷང་ལྷང་ གི་སྒོ་ལས་དགའ་སྟོན་ ལྷའི་ལོངས་སྤྱོད་ལུ་འགྲན་ནུས་པ་དང་། བཟའ་བཏུང་འབྱོར་པ་རྒྱ་མཚོ་ ཀུན་བཟང་

41


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མཆོད་པའི་སྤྲིན་གཡོ་བའི་སྤྲོ་སྟོན་དང་། སྐུ་མགྲོན་ཚུ་ལུ་གསེར་གྱི་རྟགས་མ་ལ་སོགས་པ་གནང་སྟེ་ཉིནམ་བདུན་ གྱི་རིང་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་མཛད་གནང་ནུག་གོ །འཇིག་རྟེན་དབང་ཕྱུག་བྱང་སེམས་རྒྱལ་

པོའི་སྐུར། །བཞེངས་ནས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་། །འཕྲལ་ཡུན་ཕན་བདེའི་རྟེན་གཞི་ལེགས་ ཚུགས་ཀྱི། །རྟེན་འབྲེལ་གསེར་ཁྲི་མངའ་གསོལ་མཆོག་ཏུ་གྲུབ། །ཟེར་མི་དེ་ཡང་བར་གྱི་ཚིགས་བཅད་དོ། །

42


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

43


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་ གི་མཛད་རྣམ། ༈

ལྷ་དང་བླ་མའི་ལུང་གིས་རབ་བསྐུལ་ཏེ། །འབྲུག་མི་སྤྱི་མཐུན་བསོད་ནམས་བགོ་སྐལ་དུ། །བརྒྱུད་

འཛིན་ལྔ་པ་ནམ་མཁའི་ནོར་བུ་དེས། །གླིང་བཞི་གསལ་བའི་འོད་སྟོང་ཁ་བཞིར་འཕྲོ། །ཟེར་བའི་ཚིགས་བཅད་ ཀྱིས་བསུས་ཏེ་ ལེའུ་གཉིས་པ་བླ་མེད་དབུ་ཁྲིད་དམ་པ་ བརྒྱུད་འཛིན་རྒྱལ་མཆོག་ལྔ་པ་ མི་དབང་འཇིགས་

མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ ཁ་བཞི་འབངས་མི་ཡོངས་ཀྱི་སྤྱི་ནོར་དམ་པ་སྦེ་ འབྲུག་རྒྱལ་ལྔ་

པའི་གསེར་ཁྲི་ཁར་མ་བྱོན་པའི་གོང་གི་མཛད་རྣམ་སྐོར་ལས་བཤད་ནི་དེ་ལུ་ཡང་ནང་གསེས་ཀྱི་དབྱེ་བ་ དང་ པ་ ཡབ་འབྲུག་རྒྱལ་བཞི་པ་དང་། ཡུམ་རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ལོ་རྒྱུས་མདོར་བསྡུས་ཏེ་ བཤད་ནི། གཉིས་པ་ སྐུ་འཁྲུངས་ཚུལ་དང་སྐུ་ཡོན་བཞེས་ཚུལ། གསུམ་པ་ སྲིད་དོན་ཉམས་བཞེས་གནང་

ཚུལ་དང་ཆོས་རྗེ་འབྲུག་པའི་གོ་གནས་རིམ་པར་བཞེས་ཚུལ། བཞི་པ་འབྲུག་རྒྱལ་ལྔ་པའི་ཕྱག་འགན་རྩིས་ བཞེས་གནང་ཞིནམ་ལས་གསེར་ཁྲི་མངའ་གསོལ་ཚུན་གྱི་མཛད་རྣམ་བཅས་གསལ་བཤད་ཞུ་ནི་ཨིན།

དང་པ་ ཡབ་ཡུམ་གཉེན་སྟོན་གྱི་བཀྲིས་མངའ་གསོལ། ཡབ་འབྲུག་རྒྱལ་བཞི་པ་དང་ ཡུམ་རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ལོ་རྒྱུས་མི་དབང་རྒྱལ་བཙུན་ཨ་ ཞེ་རྡོ་རྗེ་དབང་མོ་མཆོག་གིས་བྲིས་པའི་ དེབ་དབང་པོའི་གཞུ་དང་ཆུ་འཛིན་ནང་བཀོད་དོ་བཟུམ་ཨིན་པ་ཅིན།

མངའ་བདག་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དགུང་ལོ་༢༤ ལུ་ གསེར་ཁྲི་

མངའ་གསོལ་ཞུ་སྟེ་ལོ་ངོ་༥ པ་སྤྱི་ལོ་༡༩༧༩ ལོ་ལུ་གཞན་གྱིས་མ་ཤེསཔ་འབད་ཨ་ཞེ་རྡོ་རྗེ་དབང་མོ་ ཨ་

ཞེ་ཚེ་རིང་པད་མོ་ ཨ་ཞེ་ཚེ་རིང་གཡང་སྒྲོན་དང་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་བཞི་རྒྱལ་ལྕམ་ལུ་བཞེས་པའི་

གསང་བའི་རྟེན་འབྲེལ་དང་བཅསཔ་འབད་གཉེན་སྦྱོར་མཛད་གནང་ནུག། གསང་བའི་རྟེན་འབྲེལ་འདི་ མི་མང་

44


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

གིས་ཤེས་པ་ཅིན་ འདི་གིས་རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གཞུང་འབྲེལ་ རྒྱལ་ཡོངས་ཀྱི་རྟེན་འབྲེལ་ དགའ་སྟོན་འདི་འཕྲོ་ལས་མཛད་དགོ་པའི་རེ་བ་བསྐྱེད་འོང་མནོ་སྟེ་ ལོ་རྒྱུས་འདི་ མི་སེར་ཚུ་ལུ་དུས་ཡུན་ལེ་ཤ་ གི་ཤུལ་ལས་མ་གཏོགས་ ཁྱབ་བསྒྲགས་མ་མཛད་པས།

རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་མཛད་སྒོ་རྒྱས་པ་དེ་ རང་ལུགས་འདས་ལོ་༣༣༧ སྤྱི་ལོ་༡༩༨༨ སྤྱི་

ཟླ་༡༠ པའི་ཚེས་༣༡ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་བསྟུན་ཏེ་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ འབད་མཛད་གནང་ནུག། དེ་སྐབས་མཛད་སྒོའི་གྱལ་ཁར་བཞུགས་མི་ ཡབ་དྲགོས་ཨོ་རྒྱན་རྡོ་རྗེ་གིས་ དབང་

པོའི་གཞུ་དང་ཆུ་འཛིན་ཟེར་བའི་དེབ་དེ་ནང་གསུངས་དོ་བཟུམ་ཨིན་པ་ཅིན། མི་དབང་རྒྱལ་བཙུན་ ཨ་ཞེ་རྡོ་ རྗེ་དབང་མོ་དང་ ཨ་ཞེ་ཚེ་རིང་པད་མོ་ ཨ་ཞེ་ཚེ་རིང་གཡང་སྒྲོན་ཨ་ཞེ་སངས་རྒྱས་ཆོས་སྒྲོན་ཚུ་ ཕོ་བྲང་ཕུན་

ཚོགས་དཔལ་རི་ལས་དྲོ་པ་ཆུ་ཚོད་༦ དང་སྐར་མ་༣༠ ལུ་བྱོན་ཏེ་ རྒྱལ་བཙུན་ལྷན་རྒྱས་ཚུ་ རྒྱན་བཀོད་ཕུན་ སུམ་ཚོགས་པར་བརྒྱན་པའི་སྤུ་ན་བ་ཟམ་ལས་ གཞུང་གི་ཆེས་མཐོའི་དཔོན་ཁག་དང་དགེ་འདུན་སྐུ་ཚབ་ཚུ་

གིས་ གསེར་སྒྲེང་དང་བཅས་པའི་ཕེབས་བསུ་ཞུ་སྟེ་རྫོང་ནང་རང་ལུགས་ཀྱི་ཆིབས་གྲལ་རྒྱས་པ་བསྒྲིགས་ ཐོག་ལས་གདན་འདྲེན་ཞུ་ནུག།

རྒྱལ་བཙུན་ལྷན་རྒྱས་ཚུ་ རྫོང་གི་མ་སྒོ་ཁར་ཕེབས་པའི་སྐབས་ རྟེན་འབྲེལ་གྱི་ཆུ་དང་ཨོམ་གྱི་ཕུད་གཏོར་ཞིནམ་ ལས་ རྫོང་གི་རྡོ་གཅལ་ནང་ཕེབས་ད་ མར་ཆང་ཕུད་གཏོར་གནང་ནུག། དབུ་རྩེའི་རྡོ་གཅལ་ནང་ཁྲུས་གསོལ་གྱི་ རིམ་པ་མཇུག་བསྡུ་བའི་ཤུལ་ལས་ རྒྱལ་བཙུན་ལྷན་རྒྱས་ཞབས་དྲུང་མ་ཆེན་སྐུ་མདུན་ལུ་ཕྱག་དབང་བཅར་

བའི་དོན་ལུ་ མ་ཆེན་གཟིམ་ཅུང་ཁ་ཐུག་གི་བད་སྐས་འཛེགས་ཏེ་བྱོན་ནུག། བཀྲ་ཤིས་མངའ་གསོལ་གྱི་རྟེན་ འབྲེལ་གཙོ་བོ་རང་ཞབས་དྲུང་མ་ཆེན་གྱི་སྒོ་ཁའི་གཟིམ་ཅུང་ལྷ་ཁང་ནང་འབད་ རྒྱལ་བཙུན་བཀྲ་ཤིས་མངའ་

གསོལ་གྱི་མགུལ་དར་ལྔ་ཚན་རེ་ རྗེ་མཁན་བསྟན་འཛིན་དོན་གྲུབ་ཀྱིས་འབད་ རྒྱལ་བཙུན་རེ་རེ་བཞིན་དུ་ལུ་ ཕུལ་གནང་ནུག། དེ་བཟུམ་རྒྱལ་པོའི་སྲས་སྲོས་བརྒྱད་ལུ་ཡང་ ངོས་འཛིན་གྱི་མགུལ་དར་རེ་གནང་སྟེ་ མ་

ཆེན་གཟིམ་ཅུང་སྒོ་ཁའི་ལྷ་ཁང་ནང་ལུ་འབད་ རྒྱལ་བཙུན་སྲས་སྲོས་ག་ར་བཞུགས་གྲལ་ཕུན་སུམ་ཚོགས་ པའི་རྟེན་འབྲེལ་གཅིག་ཁར་བརྩི་གནང་ཡི་ཟེར་བཀོད་ནུག།

45


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་ཞུ་བའི་སྐབས།

དེ་ལས་མི་དབང་མངའ་བདག་རིན་པོ་ཆེ་དང་རྒྱལ་བཙུན་ལྷན་རྒྱས་ཚུ་ བདེ་མཆོག་ལྷ་ཁང་ནང་ལུ་ཆིབས་གྲལ་ བཙར་ཐོག་ལས་གདན་འདྲེན་ཞུ་བའི་ཤུལ་མ་ དང་པ་རང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་

ལས་ཚེ་དབང་གསན་ཐོག་ལས་ རྒྱལ་པོ་དང་རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་ཞུ་ནུག། དེ་ལས་བཞུགས་

གྲལ་ཕུན་སུམ་ཚོགས་པའི་མཇུག་ལུ་ ཁྲི་དར་གྱི་འབུལ་བ་ཕུལ་ཆ་ཚུ་གཤམ་གསལ་གོ་རིམ་ལྟར་དུ་ཕུལཝ་

ཨིན་མས། དང་པ་རང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ རྗེ་མཁན་ཁྲི་རབས་༦༨ པ་བསྟན་འཛིན་ དོན་གྲུབ། རྒྱལ་ཡུམ་མི་དབང་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག། རྒྱལ་ཡུམ་སྐུ་བགྲེས་མི་དབང་ཨ་ཞེ་

46


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

ཕུན་ཚོགས་ཆོས་སྒྲོན། ཡབ་ཨོ་རྒྱན་རྡོ་རྗེ་དང་ཡུམ་ཐུགས་རྗེ་བཟང་མོ། དེ་ལས་མངའ་བདག་སྐུ་འཁོར་ཚུ་གིས་ ཕུལ་བའི་ཤུལ་མ་ རྫོང་ཁག་བཅོ་བརྒྱད་ཀྱི་སྐུ་ཚབ་ཚུ་དང་ རྒྱལ་ཁབ་ནང་འཁོད་ཀྱི་བླ་མ་དང་སློབ་དཔོན་ཚུ་

རིམ་པ་བཞིན་དུ་འབད་ཕུལ་ནུག། རྒྱལ་ཡོངས་ཀྱི་མི་དྲག་ཚུ་དང་གཞུང་གཡོགཔ་ བླམ་ཆོསཔ་ མི་སེར་སྐུ་ ཚབ་ཚུ་ག་ར་རང་སའི་ཁྲི་དར་གྱི་འབུལ་བ་འབག་སྟེ་བཅར་མི་གིས་ སྤུངས་ཏེ་ག་ཏེ་ཡང་མི་མ་ཤོངམ་འབད་ གང་ཡོདཔ་ཨིན་མས། དེ་ལས་ནང་ན་གི་རྟེན་འབྲེལ་ངོ་མ་གྲོལ་ཞིནམ་ལས་རྫོང་གི་རྡོ་གཅལ་སྦོམ་ཤོས་འདི་ ནང་ རང་ལུགས་སྔར་སྲོལ་འཆམ་དང་ཞབས་ཁྲ་གི་ལྟདམོ་ཚུ་མི་མང་ལུ་སྟོན་གནང་ནུག།

རྒྱལ་ཡུམ་མི་དབང་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་དང་རྒྱལ་བཙུན་ལྷན་རྒྱས་ཚུ་གིས་ རྒྱལ་བཙུན་

བཀྲ་ཤིས་མངའ་གསོལ་ལུ་འོང་མི་ སྟོང་ཕྲག་ལས་བཅད་དེ་འཛོམས་མི་ཚུ་ལུ་ ཉིན་མའི་གསོལ་སྟོན་ག་ནི་

ལས་ རྒྱས་ཏོག་ཏོ་འབད་གནང་ཡོད་ནི་དེ་གིས་དེ་སྐབས་འཛོམས་མི་མང་ཤོས་ཅིག་གིས་རང་ དེ་བཟུམ་མའི་ སྤྲོ་ཉམས་ཧེ་མ་མ་མཐོང་ཟེར་བཤད་པའི་དོན་དག་ཡང་ ཧེ་མ་འབྲུག་རྒྱལ་གསུམ་པ་དང་ མི་དབང་ཨ་ཞེ་སྐལ་ བཟང་ཆོས་སྒྲོན་རྣམ་གཉིས་ བཀྲ་ཤིས་མངའ་གསོལ་ཞུ་ཚར་བའི་ཤུལ་མ་ ད་ལྟོ་ཚུན་ཚོད་ལུ་ལོ་གྲངས་སུམ་

ཅུ་སོ་བདུན་དེ་ཅིག་འགྱོ་ནི་དེ་གིས་ཨིན་མས། རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་དགའ་སྟོན་རྟེན་འབྲེལ་ འདི་ རྒྱལ་ཡོངས་ནང་ཉིནམ་གསུམ་གྱི་རིང་བརྩི་སྲུང་ཞུ་ཡོད་ནི་དེ་གིས་ རྫོང་ཁག་བཅོ་བརྒྱད་ག་ར་ནང་ལུ་མདའ་

རྩེད་མདུང་རྩེད་འཆམ་ཞབས་ཁྲ་དང་ཟས་སྟོན་ལ་སོགས་པའི་དགའ་སྤྲོ་བསྒྱུར་བ་གིས་མ་ཚད་ རྒྱལ་བཙུན་བཀྲ་ ཤིས་མངའ་གསོལ་གྱི་དོན་ལུ་རྒྱལ་ཁབ་ཀྱི་ལྷ་ཁང་མགོན་ཁང་ཚུ་ནང་དཀར་མེ་སྟོང་མཆོད་དང་གསོལ་མཆོད་ སྨོན་ལམ་གྱི་རིམ་པ་ཚུ་ཡང་ག་ནི་ལས་རྒྱསཔ་འབད་ཕུལ་གནང་ནུག།

དེ་གི་ཤུལ་ལས་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ལུ་འབད་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཚུ་དང་ འཛམ་གླིང་སྤྱི་

ཚོགས་ཀྱི་ཕྱག་ལཱ་གནང་མི་ཚུ། གཞན་ཡང་གཞུང་གཡོག་པའི་རིགས་དང་ དགེ་འདུན་གྲྭ་ཚང་གི་རིགས། ཚོང་པའི་རིགས། དྲག་པོའི་སྡེ་ཚན་ཚུ་གི་དོན་ལུ་ཉིནམ་གསུམ་གྱི་རིང་བསྟུདཝ་བསྟུད་སར་སྤྲོ་སྟོན་གྱི་དགའ་ སྟོན་མཛད་གནང་ནུག་ཟེར་ཞུ་ནི།

47


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གཉིས་པ་ སྐུ་འཁྲུངས་ཚུལ་དང་སྐུ་ཡོན་གསན་བཞེས།

རྒྱལ་སྲས་སྐུ་ཡོན་བཞེས་པའི་སྐབས།

འབྲུག་རྒྱལ་ལྔ་པ་མཆོག་སྐུ་འཁྲུངས་ཚུལ་དང་སྐུ་ཡོན་བཞེས་ཚུལ་གྱི་མཛད་རྣམ་བཤད་ནི་དང་གཅིག་ཁར་

གདུང་རུས་ཀྱི་སྐོར་ལས་དུམ་གྲ་ཅིག་ཞུ་བ་ཅིན། གཏེར་ཆེན་པདྨ་གླིང་པ་ལས་བརྒྱུད་པའི་ལྷ་རིགས་སྨྱོས་ཀྱི་

གདུང་འཛིན་ ཡབ་འབྲུག་རྒྱལ་བཞི་པ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་ ལྷ་སྲས་གཙང་ མའི་གདུང་བརྒྱུད་དྲི་མ་མེད་པ་གསེར་སྲང་བླ་མ་ལྔ་པ་རྒྱལ་མཚན་རྡོ་རྗེ་དང་ ཨ་བི་ཡུམ་དབྱངས་ཅན་སྒྲོལ་མ་

གཉིས་ལས་བརྒྱུད་པའི་ ཡུམ་བརྒྱུད་ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ ཡབ་བརྒྱུད་ཞབས་དྲུང་གསུང་སྤྲུལ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་གདུང་བརྒྱུད་ ཡབ་ཨོ་རྒྱན་རྡོ་རྗེ་དང་ཡུམ་ཐུགས་རྗེ་བཟང་མོ་གཉིས་ཀྱི་

སྲས་སྲོས་དགུའི་གྲལ་ལས་ ལྔ་པ་མི་དབང་རྒྱལ་ལྕམ་ཨ་ཞེ་ཚེ་རིང་གཡང་སྒྲོན་མཆོག་གཉིས་ཀྱི་སྲས་ལུ་

48


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

རང་ལུགས་འདས་ལོ་༣༢༩ སྤྱི་ལོ་༡༩༨༠ ཟླ༢ པའི་ཚེས༢༡ ཉིན་རྒྱལ་ས་ལྟེ་བའི་གཟིམ་ཆུང་རྣམ་རྒྱལ་

ཆོས་གླིང་ནང་ གཟའ་སྐར་དགེ་བའི་དུས་ཚོད་དང་བསྟུན་ཏེ་ངོ་མཚར་བའི་ལྟས་དང་བཅས་པ་འབད་སྐུ་འཁྲུངས་ ནུག། བརྒྱུད་འཛིན་གྱི་རྒྱལ་སྲས་སྐུ་འཁྲུངས་པའི་བཙས་སྟོན་ཡང་ཆོས་རྗེ་འབྲུག་པའི་ལམ་ལུགས་ཇི་ལྟ་བ་ བཞིན་དུ་མཛད་ནུག།

རྒྱལ་སྲས་དབྱངས་ཅན་ཕུའི་ཆོས་གྲོགས་ཚུ་དང་གཅིག་ཁར་བཞུགས་པའི་སྐབས།

དེ་ལས་རིམ་པ་བཞིན་སྐུ་བཞེངས་ཏེ་རྒྱལ་སྲས་སློབ་གཉེར་འགོ་དང་པ་སྤྱི་ལོ་༡༩༨༦ དེ་ཅིག་ཁར་ལས་འགོ་

བཙུགས་ཏེ་ཕྱི་ནང་གཉིས་ཀྱི་སྐུ་ཡོན་ཚུ་ གཞི་རིམ་ལས་འབད་དབྱངས་ཅན་ཕུའི་སློབ་གྲ་ནང་དང་ ཕོ་བྲང་ནང་ འབད་གསན་བཞེས་མཛད་དེ་མཁྱེན་པའི་རྩལ་རྒྱས་ནི་དེ་གིས་སྤྱི་ལོ་༡༩༩༡ གི་ལོར་སློབ་རིམ་ལྔ་པའི་ནང་སློབ་

གཉེར་མཛད་པའི་སྐབས་ལས་ ཐིམ་ཕུ་གཟི་ལུང་ཁ་སློབ་གྲྭ་ཆུང་བའི་ལོ་བསྟར་རྩེད་སྟོན་སྐབས་སློབ་གྲྭའི་དབུ་

49


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འཛིན་གྱིས་གདན་འདྲེན་ཞུཝ་བཞིན་དུ་ རྒྱལ་སྲས་མཆོག་སྐུ་མགྲོན་གཙོ་བོ་འབད་བྱོན་ཏེ་མི་མང་ལུ་གསུང་

བཤད་འགོ་དང་པ་གནང་པའི་བསྒང་ལས་ འབྲུག་གི་མི་མང་ཚུ་གི་རྒྱུད་ལུ་ཡིད་ཆེས་དང་རེ་ལྟོས་སྦོམ་བྱུང་ནུག། རྒྱལ་སྲས་མཆོག་གིས་སྤྱི་ལོ་༡༩༩༤ ལོར་ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་༢༤༠ ལུ་བདུན་ ཕྲག་གསུམ་གྱི་རིང་ན་གཞོན་རུ་བསྒྲིགས་ ཨིསི་ཀའུཊ་ལས་རིམ་དང་འབྲེལ་བའི་བསླབ་སྟོན་ལས་རིམ་མཇུག་

བསྡུ་བའི་སྐུ་མགྲོན་གཙོ་བོ་འབད་བྱོན་ཏེ་ བཅའ་མར་གཏོགས་མི་ཚུ་ལུ་ལག་ཁྱེར་ཚུ་གནངཔ་མ་ཚད་ དེ་ཁར་ འཛོམས་མི་ཚུ་ལུ་ཉིན་མའི་གསོལ་སྟོན་རྒྱལ་སྲས་མཆོག་གིས་གནང་སྟེ་ རྒྱལ་སྲས་ཁོ་ར་ཡང་ཉིན་དགུང་གི་ གསོལ་བ་སློབ་ཕྲུག་ཚུ་དང་གཅིག་ཁར་བཞེས་ནུག།

མི་དབང་རྒྱལ་སྲས་མཆོག་གིས་ཕྱི་ནང་གཉིས་ཀྱི་སྐུ་ཡོན་ སློབ་རིམ་བཅུ་པ་ཚུན་ཚོད་དབྱངས་ཅན་ཕུ་སློབ་གྲྭའི་

ནང་གཟིགས་པའི་ཤུལ་མ་ སྤྱི་ལོ་༡༩༩༨ ཀྱི་ལོ་ལུ་རྒྱལ་ཡོངས་དུས་ཆེན་གྱི་སྐུ་མགྲོན་གཙོ་བོ་འབད་སྤ་རོ་ལུ་

བྱོན་ཏེ་ མི་གྲངས་སྟོང་ཕྲག་༤ ལྷགཔ་ཅིག་འཛོམས་པའི་བར་ན་འབྲུག་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁ་གསལ་གྱི་

གསུང་བཤད་ག་ནི་བ་སྒྲ་དགཔ་གསུངས་གནང་ནི་དེ་གིས་ མི་མང་གི་རྒྱུད་ལུ་ཐུན་མོང་མ་ཡིན་པའི་ཡིད་ཆེས་ དང་བློ་བདེ་བ་བྱུང་པའི་རྒྱུ་མཚན་ཡང་ མ་འོངས་འབྲུག་གི་ཆབ་སྲིད་སྐྱོང་མི་རྒྱལ་སྲས་དེ་ལུ་ལྕོགས་གྲུབ་དང་ དགོངས་བཞེད་ཁྱད་དུ་འཕགས་པ་ཡོདཔ་ཤེས་ནི་དེ་གིས་ཨིན་པས་ཟེར་ཞུ་ནི།

དེ་ལས་སྤྱི་ལོ་༡༩༩༩ ལས་འགོ་བཙུགས་ཏེ་ཨ་མི་རི་ཀ་ལུ་སློབ་གཉེར་མཛད་པར་བྱོན་ཏེ་ ཀུ་ཤིང་ཨེ་ཀ་ཌ་མི་

དང་ ཝི་ཊོན་མཐོ་རིམ་སློབ་གྲྭ་ཚུ་ལས་སྐུ་ཡོན་རིམ་པ་བཞིན་བཞེས་ནུག། མི་དབང་རྒྱལ་སྲས་མཆོག་མི་མང་ སྤྱི་དང་ལྷག་པར་ ན་གཞོན་མནོ་བསམ་བཏང་མ་ཤེས་པར་ལམ་ལོག་པར་ཚུད་མི་ཚུ་ལུ་ ཚད་མེད་ཀྱི་སྙིང་རྗེ་དང་ བྱམས་པའི་ཐོག་ལས་ རྐུ་ཇག་འཕྲོག་གསུམ་དང་ཆང་དང་སྨྱོས་རྫས་སྤྱོད་པ་ལ་སོགས་ཁྲིམས་འགལ་གྱི་ལཱ་

འབད་དེ་ མི་ཚེ་ཆུད་ཟོས་འགྱོ་བའི་བསྒང་ཡོད་མི་ཚུ་གི་མཐའ་དོན་ལུ་ ལོ་དེའི་ཟླཝ་༦ པའི་ཚེས་༢༤ ལས་འགོ་ བཙུགས་ཏེ་རྩི་མ་ལ་ཁར་ ན་གཞོན་ལམ་བཟང་ཟེར་བའི་ ཁྲིམས་འཆལ་ན་གཞོན་ཚུ་གི་སྲུང་སྐྱོབ་ཞབས་ཏོག་གི་

ལམ་སྲོལ་གསར་དུ་བཙུགས་ཏེ་ན་གཞོན་ལམ་ལོག་ལས་སྐྱོབས་པའི་ཐབས་ལམ་བསྟེན་སྲོལ་བཟོ་གནང་ནུག།

50


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

རྒྱལ་སྲས་ཕྱི་རྒྱལ་ལུ་མཐོ་རིམ་སྐུ་ཡོན་བཞེས་པའི་སྐབས་ ཆོས་གྲོགས་ཚུ་དང་གཅིག་ཁར་ལྷན་བཞུགས་གནང་བ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༠༠ ལུ་ ཡུ་ཨེས་ཨེ་གི་ མག་ད་ལེན་མཐོ་རིམ་དང་ ཨོགསི་ཕོཊ་གཙུག་ལག་སློབ་ཁང་ཚུ་ནང་ སྲིད་སྐྱོང་རིག་གཞུང་གི་སློབ་རིམ་༡༥ མཇུག་བསྡུ་བའི་ཤུལ་མ་ ཁྱད་པར་གྱི་སྐུ་ཡོན་ཨེམ་ཕིལ་ཟེར་སླབ་སྲོལ་ཅན་གྱི་ མཚན་ཉིད་རིག་པའི་ཁྱད་འཕགས་ཤེས་ཚད་ཚུ་ཡང་ མཐར་བསྐྱལ་མཛད་པའི་གཞུང་རྒྱུགས་ཕུལ་གནང་ནུག།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༠༠ ལུ་རྒྱལ་ཡོངས་དུས་ཆེན་གྱི་སྐུ་མགྲོན་གཙོ་བོ་ འབད་བྱོན་ཏེ་ཀྲོང་གསར་ལུ་འགོ་དང་པ་གསུང་བཤད་གནང་པའི་ནང་གསུང་དོན་ ང་བཅས་རའི་ཕམ་རིམ་བྱོན་ ཚུ་གིས་ཁོང་རའི་སྲོག་ཡང་བློས་བཏང་ཐོག་ལས་ རྒྱལ་ཁབ་ལུ་ཐ་དང་དམ་ཚིག་བསྟེན་ཏེ་ལཱ་རྩ་འགེངས་ཏེ་

འབད་བའི་གྲུབ་འབྲས་བྱུང་མི་འདི་ལུ་ ང་བཅས་ཆ་ཁྱབ་སྤྲོ་ཉམས་སྐྱོང་སྟེ་ཡོད་ཟེར་དང་ ང་བཅས་ཆ་མཉམ་ གྱིས་རང་ལུ་ཕོག་པའི་འགན་ཁག་རྩ་ཅན་ཚུ་འགྲུབ་དོན་ལུ་ ལཱ་རྩ་འགེངས་ཏེ་འབད་ཞིནམ་ལས་ མ་འོངས་ པ་ལུ་རྒྱལ་ཁབ་འདི་ཡར་དྲག་གཏང་དགོཔ་ཨིན་ཟེར་གསུངས་ནུག།

51


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་བཟུམ་སྦེ་༢༠༠༡ ལུ་རྒྱལ་ཡོངས་དུས་ཆེན་གྱི་སྐུ་མགྲོན་གཙོ་བོ་འབད་སྤུངས་ཐང་ཁ་ལུ་ཕེབས་ཏེ་ མི་མང་ ལུ་གསུང་བཤད་གནང་ནུག། དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༥ ཟླ་༡༠ ཚེས་༢༠ ལུ་ཕྱི་རྒྱལ་ཀེ་ན་ཌ་ ཕེ་རིཀ་ ཀྲོན་ བུརུནསི་ཝིག་ གཙུག་ལག་སློབ་ཁང་ལས་ ཁྲིམས་གཞུང་རིག་ལམ་མཁས་པ་ཨོ་ན་རེ་རི་ ཌི་གི་རི་ ཨོཕ་ དྲོག་ཀྲར་ཟེར་བའི་ཆེ་བསྟོད་ཀྱི་གཟེངས་རྟགས་བཞེས་ནུག།

གསུམ་པ་ སྲིད་དོན་ཉམས་བཞེས་དང་གོ་གནས་རིམ་པར་བཞེས་ཚུལ།

མངའ་བདག་རིན་པོ་ཆེ་གཉིས་སྐལ་མའི་གོ་གནས་ཁར་བཞུགས་པའི་སྐབས།

52


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

མི་དབང་མཆོག་གིས་ སྲིད་དོན་ཉམས་བཞེས་གནང་ཚུལ་དང་ཆོས་རྗེ་འབྲུག་པའི་གོ་གནས་རིམ་པར་བཞེས་ པའི་སྐོར་ལས་བཤད་པ་ཅིན། མི་དབང་རྒྱལ་སྲས་མཆོག་གིས་ གཉིས་སྐལ་མའི་གོ་གནས་ འགོ་དང་པ་གཟའ་

སྐར་དུས་སྦྱོར་ཕུན་སུམ་ཚོགས་པའི་ཉིན་སྤྱི་ལོ་༢༠༠༡ ཟླ་༦ པའི་ཚེས་༢༥ ལུ་བཞེས་པའི་སྐབས་ ཕོ་བྲང་ བསམ་གཏན་གླིང་ལུ་སྦེ་ ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་བཅསཔ་སྦེབ་རྩིས་གནང་ནུག།

མཐུན་ལམ་ཅན་གྱི་རྒྱལ་ཁབ་རྒྱ་གར་ལུ་གཞུང་དོན་གཟིགས་སྐོར།

སྤྱི་ལོ་༢༠༠༡ སྤྱི་ཟླ་༨ པའི་ཚེས་༢༠ ལས་རྒྱ་གར་གྱི་རྒྱལ་ས་ནིའུ་ལྡི་ལི་ལུ་ཕེབས་ཏེ་ ཉིན་གྲངས་༡༡ གི་

རིང་གཞུང་དོན་གཟིགས་སྐོར་འགོ་དང་པ་གནང་པའི་སྐབས་ རྒྱ་གཞུང་གི་སྲིད་འཛིན་ ཤྲཱི་ ཀེ་ ཨར་ ན་ར་ཡ་ ནཱན་དང་ ཕྱི་བློན་ ཇཱསི་ཝན་སིང་། མངའ་སྡེ་བློན་པོ་ ཨོ་མར་ཨབ་རྡུལ། གཞུང་སྐྱོང་ཚོགས་པའི་དབུ་འཛིན་

ཨམ་སོ་ནི་ཡ་གཱན་དཧི་ལ་སོགས་པའི་དཔོན་ཁག་མང་རབས་དང་གཅིག་ཁར་མཇལ་ཕྲད་གནང་ནུག། སྤྱི་ཟླ་

༨ པའི་ཚེས་༢༡ ལས་ རྒྱ་གར་གྱི་ཡོངས་གྲགས་ཅན་གྱི་ཤེས་རིག་སྤེལ་ཁང་ཁག་དང་ གནས་རྩ་ཅན་ཁག་ གི་ས་གནས་ཚུ་དང་ དཧེ་ར་དུན་ལུ་ཨུ་ཏར་དེཤ་གཞུང་སྐྱོང་གཙོ་འཛིན་ཚུ་དང་མཇལ་ཕྲད་མཛད་ནུག།

53


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ལས་སྤྱི་ལོ་༢༠༠༢ ཀྱི་སྤྱི་ཟླ་༥ པའི་ཚེས་༨ ལུ་འཛམ་གླིང་རྒྱལ་སྤྱིའི་ཞལ་འཛོམས་ རྩ་དོན་རྒྱལ་ཡོངས་ ཨ་ལོ་དང་བསྟུན་པའི་འཛམ་གླིང་བསྒྱུར་བཅོས་ཟེར་བའི་ཞལ་འཛོམས་གལ་ཅན་གྱི་སྤྱི་ཚོགས་ཐེངས་༢༧ པའི་

ནང་གཞུང་གི་སྐུ་ཚབ་སྦེ་ རྒྱལ་སྲས་མཆོག་གིས་འཛུལ་ཞུགས་གནང་ནུག། དེ་སྐབས་འཛམ་གླིང་རྒྱལ་ཁབ་ ༡༩༠ འི་དབུ་ཁྲིད་དང་རྒྱལ་ཁབ་༧༧ གྱི་ཚོགས་ཁང་འཐུས་མི་༢༠༠ གཞུང་མིན་ལས་སྡེ་ཚུ་ལས་འཐུས་མི་ ༢༠༠ རྒྱལ་ཁབ་༡༥༠ ལས་ཨ་ལོའི་འཐུས་འཐུས་མི་༣༥༠ དང་གཅིག་ཁར་འབྲེལ་བ་མཛད་གནང་ནུག།

འཛམ་གླིང་རྒྱལ་སྤྱི་ཚོགས་པའི་ཞལ་འཛོམས་ནང་གསུང་བཤད་གནང་པའི་སྐབས།

54


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

སྤྱི་ལོ་༢༠༠༣ གྱི་ལོར་རྒྱ་གར་གྱི་སྲིད་འཛིན་འོག་མ་ ཤྲཱི་བྷའི་རོན་སིང་མཆོག་གིས་གདན་འདྲེན་ཞུཝ་བཞིན་ དུ་ རྒྱ་གར་ལུ་གཞུང་དོན་གཟིགས་སྐོར་ཐེངས་གཉིས་པ་གནང་ནུག། དེ་སྐབས་རྒྱལ་ཁབ་གཉིས་ཀྱི་གཞུང་ དང་གཞུང་གི་བར་ན་མཐུན་ལམ་ཧེ་མ་ལས་ལེགས་ཤོམ་ཡོད་པའི་ཁར་ དེ་ལས་ཚུར་མི་སེར་དང་མི་སེར་གྱི་ བར་ན་ཡང་མཐུན་ལམ་དམ་ཟབ་བཟོ་བའི་གྲོས་གཞི་གུ་མཚན་རྟགས་བཀོད་གནང་ནུག།

ལོ་དེ་ནང་རང་ རྒྱལ་ཁབ་ནང་དབང་ཚད་ཕྱིར་སྤེལ་གྱི་སྲིད་བྱུས་དང་འཁྲིལ་ཏེ་ གཞུང་སྐྱོང་ལག་ལེན་འཐབ་མི་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་རྒེད་འོག་ཡར་རྒྱས་ཚོགས་ཆུང་གི་ཁྲི་འཛིན་ཚུ་དང་ ཁྲི་འཛིན་འོག་མ་

བཅས་པ་བསྡོམས་མི་གྲངས་༢༡༡ ལུ་ས་གནས་གཞུང་སྐྱོང་གི་ལག་ལེན་སློབ་སྦྱོང་དང་འབྲེལ་བའི་ཚོགས་ ཐེངས་༢ པ་མཇུག་བསྡུ་བའི་སྐབས་ གདན་འདྲེན་ཞུཝ་བཞིན་དུ་ མི་དབང་མཆོག་སྐུ་མགྲོན་གཙོ་བོ་འབད་ བྱོན་ཏེ་བཅའ་མར་གཏོགས་མི་ཚུ་ལུ་གཞུང་སྐྱོང་གི་སྐོར་ལས་གསུང་བཤད་གནང་ནུག།

གསུང་བཤད་དེ་ནང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་དབུ་ཁྲིད་དང་སྐུ་བསོད་ལུ་བརྟེན་ཏེ་ རྒྱལ་ཁབ་

ནང་དགའ་སྐྱིད་ཐོབ་པའི་ཐབས་ལམ་དང་ རང་བཙན་དང་རང་དབང་སྲུང་ཐབས་ཀྱི་མཛད་བྱ་ གལ་ཅན་གྱི་ལམ་

སྲོལ་བཟོ་གནང་བའི་སྐབས་འདི་ཁར་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་རྒེད་འོག་ཡར་རྒྱས་ཚོགས་ཆུང་གི་ འགོ་ཁྲིད་འབད་མི་ཚུ་གིས་འགན་ཁུར་རྩ་ཅན་འབག་དགོཔ་ཡོད་ལུགས་ཚུ་གསུངས་གནང་ནུག།

ལོ་དེ་གི་ཟླཝ་༡༡ པའི་ཚེས༡༡ གི་ཉིནམ་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་འཁྲུངས་སྐར་དུས་སྟོན་ ཐེངས་ཞེ་བརྒྱད་པ་ཨིན་པའི་ཁར་ བི་ཕཱ་ཝེབ་སཱ་ཡེཊེ་དང་ དེའི་ལས་རྟགས་འགོ་བཙུགས་པའི་རྟེན་འབྲེལ་ བརྩི་ནི་དང་གཅིག་ཁར་ཉིནམ་དེ་རྒྱ་འབྲུག་མཐུན་འབྲེལ་གྱི་ཉིནམ་སྦེ་ཡང་འགོ་དང་པ་ངོས་འཛིན་མཛད་ནུག།

སྤྱི་ལོ་༢༠༠༣ གྱི་ཟླཝ་༡༢ པའི་ཚེས༡༧ ལུ་མི་མང་གིས་ཐིམ་ཕུ་ཅང་གླིང་མའི་ཐང་ནང་འབྲུག་གི་རྒྱལ་ཡོངས་ དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ གཞུང་དང་མི་མང་གིས་གདན་འདྲེན་ཞུཝ་བཞིན་དུ་ སྐུ་མགྲོན་གཙོ་བོ་འབད་

བྱོན་ཏེ་་མི་མང་ལུ་རྒྱལ་ཡོངས་དུས་ཆེན་རྩ་ཆེ་བའི་སྐོར་ལས་དང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་

ལས་ རྒྱལ་ཁབ་ནང་ཡོད་པའི་རྒྱ་གར་གཡིབ་དམག་ཚུ་མཐའ་བསྐྲོད་གནང་སྟེ་ རྒྱལ་ཁབ་རང་དབང་གི་སྲུང་

55


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྐྱོབས་ཉེན་མེད་བཟོ་བའི་བཀའ་དྲིན་དགའ་ཚོར་གྱི་གསུང་བཤད་ ག་ཅི་ལས་ཁྱད་དུ་འཕགས་པ་གསུངས་ གནང་ནུག།

སྤྱི་ལོ་༢༠༠༤ ལུ་འབྲུག་གི་ན་གཞོན་རུ་ཚོགས་ ཨིསི་ཀའུཀྲ་ཚོགས་པའི་གཙོ་འཛིན་མཛད་པའི་སྐབས་ ལོ་དེ་

གི་ཟླ་༤ པའི་ཚེས༣ ལས་འགོ་བཙུགས་ཏེ་ཚེས༥ ཚུན་ཚོད་ ལཱ་གཡོག་ལྷན་ཁག་གིས་ལཱ་གཡོག་འགྲེམས་ སྟོན་ཅིག་བཙུགས་པའི་སྐུ་མགྲོན་གཙོ་བོ་འབད་བྱོན་ཏེ་ལཱ་གཡོག་སྐོར་ལས་གསལ་བཤད་འབད་མི་༤༦ དང་

གཅིག་ཁར་འབྲེལ་བ་མཛད་དེ་བཅའ་མར་གཏོགས་མི་ཚུ་ལུ་ དཀའ་ངལ་སེལ་ཐབས་ཀྱི་སྐོར་ལས་གསུང་ བཤད་གནང་ནུག། ལོ་དེ་གི་ཟླཝ་༤ པའི་ཚེས་༡༦ ལུ་འབྲུག་ལུ་གཏན་བཞུགས་རྒྱ་གར་གཞུང་ཚབ་ཡིག་

ཚང་ནང་འབད་རྒྱ་འབྲུག་མཐུན་ལམ་ཡུན་བརྟན་གྱི་རྩ་དོན་ཐོག་ དུས་དེབ་གསར་བསྐྲུན་འགོ་དང་པ་བཀྲམ་ སྤེལ་གྱི་སྒོ་འབྱེད་ཡང་མི་དབང་མཆོག་གིས་མཛད་གནང་ནུག།

ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་ཁར་ཁྲི་མངའ་གསོལ་བའི་སྐབས།

56


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

དེ་ལས་སྤྱི་ལོ་༢༠༠༤ ཟླཝ་༡༠ པའི་ཚེས་༣༡ ལུ་འབྲུག་གི་རྒྱལ་བློན་འབངས་གསུམ་བློ་གྲོས་གཅིག་ཁར་

བསྡུ་ཐོག་ལས་ རྒྱལ་སྲས་མཆོག་ཀྲོང་གསར་དཔོན་སློབ་ཁྲི་རབས་༡༦ པའི་ཁྲི་ཐོག་ཁར་ ཤར་ཕྱོགས་འཁོར་ ལོ་རྩིབས་བརྒྱད་ཀྱི་མངའ་བདག་འབད་མངའ་གསོལ་ཞུ་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་གི་ཆེས་མཐོའི་གོ་གནས་རིམ་པར་བཞེས་ཐོག་ལས་ མི་སྡེའི་ཞབས་ཏོག་གི་ཕྱག་ལཱ་མང་རབས་ཅིག་མཛད་གནང་ཡོད་པའི་སྐོར་ལས་ བློན་ཆེན་གྱིས་རྒྱལ་ཡོངས་

ཚོགས་འདུ་ཆེན་མོ་ལུ་ཕུལ་ཡོད་པའི་ སྤྱི་ལོ་༢༠༠༥ དང ༠༦ གི་ གཞུང་གི་གྲུབ་འབྲས་སྙན་ཞུ་ནང་ལུ་ཡང་

། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་རྒྱལ་པོའི་གསེར་ཁྲི་གུ་མ་ཕེབས་པའི་ཧེ་མ་ འབྲུག་ལུ་བདག་

རྐྱེན་བཞེས་ཡོདཔ་མི་ཚུ་ཡང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་དབུ་འདྲེན་དང་ རྒྱལ་གཞུང་རང་བཞིན་སྲུང་ སྐྱོབ་ཚོགས་སྡེའི་དབུ་ཁྲིད།

ན་གཞོན་རུ་ཚོགས་ཨིསི་ཀའུཀྲ་ཚོགས་པའི་དབུ་ཁྲིད་གནང་པའི་སྐབས།

57


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ལས་འབྲུག་སི་ཀའུཌ་ཟེར་བའི་ན་གཞོན་རུ་ཚོགས་ཀྱི་དབུ་འཛིན་དང་ ཏྭ་ར་ཡ་ནའི་གཞི་རྟེན་གྱི་དབུ་འདྲེན་ པ་ཡང་མཛད་ནུག། དེ་མ་ཚད་འབྲུག་རྒྱ་མཐུན་འབྲེལ་ཚོགས་པའི་གཙོ་འཛིན་མཛད་པའི་ཁར་ མཐའ་འཁོར་

གནས་སྟངས་སྲུང་སྐྱོབ་ཀྱི་ འབྲུག་བློ་གཏད་མ་དངུལ་གྱི་ཁྲི་འཛིན་ཡང་མཛད་ནུག། དེ་མ་ཚད་འབྲུག་རྒྱལ་ འཛིན་གཙུག་ལག་དབང་པོ་ལ་སོགས་པ་མང་རབས་ཅིག་མཛད་ཐོག་ལས་མི་སྡེ་ལུ་སྨན་པའི་མཛད་ཕྲིན་སྐྱོང་ གནང་པའི་ཁར་ ཕྱི་རྒྱལ་ལུ་བཞུགས་པའི་སྐབས་ལུ་ཡང་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པ་དང་ འབྲུག་མིའི་ དོན་ཡུ་རོ་པིན་མཐུན་ཚོགས། ཨོག་སི་ཕོཀྲ་ནང་པའི་ཞིབ་འཇུག་ལྟེ་བའི་དབུ་འདྲེན་ལ་སོགས་པ་མི་སྡེ་ལུ་སྨན་ པའི་ཕྱག་ལཱ་མང་རབས་ཅིག་མཛད་གནང་ཡི་ཟེར་བཀོད་ནུག།

སྤྱི་ལོ་༢༠༠༥ སྤྱི་ཟླ༡༢ པའི་ཚེས་༡༧ ལུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་ཁྱད་པར་ཅན་གྱི་དུས་ཆེན་དང་

འཁྲིལ་ཏེ་ ཀྲོང་གསར་དཔོན་སློབ་ཀྱི་ཁ་ཐུག་ལས་ ལོ་བསྟར་རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་གསོལ་ རས་གནང་པའི་ལམ་སྲོལ་གསར་དུ་བཙུགས་གནང་ནུག། དེ་སྦེ་རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་ཞབས་ ཏོག་ཞུ་མི་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་འབྱོར་བའི་སླ་ལས་དྲགོས་ཐོན་མི་དེ་ལུ་གསོལ་རས་ཀྱི་ཐོབ་ཐང་

བཟོ་གནང་ནུག། དེ་ཡང་རྒྱལ་ཁབ་ནང་རང་བཞིན་གནས་སྟངས་ལེགས་ཤོམ་འབད་བཞག་སྟེ་མི་སྡེ་ལུ་བདེ་

སྐྱིད་འཕྲོ་མཐུད་དེ་འབྱུང་ཐབས་ལུ་མཛད་པའི་གསོལ་རས་དང་པ་དེ་ཡང་ཚེ་འདས་ཐུགས་རྗེ་འབྲུག་པ་ཟེར་མི་ དེ་གིས་ཐོབ་ནུག།

སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༢༤ ལུ་ཀུར་སྟོད་ལྷུན་རྩེ་ལུ་འབད་ མི་དབང་ཀྲོང་གསར་དཔོན་སློབ་མཆོག་ གིས་ རྩ་ཁྲིམས་གསུང་གྲོས་འགོ་དང་པ་ ཀུར་སྟོད་ཀྱི་མི་སེར་སྟོང་ཕྲག་༣ དེ་ཅིག་དང་གཅིག་ཁར་རྩ་ཁྲིམས་ ཟིན་བྲིས་ཀྱི་སྐོར་ལས་གསུང་བཤད་དང་དོགས་སེལ་རྒྱས་ཤིང་རྒྱས་པ་གནང་ནུག།

སྤྱི་ལོ་༢༠༠༥ ཟླཝ་༡༢ པའི་ཚེས་༣༡ ལུ་པདྨ་དགའ་ཚལ་རྫོང་ཁག་ནང་གཟིགས་སྐོར་གནང་སྟེ་རྒེད་འོག་

བདུན་གྱི་མི་སེར་སྟོང་ཕྲག་༣ ལུ་རྩ་ཁྲིམས་ཆེན་མོའི་རྩ་དོན་རེ་རེ་བཞིན་གསལ་བཤད་གནང་པའི་སྐབས་ མི་ སེར་ཚུ་གིས་མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་མཆོག་དགུང་ལོ་༦༥ བཞེས་པའི་སྐབས་

58


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

རྒྱལ་པོའི་གསེར་ཁྲི་གུ་ལས་དགོངསཔ་ཞུ་དགོཔ་འབད་ཡོད་མི་དེ་ རྩ་ཁྲིམས་ནང་མ་བཀོད་པར་སྐུ་ཚེའི་རིང་ གསེར་ཁྲི་གུ་རང་བཞུགས་དགོ་པའི་བསམ་འཆར་ཞུ་མི་ལུ་ གནད་དོན་དེ་གིས་སྐོར་ལས་རྫོང་ཁག་ཡོད་ཚད་ ལས་ པདྨ་དགའ་ཚལ་གྱི་མི་སེར་ཚུ་བཟུམ་སྦེ་རང་གསོལ་འདེབས་ཞུ་ཡོད་རུང་ རྩ་དོན་འདི་ ད་རིས་གནས་ སྐབས་ཀྱི་དོན་ལུ་རྐྱངཔ་ཅིག་མིན་པར་ མ་འོངས་མི་རབས་རིམ་པའི་དོན་ལུ་མནོ་བསམ་བཏང་སྟེ་བཙུགས་

པའི་རྩ་དོན་ཨིན་ནི་དེ་གིས་ དུས་ཚོད་ཁར་ལྷོད་པའི་སྐབས་རྒྱལ་པོ་གསེར་ཁྲི་གུ་ལས་དགོངས་ཞུ་མཛད་དགོ་ པའི་རྩ་དོན་ཡང་མེད་ཐབས་མེད་ཟེར་གསུངས་ཏེ་གསན་བཞེས་མ་མཛད་པས།

དེ་གི་ཤུལ་ལས་སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༢༨ ལུ་བཀྲ་ཤིས་གཡང་རྩེའི་རྒེད་འོག་༨ ཀྱི་མི་སེར་སྟོང་

ཕྲག་༢ དང་༧༠༠ ལུ་རྩ་ཁྲིམས་ཆེན་མོ་གསལ་བཤད་དང་ མི་མང་དང་གཅིག་ཁར་གྲོས་བསྡུར་རྒྱས་ཤིང་ རྒྱསཔ་གནང་ནུག།།

མི་མང་དང་གཅིག་ཁར་རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ཞུན་དག་མཛད་པའི་སྐབས།

59


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྩ་ཁྲིམས་ཆེན་མོའི་ཟིན་བྲིས་གསལ་བཤད་ཀྱི་དོན་ལུ་སྤྱི་ལོ་༢༠༠༦ སྤྱི་ཟླ་༢ པའི་ཚེས༥ ལུ་དར་དཀར་རྫོང་ ནང་གཟིགས་སྐོར་གནང་སྟེ་ དར་དཀར་ཆ་འདུས་ཀྱི་མི་སེར་སྟོང་ཕྲག་༣ ལྷགཔ་ཅིག་ལུ་རྩ་ཁྲིམས་ཟིན་བྲིས་

གསལ་བཤད་ཀྱི་གསུང་བཤད་གནང་པའི་སྐབས་ ཡབ་འབྲུག་རྒྱལ་བཞི་པ་མཆོག་གི་དགོངས་བཞེད་བླ་ན་ མེད་པ་ དམངས་གཙོའི་གཞུང་བཙུགས་པའི་དོན་ལུ་ རྩ་ཁྲིམས་ཆེན་མོ་གལ་ཆེ་ལུགས་དང་ རྩ་ཁྲིམས་ཀྱི་རྩ་

དོན་རེ་རེ་བཞིན་དུ་མི་མང་དང་གཅིག་ཁར་བཏུབ་མི་བཏུབ་ཀྱི་གྲོས་བསྡུར་མཛད་ཐོག་ལས་ རྩ་ཁྲིམས་ཆེན་མོ་

གཏན་འཁེལ་བཟོ་དགོཔ་གལ་ཆེ་བའི་སྐོར་ལས་གསུངས་གནངཔ་མ་ཚད་ མི་སེར་ཚུ་གིས་དོགས་སེལ་ཞུ་མི་ དང་ཧ་མ་གོ་བའི་རིགས་ཚུ་ ཆུ་དྭངས་བ་ཉ་གསལ་བའི་དཔྱེ་བཟུམ་སྦེ་གསལ་བཤད་མཛད་གནང་སྟེ་ མི་མང་ ག་ར་ངལ་རངས་དང་ཡིད་ཆེས་སྦོམ་ཐོབ་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༢ པའི་ཚེས་༨ ལུ་ལྷོ་མཚམས་རྫོང་ཁག་རྩི་རང་ལུ་གཟིགས་སྐོར་གནང་སྟེ་ རྩི་རང་ཆ་ འདུས་རྒེད་འོག་༡༢ ཀྱི་མི་སེར་སྟོང་ཕྲག་༣ ལྷགཔ་ཅིག་ལུ་རྩ་ཁྲིམས་ཟིན་བྲིས་ཀྱི་རྩ་དོན་རེ་རེ་བཞིན་དུ་གསལ་

བཤད་མཛད་གནང་པའི་སྐབས་ མི་སེར་ཚུ་གིས་བསམ་འཆར་ལེ་ཤ་ཅིག་ཞུ་མི་ཚུ་རིམ་པ་བཞིན་དོགས་སེལ་ གསུངས་གནང་པའི་གྲལ་ཁར་ རྒྱལ་ཁབ་ཀྱི་བདེ་སྐྱིད་ལུ་གནོད་ཉེན་ཅན་ ཐུགས་ཀྱི་ཚ་གྱང་སྦོམ་ཤོས་ཅིག་

ངན་ལྷད་དར་ཁྱབ་འབྱུང་ནི་དང་ བློ་བདེ་སྟེ་བག་ཡངས་སྦེ་སྡོད་ནི་དེ་གཉིས་ཨིན་ཟེར་གསུངས་ནུག། ངན་ལྷད་དེ་ ནད་གཞི་བཟུམ་སྦེ་ཚར་ཅིག་དར་ཁྱབ་ཐལ་སོང་པ་ཅིན། ཤུལ་ལས་བཀག་ཆ་འབད་ནི་དང་རྩ་མེད་བཟོ་ནི་དེ་ལཱ་

ཁག་ཅིག་ཨིན་ནི་དེ་གིས་ གཞུང་གི་ཁ་ཐུག་ལས་ངན་ལྷད་བཀག་སྡོམ་ལྷན་ཁག་དང་ རྒྱལ་གཞུང་རྩིས་ཞིབ་ དབང་འཛིན། བཙག་འཐུ་ལྷན་ཚོགས་ལ་སོགས་པའི་ལས་ཁུངས་ལོགས་སུ་བཙུགས་ཏེ་ཐབས་ཤེས་མཛད་ པའི་བསྒང་ཡོད་ཟེར་བཀའ་གནང་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༢ པའི་ཚེས༡༡ ལུ་ལྷོ་མཚམས་གསར་སྤང་རྫོང་ཁག་ནང་གཟིགས་སྐོར་གནང་སྟེ་ རྒེད་ འོག་༡༤ གི་མི་སེར་སྟོང་ཕྲག་༦ ལྷགཔ་ཅིག་ལུ་རྩ་ཁྲིམས་ཟིན་བྲིས་གསལ་བཤད་ཀྱི་གསུང་བཤད་གནང་པའི་

སྐབས་ གཞུང་གིས་རྩ་ཁྲིམས་ཆེན་མོ་བརྩམ་དགོ་པའི་རྒྱུ་རྐྱེན་ངོ་མ་ མི་སེར་ལུ་དབང་ཚད་གནང་པའི་དོན་ལུ་ ཨིན་པའི་ཁར་ དབང་ཚད་གནང་ནི་དེ་ཡང་གཙོ་བོ་གཞུང་དང་མི་སེར་གཉིས་བློ་སེམས་མཐུན་ཏེ་ དགའ་ཏོག་ཏོ་

60


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

དང་སྐྱིད་ཏོང་ཏོ་འབད་སྡོད་ནི་དོན་ལུ་ གཞུང་གི་དབང་ཚད་ཚུ་མི་སེར་ལུ་གནང་ནི་དང་ དེ་ལུ་དབང་ཚད་སྤྱོད་པའི་

སྐབས་བྱ་སྟབས་མ་བདེཝ་མི་འཐོན་པའི་དོན་ལུ་ ལག་ལེན་འཐབ་ངོ་བདེ་ཏོག་ཏོ་འབད་བཟོ་བའི་རྩ་ཁྲིམས་ཆེན་ མོ་འདི་མེད་ཐབས་མེད་པའི་ཁར་ ལོ་ངོ་བརྒྱ་ཕྲག་གི་བར་ན་བདེ་སྐྱིད་དང་ རང་དབང་ལག་ལེན་འཐབ་སའི་གཞི་ ངོ་མ་འབད་ནི་དེ་གིས་རྩ་ཆེ་བའི་ཡིག་ཆ་ཅིག་ཡང་ཨིན་ཟེར་གསུངས་གནང་ནུག།

གསར་སྤང་མི་སེར་ལ་ལོ་ཅིག་གིས་ ད་ལྟོ་ཡོད་མི་གཞུང་འདི་གིས་ལེགས་ཤོམ་འབད་སྐྱོང་གནང་སྟེ་ཡོད་བཞིན་ དུ་ མི་སེར་གྱི་གཞུང་ཨིན་ཟེར་དམངས་གཙོའི་གཞུང་བཙུགས་པའི་སྐབས་ གཞུང་སྐྱོང་གནང་མི་ག་བཟུམ་

ཅིག་འོང་ག་མི་ཤེས་ནི་དེ་གིས་ མི་སེར་ལུ་ཚང་གྱང་ཆེ་མི་དེ་སྲིད་གཞུང་སྐྱོང་མི་ རང་དོན་གཙོ་བོར་བསྟེན་མི་རེ་ མི་འཐོན་ག་མནོ་བའི་ཚ་གྱང་ཡོད་ལུགས་ཞུ་བའི་ལན་ རྒྱལ་སྲས་དཔོན་སློབ་མཆོག་གིས་རང་ལུ་ཕན་ཐོགས་

མི། ལྕོགས་གྲུབ་ཅན་གྱི་གཞུང་བཙུགས་ནི་དེ་ མི་སེར་རང་རང་སོ་སོ་གིས་རང་གདམས་ཁ་ལེགས་ཤོམ་འབད་

རྐྱབ་སྟེ་ མི་མང་ལུ་ཕན་ཐོགས་ཅན་དང་སྤྱི་སེམས་ཅན། ལྕོགས་གྲུབ་ཅན་གྱི་མི་ངོ་ཚུ་ལུ་བློ་གཏད་ནི་དེ་མི་སེར་ རང་སའི་ལག་པར་ཡོད་ཟེར་བཀའ་གནང་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ མི་དབང་རྒྱལ་སྲས་ཀྲོང་གསར་དཔོན་སློབ་མཆོག་གིས་ ཆུ་ཁ་ རྫོང་ཁག་ནང་གཟིགས་སྐོར་གནང་པའི་སྐབས་ཆ་འདུས་ཀྱི་མི་སེར་སྟོང་ཕྲག་༧ ལྷགཔ་ཅིག་ཕུན་ཚོགས་གླིང་

ལུ་འཛོམས་པའི་སྐབས་ རྩ་ཁྲིམས་ཟིན་བྲིས་གསལ་བཤད་ཀྱི་གསུང་བཤད་གནང་སྟེ་ རྩ་ཁྲིམས་ཀྱི་རྩ་དོན་ རེ་རེ་བཞིན་དུ་མི་སེར་དང་གཅིག་ཁར་གྲོས་བསྡུར་གནང་ཡི། དེ་སྐབས་མི་མང་ལུ་གསུངས་དོན་ ཡབ་འབྲུག་ རྒྱལ་བཞི་པ་མཆོག་གིས་ནམ་རང་ཨིན་རུང་ རྒྱལ་ཁབ་ཀྱི་མཐའ་དོན་མཛད་ནི་འདི་གཙོ་རིམ་ཅན་གྱི་བརྩི་

ཁུངས་མཛད་དོ་ཡོདཔ་ལས་ རྩ་ཁྲིམས་ཆེན་མོ་དེ་རྒྱལ་པོའི་དོན་ལུ་མིན་པར་ མི་སེར་དང་རྒྱལ་ཁབ་ཀྱི་དོན་ ལུ་གཙོ་བོར་བསྟེན་ཏེ་བརྩམ་དགོ་པའི་བཀའ་རྒྱ་ ཡང་ལས་ཡང་དུ་གནང་ཡི་ཟེར་གསུངས་ནུག། ཆུ་ཁའི་མི་ སེར་འཐུས་མི་ལ་ལོ་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཡབ་འབྲུག་རྒྱལ་གསུམ་པ་སྐུ་ཚེ་

མ་བརྟན་ནི་དེ་གིས་ སྐུ་ན་ཆུང་ཀུའི་བསྒང་ལས་རྒྱལ་ཁབ་ཀྱི་ཐུགས་འགན་སྦོམ་བཞེས་དགོཔ་བྱུང་རུང་ རྒྱལ་ ཁབ་ཀྱི་མཐའ་དོན་ལུ་ རང་བཙན་དང་ཡར་རྒྱས་གོང་འཕེལ་རེ་འདོད་ལས་ལྷག་སྟེ་སྒྲིང་སྒྲིང་བཟོ་གནང་བའི་སྐུ་

61


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དྲིན་ལྷག་པར་དུ་ཞུ་ནི་ཡོད་དོ་བཟུམ་ རྒྱལ་སྲས་དཔོན་སློབ་མཆོག་གིས་ཡང་མགྱོགས་པ་རང་རྩིས་བཞེས་ནི་ ཨིན་པའི་རྒྱལ་ཁབ་འདི་ ཡབ་འབྲུག་རྒྱལ་བཞི་པ་བཟུམ་དང་ཡབ་ལས་ལྷག་སྟེ་ཆབ་སྲིད་སྐྱོང་ཚུགས་པའི་ ཡིད་ཆེས་ཐོབ་ཅི་ཟེར་ཞུ་ནུག།

རྒྱལ་སྲས་དཔོན་སློབ་མཆོག་གིས་དེ་ཁར་འཛོམས་མི་ཚུ་ལུ་ གལ་ཆེ་བའི་རྩ་དོན་ལེ་ཤ་ཅིག་གསུངས་པའི་

སྐབས་ མི་སེར་ལ་ལོ་ཅིག་གིས་ལམ་སྲོལ་ལུ་ཚ་གྱང་ལངས་ཏེ་གཙོ་རིམ་ཅན་འབད་བརྩི་འཇོག་མཛད་ཐོག་ ལས་ རྩ་ཁྲིམས་ཆེན་མོའི་ནང་བཀོད་གནང་དགོ་པའི་ཞུ་བ་ཕུལ་ཡོད་པའི་ལན་ལུ་ རྒྱལ་སྲས་དཔོན་སློབ་ མཆོག་གིས་དེ་སྦེ་ཞུ་བ་ཕུལ་མི་དེ་ལེགས་ཤོམ་ཨིན་མི་དེ་ཡང་ སྐོབས་སུ་ཚུད་པའི་རྒྱལ་ཁབ་ཆ་མཉམ་ནང་

ལམ་སྲོལ་ལྷག་པར་དུ་དགོཔ་ཡོདཔ་ཨིན་རུང་ འབྲུག་གི་དོན་ལས་ཁག་ཆེ་ཤོས་མི་ཚེའི་འགྲོ་ལུགས་ཁྱད་

པར་ཅན་བཟོ་ཐབས་ལུ་ ལམ་སྲོལ་རྒྱུན་དུ་གནས་དགོ་པའི་ཁར་དེ་གི་དགོས་པ་ཚུ་ཧ་གོ་ཐོག་ལས་མི་མང་ གིས་བརྩི་མཐོང་བསྐྱེད་དགོ་ནི་དེ་ ལྷག་པར་དུ་གལ་ཆེ་ཟེར་བའི་སྐོར་ལས་འབྲུག་གི་ན་གཞོན་ཚུ་གིས་ལམ་ སྲོལ་ཉམས་སྲུང་ཐོག་བདག་འཛིན་འབད་འོང་མནོ་བའི་ཡིད་ཆེས་ཡོད་ཟེར་གསུངས་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ ལྷོ་མཚམས་བསམ་རྩེ་ལུ་མི་དབང་རྒྱལ་སྲས་དཔོན་སློབ་མཆོག་ གིས་གཟིགས་སྐོར་གནང་པའི་སྐབས་ བསམ་རྩེ་ཆ་འདུས་ཀྱི་མི་སེར་སྟོང་ཕྲག་༡༠ དེ་ཅིག་ལུ་རྩ་ཁྲིམས་ཟིན་ བྲིས་ཀྱི་སྐོར་ལས་གསལ་བཤད་རྩ་དོན་རིམ་པ་བཞིན་དུ་གནང་སྟེ་མི་སེར་ཚུ་དང་གྲོས་བསྟུན་མ་བཏུབ་བཏུབ་

མཛད་གནང་ཡི། དེ་སྐབས་བསམ་རྩེའི་མི་སེར་ལེ་ཤ་ཅིག་གིས་བསམ་འཆར་ཞུ་མི་ནང་ འབྲུག་རྒྱལ་ཁབ་ ནང་ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་དང་ སྲིད་གཞུང་དང་གནས་སྟངས་ལ་སོགས་པ་རྒྱ་ཆེ་ཏོག་ཏོ་འབད་

ལེགས་ལམ་ཁ་ཐུག་ལུ་བསྒྱུར་བཅོས་སྦོམ་མཛད་པའི་བསྒང་ཨིན་ནི་དེ་གིས་ ཁོང་གི་སེམས་ཁར་དགའ་སྤྲོའི་

ཚོར་སྣང་སྦོམ་ཐོབ་སྟེ་སྡོད་པའི་བར་ན་ ཧང་སྟོང་མར་སྤྱི་ལོ་༢༠༠༨ ལས་ལམ་སྟོན་བཟང་པོའི་དབུ་ཁྲིད་མཛད་

མི་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་གུ་ལས་དགོངས་ཞུ་མཛད་ནི་ཨིན་ཟེར་གསུངས་མི་དེ་ལུ་སེམས་ ཕམ་སྦོམ་ཡོད་ལུགས་ཚུ་ཞུ་ནུག། དེ་མ་ཚད་འབྲུག་ལུ་དམངས་གཙོའི་གཞུང་བཙུག་ནི་འདི་ཧ་དྲགས་དོ་བཟུམ་

མཐོང་པའི་ཁར་ ད་ལྟོའི་གཞུང་གི་འོག་ལུ་ང་བཅས་འབྲུག་མི་ག་ར་དགའ་སྐྱིད་ལྡན་ཏེ་སྡོད་ཡོདཔ་ལས་ སྲིད་

62


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

གཞུང་བསྒྱུར་བཅོས་མཛད་དགོཔ་མིན་འདུག་ཟེར་མི་སེར་མང་ཤོས་ཀྱིས་ཞུ་བ་ཕུལ་ནུག། དེ་གིས་ལན་མི་དབང་རྒྱལ་སྲས་དཔོན་སློབ་མཆོག་གིས་ ད་རིས་རྒྱལ་པོ་དང་འབངས་ཐུགས་མཐུན་ཁྲིམས་

གཙང་ཡོད་པའི་ཁར་ མི་སེར་དང་གཞུང་གཉིས་ཆ་རང་བདེ་སྐྱིད་ལྡན་པའི་དུས་ཚོད་འདི་བཟུམ་ཅིག་ལུ་ དམངས་ གཙོའི་གཞུང་འགོ་བཙུགས་མི་དེ་ལེགས་ལམ་གོང་འཕེལ་འགྱོ་ནི་མ་གཏོགས་ཉེན་འཚུབ་འཐོན་མི་སྲིད་ཟེར་

གསུངས་པའི་ཁར་ ལེགས་བསྒྱུར་གྱི་བྱ་རིམ་ཚུ་ གདོང་ཁར་ལེན་པའི་དུས་ཚོད་དེ་ ད་རིས་ལས་དྲགཔ་ནམ་

ཡང་འབྱུང་མི་ཚུགས་ཟེར་གསུངས་ནུག། མི་སེར་ཚུ་གིས་རང་དོན་ལེགས་ཤོམ་འབད་ཧ་གོ་ཞིནམ་ལས་ རེ་ འདོད་བསྒྲུབ་ཐབས་ལུ་ག་ར་གིས་བརྩོན་ཤུགས་བསྐྱེད་དགོཔ་འབད་གསུངས་གནང་ནུག། དེ་སྐབས་སྲིད་དོན་

ཚོགས་པ་ཚུ་གིས་གཞུང་སྐྱོང་ལེགས་ཤོམ་འབད་མ་ཚུགས་པར་འཐུས་ཤོར་བ་ཅིན་ གཞུང་འདི་མི་དབང་མངའ་

བདག་རིན་པོ་ཆེ་གིས་ལོག་རྩིས་བཞེས་ཏེ་ སྔར་ག་ཨིནམ་རྒྱལ་གཞུང་གི་ལམ་སྲོལ་བཙུགས་དགོ་ཟེར་བའི་ རྩ་དོན་ རྩ་ཁྲིམས་ཆེན་མོའི་ནང་བཙུག་དགོ་པའི་ཞུ་བ་ཡང་ཕུལ་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༤ པའི་ཚེས༢༢ ལུ་མི་དབང་ཀྲོང་གསར་དཔོན་སློབ་མཆོག་གིས་ ལྷོ་མཚམས་བསམ་ གྲུབ་ལྗོངས་མཁར་ལུ་གཟིགས་སྐོར་གནང་སྟེ་བསམ་གྲུབ་ལྗོངས་མཁར་གྱི་མི་སེར་སྟོང་ཕྲག་༥ དེ་ཅིག་ལུ་ རྩ་ཁྲིམས་ཟིན་བྲིས་དོན་ཚན་རེ་རེ་བཞིན་དུ་གསལ་བཤད་མཛད་གནང་ཡི། རྒྱལ་སྲས་དཔོན་སློབ་མཆོག་

གིས་གསུང་བཤད་ནང་གལ་ཆེ་བའི་དོན་ཚན་ལེ་ཤ་ཅིག་གསུངས་པའི་གྲལ་ཁར་ འབྲུག་གི་ མི་རྩིས་ནང་ལྟ་ བའི་སྐབས་བརྒྱ་ཆ་༤༥ སྐྱེས་ལོ་༡༥ འོག་འཇུག་གི་ན་གཞོན་ཨིན་མི་ཚུ་ལུ་རྒྱལ་ཁབ་ནང་དམངས་གཙོའི་ གཞུང་གསརཔ་བཙུགས་ཡོད་མི་དེ་གི་གདོང་ལེན་མ་འོངས་པ་ན་ རྒྱལ་ཁབ་ཀྱི་ཀ་ཆེན་བཟུམ་ཅིག་འབད་ འགན་ཁུར་འབག་སྟེ་མཐར་འཁྱོལ་ཅན་གྱི་སྲིད་གཞུང་བཟོ་ནི་ལུ་ན་གཞོན་ཡོངས་ཀྱིས་རྩ་འགེངས་དགོཔ་ ཨིན་ཟེར་གསུངས་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༤ པའི་ཚེས་༢༦ ལུ་མོང་སྒར་ཆ་འདུས་ཀུར་ཆུ་གློག་མེ་འཕྲུལ་ཁང་སྦོམ་བསྒྲུབས་པའི་ སྒོ་འབྱེད་ཡང་མི་དབང་ཀྲོང་གསར་དཔོན་སློབ་ཀྱིས་མཛད་གནང་ཡི། སྒོ་འབྱེད་རྟེན་འབྲེལ་བརྩི་སྲུང་གནང་པའི་

སྐབས་ འབྲུག་ལུ་བཞུགས་མི་རྒྱ་གཞུང་སྐུ་ཚབ་ མིསི་ཀྲར་ སུ་དཧིར་ བེ་ཡར་མཆོག་གིས་དབུ་གཙོས་པའི་

63


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་དཔོན་ཁག་དང་ མི་སེར་ཕོ་མོ་སྟོང་ཕྲག་༥ དེ་ཅིག་གི་རྩིས་འཛོམས་སར་ རྒྱལ་ སྲས་དཔོན་སློབ་མཆོག་གིས་གསུང་བཤད་གནང་ནུག།

མོང་སྒར་ཀུར་ཆུའི་གློག་ཤུགས་བསྒྲུབས་ཏེ་སྒོ་འབྱེད་གནང་པའི་སྐབས།

གསུང་བཤད་ནང་གནད་དོན་ལེ་ཤ་ཅིག་ཡོད་པའི་གྲལ་ལས་ ཀུ་རི་ཆུ་གློག་མེ་ལས་འགུལ་ལེགས་ཤོམ་འབད་ བསྒྲུབས་མི་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་མཐུན་འབྲེལ་བཟང་པོའི་ངོ་རྟགས་སྟོན་ཡི་ཟེར་དང་ གློག་

མེ་དེ་ལུ་བརྟེན་ཏེ་འབྲུག་མི་སྤྱི་དང་ལྷག་པར་ཤར་ཕྱོགས་རྫོང་ཁག་ནང་གི་མི་སེར་ཚུ་གི་གནས་སྟངས་གསར་ པའི་དུས་སྐབས་སྒོ་ཕྱེཝ་ཨིན་ཟེར་གསུངས་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ གཞལ་སྒང་རྫོང་ཁག་ནང་ གཟིགས་སྐོར་གནང་སྟེ་ རྩ་ཁྲིམས་ ཟིན་བྲིས་སྐོར་ལས་གསལ་བཤད་མཛད་གནང་ནུག། དེ་སྐབས་གཞལ་སྒང་གི་མི་སེར་ཚུ་གིས་རྒྱལ་སྲས་

64


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

དཔོན་སློབ་མཆོག་ལུ་ སོ་སོའི་བསམ་འཆར་ཞུ་བ་ཕུལ་བའི་གྲལ་ རྒྱལ་བརྒྱུད་རྒྱལ་ཁབ་འདི་དམངས་གཙོའི་

གཞུང་འབད་བཙུགས་པའི་སྐབས་ ཕྱི་སྣོད་འབྲུག་གི་རང་བཞིན་གནས་སྟངས་ཉམས་དགའ་ཏོག་ཏོ་ཡོད་མི་དེ་ དང་ ནང་རང་ལུགས་གོང་འོག་བར་ན་གི་དད་དམ་གཙང་མ། ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཁྱད་དུ་ འཕགས་པ་ཡོད་མི་ཚུ་ སྲིད་གཞུང་གསར་པའི་སྐབས་ཉམས་ཆག་ཤོར་མ་བཅུག་པ་ཅིག་དང་ སྲིད་ཚོགས་ག་

གིས་གཞུང་སྐྱོང་རུང་ དེ་ཚུ་གིས་རྒྱལ་ཁབ་དང་མི་མང་ལུ་ཕན་ཐོགས་མེད་པའི་རིམ་པ་འཐོན་པ་ཅིན་ གཞུང་ སྐྱོང་དབང་ཆ་ལོག་སྟེ་མངའ་བདག་རིན་པོ་ཆེ་གིས་བཞེས་ཞིནམ་ལས་རྒྱལ་བརྒྱུད་ཀྱི་གཞུང་སྔར་བཞིན་བསྐྱར་ འཛུགས་མཛད་དགོཔ་འབད་ཞུ་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ མགར་ས་རྫོང་ཁག་ནང་གཟིགས་སྐོར་མཛད་པར་བྱོན་པའི་སྐབས་

ལ་ཡ་དང་ལུང་ནག་ལ་སོགས་པའི་མགར་ས་ཆ་འདུས་ཀྱི་མི་སེར་༥༠༠ དེ་ཅིག་འཛོམས་སར་ རྒྱལ་སྲས་ ཀྲོང་གསར་དཔོན་སློབ་མཆོག་ལུ་ མགར་སའི་མི་སེར་ཚུ་གིས་ དམངས་གཙོའི་གཞུང་བཙུགས་པའི་སྐབས་

ཁོང་གི་སེམས་ཁར་ཚ་གྱང་ཐེབས་ཅིག་རང་ཕོག་པའི་རྒྱུ་མཚན་ འབྲུག་རྒྱལ་ཁབ་ནང་མི་རློབས་ཉུང་ཤོས་ཀྱི་ རྫོང་ཁག་ཅིག་འབད་ནི་དེ་གིས་ རྒྱལ་གཞུང་སྐབས་རྫོང་ཁག་ཅིག་འབད་ནི་དེ་གིས་ འདྲ་མཉམ་གྱི་ཐོབ་ཐང་ ཡོད་རུང་ དམངས་གཙོའི་སྐབས་མི་རློབས་དང་བསྟུན་དགོཔ་ཨིན་པ་ཅིན་ ཁོང་ལུ་འདྲ་མཉམ་མི་ཐོབ་པའི་

ཚ་གྱང་ཡོད་ཟེར་ཞུ་བའི་ལན་ལུ་ མི་དབང་མཆོག་གིས་མི་རློབས་མང་ཉུང་གི་ཁྱད་པར་འཛམ་གླིང་རྒྱལ་ཁབ་ ལེ་ཤ་ཅིག་ནང་ཐོན་ཏེ་འབད་རུང་ འབྲུག་ལུ་མི་རློབས་ཉུང་མི་ཚུ་ལུ་དམིགས་བསལ་འབད་ཟིན་བྲིས་བཀོད་ པའི་ཁྲིམས་དོན་ཚུ་གིས་སྲུང་སྐྱོབ་འབད་འོང་ཟེར་གསུངས་ནུག།

སྤྱི་ལོ་༢༠༠༦ སྤྱི་ཟླ་༥ པའི་ཚེས་༢༡ ལུ་བུམ་ཐང་ལུ་རྩ་ཁྲིམས་ཟིན་བྲིས་གསལ་བཤད་ཀྱི་གཟིགས་སྐོར་ གནང་སྟེ་ རྩ་དོན་རེ་རེ་བཞིན་གསལ་བཤད་མཛད་དེ་ མི་མང་ལུ་དོགས་པ་མེདཔ་བཟོ་གནང་ནུག།

སྤྱི་ལོ་༢༠༠༦ ཟླ་༥ པའི་ཚེས་༢༤ ལུ་རྩ་ཁྲིམས་ཆེན་པོའི་གསུང་གྲོས་ཀྱི་མཐའ་མཇུག་འདི་རང་ མི་དབང་ རྒྱལ་བརྒྱུད་གང་ལས་བྱོན་པའི་རྫོང་གཞི་ཤར་ཕྱོགས་འཁོར་ལོའི་རྩིབས་བརྒྱད་ཀྱི་ལྟེ་བ་ ཀྲོང་གསར་ཆོས་

འཁོར་རབ་བརྟན་རྩེའི་རྫོང་ནང་གནང་སྟེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ཞུན་དག་གྲུབ་པའི་བཀྲ་ཤིས་སྨོན་ལམ་

65


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དང་བཅས་པ་གནང་སྟེ་ མི་སེར་དང་གཅིག་ཁར་རྩ་ཁྲིམས་ཆེན་མོའི་གསུང་གྲོས་ཀྱི་མཇུག་བསྡུ་གནང་ནུག། སྤྱི་ལོ་༢༠༠༦ ཟླ་༦ པའི་ཚེས་༡༢ ལུ་མི་དབང་ཀྲོང་གསར་དཔོན་སློབ་མཆོག་ ཐའི་ལེནཌ་གྱི་རྒྱལ་པོ་ བུ་

མི་བོལ་ཨ་རྡུལ་ཡ་དེཇེ་མཆོག་ཁྲི་ལོ་༦༠ འཁོར་བའི་རྟེན་འབྲེལ་བརྩི་སྲུང་ནང་བཀྲ་ཤིས་བདེ་ལེགས་ཞུ་བར་ འཛམ་གླིང་རྒྱལ་ཁབ་༢༥ འི་རྒྱལ་པོ་ཚུ་འཚོགས་པའི་གྲལ་འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་སྦེ་བཅའ་མ་གཏོགས་ གནང་ནུག། དེ་གིས་སྦེ་ཐའི་ལེནཌ་དང་འབྲུག་གི་བར་ན་ སྔར་ལས་ཡོད་པའི་མཐུན་ལམ་རྒྱ་བསྐྱེད་སྦོམ་འགྱོ་ བའི་ཁར་ མི་དབང་མཆོག་གི་མཚན་སྙན་གྲགས་འཛམ་གླིང་ནང་རྒྱ་སྦོམ་སྦེ་བྱུང་ནི་འགོ་བཙུགས་ནུག།

མི་དབང་ཀྲོང་གསར་དཔོན་སློབ་མཆོག་ ཐའི་ལེནཌ་གི་རྒྱལ་པོ་ བུ་མི་བོལ་ཨ་རྡུལ་ཡ་དེཇེ་ ཁྲི་ལོ་༦༠ འཁོར་བའི་རྟེན་འབྲེལ་བརྩི་སྲུང་ནང་བཅའ་མར་གཏོགས་པའི་བསྒང་།

66


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

བཞི་པ་ གསེར་ཁྲི་མངའ་གསོལ་མ་མཛད་ཚུན་གྱི་མཛད་རྣམ། ༡ རྒྱལ་པོའི་ཕྱག་འགན་རྩིས་བཞེས་གནང་ཚུལ། སྤྱི་ལོ་ ༢༠༠༦ ཟླ་༡༢ ཚེས་༡༤ ལུ་ གཟའ་སྐར་དུས་སྦྱོར་བཟང་པོ་དང་བསྟུན་ དམིགས་བསལ་གྱི་ལྷན་

རྒྱས་གཞུང་ཚོགས་འཚོགས་ཏེ་ མི་དབང་ མངའ་བདག་རིན་པོ་ཆེ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་གི་

ཞབས་ལས་ རྒྱལ་ཁབ་ཀྱིས་ འདི་བཟུམ་མའི་འགྱུར་འགྲོས་གལ་ཅན་གྱི་ཕྱག་ལཱ་མཛད་ནི་གི་དུས་ཚོད་ ད་ རེས་བ་དྲགཔ་ཅིག་རྩ་ལས་རང་མི་ཐོབ་ཟེར་གསུངས་ཏེ་ གཞུང་འབྲེལ་གྱི་ཐོག་ལས་ འབྲུག་རྒྱལ་པོའི་རྒྱལ་

སྲིད་ཀྱི་ཕྱག་འགན་ཧྲིལ་པོར་ བརྒྱུད་འཛིན་གྱི་རྒྱལ་སྲས་མི་དབང་ཀྲོང་གསར་དཔོན་སློབ་མཆོག་ལུ་རྩིས་སྤྲོད་ གནང་ཡི། དེ་ལས་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་སྲིད་ཀྱི་ཕྱག་ལཱ་བརྒྱུད་འཛིན་རྒྱལ་སྲས་ལུ་

ཐུགས་གཏད་ཧྲིལ་པོར་གནང་སྟེ་ རྩིས་སྤྲོད་མཛད་གནང་ཞིནམ་ལས་ ཁོ་ར་རྒྱལ་པོའི་གསེར་ཁྲི་ལས་དགོངས་ ཞུ་མཛད་གནང་ཡི།

དམངས་གཙོའི་གཞུང་འགོ་བཙུགས་ཏེ་རྒྱལ་ཡོངས་སྤྱི་ཚོགས་ཐེངས་དང་པའི་སྐབས་གསུང་བཤད་གནང་བ།

དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཧེ་མ་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༡༧ ལུ་བཀྲ་ ཤིས་གཡང་རྩེ་ལུ་འབད་ འབྲུག་གི་རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་གསུང་བཤད་གནང་སྐབས་ སྤྱི་

ལོ་ ༢༠༠༨ ལས་ ཡབ་ཁོ་ར་གསེར་ཁྲི་ལས་དགོངས་པ་ཞུ་སྟེ་ རྒྱལ་སྲས་ཀྲོང་གསར་དཔོན་སློབ་མཆོག་

67


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་པོ་ལྔ་པའི་ གསེར་ཁྲི་ཁར་བསྐོས་ནི་ཨིན་ཟེར་བའི་གསལ་བསྒྲགས་འབྲུག་མི་ཡོངས་ལུ་ རྒྱང་མཐོང་དང་

རྒྱང་བསྒྲགས་གཉིས་ཆ་རའི་ཐོག་ལས་འགོ་དང་པ་གནང་ཡི། འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གི་ སྐབས་ལུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ད་རེས་བ་ལྷགཔ་སྦེ་དཔལ་འབྱོར་གོང་འཕེལ་འགྱོ། བདེ་

སྐྱིད་ཀྱི་ཉིམ་ཤར་ཏེ་ ང་བཅས་རའི་རྒྱལ་ཁབ་ཀྱི་དམིགས་ཡུལ་དང་མི་སེར་གྱི་རེ་བ་ རྒྱལ་ཡོངས་དགའ་སྐྱིད་

དཔལ་འཛོམས་ཀྱི་དམིགས་ཡུལ་ཚུ་འགྲུབ་ཚུགས་པའི་སྨོན་ལམ་ཡོད་ཟེར་གསུངས་གནང་ཡོད་མི་དང་འཁྲིལ་ ཏེ་རྩིས་སྤྲོད་གནངམ་ཨིན་མས།

དེ་མ་ཚད་ དེ་གི་ཧེ་མ་ སྤྱི་ཚེས་༩/༡༢/༠༦ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་བའི་བཀའ་ ཤོག་ནང་ རྒྱལ་པོའི་ཕྱག་ལཱ་ཚུ་ལེགས་ཤོམ་སྦེ་མཛད་དགོ་པ་ཅིན་ ཉམས་མྱོང་དང་སྦྱང་བ་ལེགས་ཤོམ་ཐོབ་ ནི་ཁག་ཆེ་བ་ལུ་བརྟེན་ཏེ་ ད་ངེད་ཀྱི་ཕྱག་འགན་འདི་ ཀྲོང་གསར་དཔོན་སློབ་འཇིགས་མེད་གེ་སར་རྣམ་རྒྱལ་

དབང་ཕྱུག་ལུ་ རྩིས་སྤྲོད་གནང་ནི་གི་དུས་ལུ་བབས་ཅི་ཟེར་བཀོད་གནང་ནུག། རྒྱལ་པོའི་ཕྱག་འགན་ སྔ་གོང་ ལས་རྩིས་སྤྲོད་གནང་དགོ་མི་འདི་ རྒྱལ་སྲིད་འཛིན་སྐྱོང་གི་ཕྱག་ལཱ་གནངམ་ད་ ཉམས་མྱོང་དང་སྦྱང་བ་ལེགས་ ཤོམ་སྦེ་ཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་མས།

༢ རྒྱལ་ཡོངས་དུས་ཆེན་ཐེངས་༩༩ པའི་སྐུ་མགྲོན་གཙོ་བོ། རྒྱལ་སྲས་ཀྲོང་གསར་དཔོན་སློབ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ཡབ་

འབྲུག་རྒྱལ་བཞི་པའི་ཕྱག་ལས་ འབྲུག་རྒྱལ་ལྔ་པའི་ཕྱག་འགན་རྩིས་བཞེས་བསྒྲུབས་པའི་ཤུལ་ལས་ དང་

པ་རང་སྤྱི་ལོ་༢༠༠༦ ཟླ་༡༢ པའི་ཚེས་༡༧ ལུ་རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ ཐིམ་ཕུ་ཅང་

གླིང་མའི་ཐང་ནང་མི་དབང་རྒྱལ་སྲས་དཔོན་སློབ་མཆོག་སྐུ་མགྲོན་གཙོ་བོ་འབད་བྱོན་ཏེ་ འབྲུག་གི་མི་མང་ ཡོངས་ལུ་གསུང་བཤད་དེ་སྦེ་གནང་ཡི།

68


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

སྤྱི་ལོ་༢༠༠༦ གི་རྒྱལ་ཡོངས་དུས་ཆེན་སྐབས་མི་མང་ལུ་གསུང་བཤད་གནང་བ།

ད་རེས་ག་ནི་བ་རྩ་ཆེ་བའི་འབྲུག་གི་རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ ཁྱེད་མི་སེར་ཚུ་དང་ཕྱདཔ་ད་ ཁྱེད་མི་ སེར་ཚུ་ལུ་ག་དེ་སྦེ་སླབ་ན་ཡང་མ་ཤེསཔ་ཐལ་སོང་ཡི། ལོ་ངོ་༣༤ གི་རིང་ ང་བཅས་ར་དཔལ་ལྡན་འབྲུག་པའི་

རྒྱལ་ཁབ་ཀྱི་ཕྱིའི་ལྕགས་རི་ ནང་གི་ནོར་བུ་ང་བཅས་རའི་མི་སེར་ཚུ་ཕྱག་འཚལ་སའི་རྟེན་ དྲིན་ཅན་གྱི་ཕམ་ཟེར་ རུང་ག་ར་ང་བཅས་རའི་མི་དབང་མངའ་བདག་རིན་པོ་ཆེ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དགུང་ལོ་༡༦ ལས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་གསེར་ཁྲི་

གུ་ཕེབས་གནང་ཞིནམ་ལས་ཚུར་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་རབས་ནང་མ་ཚད་ འཛམ་གླིང་གི་

69


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་རབས་ནང་ཚུད་པའི་ཕྱག་ལཱ་ཚུ་མཛད་གནང་ཡི། མི་དབང་མངའ་བདག་རིན་པོ་ཆེ་གིས་ད་ལྟོ་ཚུན་ཚོད་ཀྱི་ བར་ན་ལོ་ངོ་༣༤ གི་རིང་ལུ་གནམ་མེད་ས་མེད་དཀའཝ་སྤྱད་གནང་སྟེ་རྒྱལ་ཁབ་འདི་ལོ་གཅིག་བ་ལོ་གཅིག་

ལེགས་ཤོམ་དང་སྒྲིང་སྒྲིང་བཟོ་ཐོག་ལས་རྒྱལ་ཁབ་ཀྱི་གཞི་འགྱམ་དེ་མ་བཏུབ་བཏུབ་སྦེ་བཙུགས་གནང་མི་དེ་ གིས་ ད་རེས་ཀྱི་དུས་རབས་ནང་སྡོད་མི་མི་སེར་ཚུ་ལུ་ཡང་ཕན་ཐོགསཔ་མ་ཚད་ང་བཅས་རའི་མ་འོངས་པའི་མི་ སེར་དང་རྒྱལ་ཁབ་ལུ་ཕན་ཐོགསཔ་སྦེ་བཟོ་གནང་སྟེ་ཡོད།

ད་རིས་འབདཝ་ད་མི་དབང་མངའ་བདག་རིན་པོ་ཆེ་གིས་ང་བཅས་རའི་རྒྱལ་ཁབ་ཀྱི་དབང་ཚད་དང་རྒྱལ་ཁབ་ བདག་འཛིན་འཐབ་ནི་འདི་མི་སེར་ཚུ་ལུ་ཧྲིལ་བུ་སྦེ་ར་རྩིས་སྤྲོད་གནང་ཚར་ཡི། ང་ར་འབད་རུང་འགན་ཁུར་ག་ནི་ བ་རྩ་ཆེ་ཏོག་ཏོ་སྦེ་ཕོག་སྟེ་ཡོདཔ་ལས་ད་ལས་ཕར་ ང་རའི་བློ་གཏད་ས་ར་ཁྱེད་མི་སེར་ཚུ་ཨིན། ཁྱེད་མི་སེར་ཚུ་

གིས་འབད་རུང་ང་བཅས་རའི་རྒྱལ་ཁབ་ལུ་ཤ་ཚ་སྟེ་ཐ་དམ་ཚིག་གཙོ་བོར་བསྟེན་ཐོག་ལས་ མ་བཏུབ་བཏུབ་ སྦེ་ཕྱག་ཞུ་འོང་། འདི་ལུ་ང་རའི་ཁ་ཐུག་ལས་སེམས་ཀྱི་ཚ་གྱང་དང་དོགས་པ་རྩ་ལས་མེད།

ད་རིས་ག་ནི་བ་རྩ་ཆེ་བའི་ཉིནམ་འདི་ཁར་ ང་བཅས་ག་ར་དང་ ང་བཅས་རའི་རྫོང་ཁག་ཉི་ཤུ་གི་མི་སེར་ཚུ་གི་སྨོན་ ལམ་ཟེར་རུང་ མི་དབང་མངའ་བདག་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་ ཁོ་ར་གིས་གནང་མི་རྒྱལ་ཁབ་འདི་ ང་བཅས་རའི་མི་སེར་ཚུ་གིས་བདག་འཛིན་འཐབ་སྟེ་ ལོ་གཅིག་བ་ལོ་གཅིག་ལྷག་པར་དུ་སྒྲིང་སྒྲིང་བཟོ་ཐོག་ ལས་ལོ་ངོ་༣༠ དེ་ཅིག་གི་རྒྱབ་ལས་མི་དབང་མངའ་བདག་རིན་པོ་ཆེ་གིས་བཟོ་གནང་དོ་བཟུམ་སྦེ་ང་བཅས་

རའི་རྒྱལ་ཁབ་འདི་ངལ་རངས་ཏོག་ཏོ་སྦེ་མ་འོངས་པའི་མི་སེར་དང་ ཨ་ལོ་ཚུ་ལུ་ལེགས་ཤོམ་སྦེ་རྩིས་སྤྲོད་ ནི་གི་སྨོན་ལམ་ཡོད།

ང་བཅས་རའི་མི་སེར་ཚུ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་དབང་མངའ་བདག་རིན་པོ་ཆེ་དང་ དཔལ་ལྡན་འབྲུག་

པའི་རྒྱལ་ཁབ་ལུ་ཐ་དམ་ཚིག་གཙོ་བོར་བསྟེན་ཏེ་ཕྱག་ལེགས་ཤོམ་སྦེ་ཞུ་ནི་དེ་གིས་ང་རའི་ཁ་ཐུག་ལས་སེམས་ ཀྱི་ཧིང་ལས་ར་བཀའ་དྲིན་དགའ་ཚོར་སྦོམ་སྦེ་རང་ཡོད།

ད་རིས་ནཱ་ཅང་གླིང་མའི་ཐང་ལུ་ཡོད་མི་སློབ་གྲྭའི་བུཚ་དང་བུམོ་རྐྱངཔ་ཅིག་གིས་མ་དོ་བར་ ང་བཅས་རའི་རྫོང་

70


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

ཁག་ཉི་ཤུ་གི་སློབ་གྲྭའི་ན་གཞོན་ཚུ་ལུ་འགན་ཁུར་ཐེབས་ཅིག་ར་ཕོག་སྟེ་ཡོདཔ་ད་ལུ་ ཁྱེད་ཀྱི་སེམས་ཁར་

བཞག་དགོཔ་དེ་ར་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་རྒྱལ་རབས་འདི་ཨིན། ཁྱེད་ཀྱིས་ང་ བཅས་རའི་རྒྱལ་རབས་འདི་ལེགས་ཤོམ་སྦེ་ཤེས་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་གིས་རྒྱལཔོ་མཛད་ ཞིནམ་ལས་ཚུར་ ཕྱག་ལཱ་ག་དེམ་ཅིག་མཛད་གནང་ཡི་ག་ ཕྱག་ལཱ་མཛད་པའི་སྐབས་ལུ་གྲུབ་འབྲས་ག་དེ་

སྦེ་ཐོན་ཡི་ག་ ད་ལས་ཕར་ཁྱེད་ཆ་ཁྱབ་ཀྱི་ལག་པར་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ག་ཅི་རྩིས་སྤྲོད་

གནངཔ་ཨིན་ན་ཁྱེད་ཆ་ཁྱབ་ཀྱིས་ལེགས་ཤོམ་སྦེ་ར་ཤེས་འོང་། འདི་ལེགས་ཤོམ་སྦེ་ར་ཧ་གོ་བ་ཅིན་མི་དབང་ མངའ་བདག་རིན་པོ་ཆེ་གིས་ང་བཅས་རའི་རྒྱལ་ཁབ་འདི་ཁྱེད་ཆ་ཁྱབ་ཀྱི་ལག་པར་རྩིས་སྤྲོད་གནངམ་ད་ལུ་ཁྱེད་ ཀྱིས་ལྷག་པར་དུ་བདག་འཛིན་འཐབ་ནི་དང་ཕྱག་ཞུ་ཤེསཔ་འབད་དགོ།

གནམ་ལོ་༡༩༧༢ ཀྱི་ལོ་དང་ད་རེས་ང་བཅས་ཀྱིས་ཤེས་མི་རྒྱལ་ཁབ་འདི་ མ་པ་ལས་རང་མི་འདྲ་བས། ད་

རེས་ང་བཅས་རའི་གདོང་ཁར་ཡོད་མི་རྒྱལ་ཁབ་ ང་བཅས་ཀྱིས་ཤེས་མི་རྒྱལ་ཁབ་ ང་བཅས་རའི་ལག་པར་ སྤྲོད་གནང་མི་རྒྱལ་ཁབ་འདི་མི་དབང་མངའ་བདག་རིན་པོ་ཆེ་གིས་དགུང་ལོ་༡༦ ལས་ད་ལྟོ་ཚུན་ཚོད་ཀྱི་བར་ ན་ལོ་ངོ་༣༤ འི་རིང་ལུ་གནམ་མེད་ས་མེད་དཀའཝ་སྤྱད་གནང་སྟེ་བསྒྲུབས་བསྒྲུབས་ཀྱི་རྒྱལ་ཁབ་ཅིག་ཨིན།

ང་བཅས་རའི་མི་དབང་མངའ་བདག་རིན་པོ་ཆེ་གིས་ཕྱག་ལཱ་ག་ཅི་མཛད་རུང་དཔལ་ལྡན་་འབྲུག་པའི་རྒྱལ་

ཁབ་ཀྱི་རང་དབང་དང་སྲུང་སྐྱོབ་ མི་སེར་གྱི་མཐའ་དོན་དང་སྐྱིད་སྡུག་ཕན་བདེ་དང་རེ་འདོད་ཚུ་གཙོ་བོར་བཏོན་

གནང་སྟེ་ ང་བཅས་རའི་རྒྱལ་ཁབ་འདི་ལོ་གཅིག་བ་ལོ་གཅིག་སྒྲིང་སྒྲིང་དང་ཕྱུགཔོ་ལེགས་ཤོམ་བཟོ་ཐོག་ ལས་ ད་རེས་འབདཝ་ད་ང་བཅས་རའི་དམངས་གཙོ་གཞུང་གི་ལམ་ལུགས་དང་སྲིད་ཀྱི་ལམ་ལུགས་ཚུ་ཡང་ འགོ་བཙུགས་གནང་། ང་བཅས་རའི་རྒྱལ་ཁབ་ཀྱི་གཞི་འགྱམ་སྒྲིང་སྒྲིང་བཟོ་གནང་སྟེ་རྒྱལ་ཁབ་འདི་དགའ་

ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་པའི་སྐབས་ལུ་ དབང་ཚད་དང་འགན་ཁུར་ཚུ་ག་ར་ང་བཅས་རའི་མི་སེར་ཚུ་ལུ་ ཧྲིལ་བུ་སྦེ་གནངམ་ཨིན།

དེ་བཟུམ་སྦེ་ལུང་བསྟན་གྱི་རྒྱལཔོ་ང་བཅས་རའི་རྒྱལ་ཁབ་ནང་ལུ་བྱོན། རྒྱལ་རབས་ནང་ཚུད་པའི་ཕྱག་ལཱ་

71


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཚུ་མཛད། རྒྱལ་རབས་ནང་ཚུད་པའི་གོ་སྐབས་ང་བཅས་མི་སེར་ཚུ་ལུ་ཐོབ་མི་བཟུམ་ཅིག་ ང་བཅས་རའི་མི་ ཚེ་འདི་ནང་རྩ་ལས་ར་མི་ཐོན་ཟེར་མནོཝ་མས། འདི་བཟུམ་མའི་གོ་སྐབས་ཐོབ་ད་ལུ་ ང་བཅས་ར་མི་སེར་ཚུ་

གིས་འབད་རུ་རང་ མནོ་བསམ་ལེགས་ཤོམ་སྦེ་བཏང་སྟེ་ གོ་སྐབས་འདི་བར་སྟོང་མ་བཏང་པར་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་ཐུགས་ཕམ་ནི་མེདཔ་ཅིག་འབད་ནི་དང་ རྒྱལ་ཁབ་ད་ལྟོ་བ་ལྷགཔ་སྦེ་བདག་ འཛིན་འཐབ་སྟེ་སྒྲིང་སྒྲིང་དང་ལེགས་ཤོམ་བཟོ་ནི་གི་འགན་ཁུར་ག་ར་ང་བཅས་མི་སེར་ཚུ་ལུ་ཕོག་སྟེ་ཡོད།

ད་ལས་ཕར་ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ལུ་ཕྱག་ཞུ་བའི་སྐབས་ ང་བཅས་མི་སེར་དང་ཁྱེད་ ན་གཞོན་ཚུ་གིས་སེམས་ཁར་བཞག་དགོཔ་དེ་ར་ དང་པ་དུས་ནམ་ར་འབད་རུང་ང་བཅས་རའི་རྒྱལ་ཁབ་འདི་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་བཞག་ནི་འདི་ཨིན།

གཉིས་པ་ འབདཝ་ད་ང་བཅས་རའི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་དང་སྲུང་སྐྱོབ་དེ་ལེགས་ཤོམ་སྦེ་བདག་ འཛིན་འཐབ་ནི་འདི་ཨིན།

གསུམ་པའི་ཐད་ཁར་ལྷོདཔ་ད་ལུ་ ང་བཅས་རའི་མི་དབང་མངའ་བདག་རིན་པོ་ཆེ་གིས་དབུ་བཙུགས་གནང་མི་

རྩ་ཁྲིམས་ཆེན་མོ་དང་ དམངས་གཙོ་གཞུང་གི་ལམ་ལུགས་དང་ སྲིད་ཀྱི་ལམ་ལུགས་དེ་ར་ ལེགས་ཤོམ་སྦེ་ སྒྲིང་སྒྲིང་བཟོ་སྟེ་ང་བཅས་རའི་རྒྱལ་ཁབ་དང་མི་སེར་ལུ་ཕན་ཐོགསཔ་སྦེ་བཞག་ནི་འདི་ཨིན།

མཇུག་ར་ ད་ལས་ཕར་ང་བཅས་ར་ལཱ་ག་ཅི་ར་འབད་རུང་ང་བཅས་རའི་འབྲུག་རྒྱལ་བཞི་པ་མི་དབང་མངའ་བདག་ རིན་པོ་ཆེ་གིས་འགོ་བཙུགས་གནང་མི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་འདི་གཙོ་བོར་ བཏོན་ཐོག་ལས་ ག་དེ་དྲག་དྲག་ང་བཅས་མི་སེར་ཚུ་གིས་སྦེ་ཕྱག་ཞུ་དགོ།

ང་བཅས་རའི་རྒྱལ་ཁབ་ཀྱི་དམིགས་ཡུལ་ཚུ་དོན་ལེགས་ཤོམ་སྦེ་འགྲུབ་དགོ་པ་ཅིན་ང་བཅས་རའི་ཁ་ཐུག་

ལས་མནོ་བསམ་ག་དེ་སྦེ་ར་བཏང་རུང་ ཁག་ཆེ་ཤོས་དེ་ར་འབྲུག་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འདི་ ཨིན་པས།

72


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ཀྱི་གནས་སྟངས་ཚུ་བལྟ་སྟེ་ ང་བཅས་རའི་ཁྱིམ་ཚང་རྒྱལ་ཁབ་ཀྱི་གནས་ སྟངས་དང་ རྒྱལ་ཁབ་གཞན་གྱི་གནས་སྟངས་ཚུ་ག་ར་ལེགས་ཤོམ་སྦེ་བལྟཝ་་ད་ལུ་ དུས་ནམ་རང་འབད་

རུང་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་དམིགས་ཡུལ་ཚུ་ལེགས་ཤོམ་སྦེ་འགྲུབ་་དགོ་པ་ཅིན་ རྒྱལ་ཁབ་ཀྱི་

དཔལ་འབྱོར་གོང་འཕེལ་ཚུ་ལོ་གཅིག་བ་ལོ་གཅིག་དྲགཔ་སྦེ་བཟོ་ཚུགས་པ་ཅིན་ ང་བཅས་མི་སེར་ག་ར་ཨིན་ རུང་ཚ་གྱང་ལང་དགོཔ་མིན་འདུག།

ད་རིས་ཀྱི་ཉིནམ་འདི་ཁར་ ང་རའི་ཁ་ཐུག་ལས་མཇུག་ར་སླབ་ནི་ཟེར་རུང་ ཁྱེད་མི་སེར་ཚུ་ལུ་ད་ཅི་སླབ་དོ་བཟུམ་ སྦེ་ཨིན། མི་དབང་མངའ་བདག་རིན་པོ་ཆེ་གིས་ཐུགས་ཧྲིལ་བུ་སྦེ་ང་བཅས་མི་སེར་ཚུ་ལུ་གཏད་གནངམ་ད་ལུ་ ང་བཅས་མི་སེར་ཚུ་གིས་འབད་རུང་ག་དེ་དྲག་དྲག་རྩ་འགེངས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་ཐུགས་ ཕམ་ནི་མེད་པར་བཞག་ནི་དང་ ང་བཅས་རའི་རྒྱལ་ཁབ་འདི་ལུ་མ་བཏུབ་བཏུབ་སྦེ་ཕྱག་ཞུ་ནི་དེ་སྔར་བ་ལྷག་ སྟེ་ད་རེས་ཁག་ཆེཝ་སྦེ་ཡར་སོང་ཡི།

ད་རིས་ག་ནི་བ་རྩ་ཆེ་བའི་ཉིནམ་འདི་ཁར་ ངེད་ཀྱི་སྨོན་ལམ་ཟེར་རུང་ནང་པ་སངས་རྒྱས་ཆོས་ལྡན་གྱི་རྒྱལ་ ཁབ་ གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་པའི་རྒྱལ་ཁབ་ ང་བཅས་ར་ཕྱག་འཚལ་སའི་རྟེན་དྲིན་ཅན་གྱི་

ཕམ་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ང་བཅས་རའི་འབྲུག་རྒྱལ་བཞི་པ་མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་སེང་གེ་དབང་ཕྱུག་གི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་ནམ་ར་འབད་རུང་བདེ་སྐྱིད་ཀྱི་

ཉིམ་ཤར་ཏེ་ ང་བཅས་རའི་མི་སེར་ཚུ་ག་ར་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་ནི་གི་བཀྲ་ཤིས་སྨོན་ལམ་ཡོད། ང་བཅས་རའི་མི་སེར་ག་ར་ལུ་ང་རའི་ཁ་ཐུག་ལས་བཀྲ་ཤིས་བདེ་ལེགས་ཡོད། ཟེར་གསུངས་ཡི།

༣ རྒྱལ་གཞུང་གི་རྒྱལ་ཡོངས་ཚོགས་འདུའི་གཙོ་ཁྲིད་འགོ་དང་པ་གནང་བ། འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་༨༦ པའི་ འགོ་བཙུགས་རྟེན་འབྲེལ་མཛད་གནང་ཡོད་མི་

དེ་ཡང་། སྤྱི་ཚེས་༢༢/༡༢/༠༦ གི་དྲོ་པ་ཆོས་རྗེ་འབྲུག་པའི་ཆིབས་གྲལ་བཙར་ཐོག་ལས་ ཚོགས་ཁང་ནང་

འགོ་དང་པ་ཕེབས་ཏེ་ ཡབ་ཀྱི་གསེར་ཁྲི་ཁར་མ་བཞུགས་པའི་ཧེ་མ་སྐུ་ཕྱག་གནང་སྟེ་གུས་བཏུད་མཛད་དེ་མ་

73


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གཏོགས་གསེར་ཁྲི་ཁར་མ་བཞུགས་པའི་སྐབས་ ཚོགས་འདུའི་འཐུས་མི་དང་སྐུ་མགྲོན་ག་ར་ མི་དབང་ཞབས་ ཀྱི་མཛད་བཟང་ལུ་ ངོ་མཚར་ཆེ་དགོཔ་བྱུང་ནུག། ཚོགས་ཐེངས་༨༦ པ་སྤྱི་ལོ་༢༠༠༧ ཟླ་དང་པའི་ཚེས་༨ ཚུན་ གྱི་བར་ན་འཚོགས་མི་རྒྱལ་ཡོངས་ཚོགས་འདུའི་སྐབས་མི་སེར་ལུ་ས་ཆའི་སྐྱིད་སྡུག་གི་སྐོར་ལས་གསུང་གྲོས་

བྱུངམ་ད་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མི་སེར་གྱི་སྐྱིད་སྡུག་སྐོར་ལས་མི་སེར་དང་རྒྱལ་ པོའི་བར་ན་མི་ག་ཡང་མི་བཙུགས། རྒྱལ་པོ་རང་གིས་ཐད་ཀར་དུ་གཟིགས་གནང་ནི་ཨིན་ཟེར་བཀའ་གནང་ཡི། འདི་གིས་མི་སེར་དང་རྒྱལ་པོའི་བར་གྱི་དད་དམ་ལྷག་པར་དུ་དམ་ཟབ་འགྱོ་ནི་འགོ་བཙུགས་ནུག་ཟེར་ཞུ་ནི།

དམངས་གཙོའི་གཞུང་འགོ་བཙུགས་ཏེ་རྒྱལ་ཡོངས་སྤྱི་ཚོགས་ཐེངས་དང་པའི་སྐབས་གསུང་བཤད་གནང་བ།

74


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

༤ འབྲུག་རྒྱལ་པོའི་མཚན་ཐོག་རྒྱ་གར་གཟིགས་སྐོར་དང་པ། རྒྱལ་པོའི་ཕྱག་ལཱ་རྩིས་བཞེས་ཏེ་ འགོ་དང་པ་རྒྱ་གར་རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༧ སྤྱི་ཟླ་༢ པའི་ཚེས་༧

ལས་༡༢ ཚུན་ གཟིགས་སྐོར་གནང་སྟེ་ རྒྱ་གར་གྱི་སྲིད་འཛིན་དྲོག་ཀྲར་ ཨེ་ པི་ ཇེ་ ཨབ་རྡུལ་ཀ་ལམ་མཆོག་

དང་ སྲིད་བློན་ དྲོག་ཀྲར་ མཱན་མོ་ཧཱན་སིང་། ཡུ་ པི་ ཨེ་གི་ཁྲི་འཛིན་ ཨམ་སོ་ནི་གྷན་དྷི། ལྡོག་ཕྱོགས་ཚོགས་ པའི་ཁྲི་ མིསི་ཀྲར་ ཨེལ་ ཀེ་ ཨདྲ་བཱ་ནི་ཚུ་དང་མཇལ་ཕྲད་མཛད་དེ་ མཐུན་ལམ་ཅན་གྱི་རྒྱལ་ཁབ་གཉིས་ཀྱི་ མཐུན་འབྲེལ་འཕྲོ་མཐུད་དེ་ཡར་དྲག་བཟོ་ནེའི་ཕྱག་ལཱ་འགོ་བརྩམས་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༡༩༤༩ ལོའི་ རྒྱ་འབྲུག་མཐུན་འབྲེལ་འཆིངས་ཡིག་བསྒྱུར་བཅོས་མཛད་གནང་བའི་བསྒང་།

གཟིགས་སྐོར་སྐབས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚེས་༨/༢/༠༧ ལུ་རྒྱལ་རབས་དང་ ལྡན་པའི་མཛད་ཆེན་ རྒྱ་འབྲུག་མཛའ་མཐུན་ཆིངས་ཡིག་གུ་མཚན་རྟགས་བཀོད་གནང་ཡི། རྒྱལ་ཁབ་གཉིས་

75


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཀྱི་བར་ན་སྤྱི་ལོ་༡༩༤༩ ལུ་བཟོ་གནང་མི་ཆིངས་ཡིག་དེ་ དུས་མཐུན་གྱི་ཆིངས་ཡིག་ཅིག་གུ་བཟོ་གནང་མི་ འདི་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་མཐུན་འབྲེལ་སྔར་ལས་ལྷག་སྟེ་གོང་འཕེལ་འགྱོ་བའི་གཞི་འགྱམ་

སྒྲིང་སྒྲིང་བཙུགས་གནང་ཡི། ཆིངས་ཡིག་དེ་ཡང་སྤྱི་ཚེས་༡༥/༢/༠༧ ལུ་མི་དབང་མངའ་བདག་རིན་པོ་ཆེ་

མཆོག་གིས་མཚན་རྟགས་བཀོད་གནང་པའི་ཤུལ་མ་སྤྱི་ཚེས་༡༩/༢/༠༧ ལུ་རྒྱ་གཞུང་སྲིད་འཛིན་མཆོག་ གིས་མཚན་རྟགས་གནང་ནུག།

སྤྱི་ལོ་༢༠༠༧ ལོའི་བློན་ཆེན་གྱིས་རྒྱལ་ཡོངས་ཚོགས་ཐེངས་༨༦ པའི་ནང་ལོ་བསྟར་སྙན་ཞུ་ཕུལ་མི་ནང་ མི་

དབང་མངའ་བདག་རིན་པོ་ཆེ་གི་ཞབས་ལས་ གྲོགས་ཤེས་རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ འགན་ཡིག་

གསུམ་གུ་མཚན་རྟགས་བཀོད་པའི་སླ་ཁར་ གཅིག་འདི་རྒྱལ་ཁབ་གཉིས་ཀྱི་བར་ན་གློག་ཤུགས་དང་དཔལ་ འབྱོར་གྱི་མཉམ་འབྲེལ་གོང་འཕེལ་གཏང་ནི་གི་སྐོར་ལས་ཨིན་པས། དེ་ཡང་སྤྱི་ལོ་༢༠༢༠ གི་ནང་འཁོད་རྒྱ་

གཞུང་གིས་འབྲུག་ལས་གློག་ཤུགས་ཉུང་ཤོས་རང་ ནུས་ཚད་མེ་ག་ཝཀྲ་༥༠༠༠ དེ་ཅིག་ལེན་ནི་གི་གྲོས་ཐག་ ཆོད་ནུག། དེ་མ་ཚད་འབྲུག་དང་རྒྱ་གར་གཉིས་ ཀིའུ་ཀྲོ་འགན་འཛིན་གྱི་ཁྱབ་འོག་ལུ་ཐབས་ལམ་གོང་འཕེལ་

ལས་འགུལ་ནང་མཉམ་འབྲེལ་འཐབ་ནི་དང་ གློག་ཤུགས་ཉེན་སྲུང་འབད་ནི་ལུ་ཡང་མཉམ་འབྲེལ་འབད་ནི་ ཨིན་ཟེར་གསུངས་ནུག།

༥ རྒྱལ་གཞུང་གི་རྒྱལ་ཡོངས་ཚོགས་འདུའི་མཇུག་སྡོམ། རྒྱལ་བརྒྱུད་གཞུང་གི་ལམ་སྲོལ་ཐོག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་མཇུག་དེ་རང་ཚོགས་ཐེངས་༨༧ པ་གིས་བསྡུ་དོ་ཡོདཔ་ལས་ སྤྱི་ཚེས་༧/༦/༠༧ ལས་༢༨/༦/༠༧ གྱི་བར་ན་གནང་བའི་ཚོགས་ཐེངས་

༨༧ པའི་དབུ་ཁྲིད་མཛད་གནང་ཡི། དེ་སྐབས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཚོགས་ཁང་གི་གསེར་

ཁྲི་ཁར་ཕེབས་ཏེ་ མི་སེར་ཉམ་ཆུང་ལུ་ཕན་ཐབས་ཅན་གྱི་མཛད་བཟང་སྦོམ་ཤོས་ཅིག་ རྒྱལ་ཁབ་ནང་ རང་ བཞིན་ལས་གྲུབ་པའི་རྒྱུ་དངོས་བྱེ་མ་དང་རྡོ། ཤིང་ཆ་ཚུ་སྒེར་པའི་དབང་ཆ་ལས་ལེན་ཏེ་ གཞུང་གིས་བདག་

འཛིན་འཐབ་སྟེ་གོང་ཚད་ཕབ་ཐོག་ལས་ མི་སེར་ཆ་མཉམ་ལུ་འདྲ་མཉམ་གྱི་གོ་སྐབས་ཐོབ་དགོ་པའི་བཀའ་ ཤོག་སྤྱི་ཚེས་༡༢/༦/༠༧ ལུ་ཚོགས་ཁང་ནང་གནང་ནུག།

76


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

༦ མི་སེར་ཉམ་ཆུང་གི་སྐྱིད་སྡུག། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲིད་ཀྱི་ཐུགས་འགན་ཕྱག་ལུ་བཞེས་པའི་འཕྲོ་ལས་ མི་ སེར་ཉམ་ཆུང་ཚུ་ལུ་སྐྱིད་སྡུག་གི་ཕན་ཐབས་སྦོམ་མཛད་ནི་འགོ་བཙུགས་གནང་ཡོད་མི་དེ་ཡང། རྒྱལ་ཁབ་ཀྱི་ སྲིད་བྱུས་དབུལ་ཕོངས་རྩ་མེད་བཟོ་དོན་འགྲུབ་ཐབས་ལུ་སྨན་པའི་མཛད་པ་ མི་སེར་གྱི་གྲལ་ཁར་བུ་གཞི་དང་

ས་ཞིང་འབབ་ཁུངས་དང་རྒྱབ་རྟེན་མེད་མི་ཚུ་ལུ་འཚོ་བ་མཐུན་རྐྱེན་དང་བཀབ་གོ་ལ་ལ་སོགས་པའི་སྐྱིད་སྡུག་ གནང་བའི་ལམ་སྲོལ་གསར་དུ་བཙུགས་གནང་ཡི། མི་སེར་གྲལ་སོ་ནམ་ཞིང་ལཱ་འཐབ་ཚུགས་པའི་ལྕོགས་གྲུབ་ ཅན་ཡོད་རུང་ མི་ངོ་དེའི་ཕ་མེས་དབུལ་ཕོངས་ཉམ་ཆུང་ཨིན་པ་ལུ་བརྟེན་ཏེ་ཟ་སྤྱོད་འབད་སའི་ས་ཞིང་མེད་མི་ཚུ་

ལུ་ ཕ་ཞིང་གསོལ་རས་གནང་བའི་ལམ་སྲོལ་གསརཔ་བཙུགས་ཅི། ཕ་མ་གཉིས་ཉམ་ཆུང་སྐྱིད་སྡུག་ཅན་ནམ་ ཕ་མ་ཡ་བྲལ་འགྱོ་མི་ལུ་བརྟེན་ཏེ་ ཨ་ལོ་ཚུ་སློབ་གྲྭའི་ནང་བཙུགས་མ་ཚུགས་པའི་སྐྱིད་སྡུག་ཅན་ཚུ་ལུ་སློབ་ གྲྭའི་མཐུན་རྐྱེན་ཐད་ཀར་གནང་བ་ལ་སོགས་པའི་ལམ་སྲོལ་གསར་བཙུགས་མཛད་ཅི།

དེ་གི་སྐོར་ལས་དུམ་གྲ་ཅིག་ཁ་གསལ་སྦེ་ཞུ་བ་ཅིན། འབྲུག་རྒྱལ་ཁབ་ནང་ལོ་ལྔ་པའི་འཆར་གཞི་འགོ་ བཙུགས་ཏེ་ འཆར་གཞི་བཅུ་པའི་གུ་ལྷོད་ཡོད་རུང་ མི་སེར་ལ་ལོ་ཅིག་ད་ལྟོའི་བར་ན་ཕ་ཞིང་ཟེར་ཟ་སྤྱོད་འབད་ སའི་ས་ཞིང་མེད་མི་ལེ་ཤ་ཅིག་ཡོད་མི་དེ་ཚུ་ ས་ཞིང་མེད་པའི་རྒྱུ་མཚན་དང་པ་ སྔར་རྒྱལ་ཁབ་ནང་ ནང་གཟན་

ཟེར་ཕ་མེས་ཚུ་གཞན་འོག་ལུ་ལཱ་འབད་དེ་སྡོད་མིའི་རིགས་དང་ གནད་དོན་སྣ་ཚོགས་ལུ་བརྟེན་ཏེ་མ་ཁྱིམ་ལས་

ཟུར་ཁར་ཐོན་མིའི་རིགས། ཧེ་མ་ཁྲལ་པའི་ཁྱིམ་ནང་ལས་བརྒྱུད་མི་མིན་པར་ཟུར་པའི་མི་རྒྱུད་ཀྱི་རིགས། ཕ་

མེས་ཚུ་རྒྱ་བོད་རྒྱལ་ཁབ་ལས་འོང་སྟེ་འབྲུག་ལུ་ས་ཞིང་མ་ཐོབ་པར་སྡོད་པའི་རིགས། ཕ་མ་བུ་ལོན་ལེ་ཤ་ཡོད་ མི་ཚུ་གིས་ཕ་ཞིང་བཙོང་ཚར་ཏེ་ཟ་སྤྱོད་འབད་སའི་ས་ཞིང་མེད་མི་ཚུ་ལུ་གཞུང་ལས་ས་ཞིང་སྟོང་པར་གནང་བའི་ ལམ་སྲོལ་བཟོ་གནང་ཡི།

དེ་ལས་ས་ཞིང་སོ་ནམ་གྱི་ལཱ་ལྕོགས་གྲུབ་མེད་པའི་དབུལ་ཕོངས་སྐྱིད་སྡུག་ཅན་ཚུ་ལུ་ཟླ་རིམ་བཞིན་དུ་གཞུང་

ལས་ལྟོ་ཕོགས་དངུལ་ཀྲམ་༨༠༠ རེ་གནང་ནི་འགོ་བཙུགས་ཅི། ཕ་མ་ཡ་བྲལ་དང་ དབུལ་ཕོངས་ཅན་གྱི་ཨ་

77


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལོ་སློབ་གྲྭ་ནང་བཏང་མ་ཚུགས་མི་ཚུ་ལུ་ བུ་ཚ་སློབ་གྲྭ་བཏང་དོན་ཟླ་རིམ་མཐུན་རྐྱེན་དངུལ་ཀྲམ་༣༠༠༠ རེ་

གནང་སྟེ་སློབ་གྲྭར་བཙུགས་གནང་པའི་སྐྱིད་སྡུག་གཟིགས་ཅི། དེ་བཟུམ་མི་སེར་ཉམ་ཆུང་ཚུ་གིས་སྐྱིད་སྡུག་ ཞུ་བར་ཐིམ་ཕུར་འོང་པའི་མཐར་མ་ཕྱིན་མི་ཚུ་གི་དོན་ལུ་ མངའ་བདག་རིན་པོ་ཆེའི་རྒྱལ་ཚབ་ཤར་ཕྱོགས་རྫོང་

ཁག་དྲུག་ནང་གཅིག་དང་ དབུས་ཕྱོགས་རྫོང་ཁག་དྲུག་ནང་གཅིག་བསྐོས་གནང་བའི་ཁར་ རྫོང་ཁག་རེ་ནང་ སྐྱིད་སྡུག་ངོ་ཚབ་ཟེར་མི་ངོ་རེ་བསྐོ་བཞག་གནང་སྟེ་ ཐད་ཀར་སྐྱིད་སྡུག་གཟིགས་པའི་སྲོལ་བཙུགས་ཅི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་གོང་གསལ་སྐྱིད་སྡུག་སེལ་ཐབས་ལུ་ འགྲོ་སོང་ཡང་

གཞུང་དངུལ་ཐོག་ལས་མིན་པར་ ཕན་བདེ་མ་དངུལ་ཟེར་བའི་མ་རྩ་བཞག་ཐོག་ལས་ རྒྱུ་འབྱོར་ཅན་ཚུ་གིས་

མི་དབང་མངའ་བདག་རིན་པོ་ཆེ་ལུ་སྔར་ལུགས་འབུལ་བ་རེ་ཕུལ་འདོད་ཡོད་མི་ཚུ་གིས་ ཆེ་འབྱོར་ཆུང་འབྱོར་ ཕུལ་མི་ཚུ་ཕན་བདེ་མ་དངུལ་ནང་བཙུགས་ཏེ་ ཕན་བདེ་མ་དངུལ་དེ་གིས་མི་སེར་ཉམ་ཆུང་གི་སྐྱིད་སྡུག་སེལ་ བའི་ཐབས་ལམ་གསརཔ་བཙུགས་གནང་ཡི།

༧ རྒྱལ་བརྒྱུད་ལོ་ངོ་བརྒྱ་འཁོར་གྱི་དུས་ཆེན་བརྩི་སྲུང་། སྤྱི་ལོ་༢༠༠༧ ཟླ༡༢ པའི་ཚེས་༡༧ ལུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་༡༠༠ འམ་རྒྱལ་བརྒྱུད་ལོ་

བརྒྱ་འཁོར་བའི་དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ སྐུ་མགྲོན་གཙོ་བོ་ མི་དབང་མངའ་བདག་རིན་པོ་ཆེ་དང་མི་ དབང་འབྲུག་རྒྱལ་བཞི་པ་རྣམ་གཉིས་ཕྱག་ཕེབས་གནང་སྟེ་བརྩི་སྲུང་ཞུ་ཡི། མི་དབང་མངའ་བདག་རིན་པོ་ཆེ་

མཆོག་གིས་ མི་མང་ལུ་གསུང་བཤད་འགོ་རང་ ཡབ་འབྲུག་རྒྱལ་བཞི་པ་མི་དབང་འཇིགས་མེད་སེང་གེ་དབང་

ཕྱུག་མཆོག་ལུ་ འབྲུག་གི་མི་མང་ཡོངས་ཀྱི་ཚབ་ཞུ་སྟེ་ རྒྱལ་ཁབ་དགའ་བ་དང་སྐྱིད་པ། ནམ་ཡང་འགྱུར་བ་ མེད་པར་བཙན་པ་བཟོ་གནང་བའི་སྐུ་དྲིན་དགའ་ཚོར་ཞུ་གནང་བའི་ཁར་ ད་ལས་ཕར་གཞུང་གི་ཕྱག་ལཱ་ཚུ་ག་

དེ་དྲག་དྲག་རྩ་འགེངས་ཏེ་ཕྱག་ཞུ་བའི་དམ་བཅའ་ཕུལ་ནི་ཨིན་ཟེར་གསུངམ་དང་གཅིག་ཁར་ ན་བཟའ་ཕབ་ གནང་མི་ཚུ་ལུ་ལྟ་སྟེ་ འབྲུག་མི་ཡོངས་ཀྱི་རྒྱུད་ལུ་ངལ་རངས་དང་ཡིད་ཆེས་སྦོམ་སྐྱེད་དགོཔ་བྱུང་ཡི།

78


ལེའུ་གཉིས་པ་ འབྲུག་རྒྱལ་ལྔ་པ་མ་མཛད་གོང་གི་མཛད་རྣམ།

སྤྱི་ལོ་༢༠༠༧ གྱི་རྒྱལ་ཡོངས་དུས་ཆེན་སྐབས་མི་མང་ལུ་གསུང་བཤད་གནང་བ།

༨ བྱང་ཕྱོགས་མཐའ་ཟུར་མི་སེར་གྱི་སྐྱིད་སྡུག། བྱང་ཕྱོགས་མཐའ་ཟུར་མི་སེར་གྱི་སྐྱིད་སྡུག་གཟིགས་ཚུལ་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་འོ་བརྒྱལ་བར་མ་གཟིགས་པར་ སྤྱི་ལོ་༢༠༠༨ སྤྱི་ཟླ་༨ པའི་ཚེས་༧ ལས་འགོ་བཙུགས་ཏེ་ མགར་ས་

ལས་སྦེ་བྱང་ཕྱོགས་ཀྱི་ས་མཚམས་བདའ་སྟེ་ཀི་ལོ་མི་ཀྲར་༣༠༠ ལྷགཔ་ཅིག་གི་རྩིས་ཞབས་ཐང་སྦེ་བྱོན་ཏེ་ མགར་ས་དང་ དབང་འདུས་ཕོ་བྲང་། སྤུ་ན་ཁ་དང་བུམ་ཐང་གི་ས་མཚམས་རི་འགོ་བདའ་སྟེ་གཟིགས་ཞིབ་

གནང་ཡི། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བྱང་ཕྱོགས་ཀྱི་མཐའ་ཟུར་གཡུས་ཚན་ཚུ་ནང་ཕེབས་ ཏེ་ སློབ་གྲྭ་དང་གཡག་རྫི་ཚུ་གི་སྡོད་སྒར་ནང་ཡང་ཆིབས་བསྐྱོད་གནང་སྟེ་འབྲོག་ཚོ་དེ་ཚུའི་མི་སེར་ཚུ་ལུ་ སྐྱིད་

79


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྡུག་གི་གསོལ་རས་གནང་བ་མ་ཚད་ ས་གནས་ཡར་རྒྱས་གོང་འཕེལ་གཏང་ནི་གི་འོས་འབབ་དབྱེ་ཞིབ་མཛད་ ཡོད་པ་དང་ ས་གནས་དེ་ཚུ་ནང་ཡོད་པའི་ ལྷ་ཁང་དང་དགོན་པ་རྩ་ཅན་ཉམས་ཆག་ཤོར་མི་ཚུ་བསྐྱར་བཞེངས་ འབད་དགོ་པའི་བཀའ་རྒྱ་ཡང་གནང་ནུག།

དེ་གིས་ལེའུ་གཉིས་པ་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་མ་ཞུ་བའི་གོང་གི་མཛད་རྣམ་སྐོར་ལས་

བཅུད་བསྡུས་ཏེ་ཞུ་ཚརཝ་ཨིན་ནོ། །འབྲུག་ཡུལ་དགའ་སྐྱིད་ལྡན་པའི་འོ་མཚོའི་ནང་། །མི་དབང་འཇིགས་མེད་ གེ་སར་དཔལ་བཞད་དེ། །འབྲུག་ཡུལ་ཕན་དེའི་གསེར་སྦྲང་བུང་བའི་གླུ། །འབྲུག་མི་ཡོངས་ཀྱི་རྣ་བའི་བདུད་རྩི་ དངོས། །ཟེར་མི་འདི་ཡང་བར་གྱི་ཚིགས་བཅད་དོ། །

80


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

81


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་ བཅའ་སྒྲིག། ༈

མཛའ་མཐུན་ཕོ་མོ་དུས་བཏབ་བཟོ་བའི་དུས་ཡུན་ཇི་བཞིན། །སྐར་ཆ་རེ་ཡང་ལོ་རེ་ལོན་བཞིན་ནམ་འོང་

རེ་བས། །འཇིགས་མེད་གེ་སར་གསེར་ཁྲིར་ཕེབས་པའི་དུས་ཚོད་བཟང་པོར། །གཞུང་དང་མི་སེར་མཐའ་དག་ ངལ་མེད་གྲབ་སྒྲིག་ཧུར་བརྩོན། །ཟེར་བའི་ཚིགས་བཅད་ཀྱིས་སྣ་འདྲེན་ཏེ་གསེར་ཁྲི་མངའ་གསོལ་གྱི་བཅའ་

སྒྲིག་སྐོར་ལས་གསལ་བཤད་འབད་ནི་དེ་ལུ་ཡང་། དང་པ་ འབྲུག་གི་རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ ལྷན་ཚོགས། གཉིས་པ་ཡན་ལག་ཚོགས་ཆུང་ཚུ་དང་ དེ་ཚུ་གི་ལཱ་འགན། གསུམ་པ་རྟེན་འབྲེལ་ས་ཁོངས་ ཀྱི་མཐོང་སྣང་བཤད་པ་བཅས་ ནང་གསེས་དབྱེ་རིམ་གསུམ་གྱི་སྒོ་ལས་བཤད་ནི་ཨིན།

དང་པ་ དགའ་སྟོན་གྱི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས། རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ལྷན་ཚོགས་སྐོར་ལས་མ་བཤད་པའི་ཧེ་མ་ སྤྱི་ལོ་༢༠༠༨ ཀྱི་འབྲུ​ུག་གི་

དུས་ཆེན་རྣམ་གསུམ་གྱི་ངོ་སྤྲོད་ཞུ་བ་ཅིན། རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་ཆེན་ངོ་མ་༡༧/༡༢/༠༧ ལུ་ ཕོག་མི་འདི་༡༧/༡༢/༠༨ ཚུན་ལོ་ངོ་གཅིག་གི་རིང་བརྩི་སྲུང་ཞུ་མི་འདི་དང་ སྤྱི་ཚེས་༡༨/༧/༠༨ ཀྱི་ཉིནམ་

འདི་རྩ་ཁྲིམས་ཆེན་མོའི་གུ་ འབྲུག་རྒྱལ་ལྔ་པ་གིས་ཕྱག་རྟགས་གནང་སྟེ་ཆ་འཇོག་གྲུབ་པའི་ མི་སེར་དམངས་ གཙོ་གཞུང་གི་རིང་ལུགས་དབུ་བརྙེས་པའི་དུས་ཆེན་དང་ སྤྱི་ཚེས་༦/༡༡/༠༨ ཀྱི་ཉིནམ་འདི་འབྲུག་རྒྱལ་ལྔ་ པ་གསེར་ཁྲི་མངའ་གསོལ་ཞུ་བའི་ཉིནམ་ཚུ་ལོ་ངོ་གཅིག་ནང་ཕོག་མི་དེ་ལུ་སྤྱི་ལོ་༢༠༠༨ ཀྱི་འབྲུག་གི་དུས་ ཆེན་རྣམ་གསུམ་ཟེར་ཞུཝ་ཨིན།

82


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

དུས་ཆེན་རྣམ་གསུམ་གྱི་དོན་ལུ་ འབྲུག་གཞུང་ལས་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཟེར་བའི་དམིགས་ བསལ་ལྷན་ཚོགས་གསར་དུ་བཙུགས་ཡོད་མི་དེ་ནང་། ཁྲི་འཛིན་བློན་ཆེན་འཇིགས་མེད་འོད་ཟེར་ཕྲིན་ལས་

ཀྱིས་དབུ་ཁྲིད་འོག་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ། རྒྱལ་གཟིམ་བགྲེས་པ་དྲགོས་རྡོ་རྗེ་རྒྱལ་

མཚན། རྒྱལ་པོའི་མགྲོན་གཉེར་དྲགོས་ཨོ་རྒྱན་རྡོ་རྗེ། ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་དྲགོས་ཤེས་རབ་

བསྟན་འཛིན། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་བར་པ་སྐལ་བཟང་། ནང་སྲིད་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག། ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ དྲགོས་དྲོག་ཀྲར་ བསོད་ནམས་བསྟན་འཛིན།

གསོ་བའི་དྲུང་ཆེན་ དྲགོས་ དྲོག་ཀྲར་ དགའ་མདོག་ཚེ་རིང་། བསྟན་རྒྱས་དྲུང་ཆེན་ དྲགོས་བསོད་ནམས་ཚེ་ རིང་། ཕྱི་འབྲེལ་དྲུང་ཆེན་ དྲགོས་ཡེ་ཤེས་རྡོ་རྗེ། དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ། ཤེས་རིག་དྲུང་ཆེན་ ཨམ་ སངས་རྒྱས་བཟང་མོ། ཞབས་ཏོག་དྲུང་ཆེན་ ཉི་མ་དབང་འདུས། སོ་ནམ་དྲུང་ཆེན་ ཤེས་རབ་རྒྱལ་མཚན། བརྒྱུད་

འབྲེལ་དྲུང་ཆེན་ངོ་ཚབ་ཕ་ལ་རྡོ་རྗེ། ཆེ་མཐོ་ཁྲིམས་ཁང་གི་དྲང་དཔོན་ དྲགོས་འཇིགས་མེད་བཟང་པོ། དྲག་པོའི་ དགུང་བློན་སྦ་ཀྲུ་ཚེ་རིང་། རྒྱལ་པོའི་སྐུ་སྲུང་ལས་དགུང་བློན་དོན་གྲུབ་ཚེ་རིང་། དམག་སྲིད་གོང་མ་འཆི་མེད་རྡོ་

རྗེ། དགེ་འདུན་བདག་སྐྱོང་ སློབ་དཔོན་རྒྱལ་མཚན། ལམ་སྲོལ་གྲོས་དཔོན་དྲགོས་སངས་རྒྱས་དབང་ཕྱུག། ཁྲིམས་སྲུང་འགག་སྡེའི་གཙོ་དཔོན་ དམག་སྲིད་སྐྱིབས་ཅུ་རྣམ་རྒྱལ། ཚོང་དང་བཟོ་གྲ་ཚོགས་སྡེའི་སྲིད་འཛིན་

འོག་མ་ དྲགོས་ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ། ཚོགས་འདུའི་དྲུང་ཆེན་ཉིམ་ཚེ་རིང་། བི་ པི་ སི་ གི་འཛིན་སྐྱོང་མདོ་ཆེན་ ན་རཱཐ་ ཏ་མང་། ཀྲི་ སི་ སི་ བཀོད་ཁྱབ་དྲུང་ཆེན་ ཕུན་ཚོགས་རྒྱལ་མཚན། གཞུང་ཆས་བདག་སྐྱོང་ཡོངས་ ཁྱབ་མདོ་ཆེན་ ལྷམ་རྡོ་རྗེ་བཅས་པའི་འཐུས་མི་ཚུ་ཡོདཔ་ཨིན། (ཧེ་མ་བཏོན་མི་ལྷན་ཚོགས་དང་ ཤུལ་ལས་ ཀྱི་ལྷན་ཚོགས་གཉིས་ཆ་ར་གི་མཚན་ཐོ་བཏོན་ཐོག་ལས་བྲིས་ཡོདཔ་ཨིན།)

གོང་གི་ལམ་སྟོན་བཀོད་ཚོགས་ཀྱི་བཀོད་ཁྱབ་འོག་ འབྲུག་རྒྱལ་ཁབ་ཀྱི་དུས་ཆེན་རྣམ་གསུམ་གྱི་དགའ་སྟོན་ བཅའ་སྒྲིག་ཡོངས་རྫོགས་འགོ་འདྲེན་འཐབ་དགོ་པའི་གྲོས་ཆོད་གནང་ཡི།

རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ལྷན་ཚོགས་དེ་ཡང་འགོ་དང་པ་ སྤྱི་ཚེས༡༧/༤/༠༥ ལུ་ཁྲི་འཛིན་ནང་

སྲིད་བློན་པོ་ མི་རྗེ་འཇིགས་མེད་འོད་ཟེར་ཕྲིན་ལས་ཀྱི་དབུ་ཁྲིད་འོག་རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་གྱི་དོན་

83


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལུ་བཙུགས་ཡོད་རུང་ དེ་གི་ཤུལ་མ་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་ནི་གི་ཐུགས་ཐག་ཡང་

བཅད་གནངཔ་ལས་བརྟེན་ སྤྱི་ཚེས་༢༡/༧/༠༦ ལས་གསེར་ཁྲི་མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱའི་

དགའ་སྟོན་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ལུ་མིང་གནས་བསྐྱར་གསོ་མཛད་གནངམ་དང་གཅིག་ཁར་ རྒྱལ་ཁབ་ནང་མི་སེར་དམངས་གཙོའི་གཞུང་གསར་བཙུགས་ཀྱི་བཅའ་སྒྲིག་གི་མཛད་སྒོ་ཚུ་ཡང་ ལྷན་ཚོགས་ ཀྱིས་སྟབས་གཅིག་ཁར་མཛད་ནི་གུ་ཐུགས་ཐག་བཅད་གནང་ནུག།

དེ་གི་ཤུལ་མ་ལྷན་ཚོགས་ཀྱི་ཁྲི་འཛིན་ མི་རྗེ་ནང་སྲིད་བློན་པོ་སྲིད་དོན་ནང་བཅའ་མར་གཏོགས་དོན་ལུ་དགོངས་ ཞུ་མཛད་གནངཔ་ལས་བརྟེན་ སྤྱི་ཚེས་༢༡/༨/༠༧ ལུ་འཚོགས་མི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཐེངས་

༡༠ པ་ལས་ལྷན་ཚོགས་ཀྱི་ཁྲི་འཛིན་ གཞུང་སྲིད་འགན་འཛིན་བློན་ཆེན་མི་རྗེ་ཞབས་ཏོག་བློན་པོ་ཀུན་བཟང་ རྡོ་རྗེ་གིས་མཛད་གནང་ཡི། མཐའ་མཇུག་ལུ་འབྲུག་ཕུན་སུམ་ཚོགས་པའི་ཁྲི་འཛིན་ མི་རྗེ་འཇིགས་མེད་འོད་ ཟེར་ཕྲིན་ལས་ཀྱིས་དམངས་གཙོའི་སྲིད་གཞུང་གི་བློན་ཆེན་དང་པའི་མཚན་གནས་བཞེས་ཡོདཔ་ལས་སྤྱི་ཚེས་

༡/༥/༠༨ ལུ་འཚོགས་པའི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཐེངས་༡༥ པ་ལས་ཁྲི་འཛིན་གྱི་ཕྱག་འགན་ ལོག་སྟེ་རང་བློན་ཆེན་འཇིགས་མེད་འོད་ཟེར་ཕྲིན་ལས་ཀྱིས་བཞེས་གནང་ཡི།

འབྲུག་གི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ལུ་མི་དབང་འབྲུག་རྒྱལ་གཞི་པ་མཆོག་གིས་ ཧེ་མ་ལས་ལྷན་ རྒྱས་གཞུང་ཚོགས་ལུ་ བཀའ་གནང་པའི་གྲལ་ལས་ དགའ་སྟོན་བཅའ་སྒྲིག་དང་འབྲེལ་བ་ཡོད་པའི་རྩ་དོན་ སྐོར་ལས་ བསྐྱར་གསལ་ཞུ་བ་ཅིན། འབྲུག་གི་རྒྱལ་རབས་ནང་ལུ་ འབྲུག་རྒྱལ་པོ་གསེར་ཁྲི་མངའ་གསོལ་ ཞུ་ནི་དང་ རྒྱལ་བརྒྱུད་ཀྱི་རིང་ལུགས་ལོ་ངོ་བརྒྱ་འཁོར་བའི་དུས་ཆེན་བརྩི་སྲུང་། དེ་ལས་འབྲུག་ལུ་སྤྱི་ཚོགས་

ཀྱི་དམངས་གཙོའི་གཞུང་ལུགས་འགོ་བཙུག་ནི་གི་མཛད་ཆེན་གསུམ་གྱི་དགའ་སྟོན་ཚུ་སྤྱི་ལོ་༢༠༠༨ ལུ་དུས་ མཉམ་ལུ་རྟེན་འབྲེལ་བརྩི་སྲུང་ཞུ་དགོཔ་སྦེ་བཀའ་གནང་ནུག།

སྤྱི་ལོ་༢༠༠༨ ལུ་དགའ་སྟོན་ཚུ་བརྩི་སྲུང་ཞུཝ་ད་ འབྲུག་ལུ་དགའ་སྤྲོ་དེ་བ་ལྷགཔ་སྦེ་དུས་ནམ་ཡང་མི་འབྱུང་ ཟེར་མི་དབང་མཆོག་གིས་གསུངས་པའི་ཁར་ ཨིན་རུང་དགའ་སྟོན་ཚུ་གོང་འཕེལ་ ལས་སྣ་ཚུ་ལུ་ཐོ་མ་ཕོགཔ་

སྦེ་དང་ དོན་མེད་ཀྱི་ཟད་འགྲོ་ཚུ་མ་གཏང་པར་ སྔར་སྲོལ་ལམ་ལུགས་ཚུ་དང་འཁྲིལ་ཏེ་ཚུལ་མཐུན་སྦེ་ བརྩི་

84


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

སྲུང་ཞུ་དགོ་ཟེར་གསུངས་ནུག། དགའ་སྟོན་གྱི་རྟེན་འབྲེལ་ཚུ་བརྩི་སྲུང་འབདཝ་ད་འབྲུག་གི་མི་སེར་དང་ཕྱིའི་ ལྟ་རྟོག་པ་ཚུ་ལུ་ ངེས་ཤེས་འདྲོངས་ཚུགས་པའི་སྒོ་ལས་ འགོ་འདྲེན་ཚུལ་མཐུན་འཐབ་སྟེ་ གཞུང་ལུ་སྐྱོན་ བརྗོད་ཀྱི་གཞི་གནད་ཅིག་ལུ་འགྱུར་བཅུག་ནི་མི་འོང་ཟེར་བཀའ་གནང་ནུག།

མི་དབང་མངའ་ཞབས་མཆོག་གིས་སྤྱི་ལོ་༢༠༠༨ ལུ་དགའ་སྟོན་གྱི་རྟེན་འབྲེལ་ཚུ་བརྩི་སྲུང་ཞུ་ནིའི་དོན་ལུ་ བཀྲ་ཤིས་ཆོས་རྫོང་གི་སྦོ་ལོགས་ཁར་ཡོད་པའི་ གཞུང་གི་ཡིག་ཚང་ཚུ་ལོག་གསརཔ་རྐྱབ་པ་ཅིན་དུས་ཚོད་ ཁར་ བསྒྲུབས་མི་ཚུགས་ནི་ཨིནམ་ལས་ ད་ལྟོ་སྐབས་ཅིག་བཟོ་བསྐྲུན་གྱི་ལཱ་ཚུ་ བཞག་དགོ་པའི་གྲོས་འཆར་

གསུངས་ཡོདཔ་མ་ཚད་ ད་ལྟོ་ཡོད་མི་ཡིག་ཚང་ཚུ་ ཤུལ་མ་མ་དངུལ་ཐོབ་སྟེ་བཟོ་བསྐྲུན་གྱི་ལཱ་གསརཔ་ཚུ་

འགོ་མ་བཙུགས་ཚུན་ཚོད་ཉམས་བཅོས་འབད་དེ་ལག་ལེན་འཐབ་བཏུབ་ནི་མས་ཟེར་གསུངས་ནུག། ད་རུང་ རྫོང་གི་རྒྱབ་ཁར་ལྷན་ཁག་གི་ཡིག་ཚང་གསརཔ་རྐྱབ་ནི་གི་འཆར་གཞི་ཡོད་མི་དེ་ཡང་ ཤུལ་ལས་མ་དངུལ་ ཚུ་ཐོབ་ད་གཞུང་གསརཔ་གིས་ འགོ་བཙུག་ནི་གི་དོན་ལུ་བཞག་དགོཔ་སྦེ་བཀའ་གནང་ནུག།

དེ་ལས་ ཐིམ་ཕུའི་ལོ་བསྟར་ཚེས་བཅུ་སྟོན་ནིའི་དོན་ལུ་ བཀྲ་ཤིས་ཆོས་རྫོང་གི་ཕྱི་ཁར་ རྟེན་གཞི་ཅིག་རྐྱབ་ནི་

གི་ འཆར་གཞིའི་ཐད་ལུ་ མི་དབང་མཆོག་གིས་རྒྱབ་སྐྱོར་གནང་མིའི་ནང་ ཚེས་བཅུ་མཇལ་བར་འོང་མི་ ལོ་

བསྟར་བཞིན་དུ་ཡར་སེང་འགྱོ་མི་ཚུ་ ཤོང་ནིའི་དོན་ལུ་རྫོང་གི་ཕྱི་ཁར་ ས་ཁོངས་སྦོམ་ཅིག་བཟོ་དགོཔ་འདི་གལ་ ཆེ་བས། ལྟ་བཤལཔ་ཚུ་རྫོང་གི་རྡོ་གཅལ་ནང་སྡོད་ས་ཐོབ་ད་ འབྲུག་མི་ཚུ་རྫོང་གི་ཁྱིམ་ཐོག་དང་ ཤམ་བར་ལུ་ འཛེགས་ཏེ་དང་ བྱ་སྟབས་མ་བདེ་བའི་ས་ཁོངས་གཞན་ཚུ་ནང་ལས་ ཚེས་བཅུ་མཇལ་དགོཔ་བྱུང་མི་ལུ་བལྟཝ་ ད་ མཐོང་སྣང་ལེགས་ཤོམ་ཅིག་མི་མཐོང་པས་ཟེར་བཀའ་གནང་ནུག།

རྟེན་གཞི་གཞན་ཅིག་ལེགས་བཅོས་འབད་དགོཔ་ཡོད་མི་དེ་ཅང་གླིང་མའི་ཐང་ཨིནམ་ལས་ ས་ཁོངས་དེ་སྤྱི་ ལོ་༡༩༧༤ ལུ་འབྲུག་རྒྱལ་བཞི་པ་གསེར་ཁྲི་མངའ་གསོལ་ཞུ་ཞིནམ་ལས་ཚུ་ཉམས་བཅོས་རྒྱ་ཆེཝ་ཅིག་

འབད་སར་མ་མཐོང་ཟེར་གསུངས་ཏེ་ སྤྱི་ལོ་༢༠༠༨ ལུ་དགའ་སྟོན་མང་ཤོས་ཅིག་རང་ཅང་གླིང་མའི་ཐང་ནང་ ལུ་བརྩི་སྲུང་ཞུ་ནི་ཨིནམ་ལས་ དེ་བསྟུན་གྱི་གྲ་སྒྲིག་དང་ལེགས་བཅོས་ཚུ་འབད་དགོ་ཟེར་བཀའ་གནང་ནུག།

85


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱིས་ གསེར་ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་

བཅའ་སྒྲིག་འགོ་འདྲེན་དོན་ལུ་ ཡན་ལག་ཚོགས་ཆུང་ཚུ་དང་ འབྲེལ་ཡོད་ལྷན་ཁག་ཚུ་ལུ་འགན་ཁག་བཀལ་

གནང་བ་མ་ཚད་ དེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་དང་ དེ་ཚུ་གི་འགན་ཁག་ནང་མ་ཚུད་པའི་ལཱ་ ཚུ་གི་དོན་ལུ་ ལམ་སྟོན་ལྷན་ཚོགས་ཀྱི་ལྷན་ཁག་ཡིག་ཚང་ཅིག་ཡང་གསར་བཙུགས་གནང་ནུག། དེ་ནང་ལྷན་

རྒྱས་གཞུང་ཚོགས་དྲུང་ཆེན་ དྲགོས་ཤེས་རབ་རྒྱལ་མཚན་གྱི་འགོ་འཁྲིད་འོག་ མདོ་ཆེན་ བསོད་ནམས་ཟླ་ བ་དང་ ཕྲིན་ལས་རྡོ་རྗེ་དང་གཅིག་ཁར་ དངུལ་རྩིས་འགོ་དཔོན་ བསོད་ནམས་ཉི་མ། བདག་སྐྱོང་ཞིབ་རོགས་ བཀྲིས་ཚེ་རིང་། ཡིག་ཚང་ལས་དྲུང་བཀྲིས་དབང་མོ། དངུལ་རྩིས་ལས་དྲུང་བདེ་ཆེན་མཚོ་མོ། ཡིག་ཚང་ལས་

དྲུང་ཡཻས་དབང་མོ། བདག་སྐྱོང་ལས་རོགས་ཚེ་རིང་ལྷ་མོ། འདེད་གཡོགཔ་ ཡཻས་དབང་ཕྱུག་དང་ ཚེ་དབང་ རྣམ་རྒྱལ། ཡིག་སྐྱེལ་པ་/བདག་སྐྱོང་པ་སངས་རྒྱས་སྒྲོལ་མ་ཚུ་ཨིན་མས།

གཉིས་པ་ ཡན་ལག་ཚོགས་ཆུང་ཚུ་དང་ དེ་ཚུའི་ལཱ་འགན། རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁྱད་པར་ཅན་གྱི་དུས་སྟོན་རྣམ་གསུམ་སྟབས་གཅིག་ཁར་

བརྩི་སྲུང་ཞུ་ནིའི་དོན་ལུ་ ལཱ་འགན་མ་འདྲཝ་ཚུ་གི་འགན་ཁག་འབག་མི་ ལས་རིམ་འགོ་འདྲེན་ཚོགས་ཆུང་

ལས་ འགོ་བཟུང་སྟེ་གཤམ་གསལ་ ཡན་ལག་ཚོགས་ཆུང་ཁག་༡༠ དང་འབྲེལ་ཡོད་ལྷན་ཁག་དང་ལས་སྡེ་ ཁག་༡༡ ངོས་འཛིན་འབད་ཡོད་མི་དེ་ཚུ་ཡང་། ༡

ལས་རིམ་འགོ་འདྲེན་ཚོགས་ཆུང་།

ཁྲི་འཛིན་བློན་ཆེན་འཇིགས་མེད་འོད་ཟེར་ཕྲིས། གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ།

རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན། རྒྱལ་མགྲོན་དྲགོས་ཨྱོན་རྡོ་རྗེ། ལྷན་རྒྱས་གཞུང་ཚོགས་ དྲུང་ཆེན་དྲགོས་ཤེས་རབ་བསྟན་འཛིན། བསྟན་སྲུང་གཙོ་དཔོན་གུང་བློན་འོག་མ་སྦ་ཀྲུ་ཚེ་རིང་། སྐུ་སྲུང་གཙོ་དཔོན་གུང་བློན་འོག་མ་དོན་གྲུབ་ཚེ་རིང་། ལམ་སྲོལ་གྲོས་དཔོན་དྲགོས་སངས་རྒྱས་

དབང་ཕྱུག། ཁྲིམས་སྲུང་གཙོ་དཔོན་དམག་སྲིད་སྐྱིབ་ཅུ་རྣམ་རྒྱལ། བི་སི་སི་ཨེས་ཀྱི་སྲིད་འཛིན་

86


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

འོགམ་དྲགོས་ཨྱོན་ཚེ་ཁྱབ་རྡོ་རྗེ། རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ཉིམ་ཚེ་རིང་། གཞུང་ཆས་ བདག་སྐྱོང་ལས་ཁུངས་ཡོངས་ཁྱབ་མདོ་ཆེན་ལྷ་མོ་རྡོ་རྗེ། ༢

རྩོམ་རིག་དང་དཔེ་སྐྲུན་ཚོགས་ཆུང་།

ཁྲི་འཛིན་ཤེས་རིག་དྲུང་ཆེན་ ཨམ་སངས་རྒྱས་བཟང་མོ། དྲགོས་ ཀརྨ་ ཨུ་ར། དྲགོས་ པདྨ་ཕྲིན་ལས།

དྲགོས་ སངས་རྒྱས་རྡོ་རྗེ། ཤེས་རིག་མདོ་ཆེན་ ཚེ་དབང་རྟ་མགྲིན། གཙུག་ལག་ཞིབ་འཚོལ་མདོ་ ཆེན་ཕུན་ཚོགས་ཆོས་སྒྲོན། ཀུན་གསལ་འཛིན་སྐྱོང་མདོ་ཆེན་འོག་མ་ བཙན་སྐྱོགས་ཚེ་རིང་། ལམ་

སྲོལ་ལས་ཁུངས་མདོ་ཆེན་ རྡོ་རྗེ་ཚེ་རིང་། གསར་ཤོག་འབྲུག་གི་དུས་ཚོད་རྩོམ་སྒྲིག་འགོ་དཔོན་

བསྟན་འཛིན་རིག་ལྡན། རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་མདོ་ཆེན་ དྲོག་ཀྲར་ བླམ་རྡོ་རྗེ། གནས་ སྐབས་དྲུང་ཆེན་ ཤེས་རིག་བརྡ་བརྒྱུད་འགོ་འཛིན་ སངས་རྒྱས་རྡོ་རྗེ་བཅས་པའི་འཐུས་མི་བཅིུག། ༣

བརྡ་བརྒྱུད་དང་བརྒྱུད་འབྲེལ་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ བརྒྱུད་འབྲེལ་ལྷན་ཁག་གི་ངོ་ཚབ་དྲུང་ཆེན་ཕ་ལ་རྡོ་རྗེ། དྲི་ ཨེ་ ཨའི་ ཨེམ་གི་མདོ་ཆེན་ བསོད་ནམས་ཕུན་ཚོགས། ཀུན་གསལ་རྩོམ་སྒྲིག་པ་ ཕུན་ཚོགས་དབང་འདུས། རྒྱང་བསྒྲགས་འཛིན་

སྐྱོང་མདོ་ཆེན་ པདྨ་ཆོས་སྒྲོན། ཐག་རྒྱུད་ལག་ལེན་ཚོགས་པའི་ཁྲི་འཛིན་འོག་མ་ ཇེ་ དྲི་ དཀར་ཅུང་ ། གློག་བརྙན་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན། གསར་ཤོག་འབྲུག་གནས་

ལུགས་ཀྱི་བདག་སྐྱོང་ ཕུན་ཚོགས་དབང་མོ། གསར་ཤོག་འབྲུག་དུས་ཚོད་ཀྱི་འཛིན་སྐྱོང་མདོ་ཆེན་ བསྟན་འཛིན་རིག་ལྡན། བརྒྱུད་ཕྲིན་འཛིན་སྐྱོང་མདོ་ཆེན་ ཕྲིན་ལས་རྡོ་རྗེ། འབྲུག་འགྲེམས་ ངོ་ཚབ་ འཛིན་སྐྱོང་མདོ་ཆེན་ཚུ་འཐུས་མི་སྦེ་བསྐོས་ནུག། ༤ སྤྲོ་སྟོན་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ། ཁྲི་འཛིན་འོག་མ་ ལམ་སྲོལ་མདོ་ཆེན་ རྡོ་ རྗེ་ཚེ་རིང་། འཐུས་མི་ རྒྱལ་གཞུང་ཟློས་གར་ལྟེ་བ་ལས་ ཕུར་པ་རྡོ་རྗེ། དགེ་འདུན་བདག་སྐྱོང་ སློབ་

87


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་མཚན། དགེ་འདུན་པའི་ ཆོས་གོས་གཉེར་པ་ སློབ་ཚེ་རིང་རྡོ་རྗེ། ཤེས་རིག་ལས་ མི་སྟོབས་ གཙོ་འཛིན་འོག་མ་ བསོད་ནམས་ཚེ་རིང་། བཀྲིས་སྙན་ཆ་ལས་ བཀྲིས་ནོར་བུ། ཟློས་གར་སྤུན་གསུམ་

ལས་ བརྩོན་འགྲུས། འཇིགས་བྲལ་སྤྲོ་སྟོན་ལས་ དངོས་གྲུབ་རྡོ་རྗེ། ཁུ་བྱུག་གླུ་དབྱངས་ལས་ ཚེ་ དབང་བློ་གྲོས། ཐིམ་རྫོང་ཤེས་རིག་འགོ་དཔོན་འོག་མ་ ཨོ་རྒྱན་ཚེ་རིང་། འབྲུག་མདའ་རྩེད་ལས་

ཕུན་ཚོགས་དབང་འདུས། ཏའི་ཀོན་ཌོ་ལས་ ཡོན་ཏན་མཐར་ཕྱིན། ནང་ལུགས་རྩེད་རིགས་ལས་ ལྷ་ རྒྱལ་ཚེ་རིང་། ནོར་གླིང་ལས་ ཨོ་རྒྱན་རྡོ་རྗེ་ཚུ་ཨིན་པས། ༥

མགྲོན་བསུ་དང་དྲང་བཞག་ཡན་ལག་ཚོགས་ཆུང་།

བལྟ་བཤལ་ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས། དགེ་འདུན་བདག་སྐྱོང་ སློབ་རྒྱལ་མཚན། ཕྱི་འབྲེལ་མགྲོན་བདག་གཙོ་འཛིན་འོག་མ་ དཔག་བསམ་དབང་འདུས། ལཱ་གཡོག་གནས་ཚད་མདོ་ ཆེན་ སངས་རྒྱས་རྡོ་རྗེ། ཤེས་རིག་ན་གཞོན་དང་མཐོ་རིམ་མདོ་ཆེན་ ཉིམ་སྒྲོལ་མ། ནང་སྲིད་དྲུང་ཆེན་ འོག་མ་ ནོར་བུ་ཚེ་རིང་། ཨེ་ བི་ ཀྲི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྡོ་རྗེ། ཐིམ་ཕུ་རྫོང་བདག་

བཙན་སྐྱོགས་ཚེ་རིང་། སྤ་རོ་རྫོང་བདག་ རྣམ་རྒྱལ་དབང་ཕྱུག། སྤུ་ན་རྫོང་བདག་ ཟླ་བ་ལ་ཚུ་ཨིན་ པས། ༦

མགྲོན་བདག་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ ཕྱི་འབྲེལ་དྲུང་ཆེན་ཡེ་ཤེས་རྡོ་རྗེ། ཕྱི་འབྲེལ་མགྲོན་བདག་ ཀུན་བཟང་རྣམ་རྒྱལ། ཕྱི་འབྲེལ་ མདོ་ཆེན་འོག་མ་ ཨོ་རྒྱན་ཆོས་འཛོམས། གསོ་བའི་ཡོངས་ཁྱབ་མདོ་ཆེན་ དྲོག་ཀྲར་ རྡོ་རྗེ་དབང་ཕྱུག། ཕྱི་འབྲེལ་ལམ་ཡིག་འགོ་དཔོན་ ཚེ་རིང་སྟོབས་རྒྱས། འབྲུག་མཁའ་འགྲུལ་ མདོ་ཆེན་འོག་མ་ཀརྨ་

དབང་ཕྱུག། གནམ་གྲུའི་མདོ་ཆེན་འོག་མ་ རྟ་མགྲིན་རྒྱ་མཚོ། ནང་སྲིད་ཕྱི་མི་འགོ་དཔོན་གཙོ་འཛིན་

རིག་འཛིན་དབང་ཕྱུག། འོང་འབབ་དང་ཅ་དམ་སྲུང་ཕྱོགས་མདོ་ཆེན་ ཀརྨ་ བློ་གྲོས། ལམ་འགྲུལ་ཉེན་ སྲུང་དང་སྐྱེལ་འདྲེན་ཐོ་དེབ་འགོ་དཔོན་གཙོ་འཛིན་ ཧར་ཀ་ ཏ་མང་། འབྲུག་འགྲེམས་ལས་ བདེ་སྐྱིད་ དབང་མོ་ཚུ་ཨིན་པས།

88


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཉེན་སྲུང་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ སྐུ་སྲུང་དམག་སྲིད་སྐྱིབས་ཅུ་རྡོ་རྗེ། དམག་སྲིད་འོག་མ་ འཆི་མེད་རྡོ་རྗེ། བསྟན་སྲུང་ལས་ དམག་ སྲིད་སྐལ་བཟང་རྡོ་རྗེ། ཕྱི་འབྲེལ་མགྲོན་བདག་ བཙན་དྲག་སྟོབས་རྒྱས། མགྲོན་བདག་གཙོ་འཛིན་ ཨོ་རྒྱན་ དབང་ཕྱུག་ཚུ་བཏོན་ནུག།

ཁས་བླང་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་བརཔ་སྐལ་བཟང་། ཁྲི་འཛིན་འོག་ མ་ ལཱ་གཡོག་དྲུང་ཆེན་ དྲགོས་ དྲོག་ཀྲར་བསོད་ནམས་བསྟན་འཛིན། མི་སྡེ་གསོ་བའི་འཕྲོད་བསྟེན་

ཡོངས་ཁྱབ་མདོ་ཆེན་ དྲོག་ཀྲར་ རྡོ་རྗེ་དབང་ཕྱུག། བརྒྱུད་ཕྲིན་ཡོངས་ཁྱབ་མདོ་ཆེན་ཕྲིན་ལས་རྡོ་རྗེ།

གློག་ཤུགས་འཛིན་སྐྱོང་མདོ་ཆེན་ བཱ་རཱཏ་ ཏ་མང་། ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་མདོ་ཆེན་ བཀྲ་ཤིས་ནོར་བུ། ན་གཞོན་གོང་འཕེལ་མ་དངུལ་མདོ་ཆེན་ ཨམ་ གཡང་བདེ་དཔལ་འབྱོར། ཏཱ་རཱ་

ཡ་ན་ལས་ མདོ་ཆེན་ འཆི་མེད་དཔལ་སྒྲོན་དབང་འདུས། ལིང་དཔོན་བགྲེས་པ་ ཀརྨ་ བསྟན་འཛིན།

ཚོང་དང་བཟོ་གྲྭ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཕུབ་ཚེ་རིང་། གཡོག་སྤྲོད་མདོ་ཆེན་ ཀརྨ་ ཚེ་རིང་། འགག་སྡེ་ལས་ ལིང་དཔོན་ཀརྨ་ ཚེ་རིང་། ཞི་གཡོག་ལྷན་ཁག་ལས་ ཀུན་ལེགས་གཡང་འཛོམས། སྨྱོ་རྫས་བཀག་དམ་བཀོད་ཁྱབ་མདོ་ཆེན་ ཀུན་ལེགས་རྡོ་རྗེ། ཤེས་རིག་ལས་ དབང་ཕྱུག་རྣམ་རྒྱལ།

བཀྲ་ཤིས་ཚོང་སྡེའི་ བཀོད་ཁྱབ་དྲུང་ཆེན་ ཕུན་ཚོགས་རྒྱལ་མཚན། ཞི་གཡོག་ལས་བར་ཅུང་ཕུབ་རྡོ་ རྗེ་ཚུ་བཏོན་ནུག། ༩

དངུལ་འབྲེལ་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་དངུལ་རྩིས་དྲུང་ཆེན་བླམ་རྡོ་རྗེ། འོང་འབབ་དང་ཅ་དམ་མདོ་ཆེན་ ཆོས་བཟང་ཕྲིན་ལས། འཆར་ དངུལ་མདོ་ཆེན་ མཆོད་རྟེན་དབང་ཕྱུག། ཚོང་དང་བཟོ་གྲྭ་ཚོགས་སྡེའི་སྲིད་འཛིན་འོག་མ་ བརཔ་ཀུན་

དགའ། གསོ་བའི་ལྷན་ཁག་ལས་ ཕྲིན་ལས་རྡོ་རྗེ། ཕྱི་འབྲེལ་ལྷན་ཁག་ལས་ པདྨ་དབང་ཕྱུག་ཚུ་ བཏོན་ནུག།

89


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

༡༠

མཁོ་སྒྲུབ་ཡན་ལག་ཚོགས་ཆུང་།

ཁྲི་འཛིན་ ནང་སྲིད་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག། དངུལ་རྩིས་དྲུང་ཆེན་འོག་མ་ ཕན་འཕེལ་ འབྲུག་པ། ཤེས་རིག་བདག་སྐྱོང་ བཀྲ་ཤིས་སྟོབས་རྒྱས། དགའ་སྟོན་ལྷན་ཚོགས་ཡིག་ཚང་ལས་ ཕྲིན་ལས་རྡོ་རྗེ་ཚུ་བཏོན་ནུག།

༡༡

འབྲེལ་ཡོད་ཀྱི་ལྷན་ཁག་དང་ལས་སྡེ་ཚུ་ལས། ༡ གཞུང་གྲྭ་ཚང་། ༢ ནང་སྲིད་དང་ལམ་སྲོལ་ལྷན་ཁག། ༣ ཞབས་ཏོག་ལྷན་ཁག། ༤ ལཱ་གཡོག་ལྷན་ཁག། ༥ དངུལ་རྩིས་གཞུང་ཆས་བདག་སྐྱོང་ལས་ཁུངས་། ༦ གསོ་བའི་ལྷན་ཁག། ༧ སོ་ནམ་ལྷན་ཁག། ༨ ཤེས་རིག་ལྷན་ཁག། ༩ མངའ་བདག་རྒྱལ་པོའི་ཡིག་ཚང་། ༡༠ འབྲུག་ཨོ་ལོམ་པིག་ཚོགས་པ། ༡༡ མི་སེར་དང་ལེན་ཚོགས་པ་བཅས་ཨིན་མས།

གོང་གསལ་ཡན་ལག་ཚོགས་ཆུང་ཚུ་དང་ལྷན་ཁག་ཚུ་གིས་མཛད་དགོ་པའི་ཕྱག་ལཱ་གི་རིམ་པ་ཡང་།

90


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ལས་རིམ་འགོ་འདྲེན་ཚོགས་ཆུང་གིས།

ལས་རིམ་འགོ་འདྲེན་ཚོགས་ཆུང་དང་ མངའ་བདག་རྒྱལ་པོའི་ཡིག་ཚང་གི་ལམ་སྟོན་འོག་ དམིགས་

བསལ་བཀའ་དོན་དང་འབྲེལ་བའི་བཅའ་སྒྲིག་གི་དོན་ལུ་ ལས་འགུལ་ཚོགས་ཆུང་ཅིག་བཙུགས་ཡོད་ མི་དེ་ནང་ ཁྲི་འཛིན་ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་དང་དྲགོས་ཀརྨ་ དགེ་ལེགས་ཀྱིས་ དབུ་ཁྲིད་མཛད་དེ་ ཁྲི་འཛིན་འོག་མ་ རྒྱལ་གཟིམ་རྡོ་རྗེ་རྒྱལ་མཚན། འཐུས་མི་དྲགོས་པ་སངས་

སྟོབས་རྒྱས། སྐལ་བཟང་རྡོ་རྗེ། དྲང་དཔོན་ཨོ་རྒྱན། རྡོ་རྗེ་རྒྱལ་མཚན་བཅས་པའི་སྡེ་ཚན་གྱིས་འགོ་ འདྲེན་འཐབ་སྟེ།

མངའ་བདག་རྒྱལ་པོའི་དབུ་ཞྭ་ཁམས་གསུམ་དབང་འདུས་གསར་བཞེངས། འབྲུག་རྒྱལ་ཁབ་ཀྱི་

ནང་རྟེན་གཙོ་བོ་མ་ཆེན་རིན་པོ་ཆེའི་སྐུ་མདུན་ལུ་ དངུལ་ལྗང་བརྡུང་གི་མཆོད་ཆས་རིགས་ཆ་ཚང་ གསར་བསྐྲུན། སྤུངས་ཐང་ཁའི་དོན་ལུ་ཙན་དན་དམར་པོའི་གསེར་ཁྲི་ཅོག་སྒྲོམ་དང་བཅས་པ་གསར་

བསྒྲུབ། མ་ཆེན་སྐུ་མདུན་ལུ་བཞུགས་ཁྲི་ཆུང་ཀུ་ཅིག་གསར་བསྒྲུབ། དེ་བཟུམ་ཕོ་བྲང་གི་དོན་ལས་ བླ་

བྲེ་ མཆོད་རྫས་ ཁྲི་ཁེབས་ དབུ་ཞ་ གསེར་གྱི་ཀོངམ། བཀའ་བརྒྱུད་བླ་མ་ཡོངས་རྫོགས་ཀྱི་གསེར་ བྲིས་ཞལ་ཐང་གསར་བཞེངས། དེ་བཟུམ་གསུང་རྟེན་ ཞབས་དྲུང་རྣམ་ཐར་གསེར་བྲིས། གཙང་མཁན་

ཆེན་གྱི་རྣམ་ཐར་གསེར་བྲིས། བཀའ་བརྒྱུད་གསེར་ཕྲེང་གསེར་བྲིས། སངས་རྒྱས་མཚན་བརྒྱ་ པདྨ་

བཀའ་ཐང་གསེར་བྲིས། དེ་ཚུ་ནང་བཙུག་ནི་གི་སྐུ་བརྙན་ཚུ་ཡང་གྲུབ་ཐོབ་རྒྱ་མཚོ། གནས་བརྟན་བཅུ་ དྲུག། གུ་རུ་མཚན་བརྒྱད། གཏད་རབས་བདུན། གསང་བདེ་འཇིགས་གསུམ་གྱི་ལྷ་ཚོགས་ཡོངས་

རྫོགས། དགོངས་འདུས་ལྷ་དགུ། ཕུར་པའི་ལྷ་ཚོགས། དྲག་དམར་ལྷ་ཚོགས། དྲག་པོ་དམར་ཆེན་ ལྷ་ཚོགས། ཆོས་སྲུང་ཡོངས་རྫོགས། རྒྱལ་ཆེན་བཞི། བདེ་གཤེགས་མཆོད་རྟེན་བརྒྱད། སྤར་བྱང་ སྨོན་ཚིག་དང་ལོ་རྒྱུས་ཚུ་མཚལ་བྲིས་སྦེ་བཀོད་ནི།

ལྷ་མགོན་ལས་འགོ་བཙུགས་ཏེ་རྫོང་ཁག་ཉི་ཤུའི་ཡུལ་ལྷ་གཞི་བདག་གནས་བདག། གནས་པོ་ བཙན་

ཕོ་ལྷ་ཚུ་གི་སྨན་སྐུ་ཕིཀྲ་གཉིས་རེ་གི་རྩིས་བཞེངས་ནི། མ་ཆེན་ཕྱག་མཇལ་དོན། དངུལ་གྱི་མཆོད་

91


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཆས་རིགས་ཆ་ཚང་དང་ གོས་ཆེན་གྱི་སྤྱན་གཟིགས་དར་དཔྱངས་མཆོད་རྫས་ཆ་ཚང་གསར་བསྒྲུབ།

ཞབས་ཀྱི་ཕོ་བྲང་ནང་རྟེན་འབྲེལ་ཁང་བཟང་དོན་ ཚེམས་དྲུབས་ཁྲི་ཁེབས་དང་ བླ་བྲེ་ནང་མཆོད་པའི་ ལྷ་མོའི་བྲིས་སྐུ་ཅན་གསར་བསྒྲུབ། གཟིམ་ཅུང་ནང་དུས་རྒྱུན་གསོལ་མཆོད་དོན་གྱི་གསེར་ཀོང་བཅས་ གསར་བསྒྲུབས་གནང་ནི།

༢ རྩོམ་རིག་དང་དཔེ་སྐྲུན་ཡན་ལག་ཚོགས་ཆུང་གི་ལཱ་འགན། ༡ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གི་ཁྲི་སྟོན་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་ གྱི་དོན་ལུ་ ལས་རྟགས་གསར་དུ་བཟོ་ནི།

༢ དགའ་སྟོན་གྱི་དོན་ལུ་ དཔེ་དེབ་ཆ་འཇོག་གི་གནང་བ་མ་སྤྲོད་པའི་ཧེ་མ་རྩ་དོན་དང་ དེབ་ཀྱི་

དམིགས་ཡུལ། གཙོ་དོན་དང་སྤུས་ཚད་ཚུ་གཞུང་གི་དགོངས་པ་དང་མཐུན་དང་མི་མཐུན་གྱི་

དབྱེ་ཞིབ་འབད་ཐོག་ལས་ཁྱད་རིག་གི་རྒྱབ་སྐྱོར་དང་བསྐྱར་ཞིབ་ཐོག་ལས་གནང་བ་སྤྲོད་ནིའི་ ལཱ་ཚུ་འབད་ནི།

༣ གསེར་ཁྲི་མངའ་གསོལ་བའི་དུས་དྲན་གྱི་དོན་ལུ་ཨིང་ལིཤ་དང་རྫོང་ཁ་གང་རུང་ཐོག་བཏོན་དགོ་ པའི་དཔེ་དེབ་ཀྱི་རིམ་པ་ཡང་།

དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ཁ་ཐུག་ལས། ཀ གོལ་ཌན་རི་ཇེན་ ཨོཕ་ འབྲུག་རྒྱལ་བཞི་པ་ཟེར་བའི་དཔེ་དེབ་སྤྱི་ཚེས་༡༡/༡༡/༠༨ ལུ་ མི་དབང་འབྲུག་རྒྱལ་བཞི་པའི་འཁྲུངས་སྟོན་དང་འཁྲིལ་ཏེ་འདྲ་༣༠༠༠ སྤར་བཏབ་སྟེ་ བཀྲམ་སྤེལ་ཞུ་ནི།

ཁ འབྲུག་རྒྱལ་ལྔ་པའི་མ་འོངས་དགོངས་འཆར་རམ་ བི་ཇཱན་ཕོར་ད་ཕིའུ་ཅར། ཟེར་མི་ འདྲ་༣༠༠༠ སྤར་བཏབ་སྟེ་མི་དབང་མངའ་བདག་རིན་པོ་ཆེའི་འཁྲུངས་སྟོན་དང་འཁྲིལ་

92


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཏེ་བཀྲམ་སྤེལ་ཞུ་ནི། ག རྫོང་ཁའི་ཐོག་བྲིས་པའི་ འབྲུག་རྒྱལ་དང་པའི་རྟོགས་བརྗོད་སྤྱི་ཚེས༡༧/༡༢/༠༨ ལུ་འབྲུག་ རྒྱལ་དང་པ་གསེར་ཁྲི་མངའ་གསོལ་བའི་དུས་ཚེས་དང་འཁྲིལ་ཏེ་བཀྲམ་སྤེལ་ཞུ་ནི།

ང རྫོང་ཁའི་ཐོག་བྲིས་པའི་འབྲུག་རྒྱལ་གཉིས་པའི་རྟོགས་བརྗོད་ སྤྱི་ཚེས་༩/༡༢/༠༨ ལུ་ རྒྱལ་ཡོངས་དགའ་སྟོན་ཐང་ནང་སྦེ་བཀྲམ་སྤེལ་ཞུ་ནི།

ཅ འབྲུག་རྒྱལ་གསུམ་པའི་རྟོགས་བརྗོད་༩/༡༡/༠༨ ལུ་མི་དབང་འབྲུག་རྒྱལ་གསུམ་

པ་དང་ རྒྱལ་ལྕམ་བཀྲ་ཤིས་མངའ་གསོལ་བའི་པར་རིགས་འགྲེམས་སྟོན་སྒོ་འབྱེད་ སྐབས་བཀྲམ་སྤེལ་ཞུ་ནི།

ཆ དབང་ཕྱུག་ཌའི་ནིས་ཊི་ཟེར་མི་ཨིང་ལིཤ་ནང་བྲིས་མི་དེབ་༡༧/༡༢/༠༨ ལུ་འབྲུག་གི་ རྒྱལ་ཡོངས་དུས་ཆེན་སྐབས་བཀྲམ་སྤེལ་ཞུ་ནི།

ཇ རྫོང་ཁ་ནང་བྲིས་མི་སྡེ་སྲིད་གོང་ས་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་ སྤྱི་ཚེས་ ༡༠/༡༢/༠༨ ཀྱི་ཉིན་ཀྲོང་གསར་ལྟ་རྫོང་འདི་ རྒྱལ་བརྒྱུད་ཀྱི་ཅ་རྙིང་འགྲེམས་སྟོན་ ཁང་ལུ་བཟོ་བའི་སྒོ་འབྱེད་སྐབས་བཏོན་དགོཔ་ཚུ་ཨིན་མས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་། ཀ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་བྱུང་རིམ་དེབ་ཐེར་ རྫོང་

ཁ་དང་ཨིང་ལིཤ་གཉིས་ཆ་རའི་ནང་ འདྲ་༣༠༠༠ རེ་སྤར་བཏབ་སྟེ་ཁྲི་མངའ་གསོལ་ བའི་ཟླ་ངོ་གསུམ་གྱི་རྒྱབ་ལས་བཀྲམ་སྤེལ་ཞུ་ནི།

ཁ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་གྱི་ ལོ་བརྒྱའི་བྱུང་རིམ་དེབ་ཐེར་འདི་ཡང་ ༡༧/༡༢/༠༨ ཀྱི་ཤུལ་མ་ཟླ་ངོ་༣ གྱི་རྒྱབ་ལས་བཀྲམ་སྤེལ་ཞུ་ནི།

93


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་། ན་གཞོན་ཚུ་གི་བར་ན་ རྫོང་ཨིང་སྐད་གཉིས་གང་རུང་ཐོག་པར་རིས་དང་ རྩོམ་རིག་ འབྲུག་ གི་དམངས་གཙོའི་རིང་ལུགས་ལུ་སྤྱི་མཐུན་བགྲོད་ལམ་ཐོག་གི་འཇུག་པ། ཟེར་བའི་རྩ་དོན་ བཞག་ཐོག་ལས་འགྲན་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་སྟེ་ རྒྱལ་ཁ་ཐོབ་པའི་ཡིག་ ཆ་ཚུ་བསྡུ་བསྒྲིགས་འབད་བའི་དཔེ་དེབ་ བཀྲམ་སྤེལ་དང་རྒྱལ་ཁ་ཐོབ་མི་ཚུ་ལུ་གསོལ་རས་ དང་བཅས་པ་གནང་ནི།

ཀུན་སྤེལ་ལས་ཁུངས་ཁ་ཐུག་ལས་། འབྲུག་རྒྱལ་ལྔ་པ་གསེར་ཁྲི་མངའ་གསོལ་བའི་གཞུང་འབྲེལ་པར་དེབ་ སྤར་བྱང་མདོར་བསྡུས་

ཀྱི་དེབ་སྤྱི་ཚེས་༦/༡༡/༠༨ ལུ་འདྲ་༣༠༠༠ རེ་བཟོ་སྟེ་མངའ་གསོལ་ཞུ་ཚར་བའི་ཤུལ་ལས་ བཀྲམ་སྤེལ་ཞུ་ནི།

གནས་ཚུལ་སྤེལ་ཁང་འབྲུག་དུས་ཚོད་ཀྱི་ཁ་ཐུག་ལས་། ཀ འབྲུག་རྒྱལ་ལྔ་པའི་མཛད་རྣམ་རྗེས་དྲན་ འདྲ་པར་བསྡུ་སྒྲིག་གི་དེབ་ མངའ་ཞབས་

ལས་གནང་བ་ཐོབ་པའི་ཉིན་གྲངས་༤༠ འི་ཤུལ་ལས་འདྲ་༣༠༠༠ སྤར་སྐྲུན་འབད་ དེ་བཀྲམ་སྤེལ་ཞུ་ནི།

ཁ དམངས་གཙོའི་རིང་ལུགས་ཐུན་མོང་མ་ཡིན་པའི་མདུན་བསྐྱོད བུ་ཀྲནསི་ ཡུ་ནིཀ་ཇར་ ནི་ ཀྲུ་ཝར་ཌེ་མོ་ཀེརེ་སི། ཟེར་བའི་དེབ་སྤྱི་ཚེས༡༡/༡༡/༠༨ ལུ་བཀྲམ་སྤེལ་ཞུ་ནི།

ག མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་བའི་གསུང་བཤད་ཤོག་གྲངས་༢༥༠ རྩིས་སྤྱི་ལོ་༢༠༠༧ སྤྱི་ཟླ་༥ པའི་ནང་བཀྲམ་སྤེལ་འབད་ནི།

94


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

༣ བརྡ་བརྒྱུད་དང་བརྡ་དོན་ཡན་ལག་ཚོགས་ཆུང་གི་ལཱ་འགན། བརྡ་བརྒྱུད་དང་བརྡ་དོན་ཡན་ལག་ཚོགས་ཆུང་གི་གྲལ་ཁར་བཅའ་མ་གཏོགས་མི། གནས་ཚུལ་

གསར་ཤོག་ཁང་ འབྲུག་གི་དུས་ཚོད། འབྲུག་གནས་ལུགས། ཀུན་གསལ། འབྲུག་གི་གློག་བརྙན་

ཚོགས་པ། འབྲུག་རྒྱང་མཐོང་ལས་ཁང་། འབྲུག་འགྲེམས་མཉམ་འབྲེལ་སྡེ་ཚན། ཞི་བའི་མཁའ་ འགྲུལ་ལས་ཁུངས། བརྡ་དོན་དང་འཕྲུལ་རིག་ལས་ཁུངས། འབྲུག་བརྒྱུད་ཕྲིན། འབྲུག་གི་གནམ་

གྲུ། ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན། གྲོང་སྡེ་ལས་ཁུངས། བརྡ་དོན་དང་བརྒྱུད་ འབྲེལ་དབང་འཛིན་ལ་སོགས་པ་ཚུ་ཨིན་པས།

འབྲུག་གི་དུས་ཚོད་གསར་ཤོག་གི་ཁ་ཐུག་ལས་། ཀ ཁྲི་མངའ་གསོལ་བའི་ལས་རྟགས་གསར་སྐྲུན་དེ་ གསར་ཤོག་ཐོན་རིམ་བཞིན་དུ་ ལས་ རྟགས་འདི་གདོང་ཤོག་ཁར་བཀོད་ནི།

ཁ མི་ལོ་བརྒྱ་ཕྲག་གི་པར་དེབ་བསྡུ་སྒྲིག་འབད་མི་དེ་ཐོན་རིམ་༢༦ ཚུན་པར་བྱང་དང་ བཅས་པ་བཙུག་ནི།

ག སྤྱི་ལོ་༢༠༠༨ ཚུན་ལོ་ངོ་བརྒྱ་ཕྲག་རིང་གི་བྱུང་རིམ་ཐོ་བཀོད་འབད་དེ་བཏོན་ནི། ང འབྲུག་རྒྱལ་བཞི་པའི་གསུང་བཤད་བསྡུ་སྒྲིག། ཅ རྒྱལ་བརྒྱུད་ཡོངས་ཀྱི་མཛད་རིམ་རྗེས་དྲན་གྱི་ཐོ་དེབ་བཅས་པ་གསར་སྐྲུན་འབད་ནི།

འབྲུག་གནས་ལུགས་གསར་ཤོག་གི་ཁ་ཐུག་ལས། ཀ རྒྱལ་བརྒྱུད་རིམ་པའི་ཁྲི་སྟོན་མཛད་རིམ།

95


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁ རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ཉིན་རིམ་རྟགས་མཚོན་གསལ་བའི་པར་རིས་དང་པར་བྱང་ བཀོད་ནི།

ག རྒྱལ་བརྒྱུད་དང་གྲོང་གསེབ་ཀྱི་སྐོར་ལས་བརྡ་སྟོན་པར་རིས་དང་བཅས་པ་གསལ་བཤད་ འབད་ནི།

ང རྒྱལ་བརྒྱུད་དང་གསར་བརྗེ་རིང་ལུགས་སྐོར་ལས་ཞིབ་འཚོལ་འབད་བའི་ལོ་རྒྱུས་ མདོར་བསྡུས་རེ་སྟོན་ནི།

ཅ ཀ་རྩོམ་དང་ བློ་ཟེ་ལ་སོགས་པ་ཨིང་ལིཤ་དང་རྫོང་ཁ་གཉིས་ཆ་རའི་ནང་བཏོན་ནི། ཆ རྒྱལ་ཁབ་དབུ་བརྙེས་ཏེ་སྲ་བརྟན་བཟོ་བའི་སྐོར་དང་། སྤྱི་ལོ་༡༩༠༧ གི་གན་རྒྱ་དང་ ཕྱག་ཐམ་ང་བཅུ་དྲུག་མའི་སྒྲ་བསྒྱུར་གསལ་བཤད།

ཇ འབངས་གཞུང་ཐོག་གཏམ་ཟེར་བའི་མང་ཚོགས་ཀྱི་གཞུང་བཙུགས་པའི་ཁས་བླངས་ གསལ་བསྒྲགས་ཟེར་མི་ཚུ་བཀྲམ་སྤེལ་འབད་ནི།

ཀུན་གསལ་རང་སྐྱོང་ལས་འཛིན་གྱི་ཁ་ཐུག་ལས། ཀ འབྲུག་རྒྱལ་བཞི་པ་ ཁྲི་མངའ་གསོལ་ཞུ་བའི་སྐོར་ལས་སྐྱར་གསལ་འབད་དེ་ ཤོག་ གྲངས་ལྷན་ཐབས་བཏོན་ནི།

ཁ རྒྱལ་བརྒྱུད་རྒྱལ་ཁབ་སྐོར་ལས་དམིགས་བསལ་ཤོག་གྲངས་བཞི་རྫོང་ཁ་དང་ཨིང་ ལིཤ་གཉིས་ཆ་རའི་ནང་བཏོན་ནི།

ག སྔར་ལས་ད་ལྟོ་ཚུན་གྱི་ལོ་རྒྱུས་ཤོག་གྲངས་བཞི་རྫོང་ཁ་དང་ཨིང་ལིཤ་གཉིས་ཆ་རའི་ ནང་ གསར་ཐེབས་བཏོན་ནི།

96


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ང འབྲུག་རྒྱལ་ལྔ་པའི་ལོ་རྒྱུས་ཤོག་གྲངས་བཞི་གསར་ཐེབས་བཏོན་ནི། ཅ འབྲུག་རྒྱལ་ལྔ་པའི་ཁྲི་སྟོན་སྐོར་ལས་ ཁ་སྐོང་བཏོན་ནི།

འབྲུག་གི་གློག་བརྙན་ཚོགས་པའི་ཁ་ཐུག་ལས། ཀ འཛམ་གླིང་ནང་པའི་ཆོས་ཚོགས་སྐོར་ལས་མི་མང་ལུ་གློག་བརྙན་གླ་མེད་སྟོང་པར་སྦེ་ སྟོན་ནི།

འབྲུག་རྒྱང་མཐོང་ཁ་ཐུག་ལས། ཀ ལོ་ངོ་བརྒྱ་ཕྲག་ནང་ རྒྱལ་བརྒྱུད་རིང་ལུགས་ལུ་བརྟེན་ཏེ་ཞི་བདེ་ལོ་ངོ་བརྒྱ་ཕྲག་རིང་ ཐོབ་ཚུལ་གློག་བརྙན་ཐོག་བཏོན་ནི།

ཁ གསེར་ཁྲི་ཁང་བཟང་གི་མཛད་སྒོ་ གསལ་མཐོང་སྟོན་ཐབས་དོན་ལས་ཉེར་སྤྱད་འཕྲུལ་ ཆ་མཁོ་སྒྲུབ་འབད་ནི།

ག རྒྱང་མཐོང་དང་རྒྱང་བསྒྲགས་གཉིས་ཆ་རའི་ཐོག་ལས་ རྒྱལ་ཁབ་ཡུག་ཅིག་ནང་ཁྲི་ མངའ་གསོལ་བའི་མཛད་རིམ་ཚུ་དངོས་མཐོང་གསལ་བསྒྲགས་འབད་ནི།

ང དུས་ཡུན་སྐར་ཆ་༣༠ འི་རིང་ཚད་ འབྲུག་རྒྱལ་ཁབ་དམངས་གཙོའི་མདུན་ལམ་ཁར་

གཅིག་བསྒྲིལ་ཐོག་འཇུག་པ་ཟེར་བའི་རྩ་དོན་གུ་གློག་བརྙན་ ཌི་བི་ཌི་ནང་བཟོ་སྟེ་བཏོན་ ནི། ༡)གནའ་སྔ་མའི་གཞུང་སྐྱོང་ལམ་སྲོལ། ༢)དབང་ཕྱུག་བརྒྱུད་འཛིན་ཐོག་རྒྱལ་

ཁབ་སྒྲིང་སྒྲིང་བཟོ་ཚུལ། ༣)སྔར་གྱི་གྲུབ་འབྲས་རང་ལུགས་དང་ དགའ་སྐྱིད་ཐོག་ གི་མི་ཚེ་གསར་པའི་གནས་སྟངས། ༤)འབྲུག་རྒྱལ་བཞི་པ་མཆོག་གིས་གསེར་ཁྲི་

གུ་ལས་ལམ་སྟོན་གནང་བའི་རྩ་ཁྲིམས་ཅན་གྱི་དམངས་གཙོའི་རིང་ལུགས་ཀྱི་སྦྱང་བ།

97


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

༥)མ་འོངས་མདུན་ལམ་བཟང་པོའི་མཐོང་སྣང་། ཅ སྐར་ཆ་༣༠ འབད་མི་འབྲུག་གོང་འཕེལ་གྱི་མཐུན་རྐྱེན་སྐོར། ཆ མཐུན་རྐྱེན་མཁོ་སྒྲུབ་ སྣུམ་འཁོར་ཧའི་ལགསི་༢ དང་སྣུམ་འཁོར་ཆུང་བ་ ཨོལ་ཀྲོ་ ༣ འཁོར་ལོ་གཉིས་པའི་ བག་བག་༦ སྡོད་ཁྲི་༡༥ ཡོད་མི་འགྲུལ་འཁོར་ ཀོསི་ཀྲར་ བཱས་༡ བོ་ལེ་རོ་༡། བཅས་མཁོ་སྒྲུབ་འབད་ནི།

འབྲུག་འགྲེམས་ལས་འཛིན་གྱི་ཁ་ཐུག་ལས། ཀ འགྲེམ་རྟགས་སྒྲ་འཁོར་ཆ་ཚང་བཞི་དང་གཤམ་གསལ་རྩ་དོན་འཁོད་པའི་འགྲེམ་

རྟགས་བཟོ་ནི། (༡རྒྱལ་པོ་བཞི་ཆ་ར་འཁོད་པའི་རྒྱལ་བརྒྱུད་ལོ་ངོ་བརྒྱ་ཕྲག། (༢རང་

བཞིན་ཁོར་ཡུག་དང་མཐུན་པར་གནས་པ། (༣འབྲུག་དམངས་གཙོའི་གྲལ་ཐོན་པ། (༤འབྲུག་རྒྱལ་ལྔ་པའི་ཁྲི་སྟོན་བརྩི་སྲུང་།

ཁ མི་ཐོག་བར་གྱི་རྒྱུན་འབྲེལ་དང་འབྲུག་རྒྱལ་ལྔ་པའི་སྐུ་རིང་གི་འདུན་ལམ་གསར་པ་ ཟེར་བའི་རྩ་དོན་ཐོག་ སྤྱིར་བཏང་ཤོག་ཀུའི་ཐོག་གི་འགྲེམས་རྟགས་བཟོ་ནི།

ག ཕསི་ཌེ་ཀ་པར་ ཟེར་བའི་དུས་དེབ་ པར་བརྙན་འཁོར་ལོའི་ནང་བཤུས་ཚུགས་པའི་ བཟོ་ བཀོད་འབད་དེ་བཏོན་ནི།

ང སྤྱི་ལོ་༡༩༥༠ དང་༡༩༦༠ ལས་འགོ་བཙུགས་པའི་པར་དང་འགྲེམས་རྟགས་སྣ་ཚོགས་ ཀྱི་འགྲེམ་རྟགས་རིགས་མི་མང་ལུ་འགྲེམས་སྟོན་འབད་ནི།

ཅ ད་རིས་ཀྱི་འབྲུག་ཟེར་བའི་ཡོངས་འབྲེལ་དང་སྒྲ་འཁོར་ནང་གསལ་མཐོང་ལམ་སྲོལ་ བཟོ་ནི། ཆཔར་སོ་ལེཛ་ཟེར་ རང་སོའི་འདྲ་པར་བཏབ་སྟེ་འགྲེམ་འགྲུལ་འབད་ཆོག་

པའི་ལམ་སྲོལ་ ཤོག་གྲངས་༡༢ ཀྱི་ཚད་བཟོ་སྟེ་རིན་དངུལ་ཀྲམ་༥ དང་༡༠ དེ་ལས་

98


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

༡༥ ཚུན་གྱི་བཏོན་ནི། ཇ འགྲུལ་སྐྱེལ་བཱས་༡༢ མཁོ་སྒྲུབ་འབད་ནི།

ཞི་བའི་མཁའ་འགྲུལ་ལས་སྡེའི་ཁ་ཐུག་ལས། ཀ ཆེས་མཐོའི་སྐུ་མགྲོན་དང་ སྐུ་མགྲོན་གཞན་དོན་གྱི་མགྲོན་སྐྱོང་ཁང་ལེགས་བཅོས་ བཏང་ནི།

ཁ གནམ་ཐང་ལས་ཁང་ཚོན་ཡང་བསྐྱར་བཏང་ནི། ག གནམ་ཐང་བཟོ་བཀོད་ལེགས་ཤོམ་བཟོ་ནི། ང ཆེས་མཐོའི་སྐུ་མགྲོན་གྱི་གནམ་གྲུའི་འབབ་གནས་ལོགས་སུ་བཟོ་ནི།

བརྡ་དོན་དང་འཕྲུལ་རིག་ལས་ཁུངས་ཁ་ཐུག་ལས། ཀ ཁྲི་སྟོན་གྱི་ཆེད་དུ་ཡོངས་འབྲེལ་རྒྱུན་ལམ་ལོགས་སུ་བཟོ་ནི།

འབྲུག་བརྒྱུད་ཕྲིན་ཁ་ཐུག་ལས། ཀ ༡ ལས་ཁང་གསར་པ་བཟོ་ནི། ༢ ཐིམ་ཕུ་ལུ་ལས་ཁང་གཉིས་རྒྱ་བསྐྱེད་འབད་ནི། ༣ བརྩི་སྲུང་ཞུ་སའི་ས་གནས་ཁར་འགྲུལ་ཕྲིན་ལས་ཁང་གསར་བཙུག་འབད་ནི།

འབྲུག་གི་གནམ་གྲུའི་ཁ་ཐུག་ལས། ཀ ཁྲི་སྟོན་སྐབས་ཀྱི་གནམ་གྲུའི་དུས་ཚོད་ལོགས་སུ་བཟོ་ནི། ཁ ཁྲི་སྟོན་གྱི་ལས་རྟགས་ལག་ལེན་འཐབ་ནི།

99


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཁ་ཐུག་ལས། ཀ མི་མང་གི་དོན་ལུ་རྒྱུན་ཆད་མེད་པའི་འགྲུལ་འཁོར་ཞབས་ཏོག་གི་ལས་རིམ་དང་ ས་ གནས་ དུས་ཚོད་རིའུ་མིག་བཅས་པ་ཁ་གསལ་བཀོད་པའི་ཟིན་བྲིས་བཟོ་སྟེ་སྤྱན་ འབུལ་ཞུ་ནི།

ཁ བརྡ་བཀོད་དང་ལས་རིམ་བརྡ་སྟོན་གྱི་ཞབས་ཏོག། ག བརྡ་བཀོད་ཤེས་བྱ་སྤེལ་ཐབས་ལུ་སྙན་ཆ་དང་སྦྲགས་པའི་སྒྲ་འཛིན་འཁོར་ལོ་༦༠༠༠ བཟོ་སྟེ་འགྲུལ་སྐྱེལ་དང་གླ་འཁོར་དེད་གཡོག་ཚུ་ལུ་འགྲེམ་སྤེལ་འབད་ནི།

ང སྣུམ་འཁོར་བརྡ་བཀོད་ལམ་སྲོལ་ལེགས་ཤོམ་བཟོ་ནི་དང་ འགྲུལ་འཁོར་བཀག་ས་

གཏན་འཁེལ་བཟོ་ནི། སྤྱིར་བཏང་སྣུམ་འཁོར་བཞག་སའི་ངོས་འཛིན།༡མུ་ཏིག་ཐང་ སློབ་གྲྭའི་རྩེད་ཐང་། ༢ལུང་བསྟན་ཕུ་ལུ་དྲག་པོའི་རྩེད་ཐང་། ༣རྒྱལ་ཡོངས་ཚོགས་ཁང་ གི་སྣུམ་འཁོར་བཞག་ཐང་། དོས་འཁོར་དང་གླ་འཁོར་གྱི་དོན་ལུ་དབྱངས་ཅན་ཕུ་སློབ་

གྲྭའི་རྩེད་ཐང་། ༤ཆེས་མཐོའི་སྣུམ་འཁོར་བཞག་ས་ ལུང་བསྟན་ཟམ་པ་སློབ་གྲྭའི་སྣུམ་ འཁོར་ཐང་། ༥. ལྕང་ཟམ་ཏོག་སྣུམ་འཁོར་བཞག་ཐང་། ༦.གཟི་ལུ་ཁ་སློབ་གྲྭའི་རྩེད་ ཐང་ཚུ་ངོས་འཛིན་འབད་ནི།

གྲོང་སྡེ་ལས་འཛིན་དང་ཀུན་གསལ་མཉམ་རུབ་ཐོག་ལས། ཀ ཕོ་བྲང་དང་ཁྲོམ་ལམ་དེ་ཚུ་ནང་སྤུས་ཚད་བཟོ་བཀོད་ལེགས་ཤོམ་གྱི་ཚོན་གཏང་ནི།

བརྡ་དོན་དང་བརྒྱུད་འབྲེལ་དབང་འཛིན་ཀྱི་ཁ་ཐུག་ལས། ཀ ཐིམ་ཕུ་དང་སྤུ་ན་ཁ་ལུ་ འཛམ་གླིང་རྒྱལ་ཡོངས་ཀྱི་གནས་ཚུལ་བརྡ་བརྒྱུད་པའི་ ཚོགས་

100


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

འཛོམས་འགོ་འདྲེན་འཐབ་དགོཔ་ཨིན་རུང་ རྒྱལ་ཡོངས་དགའ་སྟོན་ལྷན་ཚོགས་ཀྱི་ཞལ་ འཛོམས་ཐེངས་༡༥ པའི་གྲོས་ཆོད་དང་འཁྲིལ་ཏེ་ ཚོགས་འཛོམས་ཐིམ་ཕུ་དང་སྤ་རོ་ལུ་ མཛད་ནི་གུ་ཐག་བཅད་ནུག།

ཁ སྤ་རོ་དང་སྤུ་ན་ཁ་ཐིམ་ཕུ་གི་ས་གནས་གསུམ་ཆ་རའི་ནང་ གནས་ཚུལ་གསར་འགོད་

པ་ཚུ་དང་གཅིག་ཁར་གྲོས་བསྡུར་འབད་སའི་ཚོགས་ཁང་ལྟེ་བ་བཟོ་ནི་དང་ གཞུང་གི་ ཁ་ཐུག་ལས་གནས་ཚུལ་ནང་སླབ་མི་ངོ་ཚབ་ངོས་འཛིན་འབད་ནི།

༤ སྤྲོ་སྟོན་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ འཆམ་དང་ཞབས་བྲོ། སྙན་ཆ་དང་རོལ་དབྱངས། འཁྲབ་སྟོན་ལས་རིམ་ཚུ་གི་སྦྱོང་རྡར་བྱིན་ནི་

དང་སྤྲོ་སྟོན་ཁང་ལས་བཟོ་སྐྲུན་འབད་དགོ་པའི་རིགས་ཀྱི་སྦྱོང་རྡར་ལེགས་ཤོམ་སྦེ་བྱིནནི། ཅང་

གླིང་མའི་ཐང་ནང་ཉིནམ་གསུམ་གྱི་འཆམ་དང་ཞབས་ཁྲ་ རྩེད་རིགས་སྣ་ཚོགས་ཀྱི་ལས་རིམ་ གཏན་འཁེལ་བཟོ་ནི། དེ་ལས་བདེ་ཆེན་ཆོས་གླིང་སྐུ་སྲུང་དམག་ཐང་དང་ མུ་ཏིག་ཐང་སློབ་གྲྭའི་

རྩེད་ཐང་། ཅང་ཇི་ཇི་སློབ་གྲྭའི་ཐང་། སེམས་རྟོགས་ཁའི་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ཐང་།

ཁྲོམ་ཁའི་ཆུ་ཚོད་འཁོར་ལོའི་ཀ་ཆེན་རྩ་བ་ཚུ་ནང་གླིང་བརྙན་ལྟདམོ་དང་གླུ་གཞས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི།

དེ་བཟུམ་སྤུ་ན་ཁ་དང་བཀྲ་ཤིས་ཆོས་རྫོང་གི་དགའ་སྟོན་ལས་རིམ་ཚུ་ཡང་འགོ་འདྲེན་འཐབ་ དགོཔ།

སྤུ་ན་ཁ་དང་ཐིམ་ཕུའི་སློབ་གྲྭ་གིས་གཙོས་པའི་སློབ་ཕྲུག་ཚུ་ ཁྲི་མངའ་གསོལ་བའི་སྐབས་སློབ་

གྲྭའི་གླུ་གཞས་ལ་སོགས་པའི་ལྟདམོ་སྟོན་དགོ་པའི་དོན་ལས་ ཤེས་རིག་ལས་ཁུངས་དང་གྲོས་

བསྟུན་འབད་དགོཔ། དེ་བཟུམ་དགེ་འདུན་པའི་ཞྭ་ནག་རྔ་འཆམ་ཚུ་སྦྱང་བ་མཛད་དགོཔ། རྟ་ལོག་ དང་ བསམ་རྩེ་ གསར་སྤང་ཚུ་ལས་མི་སེར་གྱི་གླུ་གཞས་ཚུ་སྦྱང་བ་འབད་དགོཔ། ཐིམ་ཕུ་ལུ་

101


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཡོད་པའི་སློབ་གྲྭ་ཁག་༢༠ འི་ སློབ་ཕྲུག་ཚུ་གིས་ལྟད་མོའི་སྦྱང་བ་འབད་དགོཔ། སྤྱི་ཚེས་༡༦ ལས་༡༨ ཚུན་ཉིནམ་༣ གྱི་དོན་ལུ་ ཐའི་ལེནཌ་གི་ལྟདམོ་སྟོན་ནི། ཁ འཁྲབ་སྟོན་འབད་སའི་ཁྱིམ་བཟོ་དགོཔ། ག རྒྱལ་ཁབ་གཞན་ཁག་ལས་ལྟད་མོའི་རིགས་མགྲོན་བརྡ་འབད་དེ་ནང་འདྲེན་འབད་བའི་གྲོས་ ཐག་གཅད་ནི།

ང སྒྱུ་རྩལ་སྣ་ཚོགས་ཀྱི་ལས་རིམ། རྒྱ་གར་གཞུང་ཚབ་ཡིག་ཚང་གི་ཁ་ཐུག་ལས་ སྡེ་ཚན་༢༠

གི་བར་ན་རྐང་རྩེད་མཐུན་འབྲེལ་རྩལ་འགྲན་གྱི་ལས་རིམ་ཡོད་མི་དེ་ རྒྱ་འབྲུག་མཐུན་འབྲེལ་

གྱིས་སྤྱི་ཟླ་༡༠ པའི་ནང་འབད་ནི། གཞན་ཡང་སྣུམ་འཁོར་ཀར་བཏང་པའི་འགྲན་བསྡུར་དང་ གླུ་གཞས་འཁྲབ་སྟོན་གྱི་ལྟདམོ་ཚུ་རྒྱ་གར་ལས་ཡང་འགོ་འདྲེན་འཐབ་ནི།

༥ མགྲོན་བསུ་དང་དྲང་བཞག་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ མགྲོན་པོའི་ཞབས་ཏོག་གི་ལཱ་མ་འདྲཝ་ཁག་༡༢ ཀྱི་ཐོག་ལས་མི་གྲངས་༥༦༥ ལུ་ མགྲོན་ སྐྱོང་དང་བཟའ་བཏུང་སྣ་ཚོགས་བཟོ་ཐངས། མགྲོན་ཁྱིམ་རྣམ་གཞག་ལ་སོགས་པ་ ལས་དོན་

ཁག་སོ་སོའི་སྦྱོང་རྡར་འབད་དགོཔ། སློབ་སྟོན་འབད་མི་ནིའུ་ལྡི་ལི་དང་ བེང་ཀོག་གི་ནེའི་ལརཀྲ་ པརཀ་ཚུ་ལས་ཡང་བཙུགས་ཏེ་སྦྱོང་རྡར་བྱིན་དགོཔ།

ཁ གལ་ཆེ་བའི་སྤྱད་དངོས་མཁོ་སྒྲུབ་འབད་ནི་དང་ འགྲུལ་འཁོར་གཉིས་མཁོ་སྒྲུབ་འབད་ནི། ག གཞུང་གི་མགྲོན་ཁང་ཆེན་མོའི་དོན་ལུ་ བཟོ་བཀོད་མཛེས་རྒྱན་ཚུ་འབད་བའི་ཐོག་ལས་ ངོ་སྦྱོར་ རྒྱབ་བསྣོན་འབད་དགོ་པའི་ལཱ་འགན།

ང གཞུང་གི་སྐུ་མགྲོན་ཁག་དང་ ཁས་བླངས་ལས་བྱེད་པ་ཚུ་གི་དོན་ལུ་ བཟའ་བཏུང་དང་ལས་ རིམ་ ས་གནས་ཚུ་གི་རིགས་གྲོས་ཐག་བཅད་དེ་འགོ་འདྲེན་འཐབ་ནི།

102


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཅ སྤྱིལོ་༢༠༠༨ ཀྱི་ལྟ་བཤལ་ནང་འདྲེན་པའི་གླ་ཁྲལ་གཏན་འཁེལ་གྱི་རྒྱབ་སྐྱོར་ཞུ་ནི། ཆ སྤྱི་ལོ་༢༠༠༨ ཀྱི་ལོ་དང་དེ་ལས་ཕར་གྱི་ལྟ་བཤལ་ཡར་རྒྱས་བཏང་དགོ་པའི་བློ་གྲོས་བཏོན་ནི། ཇ བཟའ་བཏུང་རྒྱས་བསྡུས་ཀྱི་ཐོ་བཟོ་སྟེ་ གཏན་འཁེལ་གྲོས་ཐག་བཅད་དེ་བཟའ་བཏུང་ཞབས་ ཏོག་གི་འཆར་གཞི་ནང་བཙུག་ནི།

ཉ ཐིམ་ཕུ་དང་སྤ་རོ་སྤུ་ན་ཁ་གསུམ་ལུ་ད་ལྟོ་ཡོད་པའི་མགྲོན་ཁྱིམ་ཚུ་གི་དོན་ལས་ མཁོ་བའི་ཡོ་ བྱད་དང་གཉེར་ཚང་གི་རིགས་ལངམ་སྦེ་གསོག་འཇོག་སྦེ་བཞག་དགོཔ།

ཏ ཁྲི་འདོན་སྐབས་ས་གནས་དང་དུས་ཚོད་ཚུ་དང་བསྟུན་པའི་ཟ་ཁང་གི་བཀོད་པ་བཤམ་དགོཔ།

༦ མགྲོན་བདག་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ སྐུ་མགྲོན་ཚུ་ལུ་མགྲོན་བརྡ་ཕུལ་དགོཔ། ཁ མགྲོན་སྐྱོང་འཐབ་མི་གདམ་འཐུ་འབད་ཞིནམ་ལས་ དེའི་སྦྱོང་རྡར་བྱིན་དགོཔ། ག སྤ་རོ་གནམ་ཐང་ལུ་མགྲོན་བདག་ཡིག་ཚང་བཙུགས་ཞིནམ་ལས་མགྲོན་སྐྱོང་འཐབ་ནི། ང མགྲོན་སྐྱོང་ལག་དེབ་གསར་དུ་བཟོ་དགོཔ། ཅ རྒྱལ་དར་དང་བརྟན་བཞུགས་བསྡུ་གསོག་འབད་དགོཔ། ཆ ཆེ་མཐོའི་སྐུ་མགྲོན་གྱི་དོན་ལས་མགྲོན་ཁང་བདག་སྐྱོང་འཐབ་དགོཔ། ཇ ཆེ་མཐོའི་ཆིབས་འཁོར་གཏང་མི་དང་དེད་གཡོག་པ་གཞན་འཐུ་ནི་དང་དེ་ཚུ་ལུ་སྦྱོང་རྡར་བྱིན་དགོཔ། ཉ གསོ་བའི་ཞབས་ཏོག། ཏ སྣུམ་འཁོར་མཁོ་སྒྲུབ་འབད་དགོཔ།

103


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཐ རྒྱལ་ཁབ་གཞན་ཁར་ཡོད་མི་འབྲུག་གི་གཞུང་ཚབ་ཡིག་ཚང་དང་ སློབ་ཕྲུག་སྡེ་ཚན་ཚུ་གིས་ དུས་སྟོན་བརྩི་སྲུང་ཞུ་ཐོ་བཏོན་ནི།

༧ ཉེན་སྲུང་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ དྲག་ཁག་གསུམ་གྱི་ཁ་ཐུག་ལས་རུ་སྒྲིག་སྟི་སྭ་ཞུ་མི་ཚུ་གི་སྒྲིག་གོས་བཟོ་བཀོད་འབད་ནི་དང་ མཁོ་སྒྲུབ་འབད་དགོཔ།

ཁ ཆིབས་འཁོར་ཧེན་རྒྱུག་པ་དང་ མདུན་སྐྱོད་རྐང་འཁོར་པ། སྒྲ་གཞས་སམ་རོལ་དབྱངས་པ། གྲལ་བཙར་མི་དང་ སྣུམ་འཁོར་བརྡ་སྟོན་པ་ཚུ་ལུ་ རང་སོའི་ཐོབ་ཐངས་དང་བསྟུན་པའི་སྦྱོང་རྡར་ བྱིན་ནི།

ག རུ་ཁག་སྟི་སྭ་གཟིགས་ཞིབ་ཀྱི་ཧེན་རྒྱུག་ཆིབས་འཁོར་གྱི་བཟོ་བཀོད་ལེགས་ཤོམ་བཟོ་ནི། ང ཁྲི་སྟོན་གྱི་དོན་ལས་དྲག་ཁག་ལུ་གནང་ནི་གི་རྟགས་མའི་བཟོ་བཀོད་འབད་ནི། ཅ རོལ་དབྱངས་སྙན་ཆའི་རིགས་མཁོ་སྒྲུབ་འབད་དགོཔ། ཆ སློབ་སྦྱོང་གི་དོན་ལུ་ཧེན་རྒྱུག་སྣུམ་འཁོར་༡༠ དང་རྐང་འཁོར་༢༠ མཁོ་སྒྲུབ་འབད་ནི། ཇ གནང་བཀག་འབད་སའི་ས་གནས་གཞི་བཙུག་འབད་ནི། ཉ ཉེན་སྲུང་གི་དོན་ལས་ འཁོར་ལམ་བདའ་སྟེ་ས་རུད་ཆད་ས་དང་རྡོ་རྦོབ་རིལ་སའི་ས་གནས་ཚུ་ ངོས་འཛིན་འབད་དགོཔ།

༨ ཁས་བླང་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ ལམ་སྟོན་པ་དང་ སྐད་སྒྱུར་པ། མི་མང་དང་མཐུན་འབྲེལ་ཞབས་ཏོག་པ། མང་ཚོགས་འགོ་འདྲེན་

104


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

འཐབ་མི། གསོ་བའི་ཞབས་ཏོག་པ། གཙང་སྦྲ་འཐབ་མི་དང་ཕྱགས་སྙིགས་བསྡུ་མི་ཁས་བླང་ པ་ཚུ་གི་ཐོ་བཀོད་གཏན་འཁེལ་བཟོ་ནི།

ཁ ཁས་བླང་པ་ཚུ་ལུ་སློབ་སྟོན་འབད་དགོ་པའི་ཆོས་ཚན་བཟོ་བཀོད་འབད་ནི། ག གཞུང་གཡོག་པ་དང་ སློབ་དཔོན། སློབ་ཕྲུག་དང་ནང་གི་ཨམ། སྒེར་པའི་ལས་སྡེ་ཚུ་ལས་ཁས་ བླང་ག་དེ་ཅིག་དགོ་དང་ ག་ཅི་བཟུམ་དགོཔ་ཡོད་ག་གི་ཐོ་བཏོན་དགོཔ།

ང ཁས་བླང་པ་སྤྱིར་བཏང་ལུ་བྱིན་དགོ་པའི་སློབ་སྦྱོང་། ཅ ཡན་ལག་ཚོགས་ཆུང་སོ་སོ་ལུ་མཁོ་བའི་ཁས་བླང་ཞབས་ཏོག་པ་བགོ་བཀྲམ་འབད་ནི། ཆ བདེ་ཆེན་ཆོས་གླིང་དང་མུ་ཏིག་ཐང་། ཚོད་བསྲེས་ཁྲོམ་དང་ཅང་ཇི་ཇི། ཆུ་འཛོམས་དང་མེ་འཚིག་

ནང་། ཉ་མེད་ཟམ་དང་ཁྲུས་སྤང་ལ་སོགས་པའི་ས་གནས་ཚུ་ནང་ཞབས་ཏོག་ལྟེ་བ་ཁག་༩ བཙུགས་དགོཔ།

༩ དངུལ་འབྲེལ་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ གཏན་འཁེལ་བཟོ་ཚར་བའི་ལས་རིམ་ཚུ་གི་དོན་ལས་མ་དངུལ་གྱི་བཅུད་བསྡོམ་བསྡུ་སྒྲིག་ འབད་ནི་དང་བསྐྱར་ཞིབ་འབད་ནི། དེ་ཡང་གནང་བ་གྲུབ་པའི་ལཱ་གི་མ་དངུལ་འཆར་རྩིས་དངུལ་ ཀྲམ་ས་ཡ་༦༠༤.༣༦༦ བཀོད་མི་ཚུ་གཏན་འཁེལ་བཟོ་ནིའི་འགན་ཁག་འབག་ནི།

མ་དངུལ་དེ་ཐོག་ལས་དགའ་སྟོན་མཇུག་བསྡུཝ་ད་འགྲོ་སོང་ངེས་ཏིག་ དངུལ་ཀྲམ་ས་ཡ་

༤༨༨.༠༩༠སོང་ཡོདཔ་དང་ དེ་ཡང་དངུལ་ཀྲམ་༢༣༩.༥༣༢ རྒྱལ་ཁབ་གོང་འཕེལ་ཡུན་ཕན་ གྱི་ལས་དོན་ཆེད་དུ་དང་ ས་ཡ་༢༤༨.༥༥༨ དགའ་སྟོན་ཁོ་ནའི་དོན་ལུ་སོང་ཡོདཔ་ཨིན་མས།

ཁ ལས་རྟགས་ངོས་ལེན་གནང་བ་སྤྲོད་དེ་བཟོ་བསྐྲུན་འབད་ནི།

105


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ག ཁྲི་མངའ་གསོལ་དྲན་སྟོན་དོན་ལུ་གསེར་ཀྲམ་དང་རྟགས་མ་ཁག། གཞན་ཡང་དམིགས་བསལ་ དངུལ་ཤོག་གསར་བཏོན་འབད་ནི་ཚུ།

ང དམིགས་བསལ་གྱི་རྒྱན་ཤོག་གསར་བཏོན་འབད་དེ་ཁྲུས་དང་ལོ་གསར་ལ་སོགས་པའི་དུས་ ཚོད་དང་འཁྲིལ་ཏེ་བཏོན་ནི།

ཅ རྫོང་ཁག་སོ་སོ་དང་ཕྱི་རྒྱལ་ཚུ་ནང་ཡོད་པའི་སློབ་ཕྲུག་སྡེ་ཚན་དང་མཐུན་འབྲེལ་ལས་སྡེ་ཚུ་གིས་ ཁྲི་མངའ་གསོལ་བརྩི་སྲུང་ཞུ་བའི་མ་དངུལ་གནང་བ་སྤྲོད་ནི་ཚུ་ཨིན་པས།

གཤམ་གསལ་ཚོགས་ཆུང་སོ་སོར་བགོ་བཀྲམ་མ་དངུལ་རྩིས་ཁྲའི་ཐོ། བཅའ་སྒྲིག་ཡན་ལག་ཚོགས་ཆུང་རེ་རེ་གིས་མ་དངུལ་འགྲོ་སོང་ག་དེ་སྦེ་བཏངཔ་ཨིན་ན་གི་སྐོར་

ལས་ འབྲུག་གཞུང་རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ལྷན་ཚོགས་ཀྱིས་ཟད་རྩིས་ཐོ་བཀོད་

གྲུབ་འབྲས་གཞུང་ལུ་སྙན་ཞུ་ཕུལ་ཡོད་མི་གི་དེབ་སྤྱི་ལོ་༢༠༠༩ སྦེ་མི་ལུ་གཞི་བཞག་ཐོག་ ལས་གསལ་བཤད་ཞུ་བ་ཅིན།

དང་པ་ཡན་ལག་ཚོགས་ཆུང་ཚུ་གི་ཁ་ཐུག་ལསཟད་འགྲོ་བཏང་ཐོ། ཀ རྩོམ་རིག་དང་དཔེ་སྐྲུན་ཡན་ལག་ཚོགས་ཆུང་དོན་ལུ་ས་ཡ་ ༢༨.༣༥༩། ཁ མགྲོན་བདག་ལས་སྡེའི་དོན་ལུ་མ་དངུལ་ས་ཡ་༣༨.༠༩༨། ག སྤྲོ་སྟོན་ཡན་ལག་ཚོགས་ཆུང་གི་དོན་ལུ་མ་དངུལ་ས་ཡ་༤༡.༧༡༣། ང ཁས་བླངས་ཡན་ལག་ཚོགས་ཆུང་གི་དོན་ལུ་མ་དངུལ་གནང་བ་སྤྲོད་པ་ས་ཡ་ ༡༣.༤༠༤།

106


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཅ བརྡ་བརྒྱུད་དང་རྒྱུན་འབྲེལ་ཡན་ལག་ཚོགས་ཆུང་གི་དོན་ལུ་མ་དངུལ་ས་ཡ་ ༣༨.༦༧༥།

ཆ མགྲོན་སྐྱོང་གི་དོན་ལུ་མ་དངུལ་ས་ཡ་༨༧.༨༣༡། ཇ ཉེན་སྲུང་ཡན་ལག་ཚོགས་ཆུང་གི་དོན་ལུ་མ་དངུལ་ས་ཡ་༤༥.༨༥༢། ཉ དངུལ་རྩིས་ཡན་ལག་ཚོགས་ཆུང་ལུ་ས་ཡ་༠.༡༢༨། ཏ མཁོ་སྒྲུབ་ཡན་ལག་ཚོགས་ཆུང་ལུ་ས་ཡ་༠.༣༠༠། ཐ གཞན་ངེས་མེད་ཀྱི་འགྲོ་སོང་དོན་ལུ་གནང་བ་ས་ཡ་༦༥.༨༥༨།

གཉིས་པ་ལྷན་ཁག་དང་ལས་སྡེའི་ཁ་ཐུག་ལས་འགྲོ་སོང་གནས་ཐོ་གཤམ་ གསལ། ཀ ནང་སྲིད་དང་ལམ་སྲོལ་ལྷན་ཁག་ལས་ས་ཡ་༦.༥༤༡ དང་ རྫོང་ཁག་ཐིམ་ཕུ། སྤ་རོ།

སྤུ་ན་ཁ། དབང་འདུས་བཅས་ཀྱིས་ དངུལ་ཀྲམ་ས་ཡ་༤༣.༠༨༡ དང་ རྫོང་ཁག་༢༠

འི་ ནང་༢༠༠༨ ཀྱི་རྒྱལ་ཡོངས་དུས་ཆེན་རྟེན་འབྲེལ་དོན་ ས་ཡ་༢.༥༠༠ བཅས་སོང་ ནུག།

ཁ སོ་ནམ་ལྷན་ཁག་ཁ་ཐུག་ལས་ ས་ཡ་༦.༨༡༩། ག ཞབས་ཏོག་ལྷན་ཁག་ཁ་ཐུག་ལས་ས་ཡ་༢༦.༥༨༡། ང ལཱ་གཡོག་ལྷན་ཁག་ཁ་ཐུག་ལས་ས་ཡ་༤.༠༡༣། ཅ གཞུང་གྲྭ་ཚང་ཁ་ཐུག་ལས་ས་ཡ་༡༠.༨༤༨། ཆ མི་དབང་མངའ་བདག་རིན་པོ་ཆེའི་ཡིག་ཚང་ཁ་ཐུག་ལས་ས་ཡ་༣༠.༢༡༠།

107


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཇ འབྲུག་ཨོ་ལོམ་པིག་ཚོགས་པའི་ཁ་ཐུག་ལས་ས་ཡ་༠.༡༥༠། ཉ མི་སེར་གྱིས་དང་ལེན་ཚོགས་པའི་དོན་ལུ་ས་ཡ་༥.༠༦༧། ཏ རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་འགོ་འདྲེན་ཚོགས་ཆུང་ཁ་ཐུག་ལས་ས་ཡ་ ༡༩༡.༨༡༢ བཅས་སོང་ནུག།

དེ་ཚུ་ལས་ཡང་ མང་ཤོས་རང་རྒྱལ་ཁབ་གོང་འཕེལ་ཡུན་ཕན་ལཱ་གི་མ་དངུལ་དོན་ལུ་སོང་

ཡོདཔ་མ་ཚད་ ཟུང་ཕྱོགས་མཐུན་འབྲེལ་རྒྱལ་ཁབ་ཚུ་ལས་ མ་དངུལ་གྲོགས་རམ་བྱུང་ཡོད་ མིའི་ཐོག་ལས་སོང་ཡོདཔ་ཨིན་མས།

༡༠ མཁོ་སྒྲུབ་ཡན་ལག་ཚོགས་ཆུང་གི་ལཱ་འགན། ཀ མངའ་གསོལ་ཞུ་བའི་དོན་ལས་ གནང་བ་ཐོབ་ཚར་བའི་མཁོ་སྒྲུབ་ཀྱི་ཅ་ལ་དང་དངོས་པོའི་ཐོ་ བསྡུ་སྒྲིག་འབད་དེ་གྲ་སྒྲིག་བཟོ་ནི།

ཁ མཁོ་སྒྲུབ་འབད་ནི་ཨིན་པའི་ཅ་ལ་དང་དངོས་པོའི་རིགས་ཀྱི་སྤུས་ཚད་དང་ གྲངས་འབོར། ཆེ་ ཆུང་གི་ཚད་གཞི་ཚུ་བསྐྱར་ཞིབ་འབད་དེ་གཏན་འཁེལ་བཟོ་ནི།

ག མཁོ་མངགས་བྱུང་ཚར་བའི་སྤྱད་དངོས་ཚུ་ནམ་སྤྲོད་ཚུགས་ག་གཏན་འཁེལ་བཟོ་ནི།

༡༡ ཞབས་ཏོག་ལྷན་ཁག་གི་ཁ་ཐུག་ལས། ཀ བདེ་ཆེན་ཆོས་གླིང་གི་ཟམ་པ་གསརཔ་རྐྱབ་ནི། ཁ བཀྲ་ཤིས་ཆོས་རྫོང་གི་སྦོ་ལོགས་ཁའི་ཟམ་རྐྱབ་ནི། ག ལུང་བསྟན་ཟམ་པའི་ཟམ་རྐྱབ་ནི།

108


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ང སེམས་རྟོགས་ཁའི་ས་གནས་ཁར་གནམ་ཟམ་ཅིག་རྐྱབ་ནི། ཅ ཅང་གླིང་མའི་ཐང་ལུ་ལྟད་མོ་ལྟ་མི་ཚུ་གི་དོན་ལས་ སྡོད་ཁྲི་རིངཔ་གསརཔ་རྐྱབ་ནི། ཆ ཅང་གླིང་མའི་ཐང་གི་འབའ་ཐང་ནང་སྡོད་ཁྲི་རིངཔ་རྐྱབ་ནི། ཇ ཆེས་མཐོའི་སྤྲོ་ཁང་བཅོས་ཁ་རྐྱབ་དགོཔ། ཉ ཆེས་མཐོའི་སྤྲོ་ཁང་གཞན་གཉིས་གསརཔ་རྐྱབ་དགོཔ། ཏ འཁོར་ལམ་མཐའ་མའི་ཆུ་ཡུར་ཚུ་གསརཔ་རྐྱབ་དགོཔ། ཐ རྐང་རྩེད་ཐང་ལེགས་བཅོས་རྐྱབ་ནི། ད སྣུམ་འཁོར་བཞག་སའི་ཐང་བསྐྱར་བཅོས་འབད་ནི། ན འཛུལ་སྒོ་གསརཔ་རྐྱབ་ནི་དང་ སྐུ་འཁོར་གཟིགས་རའི་རྒྱབ་ཁར་རྩིག་ར་ཚུ་གསརཔ་རྐྱབ་དགོཔ། པ རྩེད་ཐང་གླིང་འཁོར་བདའ་སྟེ་ལྕགས་ར་དྲྭ་མིག་རྐྱབ་ནི། ཕ སྐུ་མགྲོན་སྤྲོ་ཁང་དང་གཞུང་གི་མགྲོན་ཁང་ཆེན་མོ་བཅོ་ཁ་རྐྱབ་དགོཔ། བ འབྲུག་ཀྲེ་བཱལ་ཕེཀྲ་རེ་ཤཱན་ཟེར་བའི་ རིལ་རྩེད་མཉམ་འབྲེལ་ཚོགས་པའི་ཡིག་ཚང་ཉམས་བཅོས་ འབད་ནི།

མ ཐིམ་ཕུ་དང་སྤུ་ན་ཁའི་བར་ན་གི་གཞུང་ལམ་རྒྱ་བསྐྱེད་འབད་ནི། ཙ ཐིམ་ཕུ་དང་སྤ་རོ་བར་ན་གི་གཞུང་ལམ་རྒྱ་བསྐྱེད་འབད་ནི། ཚ དམིགས་བསལ་སེམས་རྟོགས་ཁ་དང་བར་པའི་ས་གི་གཙོས་པའི་ འཁོར་ལམ་རྒྱ་གྲམ་ཚུ་ ལེགས་བཅོས་བཏང་དགོཔ།

109


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཛ ཐིམ་ཁྲོམ་ནང་འཁོད་ཀྱི་འཁོར་ལམ་རྒྱ་བསྐྱེད་གཏང་ནི་དང་ འཁོར་ལམ་མཐའ་མ་ལས་མི་ལམ་ བཟོ་ནི་དང་ མི་མང་དོན་ཁྲོམ་གནས་ཁར་སྣུམ་འཁོར་བཞག་སའི་ཐང་བཟོ་དགོཔ་ཚུ།

ཝ ཐིམ་ཕུ་དང་སྤུ་ན་ཁའི་བར་གྱི་གཞུང་ལམ་དང་ ལོད་པའི་ས་དང་དབང་འདུས་བར་གྱི་གཞུང་ལམ་ ཚུ་ནང་ མེ་བརྡ་མཁོ་སྒྲུབ་འབད་བཙུགས་ནི་དང་ དཀར་བརྡ་བཀལ་ནི་ཚུ།

ཞ སྤ་རོ་སྦོང་འདུས་ཀྱི་དཱན་ཏག་སྡོད་སྒར་སྤོ་དགོཔ་ཚུ་ཨིན་པས། ཐིམ་ཕུ་གྲོང་སྡེ་ལས་འཛིན་གྱི་ཁ་ཐུག་ལས། ཀ སྐྱེད་ཚལ་མེ་ཏོག་གི་རིགས་ཚབ་བཙུག་དགོཔ་དང་བསྐྱར་བསྣན་སྦེ་བཙུག་ནི་ཚུ། ཁ སྒྲིང་ཁྱིམ་ཡོད་ཚད་ཀ་ར་བཏང་བཅུག་ནི་དང་ ཁྱིམ་ཐོག་ཆ་མཉམ་བཀྲག་རྩི་གཏང་བཅུག་དགོཔ། ག ཁྲི་སྟོན་གྱི་སྐབས་ཁྱིམ་ཡོད་ཚད་རྒྱལ་དར་འཕྱར་དགོཔ་ངེས་བརྟན་བཟོ་དགོཔ། ང ཚོང་ཁང་ག་ར་གཙང་སྦྲ་བསྟེན་ཐོག་ལས་ ཚོང་རིགས་ལེགས་ཤོམ་སྦེ་གོ་རིམ་བསྒྲིགས་ཏེ་བྱ་ ཆི་ཆི་བཟོ་བཅུག་དགོཔ།

ཅ སྤ་རོ་དང་སྤུ་ན་ཁ་རྩིས་ཏེ་ གཞུང་ལམ་གྱི་གཡས་གཡོན་ཁར་གནང་བ་མེད་པའི་ཁྱིམ་དང་ མཛེས་ཆ་ལུ་གནོད་པའི་གཞུང་སྒེར་གྱི་སྦ་སྒོ་དང་ཁྱིམ་གྱི་རིགས་བརྡལ་བཅུག་དགོཔ།

ཆ གཙང་ཆུའི་མཐའམ་དང་ཡུར་བ་ཚུ་ཧིང་སངས་ས་བཟོ་དགོཔ། ཇ ཐིམ་ཕུ་དང་སྤ་རོ་ སྤུ་ན་ཁའི་ཁྲོམ་གྱི་ས་ཁོངས་ཚུ་ནང་ཁྲི་སྟོན་ཟླ་ངོ་༣ གྱིས་མ་རནཔ་ལས་ ཁྱིམ་ གསར་རྐྱབ་ཀྱི་ལཱ་ཚུ་མཚམས་འཇོག་འབད་དགོཔ།

ཉ ཚོད་བསྲེ་ཁྲོམ་གསར་རྐྱབ་དགོཔ། ཏ མི་མང་དོན་གླ་སྤྲོད་དེ་ཆབ་གསང་འབད་སའི་ཆབ་གསང་འབད་ངོ་བདེ་བ་༤༠ དེ་ཅིག་རྐྱབ་དགོཔ།

110


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཐ ཁྲོམ་ལམ་ཡོད་ཚད་གསར་སྐྲུན་དང་རྒྱ་བསྐྱེད། ཉམས་བཅོས་ཀྱི་རིགས་ཚར་དགོཔ། ད ཁྲོམ་ལམ་ཁའི་གློག་མེའི་ཀ་བ་གསརཔ་བཙུག་དགོཔ་དང་ སོར་ཏེ་བཙུག་དགོཔ། ཉམས་བཅོས་ འབད་དགོ་པའི་རིགས་ག་ར་ཚར་དགོཔ།

ན ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དང་གཅིག་ཁར་མཉམ་འབྲེལ་འཐབ་སྟེ་ སྣུམ་འཁོར་

བཞག་ས་གཏན་འཁེལ་བཟོ་བའི་ས་ཁྲ་ འབྲུག་གཞུང་རྒྱལ་ཡོངས་དགའ་སྟོན་ལྷན་ཚོགས་ ལུ་གཟིགས་ཕུལ་ཞུ་དགོཔ་ཨིན་པས།

པ སྔགས་པའི་ས་འམ་བར་པའི་སར་འཛུལ་སྒོ་སྦོམ་ཅིག་གསར་བསྐྲུན་འབད་དགོཔ། ཕ ཁྲོམ་ལམ་གློག་མེ་ཀ་བའི་གུ་འཕྱར་བའི་དོན་ལས་ རྒྱལ་པོའི་འཕྱར་དར་དང་འཛིན་ལྕགས་ཚུ་ གི་བཟོ་བཀོད་གསརཔ་བཟོ་སྟེ་གནང་བ་ཞུ་བར་ཕུལ་དགོཔ།

བ རྐང་ཐང་འགྱོ་སའི་བགྲོད་ལམ་ཚུ་ནང་རྡོ་ལེབ་འཐིང་དགོཔ། མ ནོར་འཛིན་ལམ་གྱི་མི་ལམ་མཐུད་དགོཔ། ཙ སྣུམ་འཁོར་བཅོས་ཁང་ཚུ་ཨོ་ལ་རོང་ཆུ་ལུ་སྤོ་དགོཔ། ཚ ཁྲོམ་ཁར་སྤྱང་ཁྱི་རིགས་འཁྱམས་ཏེ་ སྡོད་ནི་མེདཔ་སྦེ་བཟོ་དགོཔ། ཛ བརྡ་སྟོན་བརྡ་བྱང་ཚུ་སོར་དགོཔ། ཝ གཞུང་ལམ་རྒྱ་གྲམ་ཁའི་བཟོ་བཀོད་ལེགས་བཅོས་འབད་ནི།

༡༢ ནང་སྲིད་དང་ལམ་སྲོལ་ལྷན་ཁག་གི་ཁ་ཐུག་ལས། ཀ ཐིམ་རྫོང་ནང་ལྟད་མོ་ལྟ་མི་སྟོང་ཕྲག་༡༥ དང་སྟོང་ཕྲག་༢༥ འི་བར་ན་ཤོང་པའི་ཚེས་བཅུའི་ཐང་

111


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གསརཔ་བཟོ་ནི། ཁ བཀྲ་ཤིས་ཆོས་རྫོང་གི་ཀུན་ར་དང་འདུ་ཁང་། ལྷ་ཁང་ཚུ་གིས་གཙོས་པའི་རྫོང་གི་གསེར་ཏོག་རྒྱ་ ཕིབས་བཅས་པ་ཉམས་བཅོས་ཞུ་ནི་དང་གསེར་ཁ་སྒྲོན་གཏང་དགོཔ།

ག བཀྲ་ཤིས་ཆོས་རྫོང་ནང་གི་གསེར་ཁྲི་ཁང་བཟང་ལེགས་བཅོས་ཞུ་དགོཔ། ང བཀྲ་ཤིས་ཆོས་རྫོང་གི་མཐའ་བསྐོར་སའི་མཛེས་བཀོད་ལེགས་བཅོས་བཏང་དགོཔ། ཅ བཀྲ་ཤིས་ཆོས་རྫོང་གི་ཤིང་ཚོན་ལོག་སྟེ་བཏང་དགོཔ། ཆ དགོངས་རྫོགས་མཆོད་རྟེན་ཉམས་བཅོས་ཞུ་ནི་དང་ མཐའ་བསྐོར་ལེགས་བཅོས་བཏང་དགོཔ། ཇ སྤུངས་ཐང་རྫོང་གི་བ་ཟམ་དང་མང་སྡེ་ཆུའི་བ་ཟམ་ལོག་སྟེ་རྐྱབ་དགོཔ། ཉ ཀྲོང་གསར་ལྟག་རྫོང་བསྐྱར་བཅོས་འབད་དེ་ རྒྱལ་བརྒྱུད་ཀྱི་ཅ་རྙིང་འགྲེམས་སྟོན་ཁང་སྦེ་བཟོ་དགོཔ། ཏ སྤུངས་ཐང་གླིང་ཁའི་ཕོ་བྲང་བསྐྱར་བཞེང་འབད་དགོཔ། ཐ སྤ་རོ་རྫོང་གི་ཤིང་ཚོན་ལོག་སྟེ་བཏང་དགོཔ། ད སྤ་རོ་ཉ་མེད་ཟམ་ཉམས་བཅོས་འབད་དགོཔ། ན དྲང་བཞགཔ་ཚུ་ལུ་སྦྱོང་རྡར་གནང་དགོཔ།

༡༣ དངུལ་རྩིས་གཞུང་ཆས་བདག་སྐྱོང་ལས་ཁུངས་ཀྱི་ཁ་ཐུག་ལས། ཀ བཟོ་བཀོད་གནང་ཐོག་ལས་མཁོ་སྒྲུབ་འབད་དགོཔ་ ཟས་སྟོན་གྱི་གུར་དང་ སྤྲོ་གུར། བཞུགས་ གནས་ཀྱི་གུར་ཆེན། དྲང་བཞག་པའི་ལས་གུར། ཆབ་གསང་གུར་ལ་སོགས་པ་བཅའ་སྒྲིག་རྐྱབ་ དགོཔ།

112


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ཁ མི་མང་ལུ་གསལ་བཤད་འབད་བའིམཐུན་རྐྱེན་ཚུ་མཁོ་སྒྲུབ་འབད་དེ་བཙུག་དགོཔ། ག དམིགས་བསལ་གྱི་ལྷ་དར་དང་ དར་ཤིང་། ཁྲི་ཁེབས། རུ་དར། དར་བཅས་པ་མཁོ་སྒྲུབ་འབད་ དགོཔ།

ང མགྲོན་སྐྱོང་ཁང་གི་མཐའ་བསྐོར་ལེགས་བཅོས་རྒྱན་བཀོད་འབད་དགོཔ་དང་ བཞུགས་གནས་ གུར་ཆེན་དང་ ཟས་སྟོན་ས་ཁོངས་ཚུ་ལེགས་ཤོམ་བཟོ་དགོཔ།

ཅ འཛུལ་སྒོ་གསར་བསྐྲུན་གྱི་ས་གནས་ངོས་འཛིན་འབད་ནི་དང་ མ་སྒོ་དང་བྱོན་པ་ལེགས་སོའི་ས་ གནས་ངོས་འཛིན་འབད་དགོཔ།

ཆ གསུང་བཤད་གནང་སའི་སྟེགས་ཁྲི་ཆ་ཚང་ཅིག་མཁོ་སྒྲུབ་འབད་དགོཔ།

༡༤ གཞུང་གྲྭ་ཚང་གི་ཁ་ཐུག་ལས། ཀ ཁྲི་འདོན་དུས་ཚོད་ཀྱི་གཟའ་སྐར་གཏན་འཁེལ་བསྒྲིག་གནང་དགོཔ། ཁ དྲགོས་རྒྱལ་གཟིམ་དང་བསྟུན་གྲོས་མཛད་ཐོག་ལས་ མ་ཆེན་སྐུ་མདུན་གྱི་རྟེན་འབྲེལ་གྱི་རིམ་པ་

བསྒྲིག་དགོཔ་དང་ མ་ཆེན་དང་རྗེ་མཁན་པོ། གཞུང་གྲྭ་ཚང་གི་ཕུལ་ཆ་ཚུ་གྲ་སྒྲིག་མཛད་དགོཔ། རྟེན་འབྲེལ་སྐབས་གྲལ་ཞུགས་གནང་མི་ སྐུ་འཁོར་ཚུ་གི་མཚན་ཐོ་བཏོན་དགོཔ་དང་ བཀྲ་ཤིས་ ཆོས་རྫོང་ནང་གི་རྟེན་འབྲེལ་བཞུགས་རིམ་གྲ་སྒྲིག་མཛད་གནང་དགོཔ།

ག གསུང་རྟེན་གསེར་བྲིས་མ་བཞེངས་དགོཔ། ང མི་དབང་མངའ་བདག་་རིན་པོ་ཆེའི་ཞབས་བརྟན་གསེར་བྲིས་མ་བཞེངས་དགོཔ། ཅ བཅའ་སྒྲིག་དང་ཆིབས་གྲལ་སེར་སྦྲང་བཅས་ཀྱི་རིགས་སྤུ་ན་ཁ་དང་ བཀྲ་ཤིས་ཆོས་རྫོང་གཉིས་ ཆ་ར་ལུ་འགོ་འདྲེན་འཐབ་དགོ་པའི་ཁར་ རྫོང་ནང་མཛད་དགོ་པའི་རིགས་ཀྱི་བཅའ་སྒྲིག་ཚུ།

113


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཆ བཅའ་སྒྲིག་དང་ཆིབས་གྲལ་སེར་སྦྲང་བཅས་ཀྱི་རིགས་ལུ་མཁོ་བའི་ཅ་ལའི་ཐོ་བཏོན་དགོཔ། ཇ རྒྱལ་ཁབ་ནང་འཁོད་དང་ རྒྱལ་ཁབ་གཞན་ཁར་སྐུ་རིམ་ཞབས་བརྟན་གནང་དགོ་པའི་རིགས་ ཐོ་བཀོད་དེ་གནང་དགོཔ།

༡༥ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས། ཀ གློ་བུར་ཉེན་འཚུབས་ཀྱི་དོན་ལུ་གསོ་བའི་ཞབས་ཏོག་རྒྱ་བསྐྱེད་བཏང་དགོཔ་དང་ ཕྱི་ཁའི་སྨན་ ཁང་ཚུ་དང་རྒྱུན་འབྲེལ་འཐབ་དགོ་པའི་རིགས།

ཁ ཁྲི་སྟོན་ས་གནས་ཁར་རིམས་ནད་དར་ཁྱབ་མི་བྱུང་པའི་དོན་ལས་གསང་བའི་ཞབས་ཏོག་སྒོ་ལས་ བཀག་ཐབས་བསྟེན་དགོཔ།

ག ཐིམ་ཕུ་ལུ་གསོ་བའི་ལཱ་འབད་མི་ ལྷན་ཐབས་ཕྱི་ཁ་ལས་ལེན་དགོཔ། གལ་ཆེ་བའི་སྨན་རིགས་ ལངཔ་སྦེ་བཞག་དགོཔ།

ང གསོ་བའི་ཞབས་ཏོག་གི་ལཱ་འབད་མི་ ཧེང་སྐལ་ཕྱི་ཁ་ལས་བཙུག་དགོཔ། ཅ གལ་ཆེ་བའི་སྨན་རིགས་གྲ་སྒྲིག་འབད་དེ་བཞག་དགོཔ། ཆ སྨན་པའི་ལས་བྱེད་སྡེ་ཚན་འབད་དེ་གསར་དུ་བཙུག་དགོཔ། ཇ གནས་སྐབས་ཀྱི་དོན་ལས་སྨན་སྤྲོད་ཁང་གསར་འཛུགས་འབད་དགོཔ།

༡༦ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས། ཀ མི་མང་ཚོད་བསྲེ་གཙོང་སའི་དོན་ལུ་ ཁང་ཆེན་གྱི་ཁྲོམ་གསརཔ་རྐྱབ་དགོཔ། ཁ རྒྱ་ནག་ལས་རྟ་༡༠ ཉོ་བའི་སླ་ལས་རྟ་༢ ཁྲི་སྟོན་ཆིབས་གྲལ་གྱི་དོན་ལུ་བཞག་དགོཔ་ཚུ་ཨིན་པས།

114


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

ག མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་སྐབས་ སྔར་སྲོལ་མི་སེར་དྲག་རིམ་ དང་ སྤྱིར་བཏང་མི་ངོ་རེ་རེ་བཞིན་དུ་རྒྱུ་དངོས་ཆེ་འབྱོར་ཆུང་འབྱོར་རེ་ཕུལ་བའི་ལམ་སྲོལ་ཡོདཔ་

ཨིན་རུང་ ད་རེས་མི་དབང་བདག་རིན་པོ་ཆེའི་ཞབས་ལས་རྒྱལ་པོའི་དོན་ལུ་མི་སེར་ལས་ཐ་ན་ ཁ་དར་ཙམ་ཡང་ཕུལ་མ་དགོ་པའི་བཀའ་རྒྱ་ནན་བསྐྱར་གནང་རུང་ བློན་འབངས་ཡོངས་ཀྱིས་

གསོལ་བ་བཏབ་སྟེ་སྔར་ཁྱུན་མི་ཉམས་ཙམ་དུ་འབྲུག་རྒྱལ་ཁབ་ཀྱི་མི་མང་ཡོངས་ཀྱི་ཚབ་ལུ་ སོ་ནམ་ལྷན་ཁག་གི་འགོ་འདྲེན་དང་མ་དངུལ་ཐོག་ལས་ གླང་པོ་ཆེ་དར་ཟབ་ཀྱི་བརྒྱན་པ་ཕོ་ མོ་གཉིས་དང་གླང་ཆེན་ཕྱུག་ཀུ་དང་བཅས་པའི་འབུལ་བ་དང་ རྟ་མཆོག་སྒ་སྲབ་ཀྱིས་སྤྲས་

པ་ཕོ་མོ་རྟ་ཕྲུག་དང་བཅས་པ། གཡག་ཕོ་མོ། ལུག་ཕོ་མོ། བ་མེན་དང་རྒྱ་ཚམ་བཅས་པ་གོ་ རིམ་བསྒྲིགས་ཏེ་ཕུལ་ནིའི་འབྲུ་སྣའི་ དོས་དང་ཟོང་ཆའི་ཚན་གྲངས་ དངུལ་གྱི་ཐུམ་བཅས་པ་ བསྒྲིགས་ཏེ་ ཕུལ་མི་ཡང་མི་སེར་དང་ཆོས་སྡེའི་སྐུ་ཚབ་བཅས་པ་བཏོན་ཐོག་ལས་ཕུལ་བའི་ རིམ་པ་བཟོ་དགོཔ།

༡༧ ཤེས་རིག་ལྷག་ཁག་ཁ་ཐུག་ལས།

དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་ནི།

༡༨ ལཱ་གཡོག་དང་མི་སྟོབས་ལྷན་ཁག་ཁ་ཐུག་ལས། ཀ ཆིབས་གྲལ་གྱི་ཅ་ཆས་མཁོ་སྒྲུབ་སྦེ་ནི། ཁ བརྡ་དོན་འབྲེལ་སྟེགས་དང་ ཕན་ཐབས་ཞབས་ཏོག་ལྟེ་བ་ཚུ་བཟོ་སྐྲུན་འབད་ནི།

༡༩ མངའ་བདག་རྒྱལ་པོའི་ཡིག་ཚང་ཁ་ཐུག་ལས། ཀ བཞུགས་གྲལ་གྱི་ཅ་ཆས་མཁོ་སྒྲུབ་རྐྱབ་ནི།

115


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁ མངའ་གསོལ་གྱི་ཅ་ཆས་མཁོ་སྒྲུབ་རྐྱབ་ནི། ག དྲང་བཞག་གི་ཅ་ཆས་མཁོ་སྒྲུབ་རྐྱབ་ནི། ང གསེར་ཁྲི་མངའ་གསོལ་གྱི་རྟགས་མ་བཟོ་ནི། ཅ གྲྭ་ཚང་དང་བཤད་གྲྭ་པ་ཚུ་ལུ་ལྟོ་ཁའི་བཅའ་སྒྲིག་རྐྱབ་ནི།

༢༠ འབྲུག་ཨོ་ལོམ་པིག་ཚོགས་པའི་ཁ་ཐུག་ལས། ཀ འབྲུག་རྐང་རིལ་ཚོགས་པའི་འགོ་འདྲེན་འཐབ་ནི། ཁ མདའ་རྩེད་འགོ་འདྲེན་འཐབ་ནི། ག སྒོ་ར་ཁ་ཚུ་གི་རྒྱལ་མཚན་ཏོག་དང་ ཅང་གླིང་མའི་གཟིགས་ར་ཁང་གི་གཙང་སྦྲ་ཅ་ཆས་ཚུ་མཁོ་ སྒྲུབ་རྐྱབ་ནི།

༢༡ མི་མང་དང་ལེན་ཚོགས་པའི་ཁ་ཐུག་ལས། མི་མང་དང་ལེན་ཚོགས་པ་ (སི་ཨའི་སི་སི་སི་) འདི་ འབྲུག་གི་དུས་ཚོད་ (བུ་ཀྲན་ཀྲའིམས)

བརྒྱ་འཁོར་གྱི་རྒྱང་བསྒྲགས་ (སེན་ཀྲེ་ནིའེལ་རེ་ཌི་ཨོ) མཆོག་གསུམ་བརྡ་རྒྱུད་བརྡ་དོན་སྤྲོ་ སྟོན་ (ཀྲིཔཱལ་ཇེམསི་ཨིན་ཕོ་ཀྲེན་མེནཊ) ཚུ་གིས་འགོ་འདྲེན་ཐོག་ གཞུང་དང་སྒེར་སྡེ་ ཟུང་ ཕྱོགས་མཐུན་འབྲེལ་ལས་སྡེ་ཚུ་ལས་མ་དངུལ་གྲོགས་རམ་ཞུ་སྟེ་ དུས་ཡུན་བདུན་ཕྲག་༦ རིང་ རྒྱལ་ཡོངས་དགའ་སྟོན་གྱི་ལས་རིམ་འགོ་འདྲེན་འཐབ་ནི། ལས་རིམ་འགོ་འདྲེན་འཐབ་སའི་ རྒྱལ་ཡོངས་དགའ་སྟོན་ཐང་དེ་ ཐིམ་ཕུ་དབྱངས་ཅན་ཕུག་གི་ རྩེད་ཐང་ནང་བཟོ་སྟེ་ དེ་ནང་རྒྱལ་ཁབ་ནང་འཁོད་ལས་དང་ཕྱི་རྒྱལ་ལས་འཁྲབ་རྩེདཔ་བསྡོམས་

116


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

༤༠༠༠ དེ་ཅིག་གིས་ སྤྲོ་སྟོན་ལས་རིམ་རྣམ་གྲངས་༧༠༠ དེ་ཅིག་འགོ་འདྲེན་འཐབ་མིའི་ གྲངས་སུ་ གླུ་འཐེན་ནི་ ཞབས་ཁྲ་རྐྱབ་ནི་ རིག་རྩལ་འགྲན་བསྡུར་ ཚོང་གི་འགྲེམ་སྟོན་ ལུང་ ཕྱོགས་སོ་སོའི་སྔར་སྲོལ་དུས་སྟོན་ བང་རྒྱུགས་ལས་རིམ་ ལ་སོགས་པ་ འགོ་འདྲེན་འཐབ་ སྟེ་བཏོན་ནི། སྤྲོ་སྟོན་ལས་རིམ་དེ་ཚུ་ཡང་ འབྲུག་བརྒྱང་བསྒྲགས་ཀྱིས་ དངོས་མཐོང་ལས་རིམ་ཐོག་ལས་ རྒྱལ་ཡོངས་ནང་གསལ་སྟོན་འབད་དེ་ གསེར་ཁྲི་མངའ་གསོལ་དང་ ལོ་བརྒྱའི་དགའ་སྟོན་ འདི་ འབྲུག་གི་རྒྱལ་ཡོངས་མི་མང་དང་གཅིག་ཁར་ ཟེར་བའི་བརྗོད་དོན་ཐོག་ དུས་སྟོན་བརྩི་ སྲུང་ཞུ་ནི། དེ་དང་གཅིག་ཁར་མི་མང་ལུ་ཁག་ཆེ་བའི་ཤེས་ཡོན་བསྐུལ་བསྒྲགས་ལས་རིམ་ཚུ་ ཡང་འགོ་འདྲེན་འཐབ་ནི།

གསུམ་པ་ རྟེན་འབྲེལ་ས་ཁོངས་ཀྱི་མཐོང་སྣང་བཤད་པ། མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་ མངའ་གསོལ་དངོས་གཞི་གི་དུས་ཚོད་རན་པའི་བསྒང་ལས་ སྤུངས་ཐང་རྫོང་དང་ ཐིམ་ཕུའི་ཁྲོམ། བཀྲ་ཤིས་ཆོས་རྫོང་དང་ཐིམ་ཁྲོམ་ཚུ་གི་མཐོང་སྣང་སྐོར་ལས་མདོར་ བསྡུས་ཅིག་ཞུ་བ་ཅིན། དང་པ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ཕྱི་ནང་བར་གསུམ་གྱི་བཀོད་པ་འདི་ ཡང་། ཁུ་རུ་ཐང་གི་ཁྲོམ་ལམ་ཁ་ལས་ཡར་ འཛུལ་སྒོ་ཕྱི་རིམ་ ནང་རིམ་ བར་རིམ་དང་བཅས་པ་ ཐོག་

ཚད་གསུམ་པའི་དབྱིབས་ཅན་གུ་ ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་སུ་ རྒྱལ་མཚན་དང་། མངའ་ ཐང་དགུང་དང་མཉམ་པའི་ཚུལ་དུ་ འབྲུག་གི་རྒྱལ་དར་དགུང་དབྱིངས་སུ་འཕྱར་ཏེ་ འཛུལ་སྒོ་དང་པ་དང་ གཉིས་པ། གཉིས་པ་དང་གསུམ་པ་ཚུ་གི་བར་ན་ མདོག་སྣ་ལྔའི་དར་ཤིང་མཚར་དུ་མངར་བའི་བར་མཚམས་

ཚུ་ན་ དཀར་སེར་དམར་ལྗངས་མདོག་ལྡན་གྱི་ རུ་དར་དཔྱངས་ཏེ་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་ པར་བཤམས་ནུག།

117


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་བཟུམ་སྤུངས་ཐང་བ་ཟམ་གྱི་ཐོག་ཆའི་གུ་ དར་ཤམ་འཇའ་རིས་དམར་སེར་དང་བཅས་བཀོད་དེ་དཔྱངས་

པའི་ཁར་ ཟམ་གྱི་གཡས་གཡོན་ དར་ཚོན་སྣ་ལྔ་ལྷབ་ལྷུབ་མཛེས་པར་བརྒྱན་པའི་ ཟམ་གུ་གྲུམ་གདན་

དམར་པོའི་ དར་ལམ་དཔྱངས་པའི་གུ་ འབྲུ་སྣ་ལྔའི་ཚོམ་བུ་ བཀྲ་ཤིས་པའི་རྟགས་བརྒྱད་དང་ རྒྱལ་སྲིད་ སྣ་བདུན། འདོད་ཡོན་ལྔ་ལ་སོགས་པའི་འབྲུ་རིས་བཀོད་པའི་ མཐའ་མ་ལས་ཡར་རྒྱ་ནག་ལྕགས་རི་ཚུ་ བཀོད་ནུག།

སྤུངས་ཐང་དར་ཤིང་རྩ་བ་ལས་ཡར་ རྫོང་གི་འདུ་ཁང་དང་ གླིང་ཁའི་ཕོ་བྲང་ཚུན་གི་ཕེབས་ལམ་ཚུ་ལུ་ཡང་ དར་ཤིང་དང་རུ་དར་གྱིས་བརྒྱན་པའི་བར་ན་ གྲུམ་གདན་དམར་པོའི་གུ་ འབྲུ་རིས་ཀྱི་བཀོད་པ་ཕུན་སུམ་

ཚོགས་པར་བཤམས་ནུག། ཕོ་བྲང་གི་མཐའ་བསྐོར་ཚུ་ན་དར་སྣ་ལྔའི་དར་ཤིང་དང་རུ་དར་གྱིས་མཛེས་པར་

བརྒྱན་པའི་ནང་ན་ སྤྲོ་གུར་མང་རབས་སྤུབས་པའི་འཛུལ་སྒོ་ ཕྱི་ནང་རིམ་པ་གཉིས་སུ་བསྒྲིགས་པའི་གུ་ བྱོན་པ་ལེགས་སོ་དང་བཀྲ་ཤིས་བདེ་ལེགས་བཀོད་དེ་འདུག།

སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་།

118


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

དེ་བཟུམ་སྤུངས་ཐང་རྫོང་གི་ཐོག་ཆ་ཡོད་ཚད་གུ་དར་ཤམ་དང་ དར་ཚོན་སྣ་ལྔས་མཛེས་པར་བརྒྱན་པ་མ་ཚད་ རྫོང་ནང་ཕེབ་པའི་བད་སྐས་གུ་ལས་གྲུམ་གདན་དང་ བད་སྐས་ལག་མདའ་གུ་ དར་སྣ་ལྔ་གིས་དཀྲིས་ཏེ་

མཛེས་པར་བརྒྱན། དབུ་རྩེ་གུ་ལས་ཞབས་དྲུང་ཕུན་སུམ་ཚོགས་པའི་མཐོང་གྲོལ་ཆེན་མོ་མི་མང་ལུ་མཇལ་

ཁའི་ཚུལ་དུ་དཔྱངས་པའི་གདོང་ཁ་ལས་ མཆོད་རྫས་སྤྱན་གཟིགས་ཀྱི་རིམ་པ་ཚུ་བཤམས་ཏེ་བཀོད་པའི་ ཁྱད་པར་བསམ་གྱིས་མི་ཁྱབ་པ་བཟོ་ནུག།

དེ་ལས་ ཐང་རྫོང་ནང་ སྐར་ཚོགས་ས་ཁར་བབས་པ་དང་འདྲ་བའི་གུར་ འབྲུག་རིས་ཅན་ཚུ་སྤུབས་པའི་དགོས་

པ་ཡང་ རྫོང་ཁག་གསུམ་པོའི་མི་སེར་ཡོངས་ལུ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་དགའ་སྟོན་ གྱི་ལྟོ་ཁ་གནང་ནི་དང་འབྲེལ་ཏེ་ མི་མང་དང་གཅིག་ཁར་བཞུགས་ཏེ་ཐུགས་སྤྲོ་གནང་བའི་དོན་ལུ་ སྤྲོ་གུར་

དང་། ལཱ་འབད་མི་ཚུ་གི་དོན་ལུ་ལས་གུར། འཚོ་བ་ཟས་སྟོན་གྱི་དོན་ལུ་ཟས་རིགས་བཤམས་པའི་བཟའ་ ཁང་གུར། ཨ་རག་སིང་ཆང་ལ་སོགས་པ་བཏུང་བའི་རིགས་མི་མང་ཡོངས་ལུ་ཁྱབ་པར་གནང་བའི་དོན་ལུ་

ཆང་ཁང་གུར་ལ་སོགས་པ་བཀྲམ་པའི་བར་ན་ ཕྱག་མདའ་གནང་སའི་འབའ་ཐང་དར་ཚོགས་ཀྱིས་བརྒྱན་པ་ དང་ ཐང་རྫོང་གི་ཕྱི་ལས་དར་ཤིང་སྣ་ལྔ་དང་རུ་དར་གྱི་ར་བའི་ཚུལ་དུ་བསྐོར་བའི་ཕེབས་ལམ་ཁར་སྒོ་ར་ཐོག་ རིམ་གསུམ་པ་མཛེས་རྒྱན་གྱིས་སྤྲས་ཏེ་ག་ནི་ལས་འདྲ་ཆགས་པར་བཟོ་ནུག་ཟེར་ཞུ་ནི།

གཉིས་པ་ ཐིམ་ཕྱོགས་ཀྱི་བཀོད་པའི་སྐོར་ལས་ཞུ་བ་ཅིན། ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་གཞུང་ལམ་ རྒྱ་ གྲམ་སེམས་རྟོགས་ཁ་ལས་ཡར་སྦེ་ གཞུང་ལམ་མགྱོགས་ལམ་བདའ་སྟེ་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ཚུན་ གྱི་བར་ན་ དཀར་སེར་དམར་ལྗངས་མདོག་ལྡན་དར་ཤིང་གྲལ་བསྒྲིགས་ཏེ་འཕྱར་བའི་གཡས་གཡོན་ལས་

འཇའ་ཚོན་ས་ཁར་ཆགས་པ་འདྲ་བའི་རུ་དར་སྣ་ལྔ་པོའི་མཚམས་ཚུ་ན་ བཀྲ་ཤིས་རྟགས་བརྒྱད་དང་འདོད་

ཡོན་ལྔའི་རིས་མོའི་གཟུགས་བརྙན་མཆོད་པའི་ཚུལ་དུ་བཀོད་དེ་ ཡོངས་སུ་བརྒྱན་པའི་བར་བར་ན་ འཛུལ་

སྒོའི་རིམ་པ་ སེམས་རྟོགས་ཁ་དང་ བར་པའི་ས། ཁྲོམ་མཇུག་དང་ཁྲོམ་འགོ། ཕོ་བྲང་དང་རྫོང་གི་རྟ་བབ་ཁ་ ཚུ་ན་ མཐུན་པ་སྤུན་བཞི་དང་ སྟག་སེང་ཁྱུང་འབྲུག། མཆོད་པའི་ལྷ་མོ། གཞན་ཡང་འདོད་ཡོན་ལྔ་དང་བཀྲ་

ཤིས་རྟགས་བརྒྱད་ལ་སོགས་པའི་རྒྱན་བཀོད་ཅན་གྱི་འཛུལ་སྒོ་ཐོག་ཚད་གསུམ་རེའི་བཀོད་པའི་ སྟེང་ཕྱོགས་

119


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཚུ་ན་ རྒྱལ་དར་དང་ ལྷ་དར་ རུ་དར་གྱི་རིགས་སོ་སོའི་ཐོབ་ཐངས་དང་བསྟུན་ཏེ་འཕྱར་ཁའི་ཁར་ རྒྱལ་སྒོའི་ ཡ་ཐེམ་ཚུ་ནང་ མངའ་བདག་རྒྱལ་མཆོག་བྱོན་པ་ལེགས་དང་ སྐུ་ཚེ་ཞབས་པད་བརྟན་པར་ཤོག་ལ་སོགས་ པའི་བསྟོད་བསྔགས་སྨོན་ཚིག་ཚུ་གིས་ལྷ་གནས་ལས་ཉམས་དགའ་བ། ཚངས་པའི་འཇིག་རྟེན་ལས་བྱིན་ ཆགས་པ། ཞིང་གི་བཀོད་པ་ལས་རྣམ་པར་བཀྲ་བ་སྦེ་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་བཟོ་ནུག།

བཅའ་སྒྲིག་མཛེས་པར་བརྒྱན་པའི་ཐིམ་ཁྲོམ་ མི་དབང་མངའ་བདག་རིན་པོ་ཆེར་ཕེབ་བསུ་ཞུ་དོན་ལུ་བསྒུགས་པ།

དེ་བཟུམ་སྦེ་ གཞུང་ལམ་གྱི་མཐའ་མ་ལས་ཡར་གློག་མེ་འོད་དུ་འཕྲོ་བའི་ཀ་ཆེན་ རེ་རེའི་གུ་ མི་དབང་མངའ་

བདག་རིན་པོ་ཆེའི་སྐུ་པར་དང་ ཉིན་པར་རང་བཞིན་གྱི་གཟི་བརྗིད་འཕྲོ་བ་ ནུབ་མོ་སྐུ་པར་འོད་ཀྱི་རྣམ་པར་ འཕྲོ་བའི་གློག་འོད་རང་བཞིན་གྱིས་འབར་བ་འདྲ་བར་གྲལ་བསྒྲིགས་ཀྱི་བཀོད་པ་མཛེས་པ། མཚམས་ཚུ་ན་

འབྲུག་གི་རྒྱལ་དར་དང་ཁྲི་མངའ་གསོལ་དགའ་སྟོན་གྱི་ལས་རྟགས་ དམར་སེར་འོད་ཀྱི་རྣམ་པའི་སྟེང་དུ་

120


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

དབྱར་རྔ་རང་སྒྲ་དང་བཅས་པ་འགྱུ་བ་རླུང་གིས་གཡབ་པའི་སྐབས་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྒྱལ་

ལོ་ཟེར་བ་འདྲ་བའི་སྒྲ་དབྱངས་ མཆོག་དམན་ཀུན་གྱི་རྣ་བའི་བཅུད་དུ་སོན་པ་ལ་སོགས་པ་གིས་བརྒྱན་པའི་ ཁར་ ལམ་གྱི་མཐའ་ཟུར་ཚུ་ན་ སྒྲིང་ཁྱིམ་མཐོ་ལ་མཛེས་པ་ཚུ་གི་སྒོ་ཅུང་ཚུ་ལས་འབྲུག་གི་རྒྱལ་དར་འཇའ་ འོད་ཀྱི་རྣམ་པ་འཕྲོ་བ་ལྟར་འཕྱར་བ་དང་ དར་སྣ་ལྔའི་ཅོད་པན་ལྷབ་ལྷུབ་ཏུ་བརྒྱན་ཏེ་བསུ་བའི་ཚུལ་དང་། ནུབ་ མོའི་རིགས་དཀར་སེར་དམར་སྔོན་མདོག་ཅན་གྱི་གློག་མེའི་ཕྲེང་བ་ ཁྱིམ་དང་ལམ་གྱི་གཡས་གཡོན་གཉིས་

ཀྱི་ལྗོན་ཤིང་ཚུ་ལས་ འོད་ལྔ་རང་འབར་གྱི་ཚུལ་དུ་མཛེས་པར་བརྒྱན་ཏེ་ ངོ་མཚར་བའི་བཀོད་པ་བསམ་ལས་ འདས་པ། མཛེས་པ། མཚར་བ། ཡིད་དུ་འོང་བ། མཚར་དུ་མངར་བ། ལྟ་བས་ཆོག་མི་ཤེས་པ་ལ་སོགས་པ་

དང་། འཁོར་ལམ་རྒྱ་གྲམ་གྱི་ལྟེ་བར་ མི་དབང་མངའ་བདག་རིན་པོ་ཆེའི་སྐུ་པར་ འགྲོ་བ་ལྷ་དང་བཅས་པས་ མཆོད་པའི་རྟེན་དུ་བཞེངས་པ་འདྲ་བའི་བཀོད་པ་དང་ འཁོར་ལམ་ཚུ་ཡང་ གསེག་མ་དང་རྡུལ་ཕྲན་གྱི་རྣམ་

པ་ཙམ་ཡང་མེད་པར་ གཙང་ཞིང་ཡིད་དུ་འོང་བ། རྟེན་འབྲེལ་ཐང་དང་ ཆུ་ཚོད་འཁོར་ལོའི་ཀ་ཆེན་རྩ་བ་ཚུ་ན་ བརྒྱུད་འཛིན་རྒྱལ་པོ་རིམ་པའི་སྐུ་པར་ སྦོམ་ལ་མཛེས་པས་བརྒྱན་པའི་མདུན་ཚུ་ན་ ལྷ་གོས་དཀར་པོ་དང་མེ་ ཏོག་མཆོད་པའི་ཚུལ་གྱིས་བཀོད་དེ་འདུག་ཟེར་ཞུ་ནི།

ཐིམ་ཕུ་བཀྲིས་ཆོས་རྫོང་གི་རྟེན་འབྲེལ་ཐང་།

121


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་དང་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་རྟེན་འབྲེལ་ཐང་ དགོངས་རྫོགས་མཆོད་རྟེན། ཅང་ གླིང་མའི་ཐང་དང་རྟེན་འབྲེལ་ཐང་གི་གཟིགས་ར། རྒྱལ་པོའི་ཕོ་བྲང་དང་ ལམ་ཁའི་ལྷ་ཁང་ཡན་ཆད་ སྤྱན་

གཟིགས་དང་དར་དཔྱངས། དར་གྱི་ད་དི་དང་ཕྱེ་ཕུར་ཚུ་གིས་བརྒྱན་ཏེ་ བསྐྱེད་རིམ་པས་བློས་བསླངས་ཀྱིས་ བཞེངས་པ་འདྲ་བའི་མཛེས་སྡུག་དང་ བདེ་བ་ཅན་དང་མངོན་པར་དགའ་བའི་ཞིང་བཀོད་ས་ལ་འཕོས་པ་བཟུམ་

བཟོ་ནུག། དེ་ལས་ཅང་ལམ་ཁར་ གུར་ཆུང་ཡིད་དུ་འོང་བ་གྲངས་ཀྱིས་མ་ཆོད་པ་སྤུབས་མི་ཚུ་ནང་ བཟའ་བཏུང་ དང་སྤྱད་དངོས། ཡོ་བྱད་འདྲ་མིན་སྣ་ཚོགས་ཀྱི་ཚོང་ཁང་དང་། ཅང་གླིང་མའི་ཐང་ནང་གུར་འབྲུག་རིས་ཅན་ མུ་

ཏིག་བསྟར་ལ་རྒྱུས་པ་འདྲ་བ་༥༠ ཙམ་སྤུབས་མི་ཚུ་ནང་ ཞི་དྲག་དཔོན་ཁག་ཡོངས་ཀྱི་ཆེད་དུ་ རྒྱབ་ལ་དང་ རྐང་ཁྲི་ཅོག་སྒྲོམ་གྱིས་ཁྱབ་པར་གང་བ་དགའ་སྟོན་ལྟད་མོ་ལྟ་བའི་དོན་ལས་བཀོད་ནུག།

ཅང་གླིང་མའི་ཐང་གི་ རྒྱལ་ཡོངས་དགའ་སྟོན་ཐང་གི་མཐོང་སྣང་།

122


ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག།

རྒྱལ་ཡོངས་དགའ་སྟོན་གྱི་འདུ་གནས་ཅང་གླིང་མའི་ཐང་ནུབ་ཕྱོགས་འཛུལ་སྒོའི་གཡས་གཡོན་ལྕགས་རིའི་

མདུན་ཕྱོགས་ལས་ ཞབས་དྲུང་རིན་པོ་ཆེ་དང་ གུ་རུའི་མཐོང་གྲོལ་ཆེན་མོ་ མི་མང་ལུ་དངོས་གྲུབ་གནང་བའི་

ཚུལ་གྱི་མཇལ་ཁ་དང་ ཐིམ་ཆུའི་ཕྱོགས་ཀྱི་དབུས་སུ་མི་དབང་མངའ་བདག་རིན་པོ་ཆེ་གིས་དབུ་གཙོས་པའི་ རྒྱལ་པོ་སྐུ་འཁོར་བཅས་ཀྱི་གཟིགས་ར་ གསེར་ཁྲི་དང་བཅས་པའི་གཡས་གཡོན་གཉིས་སུ་ཆེས་མཐོའི་སྐུ་

མགྲོན་དང་བླ་ཆེན་ཚུ་གི་དོན་ལུ་གཟིགས་ར་ཐོག་གཉིས་ཀྱི་སྟེང་ཁར་ འཇམ་ལ་བདེ་བའི་ཁྲི་འཕང་བཤམས་ ཏེ་རྒྱན་བཀོད་ཕུན་སུམ་ཚོགས་པས་བརྒྱན་པ་དང་ ཐང་ཟུར་གཉིས་སུ་ སྐུ་ཆེན་མོའི་གསོལ་སྟོན་ཁང་དང་ ཞི་

དྲག་དཔོན་ཁག་ཡོངས་ཀྱི་ཟས་སྟོན་ཁང་ཚུ་ན་ ཟ་བཏུང་འབྱོར་པ་རྒྱ་མཚོར་འཁྱིལ་བའི་བཀོད་པ་བསམ་གྱིས་ མི་ཁྱབ་པར་བཀོད་དེ་དགའ་ལྡན་ལྷ་ཡུལ་གྱི་བཀོད་པ་ འབྲུག་རྒྱལ་ཁབ་ནང་ དངོས་སུ་འཕོས་པ་བཟུམ་ མཐོངམ་ཨིན་མས་གོ།

གསུམ་པ་དེའི་ཞོར་ཁར་ འབྲུག་གི་རྒྱལ་རབས་ཅན་གྱི་དུས་ཆེན་རྣམ་གསུམ་དོན་ལུ་ རྫོང་ཁག་སོ་སོ་ལས་ རྒྱལ་ས་ཐིམ་ཕུ་ལུ་བལྟ་སྟེ་འོང་མི་ཚུ་གི་སྐོར་ལས་ཞུ་བ་ཅིན། ཕུན་ཚོགས་གླིང་རིན་ཆེན་ལྡིང་ལས་བཙར་ཏེ་ ཐིམ་ཕུ་ཁ་ཐུག་འོང་མི་སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་སྦོམ་འབད་རང་སོང་ཡི་ཟེར་དེ་སྐབས་ཀྱི་གནས་

ཚུལ་ཚུ་ནང་བཀོད་དོ་བཟུམ་དུས་རྒྱུན་དེ་ཁ་ལས་ཐིམ་ཕུ་ཁ་ཐུག་ འགྲོ་འགྲུལ་འབད་མི་སྣུམ་འཁོར་ཉིནམ་རེ་ ལུ་༣༠༠ རེ་ལས་བརྒལ་འགྲོ་འགྲུལ་འབད་མི་མེད་རུང་ ཁྲི་མངའ་གསོལ་རན་པའི་བསྒང་ལས་ཉིནམ་རེ་ལུ་

སྣུམ་འཁོར་༥༠༠ རེ་གུ་ཡར་སེང་སོངཔ་མ་ཚད་ གླ་འཁོར་དང་འགྲུལ་འཁོར་ཚུ་ནང་འགྲུལ་པ་ལྟེམ་ལྟེ་སྦེ་རང་ འགྱོ་ནི་དེ་གིས་ འགྲུལ་འཁོར་འཛིན་ཤོག་ཡང་བདུན་ཕྲག་ལེ་ཤའི་ཧེ་མ་ལས་མ་བཏོགས་པ་ཅིན་ མི་ཐོབ་པས་ ཟེར་སླབ་ཨིན་པས།

དེ་བཟུམ་ བུམ་ཐང་ཁ་ཐུག་ལས་དཔལ་ལི་ལ་བརྒལ་ཏེ་འོང་མི་དང་ ཧཱ་གི་ཁ་ཐུག་ལས་ དགེ་ལེགས་ཕུག་ ལས་ རྩི་རང་བརྒྱུད་དེ་འོང་མི་ གཞུང་དང་སྒེར་གྱི་མི་དམངས་སྐྱེལ་འདྲེན་གྱི་འགྲུལ་འཁོར་ལམ་ཁ་ལུ་མ་ཤོང་། འགྲུལ་འཁོར་སྣུམ་གྱིས་མ་ལང་བའི་དཀའ་ངལ་དང་བཅས་པའི་ཐོག་ལས་ རྒྱལ་ས་ཐིམ་ཕུ་ལུ་ འབྲུག་གི་མི་

123


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རློབས་ཡོངས་བསྡོམས་ཀྱི་གསུམ་དཔྱ་གཅིག་ལྷག་ཙམ་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ལྟད་ མོའི་དོན་ལུ་སྤུངས་ཡོད་པའི་ཞུ་བ་དང་གཅིག་ཁར་ ལེའུ་གསུམ་པ་ གསེར་ཁྲི་མངའ་གསོལ་གྱི་བཅའ་སྒྲིག་ སྐོར་ལས་ཞུ་ཚརཝ་ཨིན་ནོ། །ཕུན་ཚོགས་འདོད་དགུ་འཛོམས་པའི་ལྷ་ཡུལ་འདིར། །མི་དབང་ཆོས་རྒྱལ་གསེར་

ཁྲི་མངའ་གསོལ་གྱི། །མཛད་སྒོ་བཀོད་པའི་ཁྱད་པར་བསམ་ཡས་པ། །མཐའ་དག་ཡིག་ཐོག་བཀོད་པར་ག་ལ་ ལང་། །ཟེར་མི་དེ་ཡང་བར་གྱི་ཚིགས་བཅད་དོ། །

124


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

125


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་ སྟོན་གྱི་རིམ་པ། ༈

འབངས་མི་སྤྱི་མཐུན་ཚོགས་གཉིས་ལས་བསྐྲུན་ཏེ། །བྱང་སེམས་རྒྱལ་པོའི་སྐུར་བཞེངས་མི་དབང་

མཆོག། །རྒྱལ་མཆོག་ལྔ་པའི་གསེར་ཁྲིར་མངའ་གསོལ་བའི། །དགའ་སྟོན་སྲིད་གསུམ་གཡོ་ཚུལ་བཤད་ཀྱིས་

ཉོན། །ཟེར་བའི་ཚིགས་བཅད་ཀྱིས་མདུན་བསུ་སྟེ་ ལེའུ་བཞི་པ་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་ སར་རྣམ་རྒྱལ་དབང་ཕྱུག་མཆོག་གསེར་ཁྲི་མངའ་གསོལ་ དངོས་གཞིའི་མཛད་རིམ་གསལ་བཤད་འབད་ནི་

དེ་ལུ་ཡང་ རིམ་དང་པ་ གསེར་ཁྲི་མངའ་གསོལ་གྱི་ཚེས་གྲངས་དང་ལས་རིམ་གྱི་ཁུངས་དོན། རིམ་གཉིས་ པ་ སྤུངས་ཐང་ཁའི་ཕྱོགས་སུ་ཕྱག་ཕེབས་གནང་སྐབས་ཀྱི་ལས་རིམ། གསུམ་པ་ སྤུངས་ཐང་ཁར་བྱིན་ཅན་གྱི་

དར་བཞེས་པའི་སྐབས་ཀྱི་མཛད་རིམ། བཞི་པ་ སྤུངས་ཐང་བདེ་བ་ཆེན་པོའི་ཀུན་ར་ནང་བཀྲ་ཤིས་མངའ་གསོལ་

ཞུ་བའི་ལས་རིམ། ལྔ་པ་ མི་དབང་མངའ་བདག་རིན་པོ་ཆེ་རྒྱལ་སར་ཕྱིར་ལོག་ཕེབས་སྐབས་ཀྱི་མཛད་རིམ།

དྲུག་པ་ བཀྲ་ཤིས་ཆོས་རྫོང་གསེར་ཁྲི་ཁང་བཟང་ནང་ རྟེན་འབྲེལ་མངའ་གསོལ་ཞུ་བའི་སྐབས་ཀྱི་མཛད་རིམ། བདུན་པ་ བཀྲ་ཤིས་ཆོས་རྫོང་གི་ཀུན་ར་ནང་རྟེན་འབྲེལ་མཛད་སྒོའི་རིམ་པ། བརྒྱད་པ་ མི་དབང་འབྲུག་རྒྱལ་

བཞི་པ་དང་རྒྱལ་ཡུམ་ལྷན་རྒྱས་ཚུ་གིས་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་གསོལ་སྟོན་གནང་པའི་ལས་རིམ། དགུ་ པ་ རྟེན་འབྲེལ་ཐང་ནང་ མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ། བཅུ་པ་ རྒྱལ་པོའི་མགྲོན་ཁང་ཆེན་མོའི་ནང་ སྐུ་མགྲོན་ཚུ་ལུ་ཚོགས་སྟོན་གནང་སྐབས་ཀྱི་མཛད་རིམ། བཅུ་གཅིག་པ་ ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་ དགའ་སྟོན་ཉིནམ་དང་པའི་སྐབས་ཀྱི་མཛད་རིམ། བཅིུས་པ་ སྤྱི་ཚེས་༧/༡༡/༠༨ ཀྱི་ཕྱི་རུ་བཀྲ་ཤིས་ཆོས་རྫོང་

ནང་ མི་དབང་མངའ་བདག་རིན་པོ་ཆེ་གིས་ཚོགས་སྟོན་གནང་སྐབས་ཀྱི་མཛད་རིམ། བཅུ་གསུམ་པ་ཅང་གླིང་ མའི་ཐང་ནང་རྒྱལ་ཡོངས་དགའ་སྟོན་ཉིནམ་གཉིས་པའི་སྐབས་ཀྱི་མཛད་རིམ། བཅུ་བཞི་པ་ ཅང་གླིང་མའི་ཐང་

ནང་ཉིན་གསུམ་པ་མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ། བཅོ་ལྔ་པ་ གསེར་ཁྲི་མངའ་གསོལ་ཆེད་དུ་བཅར་

126


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མི་སྐུ་མགྲོན་ཚུ་གི་སྐོར། བཅུ་དྲུག་པ་ གསེར་ཁྲི་མངའ་གསོལ་དང་འབྲེལ་བའི་ མི་དབང་འབྲུག་རྒྱལ་ལྔ་པའི་ མཛད་རིམ་ཚུ་རིམ་པ་བཞིན་དུ་ཞུ་ནི་ཨིན།

དང་པ་ གསེར་ཁྲི་མངའ་གསོལ་གྱི་ཚེས་གྲངས་དང་མཛད་རིམ་ཁུངས་དོན། མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་འབྲུག་

རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་ཚོད་འདི་བློན་ཆེན་འཇིགས་མེད་འོད་ཟེར་ཕྲིས་ཀྱིས་ སྤྱི་ཚེས་ ༢༢/༧/༠༨ ལུ་གཞུང་འབྲེལ་ཁྱབ་བསྒྲགས་གནང་མི་ནང་ མཛད་རིམ་དང་པ་སྔར་གྱི་རྒྱལ་པོ་རིམ་བྱོན་ཚུ་ བཟུམ་སྦེ་ གདན་ས་སྤུངས་ཐང་ཁར་ སྐྱབས་མགོན་གོང་མའི་སྐུ་མདུན་ལས་རྒྱལ་པོའི་དར་མཛོད་མདོག་ལྔ་མ་

བཞེས་པར་ཕེབས་ནི་འདི་ ཀུན་འཛིན་འབྱུང་བ་ལྔ་ལྡན་ས་ཕོ་བྱི་ལོ་ཟླ་༩ པའི་ཚེས་༢ དང་ སྤྱི་ཚེས་༣༡/༡༠/༠༨ ལས་༢/༡༡/༠༨ ཚུན་ཚོད་ལུ་བརྩི་སྲུང་ཞུ་ནི་ཟེར་ཨིན་མས།

རྒྱལ་ཁབ་ཀྱི་དབུ་འཛིན་ཚུ་ སྤུངས་ཐང་རྫོང་ནང་ འབྲུག་གཞུང་འགོ་དང་པ་དབུ་བརྙེས་མི་སྐྱབས་མགོན་དམ་ པ་ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གི་སྐུ་དམར་གདུང་ཁྱད་པར་ཅན་ གསང་རྒྱ་དམ་དམ་སྦེ་བཞག་མི་

དེའི་སྐུ་མདུན་ལས་ བྱིན་ཅན་གྱི་དར་བཞེས་དགོ་མི་དེ་ སྤྱི་ལོ་༡༦༥༡ ལུ་སྐྱབས་མགོན་གོང་མ་ཐུགས་དམ་ལུ་ བཞུགས་པའི་ཉིན་མ་ལས་འགོ་བཙུགས་ཏེ་ གཞུང་གི་གོ་གནས་མཐོ་ཤོས་ཀྱི་བདག་རྐྱེན་མ་ཆེན་རིན་པོ་ཆེའི་

སྐུ་མདུན་ལས་གནང་སྲོལ་ཡོདཔ་ཨིན། དེ་ཡང་ དོན་དམ་པར་ངེས་པ་དོན་གྱི་དགོངས་པ་རྟོགས་ཚར་མི་རྒྱལ་

བ་གོང་མ་ཚུ་ལུ་གཤེགས་བཞུགས་མེད་ནི་དེ་གིས་སྐུ་དངོས་དང་ཁྱད་པར་མེདཔ་ལས་ འབྲུག་རྒྱལ་ཁབ་ཀྱི་ བསྟན་སྲིད་སྐྱོང་བའི་མངའ་བདག་རྒྱལ་པོ་གོང་ལས་རིམ་པར་བྱོན་ཡོད་མི་ཚུ་ཡང་ བྱིན་ཅན་གྱི་དར་སྣ་ལྔ་མ་ཆེན་

རིན་པོ་ཆེའི་སྐུ་མདུན་ལས་བཞེས་ཏེ་གསེར་ཁྲི་མངའ་གསོལ་གནང་སྲོལ་ཡོད་དོ་བཟུམ་ ད་རེས་ཡང་སྔར་ཁྱུན་ དང་འཁྲིལ་བའི་རྟེན་འབྲེལ་བརྩི་སྲུང་ཞུ་ནི་ཨིན་མས།

མཛད་རིམ་གཉིས་པ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ལུ་དབུ་ཞྭ་བྱ་རོག་གདོང་ཅན་བཞེས་ཏེ་ གསེར་ཁྲི་མངའ་གསོལ་ བའི་དུས་ཚོད་རང་ཟླ་༩ པའི་ཚེས་༨ དང་ སྤྱི་ཚེས་༦/༡༡/༠༨ ཀྱི་ཉི་མ་མཛད་ནི་གི་ཁྱབ་བསྒྲགས་གནང་ནུག།

127


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གསེར་ཁྲི་ཁང་བཟང་ནང་ མི་འཇིགས་སེང་གེས་བཏེགས་པའི་གསེར་ཁྲི་མངོན་

པར་མཐོ་བའི་གུ་མངའ་གསོལ་བའི་སྐབས་ ཡབ་འབྲུག་རྒྱལ་བཞི་པ་མཆོག་གིས་རྒྱལ་པོའི་དབུ་ཞྭ་བྱ་རོག་

གི་གདོང་ཅན་ཕུལ་ཏེ་ ཆེས་མཐོའི་སྐུ་མགྲོན་དང་ མངའ་བདག་སྐུ་འཁོར་ཚུ་གིས་ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་ མཚན་གྱི་ཅོད་པན་མངོན་པར་བསྟོད་པའི་མཛད་སྟོན་བརྩི་སྲུང་ཞུ་ནི་དང་། དེ་གི་འཕྲོ་མཐུད་དེ་ གཞུང་གི་ལྷན་སྡེ་རྣམ་གསུམ་འགོ་དཔོན་ཡོངས་དང་ ཕྱི་མགྲོན་ཚུ་གིས་མངོན་པར་བཀུར་བའི་གསེར་ཁྲི་མངའ་ གསོལ་གྱི་རྟེན་འབྲེལ་འདི་ཀུན་ར་ནང་ལུ་དང་ མི་མང་གིས་མངོན་པར་བཀུར་བའི་གསེར་ཁྲི་མངའ་གསོལ་གྱི་ རྟེན་འབྲེལ་འདི་ བཀྲ་ཤིས་ཆོས་རྫོང་གི་རྟེན་འབྲེལ་ཐང་ནང་བརྩི་སྲུང་ཞུ་ནི་ཨིན་མས།

མཛད་རིམ་གསུམ་པ་ཅང་གླིང་མའི་ཐང་གི་རྒྱལ་ཡོངས་རྩེད་ཐང་ནང་ གསེར་ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་

དགའ་སྟོན་བརྩི་སྲུང་ཞུ་ནི་འདི་ རང་ཟླ་༩ པའི་ཚེས་༩ ལས་༡༡ ཚུན་དང་ སྤྱི་ཚེས་༧-༩/༡༡/༠༨ ཚུན་ཉིནམ་ གསུམ་རིང་མཛད་ནི་གི་ཐུགས་ཐག་ཆོད་ནུག།

ཐིམ་ཕུ་ཅང་གླིང་མའི་ཐང་ནང་འབད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་འབངས་མི་ཡོངས་ལུ་མཇལ་ ཁ་གནང་སྟེ་ གསེར་ཁྲི་མངའ་གསོལ་གྱི་གསུང་བཤད་གནང་ནི་དང་ གསེར་ཁྲི་མགའ་གསོལ་གྱི་དགའ་སྟོན་ ངོ་མའི་མཛད་སྒོ་ཨིནམ་ལས་ ངོ་མཚར་བའི་བཀོད་པ་དང་ ཁྱད་དུ་འཕགས་པའི་ལས་རིམ་ཡ་མཚན་ཅན་ མང་

རབས་ཅིག་གི་ཐོག་ལས་བརྩི་སྲུང་ཞུ་ནི་དང་ དེ་ཚུ་ག་ར་འབྲུག་རྒྱང་མཐོང་གི་ཐོག་ལས་ དངོས་མཐོང་ལས་ རིམ་འཛམ་གླིང་རྒྱལ་ཡོངས་ལུ་སྤྱན་འབུལ་ཞུ་ནི་ཨིན་མས།

མཛད་རིམ་བཞི་པ་ དུས་སྟོན་རྗེས་དྲན་གྱི་དོན་ལུ་ མི་མང་གིས་དང་ལེན་གྱི་དགའ་སྟོན་དེ་ སྤྱི་ཚེས་༦/༡༡/༠༨

ལས་འགོ་བཙུགས་ཏེ་༣༡/༡༢/༠༨ ཚུན་བདུན་ཕྲག་༨ ཀྱི་རིང་ དབྱངས་ཅན་ཕུག་མཐོ་རིམ་གོང་མའི་སློབ་ གྲྭའི་རྩེད་ཐང་གི་རྒྱལ་ཡོངས་དགའ་སྟོན་ཐང་ནང་བརྩི་སྲུང་ཞུ་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་ལུ་ཕུལ་ནིའི་ཁྲི་དར་སྐོར་ལས་ མི་རྗེ་བློན་ཆེན་གྱིས་༡༨/༡༠/༠༨ ལུ་ མི་

དབང་མངའ་བདག་རིན་པོ་ཆེའི་བཀའ་རྒྱ་ མི་དམངས་ལུ་ཁྱབ་བསྒྲགས་གནང་མི་ནང། གསེར་ཁྲི་མངའ་

128


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

གསོལ་གྱི་ཁྲི་དར་ཕུལ་སྐབས་ མི་དམངས་གི་ཁ་ཐུག་ལས་ ཧེ་མ་བཟུམ་ རྒྱུ་ནོར་ཟོང་དངུལ་ག་ནི་ཡང་ཕུལ་ མ་ཆོགཔ་དང་ ལེགས་སྨོན་གྱི་ཐ་དམ་ཚིག་ལུ་ རྟེན་འབྲེལ་གྱི་ཁ་དར་རྐྱངམ་གཅིག་ཕུལ་ཆོགཔ་སྦེ་ཨིན་མས། དེ་མ་ཚད་ འབྲུག་གི་དུས་ཆེན་རྣམ་གསུམ་གྱི་དགའ་སྟོན་འདི་ནང་ ཕྱི་ཁ་གི་སྐུ་མགྲོན་གང་ཉུང་བཞག་སྟེ་ ནང་

འཁོད་མི་མང་དང་གཅིག་ཁར་ རྒྱལ་ཡོངས་ཀྱི་དགའ་སྟོན་གཙོ་བོར་བཏོན་ཏེ་བརྩི་སྲུང་ཞུ་ནི་གི་ཁྱབ་བསྒྲགས་ ཡང་གནང་ཡི།

གཉིས་པ་ བྱིན་ཅན་གྱི་དར་ཞུ་བར་ཆིབས་བསྐྱོད་གནང་བའི་མཛད་རིམ། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གདན་ས་སྤུངས་ཐང་ཁར་མ་ཆེན་སྐུ་མདུན་ལས་བྱིན་ཅན་གྱི་དར་ཞུ་ བར་ སྤྱི་ཚེས་༣༡/༡༠/༠༨ ལུ་ཆིབས་སྐྱོད་གནང་ཡི། མི་དབང་མངའ་བདག་རིན་པོ་ཆེ་ གདན་ས་སྤུངས་

ཐང་ཁར་བྱོན་པའི་སྐབས་ ཕྱག་ཞུ་སྟེ་འགྱོ་བའི་དོན་ལས་ བློན་ཆེན་གྱིས་དབུ་གཙོས་པའི་ལྷན་རྒྱས་གཞུང་ ཚོགས་ཀྱི་འཐུས་མི་ཚུ་དང་ཆེ་མཐོའི་དཔོན་ཁག་ཚུ་ དྲོ་པ་གི་ཆུ་ཚོད་༧ དང་སྐར་མ་༡༥ ལུ་ རྒྱལ་པོའི་ཕོ་ བྲང་ནང་བཅར་ནུག།

དྲོ་པ་ཆུ་ཚོད་༧ དང་སྐར་མ་༣༠ ལུ་མི་དབང་ཞབས་ཀྱི་ཆིབས་གྲལ་ཐིམ་ཕུག་ལས་བཙར་ནི་འགོ་བཙུགས་ཏེ་ ཆུ་ཚོད་༨ དང་སྐར་མ་༡༥ ལུ་ཆིབས་གྲལ་རྡོ་ཅོག་ལ་ཁར་ཕེབས་ནུག། རྡོ་ཅོག་ལའི་འབྲུག་དབང་རྒྱལ་ལྷ་ཁང་

གིས་གཙོས་པའི་ རྡོ་ཅོག་ལ་ཁའི་ས་གནས་ནང་ ཤར་ནུབ་གཉིས་ཀྱི་མཚམས་དབྱེས་བ་དང་འདྲ་བའི་ འཛུལ་

སྒོ་ཁག་གཉིས་དང་ དར་ཚོན་སྣ་ལྔ་རིམ་བསྒྲིགས་པའི་བར་ན་འཇའ་སྤྲིན་འོད་དུ་འཕྲོ་བའི་རུ་དར། རང་ལུགས་ ཐུན་མོང་མ་ཡིན་པའི་མཛད་སྲོལ་ ལ་ཟས་དང་ ལ་ཆང་ཟེར་གནའ་སྔ་མའི་དུས་ལས་ རྒྱལ་པོ་དང་མི་ཆེན་ཚུ་ ལ་ཁར་ཕེབས་པའི་སྐབས་ ལ་ཟས་དྲང་བར་དད་དམ་ཅན་གྱིས་འབངས་མི་ཚུ་གིས་ཆེད་དུ་བཅའ་སྒྲིག་རྐྱབ་

སྲོལ་ཡོད་པའི་ཁྱུན་མི་ཉམས་པའི་དོན་དུ་ རྒྱལ་ཡུམ་མི་དབང་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་

འགོ་འདྲེན་མཛད་ཐོག་ལས་ ལ་ཟས་གསོལ་སྟོན་གྱི་རིམ་པ་ ཕར་ཕེབས་དང་ཚུར་ཕེབས་གཉིས་ལུ་དྲང་ནིའི་ དོན་ལས་ སྤྲོ་གུར་ཕྱོགས་མཚམས་མེད་པར་སྤུབས་པའི་གཡས་གཡོན་མདུན་རྒྱབ་ཚུ་ན་ དར་ཤིང་དང་ས་གཞི་

129


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཚུ་ཡང་ ཤིང་འདབ་ཀྱིས་བརྒྱན་ཏེ་ནགས་ཀྱི་ལྷ་མོས་ མི་དབང་མངའ་བདག་རིན་པོ་ཆེ་ལུ་བསུ་བའི་ཚུལ་སྦེ་ འཛུལ་སྒོ་དང་ས་གཞི་ཕྱོགས་མཚམས་ཚུ་ན་གྱིབ་ཚལ་གྱིས་བསྐོར་བའི་མཛེས་བཀོད་ཀྱིས་བརྒྱན་ཏེ་འདུག།

སྤུ་ན་ཁ་གླིང་ག་ཕོ་བྲང་ནང་ལས་ མི་མང་འཛོམས་སའི་རྟེན་འབྲེལ་ཐང་ནང་འབྱོན་པའི་བསྒང།

དེ་སྐབས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ རྒྱལ་ཡུམ་མི་དབང་ཨ་ཞེ་རྡོ་རྗེ་དབང་མོ་དབང་

ཕྱུག་མཆོག་ཡང་ཞབས་བཅགས་གནང་ཐོག་ལས་ས་གནས་དེ་ཁར་ཕེབས་པའི་སྐབས། བསྟན་རྒྱས་བློན་པོ་

མཆོག་གིས་དབུ་གཙོས་པའི་ཞི་བའི་དཔོན་ཁག་ཚུ་གིས་དེ་ཁར་ཕྱག་དབང་བཅར་ཞིནམ་ལས་ འབྲུག་དབང་

130


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

རྒྱལ་ལྷ་ཁང་ནང་གདན་དྲངས་ཏེ་ རྡོ་རྗེ་སློབ་དཔོན་གྱིས་དབུ་གཙོས་ཏེ་ གཞུང་དགེ་འདུན་པའི་ཁ་ཐུག་ལས་ དེ་ ཁར་དམིགས་བསལ་གསུང་ཆོག་ཅིག་གནང་སར་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཕྱག་ཕེབས་གནང་སྟེ་ ཐུགས་སྨོན་དང་བཅས་པའི་སྙན་དར་ཕུལ་བའི་ཤུལ་ལས་ཕེབས་ཇ་དང་ ལ་ཟས་ཚུ་གོ་རིམ་བཞིན་དུ་དྲངས་ཡི། ཆུ་ཚོད་༨ དང་སྐར་མ་༤༥ ལུ་རྡོ་ཅོག་ལ་ཁ་ལས་ཆིབས་གྲལ་བཙར་ཏེ་ ཆུ་ཚོད་༡༠ དང་སྐར་མ་༡༥ ལུ་སྤུངས་ ཐང་མཐོ་རིམ་འབྲིང་མའི་སློབ་གྲྭ་གོང་མའི་ སྦོ་ལོགས་ཁར་ཕེབས་པའི་སྐབས་ གཞུང་གྲྭ་ཚང་གི་ཁ་ཐུག་ལས་

སེར་སྦྲེང་རྒྱས་པ་བསྒྲིགས་པའི་བསུ་བ་མཛད་དེ་ མངའ་བདག་རིན་པོ་ཆེ་སྤུངས་ཐང་བདེ་ཆེན་ཕོ་བྲང་ཁ་ཐུག་

གདན་འདྲེན་ཞུ་ཡི། ཆུ་ཚོད་༡༠ དང་སྐར་མ་༡༧ ལུ་ཆིབས་གྲལ་སྤུངས་ཐང་ མོ་ཆུའི་བ་ཟམ་ཁར་ཕེབས་པའི་ སྐབས་ གཞུང་གྲྭ་ཚང་དང་ནང་སྲིད་ སྐྱིད་སྡུག་བློན་པོ་མཆོག་གིས་གཙོས་པའི་དཔོན་ཁག་ཚུ་གིས་ ཕྱག་

དབང་བཅར་ཏེ་ཕེབས་བསུ་ཞུ་སྐབས་མངའ་བདག་རིན་པོ་ཆེ་ཆིབས་འཁོར་ལས་གཞོལ་ཞིནམ་ལས་ ཆིབས་ གྲལ་ནང་སྦེ་སྤུངས་ཐང་གླིང་གའི་ཕོ་བྲང་ལུ་ཆིབས་བསྐྱོད་གནང་ཡི། ཆུ་ཚོད་༡༠ དང་སྐར་མ་༢༢ ལུ་གླིང་གའི་ ཕོ་བྲང་ནང་ཕེབས་པའི་སྐབས་ རྒྱལ་ཡུམ་དང་ རྒྱལ་ཡུམ་སྐུ་བགྲེས། ཡབ་ཡུམ་ཚུ་གིས་ཕྱག་དབང་བཅར་ ཏེ་ཕེབས་བསུ་ཞུ་ཡི། ཆུ་ཚོད་༡༠ དང་སྐར་མ་༢༣ ལུ་ཕོ་བྲང་གི་རྡོ་གཅལ་ནང་ མི་དབང་འབྲུག་རྒྱལ་བཞི་པ་

མཆོག་དང་རྗེ་མཁན་རྣམ་གཉིས་དང་ མི་དབང་མངའ་བདག་རིན་པོ་ཆེ་མཇལ་ཕྲད་མཛད་དེ་ མཇལ་དར་ཕུལ་ རེས་མཛད་གནང་ཡི། ཆུ་ཚོད་༡༠ དང་སྐར་མ་༢༤ ལུ་ཕོ་བྲང་གི་གདོང་ཁར་མར་ཆང་རྟེན་འབྲེལ་མཛད་པའི་ སྐབས་ འབྲུག་རྒྱལ་བཞི་པའི་གཟིམ་དཔོན་ དྲགོས་རྡོ་རྗེ་རྒྱལ་མཚན་གྱིས་མར་ཆང་ཕུལ་ཡི།

རྒྱུ་མཚན་མདོར་བསྡུས་ཅིག་ཞུ་བ་ཅིན། འབྲུ་ཡི་སྙིང་པོ་ཆང་གི་མཆོད་པ་ཕུལ་མི་དེ་ཁར་ རང་གི་རྩ་བའི་བླ་མ་

བརྒྱུད་པ་དང་བཅས་པ་ཚུ་ལུ་ཆང་ཕུད་དྲང་ནི་དང་ རྒྱུད་སྡེ་ཆེན་པོ་བཞིའི་ལྷ་ཚོགས་དང་ ཡི་དམ་དཔའ་བོ་མཁའ་

འགྲོ། ཆོས་སྐྱོང་དམ་ཅན་རྒྱ་མཚོ་དང་ ཡུལ་ལྷ་གཞི་བདག་ལ་སོགས་པ་ལུ་ ཕུན་སུམ་ཚོགས་པའི་མཛད་སྒོ་ འདི་སྐབས་སྡོང་གྲོགས་མཛད་དགོ་པའི་དོན་ལུ་ ཆང་ཕུད་དྲང་སྲོལ་ཡོད་དོ་བཟུམ་དྲངས་པའི་ཤུལ་ལས་ དངོས་ གྲུབ་ཞུ་བའི་ཚུལ་སྦེ་མི་དབང་མངའ་བདག་རིན་པོ་ཆེའི་ཕྱག་ལུ་རེག་ཙམ་འབད་བའི་དོན་དག་དེ་ཨིན།

131


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གདན་ས་སྤུངས་ཐང་ཁར་ གཞུང་གྲྭ་ཚང་གིས་སེར་སྦྲེང་རྒྱས་པའི་ཐོག་ལས་ཕེབ་བསུ་ཞུ་བ།

132


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

དངོས་གྲུབ་བཞེས་ཚར་བའི་འཕྲོ་ལས་ མངའ་བདག་རིན་པོ་ཆེ་ལུ་དར་ཤིང་ཕུལ་བའི་སྐབས་ མངའ་བདག་

རིན་པོ་ཆེ་གིས་ཕྱག་ལུ་འབྲུ་དང་སྦྲགས་ཏེ་ཐུགས་སྨོན་གནང་པའི་ཚུལ་མཛད་དགོ་པའི་རྒྱུ་མཚན་ཡང་ མངའ་

བདག་རིན་པོ་ཆེ་གི་བཀའི་སྲུང་མ་ཚུ་དར་ཤིང་གུ་གནས་པའི་མདུན་ གཉེར་གསོལ་ཞུ་བའི་ཚུལ་ལུ་ཨིན་ཟེར་ བཤད་སྲོལ་ཡོདཔ་ཨིན།

ཆུ་ཚོད་༡༠ དང་སྐར་མ་༢༧ ལུ་ཕེབས་ཇ་དང་ དེ་ལས་གསོལ་མཛར་དྲངས་ཡི། ཆུ་ཚོད་༡༡ དང་སྐར་མ་༣༠

ལུ་ཐང་རྫོང་ནང་ སྤུ་ན་ཁ་དང་ དབང་འདུས་ མགར་ས་རྫོང་ཁག་གསུམ་གྱི་མི་སེར་ཚུ་ ཆེད་དུ་འཛོམས་ཏེ་ཡོད་ མི་ཚུ་ལུ་ ལྟོ་ཁ་གནང་སར་ མི་དབང་མངའ་བདག་རིན་པོ་ཆེ་སྐུ་འཁོར་ཚུ་གིས་ཕྱག་ཞུ་སྟེ་ གཟིགས་ཞིབ་

གནང་པར་བྱོན་ཡི། ཆུ་ཚོད་༡༡ དང་སྐར་མ་༣༤ ལུ་མི་དབང་སྐུ་འཁོར་ཚུ་ཐང་རྫོང་ནང་གི་རྒྱལ་སྒོ་ཁར་ཕེབས་ པའི་སྐབས་ མི་སེར་སྐུ་ཚབ་ཚུ་གིས་ཕྱག་དབང་བཅར་ཡི། ལྟོ་ཁའི་དོན་ལུ་རྫོང་ཁག་གསུམ་གྱི་མི་སེར་སྟོང་

ཕྲག་༥ ལྷགཔ་ཅིག་འཛོམས་མི་ཚུ་གི་དོན་ལས་ཐབ་ཚངཔ་༦༥ དང་དྲང་བཞག་རྐྱབ་མི་རྫོང་ཁག་གསུམ་ གྱི་སློབ་ཕྲུག་གྲལ་ལས་༢༥༠ དེ་ཅིག་བཏོན་ནུག། ཆུ་ཚོད་༡༡ དང་སྐར་མ་༣༧ ལས་སྤུངས་ཐང་མི་སེར་དང་

སློབ་ཕྲུག་ཚུ་གིས་ལྟད་མོའི་ལས་རིམ་གཟིགས་འབུལ་ཕུལ་ཡི། ཆུ་ཚོད་༡༢ ལས་མི་མང་ལུ་ལྟོ་ཁ་གཏང་ནི་

འགོ་བཙུགས་ཏེ་ ཉིན་དགུང་ཆུ་ཚོད་༡ ལས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་མདའ་རྩེད་པའི་གྲས་ཁར་ བཅའ་མར་གཏོགས་གནང་ཡི།

ཆུ་ཚོད་༤ དང་སྐར་མ་༣༠ ལུ་ ཕྱག་མདའ་མཇུག་བསྡུ་གནང་སྟེ་ ཆུ་ཚོད་༤ དང་སྐར་མ་༣༥ ལུ་བློན་ཆེན་

གྱིས་གཙོས་པའི་བློན་པོ་ལྷན་ཁག་དང་ཆེ་མཐོའི་དཔོན་ཁག་ཚུ་གིས་ཕྱག་ཞུ་སྟེ་ མི་དབང་མངའ་བདག་རིན་ པོ་ཆེ་མཆོག་གླིང་གའི་ཕོ་བྲང་ནང་ལོག་ཕེབས་ཅི། ཆུ་ཚོད་༤ དང་སྐར་མ་༤༥ ལུ་བློན་ཆེན་གྱིས་གཙོས་པའི་ བློན་པོ་དང་དཔོན་ཁག་ཚུ་ཕྱག་དབང་ཞུ་ཞིནམ་ལས་ ཚོགས་སྟོན་དང་ལས་རིམ་ཚུ་མི་དབང་མངའ་བདག་རིན་ པོ་ཆེའི་ཐུགས་བབ་ཀྱི་བཀའ་རྒྱ་དང་བསྟུན་ཏེ་མཛད་ནི་གུ་བཞག་སྟེ་ དེ་ཚེ་ཉིན་མའི་ལས་རིམ་མཇུག་བསྡུ་ཡི།

133


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གསུམ་པ་ སྤུངས་ཐང་ཁར་བྱིན་ཅན་གྱི་དར་བཞེས་སྐབས་ཀྱི་མཛད་རིམ།

བྱིན་ཅན་གྱི་དར་བཞེས་པའི་རྟེན་འབྲེལ་དོན་ མ་ཆེན་གཟིམ་ཅུང་སྒོ་ཁར་འབྲུག་རྒྱལ་བཞི་པ་དང་རྗེ་མཁན་པོས་བསུ་བ་མཛད་པ།

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་༡ གི་དྲོ་པ་ཆུ་ཚོད་༤ ལས་སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་སྤྲུལ་སྐུ་

འཇིགས་མེད་ཆོས་གྲགས་མཆོག་གིས་དབུ་བཞུགས་ཐོག་ལས་གཞུང་གྲྭ་ཚང་གིས་ ཀུན་ར་ནང་མགོན་པོ་ཚེ་ དཔག་མེད་ཀྱི་གསུང་ཆོག་གནང་སྟེ་དངོས་གྲུབ་བླང་ཆེན་ཁར་བཀལ་ཞིནམ་ལས་ མི་དབང་མངའ་བདག་རིན་ པོ་ཆེ་ལུ་ཕེབས་བསུ་ཞུ་བའི་ལས་རིམ་འདི་ཡང་། བླ་སྤྲུལ་ཚུ་དང་གྲྭ་ཚང་དམངས་བདེ་ཡངས་ཁ་ལུ་ཡོད་པའི་

མཆོད་རྟེན་རྩ་བའི་མ་སྒོ་ཁར་འཛོམས་ཏེ་བཞུགས་ཅི། དེ་སྐབས་སྐུ་འཁོར་ཚུ་ཡང་མ་ཆེན་གཟིམ་ཅུང་གདོང་ཁར་ ཕེབས་གནང་ནུག། ཆུ་ཚོད་༩ དང་སྐར་མ་༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་རྫོང་ནང་ཕེབས་པའི་སྐབས་

ཕྱག་ཞུ་ནིའི་དོན་ལུ་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་ཚོགས་གླིང་གའི་ཕོ་བྲང་ནང་བཅར་ནུག། ཆུ་ཚོད་༩

134


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

དང་སྐར་མ་༢༠ ལུ་རྒྱལ་ཡུམ་སྐུ་བགྲེས་དང་ རྒྱལ་ཡུམ་ལྷན་རྒྱས་མ་ཆེན་གཟིམ་ཅུང་སྒོ་ཁར་ཕེབས་ཅི། ཆུ་ཚོད་

༩ དང་སྐར་མ་༣༠ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་མ་ཆེན་གཟིམ་ཅུང་སྒོ་ཁར་ཕྱག་ཕེབས་གནང་ཡི། ཆུ་ཚོད་༩ དང་སྐར་མ་༣༧ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གླིང་གའི་ཕོ་བྲང་ལས་རྫོང་ནང་ཆིབས་

གྲལ་བཙར་ཏེ་གདན་འདྲེན་ཞུ་ཡི། ཆུ་ཚོད་༩ དང་སྐར་མ་༤༡ ལུ་ཆིབས་གྲལ་རྫོང་གི་མ་སྒོ་ཁར་ཕེབས་པའི་ སྐབས་ གྲྭ་ཚང་དམངས་དང་བླམ་སྤྲུལ་སྐུ། ཕྱོགས་ཀྱི་གནས་བརྟན་ཚུ་གིས་མི་དབང་མངའ་བདག་རིན་པོ་ཆེ་

ལུ་ཕྱག་དབང་བཅར་ཡི། ཆུ་ཚོད་༩ དང་སྐར་མ་༤༣ ལུ་ཆིབས་གྲལ་རྫོང་གི་རྒྱལ་སྒོ་གཉིས་པ་ལུ་ཕེབས་པའི་ སྐབས་ ཁྲིམས་སྤྱི་བློན་པོ་དང་ ཚོགས་དཔོན། ཚོགས་སྡེའི་ཁྲི་འཛིན། ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ལ་སོགས་པའི་ལྷན་རྒྱས་ཚུ་གིས་ མངའ་བདག་རིན་པོ་ཆེ་ལུ་ཕྱག་དབང་བཅར་ཞིནམ་ལས་ཆིབས་གྲལ་ཐོག་ ལས་མ་ཆེན་གཟིམ་ཅུང་སྒོ་ཁར་གདན་འདྲེན་ཞུ་ཡི།

ཆུ་ཚོད་༩ དང་སྐར་མ་༤༤ ལུ་མི་དབང་མངའ་བདག་རིན་པོ་ཆེ་མ་ཆེན་གཟིམ་ཅུང་སྒོ་ཁར་ཕེབས་པའི་སྐབས་

མི་དབང་འབྲུག་རྒྱལ་བཞི་པ་དང་ རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཇལ་དར་ཕུལ་རེས་མཛད་གནང་ ཡི། ཆུ་ཚོད་༩ དང་སྐར་མ་༤༥ ལུ་ མ་ཆེན་གཟིམ་ཅུང་སྒོ་ཁར་ མར་ཆང་རྟེན་འབྲེལ་བརྩི་གནང་པའི་སྐབས་ རྒྱལ་པོའི་མགྲོན་གཉེར་གྱིས་མར་ཆང་ཕུད་གཏོར་ཡི། དྲོ་པ་ཆུ་ཚོད་༡༠ ལུ་མི་དབང་མངའ་བདག་རིན་པོ་ཆེ་དང་

མི་དབང་འབྲུག་རྒྱལ་བཞི་པ། རྗེ་མཁན་རིན་པོ་ཆེ་རྣམ་གསུམ་ མ་ཆེན་གཟིམ་ཅུང་ནང་ན་ཕེབས་པའི་སྐབས་ མ་ཆེན་གཟིམ་དཔོན་གྱིས་ཕེབས་བསུ་ཞུ་ཡི། དེ་སྐབས་རྒྱལ་ཡུམ་སྐུ་བགྲེས་དང་རྒྱལ་ཡུམ་ལྷན་རྒྱས། སྐུ་

འཁོར་གཞན་ཚུ་དང་དཔོན་ཁག་ལྷན་རྒྱས་ག་ར་ ཀུན་ར་ནང་གསུང་ཆོག་མཇལ་ནིའི་དོན་ལུ་ཕེབས་ཅི། ཆུ་ ཚོད་༡༠ དང་སྐར་མ་༣ ལས་མ་ཆེན་སྐུ་མདུན་རྟེན་འབྲེལ་མཛད་སྒོའི་རིམ་པ་གཤམ་གསལ་བཟུམ་མཛད་ཅི།

135


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མ་ཆེན་གཟིམ་ཅུང་སྒོ་ཁར་མར་ཆང་རྟེན་འབྲེལ་གྱི་མཛད་སྒོའི་མཐོང་སྣང་ཡོངས་རྫོགས།

མི་དབང་མངའ་བདག་རིན་པོ་ཆེ་དང་འབྲུག་རྒྱལ་བཞི་པ། རྗེ་མཁན་པོ་གསུམ་གྱིས་ མ་ཆེན་སྐུ་མདུན་

རྗེ་མཁན་རིན་པོ་ཆེ་མ་ཆེན་གྱི་སྐུ་མདུན་ལས་ཞལ་ཚུར་བསྒོར་ཞིནམ་ལས་བཞེངས་ཏེ་བཞུགས་པའི་

གུས་བཏུད་ཀྱི་སྐུ་ཕྱག་གནང་ཡི།

སྐབས་ མི་དབང་མངའ་བདག་རིན་པོ་ཆེ་དང་འབྲུག་རྒྱལ་བཞི་པ་རྣམ་གཉིས་ཞལ་མ་ཆེན་ལུ་བསྒོར་ ཏེ་བཞེངས་བཞུགས་ཅི།

དེ་ལས་རྗེ་མཁན་པོ་མཆོག་གིས་མི་དབང་མངའ་བདག་རིན་པོ་ཆེ་ལུ་བྱབ་ཁྲུས་རྒྱས་པ་ཕུལ་ཡི། དེ་ ཡང་དོན་དམ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱང་སེམས་སྤྲུལ་པའི་རྒྱལ་པོར་སྒྲིབ་པའི་

ཉེས་པ་དང་བྲལ་ཡང་ དཔལ་ལྡན་འབྲུག་པའི་རྒྱལ་བརྒྱུད་ གསེར་རིའི་འཕྲེང་བའི་བདག་འགན་གྱི་

བྱིན་དར་བཞེས་པའི་རྟེན་ལུ་ ཀུན་རྫོབ་བག་ཆགས་ཀྱི་དྲི་མ་དང་འབྲལ་བའི་སྐུ་འགྲུབ་ཕྱིར་ཨིན་མས།

136


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

༤ དེ་ལས་བྱིན་ཅན་གྱི་དར་སྣ་ལྔའི་མགུལ་དར་མ་ཆེན་སྐུ་མདུན་ལས་བཞེས་གནང་ཡི། ༥. དེ་སྐབས་མགུལ་དར་བཞེས་པའི་བརྡ་མཚོན་ལུ་དགེ་སློང་ཚུ་གིས་ཀུན་ར་ནང་སེར་སྦྲེང་དང་ རྫོང་གི་ཐོག་ ཁར་ཡང་ཐོག་རོལ་ཚུ་བར་སྣང་ལས་ལྷ་དང་ལྷ་མོ་ཚུ་གིས་མཆོད་བསྟོད་ཕུལ་བའི་ཚུལ་སྦེ་ མཆོད་སྒྲ་ དུས་ཅིག་ལུ་བསྒྲོགས་གནང་ཡི།

བྱིན་ཅན་གྱི་དར་སྣ་ལྔ་པའི་སྐོར་ལས་ཁུངས་དང་རྒྱུ་མཚན་དུམ་གྲ་ཅིག་ཁ་གསལ་ཞུ་བ་ཅིན། མི་དབང་

མངའ་བདག་རིན་པོ་ཆེ་གིས་ སྐྱབས་མགོན་གོང་མའི་སྐུ་མདུན་ལས་ བྱིན་ཅན་གྱི་དར་སྣ་ལྔ་མ་བཞེས་ མི་དེ་ འབྲུག་རྒྱལ་ཁབ་ནང་ཆོས་སྲིད་ལུགས་གཉིས་ཀྱི་གཞུང་འགོ་དང་པ་དབུ་བཙུགས་མི་ ཞབས་ དྲུང་རིན་པོ་ཆེ་སྐུ་མདུན་ལས་ བྱིན་རླབས་ཞུ་བའི་ཚུལ་ལུ་ཨིན་མས།

དེ་སྐབས་དར་བཞེས་མི་གིས་ཡང་རྒྱལ་ཁབ་ཀྱི་སྲུང་སྐྱོབས་དང་རང་བཙན་ ཆ་ཙམ་ཡང་ཉམས་མ་ བཅུག་པར་བདག་འཛིན་འཐབ་ནི་ཨིན་ཟེར་བའི་ཐུགས་ཀྱི་དམ་བཅའ་བཞེས་པའི་ཚུལ་མཛད་དགོཔ་

དང་། དར་ཚོན་མདོག་ལྔ་པོའི་ཆུན་བུ་ མགུལ་ལུ་བཞེས་མི་དེ་ དར་མདོག་དཀར་སེར་དམར་ལྗང་དང་

ཧོནམོ་འདི་ ཕྱོགས་བཞི་རིགས་ལྔའི་ཁ་དོག་འོད་ལྔ་གི་རྣམ་པ་འབད་ཡཻས་ལྔའི་བྱིན་གྱིས་བརླབས་ པའི་ཚུལ་དང་། རྒྱལ་པོའི་མཛད་པ་ཞི་རྒྱས་དབང་དྲག་དང་སྣ་ཚོགས་ཀྱི་ལས་ཀུན་ རང་བཞིན་ལྷུན་ གྱིས་འགྲུབ་པའི་རྟེན་འབྲེལ་གྱི་དོན་ལུ་ཨིན་པས། ༦.

མ་ཆེན་རིན་པོ་ཆེའི་སྐུ་མདུན་ལས་དར་བཞེས་པའི་རྟེན་འབྲེལ་གྱི་མཇུག་རང་ རྗེ་མཁན་མཆོག་གིས་ སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་ཏེ་གནང་ནུག།

༧. དེ་ལས་མི་དབང་མངའ་བདག་རིན་པོ་ཆེ་དང་ འབྲུག་རྒྱལ་བཞི་པ། སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ གསུམ་མ་ཆེན་གྱི་སྐུ་མདུན་ལས་ཕྱག་དབང་ཞུ་སྟེ་ཆུ་ཚོད་༡༠ དང་སྐར་མ་༢༠ ལུ་མ་ཆེན་སྐུ་མདུན་ ལས་ཐོན་པའི་འཕྲོ་ལས་ ཆིབས་གྲལ་བཙར་ཏེ་ ཀུན་ར་ནང་ཆིབས་བསྐྱོད་གནང་ཡི།

137


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཞི་པ་ སྤུངས་ཐང་ཀུན་ར་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ།

བདེ་མཆོག་འཁོར་ལོ་སྡོམ་པའི་གནས་སྤུངས་ཐང་བདེ་བ་ཆེན་པོའི་་ཀུན་ར་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས།

138


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཆུ་ཚོད་༡༠ དང་སྐར་མ་༢༠ ལུ་ཀུན་ར་ནང་གསུང་ཆོག་གནང་མི་དང་མཇལ་ཁ་ཞུ་བར་འཛོམས་མི་ཚུ་མངའ་ བདག་རིན་པོ་ཆེ་ཕེབས་པའི་དོན་ལུ་གྲ་སྒྲིག་རྐྱབ་སྟེ་བསྒུགས་བཞུགས་ཅི།

ཆུ་ཚོད་༡༠ དང་སྐར་མ་༢༣ ལུ་མངའ་བདག་རིན་པོ་ཆེ་དང་འབྲུག་རྒྱལ་བཞི་པ། རྗེ་མཁན་རིན་པོ་ཆེ་བཅས་ པ་ཀུན་ར་ནང་ཕེབས་པའི་འཕྲོ་ལས་སེར་སྦྲེང་མཚམས་འཇོག་མཛད་ཅི། ཆུ་ཚོད་༡༠ དང་སྐར་མ་༢༥ ལུ་རྗེ་

མཁན་རིན་པོ་ཆེ་གིས་འབད་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་གུ་གདན་འདྲེན་ཞུ་ཞིནམ་ལས་ མི་ དབང་འབྲུག་རྒྱལ་བཞི་པ་དང་རྗེ་མཁན་རིན་པོ་ཆེ་གཉིས་ཡང་གཡས་གཡོན་གྱི་ཁྲི་གུ་བཞུགས་པའི་སྐབས་ བློན་ཆེན་དང་བློན་པོ་ལྷན་རྒྱས་ཚུ་རང་སར་བསྒྲིགས་པའི་བཞུགས་ཁྲི་གུ་བཞུགས་ཅི།

སྤུངས་ཐང་བདེ་བ་ཆེན་པོའི་དབུ་རྩེའི་ལོགས་ལས་ཞབས་དྲུང་ཕུན་སུམ་ཚོགས་པའི་མཐོང་གྲོལ་མཇལ་ཁ་གནང་བ།

139


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཆུ་ཚོད་༡༠ དང་སྐར་མ་༢༦ ལས་ བཞུགས་གྲལ་གྲོ་མ་དང་དྲི་བཟང་ལས་འགོ་བཙུགས་ཏེ་གོ་རིམ་བཞིན་དུ་ དྲངས་ཡི། ཆུ་ཚོད་༡༠ དང་སྐར་མ་༣༠ ལུ་མར་ཆང་རྟེན་འབྲེལ་མཛད་པའི་སྐབས་རྒྱལ་གཟིམ་གྱིས་མར་ཆང་ ཕུད་གཏོར་ཡི། ཆུ་ཚོད་༡༠ དང་སྐར་མ་༤༥ ལས་མཎ་ཌལ་སྐུ་ གསུང་ ཐུགས་ ཡོན་ཏན་ ཕྲིན་ལས་འབད་ ཕུལ་མི་དེ་ཡང་ རྒྱལ་སྲས་སྤྲུལ་སྐུ་དང་ བློན་པོ་ཡེ་ཤེས་སྦྱིན་པ། བློན་པོ་སངས་རྒྱས་དངོས་གྲུབ། དགུང་བློན་

དོན་གྲུབ་ཚེ་རིང་། འགག་དཔོན་སྐྱིདཔ་ཅུ་ཚེ་རིང་། རྫོང་དཔོན་བགྲེསཔ་དཀར་མདོག་ཚུ་གིས་འབད་དེ་ཕུལ་ཡི། དེ་སྦེ་ཕུལ་བའི་དོན་དག་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བསྐལ་པར་བརྟན་པའི་

དོན་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་མཎ་ཌལ་ཚོམ་བུ་ མངའ་བདག་རིན་པོ་ཆེ་ལུ་འབུལ་བའི་ ཚུལ་འབད་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱི་བཀང་སྟེ་ གླིང་བཞི་

གླིང་ཕྲན་ གསེར་རི་ ཉི་ཟླ་དང་བཅས་པ་བློས་བསླངས་ཏེ་ཕུལ་བའི་དམིགས་རྟེན་ལུ་འབྱུ་གི་ཚོམ་བུ་བཀོད་པའི་ རྒྱུ་མཚན་དེ་ཨིན་པས། སྐུ་འགྱུར་བ་མེད་པའི་དོན་ལུ་སྐུ་རྟེན་ཕུལ། གསུང་འགགས་པ་མེད་པའི་དོན་ལུ་གསུང་

རྟེན་དཔེ་ཆ་ཕུལ། ཐུགས་འཁྲུལ་བ་མེད་པའི་དོན་ལུ་ཐུགས་ཀྱི་རྟེན་ མཆོད་རྟེན་དང་། ཡོན་ཏན་གྱི་རྟེན་དྲིལ་བུ། ཕྲིན་ལས་ཀྱི་རྟེན་ཕུར་པ་ལ་སོགས་པ་ཕུལ་བའི་དགོས་པ་དེ་ཨིན་པས།

དེ་ལས་ཆུ་ཚོད་༡༠ དང་སྐར་མ་༥༥ ལུ་རྗེ་མཁན་རིན་པོ་ཆེ་ རྒྱལ་པོའི་གསེར་ཁྲིའི་གདོང་ཁར་བཞེངས་ཞིནམ་ ལས་མངའ་བདག་རིན་པོ་ཆེ་ལུ་མངའ་གསོལ་ཕུལ་ཏེ་ ཆུ་ཚོད་༡༠ དང་སྐར་མ་༥༦ ལུ་མི་དབང་མངའ་བདག་

རིན་པོ་ཆེ་སྐུ་ཚེ་ཉི་ཟླ་དང་མཉམ་པར་ཞབས་པད་བརྟན་པའི་རྟེན་འབྲེལ་ལུ་སྦེ་ གྲྭ་ཚང་གིས་ཚེ་ལྷ་རྣམ་གསུམ་གྱི་ འབུལ་བ་ཚུ་ཕུལ་ཡི། ཆུ་ཚོད་༡༠ དང་སྐར་མ་༥༨ ལུ་མི་དབང་མངའ་བདག་རིན་པོ་ཆེ་ལུ་ ལས་བཞི་དང་སྣ་

ཚོགས་འགྲུབ་པའི་རྟེན་མཚོན་ རྡོ་རྗེ། རིན་ཆེན། པདྨ། རལ་གྲི། འཁོར་ལོ། བཅས་པ་རྒྱལ་བ་རིགས་ལྔའི་ ཕྱག་མཚན་ཕུལ་ཡི། ཆུ་ཚོད་༡༠ དང་སྐར་མ་༥༩ ལུ་མི་དབང་མངའ་བདག་རིན་པོ་ཆེ་ལུ་ བཀྲ་ཤིས་རྫས་ བརྒྱད་ཕུལ་ཡི།

མངའ་བདག་རིན་པོ་ཆེ་ལུ་བཀྲ་ཤིས་རྫས་བརྒྱད་ཕུལ་བའི་རྒྱུ་མཚན་སྐོར་ལས་གཞུང་གྲྭ་ཚང་གི་དགུན་ཟླའི་ སྐབས་གནང་སྲོལ་དང་འཁྲིལ་ཏེ་མདོར་བསྡུས་ཅིག་ཞུ་བ་ཅིན།

140


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

རྟེན་འབྲེལ་གྱི་བཀྲིས་རྫས་བརྒྱད་དང་རྟགས་བརྒྱད་ཕུལ་བའི་བསྒང་།

སངས་རྒྱས་ལུ་གཟུགས་ཀྱི་ལྷ་མོ་ མེ་ལོང་མ་གིས་མེ་ལོང་ཕུལ་ཏེ་བཀྲ་ཤིས་པ་ལུ་བརྟེན་ཏེ་ མེ་ལོང་ཡེ་ཤེས་ ཐོབ་པའི་རྟེན་འབྲེལ་དང་། གླང་པོ་ཆེ་ས་སྐྱོང་གིས་སྟོན་པ་ལུ་གིའུ་ཝང་ཕུལ་ཏེ་དུག་གསུམ་འཇོམས་པ་ལུ་བརྟེན་

ཏེ་གིའུ་ཝང་ཕུལ་བའི་རྒྱུ་མཚན་དེ་ཨིན་པས། སངས་རྒྱས་ལུ་བུ་མོ་ལེགས་སྐྱེས་མ་གིས་ཞོ་ཕུལ་ཏེ་རྣམ་དག་ ཡེ་ཤེས་ཐོབ་དོ་བཟུམ་ ཞོ་ཕུལ་བའི་དོན་དག་དེ་ཨིན་པས། རྩྭ་ཚོང་མ་བཀྲ་ཤིས་ཀྱིས་སྟོན་པ་ལུ་དཱུརྦ་ཕུལ་ཏེ་ སྐུ་ཚེ་འཕེལ་བ་ལུ་བརྟེན་ཏེ་དཱུརྦ་ཕུལ་བའི་རྒྱུ་མཚན་དེ་ཨིན་པས། ལྷ་ཚངས་པ་གིས་སྟོན་པ་ལུ་བིལ་ཝ་ཕུལ་

ཏེ་རྒྱུ་འབྲས་ཀྱི་ཆོས་ འཇིག་རྟེན་འདས་པའི་སྙིང་པོ་ཐོབ་དོ་བཟུམ་བིལ་ཝ་ཕུལ་བའི་དགོས་པ་དེ་ཨིན་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་ཕུལ་ཏེ་ཆོས་ཀྱི་སྒྲ་སྒྲོག་པ་ལས་དུང་དཀར་ཕུལ་བའི་རྒྱུ་མཚན་དེ་ཨིན་

པས། བྲམ་ཟེ་རྒྱལ་གྱིས་ལི་ཁྲི་ཕུལཝ་ལས་དབང་དུ་བསྡུས་ཏེ་ཆོས་སྲིད་བརྟན་ནི་དེ་གིས་ ལི་ཁྲི་ཕུལ་བའི་རྒྱུ་ མཚན་དེ་ཨིན་པས། གསང་བདག་ཕྱག་ན་རྡོ་རྗེ་གིས་ཡུངས་ཀར་ཕུལ་ཏེ་བགེགས་རིགས་འཇོམས་ནི་དེ་གིས་

141


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མཐུ་སྟོབས་ཕུན་སུམ་ཚོགས་པའི་དོན་ལུ་ཡུངས་ཀར་ཕུལ་བའི་དགོས་པ་དེ་ཨིན་ཟེར་རྣམ་འཇོམས་མའི་གཞུང་ ལས་གསུངས་དོ་བཟུམ་བཤདཔ་ཨིན།

ཆུ་ཚོད་༡༡ དང་སྐར་མ་༣༥ ལུ་བཀྲ་ཤིས་རྟགས་བརྒྱད་ཕུལ་ཡི། བཀྲ་ཤིས་རྟགས་བརྒྱད་མི་དབང་མངའ་ བདག་རིན་པོ་ཆེ་ལུ་ཕུལ་བའི་རྒྱུ་མཚན་ཡང་ སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་ ནམ་ མཁའ་ལས་ལྷ་དང་ལྷ་མོ་ཚུ་གིས་སྟོན་པ་ལུ་བཀྲ་ཤིས་པའི་རྟགས་བརྒྱད་ཚུ་ཕུལ་ཏེ་བཀྲ་ཤིས་པ་ལུ་བརྟེན་ཏེ་

ད་རིས་ཡང་བཀྲ་ཤིས་པའི་རྟེན་འབྲེལ་གྱི་དོན་ལུ་དམིགས་ཏེ་ཕུལ་དོ་ཡོདཔ་ཨིན་པས། བཀྲ་ཤིས་པའི་རྟགས་ བརྒྱད་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལུ་སྦྱར་ཏེ་མཆོད་པའི་ཚུལ་འབད་ཕུལ་བའི་སྲོལ་ཡོདཔ་ དཔེར་ན་ དབུ་ ལ་གདུགས། སྐུ་གཟུགས་ལུ་རྒྱལ་མཚན། སྤྱན་ལུ་གསེར་ཉ། ལྗགས་ལུ་པདྨ། ཚེམས་ལུ་དུང་དཀར། མགྲིན་

པ་ལུ་བུམ་པ། ཐུགས་ལུ་དཔལ་ཡབ། ཕྱག་ཞབས་ལུ་འཁོར་ལོ་ལ་སོགས་པ་བཀྲིས་པའི་རྟེན་འབྲེལ་གྱི་ཚུལ་ ལུ་སྦེ་ཕུལ་སྲོལ་ཡོད་དོ་བཟུམ་ད་རིས་མངའ་བདག་རིན་པོ་ཆེ་ལུ་ཕུལ་བའི་རྒྱུ་མཚན་དེ་ཨིན་པས།

ཆུ་ཚོད་༡༡ དང་སྐར་མ་༥༦ ལས་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གསུང་ཆོག་གི་གྲལ་ཁར་བཞུགས་ཏེ་ མགོན་པོ་ཚེ་དཔག་མེད་ཀྱི་ཆོ་གའི་དངོས་གྲུབ་བླང་བ་གནང་ཡི། ཆུ་ཚོད་༡༢ དང་སྐར་མ་༡ ལས་རྡོ་རྗེ་སློབ་དཔོན་

གྱིས་འབད་ མི་དབང་མངའ་བདག་རིན་པོ་ཆེ་དང་འབྲུག་རྒྱལ་བཞི་པ། རྗེ་མཁན་པོ་ཚུ་ལུ་དངོས་གྲུབ་ཀྱི་རྫས་

ཚེ་རིལ། ཚེ་ཆང་། ཁྲུས་ཆུ་བཅས་པ་དྲངས་པའི་སྐབས་ སློབ་དཔོན་གཞན་ཚུ་གིས་ རྒྱལ་ཡུམ་ལྷན་རྒྱས། དེ་

ལས་དེ་ཁར་བཞུགས་མི་སྐུ་འཁོར་ཚུ་ལུ་དངོས་གྲུབ་ཀྱི་རྫས་ཚུ་དྲངས་ཡི། ཆུ་ཚོད་༡༢ དང་སྐར་མ་༡༠ ལས་ ཀུན་ར་ནང་གི་བཀྲ་ཤིས་མངའ་གསོལ་གྱི་མཇུག་རང་ སྨོན་ལམ་དང་བཀྲ་ཤིས་གནང་སྟེ་མཇུག་བསྡུ་གནང་ཡི།

ཆུ་ཚོད་༡༢ དང་སྐར་མ་༡༥ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་ འབྲུག་རྒྱལ་བཞི་པ་མཆོག་གིས་དབུ་གཙོས་

ཏེ་ དགེ་འདུནམ་དམངས་དང་ལྷན་རྒྱས་ཚུ་གིས་རིམ་པ་བཞིན་དུ་ ཁྲི་དར་ཕུལ་ཡི་རང་ཕྱི་ཁར་ཆིབས་བསྐྱོད་

གནང་ཡི། དེ་ལས་མགར་ས་དང་སྤུ་ན་ཁ་ དབང་འདུས་ཕོ་བྲང་གི་མི་སྡེའི་འགོ་ཁྲིདཔ་ཚུ་གིས་ཁྲི་དར་ཕུལ་ ཡི། ཆུ་ཚོད་༡༢ དང་སྐར་མ་༢༠ ལུ་སྐུ་འཁོར་ཚུ་གཟིགས་ར་ནང་ཕེབས་པའི་འཕྲོ་ལས་དགའ་སྟོན་ལྟད་མོའི་ ལས་རིམ་འགོ་བཙུགས་ཅི།

142


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

སྤུངས་ཐང་རྫོང་ནང་རྟེན་འབྲེལ་བརྩི་སྲུང་གི་དགའ་སྟོན་ནང་ས་གནས་སོ་སོའི་གཞས་ཁག་ཕུལ་བ།

ཆུ་ཚོད་༡༢ དང་སྐར་མ་༣༥ ལུ་དམིགས་བསལ་ལས་རིམ་བཟོ་གནང་མི་དང་འཁྲིལ་ཏེ་ མགར་ས་དང་སྤུ་

ན་ཁ། དབང་འདུས་ཕོ་བྲང་གི་མི་སེར་ཚུ་གིས་ཁྲི་དར་ཕུལ་ཡི། ཆུ་ཚོད་༡ དང་སྐར་མ་༡༥ ལུ་ཁྲི་དར་ཕུལ་

ནི་མཇུག་བསྡུ་སྟེ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གཟིགས་ར་ནང་ཕེབས་ཅི། གཞུང་གི་ཁ་ཐུག་ལས་ དེ་ཁར་འཛོམས་མི་ཆ་མཉམ་ལུ་གསོལ་ཇ་འབྲས་སེར་དང་མངར་ཆུ་ཁ་ཟས་དང་བཅས་པ་གནང་ཡི། ཆུ་ཚོད་

༡ དང་སྐར་མ་༣༠ ལུ་མི་དབང་མངའ་བདག་རིན་པོ་ཆེ་དང་རྗེ་མཁན་པོ། འབྲུག་རྒྱལ་བཞི་པ། རྒྱལ་ཡུམ་སྐུ་ བགྲེས་དང་རྒྱལ་ཡུམ་གཞན་ཚུ། སྐུ་འཁོར་དང་དཔོན་ལྷན་རྒྱས་ཚུ་ཆིབས་གྲལ་བཙར་ཏེ་གླིང་གའི་ཕོ་བྲང་ནང་ ཆིབས་བསྐྱོད་གནང་ཡི།

ཉིན་མའི་ཆུ་ཚོད་༡ དང་སྐར་མ་༣༥ ལུ་གླིང་གའི་ཕོ་བྲང་ནང་གསོལ་ཇ་དང་མངར་ཆུ་ཁ་ཟས་ལ་སོགས་པ་དྲངས་ པའི་ཤུལ་ལས་ཆུ་ཚོད་༡ དང་སྐར་མ་༤༥ ལུ་སྐུ་མགྲོན་ཡོངས་ལུ་ཉིན་དགུང་གི་གསོལ་བ་དྲངས་ཡི། དེ་ལས་

ཆུ་ཚོད་༢ དང་སྐར་མ་༤༥ ལུ་རྗེ་མཁན་རིན་པོ་ཆེ་ལོག་སྟེ་རྫོང་ནང་བྱོན་པའི་ཤུལ་མ་ཆུ་ཚོད་༣ ལས་སྐུ་མགྲོན་

143


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གཞན་ཚུ་ཡང་ལོག་བྱོན་ཡི། དེ་ཚེ་ཕྱི་རུ་གི་ཚོགས་སྟོན་གླིང་གའི་ཕོ་བྲང་ནང་མངའ་བདག་སྐུ་འཁོར་ལྷན་རྒྱས་ ཚུ་དང་གཅིག་ཁར་སྤྲོ་སྟོན་ལས་རིམ་དང་བཅསཔ་སྦེ་མཛད་གནང་ཡི།

ལྔ་པ་ རྒྱལ་སར་ཕྱིར་ལོག་ཕེབས་སྐབས་ཀྱི་མཛད་རིམ། སྤྱི་ཚེས་༢/༡༡/༠༨ ཀྱི་དྲོ་པ་ཆུ་ཚོད་༨ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་རྫོང་ནང་བྱོན་ཡི། ཆུ་ཚོད་༨

དང་སྐར་མ་༤ ལུ་མི་དབང་མངའ་བདག་རིན་པོ་ཆེ་མ་ཆེན་གཟིམ་ཅུང་སྒོ་ཁར་ཕེབས་པའི་སྐབས་ རྗེ་མཁན་ པོ་མཆོག་གིས་ཕེབས་བསུ་ཞུ་ཡི། ཆུ་ཚོད་༨ དང་སྐར་མ་༥ ལུ་མངའ་བདག་རིན་པོ་ཆེ་ མ་ཆེན་ལྷ་ཁང་དང་ མགོན་ཁང་ཚུ་ནང་ཕེབས་ཅི། ཆུ་ཚོད་༨ དང་སྐར་མ་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་རྗེ་མཁན་པོའི་ གཟིམ་ཅུང་ནང་གདན་འདྲེན་ཞུ་སྟེ་ གསོལ་ཇ་དྲངས་ཡི། ཆུ་ཚོད་༨ དང་སྐར་མ་༤༥ ལུ་རྗེ་མཁན་རིན་པོ་ཆེ་རྫོང་

གི་མ་སྒོ་ཚུན་ཚོད་ཞབས་སྐྱེལ་ལུ་ཕེབས་ཅི། མི་དབང་མངའ་བདག་རིན་པོ་ཆེ་ཆུ་ཚོད་༨ དང་སྐར་མ་༤༧ ལུ་

སྤུ་ན་དར་ཤིང་རྩ་བར་ཕེབས་པའི་སྐབས་ བློན་ཆེན་དང་བློན་པོ་ལྷན་རྒྱས་ཚུ་མངའ་བདག་རིན་པོ་ཆེའི་ཕྱག་ཞུ་ སྟེ་ཐིམ་ཕུར་བྱོན་པའི་དོན་ལུ་ཕྱག་དབང་བཅར་ཡི། ཆུ་ཚོད་༨ དང་སྐར་མ་༤༨ ལུ་མི་དབང་མངའ་བདག་རིན་ པོ་ཆེ་རྒྱལ་ས་ལུ་ཕེབས་པའི་དོན་ལས་སྤུ་ན་བ་ཟམ་ལས་ཚུར་ཆིབས་གྲལ་བཙར་ཏེ་བྱོན་པའི་སྐབས་གཞུང་གྲྭ་ ཚང་དམངས་གྲལ་བསྒྲིགས་ཏེ་ཕྱག་དབང་ཞུ་ཡི​ི།

ཆུ་ཚོད་༨ དང་སྐར་མ་༥༢ ལུ་གཞུང་གྲྭ་ཚང་གི་སློབ་དཔོན་ཚུ་དང་ རྫོང་ཁག་གི་གཞུང་གཡོག་པ་ཚུ། མི་སྡེའི་ འགོ་ཁྲིད་པ་ཚུ་ མངའ་བདག་རིན་པོ་ཆེ་ལས་ཕྱག་དབང་བ་ཟམ་གྱི་འཛུལ་སྒོ་ལས་ཞུ་ཡི། ཆུ་ཚོད་༨ དང་སྐར་ མ་༥༣ ལུ་མི་དབང་མངའ་བདག་རིན་པོ་ཆེ་ཆིབས་འཁོར་ནང་འབད་ ཕེབས་ལམ་འགོ་བཙུགས་ཏེ་བྱོན་པའི་ སྐབས་ སློབ་ཕྲུག་དང་མི་སེར་ཚུ་གིས་ལམ་ཁར་ཐོན་ཏེ་ཤོ་བསྒྲིགས་ཏེ་གྱལ་བཅད་མི་དང་ དར་དང་མེ་ཏོག་ འབག་སྟེ་ཕྱག་དབང་ཐོན་མི་མང་རབས་ཅིག་སྡོད་ཅི།

144


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

སྤུངས་ཐང་ཁ་ལས་ལོག་བྱོན་པའི་སྐབས་ མི་མང་གིས་ཤོ་བསྒྲིགས་ཏེ་བསུ་བ་ཞུ་སར་གཟིགས་ཞིབ་གནང་བ།

བསངས་བཏང་མི་ཚུ་གི་རིམ་པ་ཡང་ ཁུ་རུ་ཐང་ན་དང་ མེ་འཚིག་ནང་། ཕྲིན་ལས་སྒང་། སྨན་ཆུ་ནང་། ལྷོང་ འཚོ། སེམས་རྟོགས་ཁ་ཚུ་ལུ་ཐོན་ཏེ་ཕེབས་བསུ་ཞུ་མི་ཚུ་གཟིགས་པའི་བསྒང་ལས་ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་ཆིབས་འཁོར་ལས་ཞོལ་ཏེ་ ཞབས་ཐང་སྦེ་བྱོནམ་མ་ཚད་ཕྱག་དབང་ཐོན་མི་མང་ཤོས་ལུ་དྲི་བ་

ཚུ་མཛད་དེ་ཐུགས་བརྩེ་གནང་ཡི། དེ་སྐབས་མི་དབང་མངའ་བདག་རིན་པོ་ཆེ་གི་ཆིབས་གྲལ་ས་གནས་སོ་སོ་

ལས་བྱོནམ་ད་ ཐག་རིང་གི་ས་གནས་ན་ལེན་ད་དགོན་པ་དང་ རྟ་ལོག་རྫོང་། སེམས་རྟོགས་ཁའི་རྫོང་ཚུ་ལས་ ཡང་ སེར་སྦྲེང་ཞུ་བའི་ཁར་ བསངས་བཏང་སྟེ་ཕེབས་བསུ་ཞུ་མི་ མི་སེར་དང་སློབ་ཕྲུག་ རྒན་གཞོན་མ་ཕྱེ་

བར་ཕོ་མོ་སྟོང་ཕྲག་ལེ་ཤ་ཅིག་ ལམ་ཁར་ཐོན་ཏེ་ཕེབས་བསུ་ཞུ་ཡི། ཆིབས་གྲལ་རྡོ་ཅོག་ལ་ཁར་ཕེབས་པའི་

145


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་དཔོན་ཁག་ཚུ་དང་ཞི་བའི་དཔོན་ལྷན་རྒྱས་ཚུ་གིས་ཕྱག་དབང་བཅར་ཡི། དེ་ལས་གསོལ་ཇ་དང་ཉིན་དགུང་གི་གསོལ་བ་དེ་ཁར་དྲངས་ཡི།

ཆིབས་གྲལ་སེམས་རྟོགས་ཁའི་གདོང་ཁར་ཕེབས་པའི་སྐབས་ སེམས་རྟོགས་ཁ་ལས་ཐོག་རོལ་གྱིས་བསུ་བ་ཞུ་བ།

རྒྱལ་སའི་ཁ་ཐུག་འབྱོནམ་ད་གི་ཆིབས་གྲལ་འདི་ སེམས་རྟོགས་ཁ་ལས་གཞུང་ལམ་མགྱོགས་ལམ་བདའ་སྟེ་ ཕེབས་གནང་ཡི། མགྱོགས་ལམ་གི་གཞུང་ལམ་ རྒྱལ་སྒོ་ལས་ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་དང་ རྒྱལ་

གཞུང་སློབ་སྦྱོང་སྤེལ་ཁང་གི་སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ཕྱག་དབང་བཅར་ཏེ་ཕེབས་བསུ་ཞུ་ཡི། དེ་མ་ ཚད་མི་སེར་ལས་ཕོ་མོ་སྟོང་ཕྲག་ལེ་ཤ་ལམ་ཁར་ཐོན་ཏེ་ཕེབས་བསུ་ཞུ་མི་ཚུ་གི་ལག་པར་ ཤོ་ཟེར་སླབ་སྲོལ་

ཡོད་མི་བང་ཅུང་ནང་ཆུམ་ནང་སྒོང་རྡོག་བཙུགས་ཏེ་འབག་མི་དང་། ཆུམ་གྱི་ཁ་ལུ་མེ་ཏོག་དང་སྤོས་བཏེགས་ ཏེ་འབག་མི། བང་ཅུང་ནང་ཤིང་འབྲས་འབག་མི། སྐམ་ཚོགས་མ་འདྲཝ་སྣ་ཚོགས་འབག་མི་ཚུ་དང་ སློབ་

ཕྲུག་ཚུ་གི་ལག་པར་འབྲུག་གི་རྒྱལ་དར་ཆུང་ཀུ་འབག་སྟེ་གཡུགས་མི་དང་ དར་དཀརཔོ་གཡུགས་ཏེ་རྒྱལ་ ལོ་རྒྱལ་ལོ་ལྷ་རྒྱལ་ལོ་ཟེར་བའི་གླུ་གཞས་འཐེན་ཐོག་ལས་ཕེབས་བསུ་ཞུ་བར་ཐོན་མི་ཚུ་གིས་བྱོན་ལམ་ཡང་

དོག་སྟེ་ མི་མང་སྤུངས་འཛོམས་འབད་བའི་ཁར་ ལམ་ཁར་བསངས་དང་སྤོས་སྣ་མང་རབས་བཏང་པར་ཐོན་མི་ ཚུ་གིས་ ཉི་མའི་འོད་ཡང་སྒྲིབ་སག་ས་གི་ཐོག་ལས་ཕེབས་བསུ་ཞུ་ཡི།

146


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཐིམ་ཁྲོམ་ལུ་ཕེབས་པའི་སྐབས་ མི་མང་རྒན་གཞོན་ཕོ་མོ་ཡོངས་ཀྱིས་ཕེབས་བསུ་ཞུ་སར་ཐུགས་མཉེས་གནང་བ།

ཆུ་ཚོད་༥ དང་སྐར་༡༥ ལུ་ཆིབས་གྲལ་བཀྲ་ཤིས་ཆོས་རྫོང་གླིང་གའི་ཕོ་བྲང་གི་སྒོ་ར་ཁར་ཕེབས་པའི་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་དང་ཞི་བའི་དཔོན་ཁག་ཚུ་གིས་ཕྱག་དབང་བཅར་ཏེ་ གླིང་ག་ཕོ་བྲང་ནང་ ཆིབས་བསྐྱོད་གནང་ཡི། ཆུ་ཚོད་༥ དང་སྐར་མ་༣༠ ལུ་ ཕོ་བྲང་སྒོ་ཁར་སྐུ་འཁོར་ཚུ་གིས་ཕྱག་དབང་བཅར་ཡི།

དེ་སྐབས་མར་ཆང་རྟེན་འབྲེལ་བསྒྲིགས་ཏེ་རྒྱལ་གཟིམ་གྱིས་མར་ཆང་ཕུད་གཏོར་ཡི། དེ་ཤུལ་སྐུ་སྲུང་རུ་ཁག་གི་ སྟི་སྭ་ཞུ་ཡི། ཆུ་ཚོད་༥ དང་སྐར་མ་༣༦ ལུ་སྐུ་འཁོར་ཚུ་གིས་ཕེབས་ཇ་དྲངས་ཞིནམ་ལས་ཆུ་ཚོད་༥ དང་སྐར་

མ་༥༠ ལུ་སྐུ་འཁོར་ཚུ་མངའ་བདག་རིན་པོ་ཆེ་ལས་ཕྱག་དབང་ཞུ་སྟེ་ དེ་ཚེ་ཉི་མ་གི་ལས་རིམ་མཇུག་བསྡུ་ཡི།

147


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དྲུག་པ་ བཀྲ་ཤིས་ཆོས་རྫོང་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ།

རྟེན་འབྲེལ་མཛད་སྒོའི་དོན་ བཀྲ་ཤིས་ཆོས་རྫོང་ནང་བཅའ་སྒྲིག་རྐྱབ་པའི་བསྒང་།

སྤྱི་ཚེས་༦/༡༡/༠༨ ཀྱི་དྲོ་པ་ཆུ་ཚོད་༤ ལས་གཞུང་གྲྭ་ཚང་ཁ་ཐུག་ལས་བཀྲ་ཤིས་ཆོས་རྫོང་ རྒྱལ་པོའི་ཕོ་བྲང་ ནང་སྦེ་ ལྷ་བསངས་བཀྲ་ཤིས་རེ་སྐོང་གནང་ཡི། དེ་ལས་དྲོ་པ་ཆུ་ཚོད་༤ དང་སྐར་མ་༣༠ ལས་གཞུང་གྲྭ་ཚང་ གིས་ཀུན་ར་ནང་འབད་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་གསུང་ཆོག་འགོ་བཙུགས་ཏེ་གནང་ཡི། དྲོ་པ་

ཆུ་ཚོད་༥ ལུ་གནས་བརྟན་བཅུ་དྲུག་གི་མཐོང་གྲོལ་༡ དང་གུ་རུའི་མཐོང་གྲོལ་༢ བཀྲ་ཤིས་ཆོས་རྫོང་གི་དབུ་ རྩེ་ལྷོ་བྱང་ལོགས་གཉིས་དང་ལྷ་ཁང་གསར་པའི་ལོགས་ལས་དཔྱངས་ཏེ་མི་མང་ལུ་མཇལ་ཁ་གནང་ཡི། དྲོ་པ་

ཆུ་ཚོད་༦ དང་སྐར་མ་༤༥ ལུ་བློན་ཆེན་གྱིས་དབུ་གཙོས་ཏེ་ བློན་པོ་ལྷན་རྒྱས་ཚུ་ མ་ིདབང་མངའ་བདག་རིན་ པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ཆིབས་གྲལ་བཙར་ནིའི་དོན་ལས་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་བཅར་ཡི།

148


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མངའ་བདག་རིན་པོ་ཆེ་མ་ཕེབས་པའི་གོང་ལས་ཆེས་མཐོའི་སྐུ་མགྲོན་ཚུ་བཀྲ་ཤིས་ཆོས་རྫོང་ནང་བསྒུགས་བཞུགས་གནང་བ།

ཆུ་ཚོད་༦ དང་སྐར་མ་༤༥ ལུ་ཆེ་མཐོའི་སྐུ་མགྲོན་ཚུ་བཀྲ་ཤིས་ཆོས་རྫོང་ལྷོ་ཕྱོགས་ཀྱི་གདོང་ཁར་རིམ་པར་ ཕེབས་ད་ སྐུ་མགྲོན་ཚུ་ལུ་གསོལ་ཇ་དྲངས་ཡི། ཆུ་ཚོད་༦ དང་སྐར་མ་༥༥ ལུ་བློན་ཆེན་དང་བློན་པོ་ལྷན་རྒྱས་

ཚུ་མི་དབང་མངའ་བདག་རིན་པོ་ཆེའི་ཕྱག་དབང་བཅར་ཡི། ཆུ་ཚོད་༧ ལུ་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་དྲོ་ཇ་ དྲངས་པའི་དུས་ཚོད་ཁར་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་བླ་སྤྲུལ་ཚུ་དང་སྐུ་མགྲོན་ཚུ་ འཛུལ་སྒོ་ངོས་འཛིན་ འབད་མི་དེ་ལས་བཙར་ཏེ་རྫོང་ནང་བྱོན་ཡི། ཆུ་ཚོད་༧ དང་སྐར་མ་༡༥ ལུ་མངའ་བདག་སྐུ་འཁོར་ཚུ་བཀྲ་ཤིས་

ཆོས་རྫོང་གི་རྡོ་གཅལ་ནང་ཕེབས་ཅི། ཆུ་ཚོད་༧ དང་སྐར་མ་༢༠ ལུ་རྒྱལ་ཡུམ་དང་མ་ཡུམ་ལྷན་རྒྱས་ག་ར་

བཀྲ་ཤིས་ཆོས་རྫོང་གི་རྡོ་གཅལ་ནང་ཕེབས་ཅི། ཆུ་ཚོད་༧ དང་སྐར་མ་༢༧ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་

རྫོང་གི་རྡོ་གཅལ་ནང་ཕེབས་ཅི། ཆུ་ཚོད་༧ དང་སྐར་མ་༣༠ ལུ་མངའ་བདག་རིན་པོ་ཆེའི་ཆིབས་གྲལ་བདེ་ཆེན་ ཆོས་གླིང་ལས་མར་བཙར་ནི་འགོ་བཙུགས་པའི་སྐབས་ འབྲུག་རྒྱལ་བཞི་པ་བཀྲ་ཤིས་ཆོས་རྫོང་གི་རྡོ་གཅལ་

ནང་ཕེབས་ཅི། དྲོ་པ་ཆུ་ཚོད་༧ དང་སྐར་མ་༣༥ ལུ་སྐུ་མགྲོན་གཙོ་བོ་རྒྱ་གཞུང་སྲིད་འཛིན་མཆོག་བཀྲ་ཤིས་ ཆོས་རྫོང་གི་སྐུ་ངལ་གནང་སའི་བཞུགས་ཁང་ནང་ཕེབས་ཅི།

149


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མི་དབང་མངའ་བདག་རིན་པོ་ཆེའི་ཆིབས་གྲལ་བདེ་ཆེན་ཟམ་པ་ལས་བཙར་བའི་བསྒང་།

ཆུ་ཚོད་༧ དང་སྐར་མ་༤༠ ལུ་མི་དབང་མངའ་བདག་རིན་པོ་ཆེའི་ཆིབས་གྲལ་ གླང་འབྱོག་ཕ་ཁར་ལྷོད་པའི་

སྐབས་ གཞུང་གྲྭ་ཚང་གིས་རྫོང་གི་ཡང་ཐོག་ལས་ཐོག་རོལ་གྱི་བསུ་བ་ཞུ་ཡི། ཆུ་ཚོད་༧ དང་སྐར་མ་༤༡ ལུ་ ཆིབས་གྲལ་བདེ་ཆེན་ཟམ་པར་ལྷོད་པའི་སྐབས་ ཁྲིམས་སྤྱི་བློན་པོ་དང་ ཚོགས་དཔོན། ཚོགས་སྡེའི་ཁྲི་འཛིན། ལྡོག་ཕྱོགས་གཙོ་འཛིན། གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ཕྱག་དབང་བཅར་ཞིནམ་ལས་ཆིབས་གྲལ་

ཁར་འཛུལ་ཡི། ཆུ་ཚོད་༧ དང་སྐར་མ་༤༢ ལས་ཆིབས་གྲལ་རྒྱས་པ་བསྒྲིགས་མི་དེ་ནང་ མི་དབང་མངའ་ བདག་རིན་པོ་ཆེ་ཡང་ གྲལ་ཞུགས་ཐོག་ལས་བཀྲ་ཤིས་ཆོས་རྫོང་ཁ་ཐུག་ཆིབས་གྲལ་བཙར་ཏེ་བྱོན་ཡི།

150


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

དེ་བསྒང་བྱོན་ལམ་གཡས་གཡོན་ལས་ གཞུང་གཡོག་པ་དང་ དད་ཅན་གྱི་མི་སེར་ཁྲི་དང་སྟོང་གིས་གུས་ཞབས་ དང་བཅས་པའི་ཐོག་ལས་བསུ་བ་ཞུ་ཡི། ཆུ་ཚོད་༧ དང་སྐར་མ་༤༨ ལུ་ཆིབས་གྲལ་བཀྲ་ཤིས་ཆོས་རྫོང་གི་

མ་སྒོ་ཁར་ཕེབས་པའི་བསྒང་ལས་ བློན་པོ་ཚུ་དང་ཆེས་མཐོའི་དཔོན་ཁག་ཚུ་གིས་ཕྱག་དབང་བཅར་ཏེ་ཕེབས་

བསུ་ཞུ་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྫོང་གི་རྡོ་གཅལ་ནང་ཕེབས་ད་ ཆིབས་གྲལ་ཚུ་ རིམ་པ་བཞིན་སྒྲིག་བཀོད་ཀྱི་གྲལ་རིམ་བཟོ་སྟེ་སྡོད་ཅི།

ཆུ་ཚོད་༧ དང་སྐར་མ་༥༡ ལུ་མི་དབང་འབྲུག་རྒྱལ་བཞི་པ་དང་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མངའ་ བདག་རིན་པོ་ཆེ་དང་མཇལ་དར་ཕུལ་རེས་ཞུ་གནང་ཡི། རྡོ་གཅལ་ནང་ཕེབས་ཞིནམ་ལས་མི་དབང་མངའ་

བདག་རིན་པོ་ཆེ་མཐོང་གྲོལ་གྱི་གདོང་ཁར་ཞལ་བསྒོརཏེ་བཞུགས་པའི་སྐབས་ མི་དབང་འབྲུག་རྒྱལ་བཞི་

པ་དང་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་གཡས་གཡོན་གཉིས་ལས་བཞེང་སྟེ་བཞུགས་ཅི། ཆུ་ཚོད་༧ དང་སྐར་ མ་༥༢ ལུ་བྱིས་པའི་དཔའ་བོའི་མཇུག་འཆམ་རྐྱབ་སྟེ་སེར་སྦྲེང་མཇུག་བསྡུ་ཡི། ཆུ་ཚོད་༧ དང་སྐར་མ་༥༧ ལུ་མར་ཆང་རྟེན་འབྲེལ་མཛད་སྒོའི་སྐབས་ རྒྱལ་པོའི་གཟིམ་དཔོན་དྲགོས་དཔལ་འབྱོར་དང་ ནང་སྲིད་བློན་པོ་

མི་འགྱུར་རྡོ་རྗེ། གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ་གསུམ་གྱིས་ཆང་ཕུད་གཏོར་ཡི། ཆུ་ཚོད་༨ ལུ་མི་ དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་རྫོང་གི་གསེར་ཁྲི་ཁང་བཟང་གི་སྐུ་ངལ་གནང་ སར་ཕེབས་ཅི།

ཆུ་ཚོད་༨ དང་སྐར་མ་༢ ལུ་རྗེ་མཁན་རིན་པོ་ཆེ་དང་རྒྱལ་ཡུམ་སྐུ་བགྲེས་ རྒྱལ་ཡུམ་ལྷན་རྒྱས་རྫོང་གི་སྐུ་ངལ་ གནང་སར་བྱོན་ཏེ་བཞུགས་ཅི། ཆུ་ཚོད་༨ དང་སྐར་མ་༣ ལུ་རྒྱལ་པོའི་ཕོ་བྲང་ནང་འབད་ གསེར་ཁྲི་མངའ་གསོལ་

གྱི་གསུང་ཆོག་གནང་མི་དགེ་སློང་ཚུ་ གསེར་ཁྲི་ཁང་བཟང་ནང་འབྱོན་ཏེ་བཞུགས་པའི་སྐབས་ ཀུན་ར་ནང་དགེ་ འདུན་པ་དམངས་ཀྱིས་བདེ་མཆོག་གི་གསུང་ཆོག་འཕྲོ་མཐུད་དེ་གནང་ཡི།

ཆུ་ཚོད་༨ དང་སྐར་མ་༤ ལུ་སྐུ་འཁོར་ཚུ་དང་ཆེས་མཐོའི་སྐུ་མགྲོན་ཁག་གིས་ཕོ་བྲང་གསེར་ཁྲི་ཁང་བཟང་ནང་ བྱོན་ཏེ་སོ་སོའི་བཞུགས་གནས་ཁར་གྲལ་ཞུགས་ནུག། གསེར་ཁྲི་ཁང་བཟང་གི་བཞུགས་གྲལ་དེ་ནང་ མངའ་

151


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བདག་སྐུ་འཁོར་དང་བླ་ཆེན། ཕྱི་རྒྱལ་གྱི་ཆེས་མཐོའི་སྐུ་མགྲོན། འབྲུག་གཞུང་གི་བློན་པོ་ཡན་ཆད་མི་གྲངས་ ༧༥ གྲལ་བཞུགས་གནང་ཡི།

ཆུ་ཚོད་༨ དང་སྐར་མ་༡༥ ལུ་ཆེ་མཐོའི་སྐུ་མགྲོན་ཁག་དང་རྒྱལ་ཡུམ་སྐུ་བགྲེས། རྒྱལ་ཡུམ་གཞན་རྣམས་དང་ སྐུ་འཁོར་ལྷན་རྒྱས་ཚུ་རང་སོའི་བཞུགས་གནས་ཁར་བཞུགས་ཅི། ཆུ་ཚོད་༨ དང་སྐར་མ་༢༠ ལུ་སྐུ་མགྲོན་ གཙོ་བོ་ རྒྱ་གཞུང་སྲིད་འཛིན་མཆོག་གསེར་ཁྲི་ཁང་བཟང་ནང་བྱོན་ཡི། ཆུ་ཚོད་༨ དང་སྐར་མ་༢༣ ལུ་སྐྱབས་

རྗེ་རྗེ་མཁན་རིན་པོ་ཆེ་འབྱོནམ་ད་སྐུ་མགྲོན་ཚུ་ག་ར་ཡར་བཞེངས་ཏེ་བཞུགས་ཅི། སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ གསེར་ཁྲི་ཁང་བཟང་ནང་ཕེབས་ཞིནམ་ལས་ གསེར་ཁྲི་གདོང་ཁའི་ཞབས་སྟེགས་གུ་ ཞལ་མཆོད་བཤམ་ཁ་ ཐུག་བསྒོར་ཏེ་བཞེངས་བཞུགས་ཅི།

ཆུ་ཚོད་༨ དང་སྐར་མ་༢༤ ལུ་མི་དབང་འབྲུག་རྒྱལ་བཞི་པ་གསེར་ཁྲི་ཁང་བཟང་ནང་ཕེབས་ཞིནམ་ལས་གསེར་

ཁྲི་གདོང་ཁའི་ཞབས་སྟེགས་གུ་ལས་ཞལ་མཆོད་བཤམ་ལུ་བསྒོར་ཏེ་བཞེངས་བཞུགས་ཅི། ཆུ་ཚོད་༨ དང་སྐར་

མ་༢༥ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མངོན་པར་མཐོ་བའི་གསེར་ཁྲི་ཁང་བཟང་ནང་བྱོན་ཏེ་ མི་ དབང་འབྲུག་རྒྱལ་བཞི་པ་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ཁ་ཐུག་ལུ་ཞལ་བསྒོར་ཏེ་བཞེངས་བཞུགས་

ཅི། ཆུ་ཚོད་༨ དང་སྐར་མ་༢༦ ལས་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་དགེ་སློང་ཚུ་གིས་རྟེན་འབྲེལ་གྱི་གསུང་ ཆོག་འགོ་བཙུགས་གནང་ཡི།

དེ་ལས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕྱག་ལྷ་གོས་ཀྱིས་སྟེགས་ཏེ་དབུ་ཞྭ་བྱ་རོག་གདོང་ཅན་མཆོད་ཁྲི་གུ་

ལས་ཞུ་ཡི། དེ་ལས་དབུ་ཞྭ་དེ་འབྲུག་རྒྱལ་བཞི་པའི་ཕྱག་ལུ་ཕུལ་ཞིནམ་ལས་ གསུང་ཆོག་གི་ཚིག་གུ་མ་ལྷོད་ ཚུན་ཚོད་ཐུགས་སྨོན་གནང་སྟེ་བཞུགས་ཅི། ཆུ་ཚོད་༨ དང་སྐར་མ་༣༠ ལུ་མངའ་གསོལ་བའི་སེར་སྦྲེང་མཆོད་

པའི་བྱེ་བྲག་ཕོ་བྲང་ནང་ན་དང་ ཕྱི་ཁར་གཉིས་ཆ་རའི་ནང་ དུས་གཅིག་ལུ་སེར་སྦྲེང་འགོ་བཙུགས་པའི་བསྒང་ ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིའི་སྐུ་མདུན་གྱི་ཞབས་སྟེགས་གུ་བྱོན་ཞིནམ་ལས་

འབྲུག་རྒྱལ་བརྒྱུད་རིམ་བྱོན་གྱི་གཙུག་རྒྱན་ དབུ་ཞྭ་ཁམས་གསུམ་དབང་འདུས་སམ་ བྱ་རོག་གདོང་ཅན་

152


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

འདི་བཞེས་པའི་གྲ་སྒྲིག་མཛད་ཅི། ཆུ་ཚོད་༨ དང་སྐར་མ་༣༡ ལས་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་ཞྭ་ ཁམས་གསུམ་དབང་འདུས་སམ་བྱ་རོག་གདོང་ཅན་འདི་གསོལ་གནང་ནི་དང་གཅིག་ཁར་ མི་དབང་འཇིགས་

མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་ལྔ་པར་མངའ་གསོལ་ཞུས་གྲུབ་པའི་ གསལ་བསྒྲགས་གནང་སྟེ་གསེར་ཁྲི་གུ་བཞུགས་ཅི།

མི་དབང་མངའ་བདག་རིན་པོ་ཆེ་ལུ་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་ཞྭ་བྱ་རོག་གདོང་ཅན་གསོལ་བ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བཞེས་མི་དབུ་ཞྭ་བྱ་རོག་གདོང་ཅན་དེ་གི་སྐོར་ལས་དུམ་གྲ་ཅིག་

ཞུ་བ་ཅིན། དབུ་ཞྭ་འདི་འཛམ་གླིང་རྒྱལ་ཁབ་གཞན་གྱི་རྒྱལ་པོ་ཚུ་གི་དབུ་ཞྭ་ལས་ལྷག་སྟེ་ དབུ་ཞྭ་འདི་ནང་སྐུ་ གསུང་ཐུགས་ཀྱི་རིལ་བུ་རྩ་ཅན་དང་ ཆོས་རྗེ་འབྲུག་པའི་བཀའ་སྲུང་གི་བླ་རྡོ་སྲོག་འཁོར་དང་ ལྷ་སྲིན་སྡེ་བརྒྱད་

དབང་དུ་འདུ་བའི་གཟུངས་སྔགས་དང་བཅས་པ་ཕུལ་བའི་རྟེན་རྩ་ཆེན་ཅིག་ཨིན་ཟེར་ཞུ་ནི་དང་ འབྲུག་རྒྱལ་ ཁབ་ཀྱི་ཉེར་འཚེ་ཞི་སྟེ་འདོད་རྒུ་མིག་འབྲས་བཟུམ་སྐྱོང་བའི་སྲུང་མ་ མགོན་པོ་བྱང་བདུད་དང་ལས་མགོན་བྱ་

153


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རོག་གདོང་ཅན་ཟུང་འབྲེལ་གྱི་དབྱིབས་དང་མཚན་དུ་གསོལ་གསོལཝ་ཨིན་ནི་དེ་གིས་ བྱིན་རླབས་ཀྱི་མཚན་ ཁ་འདི་ལས་ཆེ་བ་མེད་པའི་རྩ་ཆེན་ཅིག་ཨིན་ཟེར་ཞུ་ནི་ཨིན།

ཆུ་ཚོད་༨ དང་སྐར་མ་༣༢ ལུ་མི་དབང་འབྲུག་རྒྱལ་བཞི་པ་དང་རྗེ་མཁན་པོ་རྣམ་གཉིས་སོ་སོའི་བཞུགས་ཁྲི་གུ་

བཞུགས་པའི་སྐབས་ སེར་སྦྲེང་ཡང་མཇུག་བསྡུ་གནང་སྟེ་ སྐུ་མགྲོན་ག་ར་རང་སའི་བཞུགས་ཁྲི་གུ་བཞུགས་ ཅི། ཆུ་ཚོད་༨ དང་སྐར་མ་༣༣ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལས་བཞུགས་

གྲལ་ཕུན་སུམ་ཚོགས་པ་འགོ་བཙུགས་གནང་ཡི། ཆུ་ཚོད་༨ དང་སྐར་མ་༤༠ ལུ་མར་ཆང་རྟེན་འབྲེལ་བརྩི་ གནང་པའི་སྐབས་མཚན་ཉིད་སློབ་དཔོན་རྟ་མགྲིན་ཚེ་དབང་དང་ བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག། རྒྱལ་པོའི་གཟིམ་དཔོན་དྲགོས་དཔལ་འབྱོར་གསུམ་གྱིས་ཆང་ཕུད་གཏོར་ཡི།

ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་གསེར་ཁྲི་ཁང་བཟང་ནང་གི་བཀོད་པ།

154


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཆུ་ཚོད་༨ དང་སྐར་མ་༤༤ ལས་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ མཎ་ཌལ་རྣམ་ལྔ་ སྐུ་ གསུང་ ཐུགས་ ཡོན་ཏན་ ཕྲིན་ལས་སྦེ་ཕུལ་མི་ཡང་ མཎ་ཌལ་ཕུལ་མི་རྡོ་རྗེ་སློབ་དཔོན། སྐུ་རྟེན་ཕུལ་མི་བློན་ཆེན་འཇིགས་མེད་

འོད་ཟེར་ཕྲིས། གསུང་རྟེན་ཕུལ་མི་ཁྲིམས་སྤྱི་བློན་པོ། ཐུགས་རྟེན་ཕུལ་མི་ ཚོགས་དཔོན། ཡོན་ཏན་གྱི་རྟེན་ཕུལ་ མི་ཚོགས་སྡེའི་ཁྲི་འཛིན། ཕྲིན་ལས་ཀྱི་རྟེན་བསྟན་སྲུང་དྲག་པོའི་དགུང་བློན་ཚུ་གིས་ཕུལ་ཡི།

གསེར་ཁྲི་ཁང་བཟང་ནང་རྟེན་འབྲེལ་མཛད་སྒོའི་སྐབས་ མན་དྲལ་སྐུ་གསུང་ཐུགས་ཀྱི་རྟེན་ཕུལ་བ།

དེ་གི་ཤུལ་ལས་ རྗེ་མཁན་རིན་པོ་ཆེ་མཆོག་གིས་གསེར་ཁྲི་གདོང་ཁར་བཞེངས་ཏེ་འཁོར་ལོ། གླང་པོ། རྟ་མཆོག། ནོར་བུ། བཙུན་མོ། བློན་པོ། དམག་དཔོན་བཅས་པའི་རྒྱལ་སྲིད་སྣ་བདུན་དང་ མེ་ལོང་། གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་དཀར། ལི་ཁྲི། ཡུངས་དཀར་བཅས་པའི་བཀྲ་ཤིས་རྫས་བརྒྱད། གདུགས་ གསེར་ཉ་ དུང་དཀར་

གཡས་འཁྱིལ་ པད་མ་ བུམ་པ་ དཔལ་ཡབ་ རྒྱལ་མཚན་ འཁོར་ལོ་དང་བཅས་པའི་བཀྲིས་རྟགས་བརྒྱད་ ཀྱི་རིགས་ཚུ་མི་དབང་མངའ་བདག་རིན་པོ་ཆེ་ལུ་ཕུལ་གནང་ཡི།

155


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ཡང་ སྔོན་གྱི་དུས་ལུ་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཚུ་འཁྲུངས་པའི་སྐབས་ བསོད་ནམས་ཀྱི་སྟོབས་ ཀྱིས་རྒྱལ་སྲིད་སྣ་བདུན་པོ་རང་བཞིན་གྱིས་ནམ་ཁ་ལས་འབབ་སྲོལ་ཡོད་པའི་ཚུལ་གྱིས་ གསེར་ཁྲི་མངའ་

གསོལ་ལུ་ བཟང་པོའི་རྟེན་འབྲེལ་གྱི་དོན་ལུ་ རྒྱལ་སྲིད་སྣ་བདུན་ཕུལ་དགོ་པའི་རྒྱུ་མཚན་དེ་ཨིན་པས། དེ་

ཡང་ རྩིབས་སྟོང་ལྡན་པའི་འཁོར་ལོ་རིན་པོ་ཆེ་ཟེར་ཞུ་བའི་འཁོར་ལོ་འདི་ནི་ རྒྱལ་པོའི་མངའ་ཐང་རྒྱས་པའི་ཡོ་

བྱད་ སྔོན་གྱི་དུས་ལུ་ སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ འཁོར་ལོ་གུ་ཞོན་ཏེ་སྟོང་གསུམ་གྱི་འཇིག་རྟེན་ བསྐོར་བའི་ལོ་རྒྱུས་དང་འཁྲིལ་ཏེ་ མངའ་ཐང་རྒྱས་པའི་རྟེན་འབྲེལ་ལུ་ཨིན་པས། དེ་བཟུམ་བཙུན་མོ་དེ་ཡང་ བུད་མེད་ཀྱི་སྐྱོན་སྤངས་པ་ ཡོན་ཏན་བརྒྱད་ཚང་བའི་བཙུན་མོའི་ཚུལ་སྦེ་ཕུལ་མི་དེ་གིས་ རྒྱལ་བརྒྱུད་དར་ཞིང་ རྒྱས་པའི་རྟེན་འབྲེལ་ལུ་ཨིན་པས།

སྟོབས་ལྡན་གླང་ཆེན་ཟེར་གླང་པོ་ཆེ་སྟོང་གི་སྟོབས་ཤུགས་ལྡན་པའི་གླང་པོ་རིན་པོ་ཆེ་དེ་ནི་མངའ་འོག་ལུ་སྒོ་ ཕྱུགས་འཕེལ་བའི་དོན་དང་ དྲག་པོ་དམག་གི་སྐབས་ལུ་མཁོ་བའི་རྟེན་འབྲེལ་གྱི་ སྟོབས་ལྡན་གླང་པོ་ཆེ་འདི་ དགོ་དོ་ཡོདཔ་ཨིན་པས། ནོར་བུ་རིན་པོ་ཆེ་དེ་ནི་དགོས་འདོད་ག་ར་ནོར་བུ་དེ་ལས་འབྱུང་དོ་ཡོདཔ་ལས་ ནོར་བུ་

དེའི་འོད་ཀྱིས་ཁྱབ་སར་ བསམ་དོན་ལྷུན་གྱིས་འགྲུབ་ནི་དང་མི་མང་ལུ་ཕན་པ་དང་བདེ་བ་ རང་བཞིན་ཤུགས་ ཀྱིས་འགྲུབ་པའི་ཡོན་ཏན་དང་ལྡན་ནི་དེ་གིས་ རྒྱལ་བཙུན་བློན་འབངས་དང་བཅས་པའི་དགོས་འདོད་འགྲུབ་

པའི་རྟེན་འབྲེལ་ལུ་ཨིན་པས། བློན་པོ་རིན་པོ་ཆེ་དེ་ཡང་ རྒྱལ་འབངས་བདེ་བའི་དོན་ལུ་བློན་པོའི་མཆོག་ སྐྱོན་ ཀུན་དང་བྲལ་བ། ཡོན་ཏན་ཀུན་ཚང་། རྒྱལ་པོའི་ཐུགས་དགོངས་དང་བསྟུན་པའི་ལས་དང་བྱ་བ་འབད་ཤེས་

པ། འབངས་མིའི་སྐྱིད་སྡུག་རྒྱལ་པོའི་སྙན་ལུ་ཞུ་མཁས་པ་ལ་སོགས་པའི་བློན་པོ་ཚན་ཉིད་དང་ལྡན་པའི་དོན་

ལུ་ཨིན་པས། རྟ་མཆོག་རིན་པོ་ཆེ་དེ་ནི་རྒྱལ་པོ་གཡས་དང་གཡོན་ལུ་བྱོན་པའི་སྐབས་ རྒྱལ་པོའི་ཆིབས་ རྟ་བཟང་པོ་སྤྱང་གྲུང་འཛོམས་པ། ཉེན་འཚུབ་ཚོར་བའི་སེམས་དང་ལྡན་པ། བཙན་ས་བཟུང་བའི་ཐབས་བྱུས་

མཁས་པ་ལ་སོགས་པ་རྟ་མཆོག་རྒྱལ་པོ་ བཱ་ལ་ཧ་དང་འདྲ་བར་འབྱུང་བའི་དོན་ལུ་ཨིན་པས། དམག་དཔོན་ རིན་པོ་ཆེ་དེ་ཡང་ དཔའ་བ། རྔམས་པ། འཇིགས་པ། རྒོད་པ། དགྲ་འཐབ་ལུ་མཁས་པ་ལ་སོགས་པ་སྒྱུ་རྩལ་ ༦༤ ལུ་མཁས་པའི་དམག་དཔོན། རྒྱལ་པོ་དང་རྒྱལ་ཁབ་སྲུང་མཁས་པའི་ཡོན་ཏན་དང་ལྡན་པའི་ཆེད་ཨིན་ནོ།།

156


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

གསེར་ཁྲི་ཁང་བཟང་ནང་ དབུ་ཞྭ་བྱ་རོག་གདོང་ཅན་བཞེས་ཏེ་འབྲུག་རྒྱལ་བཞི་པ་དང་གཅིག་ཁར་བཞུགས་པ།

དེ་ལས་ཆུ་ཚོད་༩ དང་སྐར་མ་༤༦ ལུ་གཞུང་གྲྭ་ཚང་གིས་སྨོན་ལམ་གྲུབ་པའི་རྒྱལ་པོ་དང་བདེ་བཤེགས་སོྟན་ པ་སོགས་གནང་སྟེ་གསེར་ཁྲི་ཁང་བཟང་གི་རྟེན་འབྲེལ་མཛད་རིམ་ཡོངས་སུ་རྫོགས་པ་མཇུག་བསྡུ་གནང་ཡི།

ཆུ་ཚོད་༩ དང་སྐར་མ་༥༠ ལུ་རྒྱལ་པོའི་མགྲོན་གཉེར་གྱིས་མི་དབང་མངའ་བདག་རིན་པོ་ཆེ་ལས་ དབུ་ཞྭ་

ཁམས་གསུམ་དབང་འདུས་ཞུ་བར་བཅར་ཏེ་ ཆུ་ཚོད་༩ དང་སྐར་མ་༥༡ ལུ་དབུ་ཞྭ་ཁམས་གསུམ་དབང་འདུས་

ཀུན་ར་ནང་ཞུ་བའི་སྐབས་ཀྱི་ཆིབས་གྲལ་ཡང་། བསང་ཕོར་གཡུག་མི་དང་ རྒྱ་གླིང་པ་༢ སྐུ་དྲུང་རྟགས་རྐྱབ་ མི་ཚུ་གིས་ འཁྱིད་དེ་སྡེ་པའི་སྲུང་འཁོར་པ་དང་ ཟུར་བཞུགས་ལམ་སྲོལ་དྲུང་ཆེན། གྲྭ་ཚང་ལྷན་ཚོགས་ཀྱི་མདོ་

ཆེན། མངའ་བདག་རིན་པོ་ཆེའི་འཆམ་སྒར་པ་༣ གྱིས་ཕྱག་ཞུ་སྟེ་གདན་འདྲེན་ཞུ་ཡི། ཆུ་ཚོད་༩ དང་སྐར་མ་༥༢ ལས་ཁྲི་དར་དང་པ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཕུལ་གནང་ཡི། གཉིས་པ་རྗེ་མཁན་རིན་པོ་ཆེའི་

ཁྲི་དར། གསུམ་པ་སྐུ་མགྲོན་གཙོ་བོ་རྒྱ་གར་སྲིད་འཛིན་གྱིས་ཕུལ་ཡི། བཞི་པ་མི་དབང་རྒྱལ་ཡུམ་སྐུ་བགྲེས་

157


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མཆོག་གིས་ཕུལ་ཡི། དེ་ལས་རྒྱལ་ཡུམ་དང་མ་ཡུམ་ལྷན་རྒྱས་ཚུ་གིས་ཕུལ་ཡི། དེ་ལས་སྐུ་འཁོར་གཞན་ཚུ། དེ་ལས་བློན་ཆེན། དེ་ལས་ཆེ་མཐོའི་སྐུ་མགྲོན་ཚུ་གིས་གོ་རིམ་འབད་དེ་ཕུལ་ཡི།

ཆུ་ཚོད་༩ དང་སྐར་མ་༥༤ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ཀུན་ར་ནང་བཀྲ་ཤིས་མངའ་གསོལ་བའི་གསུང་

ཆོག་གི་དབུ་བཞུགས་མཛད་པའི་དོན་ལས་གསེར་ཁྲི་ཁང་བཟང་ལས་ཕྱིར་ཕེབས་གནང་ཡི། ཆུ་ཚོད་༩ དང་སྐར་

མ་༥༧ ལུ་སྐུ་མགྲོན་གཙོ་བོ་རྒྱ་གཞུང་སྲིད་འཛིན་ཕྱིར་ཕེབས་གནང་ཡི། ཉིན་དགུང་ཆུ་ཚོད་༡༠ དང་སྐར་མ་༡ ལས་མི་དབང་འབྲུག་རྒྱལ་བཞི་པ་དང་རྒྱལ་ཡུམ་སྐུ་བགྲེས། རྒྱལ་ཡུམ་ལྷན་རྒྱས་ཡང་གསེར་ཁྲི་ཁང་བཟང་ ལས་ ཕོ་བྲང་བདེ་ཆེན་ཆོས་གླིང་ལུ་ཆིབས་བསྐྱོད་གནང་ཡི། ཆུ་ཚོད་༡༠ དང་སྐར་མ་༥ ལས་མངའ་བདག་སྐུ་ འཁོར་ཚུ་དང་ ཆེ་མཐོའི་སྐུ་མགྲོན། དཔོན་ཁག་གཞན་ཚུ་ཕྱིར་ཕེབས་གནང་ཡི། ཆུ་ཚོད་༡༠ དང་སྐར་མ་༢༠

ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་རྒྱལ་པོའི་བཞུགས་ཁང་ནང་སྐུ་ངལ་གནང་པར་ཕེབས་ཅི། ཆུ་ཚོད་ ༡༠ དང་སྐར་༣༠ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཆིབསས་གྲལ་བཙར་ཏེ་ཀུན་ར་ནང་ཕེབས་པའི་ སྐབས་བློན་ཆེན་དང་བློན་པོ་ལྷན་རྒྱས་ཚུ་གིས་ཕྱག་ཞུ་སྟེ་བྱོན་ཡི།

བདུན་པ་ ཀུན་ར་ནང་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ། སྤྱི་ཚེས་༦/༡༡/༠༨ ཀྱི་ཉིན་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་དགེ་འདུན་ཀུན་དགའ་ར་བའི་ནང་། དྲོ་པ་ཆུ་ཚོད་ ༨ དང་སྐར་མ་༢ ལུ་ཚོགས་འགོ་པ་ གཞུང་གྲྭ་ཚང་གི་སྒྲ་པའི་སློབ་དཔོན་མཆོག་བཞུགས་ཁྲི་ཁར་ཕེབས་

ཅི། ཆུ་ཚོད་༨ དང་སྐར་མ་༣ ལུ་གཞུང་གྲྭ་ཚང་དམངས་ཀྱིས་དཔལ་བདེ་མཆོག་འཁོར་ལོ་བསྡོམ་པའི་གསུང་

ཆོག་འགོ་བཙུག་གནང་པའི་སྐབས་ ཆེ་མཐོའི་སྐུ་མགྲོན་་རྫོང་གི་རྡོ་གཅལ་ནང་བཞུགས་མི་ཚུ་ལུ་ དྲོ་ཇ་དང་སྤྲོ་ ཟས་ཚུ་དྲངས་ཚར་ཞིནམ་ལས་ རྫོང་གི་རྟེན་འབྲེལ་ཐང་ནང་ཡོད་པའི་མཐོང་གྲོལ་དང་ ཐང་ཀ་འགྲེམས་སྟོན་ཚུ་

མཇལ་བར་བྱོན་ཡི། ཆུ་ཚོད་༨ དང་སྐར་མ་༤༥ ལུ་ཆེ་མཐོའི་སྐུ་མགྲོན་ཚུ་དང་བླ་སྤྲུལ་ག་ར་ཀུན་ར་ནང་བྱོན་ཏེ་

རང་སོའི་བཞུགས་གནས་ཁར་བཞུགས་ཅི། དེ་སྐབས་ཀྱི་བཞུགས་གྲལ་ཁར་ རྒྱལ་ཁབ་ནང་གི་བླ་སྤྲུལ་དང་

སློབ་དཔོན་ཚུ། ཞི་དྲག་གཞུང་གི་འགོ་དཔོན་ཚུ་དང་ཕྱི་རྒྱལ་གྱི་སྐུ་མགྲོན། སྤྱི་ཚོགས་ཀྱི་ཆེ་བསྟོད་ཅན་གྱི་འཐུས་

158


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མི་ལྷན་རྒྱས་དང་ མི་སེར་དྲག་རིམ་བཅས་པ་༥༠༠ དེ་ཅིག་འཚོགས་ཅི། ཆུ་ཚོད་༨ དང་སྐར་མ་༥༠ ལུ་སྒྲ་པའི་སློབ་དཔོན་དབུ་བཞུགས་ཐོག་ལས་ཀུན་ར་ནང་བཞུགས་གྲལ་ཕུན་སུམ་

ཚོགས་པ་འགོ་བཙུག་གནང་ཡི། ཆུ་ཚོད་༨ དང་སྐར་མ་༥༥ ལུ་མར་ཆང་རྟེན་འབྲེལ་བརྩི་གནང་པའི་སྐབས་

ནང་སྲིད་དང་ལམ་སྲོལ་ལྷན་ཁག་དྲུང་ཆེན་དྲགོས་དཔལ་ལྡན་དབང་ཕྱུག་གིས་མར་ཆང་ཕུད་གཏོར་ཡི། དེ་ལས་ ཆུ་ཚོད་༩ ལུ་བཞུགས་གྲལ་མཇུག་བསྡུ་སྟེ་ བདེ་མཆོག་གསུང་ཆོག་ལོག་འཕྲོ་མཐུད་དེ་གནང་ཡི། ཆུ་ཚོད་༩

དང་སྐར་མ་༥༤ ལུ་དབུ་ཞྭ་བྱ་རོག་གདོང་ཅན་གདན་འདྲེན་ཞུ་བའི་བརྡ་ཞུ་བའི་སྐབས་ དེ་ཁར་བཞུགས་མི་ ཆ་མཉམ་རང་ཚར་ཅིག་ཡར་བཞེངས་ཡི། ཆུ་ཚོད་༩ དང་སྐར་མ་༥༦ ལུ་རྒྱལ་པོའི་མགྲོན་གཉེར་གྱིས་དབུ་ཞྭ་ གདན་འདྲེན་ཞུ་སྟེ་ཀུ་ར་ནང་ཕེབས་པའི་སྐབས་ རྡོ་རྗེ་སློབ་དཔོན་གྱིས་ཀུན་ར་མཆོད་ཁྲི་ཁར་ཞུ་ཡི།

ཆུ་ཚོད་༡༠ དང་སྐར་མ་༢༥ ལུ་བདེ་མཆོག་འཁོར་ལོ་སྡོམ་པའི་གསུང་ཆོག་དངོས་གྲུབ་བླང་ཆེན་གུ་བཀལ་ཏེ་

ཆུ་ཚོད་༡༠ དང་སྐར་མ་༢༩ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ཀུན་ར་ནང་ཕེབས་ཏེ་ བཞུགས་ཁྲི་གུ་བཞུགས། ཆུ་ ཚོད་༡༠ དང་སྐར་མ་༣༦ ལུ་སློབ་དཔོན་བཞི་པོ་དང་ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་གིས་ ཀུན་རའི་ཕྱི་ ཁར་མི་དབང་མངའ་བདག་རིན་པོ་ཆེའི་ཕྱག་དབང་བཅར་ཏེ་བསུ་བ་ཞུ་ཡི། ཆུ་ཚོད་༡༠ དང་སྐར་མ་༣༧ ལུ་མི་

དབང་མངའ་བདག་རིན་པོ་ཆེ་ཀུན་ར་ནང་ཕེབསཔ་ད་ མི་མང་ཡར་ལོངས་སྟེ་གུས་བཏུད་ཞུ་ཡི། མི་དབང་མངའ་ བདག་རིན་པོ་ཆེ་གསེར་ཁྲི་གུ་བཞུགས་ཚར་ཞིནམ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་ལས་

གྲྭ་ཚང་དམངས་ཀྱི་དངོས་གྲུབ་བླང་བའི་གསུང་ཆོག་གནང་སྟེ་ ཆུ་ཚོད་༡༠ དང་སྐར་མ་༤༠ ལས་བདེ་མཆོག་ འཁོར་ལོ་སྡོམ་པའི་གསུང་ཆོག་གནང་བའི་དངོས་གྲུབ་ཀྱི་རྫས་ ཁྲུས་ཆུ་ ཚེ་རིལ་ ཚེ་ཆང་བཅས་པ་རྡོ་རྗེ་སློབ་ དཔོན་གྱིས་འབད་ མི་དབང་མངའ་བདག་རིན་པོ་ཆེ་དང་མི་དབང་འབྲུག་རྒྱལ་བཞི་པ། རྗེ་མཁན་པོ་གསུམ་ལུ་ དྲངས་པའི་སྐབས་ སློབ་དཔོན་གཞན་ཚུ་གིས་ཆེ་མཐོའི་སྐུ་མགྲོན་གཞན་ཚུ་ལུ་དྲངས་ཡི།

ཆུ་ཚོད་༡༠ དང་སྐར་མ་༤༤ ལུ་རྗེ་མཁན་རིན་པོ་ཆེ་བཞུགས་ཁྲི་ལས་བཞེངས་ཏེ་ གསེར་ཁྲི་ཁ་ཐུག་ཞལ་བསྒོར་

ཏེ་བཞུགས་ཅི། ཆུ་ཚོད་༡༠ དང་སྐར་མ་༤༥ ལས་རྗེ་མཁན་པོ་གིས་གསེར་ཁྲི་མངའ་གསོལ་བའི་གསུང་ཆོག་ གནང་པའི་སྐབས་ རྡོ་རྗེ་སློབ་དཔོན་གྱིས་དབུ་ཞྭ་བྱ་རོག་གདོང་ཅན་མཆོད་ཁྲི་ལས་གདན་འདྲེན་ཞུ་སྟེ་སྐྱབས་

159


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྗེ་རྗེ་མཁན་རིན་པོ་ཆེའི་ཕྱག་ལུ་ཕུལ་ཡི། ཆུ་ཚོད་༡༠ དང་སྐར་མ་༤༧ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ གསུང་ཆོག་གི་ཚིག་དང་བསྟུན་ཏེ་ དབུ་ཞྭ་བྱ་རོག་གདོང་ཅན་ནམ་ ཁམས་གསུམ་དབང་འདུས་དེ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ལུ་ཕུལ་བའི་སྐབས་མངའ་བདག་རིན་པོ་ཆེ་གིས་དབུ་ལུ་བཞེས་གནང་ཡི།

བཀྲ་ཤིས་ཆོས་རྫོང་གསེར་ཁྲི་ཁང་བཟང་ནང་ མི་རྗེ་བློན་ཆེན་གྱིས་ཁྲི་དར་ཕུལ་བའི་བསྒང།

ཆུ་ཚོད་༡༠ དང་སྐར་མ་༤༩ ལུ་མི་དབང་མངའ་བདག་རིན་པོ་ཆེ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་

གིས་ དཔལ་ཡབ། འཁོར་ལོ། པདྨ། རྒྱལ་མཚན། གདུགས། བུམ་པ། དུང་དཀར། གསེར་ཉ་ལ་སོགས་

པའི་བཀྲ་ཤིས་རྟགས་བརྒྱད་ཚུ་གོ་རིམ་བཞིན་དུ་འབད་ཕུལ་གནང་སྟེ་ ཆུ་ཚོད་༡༡ ལུ་རྗེ་མཁན་རིན་པོ་ཆེ་སླར་ ལོག་བཞུགས་ཁྲི་གུ་ཕེབས་ཞིནམ་ལས་ མངའ་གསོལ་གྱི་རིམ་པ་བཀྲ་ཤིས་སྨོན་ལམ་གྱིས་འབད་མཇུག་

བསྡུ་གནང་ཡི། དེ་ལས་བླ་སྤྲུལ་གྱིས་དབུ་གཙོས་ཏེ་ དེ་ཁར་འཛོམས་མི་ཚུ་གིས་མི་དབང་མངའ་བདག་རིན་ པོ་ཆེ་ལུ་ཁྲི་དར་ཕུལ་ནི་འགོ་བཙུགས་ཅི།

160


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

བརྒྱད་པ་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་གི་གསོལ་སྟོན་མཛད་རིམ།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཆེས་མཐོའི་སྐུ་མགྲོན་ཚུ་ལུ་གསོལ་སྟོན་གནང་སའི་ཕོ་བྲང་བདེ་ཆེན་ཆོས་གླིང་།

ཕོ་བྲང་བདེ་ཆེན་ཆོས་གླིང་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཆེས་མཐོའི་སྐུ་མགྲོན་ཡོངས་ ལུ་གསོལ་སྟོན་གནང་པའི་དོན་ལས་ སྐུ་མགྲོན་ཚུ་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ལྷོད་རན་པའི་བསྒང་ལས་ སྔར་ དང་མ་འདྲ་བའི་མཐོང་སྣང་ངོ་མཚར་བའི་བཀོད་པ་བཤམས་པའི་སྐོར་ལས་མདོར་བསྡུས་ཅིག་ཞུ་བ་ཅིན། ཕོ་བྲང་

གུ་དར་ཤམ་འཇའ་རིས་དང་བཅས་པས་བརྒྱན་པའི་ གླིང་ཁ་ནང་སྤྲོ་གུར་འབྲུག་རིས་ཅན་སྐར་ཚོགས་བཀྲམ་དོ་

བཟུམ་སྤུབས་པའི་ ཕེབས་ལམ་ཚུ་གི་ གཡས་གཡོན་གཉིས་ལུ་ དར་ཤེིང་མདོག་སྣ་ལྔ་པོ་ ས་སེར་པོ། མེ་ དམར་པོ། སྤྲིན་དཀར་པོ། ཤིང་ལྗངས་ཁུ། གནམ་སྔོན་པོ་སྦེ་རང་ལུགས་དར་ཤིང་གི་ཐོབ་ལམ་ཇི་ལྟ་བ་བཞིན་ ལྷན་རྒྱསམགྲོན་ཚུ་བཞུགས་སའི་ གོ་རིམ་བསྒྲིགས་པའི་ བར་ན་ རུ་དར་ འཇའ་ཚོན་འཛུགས་དོ་བཟུམ་བསྣར་

161


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཏེ་འཛུལ་སྒོ་མཆོད་པའི་ལྷ་མོས་གར་མཛད་དེ་སྐུ་མགྲོན་ཚུ་བསུ་བ་མཛད་པའི་རྒྱན་བཀོད་ཅན་དེའི་གུ་ རྒྱལ་

མཚན་དང་ རྒྱལ་དར་འཕྱར་བའི་ཁར་ ཕོ་བྲང་གི་ལྡུམ་ར་ནང་ སྐུ་མགྲོན་ཚུ་བཞུགས་སའི་ སྤྲོ་གུར་རྣམ་པ་མ་

འདྲ་བས་གང་བར་སྤུབས་པའི་བར་ཚུ་དར་ཤིང་དང་ མཆོད་རྫས་ཀྱིས་གང་བར་བརྒྱན་ཏེ་ སུམ་ཅུ་རྩ་གསུམ་ པོའི་ལྷ་གནས་ལས་ཉམས་དགའ་བའི་བཀོད་པ་བཤམས་ནུག།

དེ་བཟུམ་མའི་ཕོ་བྲང་ཉམས་དགའ་བའི་ནང་ རྒྱ་གཞུང་སྲིད་འཛིན་གྱིས་དབུ་གཙོས་ཏེ་འཛམ་གླིང་རྒྱལ་ཁབ་

ཁག་ལས་ མི་དབང་མངའ་བདག་རིན་པོ་ཆེའི་གསེར་ཁྲི་མངའ་གསོལ་གྱི་སྐུ་མགྲོན་ལུ་ཆེད་དུ་ཕེབས་པའི་ ཆེས་མཐོའི་སྐུ་མགྲོན་ཚུ་ལུ་གསོལ་སྟོན་དྲང་ནིའི་དོན་ལས་ སྤྱི་ཚེས་༦/༡༡/༠༨ ཀྱི་ཉིན་མའི་ཆུ་ཚོད་༡༢ དང་ སྐར་མ་༡༥ ལུ་ཁྲིམས་སྤྱི་བློན་པོ་དང་ ཚོགས་དཔོན། ཚོགས་སྡེའི་ཁྲི་འཛིན། ལྡོག་ཕྱོགས་དབུ་འཛིན། ཞི་

བའི་དཔོན་ཁག་སྦོམ་ཤོས་ཚུ་ཕོ་བྲང་གི་ལྡུམ་ར་ནང་ མངའ་བདག་རིན་པོ་ཆེ་ལུ་བསུ་བ་ཞུ་བའི་དོན་ལུ་བཅར་ ནུག། ཆུ་ཚོད་༡༢ དང་སྐར་མ་༣༠ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་རྒྱལ་ཡུམ་སྐུ་བགྲེས་ རྒྱལ་ ཡུམ་དང་མ་ཡུམ་ལྷན་རྒྱས་ག་ར་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ཕེབས་ཅི། ཆུ་ཚོད་༡༢ དང་སྐར་མ་༣༥ ལས་ སྐུ་མགྲོན་ཚུ་གོ་རིམ་དང་འཁྲིལ་ཏེ་བྱོན་ཞིནམ་ལས་རིམ་པ་བཞིན་དུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ རྒྱལ་ཡུམ་ལྷན་རྒྱས་ལུ་ཕྱག་དབང་བཅར་ཡི།

ཉིན་དགུང་ཆུ་ཚོད་༡ དང་སྐར་མ་༡༥ ལས་མངོན་མཐོའི་སྐུ་མགྲོན་ཚུ་ གསོལ་སྟོན་ཁང་བཟང་ནང་ལུ་དང་ གཞན་ ཚུ་ཕོ་བྲང་གི་གླིང་ཁ་ནང་ཆེད་བཀོད་ཀྱི་དབུ་གུར་ནང་གཟིགས་སྟོན་གྱི་ལས་རིམ་དང་བཅས་ཏེ་གསོལ་སྟོན་འགོ་

བཙུགས་ཅི། ཆུ་ཚོད་༡༢ དང་སྐར་མ་༤༥ ལས་ཐུགས་སྤྲོའི་དོན་ལུ་འཆམ་དང་གླུ་གཞས་ཀྱི་ལས་རིམ་འགོ་ བཙུགས་པའི་སྐབས་ཐུགས་སྤྲོ་ཆེ་བའི་ལས་རིམ་གཤམ་གསལ་བཟུམ་སྤྱན་འབུལ་ཞུ་ཡི།

༡) དང་པ་ གར་འཆམ་དང་ལས་རིམ་ངོ་སྤྲོད། ༢) གླུ་གཞས་བཞེས་སྤྲོ་ཡར་མཆོད། ༣) གླུ་གཞས་དགའ་

ལྡན་ས་ལ་འཕོས་པ། ༤) གླུ་གཞས་འབྲུག་པའི་གདུང་བརྒྱུད། ༥) ཚོགས་འཆམ་དང་བཞེངས་ཤིག་པདྨའི་ གར་འཆམ། ༦) གླུ་གཞས་མཚོ་དྷ་ན་ཀོ་ཤ། ༧) རྔ་གིང་འཆམ། ༨) གཞུང་སྒྲ་ཉི་མ་སྒྲོལ་མ། ༩) མཐུན་

162


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

པ་སྤུན་བཞིའི་འཆམ། ༡༠) གླུ་གཞས་བཀྲ་ཤིས་སྨོན་ལམ་དང་བཅས་པའི་སྤྱན་འབུལ་ཞུ་ཐོག་ལས་གསོལ་ སྟོན་དྲངས་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཆུ་ཚོད་༢་དང་སྐར་མ་༡༥ ལུ་གསོལཝ་བཞེས་ཚརཝ་ཅིག་ ལོག་རྟེན་

འབྲེལ་ཐང་ན་ཆིབས་བསྒྱུར་གནང་ཡོད་པ་དང་ སྐུ་མགྲོན་གཞན་ཚུ་སྤྲོ་སྟོན་ལས་རིམ་ནང་འཕྲོ་མཐུད་བཞུགས་

ཏེ་ཆུ་ཚོད་༢ དང་སྐར་མ་༣༥ ལུ་ གསོལ་སྟོན་ལས་རིམ་གྲོལ་ཡི། དེ་ལས་སྐུ་མགྲོན་ལ་ལོ་ཅིག་རང་སོའི་ བཞུགས་གནས་ཁར་བྱོན་རུང་ ལ་ལོ་ཅིག་རྟེན་འབྲེལ་ཐང་ན་བྱོན་ཏེ་ གསེར་ཁྲི་མངའ་གསོལ་གྱི་རྟེན་འབྲེལ་ བརྩི་སྲུང་ཞུ་བའི་གྲལ་ཁར་བཅའ་མར་གཏོགས་གནང་ཡི། ཆུ་ཚོད་༢ དང་སྐར་མ་༤༥ ལུ་ རྒྱལ་བཙུན་ལྷན་ རྒྱས་ལོག་སྟེ་བྱོན་པའི་མཇུག་རང་ ཆུ་ཚོད་༢ དང་སྐར་མ་༤༧ ལུ་ ཁྲིམས་སྤྱི་བློན་པོ་དང་ ཚོགས་དཔོན། ཚོགས་སྡེའི་ཁྲི་འཛིན། ལྡོག་ཕྱོགས་དབུ་འཛིན། ཞི་བའི་མཐོ་རིམ་དཔོན་ཁག་ཚུ་བདེ་ཆེན་ཆོས་གླིང་ལས་ གསོལ་སྟོན་གྲོལ་ཏེ་ལོག་བྱོན་ཡི།

དགུ་པ་ རྟེན་འབྲེལ་ཐང་ནང་ མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ། སྤྱི་ཚེས་༦/༡༡/༠༨ ཀྱི་དྲོ་པ་ཆུ་ཚོད་༡༡ ལས་མི་མང་རྟེན་འབྲེལ་ཐང་ན་ལྷོད་ནི་འགོ་བཙུགས་ནི་དེ་གིས་ ག་ར་ སྡོད་ཁྲི་རིངམ་དེ་གུ་སྡོད་དེ་ ལས་རིམ་གྱི་ལྟདམོ་འགོ་བཙུགས་པའི་དོན་ལུ་བསྒུགས་ཅི། རྟེན་འབྲེལ་ཐང་ནང་མི་

མང་སྟོང་ཕྲག་༢༥ འི་དོན་ལུ་སྡོད་གནས་གྲ་སྒྲིག་འབད་དེ་ཡོད་རུང་ ནང་གི་ཤོང་ཚད་ལས་གསུམ་ལྡབ་ལས་

ལྷགཔ་ཅིག་མ་ཤོང་བར་ཕྱི་ཁར་སྡོད་དགོཔ་ཐོན་ནུག། ཆུ་ཚོད་༡ དང་སྐར་མ་༢༠ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ ཆེ་རྟེན་འབྲེལ་ཐང་ནང་ཕེབས་ཏེ་གསུང་ཆོག་གནང་པའི་དོན་ལུ་བཞུགས་ཁྲི་ཁར་ཕེབས་ཅི། ཆུ་ཚོད་༡ དང་སྐར་ མ་༢༥ ལུ་དབུ་ཞྭ་བྱ་རོག་གདོང་ཅན་གདན་འདྲེན་ཞུ་བའི་སྐབས་ ཆིབས་གྲལ་གྱི་རིམ་པ་ཡང་ དང་པ་རང་ བསང་ཕོར་གཡུགས་མི། དེ་ལས་རྒྱལ་གླིང་པ་༢། སྐུ་དྲུང་ཏག་རྐྱབ་མི། དབུ་ཞྭ་ཞུ་མི་རྒྱལ་གཟིམ། མཚན་

ཉིད་སློབ་དཔོན། སྡེ་པའི་སྲུང་འཁོར་པ། ཟུར་བཞུགས་སྲོལ་འཛིན་དྲུང་ཆེན། སྲོལ་འཛིན་མདོ་ཆེན། རྒྱལ་པོའི་ འཆམ་སྒར་པ་༣ ཚུ་གོ་རིམ་བཞིན་དུ་གྱལ་བཙར་ཏེ་་མཆོད་ཁྲི་ཁར་ཞུ་ཡི།

163


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མངའ་བདག་རིན་པོ་ཆེ་ཕེབས་པའི་སྐབས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ མི་དབང་མངའ་བདག་རིན་པོ་

ཆེ་ལུ་ཕེབས་བསུ་ཞུ་གནང་ཡི། ཆུ་ཚོད་༡ དང་སྐར་མ་༣༣ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྟེན་

འབྲེལ་ཐང་གི་གསེར་ཁྲི་གུ་བཞུགས་ཞིནམ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་གསུང་ཆོག་པ་ཚུ་གིས་ མངའ་གསོལ་གྱི་གསུང་ཆོག་འགོ་བཙུགས་གནང་ཡི། མངའ་གསོལ་སྐབས་ མི་མང་གི་ཁོངས་ལས་ མཎ་

ཌལ་ སྐུ་ གསུང་ ཐུགས་ ཡོན་ཏན་ ཕྲིན་ལས་སྦེ་བཟོ་སྟེ་ཕུལ་མི་ཡང་ བླམ་ཚེ་རིང་དབང་འདུས། བླམ་དཀར་ པོ། ཡབ་ཨོ་རྒྱན་རྡོ་རྗེ། ཨང་རྒས་སངས་རྒྱས་དཔལ་འཛོམས། ན་གཞོན་བུའི་ངོ་ཚབ་སངས་རྒྱས་བསྟན་འཛིན་། བུ་མོའི་ངོ་ཚབ་ཚེ་དབང་ལྷ་མོ་བཅས་ཀྱིས་མི་མང་གི་ཚབ་ཞུ་སྟེ་ཕུལ་ཡི། དེ་བསྒང་རྗེ་མཁན་པོ་བཞུགས་ཁྲི་ལས་

བཞེངས་ཏེ་ གསེར་ཁྲི་གདོང་ཁར་བཞུགས་པའི་སྐབས་ རྡོ་རྗེ་སློབ་དཔོན་གྱིས་མཆོད་ཁྲི་གུ་ལས་དབུ་ཞྭ་ཞུ་སྟེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གི་ཕྱག་ལུ་ཕུལ་གནང་ཡི། དེ་ལས་རྗེ་མཁན་པོ་གིས་དབུ་ཞྭ་གསུང་ཆོག་གི་ཚིག་

དང་འཁྲིལ་ཏེ་ཕུལ་ཞིནམ་ལས་ མངའ་བདག་རིན་པོ་ཆེ་གིས་ཚར་ཅིག་བཞེས་ཏེ་མཇལ་ཁ་གནང་ཚར་ཞིནམ་ ལས་ཕུད་དེ་གནང་པའི་སྐབས་ དབུ་ཞ་དེ་རྒྱལ་གཟིམ་གྱིས་ཞུ་སྟེ་ཆིབས་གྲལ་ཧེ་མ་བཟུམ་བཙར་ཐོག་ལས་ ལོག་སྟེ་ གསེར་ཁྲི་ཁང་བཟང་ནང་གདན་འདྲེན་ཞུ་ཡི།

དེ་སྐབས་ལུ་ཡང་རྟེན་འབྲེལ་གྱི་དོན་ལུ་ རྗེ་མཁན་རིན་པོ་ཆེ་གིས་རྒྱལ་སྲིད་སྣ་བདུན་ཚུ་གོ་རིམ་བཞིན་དུ་ ཕུལ་གནང་ཡི། ཆུ་ཚོད་༢ དང་སྐར་མ་༡༥ ལུ་རྟེན་འབྲེལ་ཐང་གི་བཀྲ་ཤིས་མངའ་གསོལ་ ཤིས་བརྗོད་ཀྱིས་

མཐའ་བརྒྱན་ཏེ་མཇུག་བསྡུ་གནང་ཞིནམ་ལས། ཆུ་ཚོད་༢ དང་སྐར་མ་༢༡ ལས་མི་མང་གི་ཁྲི་དར་ཕུལ་ནི་ འགོ་བཙུགས་ཅི། དེ་བསྒང་མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་བཀའ་ཁྱབ་གནང་མི་ནང་ ཁྱེད་མི་མང་ གིས་ང་ལུ་ཁྲི་དར་ཟེར་ལོགས་སུ་ཕུལ་དགོཔ་མེད། ང་ལུ་སྨོན་ལམ་ལེགས་ཤོམ་བཏབ་མི་དེ་གིས་རང་བཏུབ་ ཟེར་བཀའ་གནང་སྟེ་ དེ་ཁར་འཛོམས་མི་རེ་རེ་བཞིན་གྱི་ཁྲི་དར་ཁ་དར་རྐྱངམ་གཅིག་ལས་མ་བཞེས་རུང་ མི་ གྲངས་སྟོང་ཕྲག་ལེ་ཤ་སྤུངས་ནི་དེ་གིས་ ཁྲི་དར་བཞེས་མ་ཚར་བར་མངའ་བདག་རིན་པོ་ཆེ་མཆོག་མི་མང་

སྡོད་སར་བྱོན་ཏེ་གྱལ་བཤལ་ཏེ་ཁྲི་དར་བཞེསཔ་བཞེས་སར་ ཕྱི་རུ་གནམ་མ་སྲོ་ཚུན་ཚོད་རྟེན་འབྲེལ་ཐང་ནང་ བཞུགས་དགོཔ་བྱུང་ཡི། ཕྱི་རུ་གནམ་སྲོ་ཁམས་ལས་རྐྱངམ་གཅིག་མི་དབང་མངའ་བདག་རིན་པོ་ཆེ་ཆིབས་ གྲལ་བཙར་ཏེ་གླིང་གའི་ཕོ་བྲང་ནང་ཆིབས་བསྒྱུར་གནང་ཚུགས་ཅི།

164


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

བཅུ་པ་ རྒྱལ་པོའི་མགྲོན་ཁང་ནང་གི་ཚོགས་སྟོན་མཛད་རིམ། སྤྱི་ཚེས་༦/༡༡/༠༨ ཀྱི་ཕྱི་རོ་ཆུ་ཚོད་༦ དང་སྐར་མ་༡༥ ལུ་སྐུ་མགྲོན་ཚུ་བཅའ་སྒྲིག་ཟབ་རྒྱས་ཕུན་སུམ་ཚོགས་ པའི་རྒྱལ་པོའི་མགྲོན་ཁང་ནང་ཕེབས་ཏེ་ ཆུ་ཚོད་༦ དང་སྐར་མ་༢༠ ལུ་སྐུ་འཁོར་ཚུ་ཡང་མགྲོན་ཁང་ནང་ཕེབས་

ཅི། ཆུ་ཚོད་༦ དང་སྐར་མ་༣༠ ལུ་རྒྱལ་ཡུམ་ལྷན་རྒྱས་ཚུ་མགྲོན་ཁང་ནང་ཕེབས་ཏེ་ ཆུ་ཚོད་༦ དང་སྐར་མ་༣༥ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་མགྲོན་ཁང་ནང་ཕེབས་ཅི། ཆུ་ཚོད་༦ དང་སྐར་མ་༣༧ ལུ་རྒྱ་གར་ལས་

བྱོན་མི་ ཨམ་སོ་ནི་གྷན་དྷི་སྐུ་འཁོར་བཅས་པ་མགྲོན་ཁང་ནང་ཕེབས། ཆུ་ཚོད་༦ དང་སྐར་མ་༤༢ ལུ་མི་དབང་ མངའ་བདག་རིན་པོ་ཆེ་མགྲོན་ཁང་ནང་ཕྱག་ཕེབས་གནང་། ཆུ་ཚོད་༦ དང་སྐར་མ་༤༥ ལུ་སྐུ་མགྲོན་གཙོ་བོ་ རྒྱ་གར་སྲིད་འཛིན་ཕེབས་ད་ མགྲོན་བདག་སྤྱི་ཁྱབ་ཀྱིས་སྐུ་མགྲོན་ཚུ་ངོ་སྤྲོད་ཞུ་བའི་ཤུལ་ལས་ བཞེས་སྤྲོ་དང་ སྤྲོ་ཟས་ཚུ་དྲང་ནི་འགོ་བཙུགས་ཅི།

ཆུ་ཚོད་༧ དང་སྐར་མ་༡༠ ལུ་སྐུ་མགྲོན་ཚུ་རྒྱལ་པོའི་མགྲོན་ཁང་གི་ཚོགས་སྟོན་བཞུགས་ཁྲི་གུ་བཞུགས།

ཆུ་ཚོད་༧ དང་སྐར་མ་༡༥ ལུ་མི་དབང་མངའ་བདག་རིན་པོ་ཆེ་དང་སྐུ་མགྲོན་གཙོ་བོ་ཚོགས་སྟོན་ཁང་ནང་གི་ བཞུགས་ཁྲི་གུ་བཞུགས་ཞིནམ་ལས་ རྒྱས་སྤྲོས་ཕུན་སུམ་ཚོགས་པའི་ཚོགས་སྟོན་དྲང་ནི་འགོ་བཙུགས་ཅི། དེ་སྐབས་དྲག་པོའི་སྒྲ་གཞས་པ་ཚུ་གིས་རོལ་དབྱངས་ག་ནི་བ་ཧན་པ་ཕུལ་ཏེ་ཐུགས་སྤྲོ་མཛད་ཅི།

ཆུ་ཚོད་༨ དང་སྐར་མ་༤༥ ལུ་རྒྱལ་པོའི་མགྲོན་ཁང་ཆེན་མོའི་ནང་གི་ཚོགས་སྟོན་གྲོལ་གནང་ཡི། ཆུ་ཚོད་༨ དང་སྐར་མ་༤༦ ལུ་སྐུ་མགྲོན་གཙོ་བོ་དང་ ཆུ་ཚོད་༨ དང་སྐར་མ་༤༨ ལུ་མི་དབང་མངའ་བདག་རིན་པོ་ཆེ་

ཕྱིར་ཕེབས་གནང་ཡི། ཆུ་ཚོད་༨ དང་སྐར་མ་༥༠ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ རྒྱལ་ཡུམ་ ལྷན་རྒྱས་དང་ ཆུ་ཚོད་༨ དང་སྐར་མ་༥༢ ལུ་སྐུ་འཁོར་གཞན་ཚུ་ཕྱིར་ཕེབས་གནང་ཅི། ཆུ་ཚོད་༩ ལུ་བློན་ཆེན་ དང་ཆེ་མཐོའི་སྐུ་མགྲོན་གཞན་ཚུ་ལོག་ཕེབས་ཏེ་ཚོགས་སྟོན་ལས་རིམ་གྲོལ་ཡི།

165


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཅུ་གཅིག་པ་ རྒྱལ་ཡོངས་དགའ་སྟོན་ ཉིནམ་དང་པའི་མཛད་རིམ།

ཅང་གླིང་མའི་ཐང་གི་དགའ་སྟོན་སྐབས་ དྲག་ཁག་གསུམ་གྱིས་སྟི་སྭ་ཞུ་སར་་གཟིགས་ཞིབ་གནང་བ།

སྤྱི་ཚེས་༧/༡༡/༠༨ ཀྱི་ཉིན་ དྲོ་པ་ཆུ་ཚོད་༩ ལུ་ཆེས་མཐོའི་སྐུ་མགྲོན་ཚུ་ རྒྱལ་ཡོངས་དགའ་སྟོན་ཐང་གི་ སྐུ་ འཁོར་གཟིགས་ར་ནང་ཕེབས་སྐབས་ ཞི་བའི་དཔོན་ཁག་དང་སྐུ་མགྲོན་གཞན་ཚུ་དབུ་གུར་རིམ་པ་༥༠ དེ་ཅིག་

ཐང་སྐོར་ར་རྐྱབ་སྟེ་སྤུབས་བཞག་མི་ཚུ་ནང་ཕེབས་ཅི། ཆུ་ཚོད་༩ དང་སྐར་མ་༢༥ ལུ་མངའ་བདག་སྐུ་འཁོར་

ཚུ་ཕེབས་ཏེ་རྒྱལ་པོའི་གཟིགས་ར་ཁང་བཟང་ནང་བཞུགས་ཁྲི་ཁར་བཞུགས། ཆུ་ཚོད་༩ དང་སྐར་མ་༣༠ ལུ་མི་ དབང་རྒྱལ་ཡུམ་སྐུ་བགྲེས་དང་ རྒྱལ་ཡུམ་ལྷན་རྒྱས་ག་ར་གཟིགས་ར་ཁང་ནང་ཕེབས་ཅི། ཆུ་ཚོད་༩ དང་སྐར་

166


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མ་༤༠ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ཕྱག་ཕེབས་གནང་ཡི། དེ་སྐབས་ཅང་གླིང་མའི་ཐང་གི་གཟིགས་ གནང་ས་ལུ་ མི་མང་སྟོང་ཕྲག་༡༠༠ འི་བཅའ་སྒྲིག་ཡོད་རུང་ ནང་ན་གི་ཤོང་ཚད་ལས་ལོག་ལྡབ་ཀྱིས་ལྷག་

པའི་མི་མང་སྤུངས་ཡོདཔ་ལས་ དགའ་སྟོན་ཐང་གི་ཕྱི་ཁར་སྡོད་དགོཔ་ཐོན་ནུག། ཆུ་ཚོད་༩ དང་སྐར་༤༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གི་ཆིབས་གྲལ་གླིང་གའི་ཕོ་བྲང་ལས་སྦེ་བདེ་ཆེན་ཟམ་པ་ལས་བཙར་ ཏེ་ཕེབས་གནང་ཡི། ཆུ་ཚོད་༩ དང་སྐར་མ་༤༧ ལུ་སྐུ་མགྲོན་གཙོ་བོ་རྒྱ་གཞུང་སྲིད་འཛིན་མཆོག་ཕྱག་ཕེབས་

གནང་སྟེ་ ཆུ་ཚོད་༩ དང་སྐར་མ་༥༣ ལུ་ཆིབས་གྲལ་འཛུལ་སྒོ་དང་པར་ཕེབས་པའི་སྐབས་བློན་ཆེན་དང་གཞུང་

གི་དཔོན་ཁག་ཚུ་གིས་ཕྱག་དབང་བཅར་ཏེ་ཆིབས་གྲལ་ཁར་འཛུལ་ཞིནམ་ལས་ ཆིབས་གྲལ་བཙར་ཏེ་བྱོན་ཡི། ཆུ་ཚོད་༩ དང་སྐར་མ་༥༥ ལུ་གྲྭ་ཚང་གིས་སེར་སྦྲེང་དང་ཆིབས་གྲལ་རྒྱས་པའི་ཐོག་ལས་མི་དབང་མངའ་ བདག་རིན་པོ་ཆེ་ཅང་གླིང་མའི་ཐང་གི་དགའ་སྟོན་ཐང་ནང་གདན་འདྲེན་ཞུ་སྟེ་ ཆིབས་གྲལ་པ་ཚུ་དགའ་སྟོན་

ཐང་ནང་ལྷོདཔ་ད་ སྒྲིག་བཀོད་ཀྱི་གྲལ་རིམ་བཅད་དེ་སྡོད། ཆུ་ཚོད་༩ དང་སྐར་མ་༥༩ ལུ་ཆིབས་གྲལ་མཛད་ སྒོའི་ཐང་གི་རྒྱལ་སྒོ་ཁར་ཕེབས་པའི་སྐབས་ མངའ་བདག་རིན་པོ་ཆེ་མཆོག་ཆིབས་འཁོར་ནང་ལས་གཞོལ་

ཏེ་ཆིབས་གྲལ་ནང་བྱོན་ཡི། ཆུ་ཚོད་༡༠ ལུ་མངའ་བདག་རིན་པོ་ཆེ་གཟིགས་ར་ཁང་བཟང་ཁ་ཐུག་ཕེབས་པའི་

སྐབས་ དྲག་པོའི་རོལ་དབྱངས་(བི་གུལ)འཕུ་ནི་དང་རུ་སྒྲིག་སྟི་སྭོའི་གྲ་སྒྲིག་ དྲན་བསྟེན་ནང་སྡོད་པའི་སྐབས་

མངའ་བདག་རིན་པོ་ཆེ་རྒྱལ་པོའི་གཟིགས་ར་ཁང་བཟང་གི་སྟི་སྭོ་བཞེས་སའི་བཞེངས་ཁྲི་ཁར་བཞུགས་ཅི། ཆུ་ ཚོད་༡༠ དང་སྐར་མ་༡ ལུ་དྲག་པོའི་རུ་སྒྲིག་བཀོད་དཔོན་གྱིས་བཀོད་རྒྱ་བཏང་སྟེ་ སྟི་སྭོ་ཞུ་བའི་སྐབས་ འབྲུག་

གི་རྒྱལ་དར་མཁའ་དབྱིངས་སུ་ འཕྱར་ནི་དང་གཅིག་ཁར་རྒྱལ་པོའི་བརྟན་བཞུགས་ཕུལ་ནི་འགོ་བཙུགས་ཅི། ཆུ་ཚོད་༡༠ དང་སྐར་མ་༣ ལུ་བྱིས་པའི་དཔའ་བོ་བཞི་གིས་རྟེན་འབྲེལ་གྱི་དཔའ་བསྟོད་ཀྱི་འཆམ་ཕུལ་ཚར་ཏེ་ ཕྱག་དབང་ཞུ་ཡི།

ཆུ་ཚོད་༡༠ དང་སྐར་མ་༧ ལུ་མར་ཆང་རྟེན་འབྲེལ་འགོ་བཙུག་པའི་སྐབས་སྒྲ་པའི་སློབ་དཔོན་སངས་རྒྱས་རྡོ་ རྗེ་དང་ གསོ་བའི་བློན་པོ་བཟང་ལེགས་འབྲུག་པ། རྒྱལ་པོའི་གཟིམ་དཔོན་དྲགོས་དཔལ་འབྱོར་གསུམ་གྱིས་

ཆང་ཕུད་གཏོར་ཡི། ཆུ་ཚོད་༡༠ དང་སྐར་མ་༡༡ ལས་ཆིབས་གྲལ་བཙར་མི་ཚུ་ སྒྲིག་བཀོད་ཀྱི་གྲལ་བཤུབས་

167


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཏེ་མི་མང་ལྟད་མོ་ལྟ་བའི་དོན་ལས་ས་གནས་སྤྲོད་ཡོད་སར་སོང་སྟེ་སྡོད་ཅི། ཆུ་ཚོད་༡༠ དང་སྐར་མ་༡༣ ལུ་དྲག་ པོའི་རུ་སྒྲིག་བཀོད་དཔོན་གྱིས་རུ་སྒྲིག་པ་ཚུ་ དྲན་བསྟེན་ནང་བཞག་ཞིནམ་ལས་ མི་དབང་མངའ་བདག་རིན་ པོ་ཆེ་ རུ་སྒྲིག་གཟིགས་ཞིབ་ལུ་གདན་འདྲེན་ཞུ་ཡི། ཆུ་ཚོད་༡༠ དང་སྐར་མ་༡༤ ལུ་མི་དབང་མངའ་བདག་

རིན་པོ་ཆེ་རུ་སྒྲིག་གཟིགས་ཞིབ་ལུ་བྱོན་པའི་སྐབས་ བསྟན་སྲུང་དྲག་པོའི་དགུང་བློན་གྱིས་ཕྱག་ཞུ་སྟེ་ཆིབས་ འཁོར་ནང་འབད་གཟིགས་ཞིབ་གནང་ཡི།

ཆུ་ཚོད་༡༠ དང་སྐར་མ་༡༨ ལུ་མི་དབང་མངའ་བདག་རིན་པོ་ཆེ་རུ་སྒྲིག་གཟིགས་ཞིབ་གནང་ཚར་ཏེ་རྒྱལ་པོའི་ གཟིགས་ར་ཁང་བཟང་ནང་ཕེབས་ཚརཝ་ད་ དྲག་ཁག་གསུམ་གྱིས་རུ་སྒྲིག་གུས་བཏུད་ཞུ་ཡི། ཆུ་ཚོད་༡༠ དང་ སྐར་མ་༥༠ ལུ་མི་དབང་མངའ་བདག་རིན་པོ་ཆེ་བཞེངས་ཁྲི་ཁར་བཞུགས་ཏེ་ འབྲུག་གི་མི་མང་ཡོངས་ལུ་ གསེར་ཁྲི་མངའ་གསོལ་གྱི་གསུང་བཤད་ དེ་སྦེ་གསུང་གནང་ཡི།

ད་རེས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་སྔར་ལས་ལྷག་སྟེ་ བདེ་སྐྱིད་ཀྱི་ཉིམ་ཤར་བའི་དུས་ཚོད་འདི་

ནང་ ང་བཅས་ག་ར་ ནཱ་དགའ་ཏོག་ཏོ་སྦེ་གཅིག་ཁར་འཛོམས་ཚུགས་ནི་དེ་གིས་ང་ར་ཡང་ གནམ་མེད་ས་མེད་ བསམ་པ་རྫོགས་ཅི།

ལོ་གཉིས་ཀྱི་ཧེ་མ་ ང་རའི་དྲིན་ཅན་གྱི་ཡབ། མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་སེང་གེ་དབང་ཕྱུག་

མཆོག་གིས་རྒྱལ་པོ་གི་ཕྱག་འགན་ཚུ་ག་ར་ ང་ལུ་ཐུགས་སྦོམ་གཏད་དེ་འགན་ཁུར་ཚུ་རྩིས་སྤྲོད་གནངམ་ད་ ང་ར་གནམ་མེད་ས་མེད་ཚ་གྱང་ལང་ཡི། ཨིན་རུང་ཁྱེད་མི་སེར་ཚུ་གིས་ ང་རའི་ཡབ་བཟུམ་སྦེ་རང་། ང་ལུ་བློ་ གཏད་དང་རྒྱབ་སྐྱོར་ཧྲིལ་བུ་བྱིནམ་ལས་བརྟེན་ དུས་ཡུན་ཐུང་ཀུ་ཅིག་ནང་རང་ ང་བཅས་རའི་དྲིན་ཅན་ཕམ་གྱི་ སྨོན་ལམ་ འབྲུག་རྒྱལ་བཞི་པའི་ཐུགས་ཀྱི་དགོངས་བཞེད། རྒྱལ་ཁབ་ཀྱི་ཕྱག་ལཱ་ག་ནི་བ་རྩ་ཆེ་ཏོག་ཏོ་ལེ་ཤ་ ཅིག་ར་ དོན་གྲུབ་མ་ཚད། གྲུབ་འབྲས་ཚུ་ཡང་རེ་བ་ལས་ལྷག་སྟེ་ཐོན་ཡི།

168


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཅང་གླིང་མའི་ཐང་ནང་ མི་མང་ལུ་གསེར་ཁྲི་མངའ་གསོལ་གྱི་གསུང་བཤད་གནང་པའི་སྐབས།

འདི་འབདཝ་ལས་བརྟེན་ད་རིས་ག་ནི་བ་རྩ་ཆེ་བའི་ཉིནམ་དང་ རྒྱལ་རབས་ནང་ཚུད་པའི་ཉིནམ་འདི་ཁར་ ཁྱེད་ མི་སེར་ཚུ་དང་། གཞུང་གྲྭ་ཚང་། རབ་སྡེ་དང་དགོན་སྡེ། གཞུང་གི་དཔོན་ཁག་དང་གཞུང་གཡོགཔ་ སྒེར་སྡེའི་

ལཱ་འབད་མི་ དེ་ལས་རྫོང་ཁག་ཁལ་གཅིག་གི་མི་སེར་ ག་ར་ལུ་ངེ་གི་ཁ་ཐུག་ལས་སེམས་ཀྱི་ཧིང་ལས་ར་ བཀའ་དྲིན་དགའ་ཚོར་སྦོམ་སྦེ་ར་ཡོད།

ད་རིས་ ང་བཅས་རའི་ ལག་པར་ཡོད་མི་ ངལ་རངས་དང་ཆོས་ལྡན་གྱི་རྒྱལ་ཁབ་མ་འདྲཝ་འདི་ དེ་བསྒང་སྔོན་ གོང་ཕམ་གི་སྐབས་ལས་ ཕྱག་ལཱ་ཚུ་ག་ར་ལེགས་ཤོམ་སྦེ་མཛད་དེ་ གནམ་མེད་ས་མེད་དཀའཝ་སྤྱད་དེ་སྦེ་ བསྒྲུབས་བསྒྲུབས་པའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཨིན། ལུང་བསྟན་གྱིས་སྦེ་ གོང་ས་ཨོ་རྒྱན་དབང་ ཕྱུག་མཆོག་འབྲུག་རྒྱལ་ཁབ་ཀྱི་གསེར་ཁྲི་ཁར་ འབྲུག་རྒྱལ་དང་པ་སྦེ་བྱོན་གནང་ཞིནམ་ལས་ཚུར་ མི་དབང་

འཇིགས་མེད་དབང་ཕྱུག་དང་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་ དྲིན་ཅན་གྱི་ཕམ་ མི་དབང་མངའ་བདག་

169


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རིན་པོ་ཆེ་ འཇིགས་མེད་སེང་གེ་དབང་ཕྱུག་ རྒྱལཔོ་རིམ་བྱོན་ཚུ་གིས་རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་མཛད་གནངཔ་

ད་ ང་བཅས་རའི་མི་སེར་ཚུ་གིས་ དུས་ནམ་རང་འབད་རུང་དམ་ཚིག་དཔང་བཙུགས་ རྩ་བ་གསུམ་ལུ་ཐ་དམ་ ཚིག་བསྟེན་ཏེ་ ག་དེ་དྲག་དྲག་རྩ་འགེངས་ཏེ་ཕྱག་ཞུཝ་ལས་བརྟེན་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་དང་སྲུང་

སྐྱོབ་སྔར་བ་ལྷག་སྟེ་སྒྲིང་སྒྲིང་སོང་ཡོད་མི་གིས་མ་ཚད་པར་ ཞི་བདེ་དང་སྤྱི་མཐུན་དེ་ བདག་འཛིན་ལེགས་ཤོམ་ སྦེ་འཐབ་གནང་སྟེ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་ཚུ་གཙོ་བོར་བཏོན་ཏེ་འཆར་གཞི་ གོང་འཕེལ་གྱི་ཕྱག་ལཱ་ཚུ་ མཛད་གནངམ་ལས་ གྲུབ་འབྲས་ཚུ་ཡང་ལེགས་ཤོམ་སྦེ་ར་ཐོན་ཡི།

ད་དགའ་སྐྱིད་ཀྱི་དུས་འདི་ན་ལུ་ མ་འོངས་པའི་གནས་སྟངས་དེ་ཡང་ ལྷག་པར་དུ་བརྟན་ཏོག་ཏོ་སྦེ་བཞག་ནིའི་

དོན་ལས་ འཕྲལ་ཕུགས་གཉིས་ལུ་ཕན་ཐོགས་པའི་རྩ་ཁྲིམས་ཅན་གྱི་དམངས་གཙོའི་ལམ་ལུགས་ཚུ་ཡང་ ལེགས་ཤོམ་སྦེ་རང་འགོ་བཙུགས་གནང་ཡི།

ང་བཅས་རའི་ དུས་རབས་ཀྱི་མི་ཚེ་འདི་ནང་རྒྱལ་ཁབ་སྒྲིང་སྒྲིང་ཡོད་མི་དེ་ཐེབས་ཅིག་ར་སྒྲིང་སྒྲིང་དང་དུས་ཨ་ རྟག་ར་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་བཞག་ནིའི་གོ་སྐབས་སྦོམ་སྦེ་ར་ཡོད། དཔལ་ལྡན་འབྲུག་པའི་རྒྱལ་

ཁབ་ འཛམ་གླིང་གི་ནོར་བུ་དེ་ རང་གི་ལག་པར་ཡོདཔ་ད་ རྒྱལ་ཁབ་ལུ་ཕྱག་ཞུ་བའི་སྐབས་ མནོ་བསམ་ག་ དེ་སྦེ་བཏང་རུང་། ལཱ་ག་དེ་སྦེ་འབད་རུང་ ང་བཅས་ག་ར་གིས་ སེམས་ཁར་བཞག་དགོཔ་དེ་རང་ རྒྱལ་ཡོངས་

ཀྱི་ དམིགས་ཡུལ་ཁག་ཆེ་ཤོས་དང་རྩ་ཆེ་ཤོས་དེ་ རྒྱལ་ཁབ་ཀྱི་ཞི་བདེ་དང་གཅིག་མཐུན་ དུས་ཨ་རྟག་ར་

ལེགས་ཤོམ་སྦེ་བདག་འཛིན་འཐབ་མ་ཚད་ མི་སེར་ཚུ་ཡང་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་བཞག་ནི་དང་གཅིག་ ཁར་ མཐའན་མཇུག་ལུ་རྒྱལ་ཁབ་ཀྱི་གནས་སྟངས་དེ་ནམ་ར་འབད་རུང་བརྟན་ཏོག་ཏོ་སྦེ་བཞག་ནི་དེ་ཁག་ཆེ།

དུས་ཀྱི་འགྱུར་བ་དང་འཁྲིལཝ་ད་འདི་ ང་བཅས་ར་གི་ཁྱིམ་ཚང་རྒྱལ་ཁབ་ཀྱི་གནས་སྟངས་འབད་རུང་། འཛམ་ གླིང་རྒྱལ་ཁབ་ཀྱི་གནས་སྟངས་དེ་ཚུ་ ཉིནམ་གཅིག་ལས་ཉིནམ་གཅིག་འགྱུར་ཏེ་འགྱོ་མི་དང་བསྟུན་ཏེ་ རྒྱལ་

ཁབ་ལུ་ཡང་སྟབས་བདེཝ་མ་བདེཝ་གསརཔ་དང་ གོ་སྐབས་ཡང་ལེ་ཤ་ཅིག་ར་འཐོན་འོང་། དེ་སྦེ་འཐོན་པའི་ སྐབས་ ང་བཅས་ར་ག་ར་ ལཱ་འབདཝ་ད་ དེ་བསྒང་བཟུམ་སྦེ་རང་ རྒྱལ་ཁབ་གཅིག་དང་དམིགས་ཡུལ་གཅིག་

170


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མི་སེར་ཚུ་ཡང་ག་ར་ཁྱིམ་གཅིག་ནང་གི་མི་བཟུམ་སྦེ་ ལགཔ་གཅིག་ཁར་མཐུད་དེ་ཞི་བདེ་དང་གཅིག་ཐམཐུན་

མཉམ་རུབ་ཀྱི་ཐོག་ལས་ ཐ་དམ་ཚིག་བསྟེན་ཏེ་རྒྱལ་ཁབ་ལུ་ཕྱག་ཞུ་བ་ཅིན། སྟབས་མ་བདེཝ་ག་དེ་སྦེ་འཐོན་ རུང་། སེལ་མ་ཚུགསཔ་དང་། ཕྱག་ལཱ་མཛད་པའི་སྐབས་གྲུབ་འབྲས་བཏོན་མ་ཚུགས་པའི་ཉེན་ཁ་དེ་ཡོད་རང་ མེད།

ཅང་གླིང་མའི་ཐང་ནང་གསེར་ཁྲི་མངའ་གསོལ་གྱི་ རྟེན་འབྲེལ་བརྩི་སར་འཛོམས་མི་ཆ་ཤས་ཅིག་གི་མཐོང་སྣང་།

འཛམ་གླིང་གི་ནོརབུ། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་སླབ་དགོ་པའི་དོན་དག་གཙོ་བོ་ར་ རྒྱལ་ཁབ་དེ་

ནམ་རང་འབད་རུང་ནཱ་རང་སྡོད་འོང་། ནོརབུ་ངོ་མ་དེ་ད་རེས་ཀྱི་དུས་རབས་ནང་སྡོད་མི་འབངས་མི་སེར་ཚུ་ཨིན། ད་རེས་རྒྱལ་ཁབ་འདི་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་ ངལ་རངས་ཏོག་ཏོ་སྦེ་སྡོད་མི་དེ་ཡང་ ང་བཅས་རའི་མི་

སེར་ཚུ་གི་སེམས་དང་མནོ་བསམ་བཏང་ཐང་ལས་བརྟེན་ཏེ་ཨིན། ང་བཅས་རའི་མི་སེར་ཚུ་མ་འདྲཝ་ཡོདཔ་ ལས་བརྟེན་རྒྱལ་ཁབ་དེ་ཡང་ ལས་ཀྱིས་རང་ མ་འདྲཝ་ཅིག་སྦེ་འགྱུར་ཏེ་ཡར་སོང་མི་དེ་ ག་བ་ཡང་དྲགཔ་སྦེ་

171


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ང་ར་གིས་ལེགས་ཤོམ་སྦེ་རང་ཤེས། ང་བཅས་རའི་མི་སེར་ཚུ་གི་མནོ་བསམ་བཏང་ཐངས་། ལཱ་འབད་ཐངས་།

འགན་ཁུར་འབག་ཐངས་། ཕྱག་ཞུ་ཐངས་དེ་ཚུ་ག་ར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཡོད་པའི་ཁར་ བརྩེ་གདུང་དང་ཆ་ བཞག། དག་སྣང་དང་གུས་ཞབས་ཚུ་ལེགས་ཤོམ་སྦེ་ཡོདཔ་མ་ཚད་ ལཱ་འབད་བའི་སྐབས་ལུ་ཡང་ཐ་དམ་ཚིག་ དང་ ལས་རྒྱུ་འབྲས་གཙོ་བོར་བཏོན་ཏེ་ ཕྱག་ཞུ་ཤེས་པའི་མི་སེར་ཨིན། ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་

ལས་བརྟེན་ བྱམས་པ་དང་སྙིང་རྗེའི་ཐོག་ལས་ རང་དོན་རྐྱངཔ་གཅིག་མེན་པར་སྤྱིར་བཏང་གི་མཐའ་དོན་ལུ་ མནོ་བསམ་བཏང་ཤེས་པའི་ཁྱད་ཆོས་བཟངཔོ་ཚུ་ཡང་ག་ར་ ང་བཅས་རའི་མི་སེར་ཚུ་ལུ་ཡོད།

ད་ལས་ཕར་ཡང་ངེ་གི་ཚ་གྱང་སྦོམ་ཤོས་ཅིག་དུས་ཀྱི་འགྱུར་བ་དང་བསྟུནམ་ད་ རྒྱལ་ཁབ་ཡར་རྒྱས་བཏགས་ པའི་སྐབས་ ང་བཅས་རའི་ཁྱད་ཆོས་བཟང་པོ་ཚུ་བྱང་ནི་དང་ཉམས་ནིའི་ཉེན་ཁ་སྦོམ་སྦེ་ར་འདུག། དུས་ནམ་རང་

འབད་རུང་ རང་གི་མ་འོངས་པའི་གནས་སྟངས་ཚུ་ངོ་ཤེསཔ་སྦེ་བཞག་ནི་དེ་ཁག་ཆེ། དཔྱེ་འབད་བ་ཅིན་གོང་ ས་ཨོ་རྒྱན་དབང་ཕྱུག་འབྲུག་རྒྱལ་དང་པའི་གསེར་ཁྲི་གུ་ལུ་ཕེབས་པའི་དུས་དང་ ད་རེས་ཀྱི་བར་ན་དཔལ་

འབྱོར་གོང་འཕེལ་ལུ་བརྟེན་ཏེ་ ང་བཅས་རའི་རྒྱལ་ཁབ་འདི་མིག་གི་གདོང་ཁར་ར་ གནམ་མེད་ས་མེད་འགྱུར་ ཡར་སོང་ཡི།

ཨིན་རུང་ ང་བཅས་རའི་སྔོན་གོང་གི་ལམ་ལུགས་སྲོལ་དང་ཁྱད་ཆོས་བཟངཔོ་ཚུ་མ་ཉམས་པར་བདག་འཛིན་ འཐབ་གནང་ཡི། ད་ལས་ཕར་ཡང་ང་བཅས་རའི་རྒྱལ་ཁབ་ཀྱི་གནས་སྟངས་མ་ཚད་ འཛམ་གླིང་གི་གནས་ སྟངས་ཚུ་ཡང་ ག་དེ་སྦེ་ར་འགྱུར་འགྱོ་རུང་ ང་བཅས་མི་སེར་ཚུ་ཡང་ ཡར་སྐྱེད་ག་དེམ་ཅིག་བཏགས་རུང་།

འབྲུག་རྒྱལ་ཁབ་ཀྱི་ཁྱད་ཆོས་བཟངཔོ་ཚུ་ལེགས་ཤོམ་སྦེ་བདག་འཛིན་འཐབ་སྟེ་ ཉམས་མ་བཅུག་པ་ཅིན་ ལོ་བརྒྱ་གཅིག་མ་ཚད་ལོ་ལྔ་བརྒྱ་གི་རྒྱབ་ལས་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དཔལ་ལྡན་ འབྲུག་པའི་རྒྱལ་ཁབ་སྦེ་ར་སྡོད་འོང་།

ད་རེས་ང་ར་འབད་རུང་མནོ་བསམ་གནམ་མེད་ས་མེད་མ་འདྲཝ་སྦེ་ར་བཏང་སྟེ་འོངམ་མས། ལུང་བསྟན་གྱིས་

སྦེ་ ང་ནཱ་སྐྱེས། གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་པའི་སྦས་ཡུལ། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ལུ་ མ་འོངས་སྔོན་གཟིགས་ཅན་གྱི་རྒྱལཔོ་མ་འདྲཝ་ཅིག་ ང་བཅས་རའི་འབྲུག་རྒྱལ་བཞི་པ་མི་དབང་མངའ་

172


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

བདག་རིན་པོ་ཆེ་འཇིགས་མེད་སེང་གེ་དབང་ཕྱུག། ང་ར་གི་ཡབ་གསེར་ཁྲི་ཁར་ཕེབས་ཏེ་ལོ་ངོ་༣༤ རྒྱལཔོ་སྦེ་

བཞུགས་རིང་ལུ་ རྒྱལ་ཁབ་འདི་ལོ་གཅིག་བ་ལོ་གཅིག་སྒྲིང་སྒྲིང་བཟོ་གནང་། དུས་ནམ་རང་འབད་རུང་གནམ་ མེད་ས་མེད་དཀའཝ་སྤྱད་གནང་སྟེ་ མི་སེར་དང་རྒྱལ་ཁབ་ཀྱི་གནས་སྟངས་དེ་ཡང་ དུས་ཨ་རྟག་ར་དགའ་

ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་བཞག་གནང་། མཐའན་མཇུག་ལུ་རྒྱལ་ཁབ་ཀྱི་གཞི་འགྱམ་དེ་སྔར་བ་ལྷགཔ་སྦེ་

སྒྲིང་སྒྲིང་བཟོ་སྟེ་ད་རེས་ང་རའི་ཡབ་རྒྱལ་པོའི་ཕྱག་འགན་ཚུ་ཡང་ ང་ར་ལོ་ན་གཞོནམ་ཨིན་རུང་ཐུགས་སྦོམ་ གཏད་དེ་སྨོན་ལམ་དང་གཅིག་ཁར་ ང་ལུ་གནངཔ་ད་ཚེ་ཐེངས་གཅིག་རྒྱལ་ཁབ་དང་མི་སེར་ལུ་ཕྱག་ཞུ་ནི་གི་ གོ་སྐབས་ག་ནི་བ་ཡང་རྩ་ཆེ་ཏོག་ཏོ་ཅིག་ཐོབ་ཅི།

དེ་འབདཝ་ལས་བརྟེན་ད་རེས་ཀྱི་ཉིནམ་འདི་ཁར་ ང་རའི་ཁ་ཐུག་ལས་སེམས་ཀྱི་གདིང་ལས་ར་ ང་ར་གི་ཡབ་ ལུ་བཀའ་དྲིན་དགའ་ཚོར་ཕུལ་ནི་དང་གཅིག་ཁར་ ད་ལས་ཕར་ཡང་ དུས་ནམ་ར་འབད་རུང་། རྒྱལ་ཁབ་ལུ་ཐ་ དམ་ཚིག་བསྟེན་ཏེ་ཕྱག་ཞུ་ནི་གི་ཁས་བླང་དམ་བཅའ་ཡོད།

ང་རའི་ཚེ་ཐེངས་ཅིགཔ་ ང་རྒྱལཔོ་ཨིན་ཟེར་མནོ་བསམ་བཏང་སྟེ་ཉིནམ་ཅིག་ར་ལཱ་ མ་པ་ལས་ར་མི་འབད། ང་ གིས་ཁྱེད་མི་སེར་ག་ར་ལུ་ཕམ་གཅིག་བཟུམ་སྦེ་བདག་འཛིན་འཐབ། སྤུན་ཆ་གཅིག་བཟུམ་སྦེ་ཆ་བཞག་བསྐྱེད།

བུ་གཅིག་བཟུམ་སྦེ་ཕྱག་ཞུ་འོང་། ང་ར་ལུ་ཡང་དགོཔ་ཟེར་ག་ནི་ཡང་མེད། ང་རའི་ཡོད་ཚད་གཅིགཔ་ ཁྱེད་མི་

སེར་ཚུ་གི་དོན་ལུ་ཨིན། ང་ར་མནོ་བསམ་ག་དེ་སྦེ་བཏང་རུང་། ཁ་ལས་ག་དེ་སྦེ་སླབ་རུང་། ལཱ་ག་དེ་སྦེ་འབད་

རུང་། ཁྱེད་ཀྱི་བུཚ་དང་བུམོ་གི་དཔྱེ་སྟོན་བཏུབ་སྦེ་ལཱ་འབད་འོང་། ང་རའི་རེ་འདོད་ཟེར་ཡང་མེད། དམིགས་ཡུལ་ ཟེར་ཡང་མེད། ངེ་གི་འགན་ཁུར་སྦོམ་ཤོས་འདི་ དུས་ནམ་རང་འབད་རུང་ཁྱེད་མི་སེར་གྱི་རེ་འདོད་དང་དམིགས་ ཡུལ་ཚུ་གཙོ་བོར་བསྟེན་ཏེ་སྦེ་ལེགས་ཤོམ་སྦེ་དོན་གྲུབ་ཚུགསཔ་བཟོ་ནི་འདི་ཨིན། ད་ལས་ཕར་ཡང་ང་ར་གི་ཚེ་

ཐེངས་ཅིགཔ་ ཁྱེད་མི་སེར་ཚུ་ག་ར་ ཅོག་ར་འཐདཔ་སྦེ་བྱམས་པ་དང་སྙིང་རྗེ་འདྲ་མཉམ་གྱི་ཐོག་ལས་སྦེ་ཉིན་ ནུབ་མེད་པར་ ཐ་དམ་ཚིག་བསྟེན་ཏེ་ཕྱག་ཞུ་འོང་།

ད་ང་ར་ཡང་ཆོས་ལྡན་གྱི་རྒྱལ་ཁབ་ཀྱི་རྒྱལཔོ་ཅིག་འབདཝ་ལས་བརྟེན་ ང་རའི་སྨོན་ལམ་དེ་ཡང་ ད་རེས་ལཱ་

འབད་བའི་སྐབས་ལུ་ ཁྱེད་མི་སེར་གྱི་ད་རེས་ཀྱི་དགའ་སྐྱིད་དེ་རྐྱངཔ་ཅིག་མེན་པར་ ད་ལས་ཕར་ཡང་ཆོས་དང་

173


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འབྲེལ་བའི་འབྲས་བུ་དང་ཀརྨ་ ལེགས་ཤོམ་ཐོབ་ཚུགསཔ་བཟོ་ཚུགས་པའི་རེ་བ་དང་སྨོན་ལམ་ཡོད། ང་བཅས་ཀྱི་མ་འོངས་པའི་གནས་སྟངས་ཀྱི་དོན་ལུ་ ན་གཞོན་ཚུ་ཡང་གནམ་མེད་ས་མེད་ཁག་ཆེ། དེ་འབདཝ་

ལས་བརྟེན་ད་རེས་ཀྱི་ཉིནམ་འདི་ཁར་ ང་རའི་ཁ་ཐུག་ལས་ཁྱེད་ན་གཞོན་ཚུ་ལུ་ལོགས་སུ་སྦེ་ཁ་སླབ་དགོ་པས། ང་བཅས་ཀྱིས་ ལཱ་ག་ཅི་ར་འབད་རུང་རྒྱལ་ཁབ་ལུ་ཕྱག་ཞུཝ་ད་ ང་བཅས་ཀྱི་ཚ་གྱང་ཟེར་རུང་ དམིགས་ཡུལ་ ཟེར་རུང་ མ་འོངས་པའི་གནས་སྟངས་དེ་ སྒྲིང་སྒྲིང་དང་ལེགས་ཤོམ་ ང་བཅས་རའི་ཨ་ལོ་བུཚ་ཚུ་ལུ་རྒྱལ་ཁབ་

འདི་ ངལ་རངས་ཏོག་ཏོ་སྦེ་རྩིས་སྤྲོད་ནི་གི་དམིགས་ཡུལ་ཨིན། ད་ཁྱེད་ན་གཞོན་ཚུ་གིས་མནོ་བསམ་ལེགས་

ཤོམ་སྦེ་གཏང་དགོཔ་ཡོད། ང་བཅས་རའི་མ་འོངས་པའི་གནས་སྟངས་དེ་ ག་དེ་སྦེ་སྡོད་འོང་ཟེར་བ་ཅིན། དེ་ཚུ་ ག་ར་ཁྱེད་ཀྱི་མནོ་བསམ་བཏང་ཐངས་དང་ལྕོགས་གྲུབ་དང་འཁྲིལ་ཏེ་སྡོད་འོང་།

དེ་འབདཝ་ལས་བརྟེན་ ང་རའི་ཚེ་ཐེངས་ཅིགཔ་ ཁྱེད་སྒྲིང་སྒྲིང་མ་འགྱོ་ཚུན་ཚོད་ ངལ་མ་འཚོ་བར་ལཱ་འབད་ནི་ ཨིན། ཁྱེད་སྒྲིང་སྒྲིང་ཡར་སོང་པ་ཅིན་ང་བཅས་རའི་རྒྱལ་ཁབ་འདི་ལས་ཀྱིས་ར་ སྒྲིང་སྒྲིང་སྦེ་རང་འགྱོ་འོང་། ད་ ལས་ཕར་ཡང་ཁྱེད་ཀྱི་སེམས་ཁར་བཞག་དགོཔ་དེ་ མ་འོངས་པ་ཟེརཝ་ད་ མ་ཤེསཔ་ད་མ་མཐོངཔ་དེ་ཨིན་རང་

མེན། ད་རེས་ཁྱེད་དང་ང་། ང་བཅས་མི་སེར་ཚུ་ལགཔ་གཉིས་ཀྱིས་སྦེ་ ལཱ་འབད་མི་དེ་ ནངས་པ་གི་མ་འོངས་ པའི་གནས་སྟངས་ཨིན། དེ་འབདཝ་ལས་བརྟེན་ ད་ལས་ཕར་འབད་རུང་ ན་གཞོན་ཚུ་ཉིནམ་གཅིག་བ་ཉིནམ་

གཅིག། ལོ་གཅིག་བ་ལོ་གཅིག། སྒྲིང་སྒྲིང་སྦེ་མ་འོངས་པའི་མི་སེར་ཚུ་སྔར་བ་ལྷག་སྟེ་ ང་བཅས་བ་མཁས་ དྲགས། ང་བཅས་བ་ལྕོགསཔ་འོང་བའི་རེ་བ་དང་སྨོན་ལམ་ཡོད།

ད་མཇུག་ར་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་ནམ་རང་འབད་རུང་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ བསྐལ་པ་མ་སྟོང་གི་བར་དུ་བདེ་སྐྱིད་ཀྱི་ཉིམ་ཤར་བའི་སྨོན་ལམ་དང་གཅིག་ཁར་ འཛམ་གླིང་

གི་མི་སེར་དང་འགྲོ་བ་སེམས་ཅན་ཐམས་ཅད་ག་ར་ ཞི་བདེ་དང་དགའ་སྐྱིད་ཀྱི་ངང་ལུ་གནས་བཅུག་ཟེར་སྨོན་

ལམ་བཏབ་ནི་ཨིན། ང་བཅས་རའི་མི་སེར་ཚུ་ག་ར་ལུ་བཀྲ་ཤིས་བདེ་ལེགས་ཡོད། ཟེར་གསུངས་ཏེ་གསུང་ བཤད་མཇུག་བསྡུ་གནང་ཡི།

174


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཆུ་ཚོད་༡༡ དང་སྐར་མ་༥ ལུ་དབུ་འཕང་དགུང་དུ་མཐོ་བའི་རྟེན་འབྲེལ་གྱི་དོན་ལུ་ ལྒང་འཕུ་དང་རས་དཔྱངས་ བ་དན་གྱི་རྣམ་པ་མཁའ་དབྱིངས་ལུ་གཏངམ་དང་གཅིག་ཁར་ དྲག་པོའི་རུ་སྒྲིག་པ་ཚུ་དང་མི་མང་ག་ར་གིས་ དཔལ་ལྡན་འབྲུག་པ་རྒྱལ་ལོ་ཟེར་བའི་ངར་སྐད་དུས་གཅིག་ལུ་སྒྲོག་པའི་མཛད་སྒོ་ཞུ་ཡི།

དེ་ལས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྔར་སྲོལ་འབངས་མི་ཆེ་འབྲིང་ཆུང་གསུམ་གྱིས་རང་སོའི་ འབྱོར་པ་དང་བསྟུན་ཏེ་མི་ངོ་སོ་སོ་ལས་ཁྲི་དར་ཕུལ་བའི་སྲོལ་དང་ རྫོང་ཁག་དང་ཆ་འདུས་སོ་སོ་ལས་གཡུས་

ཁའི་ཐོན་ཁུངས་ཀྱི་དངོས་པོ་ཚུ་ཁྲི་དར་གྱི་འབུལ་བ་སྦེ་ཕུལ་བའི་ལམ་སྲོལ་ཡོདཔ་ཨིན་རུང་ མི་དབང་འབྲུག་ རྒྱལ་ལྔ་པ་མཆོག་གིས་ མི་སེར་གྱི་རྒྱུ་ནོར་ཁབ་རྩེ་ཙམ་ཡང་རྒྱལ་པོའི་དོན་ལུ་འགྲོ་སོང་གཏང་མི་བཅུག་པའི་

ཐུགས་བཞེད་གནང་སྟེ་ ཁྲི་དར་སྐབས་ཁ་དར་རྐྱངཔ་ཅིག་ལས་བརྒལ་ མི་བཞེས་པའི་ཁྱབ་བསྒྲགས་གནང་

སྟེ་ ཁྲི་དར་ཕུལ་མི་ཚུ་གིས་ སྔར་སྲོལ་སྐུ་གསུང་ཐུགས་ཀྱི་རྟེན་ཙམ་མ་གཏོགས་གཞན་ཁྲི་དར་ཕུལ་མ་ཆོགཔ་ བཟོ་གནང་ཡི།

རྒྱུ་མཚན་དེ་གིས་འབད་ འབྲུག་རྒྱལ་ཁབ་ནང་སྔར་གྱི་ལམ་སྲོལ་མི་ཉམས་པའི་ཚུལ་ལུ་ ཅང་གླིང་མའི་ཐང་

ནང་ སྤྱི་ཚེས་༧/༡༡/༠༨ ཀྱི་ཉིན་མར་ཁྲི་དར་གྱི་འབུལ་བའི་ཚུལ་འབད་ གསེར་སྒ་དང་ གདོང་ཁེབས་ གསེར་གྱི་དྲྭ་བས་གཡོགས་པའི་སྟོབས་ལྡན་གླང་པོ་ཆེ་ཕོ་མོ་གཉིས་ གླང་ཆེན་ཕྱུག་ཀུ་དང་སྦྲགས་པ་གསུམ་

གོས་ཆེན་གྱིས་བརྒྱན་ཏེ་ཕུལ་བའི་ཁར་ རྟ་མཆོག་སྒ་སྲབ་རིན་ཆེན་གསེར་དངུལ་གྱིས་སྒྲོན་པའི་གུ་ དངུལ་ གྱི་ནོར་བུ་མིག་གསུམ་མེ་རི་དང་བཅས་པ་རེ་བཀལ་བ་༣ ། བ་མེན་ཕོ་མོ་གཉིས་དང་རྒྱ་ཚ་རྒྱ་ཚམོ་གཉིས།

གཡང་ལུག་དཀརཔོ་ཕོ་མོ་གཉིས་ ལུག་ཕྲུག་དང་བཅས་པ་འབད་ཕུལ་བའི་གུ་ དངུལ་རྐྱང་གི་ཐུམ་གསུམ་

དང་ འབྲུ་སྣ་དགུ་པོའི་དོས་གྲངས་དགུ། དམར་ཟོང་ལེ་ཚན་ལྔ་བསྒྲིགས་ཏེ་ རྫོང་ཁག་༢༠ དང་རྒེད་འོག་༢༥ པོའི་སྤྱི་འབུལ་གྱི་ཚུལ་འབད་དེ་ཆོས་སྡེའི་སྐུ་ཚབ་བླ་སྤྲུལ་ཚུ་དང་མི་སེར་སྐུ་ཚབ་ཚུ་གིས་མངའ་བདག་རིན་པོ་ ཆེ་ལུ་འབུལ་བ་ཕུལ་ཡི།

175


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྫོང་ཁག་ཉི་ཤུ་པོའི་མི་སེར་ལས་ མི་དབང་མངའ་བདག་རིན་པོ་ཆེ་ལུ་སྟོབས་ལྡན་གླང་པོས་གཙོས་པའི་འབུལ་བ་ཕུལ་བ།

ཆུ་ཚོད་༡༡ དང་སྐར་མ་༧ ལུ་སྟི་སྭོ་ཞུ་མི་དྲག་པོའི་རུ་སྒྲིག་ཚུ་ཁ་འགྱེས་ཞིནམ་ལས་ སྐུ་མགྲོན་ཚུ་ལུ་གསོལ་

ཇ་དང་སྤྲོ་ཟས་ཚུ་དྲངས་ནི་འགོ་བཙུགས་ཅི། ཆུ་ཚོད་༡༡ དང་སྐར་མ་༡༨ ལུ་དྲག་ཁག་གསུམ་གྱི་སྒྲ་གཞས་ པ་ཚུ་གིས་རོལ་དབྱངས་སྙན་ཆའི་འཁྲབ་གཞས་ཀྱི་ལྟདམོ་ཕུལ་ཞིནམ་ལས་ དགའ་སྟོན་ཉིནམ་དང་པའི་ལས་ རིམ་གཤམ་གསལ་གོ་རིམ་ལྟར་དུ་ཕུལ་ནི་འགོ་བཙུགས་ཅི། ༡

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་དང་ཁུ་བྱུག་གླུ་དབྱངས། ཟློས་གར་སྤུན་གསུམ། དབྱངས་ཅན་

ཐིམ་ཕུ་ཁྲོམ་སྡེའི་སློབ་གྲྭ་ཁག་གིས་ མཁའ་འགྲོ་ཉེར་གཅིག་གི་ཞབས་བྲོ།

ཕུ་སློབ་གྲྭ་ཆེ་བ་ཚུ་མཉམ་རུབ་ཐོག་ལས་ གླུ་གཞས་ཁྲི་མངའ་གསོལ་ཟེར་མི་དེ།

176


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཅང་གླིང་མའི་ཐང་གི་དགའ་སྟོན་སྐབས་ ཐིམ་ཕུ་ཁྲོམ་སྡེའི་སློབ་གྲྭ་ཁག་གིས་ མཁའ་འགྲོ་ཉེར་གཅིག་གི་ཞབས་བྲོ།

གཞུང་གྲྭ་ཚང་དང་རབ་སྡེ་ཚུ་གིས་ ཞྭ་ནག་རྔ་འཆམ།

དྲག་ཁག་གསུམ་གྱིས་ རྦད་འཆམ།

གསར་སྤང་རྫོང་ཁག་དང་རྩི་རང་། བསམ་རྩེ་རྫོང་ཁག་གསུམ་གྱིས་ ལྷོ་མཚམས་པའི་ཞབས་ཁྲ་ སོ་

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ གཡག་འཚོ་སྐྱོང་འབད་བའི་སྐོར་

རྒྱ་གར་མ་ཎི་པུར་མངའ་སྡེ་ལས་ རི་ཐམ་ཌི་ཝ་ནི་ཟེར་བའི་བང་རྔའི་གཞས་འཆམ།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་དང་སེམས་རྟོགས་ཁ་གིས་ གླུ་གཞས་ལྷ་ཡུལ་ས་ལ་འཕོས་པ།

གཱཏ་གར་ཟེར་མི་དེ།

ལས་ཀྱི་འཁྲབ་སྟོན།

177


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཅང་གླིང་མའི་ཐང་གི་དགའ་སྟོན་སྐབས་ རྒྱ་གར་གྱི་མངའ་སྡེ་མ་ནི་པུ་རི་ལས་ཡང་བྲོ་གཞས་འཁྲབ་སྟོན་གྱི་ལས་རིམ་སྟོན་པ།

མོང་སྒར་རྫོང་ཁག་དང་ ཀྲོང་གསར། ཧཱ། ཆུ་ཁ། སྤ་རོ། བསམ་རྩེ་རྫོང་ཁག་དང་རྒྱལ་གཞུང་ཟློས་

༡༠

ཟིལ་གནོན་རྣམ་རྒྱལ་གླིང་སློབ་གྲ་ཆུང་བའི་སློབ་ཕྲུག་ཚུ་གིས་ ཁྲུང་ཁྲུང་དཀར་མོ་ང་ནི་ཟེར་བའི་གླུ་

༡༡

དགའ་སྐྱིད་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་བའི་གླུ་

གར་སློབ་སྦྱོང་ལྟེ་བ་མཉམ་རུབ་ཐོག་ལས་ དགྲ་མེད་རྩེ་རྔ་འཆམ། གཞས། གཞས།

༡༢ སྤུ་ན་རྫོང་ཁག་གིས་ གཞུང་སྒྲ་མཐོ་བ་གངས་ཀྱི་རྩེ་ལས་ཟེར་མི་དེ་ཕུལ་ཡི།

178


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

༡༣ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ འབྲུག་དབང་རྒྱལ་མདའ་རྩེད་འཁྲབ་སྟོན་དང་འབྲེལ་བའི་ གླུ་གཞས།

༡༤ ཐིམ་ཕུ་རྫོང་ཁག་གིས་ ཞབས་བྲོ་གངས་རི་རྭ་བས་བསྐོར་བའི་ཟེར་མི་དེ།

དགའ་སྟོན་སྐབས་ཐིམ་ཕུ་ཆ་དུས་ བོད་མི་ཡོངས་ཀྱིས་ཁོང་རའི་གླུ་གཞས་འཁྲབ་སྟོན་ཞུ་བ།

༡༥ གཞུང་གྲྭ་ཚང་དང་ རབ་སྡེ་ཁག། རྫོང་ཁག་གི་འཆམ་པ་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་ མཉམ་རུབ་ཐོག་ལས་ ཟངས་མདོག་དཔལ་རིའི་གར་འཆམ།

༡༦ དྲག་ཁག་གསུམ་གྱིས་ སྒྲ་གཞས། ༡༧ མུ་ཏིག་ཐང་སློབ་གྲྭ་ཆེ་བ་གིས་ ཞབས་བྲོ་ཡར་གྱི་དགུང་སྔོན། ༡༨

ཀྲོང་གསར་རྫོང་ཁག་དང་ ཧཱ། མོང་སྒར། ཆུ་ཁ། སྤ་རོ། བསམ་རྩེ་རྫོང་ཁག་ཚུ་དང་ རྒྱལ་གཞུང་ཟློས་ གར་སློབ་སྦྱོང་ལྟེ་བ་མཉམ་རུབ་ཐོག་ལས་ཆོས་གཞས་ཚུ་ཕུལ་ཡི།

179


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་གི་ཉིནམ་གྱི་གསོལཝ་དེ་ སྐུ་མགྲོན་ཡོངས་ལུ་ རྒྱལ་ཡུམ་ལྷན་རྒྱས་ཚུ་གིས་ ཆེ་མཐོའི་སྐུ་མགྲོན་ཚུ་ལུ་

གསོལ་སྟོན་ཁང་ནང་དང་ གཞན་ཚུ་ལུ་དབུ་གུར་ཁག་བཞི་ནང་སྦེ་ རྒྱས་ཤིང་རྒྱསཔ་སྦེ་གནང་ཡི། དེ་སྐབས་

མི་སེར་གྱི་དོན་ལས་རྩེད་ཐང་རྒྱབ་ཁར་དམིགས་བསལ་བཟའ་ཁང་བཙུགས་ཏེ་ ག་དགའཝ་ཉོ་སྟེ་བཟའ་ནི་ ཡོདཔ་སྦེ་གྲ་སྒྲིག་རྐྱབ་སྟེ་འདུག། ཆུ་ཚོད་༡ དང་སྐར་མ་༣༠ ལུ་གསོལཝ་གྲོལ་ཞིནམ་ལས་ཡང་ གཟིགས་ སྟོན་སྤྱན་འབུལ་ཞུཝ་ད་སྤྲོ་ཟས་འཕྲོ་མཐུད་དེ་དྲངས་ཡི།

རྒྱལ་ཡོངས་མདའ་རྩེད་དང་འབྲེལ་བའི་གླུ་གཞས་འཁྲབ་སྟོན་ཞུ་བ།

ཆུ་ཚོད་༤ དང་སྐར་མ་༡༠ ལུ་དྲག་པོའི་དམག་སྡེ་གིས་ ལས་རིམ་མཚམས་འཇོག་གི་ བརྡ་ཞུཝ་ད་ལྟད་མོའི་ ལས་རིམ་མཇུག་བསྡུ་ཡི།

ཆུ་ཚོད་༤ དང་སྐར་མ་༡༦ ལུ་མི་དབང་མངའ་བདག་རིན་པོ་ཆེ་ཆིབས་གྲལ་དང་སེར་སྦྲེང་གི་སྣ་འདྲེན་ཞུ་སྟེ་ ལོག་སྟེ་ཕོ་བྲང་ནང་གདན་འདྲེན་ཞུ་ཡི། ཆུ་ཚོད་༤ དང་སྐར་མ་༡༨ ལུ་སྐུ་མགྲོན་གཙོ་བོ་རྒྱ་གཞུང་སྲིད་འཛིན་

180


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ལོག་གདན་འདྲེན་ཞུ་བའི་ཤུལ་ལས་ མི་དབང་འབྲུག་རྒྱལ་བཞི་པ་དང་རྒྱལ་ཡུམ་སྐུ་བགྲེས། རྒྱལ་ཡུམ་ ལྷན་རྒྱས་བཅས་པ་ལོག་བྱོན་ཡི། ཆུ་ཚོད་༤ དང་སྐར་མ་༢༥ ལུ་སྐུ་འཁོར་གཞན་རྣམས་དང་སྐུ་ཆེནམོ་ཚུ་དེ་ ཁ་ལས་བྱོན་ཞིནམ་ལས་ ཆུ་ཚོད་༤ དང་སྐར་མ་༣༠ ལུ་སྐུ་མགྲོན་གཞན་ཚུ་ཡང་ཕྱིར་ལོག་གནང་སྟེ་ དགའ་ སྟོན་ཉིནམ་དང་པའི་མཛད་རིམ་མཇུག་བསྡུ་ཡི།

བཅིུས་པ་ བཀྲ་ཤིས་ཆོས་རྫོང་ནང་གི་ཚོགས་སྟོན་མཛད་རིམ། ཕྱི་རུ་ཆུ་ཚོད་༥ དང་སྐར་མ་༣༠ ལུ་སྐུ་མགྲོན་ཚུ་བཀྲ་ཤིས་ཆོས་རྫོང་ཀུན་ར་རྡོ་གཅལ་ནང་ཆེད་དུ་ མཛེས་བཀོད་

ཀྱིས་བརྒྱན་པའི་རང་སོའི་བཞུགས་གནས་ཁར་བྱོན་ཏེ་བཞུགས་ཅི། ཆུ་ཚོད་༥ དང་སྐར་མ་༤༠ ལུ་མངའ་ བདག་སྐུ་འཁོར་ཚུ་ཕེབས། ཆུ་ཚོད་༥ དང་སྐར་མ་༥༠ ལུ་མི་དབང་རྒྱལ་ཡུམ་སྐུ་བགྲེས་དང་རྒྱལ་ཡུམ་ལྷན་

རྒྱས་ཚུ་ཕེབས་ཅི། ཆུ་ཚོད་༦ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ཕེབས། ཆུ་ཚོད་༦ དང་སྐར་མ་༥ ལུ་ སྐུ་མགྲོན་གཙོ་བོ་ རྒྱ་གར་སྲིད་འཛིན་ཕེབས་ཅི། ཆུ་ཚོད་༦ དང་སྐར་མ་༡༡ ལུ་མི་དབང་མངའ་བདག་རིན་པོ་ ཆེ་ཕེབས་ད་ སྐུ་མགྲོན་ཆ་མཉམ་རང་བཞུགས་ཁྲི་ལས་བཞེངས་གནང་ཡི། ཆུ་ཚོད་༦ དང་སྐར་མ་༡༥ ལས་ ཚོགས་སྟོན་གནང་སའི་རྡོ་གཅལ་ནང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་འབད་གཟིགས་སྟོན་ལས་

རིམ་ཚུ་རིམ་པ་བཞིན་དུ་འགོ་བཙུགས་གནང་ཡི། ལས་རིམ་དེ་ཁར་ འཁྲབ་སྟོན་ཡང་རྗེ་བཙུན་མི་ལ་རས་པའི་ མཛད་རྣམ་སྐོར་ མཐོང་སྣང་བདུན་གྱི་སྒོ་ལས་སྤྱན་འབུལ་ཞུ་ཡི། འཁྲབ་སྟོན་སྐབས་ངོ་སྤྲོད་གསལ་བཤད་ནང་།

དུས་རབས་༡༢ པའི་ནང་བྱོན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་ལོ་རྒྱུས་སྐོར་ལས་ གཟིགས་འབུལ་ཞུ་ཡི།

མཐོང་སྣང་དང་པ་ རྗེ་བཙུན་རིན་པོ་ཆེ་སྒོམ་སྒྲུབ་གནང་པའི་སྐབས་ཚེ་རིང་མཆེད་ལྔ་དང་གུར་མ་བརྗེ་བའི་སྐོར་ ལས་སྟོན་ཡི།

མཐོང་སྣང་གཉིས་པ་ ཤ་རོགས་པ་མགོན་པོ་རྡོ་རྗེ་གིས་ ཤ་བདའ་བའི་སྐབས་ཤ་བ་གིས་རྗེ་བཙུན་ལུ་སྐྱབས་ ཞུ་བའི་སྐོར་ལས་སྟོན་ཡི།

181


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མཐོང་སྣང་གསུམ་པ་འགྲོ་བ་སེམས་ཅན་ཚུ་ རྗེ་བཙུན་རིན་པོ་ཆེ་གིས་ཐར་པའི་གོ་འཕང་ལུ་བཀོད་པའི་སྐོར་ལས་ འཁྲབ་སྟོན་དང་ དགྲ་མེད་རྩེ་རྔ་འཆམ་སྤྱན་འབུལ་ཞུ་ཡི།

མཐོང་སྣང་བཞི་པ་ལུ་ ཤ་བ་དང་ཤ་ཁྱིའི་རྒྱབ་མཛད་ནི་དེ་གིས་ ཤ་རོགས་པ་མགོན་པོ་རྡོ་རྗེ་གིས་ རྗེ་བཙུན་

རིན་པོ་ཆེ་ལུ་མ་འཚམས་པའི་ལཱ་ལེ་ཤ་ཅིག་འབད་བའི་མཐའ་མར་ རྗེ་བཙུན་གྱིས་ལས་རྒྱུ་འབྲས་ཀྱི་མགུར་ མ་གསུངས་པའི་སྐབས་ཤ་རོགས་པ་དེ་བློ་ཆོས་ལུ་གྱུར་ཏེ་རྗེ་བཙུན་རིན་པོ་ཆེ་བླ་མར་བསྟེན་པའི་སྐོར་ལས་ སྤྱན་འབུལ་ཞུ་ཡི།

མཐོང་སྣང་ལྔ་པ་ལུ་ ཤ་རོགས་པ་མགོན་པོ་རྡོ་རྗེ་ བློ་ཆོས་ལུ་གྱུར་བ་མཐོང་སྟེ་ཤ་རོགས་པ་གཞན་ཚུ་ཡང་རྗེ་ བཙུན་རིན་པོ་ཆེ་ལུ་དད་པ་སྐྱེས་ཡོད་པའི་སྐོར་ལས་སྤྱན་འབུལ་ཞུ་ཡི།

མཐོང་སྣང་དྲུག་པ་ལུ་ སྡིག་ཅན་ཆོས་ལུ་བསྐུལ་བའི་དགའ་སྟོན་ལུ་ སྤ་རོ་རབ་སྡེ་གིས་ཞྭ་ནག་རྔ་འཆམ་སྤྱན་ འབུལ་ཞུ་ཡི།

མཐོང་སྣང་བདུན་པ་ རྗེ་བཙུན་རིན་པོ་ཆེ་ འཁོར་བུ་སློབ་ཚུ་བཀོ་བཞག་སྟེ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ ལུ་ཕེབས་ཚུལ་ཚུ་སྤྱན་འབུལ་ཞུ་སྟེ་ལས་རིམ་མཇུག་བསྡུ་ཡི།

ཕྱི་རུ་ཆུ་ཚོད་༧ ལས་ཚོགས་སྟོན་འགོ་བཙུགས་ཏེ་ ཆུ་ཚོད་༨ དང་སྐར་མ་༡༤ ལུ་ཚོགས་སྟོན་མཇུག་བསྡུ་གནང་

ཡི། ཆུ་ཚོད་༨ དང་སྐར་མ་༡༥ ལུ་མི་དབང་མངའ་བདག་རིན་པོ་ཆེ་ལོག་བྱོན། ཆུ་ཚོད་༨ དང་སྐར་མ་༡༧ ལུ་ རྒྱ་གཞུང་སྲིད་འཛིན་དང་དེ་ལས་ མི་དབང་འབྲུག་རྒྱལ་བཞི་པ་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་དང་རྒྱལ་

ཡུམ་ལྷན་རྒྱས་བཅས་པ་ལོག་བྱོན་ཡི། ཆུ་ཚོད་༨ དང་སྐར་མ་༢༣ ལུ་སྐུ་འཁོར་གཞན་དང་སྐུ་ཆེནམོ་ཚུ་ལོག་ བྱོན་ཏེ་ ཆུ་ཚོད་༨ དང་སྐར་མ་༣༠ ལས་ ཚོགས་སྟོན་གྱི་ལས་རིམ་མཇུག་བསྡུ་གནང་ཡི།

182


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

བཅུ་གསུམ་པ་ རྒྱལ་ཡོངས་དགའ་སྟོན་ ཉིནམ་གཉིས་པའི་མཛད་རིམ། སྤྱི་ཚེས་༧/༡༡/༠༨ ཀྱི་དྲོ་པ་ཆུ་ཚོད་༦ ལས་ཐིམ་ཕུ་ཅང་གླིང་མའི་ཐང་ནང་ མི་མང་ལྟད་མོ་ལྟ་མི་སྡོད་སའི་ས་ གནས་ཚུ་ནང་སྤུངས་ནི་འགོ་བཙུགས་ཏེ་ མི་གྲངས་སྟོང་ཕྲག་༡༠༠ ལྷགཔ་ཅིག་འཛོམས་མི་ཚུ་གིས་གླིང་མའི་

ཐང་གང་ཚར་ཡི། ཆུ་ཚོད་༡༠ དེ་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཆོས་རྗེ་འབྲུག་པའི་ཆིབས་ གྲལ་བཙར་ཏེ་ སེར་སྦྲེང་པ་ཚུ་གིས་སྣ་འདྲེན་ཞུ་བའི་ཐོག་ལས་ཐིམ་ཕུ་ཅང་གླིང་མའི་ཐང་ནང་ཕེབས་པའི་སྐབས་ ཞི་བའི་དཔོན་ཁག་ཚུ་གིས་རྒྱལ་སྒོ་ཁར་ཕྱག་དབང་བཅར་ཏེ་ཕེབས་བསུ་ཞུ་ཡི།

མི་དབང་མངའ་བདག་རིན་པོ་ཆེ་གཟིགས་ར་ནང་མ་ཕེབས་པར་ ཕྲང་སྟེ་མི་མང་སྡོད་སར་བྱོན་ཞིནམ་ལས་ མི་ མང་ལས་ཁྲི་དར་ཚུ་བཞེས་ནི་དང་གཅིག་ཁར་ དགའ་སྟོན་ཉིནམ་༢ པའི་ལས་རིམ་གཤམ་གསལ་གོ་རིམ་ ལྟར་དུ་ཕུལ་གནང་ཡི། ༡

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་དང་ཁུ་བྱུག་གླུ་དབྱངས། ཟློས་གར་སྤུན་གསུམ། དབྱངས་ཅན་

སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་གིས་ཞབས་བྲོ་ འབྲུག་རྒྱལ་ལྔ་པ་ཁྲི་མངའ་

ཞབས་ཁྲ་ བརྒྱུད་འཛིན་གྱི་རྒྱལ་པོ།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ གཞས་སྣ་ཚོགས།

རྫོང་ཁག་སོ་སོ་ལས་ གཉའ་རྒོད་སྟོབས་ཤུགས་དོ་འགྲན་གྱི་ལྟདམོ།

སྐུ་མགྲོན་ཁས་ལེན་པ་ཚུ་གིས་ ཞྭམོ་ག་རྒྱལ་འཕྱོག་པའི་འགྲན་བསྡུར་ལས་རིམ།

ཕུ་སློབ་གྲྭ་ཆེ་བ་ཚུ་མཉམ་རུབ་ཐོག་ལས་ གླུ་གཞས་ཁྲི་མངའ་གསོལ་ཟེར་མི་དེ་ཕུལ་ཡི། མི་ཕུལ་ཡི།

183

གསོལ་ཟེར་


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དྲག་ཁག་གསུམ་གྱི་སྒྲ་གཞས་ཀྱི་ལྟདམོ།

དྲག་ཁག་གསུམ་གྱིས་ སྒྲ་གཞས།

སྐུ་མགྲོན་ཁས་ལེན་པ་ཚུ་གིས་ ཀ་བ་གཉིས་ཀྱི་སྟེགས་ཁྲི་གུ་འཛེགས་ཏེ་རྩམ་ཁུག་གིས་བླུགས་བྱིན་

ཊའི་ཀོན་ཌོ་ཚོགས་སྡེ་གིས་ ལུས་སྦྱོང་དོ་འགྲན་གྱི་ལྟདམོ།

ཏེ་ཆུ་རྫིང་ནང་བཀོ་ནི་ག་དྲག་གི་རྩེད་སྟོན།

༡༠ སྐལ་སྐྱིད་དང་ཉི་མ་སློབ་གྲྭ་ཆེ་བ་གིས་ གླུ་གཞས་དགའ་ལྡན་ས་ལ་འཕོས་པ། ༡༡ ཐིམ་ཕུ་རྫོང་ཁག་གིས་ གླུ་གཞས་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བ། ༡༢ ལུང་བསྟན་ཟམ་པ་སློབ་གྲྭ་ཆེ་བ་གིས་ ཞབས་བྲོ་བཀྲ་ཤིས་རྟེན་འབྲེལ་ཞུ། ༡༣ ཀྲོང་གསར་རྫོང་ཁག་དང་ ཧཱ། མོང་སྒར། ཆུ་ཁ། སྤ་རོ། བསམ་རྩེ་རྫོང་ཁག་དང་རྒྱལ་གཞུང་ཟློས་ གར་སློབ་སྦྱོང་ལྟེ་བ་མཉམ་རུབ་ཐོག་ལས་ ཚེ་རིང་མཆེད་ལྔའི་འཆམ།

184


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

དགའ་སྟོན་སྐབས་དགེ་འདུན་པ་ཡོངས་ཀྱིས་གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་གཟིགས་སྟོན།

185


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

༡༤ ཁ་ས་གྲབ་ཆུ་ འབྲིང་རིམ་སློབ་གྲྭ་གོང་མ་དང་ཐིམ་ཕུ་རྫོང་ཁག་གིས་ ཞབས་ཁྲ་མངའ་གསོལ་སངས་ རྒྱས་རིགས་ལྔའི་བྱིན་འབེབས།

༡༥. རྩི་རང་རྫོང་ཁག་དང་ གསར་སྤང་། བསམ་རྩེ་རྫོང་ཁག་གསུམ་གྱིས་ ཞབས་བྲོ་ གུ་ར་སི་ཕུལ་ཡི། ༡༦. ཀྲོང་གསར་རྫོང་ཁག་དང་ ཧཱ། མོང་སྒར། ཆུ་ཁ། སྤ་རོ། བསམ་རྩེ་རྫོང་ཁག་དང་རྒྱལ་གཞུང་ཟློས་ གར་སློབ་སྦྱོང་ལྟེ་བ་མཉམ་རུབ་ཐོག་ལས་དཔའ་འཆམ།

༡༧. རྒྱལ་གཞུང་གསོ་བའི་མཚན་རིག་སྤེལ་ཁང་གིས་ ཞབས་ཁྲ་ དཔལ་ལྡན་འབྲུག་གཞུང་ལྷ་ཡི་ཞིང་ དང་མཉམ།

༡༨. གཞུང་གྲྭ་ཚང་དང་ རབ་སྡེ་ཁག་གིས་ རིག་མ་བཅུ་དྲུག་ དཔའ་འཆམ། མཇུག་རང་བཀྲ་ཤིས་ལེགས་པས་ཀྱིས་བསྡུ་གནང་ཡི། དེ་གི་ཉི་མའི་གསོལ་སྟོན་དེ་ཡང་ རྒྱལ་ཡོངས་དགའ་སྟོན་གྱི་ལམ་སྟོན་ལྷན་ཚོགས་ཀྱི་ཁྲི་འཛིན་བློན་ཆེན་མཆོག་ གིས་ སྐུ་མགྲོན་ཡོངས་ལུ་ཉིནམ་དང་པ་བཟུམ་སྦེ་རང་རྒྱས་ཤིང་རྒྱསཔ་སྦེ་དྲངས་ཡི།

སྤྱི་ཚེས་༧/༡༡/༠༨ ཀྱི་ལས་རིམ་མཇུག་རང་ནུབ་མོ་གནག་དུང་ནང་གནམ་ཁར་མེ་ཏོག་དབྱིབས་ཅན་གྱི་མེ་ རྫས་སྤར་ནི་དེ་ཨིན་པས། དེ་ཡང་མེ་སྒྱོགས་གནམ་ཁར་འཕང་སྟེ་གནམ་ཁ་ལས་ལོག་པའི་སྐབས་ཚོན་མདངས་

མ་འདྲཝ་སྣ་ཚོགས་དང་ དབྱིབས་དང་ཁ་དོག་མ་འདྲཝ་སྣ་ཚོགས་ གཅིག་ཤུལ་གཉིས་ཤུལ་སྟོན་མི་དེ་གིས་ ཐིམ་ཁྲོམ་ལུ་སྡོད་མི་མང་ཤོས་ཁྱིམ་གྱི་ཕྱི་ཁར་ཐོན་ཏེ་ནུམ་ཅིག་རང་མིག་ཏོ་གནམ་ཁར་ལྟ་སྟེ་ལུས་སོང་ནུག། དེ་

གི་བརྡ་དོན་དེ་ཡང་ མི་དབང་འབྲུག་རྒྱལ་ལྔ་པའི་མཛད་ཕྲིན་ མུན་པ་སེལ་བའི་སྒྲོན་མེ་ ནམ་མཁའ་ས་གཞི་ བར་སྣང་འོད་སྣང་གིས་ཁྱབ་པའི་རྟེན་འབྲེལ་ཀྱི་དོན་ལུ་ཨིན་མས།

186


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

བཅུ་བཞི་པ་ ཅང་གླིང་མའི་ཐང་ནང་མི་མང་གིས་ཁྲི་དར་ཕུལ་བའི་མཛད་རིམ། རྒྱལ་ས་ཐིམ་ཕུ་ལུ་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་དོན་ལུ་ ཁྲི་དར་ཕུལ་བར་རྫོང་ཁག་ཉི་ཤུའི་ མི་སེར་དང་ཚོང་པ། གཞུང་གཡོགཔ་དང་སློབ་ཕྲུག། དགོན་སྡེ་པ་ཚུ་གིས་མ་ཚད་པར་ ཕྱི་མི་ཡང་མང་རབས་

ཅིག་ལྷོད་དེ་ཡོད་མི་ཚུ་ལས་ བརྒྱ་ཆ་ཉེར་ལྔ་དེ་ཅིག་རྟེན་འབྲེལ་ཐང་ན་ཁྲི་དར་ཕུལ་ཚར་རུང་ དེ་གི་ལྷག་ལུས་

ཚུ་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ཁྲི་དར་ཕུལ་མ་ཚུགས་པར་བསྒུགས་ཏེ་སྡོད་ནུག། དེ་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་དམིགས་བསལ་བཀའ་རྒྱའི་ཐོག་ལས་ སྤྱི་ཚེས་༩/༡༡/༠༨

ཀྱི་ཉིན་མར་ཅང་གླིང་མའི་ཐང་ནང་ཁྲི་དར་ཕུལ་ནིའི་གོ་སྐབས་གནང་ཡོདཔ་ལས་མི་མང་གིས་དྲོ་པ་ཆུ་ཚོད་༤ ལས་ཅང་གླིང་མའི་ཐང་ནང་འཛོམས་ནི་འགོ་བཙུགས་ཅི།

སྤྱི་ཚེས་༩/༡༡/༠༨ ཀྱི་ཉིན་མ་མི་དབང་མངའ་བདག་རིན་པོ་ཆེ་ཆིབས་གྲལ་མདོར་བསྡུས་ཀྱིས་ཐོག་ལས་ཅང་ གླིང་མའི་ཐང་ནང་ཆིབས་བསྐྱོད་གནངཔ་ད་ མི་གྲངས་སྟོང་ཕྲག་༡༠༠ དེ་ཅིག་གིས་ཅང་གླིང་མའི་ཐང་གི་དགའ་

སྟོན་ཐང་དང་གཟིགས་སྟེགས་ག་ར་གང་སྟེ་ མི་དབང་མཆོག་ལུ་བསྒུགས་ཏེ་ཡོདཔ་ལས་ མི་དབང་མཆོག་ ཉིནམ་གང་རང་གྱལ་བཤལ་ཏེ་ཁྲི་དར་བཞེས་དགོཔ་བྱུང་ཡི།

དེ་བསྒང་ རྒྱལ་གཞུང་ཟློས་གར་ལྟེ་བ་ལས་འཆམ་དང་ཞབས་ཁྲའི་ལྟད་མོའི་རིགས་ངོ་མཚར་མིག་གི་བདུད་

རྩིར་སྟོནཔ་ད་ མི་དབང་མཆོག་ཡང་ ཁྲི་དར་བཞེས་པའི་བར་གསེབ་ལས་འཕྲལ་འཕྲལ་སྦེ་ཞབས་ཁྲའི་གྱལ་ ཁར་ཕེབས་ཏེ་གནངཔ་ལས་ མི་མང་ཡོངས་ལུ་ཡིད་སྤྲོའི་དགའ་བ་ཅི་དང་མ་འདྲ་བར་བྱུང་ནུག།

དེ་སྐབས་ལུ་ཡང་ དྲོ་པ་ཆུ་ཚོད་༩ ལས་ཕྱི་རུ་གནམ་སྲོ་རུང་ཁྲི་དར་བཞེས་མ་ཚར་བར་ མི་དབང་རྒྱལ་པོའི་སྐུ་ མཆེད་དྲགོས་དང་ཨ་ཞེ་ཚུ་ཡང་ རྒྱལ་པོའི་སྐུ་ཚབ་སྦེ་ཁྲི་དར་བཞེས་དགོཔ་བྱུང་ཡི།

187


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཅང་གླིང་མའི་ཐང་གི་གཟིགས་ར་ཁང་བཟང་ནང་ རྒྱལ་ཡུམ་ལྷན་རྒྱས་དང་གཅིག་ཁར་བཞུགས་པ།

188


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

མི་དབང་མཆོག་གིས་སྤྱིར་ཁྲི་དར་ཕུལ་མི་རེ་རེ་བཞིན་དུ་ དགྱེས་ཕྱག་མཐུད་དེ་ཁྲི་མངའ་གསོལ་གྱི་དངུལ་ ཀྲམ་གསོལ་རས་གནང་བའི་ཁར་ ལྷག་པར་ལོ་ན་རྒས་ཤོས་ཚུ་ལུ་འདས་པའི་བཀའ་དྲིན་དྲིན་གསོ་དང་ ཨ་

ལོ་ཆུང་ཀུ་ཚུ་ལུ་ མ་འོངས་གལ་ཆེའི་བརྡ་དོན་སྟོན་ཆེད་ཐུགས་མཉེས་པའི་ཞལ་འཛུམ་དང་ བྱམས་ཤིང་བརྩེ་ བའི་གསུང་གི་བདུད་རྩི་ཅིར་ཡང་སྩལ་བས་མི་མང་རེ་རེ་བཞིན་གྱི་སྙིང་ལ་དགའ་སྤྲོ་ཅིར་ཡང་རྒྱས་ཏེ་མི་མང་གི་ རྒྱལ་པོ་མི་དབང་འབྲུག་རྒྱལ་ལྔ་པ་ཟེར་བའི་སྒྲ་དབྱངས་ཀྱིས་གནམ་ས་བར་སྣང་ཁྱབ་པའི་ངང་ལས་མཛད་རིམ་ མཇུག་བསྡུ་གནང་ཡི།

དགའ་སྟོན་སྐབས་ ཆེད་དུ་བསྐྲུན་པའི་ཁྲི་མངའ་གསོལ་བའི་རྗེས་དྲན་དངུལ་ཀྲམ་མི་མང་ལུ་གནང་པའི་བསྒང་།

189


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཅོ་ལྔ་པ་ གསེར་ཁྲི་མངའ་གསོལ་ལུ་བཅར་མི་སྐུ་མགྲོན། མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ ཕྱིའི་རྒྱལ་ཁབ་ལས་སྐུ་མགྲོན་མང་ རབས་ཅིག་བྱོན་པའི་སྐོར་ལས་ཞུ་བ་ཅིན། སྐུ་མགྲོན་གཙོ་བོ་ རྒྱ་གར་གྱི་སྲིད་འཛིན་ ཤྲཱི་མ་ཏི་ པྲ་ཏི་བཱ་ དེ་བཱི་

སིང་མཆོག་དང་། སྲིད་འཛིན་མཆོག་གི་སྲས་ དྲོག་ཀྲར་ ར་ཇེན་དྷར་སིང་ ཤེ་ཁ་ཝཏ། རྒྱ་གར་གི་གཞུངསྐྱོང་ ཚོགས་པ་ཀང་རེསི་ཚོགས་པའི་དབུ་འཛིན་ ཤྲཱི་མ་ཏི་ སོ་ནི་ཡ་ གྷན་དྷི་མཆོག། ཤྲཱི་མ་ཏི་ སོ་ནི་ཡ་ གྷན་དྷི​ི་ སྲས་ ར་ཧུལ་གྷན་དྷི། སྲས་མོ་ པྲི་གཡང་ཀ་ གྷན་དྷི་བཱཏ་ར། སྲས་མོའི་སྐུ་ཟླ་ རོ་བཱཀྲ་ གྷན་དྷི། ཕྱི་འབྲེལ་

བློན་པོ་ པྲ་ནཱབ་མུ་ཁར་ཇི། ཕྱི་འབྲེལ་དྲུང་ཆེན་ ཤི་པ་ཤང་ཀར་ མེ་ནོན་ཚུ་དང་ དེ་ཚུ་གི་ཕྱག་ཞུ་སྟེ་སྲིད་འཛིན་

གྱི་དྲུང་ཆེན་དང་ སྐུ་སྲུང་གཙོ་འཛིན། མགྲོན་གཉེར་དང་མགྲོན་སྐྱོང་། སྐུ་སྒེར་དྲུང་ཆེན་དང་ཉེན་སྲུང་པ། འཕྲོད་

བསྟེན་ཞབས་ཏོག་པ་དང་གནས་ཚུལ་མཁན་ལ་སོགས་པ་མི་གྲངས་༡༠༠ གི་རྩིས་རྒྱ་གར་གཞུང་ལས་བྱོན་ཡི། དེ་བཟུམ་མཐུན་ལམ་ཅན་གྱི་རྒྱལ་ཁབ་ཚུ་ལས་གཞུང་ཚབ་ཡང་ མང་རབས་ཅིག་བྱོན་ཡོད་པའི་སྐོར་ལས་ཞུ་ བ་ཅིན། ཨཱས་ཀྲེལ་ཡ་ལས་ གཞུང་ཚབ་ ཨེཅ་ ཨི་ མིསི་ཀྲར་ ཇོན་ཕི་ལིབ་ མེཀ་ཀར་ཐི། སུའི་ཛར་ལེནཌ་

ལས་ གཞུང་ཚབ་ ཨེཅ་ཨི་ མིསི་ཀྲར་ དྲོ་མི་ནིཀ་ དྲེ་ཡར་མཆོག་དང་ སྐུ་ཟླ་ མིསེསི་ སོ་ནོ་ཀོ་ མི་ཙུའི་ དྲེ་ ཡར། ཀུ་ཝའིཊ་ལས་ གཞུང་ཚབ་ ཨེཅ་ཨི་ མིས་ཀྲར་ ཁ་ལཕ་ ཨབཱཛ་ ཁ་ལཕ་ ཨལ་ཕུ་ད་རི་དང་ སྐུ་ཟླ་ མིསིསི་ ཝ་ཕ་ ཨེ་ ཀེ་ ཨལ་ཕུ་ད་རི། ཕིན་ལེནཌ་ལས་ གཞུང་ཚབ་ ཨེཅ་ཨི་ མིསི་ཀྲར་ ཨཱས་ཀོ་ ནུ་མི་

ནཱན་དང་ སྐུ་ཟླ་ མིསེསི་ ལིལ་ས་ པི་ཏུ་ལ་ཡེ་ནཱན་ནུ་མི་ནཱན། མཱལ་དིབ་ལས་ གཞུང་ཚབ་ ཨེཅ་ཨི་ ལེབ་ཀྲི་

ནེན་ ཇེ་ནེ་རེལ་བགྲེས་པ་ ཨཱན་བ་རི་ ཨབ་རྡུལ་ སཱ་ཏར་ ཨ་དམ་དང་སྐུ་ཟླ་ ཨི་ས་ན་ ཨ་ཧ་མཱན། པ་ཀིས་ ཏཱན་ ཨེཅ་ཨི་ མིསི་ཀྲར་ ཨ་ལམ་གིར་ བཱ་ཤར་ཁཱན་ བཱ་བར་དང་སྐུ་ཟླ་ མིསེསི་ ག་ཛ་ལ་ བཱ་བར། ཤྲཱི་ལང་ཀ་ ལས་ ཨེཅ་ཨི་ མིསི་ཀྲར་ སི་ ཨར་ ཇ་ཡ་སིང་། བང་ལ་དེཤ་ལས་འབྲུག་ལུ་གཏན་བཞུགས་གཞུང་ཚབ་ཨེཆ་

ཨི་ ཨེ་ཀེ་ཨེམ་ ཨ་ཏི་ཀུར་ ར་ཧེ་མན། ཌེན་མཱརཀ་ལས་ ཨེཅ་ཨི་ མིསི་ཀྲར་ ཨོ་ལི་ ལོནསི་མཱན་ པའུལ་

སཱན་དང་སྐུ་ཟླ་ ཛ་རིན་ ཨེལ་ པའུལ་སཱན། སིང་ག་པུར་ལས་ ཨེཅ་ཨི་ མིསི་ཀྲར་ ཀཱལ་བིན་ ཨུ་ ཧུན་ ཧུ་ དང་སྐུ་ཟླ་ མིསེསི་ ཅུ་ལིན་ཌ་ ཨོའེ་ཕུང་། རི་པཱབ་ལིཀ་ ཨོཕ་ ཀོ་རི་ཡ་ལས་ ཨེཅ་ཨི་ མིསི་ཀྲར་ པེཀ་ ཡུང་

190


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

སཱན་དང་སྐུ་ཟླ་ མིསེསི་ ཡུ་ ཡུང་སུཀ། སུའི་དྲེན་ལས་ ཨེཅ་ཨི་ མིསི་ཀྲར་ ལརསི་ ཨོ་ལུཕ་ ལིན་གིརིན་ དང་སྐུ་ཟླ་ མིསེསི་ དེ་ལིསི་ གཧར། ཇཱ་པཱན་ལས་ ཨེཅ་ཨི་ མིསི་ཀྲར་ ཧི་དི་ཀི་ ཌོ་མི་ཅི་དང་སྐུ་ཟླ་ མིསེསི་

ནོ་རི་ཀོ་ ཌོ་མི་ཅི། ཐའི་ལེནཌ་ལས་ ཨེཅ་ཨི་ མིསི་ཀྲར་ ཅལ་རམ་པུལ་ ཐན་ཅིཏ་དང་སྐུ་ཟླ་ མིསེསི་ སུ་རི་ད་ ཐན་ཅིཏ། ཡུ་རོ་པེན་ཀ་མི་ཤཱན་ལས་ ཨེཅ་ཨི་ མིསེསི་ ད་ནེ་ལེ་ ས་མཱད་ཇ། ནོར་ཝས་ལས་ ཨེཅ་ཨི་ མིསེསི་

ཨན་ ཨོལསི་ཏན། ཨོསོ་ཀྲི་ཡ་ལས་ ཨེཅ་ཨི་ དྲོག་ཀྲར་ ཕར་དི་ནཱན་ མུལ་ཏཱསི་ཅི་དང་སྐུ་ཟླ་ མིསེསི་ དྲོ་

མི་ནིཀ་ མུལ་ཏཱསི་ཅི། ནེ་དར་ལེནཌ་ལས་ ཨེཅ་ཨི་ མིསི་ཀྲར་ བོབ་ ཧེན་རི་ ཧིནཅ། ཀེ་ན་དྲ་ལས་ ཨེཅ་ཨི་ མིསི་ཀྲར་ ཇོ་སེཕ་ ཀ་རོན་དང་སྐུ་ཟླ་ མིསེསི་ ཀུམ་རུ་ ག་རོན། ནེ་པཱལ་ལས་ ཨེཅ་ཨི་ དྲོག་ཀྲར་ དུར་གེཤ་ མཱན་སིང་དང་སྐུ་ཟླ་ མིསེསི་ མེ་ར་སིང་ཆ་ཁྱབ་ཚུ་ག་ར་གཞུང་ཚབ་མཛད་མི་སྐུ་མགྲོན་ཨིན་པས།

གཞན་ཡང་ལྡི་ལིར་གནས་བཞུགས་གཞུང་ཚབ་གྲལ་ལས་འབྲུག་དང་གཅིག་ཁར་འབྲེལ་བ་ཡོད་མི་གཤམ་

གསལ་སྐུ་མགྲོན་ཚུ་ཡང་བྱོན་ཡི། ཨ་མི་རི་ཀའི་གཞུང་ཚབ་ ལྡི་ལིར་བཞུགས་མི་ ཨེཅ་ཨི་ དྲོག་ཀྲར་ ཌེ་བིཀྲ་

སི་ མུལ་ཕོཀྲ་དང་སྐུ་ཟླ་ མིསེསི་ ཇེན་ནི་ ལུ་འིསི་ སི་མོན་ མུལ་ཕོཀྲ། བིརི་ཀྲེཤ་གཞུང་གི་ ངོ་ཚབ་འོག་མ་ལྡི་ ལིར་བཞུགས་མི་ མིསི་ཀྲར་ ཀེརེ་འོན་ བུཀྲ་ལར། ཕ་རཱནསི་གཞུང་ཚབ་ལྡི་ལིར་བཞུགས་མི་ཨེཅ་ཨི་ མིསི་

ཀྲར་ ཇེ་རོ་མི་ བོ་ན་ཕོནཀྲ། རྒྱ་ནག་གི་གཞུང་ཚབ་ ལྡི་ལི་བཞུགས་མི་ ཨེཅ་ཨི་ མིསི་ཀྲར་ ཞང་ཡནདང་ སྐུ་ཟླ་ མིསེསི་ ཅེན་ ཝང་ཛི་ཡ། ཨུ་རུ་སུའི་གཞུང་ཚབ་ ལྡི་ལིར་བཞུགས་མི་ ཨེཅ་ཨི་ མིསི་ཀྲར་ བོའེ་ཅེས་

ལབ་ ཨའི་ ཀྲུབ་ནི་ཀོ། ཇར་མ་ནིའི་གཞུང་ཚབ་ ལྡི་ལིར་བཞུགས་མི་ ཨེཅ་ཨི་ མིསིཀྲར་ བེརེནཌ་ མུ་ཛི་ ཡལ་བག་དང་སྐུ་ཟླ་ མིསེསི་ མོ་ནི་ཀ་ མུ་ཛི་ཡལ་བག། ཨཕ་གཱ་ནེས་ཏཱན་གྱི་གཞུང་ཚབ་ ལྡི་ལིར་བཞུགས་

མི་ ཨེཅ་ཨི་ དྲོག་ཀྲར་ ས་ཡད་ མག་དུམ་ ར་ཧིན། ནིའུ་ཛྲར་ལེནཌ་ གཞུང་ཚབ་ལྡི་ལིར་བཞུགས་མི་ ཨེཅ་ ཨི་ མིསི་ཀྲར་ རུ་པཀྲ་ ཧོལ་བོ་རོ་དང་སྐུ་ཟླ་ མིསེསི་ པའུ་ལི་ནི་ ནེས་ད་ལི། དེ་ལས་གཞན་ཡང་ ཕ་རཱན་སི་ གཞུང་ཚབ་ཡིག་ཚང་ལས་ མིསི་ཀྲར་ བ་ཛྲརཌ་ ཇུལ་ལི་མི། དང་ཨུ་རུ་སུའི་གཞུང་ཚབ་ཡིག་ཚང་ལས་ བེལེ་ དི་མིར་ ཀིརི་སཱན་ཕབ་ཟེར་མི་གཉིས་ཡང་བྱོན་ནུག།

191


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འདི་བཟུམ་ཐིམ་ཕུར་བཞུགས་མི་རྒྱལ་སྤྱིའི་ལས་སྡེ་ཁག་གི་སྐུ་ཚབ་ཡང་མང་རབས་ཅིག་གིས་ཁྲི་དར་ཕུལ་

བར་བཅར་ཏེ་ ཁྲི་མངའ་གསོལ་བའི་དུས་སྟོན་གྲལ་བཞུགས་མི་གཤམ་གསལ་ཚུ་ཨིན་པས། འཛམ་གླིང་སྤྱི་ ཚོགས་ལས་མཉམ་འབྲེལ་འགོ་དཔོན་ མིསི་ཀྲར་ ནི་ཅོ་ལཱསི་ རོ་སེ་ལི་ནི་དང་སྐུ་ཟླ་ མིསེསི་ མ་རི་ཡམ་ རོ་

སའི་ལི་ནི། སྤྱི་ཚོགས་ཡུ་ནི་སེཕ་གི་སྐུ་ཚབ་ དྲོག་ཀྲར་ གེབ་ཀེ་ ཧིང་ཙ། སྤྱི་ཚོགས་བཟའ་སྤྱོད་ལས་སྡེ་ དྲབ་ ལུ་ཕེབ་པི་སྐུ་ཚབ་ མིསི་ཀྲར་ ལི་ཨོ་ བེན་དར་ བེལ་དེན། སྤྱི་ཚོགས་དྲབ་ལུ་ཨེཆ་ཨོ་ ངོ་ཚབ་སྐུ་ཚབ་ དྲོག་

ཀྲར་ གུ་ན་ཝན་ ས་ཏི་ཡ་དི། གཞུང་ཚབ་མཉམ་འབྲེལ་པ་ མིསི་ཀྲར་ ཀིརི་ཀྲཱན་ མ་ཛལ། ལག་ལེན་མཉམ་ འབྲེལ་པ་ ཨེམ་སེས་ ནན་སི་ སི་ཀྲིཀ་ལེནཌ། གཞུང་ཚབ་འཐུས་མི་ མིསི་ཀྲར་ ཧེན་རིག་ ནེལ་སཱན་དང་ གནས་ཚང་ མིསེསི་ ལར་སེན། ཧེལ་བ་ཏཱཛ་སྐུ་ཚབ་ཡིག་ཚང་ལས་ མཉམ་འབྲེལ་འཐབ་མི་ དྲོག་ཀྲར་ ཝལ་ ཀྲར་ རོ་ཌར་དང་གནས་ཚང་ཀུན་བཟང་རོ་ཌར། ཧེལ་བ་ཏཱཛ་ ཡིག་ཚང་གི་མཉམ་འབྲེལ་ལས་འཛིན་བགྲེས་པ་

དྲོག་ཀྲར་ ཝར་ནར་ ཀུའེ་ལིང་། ཇ་ཡེ་ཀ་ ཡིག་ཚང་ལས་སྐུ་ཚབ་ མིསི་ཀྲར་ ཏེ་ཚུ་ཨོ་ ཡ་བེ། ཨེས་ཨེན་ཝི་ ཡིག་ཚང་ལས་ ས་གནས་མདོ་ཆེན་ ཨེམ་ཨེས་ མེ་གཱན་ རི་ཅི། ནའི་དར་ལེནཌ་གྱི་ཡིག་ཚང་ཁ་ཐུག་ལས་

གྲོས་དཔོན་ ཨེམ་ཨེས་ ཨ་ནེ་ མ་རི་ཤེ་རེ་བཱན། འཛམ་གླིང་འཚོ་བ་དང་སོ་ནམ་སྡེ་ཚན་ཡིག་ཚང་འགོ་འཛིན་ ངོ་ཚབ་ ཕུན་ཚོགས་རྡོ་རྗེ། སེབ་ད་ཅིལ་དྲེན་ ཡིག་ཚང་ལས་ རྒྱལ་ཡོངས་ས་གནས་མདོ་ཆེན་ མིསི་ཀྲར་ མཱན་

བྷ་དུར་ ག་ལེ། འཛམ་གླིང་རི་དྭགས་སྲུང་སྐྱོབ་ཡིག་ཚང་ དྲབ་ལུ་དྲབ་ལུ་ཨེཕ་ལས་ ས་གནས་སྐུ་ཚབ་ ཀུན་ བཟང་རྣམ་རྒྱལ། ལས་རིམ་མཉམ་འབྲེལ་པ་ མིསི་ཀྲར་ ཕིརིཙ་བུམ་གཱཀྲ་ནར་དང་གནས་ཚང་ པདྨ་བུམགཀྲ་ ནར། ཡུ་ཀེ་ལུ་འབྲུག་གི་དོན་གཅོད་སྐུ་ཚབ་ མིསི་ཀྲར་ མིཀ་ཅལ་ རུཏ་ལེནཌ་ ཨིསེཀ། པེ་རིསི་ལུ་འབྲུག་གི་

དོན་གཅོད་སྐུ་ཚབ་ དྲོག་ཀྲར་ ཕརཱན་ཀོའིཛ་ པོ་མ་རཱཏ། ཨིམ་ཀྲཊ་གི་ མེ་ཇལ་ཇེ་ནེ་རེལ་ ཀེ་ ཀྲི་ པར་ནེའིཀ ཝའི་ཨེས་ཨེམ་དང་གནས་ཚང་ མིསེསི་ པར་ནེའིཀ། ལམ་སེལ་སྡེ་ཚན་གྱི་བཟོ་རིག་སྤྱི་ཁྱབ་འགོ་དཔོན་

བིརི་གི་ཌར་ ཏེ་གི་དང་གནས་ཚང་ མིསེསི་ ཏེ་གི་བཅས་པ་ག་ར་གཞུང་དོན་སྐུ་མགྲོན་སྦེ་བྱོན་མི་ཚུ་ཨིན་པས། དེ་ལས་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་དམིགས་བསལ་གྱི་མགྲོན་བརྡ་གནང་སྟེ་བྱོན་མི་སྐུ་སྒེར་སྐུ་ མགྲོན་ ཧེ་མ་རྒྱ་གར་གྱི་གཞུང་ཚབ་འབད་འབྲུག་ལུ་བཞུགས་མི་ ཨེཅ་ཨི་ མིསི་ཀྲར་ སཱལ་མཱ་ ཧའི་དར་དང་ སྐུ་ཟླ་ མིསེསི་ ཀུ་སུམ་ ཧའི་དར། ད་རུང་རྒྱ་གར་གཞུང་ཚབ་འབྲུག་ལུ་བཞུགས་མི་ གཞུང་ཚབ་བགྲེས་པ་

192


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཨེཅ་ཨི་ མིསི་ཀྲར་ དི་ལིབ་ མེ་ཐ་དང་སྐུ་ཟླ་ མིསེསི་ ནན་དི་ནི་ མེ་ཐ་བཅས་པ་དམིགས་བསལ་མགྲོན་བརྡ་ གནང་ཐོག་ལས་མངའ་གསོལ་མཛད་སྒོའི་དོན་ལུ་བྱོན་ཡི་ཟེར་ཞུ་ནི། དེ་བཟུམ་ཁྲི་དར་ཕུལ་བའི་དོན་ལུ་འབྲུག་ ལུ་བཞུགས་མི་དང་ རྒྱལ་ཁབ་གཞན་ཁར་བཞུགས་པའི་བླ་ཆེན་ཡང་ལེ་ཤ་ཅིག་སྐུ་དངོས་བྱོན་མི་དང་སྐུ་ཚབ་ བཏང་སྟེ་ཁྲི་དར་ཕུལ་མི་མང་རབས་ཅིག་བྱོན་པའི་གྲལ་ཁར་ ཀརྨ་ པ་ཞྭ་དམར་རིན་པོ་ཆེ་དང་འཇམ་དབྱངས་ མཁྱེན་བརྩེ་ལ་སོགས་པ་ཕྱི་ལས་བྱོན་པའི་བླ་ཆེན། ནམ་སྙིང་རིན་པོ་ཆེ་དང་གསུང་སྤྲུལ། སྒང་སྟེང་སྤྲུལ་སྐུ་ལ་ སོགས་པ་འབྲུག་ནང་འཁོད་ལས་བྱོན་མི་བླ་ཆེན། གཞན་ཡང་སྤྲུལ་སྐུ་དང་མཁན་པོ་མང་རབས་བྱོན་ཏེ་ཁྲི་དར་ སྐུ་གསུང་ཐུགས་ཀྱི་རྟེན་རྩ་ཆེན་ཚུ་ཕུལ་གནང་ཡི་ཟེར་ཞུ་ནི། སྤྱི་ཚེས་༣/༡༢/༠༨ ཀྱི་ཀུན་གསལ་ནང་བཀོད་དོ་བཟུམ་ ཕྱི་རྒྱལ་ཨ་མི་རི་ཀ་ལས་ གྲོས་ཚོགས་གོང་མའི་ འཐུས་མི་ ཇོན་མེཀ་ཀེན་ མཆོག་གིས་དབུ་གཙོས་ཏེ་གྲོས་ཚོགས་གོང་མའི་འཐུས་མི་གཞན་དང་ ཝ་ཤིང་ ཀྲཱོན་དང་ རྒྱ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་འཐུས་མི་བཅས་པ་ཞལ་གྲངས་༡༥ འབྲུག་ལུ་ཆེད་མངགས་ གཞུང་དོན་གཟིགས་སྐོར་སྦེ་བྱོན་པའི་གནད་དོན་གཙོ་བོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་ མངའ་གསོལ་ཞུ་བའི་དུས་སྟོན་མཇལ་བའི་དོན་ལུ་དང་ འཛམ་གླིང་དམངས་གཙོའི་རིང་ལུགས་འཛིན་པའི་ རྒྱལ་ཁབ་ཀྱི་གྲལ་ཁར་འབྲུག་རྒྱལ་ཁབ་ཡང་འཛུལ་ཞུགས་འབད་དེ་ སྲིད་གཞུང་གསརཔ་བཙུགས་མི་དེ་ མཇལ་བའི་དོན་ལུ་ཕེབས་ནུག་ཟེར་ཞུ་ནི། མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་ནི་ཨིན་པའི་ གནས་ཚུལ་འཛམ་གླིང་རྒྱལ་ཁབ་

གཞན་ཚུ་ནང་རླུང་ལྟར་གྲགས་ནི་དེ་གིས་ གནས་ཚུལ་གསར་ཤོག་དང་རྒྱང་བསྒྲགས། རྒྱང་མཐོང་ལ་སོགས་ པའི་བརྡ་བརྒྱུད་ཀྱི་ཞབས་ཏོག་པ་ འཛམ་གླིང་གཞན་ཁ་ལས་ཡང་ལེ་ཤ་ཅིག་ ཁོང་རའི་དང་འདོད་ལྟར་འོང་མི་

དང་ འབྲུག་གཞུང་གིས་མགྲོན་བརྡ་གནང་སྟེ་ཁྲི་མངའ་གསོལ་བའི་དགའ་སྟོན་ལུ་འོང་མི་དང་ འབྲུག་ལུ་ཁྲི་ མངའ་གསོལ་བའི་གནས་ཚུལ་ཁོང་རའི་རྒྱལ་ཁབ་ནང་སྐྱེལ་མི་བརྡ་བརྒྱུད་པ་ལ་སོགས་པ་འཛམ་གླིང་རྒྱལ་ ཁབ་གཞན་གྱི་ བརྡ་བརྒྱུད་གནས་ཚུལ་སྡེ་ཚན་༥༩ ལས་གནས་ཚུལ་ལས་བྱེད་སྐུ་ཚབ་༡༢༦ ལྷོད་ནུག།

193


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འཛམ་གླིང་རྒྱལ་ཁབ་སོ་སོ་ལས་ གནས་ཚུལ་གསར་བཀོད་བརྡ་བརྒྱུད་པ་ཚུ་གིས་ བློན་ཆེན་ལུ་དྲི་བ་བཀོད་པའི་སྐབས།

སྤྱི་ཚེས་༥/༡༡/༠༨ ཀྱི་ཕྱི་རོ་ཆུ་ཚོད་༢ དང་སྐར་མ་༣༠ ལས་༣ དང་སྐར་༤༥ འི་རིང་བརྡ་བརྒྱུད་ཞབས་ཏོག་

ལྷན་ཁག་གི་ཚོགས་ཁང་ནང་ རྒྱལ་ཁབ་སོ་སོ་ལས་འོང་མི་བརྡ་བརྒྱུད་པ་དང་ འབྲུག་ནང་འཁོད་ཀྱི་བརྡ་བརྒྱུད་ པ་ མི་གྲངས་༡༥༠ དང་གཅིག་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་ཕྲིན་ལས་དང་ཕྱི་འབྲེལ་དྲུང་ཆེན་གཉིས་ ཀྱིས་དབུ་གཙོས་པའི་བརྡ་བརྒྱུད་འགོ་འདྲེན་པ་དང་ ལྷན་ཁག་དང་ལས་ཁུངས་ཀྱི་བརྡ་བརྒྱུད་དང་འབྲེལ་བ་ འཐབ་མི་སྐུ་ཚབ་ཚུ་གི་བར་ན་ གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ཀྱི་ལམ་སྲོལ་དང་ འགྲོ་ལུགས། ལས་

རིམ་དང་དུས་ཚོད། འབད་ཆོག་མིན་ལ་སོགས་པའི་བསླབ་བྱ་དང་ ཁུངས་དང་རྒྱུ་མཚན་བཅས་པའི་རྩ་དོན་ཐོག་

དྲི་བ་བཀོད་ནི་དང་ ལན་རྐྱབ་པའི་ལས་རིམ་བཞག་ཐོག་ལས་དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་འཚོགས་པའི་ ཤུལ་ལས་བརྡ་བརྒྱུད་པ་ཚུ་ལུ་གསོལ་ཇ་དང་སྤྲོ་ཟས་ཚུ་དྲངས་ནུག།

གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་གྲལ་ཁར་གཏོགས་མི་ གནས་ཚུལ་འབྲི་མི་ བརྡ་བརྒྱུད་པ་ ༡ རྒྱ་གར་

194


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ལས་གློག་བརྙན་སྡེ་ཚན་ ཕི་ལིམ་ཌི་བི་ཇཱན་ཟེར་མི་དང་ ༢ རྒྱ་གར་གྱི་རྒྱང་མཐོང་ལས་རིམ་སྟོན་མི་ དུར་དར་

ཤཱན། ༣ ནིའུ་ལྡི་ལིར་ཡོད་མི་ལྷོ་ཨེ་ཤི་ཡའི་རྒྱང་འབྲེལ་གནས་ཚུལ་བསྡུ་ལེན་པ་དང་ བེང་ཀོག་ལུ་ཡོད་པའི་ གནས་ཚུལ་བསྡུ་ལེན་པ་ཚུ་དང་གཞན་ཡང་གནས་ཚུལ་འབྲི་མི་དང་ དུས་དེབ་འབྲི་མི། གློག་བརྙན་བཟོ་མི་དང་

རྒྱང་མཐོང་ལས་རིམ་བཟོ་མི། རྒྱང་བསྒྲགས་ལས་རིམ་བཟོ་མི་དང་གནས་ཚུལ་བསྡུ་ལེན་འབད་མི་མང་རབས་

ཅིག་འཛོམས་མི་ཚུ་བརྒྱུད་དེ་ འབྲུག་རྒྱལ་ཁབ་ཀྱི་གནས་ཚུལ་དང་ མི་དབང་མངའ་བདག་རིན་པོ་ཆེའི་སྙན་ གྲགས་ འཛམ་གླིང་རྒྱལ་ཁབ་ཡོངས་ལུ་ཁྱབ་བསྒྲགས་སོང་ནུག།

བཅུ་དྲུག་པ་ གསེར་ཁྲི་མངའ་གསོལ་དང་འབྲེལ་བའི་མཛད་པ།

མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡུམ་སྐུ་བགྲེས་དང་ རྗེ་ཁྲི་ཟུར་༢ ལུ་རྟགས་མ་དཔལ་འཁོར་གནང་བ།

195


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འབྲུག་རྒྱལ་ལྔ་པ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཞབས་ལས་ གསེར་ཁྲི་མངའ་

གསོལ་གྱི་དུས་སྟོན་དང་འབྲེལ་བའི་མཛད་སྒོ་སྐྱོང་གནང་བའི་དང་པ་ གཞུང་གཡོག་ནང་ཕྱག་ཕྱིད་འབྱོར་མི་ཚུ་ ལུ་གཟེངས་བསྟོད་ཀྱི་རྟགས་མ་གནང་བའི་མཛད་པ། གཉིས་པ་ ཁྲི་མངའ་གསོལ་བའི་སྐབས་ཞབས་ཏོག་ཞུ་

མི་ཚུ་ལུ་ ལྟོ་ཁ་གནང་ཐོག་ལས་ཐུགས་བརྩེ་གནང་བའི་མཛད་པ། གསུམ་པ་ ཁྲི་མངའ་གསོལ་བའི་དུས་སྟོན་ ལུ་ བཙོན་ཁྲིམས་དགོངས་ཡངས་གནང་བའི་མཛད་པ། བཞི་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་སྒང་

སྟེང་གསང་སྔགས་ཆོས་གླིང་ལུ་ཞབས་བཅགས་གནང་བའི་མཛད་པ། ལྔ་པ་ ཀྲོང་གསར་ཆོས་འཁོར་རབ་བརྟན་ རྩེ་ལུ་ཞབས་བཅགས་གནང་བའི་མཛད་པ་བཅས་ མཛད་རིམ་ལྔའི་ཐོག་ལས་ཞུ་ནི།

དང་པ་ ཞི་བའི་དཔོན་ཁག་ལ་སོགས་པས་ གཞུང་དང་མི་མང་གི་ཞབས་ཏོག་ཕུལ་དུ་ཕྱིན་པར་འབྱོར་མི་ཚུ་ལུ་ གཟེངས་བསྟོད་ཀྱི་རྟགས་མ་གནང་བའི་མཛད་པའི་སྐོར་ལས་བཤད་པ་ཅིན། ཡབ་འབྲུག་རྒྱལ་བཞི་པ་མཆོག་

གིས་ཆབ་སྲིད་བསྐྱང་གནང་པའི་སྐབས་ གཞུང་དང་མི་མང་གི་དོན་ལས་ཞབས་ཏོག་ཕུལ་དུ་ཕྱིན་པར་འབྱོར་ མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་གཟེངས་བསྟོད་ཀྱི་རྟགས་མ་རེ་གནང་པའི་ མཛད་པ་བསྐྱངས་གནང་ཡི།

དང་པ་སྤྱི་ཚེས་༡༥/༡༡/༠༨ ཀྱི་ཚེ་མི་དབང་རྒྱལ་ཡུམ་སྐུ་བགྲེས་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་ མཆོག་དང་ སྐྱབས་རྗེ་རྗེ་མཁན་ཁྲི་ཟུར་བསྟན་འཛིན་དོན་གྲུབ་གཉིས་ལུ་ འབྲུག་གི་རྒྱལ་བསྟན་དང་སེམས་ ཅན་གྱི་བདེ་སྐྱིད་ལུ་ཕན་པའི་མཛད་ཕྲིན་རྣམ་དག་བསྐྱངས་པའི་སྐུ་དྲིན་ལེགས་སོའི་དོན་ལུ་ རྟགས་མ་མཐོ་ ཤོས་ཅིག་ཨིན་མི་དཔལ་འཁོར་རྟགས་མ་རེ་གནང་སྟེ་ཆེ་བསྟོད་མཛད་གནང་ཡི།

སྤྱི་ལོ་༢༠༠༨ ཀྱི་ལོ་ལུ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་སྐབས་གཞུང་ལུ་ཕྱག་

ཕྱིད་འབྱོར་མི་ཞི་གཡོག་པ་དང་ གཞན་ཡང་ཁྱད་པར་ཅན་གྱི་ཞབས་ཏོག་འབྱོར་མི་ཚུ་ལུ་ གསེར་གྱི་རྟགས་མ་ ༡༡༤ དང་དངུལ་གྱི་རྟགས་མ་༡༩༩ རག་གི་རྟགས་མ་༦༧༨ མི་ངོ་སོ་སོ་ལུ་གནང་ཡི།

196


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

འབྲུག་དབང་རྒྱལ་གྱི་རྟགས་མ་ཐོབ་མི་ བློན་ཆེན་དང་ཁྲིམས་སྤྱི་༢ དང་ལྷན་བཞུགས་གནང་བ།

197


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྤྱི་ལོ་༢༠༠༨ སྤྱི་ཟླ༡༢ པའི་ཚེས་༡༧ ལུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་བརྩི་སྲུང་གི་དགའ་སྟོན་རྟེན་འབྲེལ་ དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ཡབ་འབྲུག་རྒྱལ་བཞི་པ་མཆོག་གིས་ཆབ་ སྲིད་སྐྱོང་གནང་པའི་སྐབས་ འབྲུག་གཞུང་དང་མི་མང་གི་དོན་ལུ་ཕྱག་ཕྱིད་ལེགས་ཤོམ་འབད་འབྱོར་མི་ ཞི་ གཡོག་པའི་དཔོན་ཁག་དྲུག་ལུ་ཐུགས་བརྩེ་རྟགས་མ་བཞི་དང་ དབང་རྒྱལ་རྟགས་མ་གཉིས་གནང་ཡི།

དེ་ཡང་ བློན་ཆེན་འཇིགས་མེད་འོད་ཟེར་ཕྲིན་ལས་དང་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་གཉིས་ལུ་

འབྲུག་དབང་རྒྱལ་རྟགས་མ་རེ་དང་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་དྲགོས་ཀུན་བཟང་དབང་འདུས་དང་ ངན་ ལྷད་བཀག་བསྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ཨམ་གནས་བརྟནབཟང་མོ། ས་འཇལ་སྤྱི་ཁྱབ་དྲགོས་པདྨ་དབང་

ཕྱུག། འབྲུག་རྒྱལ་བཞི་པའི་དྲུང་ཆེན་དྲགོས་པདྨ་དབང་ཆེན་བཞི་ལུ་འབྲུག་ཐུགས་སྲས་ཀྱི་རྟགས་མ་རེ་རེ་གནང་ སྟེ་ཐུགས་བརྩེ་ལྡན་པའི་ཆེ་བསྟོད་མཛད་གནང་ཡི།

གཉིས་པ་ གསེར་ཁྲི་མངའ་གསོལ་ཞུ་བའི་དགའ་སྟོན་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གིས་ལས་བྱེད་པ་ཚུ་ལུ་ ལྟོ་ཁ་གནང་བའི་རིམ་པ། ༡

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་

བརྩི་སྲུང་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེའི་ཁྲི་མངའ་གསོལ་བའི་གྱལ་ཁར་བཅའ་ མ་གཏོགས་མི་ཚུ་ལུ་ལྟོ་ཁ་གནང་པའི་ལས་རིམ་དེ་ཁར་ དང་པ་སྤྱི་ཚེས་༡༠/༡༡/༠༨ ཀྱི་ཉིན་མི་

དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཁྲི་མངའ་གསོལ་བའི་དགའ་སྟོན་རྟེན་འབྲེལ་གྱི་དོན་ལུ་ གཞུང་གྲྭ་ཚང་གི་སློབ་དཔོན་ལྔ་པོ་དབུ་བཞུགས་ཐོག་ལས་གཞུང་གྲྭ་ཚང་དང་ཕྱོགས་ཀྱི་རབ་སྡེ། ས་

གནས་སོ་སོའི་བཤད་གྲྭ་ཁག་གི་དགེ་འདུན་པ་སྟོང་ཕྲག་ལྷགཔ་ཅིག་ལུ་གསོལ་སྟོན་ཅིག་གནང་ཡི།

གསོལ་སྟོན་དེ་ཡང་གཙོ་བོ་གྲྭ་ཚང་ཁ་ཐུག་ལས་ཁྲི་མངའ་གསོལ་བའི་སྐབས་བཅའ་སྒྲིག་དང་སེར་ སྦྲེང། དྲངས་བཞག་ལ་སོགས་པ་ དགེ་འདུན་པ་ལུ་ཕོག་པའི་ཕྱག་འགན་ནང་བཅའ་མ་གཏོགས་མི་

ཚུ་ལུ་ ལེགས་སོའི་དགའ་ཚོར་ལུ་གནང་ཡི། དགེ་འདུན་པ་ཚུ་གིས་གསོལ་སྟོན་མ་བཞེས་པའི་ཧེ་མ་

198


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཀུན་ར་ནང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བའི་ཚུལ་ལུ་བདེ་བཤེགས་སྟོན་པ་གནང་པའི་ ཤུལ་ལས་གསོལ་སྟོན་བཞེས་ཏེ་ འདུལ་གཞུང་ལས་ཐོན་དོ་བཟུམ་ཡོན་སྦྱོར་དགེ་བ་བསྔོ་ཐོག་ལས་ གསོལ་སྟོན་མཇུག་བསྡུ་ཡི། ༢

སྤྱི་ཚེས་༡༡/༡༡/༠༨ ཀྱི་ཚེ་བདེ་ཆེན་ཕོ་བྲང་ ནང་པའི་སློབ་གྲྭ་༤༠༠ དེ་ཅིག་ལུ་མི་དབང་མངའ་བདག་

རིན་པོ་ཆེའི་ཞབས་ལས་ལྟོ་ཁ་དང་ ཁྲི་མངའ་གསོལ་གྱི་རྟགས་རྒྱན་ཚུ་གནང་ཡི། ཉིནམ་འདི་ཁར་རང་ ལུང་བསྟན་ཕུ་རྒྱལ་ཡོངས་དམག་སྡེའི་རྩེད་ཐང་ནང་འབད་ བསྟན་སྲུང་དྲག་པོའི་དམག་སྡེ་དང་ དེ་ཚུའི་

བཟའ་ཚང་ཆ་མཉམ་ལུ་ལྟོ་ཁ་གནངཔ་མ་ཚད་ རྒྱལ་པོའི་སྐུ་པར་དང་ཁྲི་མངའ་གསོལ་གྱི་རྟགས་རྒྱན་

ཡང་ མི་ངོ་རེ་རེ་བཞིན་དུ་གནང་པའི་ཁར་ སྤྲོ་སྟོན་གྱི་དོན་ལས་ཕོ་སྐྱེས་ཚུ་གིས་མདའ་རྩེད་དང་ དམག་ མིའི་ཨམ་སྲུ་ཚུ་གིས་གླུ་གཞས་འཁྲབ་སྟོན་ཐོག་ལས་དེ་ཚེ་ཉིནམ་ཅིག་རང་སྤྲོ་ཉམས་སྐྱོང་གནང་ཡི། ༣

སྤྱི་ཚེས་༡༢/༡༡/༠༨ ལུ་གཞུང་གི་ལྷན་ཁག་སོ་སོའི་ནང་གི་དྲུང་ཆེན་ཚུ་དང་ ཡོངས་ཁྱབ་མདོ་ཆེན་

ཚུ། ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱོགས་ཀྱི་རྫོང་བདག་ལ་སོགས་པའི་དཔོན་ཁག་ཚུ་ལུ་གླིང་ཁའི་ཕོ་ བྲང་ནང་འབད་དེ་ལྟོ་ཁ་གནང་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་ཁོ་ར་ཡང་གྲལ་ཞུགས་གནང་

ཐོག་ལས་མདའ་རྩེད་དང་གླུ་གཞས་སྤྲོ་སྟོན་གྱི་ལས་རིམ་གནང་ཡི། དེ་སྦེ་ལྟོ་ཁ་གནང་དགོ་པའི་གནད་ དོན་ཡང་ ཁྲི་མངའ་གསོལ་བའི་སྐབས་དཔོན་ཁག་དེ་ཚུ་ བཅའ་སྒྲིག་ལ་སོགས་པའི་ལཱ་འགན་ཁར་

ཕྱག་ཞུ་དགོ་ནི་དེ་གིས་ དུས་སྟོན་བརྩི་སྲུང་སྤྲོ་སྟོན་གྲལ་ལེགས་ཤོམ་འབད་ལོངས་སུ་སྤྱོད་པའི་གོ་ སྐབས་མ་ཐོབ་ནི་དེ་གིས་ ལོགས་སུ་སྤྲོ་སྟོན་ལས་རིམ་གླིང་གའི་ཕོ་བྲང་ནང་མཛད་པའི་རྒྱུ་མཚན་དེ་ ཨིན་མས། ༤

སྤྱི་ཚེས་༡༣/༡༡/༠༨ ལུ་ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་དང་ འགག་སྡེ། འགག་པའི་བཟའ་

ཚང་མི་གྲངས་སྟོང་ཕྲག་༢ ལྷགཔ་ཅིག་ལུ་མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལྟོ་ཁ་ གནང་སྟེ་དགའ་སྟོན་ལོགས་སུ་འབད་བཅུག་པའི་རྒྱུ་མཚན་ཡང་ཁྲི་མངའ་གསོལ་བའི་སྐབས་ རང་ རང་སོ་སོའི་ལཱ་འགན་ཁར་བརྩོན་དགོ་ནི་དེ་གིས་ སྤྲོ་སྟོན་གྲལ་བཅའ་མར་གཏོགས་མ་ཚུགས་པར་

199


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མངའ་བདག་རིན་པོ་ཆེའི་ཞབས་ལས་ལོགས་སུ་ཐུགས་བརྩེ་གནང་སྟེ་ཁོང་རའི་བཟའ་ཚང་ ནང་མི་ བཅས་པ་དང་གཅིག་ཁར་ འཚོ་བ་ཟས་ཀྱི་སྟོན་མོ་དང་ གླུ་གཞས་དགའ་སྤྲོའི་གོ་སྐབས་དམིགས་ བསལ་གནང་པའི་ཁར་ ཁྲི་མངའ་གསོལ་གྱི་རྒྱལ་རྟགས་དང་མངའ་བདག་རིན་པོ་ཆེའི་སྐུ་པར་ཚུ་ ཡང་དེ་ཁར་ཡོད་མི་ཆ་མཉམ་ལུ་གནང་ཡི། ༥

སྤྱི་ཚེས་༡༤/༡༡/༠༨ ལུ་རྒྱལ་པོའི་ཕོ་བྲང་ནང་འབད་དེ་ མི་སེར་ལས་ཁྲི་མངའ་གསོལ་བའི་སྐབས་

ཁས་བླངས་པ་ཐོན་ཏེ་ ལས་དོན་སོ་སོའི་ནང་ཞབས་ཏོག་ཞུ་མི་ཚུ་ལུ་ཡང་ ལྟོ་ཁ་དང་ མདའ་རྩེད་ དང་ གླུ་གཞས་ལ་སོགས་པ་ལྡུམ་རའི་ཕོ་བྲང་ནང་སྤྲོ་བཏོན་བཅུག་སྟེ་ཐུགས་བརྩེ་གནང་བའི་ཁར་

ཐ་ན་ཕྱགས་མ་འཕྱག་མི་དང་འདེད་གཡོག་པ་ ཁང་གཡོག་པ་དང་ལྡུམ་རའི་གཉེར་པ་ཡན་ཆད་རྒྱལ་

པོའི་ཕོ་བྲང་ནང་བཀུག་སྟེ་ལྟོ་ཁ་གནང་བའི་ཁར་ དམིགས་བསལ་གྱི་ཐུགས་བརྩེ་གནང་མི་དེ་ནི་ ཆོས་ རྒྱལ་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཨིནམ་ལས་ འཛམ་གླིང་རྒྱལ་པོ་ཀུན་ལས་ལྷག་པའི་མཛད་ བཟང་ངོ་མ་ཅིག་ཨིན་མས།

གསུམ་པ་ ཁྲི་མངའ་གསོལ་བའི་དགའ་སྟོན་དང་འཁྲིལ་ཏེ་ བཙོན་པ་དགོངས་ཡངས་གནང་བའི་མཛད་ཚུལ་

སྐོར་ལས་ཞུ་བ་ཅིན། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བཙོན་པ་༡༣༢ ལུ་བཙོན་ཁྲིམས་དགོངས་ ཡངས་གནང་ནི་དེ་ཡང་ སྔར་གྱི་དུས་ལུ་རྒྱལ་པོ་སྐུ་གཤེགས་པའི་སྐབས་བཙོན་རིགས་དགོངས་ཡངས་གནང་ སྲོལ་ཡོདཔ་མ་ཚད་ རྒྱལ་པོ་གསར་བསྐོས་ཡང་ཡབ་རྒྱལ་པོ་སྐུ་གཤེགས་པའི་ཤུལ་ལས་མ་གཏོགས་རྒྱལ་

སྲས་ རྒྱལ་སྲིད་ཁར་བསྐོ་སྲོལ་མེདཔ་ཨིན་མས། ད་རེས་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁོ་ར་རྒྱལ་ཁྲི་ལས་ དགོངསམ་ཞུ་སྟེ་ རྒྱལ་སྲས་རྒྱལ་པོའི་ཁྲི་ཁར་བསྐོ་ནི་ལམ་སྲོལ་འགོ་དང་པ་བཙུགསཔ་ལས་ མི་དབང་མངའ་

བདག་རིན་པོ་ཆེའི་ཞབས་ལས་ ཡབ་འབྲུག་རྒྱལ་བཞི་པ་སྐུ་ཚེ་བསྲིངས་པའི་དོན་ལུ་ བཙོན་གྲངས་༡༣༢ ལུ་ ཉེས་པ་དགོངས་ཡངས་གནང་ཡི། དེ་ཡང་ལོ་ན་ཆུང་ཀུ་ཚུ་ཁྲིམས་འགལ་གྱི་ལཱ་འབད་དེ་ཉེས་པ་ཕོག་མི་དང་

ནག་བཙོན་ལ་སོགས་པ་ཚེ་བཙོན་ཕོག་སྟེ་བཙོན་ཁང་ནང་ལོ་ངོ་༡༧ ལྷག་སོང་པའི་གྲལ་ཁར་བཙོན་ཁང་ནང་

སྡོད་པའི་སྐབས་བྱ་བ་སྤྱོད་ལམ་ ཚུལ་མཐུན་སྦེ་སྡོད་མི་ཚུ་ལུ་ཉེས་པ་དགོངས་ཡངས་གནང་ནུག། ཉེས་ཁྲིམས་

200


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

དགོངས་ཡངས་གནང་པའི་རྒྱུ་མཚན་གྱི་སྐོར་ལས་རྒྱལ་གཟིམ་ཡིག་ཚང་ལས་གསལ་བཤད་གནང་དོ་བཟུམ་ ཨིན་པ་ཅིན། ན་གཞོན་ཁྲིམས་འགལ་བ་ཚུ་ལུ་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཁོང་གི་མི་ཚེ་ལྷག་མ་ ལེགས་ཤོམ་སྦེ་སྡོད་དོན་ལུ་ཐུགས་བརྩེ་གནང་པའི་ཁར་ བཙོན་པ་ཚུ་གིས་ཁྲིམས་འོག་ལུ་སྡོད་པའི་སྐབས་ སྤྱོད་ལམ་བཟང་པོ་བསྟེན་ནི་ལུ་སྤྲོ་བ་བསྐྱེད་པའི་དོན་ལུ་ཨིན་མས།

བཞི་པ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུ་གཟིགས་སྐོར་གནང་པའི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་

ཅིན། སྤྱི་ཚེས༢༤/༡༡/༠༨ ཀྱི་དྲོ་པ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གཏེར་ཆེན་པདྨ་གླིང་པའི་ གདན་ས་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་གཟིགས་ཞིབ་གནང་པར་ཆིབས་བསྐྱོད་གནང་པའི་སྐབས་ སྒང་

སྟེང་སྤྲུལ་སྐུ་སྐུ་འཕྲེང་༩ པ་ ཀུན་བཟང་པདྨ་རྣམ་རྒྱལ་མཆོག་གིས་གཙོས་པའི་བཤད་གྲྭའི་མཁན་པོ་དང་དགེ་ སློང་། སྒོམ་སྡེ་བཅས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་པའི་སྒོ་ལས་ཕེབས་བསུ་ཞུ་ནུག།

མི་དབང་མངའ་བདག་རིན་པོ་ཆེ་སྒང་སྟེང་དགོན་པ་ལུ་ཕེབས་པའི་སྐབས་ སྦྱེ་ནག་དང་ཕོབ་སྦྱིས། སྒང་སྟེང་

རྒེད་འོག་གསུམ་གྱི་མི་སེར་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་མཇལ་ཁ་ཐོབ་ནི་དེ་གིས་ ཐིམ་ཕུ་ལུ་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་མཇལ་བར་མ་ལྷོད་མི་ཚུ་གིས་གཙོས་པའི་དེ་ཁར་འཛོམས་མི་ མི་སེར་

ཆ་མཉམ་རང་བསམ་པ་རྫོགས་ཅི་ཟེར་ཞུཝ་ཨིན་མས། དེ་ཡང་མི་མང་ག་ར་གིས་མི་དབང་མངའ་བདག་རིན་པོ་ ཆེའི་ཞལ་མཇལ་གསུང་ཐོས་ཐོབ་པའི་ཁར་ སྐུ་པར་དང་རྟགས་རྒྱན་རྒྱལ་པོའི་སྐུ་པར་ཚུ་ཆ་མཉམ་ལུ་གནང་ནི་ དེ་གིས་མི་མང་ལུ་དགའ་སྤྲོ་ཚད་མེད་བྱུང་ནི་འདི་གིས་ཨིན་མས།

སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་ས་བཅགས་ཏེ་ སྤྱི་ལོ་༢༠༠༨ ཚུན་གྱི་བར་ན་མི་ལོ་༣༩༥ སོང་མི་

འདི་ ད་རེས་སྤྲུལ་སྐུ་སྐུ་འཕྲེང་༩ པ་ཀུན་བཟང་པདྨ་རྣམ་རྒྱལ་གྱིས་ཉམས་གསོ་ཞུ་གྲུབ་པའི་ཁར་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་ཆེད་དུ་སྒང་སྟེང་དགོན་པར་གཟིགས་སྐོར་གནང་པའི་དོན་དག་ཡང་ རྒྱལ་བརྒྱུད་

གཏེར་ཆེན་པདྨ་གླིང་པ་ལས་བརྒྱུད་པའི་གདན་ས་རྙིང་ཤོས་ཅིག་ཨིན་མི་དེ་ ཉམས་གསོ་བསྒྲུབས་པའི་དགའ་ སྟོན་དང་འབྲེལ་ ཐུགས་སྨོན་ཞུ་བའི་དོན་ལུ་ཕྱག་ཕེབས་གནང་ཡོདཔ་ཨིན་མས།

201


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་ས་ཉམས་བཅོས་བསྒྲུབས་པར་གཟིགས་ཞིབ་གནང་བ།

ལྔ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཀྲོང་གསར་རྫོང་ཁག་ནང་ཆིབས་བསྐྱོད་གནང་སྟེ་ ལྟ་རྫོང་ཉམས་

གསོ་ཞུ་ཚར་མི་སྒོ་འབྱེད་རྟེན་འབྲེལ་བརྩི་གནང་པའི་སྐོར་ལས་ཞུ་བ་ཅིན། སྤྱི་ལོ་༢༠༠༨ སྤྱི་ཟླ་༡༢ པའི་ཚེས་ ༩ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཀྲོང་གསར་ཁ་ཐུག་ཕེབས་པའི་སྐབས་ ལམ་བར་ན་ ཡུལ་མི་ ཕོ་མོ་རྒན་གཞོན་མེདཔ་ མང་རབས་ཅིག་གིས་ ལག་པར་ཤོ་སྒྲིག་མི་དང་ བསངས་བཏང་མི། ཐ་ན་གདན་ཁ་

གང་བཤམས་པའི་གདོང་ཁར་ཅན་སྟེགས་གུ་ དཀར་ཡོལ་ནང་ཨོམ་དང་ ཨ་རག་བཀང་སྟེ་ ཧིང་དྭངས་མའི་

དཀྱིལ་ལས་ མི་མང་གིས་མངའ་བདག་རྒྱལ་པོ་ལུ་བརྩེ་བ་ཡོད་པའི་ རྟགས་མཚན་སྟོན་མི་དེ་ལུ་ལྟ་སྟེ་རྩོམ་ སྒྲིག་པ་ཡང་རང་དབང་མེད་པར་ཧ་ལས་དགོཔ་བྱུང་ཡི། དེ་ཡང་ ད་ལྟའི་བར་ན་གཡས་དང་གཡོན་ལུ་བྱོན་པའི་

སྐབས་བླ་མ་ཚུ་ལུ་མ་གཏོགས་ མི་མང་གིས་བསུ་བ་དེ་སྦེ་ཞུ་སར་མ་མཐོང་རུང་ ད་རེས་ ལུང་པའི་རྒྱལ་པོ་ལུ་

དེ་བཟུམ་མའི་བརྩེ་གདུང་དང་གུས་ཞབས་ཞུ་སར་མཐོངམ་ད་ རྒྱལ་པོ་དང་འབངས་ཀྱི་ཐ་དམ་ཚིག་ག་ནི་ལས་ ཟབ་ཏོག་ཏོ་ཡོད་པའི་རྟགས་མཚན་དངོས་སུ་མཐོང་ཡི།

202


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་རྫོང་དང་ལྟ་རྫོང་གི་མཐོང་སྣང།

ཉིན་དགུང་ཆུ་ཚོད་༡༢ ལུ་ཀྲོང་གསར་རྫོང་ཁག་གིས་ ས་གནས་ཅན་དན་སྦྱིས་ལུ་ཕེབས་བསུ་ཞུ་སྟེ་ ཆུ་ཚོད་ ༡༢ དང་སྐར་མ་༡༥ ལུ་གསོལ་བ་དྲངས། ཆུ་ཚོད་༢ དང་༣ གྱི་བར་ན་གླང་འབྱོག་སྤང་ནང་གསོལ་ཇ་དྲང་

ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དཔོན་གཡོག་ཚུ་ མང་སྡེ་བ་ཟམ་བརྒྱུད་དེ་ཆོས་རྩེ་རྫོང་ནང་རང་ ལུགས་ཆིབས་གྲལ་ཐོག་ཕེབས་པའི་སྐབས་ཕྱག་ཞུ་མི་ཡང་ མང་སྡེ་ལུ་སྔར་སྲོལ་གྱི་ཆས་གོས་ཧོ་ལ་གནག་ ཅན་གྱོན་ཏེ་ བུན་དྲིལ་སེ་བསྐོར་རྐྱབ་མི་མི་སེར་༡༠ གྱིས་ཕྱག་ཞུ་སྟེ་ ནུབ་སྒོ་ར་ཁའི་ལྷ་དར་རྩ་བར་ཕེབས་

པའི་སྐབས་བློན་ཆེན་དང་བླམ་གནས་བརྟན་ བླ་སྤྲུལ་ཁག་དང་ཞི་བའི་དཔོན་ཁག་ཚུ་གིས་ཕྱག་དབང་བཅར་ ཏེ་ ཆིབས་གྲལ་ཁར་འཛུལ་ཡི།

དེ་སྐབས་ཀྲོང་གསར་རབ་སྡེ་དང་རྫོང་ཁག་ལས་འཛིན་ཚུ་གིས་ ཐོག་རོལ་དང་སེར་སྦྲེང་ཆིབས་གྲལ་རྒྱས་པ་ བསྒྲིགས་ཏེ་ཕེབས་བསུ་ཞུ་སྟེ་ཆིབས་གྲལ་ཀྲོང་གསར་རྫོང་ནང་ཕེབས་པའི་སྐབས་ རང་ལུགས་མར་ཆང་རྟེན་ འབྲེལ་གྱི་ཕུད་མ་གཏོར་བའི་ཧེ་མ་བྱིས་པའི་དཔའ་བོའི་བསྟོད་འཆམ་ཕུལ་ཏེ་ སེར་སྦྲེང་མཇུག་བསྡུ་ཞིནམ་ ལས་མར་ཆང་གི་ཕུད་གཏོར་ཏེ་ གཟིམ་ཁང་ནང་ཆིབས་བསྐྱོད་གནང་ཡི།

203


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཀྲོང་གསར་ལྟ་རྫོང་བསྐྱར་གསོ་སྒོ་འབྱེད་ཀྱི་དོན་ལུ་ མར་ཆང་རྟེན་འབྲེལ་གྱི་མཛད་སྒོ་བརྩི་གནང་བ།

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༢ པའི་ཚེས་༡༠ གྱི་དྲོ་པ་ཆུ་ཚོད་༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཆིབས་ གྲལ་དང་སེར་སྦྲེང་རྒྱས་པ་ བསྒྲིགས་ཐོག་ལས་ལྟ་རྫོང་གི་བརྡ་བྱང་རྩ་བར་ཕེབས་ད་ དང་པ་རང་ རབ་སྡེའི་ཁ་ ཐུག་ལས་ལྷ་བསངས་དང་ཁྲུས་གསོལ་ལས་རིམ་ཞུ་སྟེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ཕྱི་སྒོའི་

བརྡ་བྱང་སྒོ་འབྱེད་གནང་ཡི། ཆུ་ཚོད་༩ དང་སྐར་མ་༡༥ ལུ་ཆིབས་གྲལ་བཙར་ཏེ་མི་དབང་མངའ་བདག་རིན་

པོ་ཆེ་ལྟ་རྫོང་གི་མ་སྒོ་ཁར་ཕེབས་ཞིནམ་ལས་བཞེངས་སྟེགས་ཁར་བཞུགས་ཏེ་ མར་ཆང་རྟེན་འབྲེལ་བརྩི་སར་

ཀྲོང་གསར་རྫོང་བདག་དང་དྲང་དཔོན་ རབ་སྡེ་དྲུང་ཆེན་གསུམ་གྱིས་མར་ཆང་ཕུད་གཏོར་བའི་ཤུལ་ལས་ ལྟ་ རྫོང་གི་མ་སྒོར་ དར་ཚོན་སྣ་ལྔ་གིས་བརྒྱན་པའི་བར་ན་ དར་གྱི་མདུད་ཕོད་བཏབ་ཡོད་མི་དེ་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་གིས་ ཐུགས་སྨོན་དང་བཅས་པའི་སྒོ་ལས་ཁྱོལ་གནང་ཐོག་ལས་སྒོ་འབྱེད་རྟེན་འབྲེལ་ མཛད་གནང་ཡི།

204


ལེའུ་བཞི་པ་ གསེར་ཁྲི་མངའ་གསོལ་དང་དགའ་སྟོན་གྱི་རིམ་པ།

ཀྲོང་གསར་གྱི་ལྟ་རྫོང་འདི་ རྒྱལ་བརྒྱུད་རིམ་བྱོན་གྱི་འགྲེམས་སྟོན་ཁང་དུ་བསྒྱུར་བའི་སྒོ་འབྱེད་མཛད་གནང་པའི་བསྒང་།

རང་ལུགས་རྟེན་འབྲེལ་མཛད་སྒོའི་ཐོག་ལས་སྒོ་འབྱེད་གནང་བའི་ལྟ་རྫོང་འདི་ སྔར་མི་ལོ་མང་རབས་ཀྱི་བར་ ན་རྫོང་གི་ཆ་ཤས་ཅིག་ཨིན་ནི་དེ་གིས་ དཔོན་ཁག་གི་བཞུགས་གནས་དང་དགྲ་རྫོང་སྐབས་སྲུང་སྐྱོབས་ལ་

སོགས་པའི་དོན་ལུ་ལག་ལེན་འཐབ་དོ་ཡོད་མི་འདི་ ད་རེས་ལས་ཚུར་ རྒྱལ་བརྒྱུད་རིམ་བྱོན་གྱི་དམིགས་ བསལ་འགྲེམས་སྟོན་ཁང་སྦེ་བཟོ་གནང་སྟེ་ རྒྱལ་ཁབ་ནང་ག་ནི་ལས་རྩ་ཆེ་བའི་འགྲེམས་སྟོན་ཁང་ཅིག་ལུ་

གྱུར་ཡི། ཆུ་ཚོད་༩ དང་སྐར་མ་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ལྟ་རྫོང་གི་འགྲེམས་

སྟོན་ཚུ་རེ་རེ་བཞིན་དུ་གཟིགས་ཞིབ་གནང་སྟེ་ ཆུ་ཚོད་༩ དང་སྐར་མ་༤༥ ལུ་ ལྟ་རྫོང་བྱམས་པ་ལྷ་ཁང་ནང་ བཞུགས་གྲལ་ཕུན་སུམ་ཚོགས་པ་དང་མར་ཆང་ཕུད་གཏོར་བའི་མཛད་སྒོ་ཚུ་མཇུག་བསྡུ་སྟེ་ ཆུ་ཚོད་༡༠ དང་ སྐར་མ་༡༠ ལུ་གཟིགས་བསྐོར་འཕྲོ་མཐུད་དེ་གནང་ཞིནམ་ལས་ གསོལ་ཇ་འབྲས་སེར་ཚུ་སྐུ་མགྲོན་ཡོངས་ ལུ་དྲངས་ཏེ་ལས་རིམ་མཇུག་བསྡུ་ཡི།

205


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཉིན་དགུང་ཚོད་༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཆོས་འཁོར་རབ་བརྟན་རྩེའི་རྫོང་ནང་ ཆིབས་སྒྱུར་ གནངམ་ད་ རྫོང་གི་སྣུམ་འཁོར་བཞག་ས་ལས་ཆིབས་གྲལ་བཙར་ཏེ་ ཚེས་བཅུའི་རྡོ་གཅལ་ནང་མར་ཆང་ཕུད་

གཏོར་གནང་། ཆུ་ཚོད་༡༡ དང་སྐར་མ་༣༠ ལུ་མངའ་བདག་རིན་པོ་ཆེ་མཆོག་རྨུག་བཙན་དང་མགོན་པོ། ལྷ་ མོའི་གནས་ཁང་། དགའ་རབ་དབང་ཕྱུག་གི་གནས་ཁང་ཚུ་ནང་སྙན་དར་ཕུལ་བར་ཕེབས་ཅི། ཆུ་ཚོད་༡༡ དང་ སྐར་མ་༥༠ ལུ་གཟིམ་ཅུང་གོང་མར་ མར་ཆང་ཕུད་གཏོར་བའི་ཤུལ་ལས་ ཉིན་དགུང་ཆུ་ཚོད་༡༢ དང་སྐར་མ་

༡༠ ལུ་མི་དབང་འབྲུག་རྒྱལ་རིམ་བྱོན་གྱི་ཕོ་བྲང་ནང་སྦེ་ མངའ་བདག་རིན་པོ་ཆེ་མཆོག་ལུ་སྐུ་གསུང་ཐུགས་ རྟེན་དང་མཎ་ཌལ་ཚུ་ཕུལ་ཡི།

དེ་སྐབས་ ཕོ་བྲང་དེ་ནང་དཔལ་འབྲུག་ཞིབ་འཇུག་ལྟེ་བའི་འགོ་འདྲེན་ཐོག་ལས་བརྩམས་པའི་ སྡེ་སྲིད་འཇིགས་ མེད་རྣམ་རྒྱལ་གྱི་རྟོགས་བརྗོད་གསར་བརྩམས་ཀྱི་དེབ་དང་ དཔེ་མཛོད་ཀྱི་འགོ་འདྲེན་ཐོག་སྤར་བསྐྲུན་འབད་

བའི་ སྐྱབས་མགོན་བྱང་ཆུབ་བརྩོན་འགྲུས་ཀྱི་ཞལ་གདམས་ ཕྱག་རྫོགས་དབུ་གསུམ་གྱི་སྐོར་ལས་གསལ་ ཡོད་པའི་དེབ་གཉིས་པོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གསར་བཏོན་མཛད་གནང་སྟེ་ དེ་ཁར་

འཛོམས་མི་ཚུ་ལུ་བཀྲམ་སྤེལ་མཛད་ཅི། ཆུ་ཚོད་༡༢ དང་སྐར་མ་༤༠ ལུ་གསོལ་བ་དྲང་པའི་སྐབས་མི་མང་ ལུ་ལྟོ་ཁ་དང་དགའ་སྟོན་ལྟད་མོའི་དོན་ལུ་ཡུལ་ཕྱོགས་སོ་སོའི་གླུ་གཞས་ཚུ་སྤྱན་འབུལ་ཞུ་ཡི།

ཉིན་རྗེས་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་ཏེ་བློན་ཆེན་དང་གཞུང་གཡོག་པ་ལེ་ ཤ་ཅིག་མདའ་རྩེད་ཉིནམ་ཅིག་རང་གནང་སྟེ་ཐུགས་སྤྲོ་གནང་ཐོག་ལས་ ལྟ་རྫོང་སྒོ་འབྱེད་ཀྱི་ལས་རིམ་མཇུག་ བསྡུ་གནང་ཡི། དེ་དང་གཅིག་ཁར་ ལེའུ་བཞི་པ་གསེར་ཁྲི་མངའ་གསོལ་ཞུ་བའི་མཛད་རིམ་དངོས་ཀྱི་སྐོར་ལས་ བཤད་ཚརཝ་ཨིན་ནོ། །སྤྱི་མཐུན་བསོད་ནམས་སྟོབས་ལས་ལེགས་བསྐྲུན་པའི། །སྤྱི་ནོར་མི་དབང་མངའ་བདག་

ཆོས་རྒྱལ་མཆོག །སྤྱི་ལོ་ཉིས་སྟོང་བརྒྱད་ལུ་མངའ་གསོལ་གཏམ། །སྤྱི་དོན་སྙིང་ལ་བཅངས་ཏེ་བཤད་ཟིན་ཏོ། །ཟེར་མི་དེ་ཡང་བར་གྱི་ཚིགས་བཅད་དོ།།

206


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

207


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་ བརྩི་སྲུང་། ༈

མཚར་མཚར་གངས་རིས་བསྐོར་བའི་ནགས་ལྗོངས་འདིར། །བརྗིད་བརྗིད་ཆོས་རྒྱལ་མངའ་གསོལ་ཞུ་

བའི་དུས། །ལྷང་ལྷང་དྲན་པའི་དགའ་སྟོན་མཛད་སྒོ་འདི། །ཡང་ཡང་ཡིད་ལ་དྲན་ཏེ་བཤད་ཀྱིས་ཉོན། །ཟེར་བའི་ ཚིགས་བཅད་ཀྱིས་བསུས་ཏེ་ ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་རྗེས་དྲན་བརྩི་སྲུང་མཛད་སྒོའི་

རིམ་པ་གསལ་བཤད་ཞུ་ནི་ལུ་ དགེ་འདུན་གྲྭ་ཚང་དང་དགོན་སྡེ་ཚུ་ལས་དབུ་བཙུགས་ཏེ་གཞུང་གི་ལྷན་ཁག་ དང་ཞི་དྲག་ལས་ཁུངས་ཁག། ཕྱོགས་ཀྱི་རྫོང་ཁག་ཚུ་དང་ལས་འཛིན། སྒེར་སྡེ་དང་སྒེར་པ། རྒྱལ་ཁབ་ནང་ བཞུགས་ཕྱི་རྒྱལ་སྐུ་ཚབ་ཡིག་ཚང་དང་ ཕྱིའི་རྒྱལ་ཁབ་ཁག གཞན་ཡང་མི་སེར་དང་ལེན་ཚོགས་པ་ལ་སོགས་

པའི་སྡེ་ཚན་ཁག་མ་འདྲཝ་༤༣ དེ་ཅིག་གིས་དུས་སྟོན་རྗེས་དྲན་བརྩི་སྲུང་མཛད་ཚུལ་ཚུ་ གོ་རིམ་བཞིན་དུ་སྦེ་ གསལ་བཤད་ཞུ་ནི་ཨིན།

དང་པ་ གྲྭ་ཚང་དང་ཆོས་སྡེ་ཚུ་གི་ཁ་ཐུག་ལས། ༡

གཞུང་གྲྭ་ཚང་དང་ཆོས་སྡེའི་ཁ་ཐུག་ལས་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་

བའི་དུས་སྟོན་དང་འབྲེལ་ མཛད་སྒོ་དེ་སྐབས་འགལ་རྐྱེན་བར་ཆད་སེལ་ཐབས་ལུ་ སྐྱབས་རྗེ་རྗེ་མཁན་ རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལས་ རྫོང་ཁག་ཉི་ཤུ་པོའི་རབ་སྡེ་དང་གཞུང་གྲྭ་ཚང་སྤྱི་མཐུན་ཐོག་ ལས་ བསྟན་སྤྱིའི་སྐུ་རིམ་རྒྱ་ནག་སྤྱི་མདོས་གནང་ཡི།

ཞིང་གཤེགས་གྲུབ་དབང་བླ་མ་བསོད་ནམས་བཟང་པོའི་ཞལ་ཆེམས་དང་འཁྲིལ་ཏེ་ རྒྱལ་པོའི་སྲུང་ འཁོརཔ་སྐུ་བགྲེས་སློབ་རྒྱལ་མཚན་གྱིས་འགོ་འདྲེན་ཐོག་ ཀུན་མཁྱེན་པདྨ་དཀར་པོའི་མཐོང་གྲོལ་ རིང་ཚད་ཕིཀྲ་༩༠ དང་རྒྱ་ཚད་ཕིཀྲ་༨༩ འབད་མི་ཅིག་གསར་བཞེངས་མཛད་ནུག།

208


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

གཞུང་གྲྭ་ཚང་ཁ་ཐུག་ལས་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་གྱི་ལས་རིམ་ ཇར་མཱན་དང་ཨཱས་ ཀྲི་ཡ་གཞུང་གི་མ་དངུལ་རོགས་རམ་ཐོག་ལས་བདེ་ཆེན་ཆོས་གླིང་སྤང་རི་ཟམ་པར་སྤྱི་ལོ་༢༠༠༨

སྤྱི་ཟླ་༡༡ པའི་ཚེས་༤ ལུ་གཞུང་གྲྭ་ཚང་གི་ཡན་ལག་གཞུང་རྩིས་སློབ་སྦྱོང་འབད་སའི་སྤེལ་ཁང་གི་

གྲྭ་ཤག་གསར་བཞེངས་མཛད་མི་དེ་བསྒྲུབས་པའི་དགའ་སྟོན་དེ་ཡང་ ཁྲི་མངའ་གསོལ་དུས་དྲན་ལུ་ མཛད་ནུག། ༣

གཞུང་གྲྭ་ཚང་གིས་ཟད་འགྲོ་མ་དངུལ་ས་ཡ་༢ བཏང་སྟེ་བཀང་ལུང་ཐུབ་བསྟན་ཆོས་འཁོར་གླིང་བཤད་

གྲྭའི་ས་ཁོངས་ནང་ དགེ་བསྙེན་གནས་ཁང་ཅིག་གསར་དུ་བཞེངས་པའི་རབ་གནས་སྤྱི་ཟླ་༡༠ པའི་

ཚེས་༡༥ ལུ་རབ་གནས་གནང་མི་དེ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་ དུས་སྟོན་གྱི་དོན་ལུ་ཨིན་མས།

༤ གཞུང་གི་མ་དངུལ་ཐོག་ ལྷོ་མཚམས་གསར་སྤང་ལུ་ འཇིགས་མེད་ཆོས་གླིང་ལྷ་ཁང་གསར་དུ་ བཞེངས་ཏེ་བསྒྲུབས་པའི་རབ་གནས་སྤྱི་ཚེས་༡༧/༡༢/༠༨ ལུ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དབུ་ བཞུགས་ཐོག་ལས་འཇིགས་མེད་ཆོས་གླིང་རབ་སྡེ་དམངས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ལུ་ཨིན་མས། ༥

ཆོས་མཐུན་ཚོགས་པ་གིས་འགོ་འདྲེན་འཐབ་ཐོག་ལས་ རྩི་རང་འགྲམ་ཕུག་ལྷ་ཁང་ནང་ གུ་རུ་

སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་མཐོ་ཚད་ཕིཀྲ་༩ འབད་མི་ཅིག་གསར་བཞེངས་གནང་སྟེ་ སྤྱི་ཚེས་

༡༠/༩/༠༨ ལུ་རབ་གནས་ཕུལ་མི་དེ་ལུ་ཟད་འགྲོ་མ་དངུལ་འབུམ་༥ དང་སྟོང་ཕྲག་༧༧ ལྷགཔ་ ཅིག་གནས་མི་དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་

རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་གྱི་དོན་ལུ་ཨིན་ཟེར་སྤྱི་ཚེས་༡༣/༩/༠༨ ཀྱི་ཀུན་གསལ་ ནང་བཀོད་ནུག། ༦

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་

བའི་དུས་སྟོན་ལུ་ སྒང་སྟེང་གསང་སྔགས་ཆོས་གླིང་ལྷ་ཁང་བསྐྱར་བཞེངས་བསྒྲུབས་པའི་རབ་གནས་

209


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྤྱི་ཚེས་༢༩/༩/༠༨ ལས་༡༨/༡༠/༠༨ ཚུན་ཉིན་གྲངས་༢༠ འི་རིང་སྒྲུབ་ཆེན་རབ་གནས་དང་དགའ་

སྟོན་ལས་རིམ་སྒང་སྟེང་སྤྲུལ་སྐུ་མཆོག་གིས་འགོ་འདྲེན་དང་འགྲོ་གྲོན་ཐོག་ལས་མཛད་དེ་སྒོ་འབྱེད་ རབ་གནས་རྟེན་འབྲེལ་གྱི་སྐུ་མགྲོན་གཙོ་བོ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གདན་འདྲེན་ཞུ་ སྟེ་བརྩི་སྲུང་མཛད་ནུག།

༧. ཀ བསམ་གྲུབ་ལྗོངས་མཁར་ཆ་འདུས་ འཇམ་དཔའ་ཎི་ བདུད་འཇོམས་ཆོས་འཁོར་གླིང་གི་

ཆོས་ སྡེ་ནང་ བླ་མ་ཨོ་རྒྱན་རྣམ་གྲོལ་གྱིས་འགོ་འདྲེན་ཐོག་ལས་ བཤད་གྲྭའི་མཁན་པོ་དང་

དགེ་སློང་ ཨ་ནེ། སྒོམ་ཆེན་བཅས་པ་མི་གྲངས་༨༥ གིས་སྤྱི་ཚེས་༦/༡༡/༠༨ ལས་༨/༡༡/༠༨

ཚུན་ཐིམ་ཕུ་ལུ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་ཆེན་དང་ འཁྲིལ་ཏེ་ བརྩི་སྲུང་ཉིན་གྲངས་གསུམ་གྱི་རིང་ཞུ་ནུག།

དེ་ཡང་ མངའ་བདག་རིན་པོ་ཆེའི་ སྐུ་པར་རྟེན་གྱི་ཚུལ་ལུ་གདན་འདྲེན་ཞུ་སྟེ་ བཞུགས་གྲལ་ ཕུན་སུམ་ ཚོགས་པ་དང་ དཀར་མེ་སྟོང་མཆོད་ཚུ་སྐུ་ཚེ་ཞབས་པད་བརྟན་པའི་དོན་ཕུལ་

ཞིནམ་ལས་ མི་མང་ལུ་དགའ་སྟོན་གྱི་དོན་ལུ་ ཨ་ཅེ་ལྷ་མོ་ཟེར་བའི་འཁྲབ་སྟོན། ཆོས་བྱང་དགྲ་

འདུལ་དང་ བཀྲ་ཤིས་ཕུན་སུམ་ཚོགས་པའི་གར་འཆམ་ཚུ་དང་ འབྲུག་སེང་གེ་རྫོང་གི་གཏེར་ འཆམས་དང་ མི་དབང་མངའ་བདག་རིན་པོ་ཆེ་ སྐུ་ཚེ་བསྲིང་སྟེ་ ཕྲིན་ལས་དར་ཞིང་རྒྱས་པའི་

དོན་ལུ་ ཆོས་དམངས་ཀྱིས་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ལས་ཞབས་བརྟན་བསྒྲུབས་ཅི་ ཟེར་ཨིན་པས། དེ་བཟུམ་ཉིནམ་གསུམ་པ་ལུ་ གུ་རུའི་ཚོགས་མཆོད་དང་ མི་མང་ལུ་པད་གླིང་

གིང་གསུམ་དང་ དགྲ་མེད་རྩེའི་རྔ་འཆམས། དཔའ་འཆམ་ཚུ་གི་ལྟདམོ་སྟོན་ཐོག་ལས་བརྩི་ སྲུང་ཞུ་ནུག།

ཁ ཆོས་སྡེ་དེ་ནང་ལས་འཇམ་མགོན་བླ་མ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་མཚན་སྦྱར་གྱི་

བསྟོད་པ་ དབྱར་གྱི་རྔ་གསང་ཟེར་མི་ཅིག་རྩོམ་སྒྲིམ་གནང་སྟེ་ བཀྲམ་སྤེལ་མཛད་ནུག། བསྟོད་ རྩོམ་དེ་ནང་། བདུད་བཞི་ལས་རྒྱལ་འཇིགས་མེད་རྫོགས་སངས་རྒྱས། །ཕན་བདེའི་གེ་སར་ལུང་

210


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

རྟོགས་དམ་པའི་ཆོས། །སྲིད་ལས་རྣམ་འདྲེན་རྒྱལ་སྲས་དགེ་འདུན་སྡེས། །དབང་ཕྱུག་རྒྱལ་

རབས་ལྔ་པར་དགེ་ལེགས་རྩོལ། །ཟེར་མི་གིས་འགོ་བཙུགས་ཏེ་ཤོ་ལོ་ཀ་༦༨ བརྩམས་མི་དེ་ ནང་མི་དབང་མངའ་བདག་རིན་པོ་ཆེའི་སྐུ་གསུང་ཐུགས་དང་ གནས་ དུས་ འཁོར་ཕུན་སུམ་ ཚོགས་མི་ལུ་སྦྱར་ཏེ་ཞབས་བརྟན་རྒྱས་པར་མཛད་ཐོག་ལས་བརྩི་སྲུང་ཞུ་ནུག།

ག གླང་ཆེན་ཕུག་རྒེད་འོག་ལུ་འབད་ འཇམ་མགོན་བླ་མ་གིས་གཙོས་པའི་ཆོས་གྲངས་༡༠༠ གིས་ སྤྱི་ཚེས་༡༨/༡༡/༠༨ ལུ་གསེར་ཁྲི་མངའ་གསོལ་བའི་ཞབས་བརྟན་དོན་ལུ་བཀའ་འགྱུར་ནུག།

ང གསེར་ཐིག་སྒོམ་སྡེའི་ལྷ་ཁང་བཞེངས་ཏེ་བསྒྲུབས་པའི་རབ་གནས་འཇམ་མགོན་བླ་མ་གིས་

གཙོས་པའི་ཆོས་གྲངས་༣༥ གིས་སྤྱི་ཚེས་༨/༡༢/༠༨ ལུ་གནང་མི་དེ་ཡང་ཁྲི་མངའ་གསོལ་ བའི་དོན་ལུ་ཨིན་ཟེར་བཀོད་ནུག།

ཅ སྤྱི་ཚེས་༩/༡༢/༠༨ དང་༡༠/༡༢/༠༨ ཉིནམ་གཉིས་གསེར་ཐིག་བཀྲ་ཤིས་ཕོ་བྲང་གི་གནས་ བསྐོར་དང་འབྲེལ་ཏེ་ཚོགས་འཁོར་མི་གྲངས་༡༠༠ ལྷགཔ་ཅིག་གིས་གནང་མི་དེ་གསེར་ཁྲི་ མངའ་གསོལ་བའི་དོན་ལུ་ཨིན་ཟེར་བཀོད་ནུག།

ཆ ལའུ་རི་ལུ་མོམ་རིང་ལྷ་ཁང་གསར་བཞེངས་བསྒྲུབས་པའི་རབ་གནས་འཇམ་མགོན་བླ་མ་གིས་ གཙོས་པའི་ཆོས་པ་ཚུ་གིས་ སྤྱི་ཚེས་༡༡/༡༢/༠༨ ལས་ཉིནམ་གཉིས་ཚེས་བཅུ་གར་འཆམ་ དང་༡༣/༡༢/༠༨ ལུ་རོལ་ནང་སྒོམ་སྡེ་ལྷ་ཁང་གི་ལྡེབ་རིས་བསྒྲུབས་པའི་རབ་གནས། སྤྱི་ ཚེས་༡༤/༡༢/༠༨ ལུ་ཕ་ཇོ་དགོན་དམངས་ཀྱི་ལྷ་ཁང་གི་ལྡེབ་རིས་བསྒྲུབས་པའི་རབ་གནས།

༡༤/༡༢/༠༨ ལུ་ལར་རྒྱབ་ཐེར་འབུམ་ལྷ་ཁང་ཉམས་གསོ་བསྒྲུབས་པའི་རབ་གནས་ གནང་ མི་དེ་ཚུ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ལུ་ཨིནམ་སྦེ་སྙན་ཞུ་ནང་བཀོད་ནུག།

ཇ སྤྱི་ཚེས་༡༧/༡༢/༠༨ འཇམ་མགོན་བླ་མ་གིས་གཙོས་པའི་ཆོས་གྲངས་༥༠ གིས་གླང་ཆེན་

ཕུག་ལུ་ རྩ་གསུམ་ཚོགས་འཁོར་དང་འབྲུག་ཡུལ་བདེ་བའི་སྨོན་ལམ་གནང་ཐོག་ལས་གསེར་

211


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁྲི་མངའ་གསོལ་གྱི་དུས་དྲན་ཞུ་ནུག། ཉ གླང་ཆེན་ཕུག་ལྷ་ཁང་གསར་བསྐྲུན་གྱི་ས་བསླངས་དང་ པདྨ་ཐང་ལྷ་ཁང་གསར་བསྐྲུན་གཉིས་

ས་བསླངས་མཛད་མི་ཚུ་ཡང་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་ སྟོན་ལུ་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ཁོ་རའི་སྐུ་སྒེར་འགྲོ་སོང་གནང་སྟེ་ དུས་རྒྱུན་འཆི་མེད་ལྷ་ཁང་ནང་གནང་ སྲོལ་ཡོད་པའི་ཚོགས་འབུམ་ དུས་ཅི་རང་ཟླ་༤ པའི་ཚེས་༡༦ ལས་འགོ་བཙུགས་ཏེ་ཐིམ་ཕུ་བདེ་ ཆེན་ཕོ་བྲང་ལུ་ཉིན་གྲངས་གསུམ་གྱི་རིང་ སྐྱབས་རྗེ་ཁོ་ར་དབུ་བཞུགས་ཐོག་ལས་དགེ་འདུན་པ་

ཞལ་གྲངས་༥༠༠ གིས་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འབུམ་བཏོན་

གནང་དགོ་པའི་གནད་དོན་ཡང་ འབྲུག་རྒྱལ་ཁབ་ནང་རྒྱལ་བརྒྱུད་རིང་ལུགས་དབུ་བཙུགས་གནང་

ནི་དེ་གིས་ འབྲུག་མི་ཚུ་ལུ་ཕན་བདེའི་གཏེར་སྒོ་ཕྱེ་སྟེ་མི་ལོ་བརྒྱ་ཕྲག་འཁོར་བའི་དགའ་སྟོན་གཏང་ རག་དང་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་མཛད་སྒོའི་སྐབས་འགལ་ རྐྱེན་བར་ཆད་སེལ་བའི་དོན་ལུ་དམིགས་ཏེ་ཚོགས་འབུམ་བཏོན་གནང་ནུག། ༩

ཀུར་སྟོད་སྟག་སྐད་ལའི་ཨོ་རྒྱན་མདོ་སྔགས་ཆོས་གླིང་གིས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་ཆེན་སྐབས་ འབྲུག་གི་རྒྱལ་བློན་འབངས་ གསུམ་ཆ་མཉམ་གྱིས་དུས་སྟོན་བརྩི་སྲུང་ཚུལ་བཞིན་ཞུ་བའི་སྐུ་དྲིན་གཏང་རག་ལུ་མཁན་པོ་དཀར་པོ་

དབུ་བཞུགས་ཐོག་ལས་ ཉིན་གྲངས་༩ འི་རིང་གཏེར་གསར་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ལས་ སྒྲུབ་ཆེན་ཅིག་བཙུགས་གནང་ནུག།

212


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

གཉིས་པ་ ནང་སྲིད་ལྷན་ཁག་ཁ་ཐུག་ལས། ༡

ནང་སྲིད་ལྷན་ཁག་གི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཁྲི་མངའ་གསོལ་བའི་དོན་ ལས་ ལས་རིམ་དང་པ་ སྤྱི་ལོ་༢༠༠༧ ལས་ལཱ་འགོ་བཙུགས་ཏེ་སྤྱི་ལོ་༢༠༠༨ སྤྱི་ཟླ་༡༠ པའི་ཚེས་

༧ ལུ་བསྒྲུབས་མི་ཐིམ་ཕུ་རྫོང་གི་ཕྱི་ཁར་རྟེན་འབྲེལ་ཐང་ཟེར་ མི་གྲངས་སྟོང་ཕྲག་ལེ་ཤ་གཅིག་ཁར་

ཤོང་པའི་རྫོང་གི་ཡན་ལག་ཅིག་ གསར་དུ་བཞེངས་ནུག། དེ་ཡང་གསེར་ཁྲི་མངའ་གསོལ་གྱི་སྐབས་ མི་སེར་གྱིས་ཁྲི་དར་ཕུལ་ས་དང་ དེ་ལས་ཕར་ལོ་བསྟར་ཐིམ་ཕུ་ཚེས་བཅུའི་དོན་ལག་ལེན་འཐབ་ནི་

ཨིན་མི་དེ་བསྒྲུབས་པའི་དགའ་སྟོན་མཛད་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་ གསོལ་བའི་དུས་དྲན་གྱི་དོན་ལུ་ཨིན་པས།

ཆེད་དུ་བཞེངས་པའི་ བཀྲ་ཤིས་ཆོས་རྫོང་གི་ཡན་ལག་ རྟེན་འབྲེལ་ཐང་ནང་བཅའ་སྒྲིག་རྐྱབ་པའི་བསྒང་།

སྤྱི་ལོ་༢༠༠༧ ལས་ལཱ་འགོ་བཙུགས་ཏེ་༢༠༠༨ ལུ་བསྒྲུབས་ཡོད་མི་ཐིམ་ཕུ་རྫོང་གི་གསེར་ཏོག་

ནང་གི་གཟུངས་ཞུགས་དང་ ཕྱི་ཁར་གྲང་གསེར་ངོ་མ་ཕུལ་ཐོག་ལས་བསྐྱར་བཞེངས་འབད་ནུག། དེ་

213


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཡང་ ཧེ་མའི་གཟུངས་ཞུགས་རྙིངཔ་ཐལ་བའི་ཁར་ ཕྱི་ཁར་བཀྲག་རྩི་མ་གཏོགས་གྲང་གསེར་མེད་ ནི་དེ་གིས་མི་དབང་མངའ་བདག་རིན་པོ་ཆེའི་མངའ་ཐང་དགུང་དུ་རྒྱས་པའི་དོན་ལུ་ཨིན་པས། ༣

བཀྲ་ཤིས་ཆོས་རྫོང་ནང་སྔར་གྱི་གསེར་ཁྲི་རྣམ་རྒྱལ་ཁང་བཟང་འདི་སྤྱི་ལོ་༢༠༠༧ ལས་ལཱ་འགོ་

བཙུགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེའི་དབུ་འཕང་སྔར་ལས་མཐོ་བའི་དོན་ལུ་དམིགས་ཏེ་ ད་ རིས་ནངས་པའི་དཔལ་འབྱོར་གནས་ཚད་དང་བསྟུན་ཏེ་བཟོ་བཀོད་ཕུན་སུམ་ཚོགས་པ་བསྐྱར་གསོ་ཞུ་ ནུག།

༤ ཅང་གླིང་མའི་ཐང་གི་རྣམ་རྒྱལ་མཆོད་རྟེན་དེ་ གཟུངས་ཞུགས་དང་རབ་གནས་ཚུ་རྩ་ཆེ་ཏོག་ཏོ་ཡོད་

རུང་ དུས་ཡུན་ལེ་ཤ་སོང་ནི་དེ་གིས་གཟི་མདངས་རྒྱས་པའི་ཆེད་དུ་ཕྱིའི་ན་བཟའ་ཕུལ་བའི་ཁར་ སྦོ་ ལོགས་ཁར་བསངས་ཐབ་བཅས་པ་གསར་བཞེངས་གནང་ནུག།

ནང་སྲིད་ལྷན་ཁག་གིས་ སྤྱི་ལོ་༢༠༠༥ ལས་འགོ་བཙུགས་ཏེ་ སེམས་རྟོགས་ཁའི་རྫོང་ཉམས་གསོ་

ཞུ་སྟེ་ རྫོང་ནང་ཞབས་དྲུང་ལྷ་ཁང་དང་ སངས་རྒྱས་ལྷ་ཁང་གཉིས་དང་ དགེ་སློང་༨༠ འི་གྲྭ་ཤག་ ཚོགས་ཁང་བཅས་པ་གསར་ཐེབས་བཞེངས་ཡོདཔ་ཨིན་པས། རྒྱ་གཞུང་གི་རོགས་རམ་ཐོག་ལས་ བཞེངས་མི་རྫོང་དེ་གི་ཟད་འགྲོ་ཡང་དངུལ་ཀྲམ་ས་ཡ་༡༠༡༦༧༥ གནས་ཡོདཔ་ཨིན་པས།

རྫོང་གི་ཉམས་གསོའི་ལཱ་བསྒྲུབས་པའི་རབ་གནས་ཡང་ སྤྱི་ལོ་༢༠༠༨ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་

སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་མཛད་གནང་

ནུག། མི་ལོ་༣༧༩ སོང་ཡོད་པའི་སེམས་རྟོགས་ཁའི་རྫོང་འདི་ འགོ་དང་པ་ སྤྱི་ལོ་༡༦༢༩ ལུ་ཞབས་ དྲུང་རིན་པོ་ཆེ་གིས་བཞེངས་གནང་ནུག། ཤུལ་ལས་ འབྲུག་རྒྱལ་དང་པའི་ཡབ་སྡེ་སྲིད་འཇིགས་མེད་ རྣམ་རྒྱལ་གྱི་བཞུགས་གནས་ཡང་དེ་ནང་མཛད་ཡོདཔ་ཨིན་མས།

214


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཆོས་རྗེ་འབྲུག་པའི་གདན་ས་རྙིང་ཤོས་སེམས་རྟོགས་ཁ་ཉམས་གསོ་བསྒྲུབས་པའི་རབ་གནས།

མི་དབང་མངའ་བདག་རིན་པོ་ཆེའི་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་མཛད་སྒོའི་དོན་ ལུ་ སྤྱི་ཟླ་༦ པའི་ཚེས་༢༥ ལས་འགོ་བཙུགས་ཏེ་ ཨ་མི་རི་ཀའི་རྒྱལ་ས་ ཝ་ཤིང་ཀྲོན་ལུ་ཡོད་པའི་

སི་མིཐ་སོ་ནི་ཨོན་གྱི་དུས་སྟོན་ཐེངས་༤༢ པའི་ནང་བཅའ་མར་གཏོགས་ཏེ་འབྲུག་གི་སྒྱུ་རྩལ་དུས་སྟོན་ པར་རིས་ཚུ་གི་འགྲེམས་སྟོན་ཞུ་ནུག། འགྲེམས་སྟོན་དེ་ཁར་འབྲུག་ལུགས་ལྷ་ཁང་ཅིག་གིས་གཙོས་

པའི་ སྔར་སྲོལ་བཟང་པོའི་དངོས་ཅན་དང་དངོས་མེད་གཉིས་ཆ་རའི་སྒྱུ་རྩལ་ཚུ་སྟོན་པའི་སྐབས་ཕྱི་མི་ ས་ཡ་ལས་བཅད་དེ་གྲལ་གཏོགས་འབད་ནུག། (དངོས་ཅན་ཟེར་མི་དེ་བཟོ་བཀོད་ལ་སོགས་པ་མངོན་

སུམ་མཐོང་ཡུལ་ལུ་ཡོད་མི་དང་ དངོས་མེད་ཟེར་མི་འདི་ངག་ཐོག་གི་ལམ་སྲོལ་དང་ཐ་དམ་ཚིག་ལ་ སོགས་པ་སེམས་ཐོག་ལུ་ཡོད་པའི་ལམ་སྲོལ་ལུ་གོ་ནི་ཨིན་པས)

215


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁྲི་མངའ་གསོལ་བའི་དུས་སྟོན་ལུ་ དགོངས་རྫོགས་མཆོད་རྟེན་ཉམས་གསོ་བསྒྲུབས་པའི་རབ་གནས།

216


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

༧ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ཁ་ཐུག་ལས་ཐིམ་ཕུའི་དགོངས་རྫོགས་མཆོད་རྟེན་འདི་ཉམས་ཆག་ སྦོམ་མ་ཤོར་རུང་ ས་ཁོངས་རྒྱ་ཆུང་ནི་དེ་གིས་ ཆོས་ཕྱོགས་ཀྱི་ལཱ་རིགས་འབད་བའི་བྱ་སྟབས་བདེ་

བའི་ཆེད་དུ་ རྒྱ་བསྐྱེད་དང་བསྐྱར་གསོ་འབད་བའི་མ་དངུལ་ཡང་གཞུང་ལས་དངུལ་ཀྲམ་འབུམ་༢༩༣ དང་སྟོང་༢༩ བཏང་སྟེ་སྤྱི་ཚེས་༡༦/༢/༠༨ ལས་ལཱ་འགོ་བཙུགས་ཏེ་༢༨/༦/༠༨ ལུ་བསྒྲུབས་པའི་

རབ་གནས་ཡང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་གནང་པའི་སྐབས་སྐུ་མགྲོན་གཙོ་བོ་ འབྲུག་རྒྱལ་བཞི་པ་དང་རྒྱལ་ཡུམ་སྐུ་བགྲེས་རྣམ་གཉིས་ཀྱིས་གཙོས་སྐུ་འཁོར་ལྷན་རྒྱས་ག་ར་བྱོན་ ཏེ་སྒོ་འབྱེད་རབ་གནས་མཛད་གནང་ནུག།

ཁྲི་མངའ་གསོལ་བའི་དུས་སྟོན་དོན་ བདེ་ཆེན་ཕུག་དགེ་བསྙེན་གནས་ཁང་ཉམས་གསོ་བསྒྲུབས་པའི་རབ་གནས།

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ཐིམ་ཕུ་བདེ་ཆེན་ཕུའི་ལྷ་ཁང་ཉམས་གསོ་བསྒྲུབས་པའི་ དགའ་སྟོན་མཛད་ནུག། བདེ་ཆེན་ཕུ་དགེ་བསྙེན་གནས་ཁང་དེ་དུས་རབས་༡༣ པའི་ནང་ཕ་ཇོ་འབྲུག་

217


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྒོམ་ཞིག་པོའི་སྲས་དམ་པ་གིས་བཞེངས་པའི་ལྷ་ཁང་རྙིངཔ་ཅིག་ཨིན་ནི་དེ་གིས་ ད་རེས་འབྲུག་ གཞུང་གིས་མ་དངུལ་ས་ཡ་༣༥ བཏང་ཐོག་ལས་བསྐྱར་བཞེངས་མ་བཏུབ་བཏུབ་སྦེ་ཞུ་བའི་ལཱ་

འགོ་ཡང་སྤྱི་ཚེས་༢༥/༡༠/༠༥ ལས་བཙུགས་ཏེ་གོང་ཚེས་ལུ་བསྒྲུབས་པའི་རབ་གནས་གནང་པའི་

སྐབས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ཞབས་བཅགས་མཛད་པའི་ཁར་རབ་གནས་སྐབས་མི་ མང་སྟོང་ཕྲག་སྦེ་འཛོམས་ཡོད་མི་དེ་ཁྲི་མངའ་གསོལ་དུས་དྲན་ལུ་དམིགས་ཏེ་ཨིན་མས། ༩

ནང་སྲིད་དང་དཔེ་མཛོད་ འབྲུག་འགྲེམས་གསུམ་ཀྱི་ཁ་ཐུག་ལས་སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་

༡༨ ལུ་ཐིམ་ཕུ་ཀ་ཝང་བྱང་སའི་ཅ་རྙིང་འགྲེམས་སྟོན་ཁང་ནང་འབྲུག་འགྲེམ་གྱི་ཁ་ཐུག་ལས་ འབྲུག་ རྒྱལ་གསུམ་པ་དང་རྒྱལ་ལྕམ་བཀྲ་ཤིས་མངའ་གསོལ་མཛད་པའི་སྐབས་ཀྱི་པར་རིགས་འགྲེམས་

སྟོན་སྒོ་འབྱེད་འབད་བའི་རྟེན་འབྲེལ་བརྩི་གནང་མི་དེ་ཡང་ཁྲི་མངའ་གསོལ་བའི་དུས་དྲན་ལུ་ཨིན་

པས། དུས་སྟོན་དེ་དང་འཁྲིལ་ཏེ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་འགོ་འདྲེན་ཐོག་ འབྲུག་རྒྱལ་ གསུམ་པ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་མཛད་རྣམ་རྟོགས་བརྗོད་བྲིས་པའི་དེབ་ མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པའི་སྲས་མོ་ ཨ་ཞེ་པདྨ་ལྷ་སྒྲོན་མཆོག་གིས་གསར་ བཏོན་མཛད་གནང་ཡི། ༡༠

ཀྲོང་གསར་རྫོང་ཁག་ཁ་ཐུག་ལས་ ཨཱས་ཀྲི་ཡ་གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ཀྲོང་གསར་ ལྟ་རྫོང་ཉམས་གསོ་ཞུ་སྟེ་སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ལྟ་རྫོང་ཐོག་ཚད་༥ འབད་མི་དེ་ཉམས་གསོ་ ལེགས་ཤོམ་འབད་བསྒྲུབས་ཏེ་རྒྱལ་བརྒྱུད་རིམ་བྱོན་གྱི་རྗེས་དྲན་འགྲེམས་སྟོན་ཁང་བཟོ་བའི་སྒོ་ འབྱེད་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་མཛད་གནང་ཡི། ལྟ་རྫོང་དེ་ནང་འགྲེམས་

སྟོན་ཁང་མིག་༡༡ ཡོད་མི་དེ་ནང་རྩ་ཆེ་བའི་ཅ་རྙིང་མང་རབས་ཅིག་ཡོད་པའི་གྲལ་ཁར་འབྲུག་རྒྱལ་ དང་པ་མཆོག་གི་དབུ་ཞྭ་བྱ་རོག་གདོང་ཅན་དང་ རྡོ་རྗེ་འཆང་གི་སྐུ་རྟེན་གསུང་བྱོན་མ། མི་དབང་ཨོ་ རྒྱན་དབང་ཕྱུག་མཆོག་གི་ཕྱག་བཞེས་དང་ མི་ལོ་༥༠༠ འི་གོང་གི་ཡོངས་འཛིན་ངག་གི་དབང་ཕྱུག་

གི་ན་བཟའ་ཚུ་ཡང་ འགྲེམས་སྟོན་འབད་བཞག་སྟེ་ མི་མང་གིས་མཇལ་ཆོག་ཆོག་སྦེ་བཞག་པའི་

218


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

འགྲེམས་སྟོན་སྒོ་འབྱེད་འབད་ཐོག་ལས་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་ གསོལ་བའི་དུས་སྟོན་རྗེས་དྲན་ཞུ་ནུག། ༡༡

བླ་དགོན་དྲགོས་ཕུན་ཚོགས་དབང་འདུས་ཀྱིས་བྲིས་མི་ཆོས་སྲིད་གཉིས་ཀྱི་རབས་ཟེར་མི་དང་ སེའུ་

ལ་བྱམས་མགོན་སྐུ་ཕྲེང་དང་པ་ངག་དབང་རྒྱལ་མཚན་གྱི་རྣམ་ཐར་ཐམས་ཅད་མཁྱེན་པའི་རོལ་མོ་ཟེར་ མི་གཉིས་ཨིང་ལིཤ་ནང་བསྒྱུར་ཏེ་བཏོན་ནུག།

༡༢ རྒྱལ་ཡོངས་དཔེ་མཛོད་ཀྱིས་འགོ་འདྲེན་འཐབ་སྟེ་ འཛམ་གླིང་རྒྱལ་ཁབ་གཞན་གྱི་རྩོམ་སྒྲིག་མཁས་ པ་ཚུ་དང་ འབྲུག་ནང་འཁོད་ཀྱི་རྩོམ་སྒྲིག་མཁས་པ་ཚུ་གིས་ཨིན་སྐད་དང་རྫོང་ཁའི་ཐོག་ འདས་པའི་ མེ་ལོང་དང་ མ་འོངས་པའི་སྦྲེལ་ཟམ་ཟེར་བའི་རྩ་དོན་ཁར་བྲིས་རྩོམ་འབད་མི་དེབ་གཉིས་ཡང་གསེར་ ཁྲི་མངའ་གསོལ་གྱི་དུས་སྟོན་ལུ་ཨིན་མས།

གསུམ་པ་ རྩོམ་རིག་དང་དཔེ་བསྐྲུན་ཡན་ལག་ཚོགས་ཆུང་ཁ་ཐུག་ལས། ༡

རི་མོ་མཁས་པ་ཚུ་ལུ་མངགས་ཏེ་ གསེར་ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱའི་དུས་སྟོན་ ལས་རྟགས་འདི་དཔེ་ཚད་༡༦༢ ལས་དྲག་ཤོས་གདམ་འཐུ་འབད་དེ་བཟོ་ནུག། དེ་ཡང་ དབུ་ཞྭ་བྱ་ རོག་གདོང་ཅན་པར་གྱི་རྒྱབ་ཁར་འཇའ་རིས་མདོག་སྣ་ལྔའི་གཞུ་དབྱིབས་དང་ དབུ་ཞྭའི་གདོང་ཁར་ ཨང་ཡིག་ཅིག་བརྒྱའི་བཟོ་བཀོད་ཅན་དེའི་ཚོན་མདོག་ཡང་ དམར་སེར་མདངས་ཀྱིས་མཛེས་པ་སྦེ་ བཟོ་ནུག། ལས་རྟགས་ཀྱི་བརྡ་དོན་ རྒྱབ་གཞི་ཚོས་དམར་སེར་འདི་ འབྲུག་གི་རྒྱལ་དར་གྱི་དོན་

མཚོན་དང་ དབུ་ཞྭ་འདི་རྒྱལ་བརྒྱུད་ཀྱི་བརྡ་མཚོན། གཞའ་རིས་སྣ་ལྔ་འདི་ འབྲུག་རྒྱལ་རིམ་བྱོན་ ལྔའི་བརྡ་མཚོན། ཨང་ཡིག་༡༠༠ དེ་རྒྱལ་བརྒྱུད་རིང་ལུགས་ལོ་བརྒྱ་འཁོར་བའི་བརྡ་སྟོན་ཨིན་མས།

དེ་གུ་འབྲུག་རྒྱལ་ཁབ་ཀྱི་མིང་རྫོང་ཁ་ཨིང་ལིཤ་གཉིས་ཀྱི་ཡི་གུ་དང་གཅིག་ཁར་ ཁྲི་མངའ་གསོལ་ དང་ལོ་བརྒྱའི་དགའ་སྟོན་གྱི་ ཡི་གུ་ཨིང་ལིཤ་ནང་སྦེ་བཟོ་ནུག།

219


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁྲི་མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་གྱི་ལས་རྟགས།

རྒྱལ་ཁབ་ནང་གི་སྒེར་སྡེའི་རྩོམ་སྒྲིག་པ་༢༣ དེ་ཅིག་གིས་ རང་སོའི་ཁོངས་ལས་དཔེ་དེབ་རྩོམ་སྒྲིག་

འབད་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་ལུ་གསར་བཏོན་

ཞུ་ནུག། དེ་ཡང་སྒང་སྟེང་གསང་སྔགས་ཆོས་གླིང་གི་གདན་རབས་ནོར་བུའི་ཕྲེང་བ་ཟེར་མི་སྤྱི་ཚེས་ ༡༠/༡༠/༠༨ ལུ་བཏོན་ནུག། ལུང་བསྟན་ཟམ་པ་འབྲིང་རིམ་བར་མའི་སློབ་རིམ་༧ པ་པདྨ་གཡུ་སྒྲོན་ གྱིས་ཨིང་ལིཤ་ནང་ ཀ་མིང་ཧོམ ཟེར་མི༢༠/༡༠/༠༨ ལུ་སྟོན་ནུག། ལི་ལི་དབང་ཕྱུག་གིས་ཨིང་ ལིཤ་དེབ་ ཕེཀཀྲ་ཨེ་བའུཀྲ་བུ་ཀྲཱན ཟེར་མི་༢༡/༡༠/༠༨ ལུ་སྟོན་ནུག། དྲགོས་ཀུན་ལེགས་རྡོ་རྗེ་ གིས་ ཨིང་ལིཤ་དེབ་ ཝི་དེན་ད་རི་ལིམ་ཨོཕ་ཧེ་པི་ནེས་ ཟེར་མི་དང་། དྲོག་ཀྲར་སི་ཀྲི་ རྡོ་རྗེ་གིས་ཨིང་ ལིཤ་དེབ་ ཨོ་རི་ཇེན་ཨེནཌ་ ཧིས་ཀྲོ་རི་ཨོཕ་བུཀྲཱ་ནིཛ་ ལི་ཀྲི་རེ་ཅར་ ཟེར་མི་༢༩/༡༠/༠༨ ལུ་བཏོན་

ནུག། སྤར་བསྐྲུན་པདྨ་དབང་འདུས་ཀྱིས་འབད་དེ་ སློབ་ཆོས་སྐྱིད་དོན་གྲུབ་ཀྱིས་དེབ་ རྒྱལ་རབས་ བཞི་པའི་མཛད་རྣམ་བློ་ཟེ་དང་། དྲགོས་ཤེས་རབ་མཐའ་ཡས་ཀྱིས་སྤར་བསྐྲུན་འབྲུག་གི་བསྟན་སྲིད་

220


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཆགས་རབས། ཆོས་ཀྱི་རྒྱལ་མཚན་གྱིས་ སྨན་ལྗོངས་ཕན་བདེ་སྦྲང་ཆར། སློབ་ཕུར་པ་དབང་འདུས་ ཀྱིས་སྤར་བསྐྲུན་ རྒྱལ་རབས་ངག་གི་ཕྲེང་བ། ཀེ་ཨེམ་ཀྲི་གིས་སྤར་བསྐྲུན་ དད་པའི་ས་བོན་གླེགས་ བམ་དང་པ་དང་ ལོ་ངོ་བརྒྱ་ཕྲག་གི་གོང་འཕེལ་ཚུ་སྤྱི་ཚེས་༢༩/༡༠/༠༨ ལུ་བཏོན་ནུག།

གཞུང་སྒེར་གཉིས་ཀྱི་མཁས་མཆོག་ཚུ་གིས་ དུས་སྟོན་དང་འབྲེལ་བའི་དཔེ་དེབ་གསར་དུ་བསྐྲུན་པ།

སྤྱི་ཚེས་༡༢/༡༢/༠༨ ལུ་བསོད་ནམས་ཆོས་གྲགས་ཀྱིས་སློབ་གྲྭའི་ཚོགས་བཤད་༡༠༠ ། འབྲུག་ པ་རྡོ་རྗེ་རྒྱལ་མཚན་གྱིས་ འཇིག་རྟེན་གྱི་འགྲོ་ལུགས་ཆོས་དང་འདྲེས་པའི་གཏམ། དགེ་ལེགས་ནོར་

བུ་གིས་ ཐིམ་ཕུ་ དེན་ ཨེནཌ་ ནཱོ། དྲོག་ཀྲར་ སི་ཀྲི་ རྡོ་རྗེ་གིས་ ཀཱན་སའིཛ་ ཨོཕ་ ཀཱལ་ཅ་རེལ་

ཧིས་ཀྲོ་རི་དང་ རི་ལི་ཇེན་ ཧིས་ཀྲོ་རི་གཉིས། ཀེ་ཨེམ་ཀྲི་གིས་ སིཀྲསི་ ཨོཕ་ ཕེཏ་ཟེར་མི་དཔེ་དེབ་

ཚུ་ཡང་རྒྱལ་ཡོངས་དགའ་སྟོན་ཐང་ནང་སྐུ་མགྲོན་གཙོ་བོ་ཤེས་རིག་བློན་པོ་གིས་གསར་བཏོན་གནང་ ནུག།

221


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཞི་པ་ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས། ༡

སོ་ནམ་ལྷན་ཁག་གི་ཁ་ཐུག་ལས་ སྤྱི་ཚེས་༡༦/༡༠/༠༨ ལུ་ཐིམ་ཕུ་ཚོད་བསྲེས་ཁྲོམ་གྱི་ཁང་ཆེན་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ཟེར་མི་གསར་བསྐྲུན་བསྒྲུབས་པའི་དགའ་སྟོན་གྱི་སྒོ་འབྱེད་ མི་དབང་ཨ་

ཞེ་བདེ་ཆེན་གཡང་འཛོམས་དབང་ཕྱུག་མཆོག་གིས་མཛད་ཡོད་མི་དེ་ མི་དབང་མངའ་བདག་རིན་པོ་ ཆེ་ གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་རྗེས་དྲན་གྱི་དོན་ལུ་ཨིན་པས། ༢

ནགས་ཚལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ལས་རིམ་དང་པ་སྤྱི་ཚེས་༢༢/༡༡/༠༨ ལུ་བླམ་དཔལ་

རི་ལུ་ རང་བཞིན་མཛེས་ཆའི་གླིང་ཁ་དང་ བརྡ་དོན་ལྟེ་བ་ཅིག་གསར་བཙུགས་འབད་བའི་ཁར་ ས་ གནས་དེ་ནང་རང་གིས་སྦེ་བླུགས་ཏེ་ཟ་སྲོལ་ཡོད་པའི་ཟ་ཁང་བཅས་ཡོད་པའི་ གླིང་ག་ཅིག་སྒོ་འབྱེད་ གནང་མི་དེ་ཡང་ མི་དབང་འབྲུག་རྒྱལ་ལྔ་པའི་ཁྲི་སྟོན་དུས་དྲན་གྱི་དོན་ལུ་ཨིན་པས།

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༢ པའི་ནང་ ནགས་ཚལ་ལས་ཁུངས་ཀྱིས་ མགར་ས་རྫོང་ཁག་དང་དབང་

འདུས་ཕོ་བྲང་། བུམ་ཐང་རྫོང་ཁག་གསུམ་གཅིག་ཁར་ཚུད་པའི་ དབང་ཕྱུག་ལོ་བརྒྱའི་གླིང་ག་ཟེར་ མི་ཅིག་ འགོ་དང་པ་ངོས་འཛིན་འབད་དེ་སྒོ་འབྱེད་གནང་ཡོད་མི་དེ་ཡང་མི་དབང་མངའ་བདག་རིན་ པོ་ཆེ་མཆོག་གི་ཁྲི་མངའ་གསོལ་བའི་དུས་སྟོན་རྗེས་དྲན་གྱི་དོན་ལུ་སྦེ་ཨིན་པས།

༤ ནགས་ཚལ་སྡེ་ཚན་གྱི་ཁ་ཐུག་ལས་ བཀྲ་ཤིས་སྒང་མཁའ་གླིང་རྒེད་འོག་རྒྱ་རས་མི་སྡེ་ནགས་ཚལ།

ར་ལྡི་རྒེད་འོག་སྦོང་མཱན་མི་སྡེ་ནགས་ཚལ། མཁའ་གླིང་རྒེད་འོག་མོང་ནང་ཁོ་ལའི་མི་སྡེ་ནགས་ཚལ། རྐང་པ་ར་རྒེད་འོག་གི་ལམ་ཡོང་མི་སྡེ་ནགས་ཚལ། སྦི་དུང་རྒེད་འོག་གི་འུང་ཆི་ལུ་མི་སྡེ་ནགས་ཚལ།

ཤོང་ཕུ་རྒེད་འོག་གི་དགའ་གླིང་མི་སྡེ་ནགས་ཚལ། ར་ལྡི་རྒེད་འོག་གི་ཏོག་ཤི་མང་མི་སྡེ་ནགས་ཚལ། ཕོངས་མེད་རྒེད་འོག་གི་ཀརྨ་ དགོན་པའི་མི་སྡེ་ནགས་ཚལ། ཨུ་མཛོ་རོང་རྒེད་འོག་ ཨུ་མཛོ་རོང་མི་ སྡེའི་ནགས་ཚལ། བར་མཚམས་རྒེད་འོག་ རྫོང་ཐུང་མི་སྡེ་ནགས་ཚལ། སག་སྟེང་རྒེད་འོག་མེ་རག་

མི་སྡེ་ནགས་ཚལ་ཚུ་མི་སེར་རང་སོ་ལུ་རྩིས་སྤྲོད་གནང་མི་ཚུ་ཆ་མཉམ་གསེར་ཁྲི་མངའ་གསོལ་བའི་ དུས་སྟོན་གྱི་དོན་ལུ་ཨིན་མས།

222


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ལྔ་པ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཁ་ཐུག་ལས། ༡

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ཡང་ ལས་རིམ་དང་པ་མི་དབང་མངའ་བདག་རིན་ པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་གྱི་དོན་ལུ་ དམིགས་བསལ་གྱི་ལས་རིམ་ གཞུང་སྐད་རྫོང་

ཁ་འདི་ལུ་བརྩི་བཀུར་སྦོམ་འབད་ནི་ལུ་བརྩོན་ནི་དེ་གཙོ་བོར་བསྟེན་ནུག། དེ་གིས་སྦེ་༢༥/༦/༠༨ ལུ་

འཐུས་མི་དགུ་འབད་མི་རྫོང་ཁའི་ཐབས་རིག་ཚོགས་ཆུང་གཞི་བཙུགས་འབད་དེ་ སྤྱི་ཚེས་༡༡/༩/༠༨ ལུ་ཚོགས་ཐེངས་དང་པ་དང་༡༥/༡༠/༠༨ ལུ་ཚོགས་ཐེངས་གཉིས་པ་འཚོགས་ཏེ་ཞི་གཡོག་སྤྱི་དོན་ ཆོས་རྒྱུགས་ནང་ རྫོང་ཁའི་མཐོ་རིམ་ཤེས་ཚད་ཅན་ཚུ་ ཞི་གཡོག་སྤྱི་དོན་ཆོས་རྒྱུགས་སོ་སོར་ལེན་ ནིའི་གྲོས་ཐག་ཆོད་ནུག། ༢

སྤྱི་ཚེས་༡༥/༡༢/༠༨ ལུ་ ལོ་བརྒྱའི་ན་གཞོན་ཡུལ་གླིང་ལྟེ་བ་ནང་ལུ་སྦེ་ བརྒྱ་འཁོར་མཐོ་རིམ་ཤེས་ ཡོན་ཐར་འཁྱོལ་མི་ཟེར་བའི་མིང་གནས་བཏགས་ཏེ་ཡོད་མི་མཐོ་རིམ་ ཤེས་ཡོན་མཐར་འཁྱོལ་མི་ཚུ་

ལུ་ གོ་བརྡའི་གསལ་བཤད་ལས་རིམ་ཅིག་འགོ་འདྲེན་འཐབ་མི་དང་གཅིག་ཁར་ རྫོང་ཁའི་ཞི་གཡོག་ སྤྱི་དོན་ཆོས་རྒྱུགས་ནང་མཐར་འཁྱོལ་བྱུང་མི་ཚུ་འགོ་དང་པའི་གདམ་འཐུ་དང་གནས་བསྐོས་སྤྱི་ལོ་ ༢༠༠༩ སྤྱི་ཟླ་དང་པའི་ནང་འབད་ནི་འདི་ཡང་གསེར་ཁྲི་མངའ་གསོལ་གྱི་དུས་དྲན་ཞུ་དོན་ལུ་ཨིན་ མས།

དྲུག་པ་ གསོ་བའི་ལྷན་ཁག་ཁ་ཐུག་ལས། ༡

གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་ དུས་སྟོན་དོན་ལས་རིམ་དང་པ་ རྒྱ་གར་གཞུང་གི་མ་དངུལ་རོགས་རམ་ས་ཡ་༤༤༣༨༦༣ གནང་ སྟེ་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཅིག་མོང་སྒར་ལུ་ཕྱི་ཁྱིམ་དང་ནང་གི་མཐུན་རྐྱེན་ཡོ་བྱད་ཆ་ཚང་ བསྒྲུབས་པའི་སྒོ་འབྱེད་རྟེན་འབྲེལ་ཡང་༦/༦/༠༨ ལུ་འབད་ནུག།

223


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཐིམ་ཕུ་གཙོ་བསྟེན་སྨན་ཁང་ལྟེ་བ་དེ་ རྒྱ་གཞུང་གི་མ་དངུལ་རོགས་རམ་ས་ཡ་༧༡༦ གནང་ཐོག་ ལས་བསྐྱར་བཞེངས་འབད་བའི་ཁར་འཕྲུལ་ཆས་གསར་བཙུགས་ཀྱི་དོན་ལུ་མ་དངུལ་ས་ཡ་༢༠༠ བཏང་ཐོག་ལས་བསྒྲུབས་པའི་སྒོ་འབྱེད་ཡང་སྤྱི་ཚེས་༡༤/༡༢/༠༨ ལུ་སྐུ་མགྲོན་གཙོ་བོ་རྒྱལ་ཡུམ་ མི་དབང་ཨ་ཞེ་ཚེ་རིང་པདྨོ་མཆོག་གིས་མཛད་གནང་ནུག།

མི་མང་གི་ཟ་འཐུང་གཙང་སྦྲ་བསྟེན་དགོ་པའི་སྐོར་ལས་དང་ གཏམ་ཁུ་ཚོང་འབྲེལ་བཀག་དམ་དང་ འཐུང་མ་ཆོགཔའི་ས་ཁོངས་ངོས་འཛིན་འབད་བའི་ཁར་ གཏམ་ཁུའི་དཔྱད་ཡིག་༢༠༠༨ ཅན་མ་ གསར་དུ་བརྩམས་ནུག། ཨའི་དང་ཨ་ལོ་གསར་སྐྱེས་འཕྲོད་བསྟེན་ལེགས་བཅོས་ཀྱི་པར་དེབ་༢༠༠༨ ཅན་མ་དེབ་བསྐྲུན་འབད་བའི་ཁར་ ཨམ་སྲུ་ཚུ་གི་མངལ་ནད་ལུ་བརྟེན་པའི་ཚེ་སྲོག་ཉེན་སྲུང་གི་ཐབས་ ལམ་གསརཔ་ ནད་དཔྱད་(པཱཔ་སི་མི་)ཟེར་མི་དེ་བརྟགས་དཔྱད་ འགོ་འདྲེན་འཐབ་པའི་ལམ་སྲོལ་ བཙུགས་མི་དེ་གིས་འབྲུག་གི་ཨམ་སྲུ་སྐྱེས་ལོ་༢༠ དང་༦༠ འི་བར་ན་ཡོད་མི་ཚུ་ལུ་ཕན་ཐོགས་སྦོམ་ འབྱུང་ནི་ཨིན་པས།

༤ ནང་པའི་གསོ་རིག་འཛིན་སྐྱོང་ལྟེ་བ་གིས་ ནད་དཔྱད་དང་འབྲེལ་བའི་དཔེ་དེབ་ལེ་ཤ་ཅིག་གསར་བཏོན་ མཛད་ནུག། དེ་ཡང་སྨན་ལྗོངས་གསོ་རིག་དུས་དེབ་ཟེར་མི་དང་ དཔྱད་ལྔའི་ལམ་སྟོན་ཕན་བདེ་ནོར་ བུའི་ཕྲེང་བ། ཞིབ་འཚོལ་ལམ་སྟོན་ཟེར་ནད་དཔྱད་ལུ་ཕན་པའི་དེབ། གསོ་རིག་མཐོ་རིམ་ཆོས་ཚན་ རྩ་གཞུང་། གསོ་རིག་གཙུག་ལག་འོག་མའི་ཆོས་ཚན་རྩ་གཞུང་ཚུ་སྤྱི་ལོ་༢༠༠༨ ལུ་འགོ་དང་པ་ སྤར་བསྐྲུན་འབད་དེ་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་རྗེས་དྲན་ཞུ་ནུག།

བདུན་པ་ མཐའ་འཁོར་གནས་སྟངས་ལྷན་ཚོགས་ཁ་ཐུག་ལས། ༡

མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ཆར་གཏོགས་ ཨར་ཨེས་པི་ཨེན་ནམ་ རྒྱལ་འཛིན་

མི་སྡེ་རང་བཞིན་སྲུང་སྐྱོབས་ལས་སྡེའི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་ གསེར་ཁྲི་

མངའ་གསོལ་ཞུ་བའི་དུས་སྟོན་རྗེས་དྲན་བརྩི་སྲུང་མཛད་སྒོའི་དོན་ལུ་ སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ ཚེས་༡ གི་དུས་ཚེས་འདི་ ལོ་བསྟར་བཞིན་དུ་འབྲུག་གཙང་སྦྲ་རྒྱུན་བསྟེན་གྱི་ཉིནམ་སྦེ་བརྩི་སྲུང་ཞུ་

224


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ནི་ལུ་གྲོས་ཐག་བཅད་ནུག། འབྲུག་གཙང་སྦྲ་རྒྱུན་བསྟེན་གྱི་ཉིནམ་དེ་ཁར་ཁྲོམ་གནས་ཀྱི་ས་ཁོངས་ རྐྱངཔ་ཅིག་གིས་མ་ཚད་པར་ རྫོང་ཁག་༢༠ དང་རྒེད་འོག་ཁག། གཡུས་སྒོ་ཆ་མཉམ་ནང་མི་མང་ ག་ར་གིས་བཅའ་མ་གཏོགས་ཏེ་ རང་སའི་འཚོ་ཁམས་གཙང་ཐབས་ལུ་ རང་རང་སོ་སོ་ལུ་བརྟེན་ཏེ་

བྱུང་པའི་བཙོག་རིགས་ཕྱགས་སྙིགས་རྩ་མེད་བཟོ་ནི་ལུ་ མི་མང་ག་ར་གྲལ་གཏོགས་འབད་དགོཔ་ ཨིན་མས།

བརྒྱད་པ་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས། ༡

ཤེས་རིག་ལས་ལྷན་ཁག་གི་ཁ་ཐུག་ལས་ སྤྱི་ལོ་༢༠༠༨ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་མི་དབང་ རྒྱལ་བཙུན་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་

གཙོ་ཁང་ལྟེ་བ་གཞིས་བཙུགས་ཀྱི་སྒྲིང་ཁྱིམ་སྒོ་འབྱེད་མཛད་མི་དེ་ཡང་མི་དབང་མངའ་བདག་རིན་ པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་དྲན་གྱི་དོན་ལུ་མཛད་གནང་ནུག། ༢

ན་གཞོན་ཚུ་གི་བར་ན་ རྫོང་ཨིང་སྐད་གཉིས་གང་རུང་ཐོག་ པར་རིས་དང་ རྩོམ་རིག་གི་རྩ་དོན་ འབྲུག་ གི་དམངས་གཙོའི་རིང་ལུགས་ཐུན་མོང་མ་ཡིན་པའི་བགྲོད་ལམ་ཐོག་གི་འཇུག་པ་ཟེར་ཐོག་ལས་ འགྲན་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་སྟེ་རྒྱལ་ཁ་ཐོབ་པའི་ཡིག་ཆ་ཚུ་བསྡུ་བསྒྲིགས་འབད་ བའི་དེབ་གསར་ བཀྲམ་སྤེལ་དང་རྒྱལ་ཁ་ཐོབ་མི་ཚུ་ལུ་གསོལ་རས་དང་བཅས་པ་གནང་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག།

དགུ་པ་ གཞུང་མིན་ལས་ཁུངས་ཁ་ཐུག་ལས། ༡

དེ་བཟུམ་ཏཱ་ར་ཡ་ན་གིས་འགོ་འདྲེན་མཛད་ཐོག་ལས་ འབྲུག་རྒྱལ་བཞི་པ་མི་དབང་འཇིགས་མེད་

སེང་གེ་དབང་ཕྱུག་མཆོག་གིས་མི་ལོ་༣༤ གི་རིང་ཆབ་སྲིད་སྐྱོང་གནང་པའི་སྐབས་ཀྱི་མཛད་བཟང་

རྗེས་དྲན་གྱི་དོན་ཚན་ཐོག་རྩོམ་རིག་བསྡུ་སྒྲིག་འབད་བའི་དཔེ་དེབ་ ད་ མེན་ ཨོཕ་ ཇི་ཝེལ་ཟེར་མི་

225


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཀྲམ་སྤེལ་སྒོ་འབྱེད་མི་དབང་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་མཛད་གནང་ མི་དེ་ ཁྲི་མངའ་གསོལ་བའི་དུས་སྟོན་རྗེས་དྲན་གྱི་དོན་ལུ་ཨིན་མས།

བཅུ་པ་ ཞབས་ཏོག་ལྷན་ཁག་གི་ཁ་ཐུག་ལས། ༡

ཞབས་ཏོག་ལྷན་ཁག་འོག་གི་གྲོང་སྡེ་གོང་འཕེལ་ བཟོ་རིག་ལས་ཁུངས་དང་ ཐིམ་ཕུ་གྲོང་སྡེ་ལས་

འཛིན་གཉིས་མཉམ་རུབ་ཐོག་ གཞུང་གི་མ་དངུལ་གནང་སྟེ་ གསེར་ཁྲི་མངའ་གསོལ་གླིང་ག་ཟེར་

མིང་བཏགས་ཐོག་ལས་ ཐིམ་ཆུ་དང་ཅང་གླིང་མའི་ཐང་གི་བར་ན་ ས་ཞིང་རྒྱ་ཚད་ཨེ་ཀར་༥ དང་དྲིས་

༦ ཡོད་པའི་གླིང་ག་འདི་ མི་མང་དགའ་སྤྲོ་འཁྱམས་སའི་ས་གནས་འབད་བཟོ་ཡོདཔ་ཨིན་པས་ དུས་ ཡུན་ལོ་ངོ་གཉིས་འགོར་བའི་གླིང་ག་བསྒྲུབས་པའི་སྒོ་འབྱེད་ཡང་སྤྱི་ཚེས་༢༥/༩/༠༨ ལུ་མི་དབང་

ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་གནང་མི་དགའ་སྤྲོ་འཁྱམས་སའི་གླིང་ག་དེ་ ནང་ ཨ་ལོ་ཚུ་རྩེདམོ་རྩེད་སའི་མཐུན་རྐྱེན་ཡོ་བྱད་ལེ་ཤ་ཅིག་ཡོད་མི་དེ་ མི་དབང་མངའ་བདག་རིན་ པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་དོན་ལུ་ཨིན་མས།

བཅུ་གཅིག་པ་ བསྟན་རྒྱས་ལྷན་ཁག་གི་ཁ་ཐུག་ལས། ༡

བསྟན་རྒྱས་ལྷན་ཁག་གི་ཁ་ཐུག་ལས་ སྤྱི་ཚེས་༡༧/༡༢ ༠༨ ཀྱི་ཉིན་ ནུས་ཤུགས་བརྟག་དཔྱད་ ཁང་དང་ གནས་སྡུད་བདག་འཛིན་འཐབ་སའི་ལྟེ་བ་སྒོ་འབྱེད་མཛད་མི་དེ་ མི་དབང་མངའ་བདག་རིན་ པོ་ཆེ་མཆོག་གི་ཁྲི་མངའ་གསོལ་བའི་དུས་སྟོན་གྱི་དོན་ལུ་ཨིན་པས།

ཐོག་ཚད་ཕིཀྲ་༢༥ འབད་བའི་བྱང་ཆུབ་མཆོད་རྟེན་ཅིག་དཔལ་ལྡན་རྩི་ས་དབང་འཛིན་ཡིག་ཚང་གི་

སྒོམ་ཀྲུའི་སྦོ་ལོགས་ཁར་ཡོད་པའི་ཀ་ལི་མཱན་དྷིར་ཟེར་བའི་ཧིན་དུའི་ལྷ་ཁང་ཉམས་གསོ་ཞུ་ཡོད་མི་དེ་

འགོ་འདྲེན་འཐབ་ཐོག་ལས་ གསར་དུ་བཞེངས་ནུག།

226


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

གིས་ཡང་ རྒྱ་འབྲུག་མི་སྡེ་གཉིས་ཀྱི་བར་ན་སྔར་ལས་ཡོད་པའི་མཐུན་ལམ་ ཧེང་སྐལ་སྒྲིང་སྒྲིང་བཟོ་ ནི་ལུ་ཕན་ཐབས་སྦོམ་བྱུང་ཡི་ཟེར་སྙན་ཞུ་ནང་བཀོད་ནུག།

༤ སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་༡ ལས་༡༢ པའི་ཚེས་༣༡ ཚུན་ཚོད་ རྩི་སའི་རིན་གོང་ཧེ་མ་ཡོད་ མི་ལས་ མེ་ཀྲིག་ཀྲཱན་རེ་ལུ་དངུལ་ཀྲམ་༡༥༠ རེ་མར་ཕབ་རྐྱབ་སྟེ་བཙོང་མི་དེ་ གསེར་ཁྲི་མངའ་ གསོལ་ཞུ་བའི་དོན་ལུ་དམིགས་བསལ་གྱི་ཕབ་ཆ་ཨིན་ཟེར་སྙན་ཞུ་ནང་བཀོད་ནུག།

བཅུ་གཉིས་པ་ བསྟན་སྲུང་དྲག་པོའི་ལས་ཁུངས་ཁ་ཐུག་ལས། ༡

བསྟན་སྲུང་ཕན་བདེ་ལས་ཁུངས་ཀྱི་ཁ་ཐུག་ལས་ གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་གྱི་དོན་ ལུ་ ཆང་བཟོ་འཕྲུལ་ཁང་ལས་ཆང་གསརཔ་ ནཡེན་ཀྲིན་ཨོ་སེ་བེན་ནམ། ༡༩༠༧ ཟེར་མི་དང་ ཀེ་ ཕ་ཡབ་བམ རྒྱལ་པོ་ལྔ་པ་ཟེར་བའི་ཆང་རིགས་སྤུ་ཚད་དྲགོས་གཉིས་གསར་བཏོན་སྒོ་འབྱེད་ཡང་ མི་དབང་ཨ་ཞེ་བདེ་སྐྱིད་གཡང་འཛོམས་མཆོག་གིས་མཛད་མི་དེ་ཁྲི་མངའ་གསོལ་བའི་དུས་སྟོན་

བརྩི་སྲུང་དོན་ལུ་ཨིན་མས། ཆང་རྒྱལ་པོ་༥ པ་ཟེར་མི་ཤེལ་དམ་རེ་ལུ་རིན་དངུལ་ཀྲམ་༥༥༠ དང་ ༡༩༠༧ ཤེལ་དམ་རེ་ལུ་༥༠༠༠ རེ་སྦེ་བཙོང་ནི་ཨིན་མས། ༢

བསྟན་སྲུང་དྲག་པོའི་ལས་ཁུངས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༠༨ སྤྱི་ཟླ་དང་པ་ལས་འགོ་བཙུགས་

ཏེ་ དྲག་པོའི་ལས་ཁུངས་ནང་ གཞི་རྟེན་ཤེས་ཡོན་གྱི་ལས་རིམ་འགོ་འདྲེན་འཐབ་མི་དང་ རྫོང་ཁ་གོང་ འཕེལ་གྱི་དོན་ལུ་མ་འོངས་པའི་ལོ་ངོ་བརྒྱ་ཕྲག་གི་ནང་འཁོད་དྲག་པོ་དམག་སྡེའི་ཁ་ཐུག་ལས་གཞུང་

སྐད་རྫོང་ཁ་གཙོ་བོར་བསྟེན་པའི་ཐབས་ལམ་བཟོ་བའི་བསྒང་ཡོད་མི་ཚུ་ མི་དབང་མངའ་བདག་རིན་པོ་ ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་རྗེས་སུ་དྲན་པའི་དོན་ལུ་ཨིན་མས།

227


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བསྟན་སྲུང་ཕན་བདེ་ལས་ཁུངས་ཀྱིས་ ཁྲི་མངའ་གསོལ་གྱི་དོན་ལུ་བཟོ་བའི་ཆང་སྤུས་ཚད་ལེགས་ཤོས།

བཅུ་གསུམ་པ་ ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས། ༡

ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ ལས་རིམ་དང་པ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེའི་བཀའ་སློབ་

དང་བསྟུན་ཏེ་ འབྲུག་རྒྱལ་ཁབ་ཀྱི་རྐྱེན་ངན་བཟློག་ཐབས་དང་ ཁྲིམས་སྲུང་འགག་སྡེའི་བསམ་དོན་ ཡིད་བཞིན་འགྲུབ་སྟེ་རྩ་བ་༣ གྱི་ཞབས་ཏོག་བསྒྲུབ་ནི་ལུ་མི་མཐུན་ཉེར་འཚེ་ཞི་བའི་ཐབས་ལུ་ འགོ་

སློབ་དམག་མི་ཡོངས་ལས་ཞལ་འདེབས་སོ་སོའི་འབྱོར་པ་དད་མོས་དང་བསྟུན་ཏེ་བསྡུ་བའི་མ་དངུལ་

འབུམ་༢༣ དང་སྟོང་༢༥ ལྷགཔ་ཅིག་བཏང་སྟེ་ ལྷོ་མཚམས་འཇིགས་མེད་གླིང་གི་སྦྱོང་རྡར་ལྟེ་བ་ ལུ་སྤྱི་ལོ་༢༠༠༥ ལས་ ཟངས་མདོག་དཔལ་རིའི་ལྷ་ཁང་བཟོ་བཀོད་གསར་བཞེངས་ཀྱི་ལཱ་འགོ་ བཙུགས་ཏེ་ སྤྱི་ལོ་༢༠༠༧ ལུ་རྟེན་དང་བརྟེན་པར་བཅས་པ་བསྒྲུབས་མི་དེ་ནང་ རྟེན་གྱི་གཙོ་བོ་གུ་

228


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

རུ་སྣང་སྲིད་ཟིལ་གནོན་དང་ གཡས་ལུ་ཧོར་སོག་དམག་ཟློག། གཡོན་ལུ་དཔལ་ཆེན་རྡོ་རྗེ་གཞོན་

ནུའི་སྐུ་འདྲ་གཟུངས་ཞུགས་དང་བཅས་པ་བསྒྲུབས་པའི་རབ་གནས་སྤྱི་ཚེས་༡༡/༡༠/༠༧ སྐྱབས་ རྗེ་ནམ་སྙིང་རིན་པོ་ཆེ་དབུ་བཞུགས་ཐོག་ལས་གནང་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་དོན་ལུ་ཨིན་མས། ༢

འགག་སྡེ་གཙོ་ཁང་ཟིལ་གནོན་རྣམ་རྒྱལ་གླིང་གི་ལྷ་ཁང་ནང་ཡང་ ཆོས་སྤྱོད་ཀྱི་མཛད་སྒོ་ འགོ་འདྲེན་

གྱི་དོན་ལུ་ གཞུང་གྲྭ་ཚང་ཁ་ཐུག་ལས་སྤྱི་ཚེས་༡༦/༧/༠༨ ལས་བླ་མ་གསར་དུ་བསྐོས་གནང་ཐོག་

ལས་ ཟླ་རིམ་བཞིན་དུ་ཡར་ངོ་དང་མར་ངོའི་ཚེས་བཅུ་བཟུང་བའི་སྲོལ་བཙུགས་པའི་ཁར་ ལོ་བསྟར་ ཡེ་ཤེས་མགོན་པོའི་སྟོང་ཚོགས་དང་ གསོལ་ཁ་ཕུལ་བའི་ལམ་སྲོལ་བཙུགས་མི་འདི་ཡང་ གསེར་ ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་དོན་ལུ་ཨིན་མས། ༣

གཞུང་གི་མ་དངུལ་ས་ཡ་༣༥ གནང་ཐོག་ལས་འགག་པའི་གཙོ་ཁང་ཐོག་ཚད་གསུམ་ནང་ འགག་ པའི་ལས་སྡེ་ག་ར་གཅིག་ཁར་ཤོང་པའི་གཙོ་ཁང་ལྟེ་བ་གསར་བཞེང་གི་ལཱ་སྤྱི་ཚེས་༡/༤/༠༦ ལས་ འགོ་བཙུགས་ཏེ་༣༠/༨/༠༨ ལུ་ཕྱི་ནང་ཁོར་ཡུག་དང་བཅས་པ་ལེགས་ཤོམ་བསྒྲུབས་པའི་རབ་

གནས་ཡང་གཞུང་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་མཆོག་དབུ་བཞུགས་ཐོག་ལས་གནང་པའི་ཁར་ འགོ་ སློབ་དམག་མི་ཚུ་གི་སྡོད་ཁྱིམ་ཚུ་ཡང་རྒྱ་བསྐྱེད་དང་ལེགས་བཅོས་མཛད་གནང་མི་དེ་ཡང་མི་དབང་ མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་མཛད་སྒོའི་དོན་ལུ་ཨིན་མས།

༤ ཁྲིམས་སྲུང་འགག་སྡེ་འགོ་དང་པ་བཙུགས་པའི་དུས་ཆེན་དང་བསྟུན་ཏེ་ འགག་སྡེའི་ཡིག་ཚང་ནང་ ཡོངས་འབྲེལ་གློག་རྒྱུན་(ཝེབ་སའིཀྲ)འགོ་དང་པ་བཙུགས་པའི་སྒོ་འབྱེད་མཛད་པའི་ཁར་ རྒྱལ་ ཡོངས་གཞུང་སྐད་རྫོང་ཁ་གོང་འཕེལ་གཏང་ཐབས་ལུ་རྫོང་ཁའི་སྐད་ཡིག་གོང་འཕེལ་གྱི་ཡིག་ཚང་ ཟེར་ ལོགས་སུ་བཙུགས་མི་འདི་ཡང་ གསེར་ཁྲི་མངའ་གསོལ་རྗེས་དྲན་ཞུ་དོན་ལུ་ཨིན་མས།

229


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བཅུ་བཞི་པ་ སྤ་རོ་རྫོང་ཁག་གི་ཁ་ཐུག་ལས། ༡

སྤ་རོ་རྫོང་ཁག་གི་ཁ་ཐུག་ལས་ ལས་རིམ་དང་པ་སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་རྒྱ་གཞུང་ གི་མ་དངུལ་རོགས་རམ་ཐོག་སྤ་རོ་ཅ་རྙིང་འགྲེམས་སྟོན་ཁང་ནང་ དམིགས་བསལ་གྱི་འགྲེམས་སྟོན་ ཅིག་འགོ་འདྲེན་འཐབ་པའི་སྒོ་འབྱེད་ཡང་མི་དབང་ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ གིས་མཛད་གནང་མི་དེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་གྱི་དོན་ལུ་དམིགས་ཏེ་ཨིན་མས།

སྤྱི་ལོ་༡༨༥༣ ལུ་སྤ་རོ་དཔོན་སློབ་ཨ་རྒས་ཧཱ་པ་གིས་ ཞབས་སྤྲུལ་འཇིགས་མེད་ནོར་བུའི་བཀོད་

རྒྱ་དང་འཁྲིལ་ཏེ་བཞེངས་པའི་ སྤ་རོ་སྟག་ཚང་ཟངས་མདོག་དཔལ་རི་ལྷ་ཁང་འདི་ མི་དབང་འབྲུག་

རྒྱལ་བཞི་པ་མཆོག་གི་བཀའ་རྒྱ་ལྟར་ རྫོང་ཁག་བདག་སྐྱོང་གིས་འགོ་འདྲེན་འཐབ་སྟེ་ ལྷ་ཁང་བསྐྱར་ བཞེངས་བསྒྲུབས་པའི་ཁར་ སྟག་ཚང་བླ་མ་གིས་གསེར་ཏོག་རྒྱ་ཕིབས་བཅས་པ་གསར་བསྐྲུན་མཛད་

དེ་ཕུལ་བའི་རབ་གནས་རང་ཟླ་༥ པའི་ཚེས་༢༧ ལུ་གནང་མི་དེ་ཡང་མི་དབང་མངའ་བདག་རིན་པོ་

ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་བརྩི་སྲུང་ གི་དོན་ལུ་ཨིན་མས། ༣

སྤྱི་ཚེས་༢༨/༨/༠༨ ལུ་སྤ་རོ་རྫོང་ཁག་ནང་འཁོད་ཀྱི་འབྲིང་རིམ་སློབ་གྲྭ་གོང་མ་དང་ བར་མ་ལྔ་གིས་ རང་ལུགས་ཞབས་ཁྲའི་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ཡོད་སར་ ཨང་དང་པ་ཐོན་མི་ཤར་རི་ འབྲིང་རིམ་གོང་མ་ལུ་གསོལ་རས་དངུལ་ཀྲམ་སྟོང་ཕྲག་༡༠ དང་ ཨང་གཉིས་པ་ཐོན་མི་འབྲུག་རྒྱལ་ འབྲིང་རིམ་གོང་མ་ལུ་གསོལ་རས་དངུལ་ཀྲམ་སྟོང་ཕྲག་༧ གནང་ནུག།

དེ་གི་ཤུལ་ལས་སྤྱི་ཚེས་༡༩/༨/༠༨ ལས་༦/༩/༠༨ ཚུན་འབྲིང་རིམ་འོག་མ་༨ ཀྱི་བར་ན་ཡང་ རང་

ལུགས་ཞབས་ཁྲའི་འགྲན་བསྡུར་འབད་དེ་ཨང་དང་པའི་གསོལ་རས་སྟོང་ཕྲག་༡༠ པོ་འུ་ཆུ་འབྲིང་ རིམ་འོག་མ་གིས་དང་། ཨང་གཉིས་པའི་གསོལ་རས་སྟོང་ཕྲག་༧ འབྲུག་རྒྱལ་འབྲིང་རིམ་འོག་མ་ གིས་ཐོབ་པའི་སྐབས་ ཨང་གསུམ་པའི་གསོལ་རས་དགའུ་དཔལ་འབྲིང་རིམ་འོག་མ་གིས་དངུལ་

230


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཀྲམ་སྟོང་ཕྲག་༣ ཐོབ་ནུག། བསྡོམས་ཞབས་ཁྲ་འགྲན་བསྡུར་གྱི་མ་དངུལ་སྟོང་ཕྲག་༧༧ བཏང་སྟེ་

ལས་རིམ་འགོ་འདྲེན་འཐབ་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་ དུས་སྟོན་དོན་ལུ་ཨིན་མས།

༤ སྤྱི་ཚེས་༡/༡༢/༠༨ ལས་༡༧/༡༢/༠༨ ཚུན་རྫོང་ཁག་ནང་འཁོད་ཀྱི་རྒེད་འོག་༡༠ བར་ན་ཞབས་

ཁྲའི་འགྲན་བསྡུར་ལས་རིམ་བཞག་མི་དེ་ཁར་ ཨང་དང་པ་ལམ་གོང་རྒེད་འོག་ལུ་གསོལ་རས་སྟོང་ ཕྲག་༡༠ དང་གཉིས་པ་ཐོན་མི་དོསཔ་ཤར་རི་ལུ་སྟོང་ཕྲག་༧ ། གསུམ་པ་དོས་སྟེང་རྒེད་འོག་ལུ་ དངུལ་ཀྲམ་༥༠༠ གནང་པའི་ཟད་འགྲོ་བསྡོམས་སྟོང་ཕྲག་༣༢ བཏང་ནུག།

དེ་ལས་རྒེད་འོག་༡༠ གྱི་བར་ན་ རིག་རྩལ་འགྲན་བསྡུར་འབད་དེ་ ཨང་དང་པ་ཧུང་རལ་རྒེད་འོག་ལུ་

སྟོང་༡༠། གཉིས་པ་ ལུགས་གཉིས་རྒེད་འོག་ལུ་སྟོང་༧། གསུམ་པ་སྤང་པའི་ས་རྒེད་འོག་ལུ་༣༠༠༠ གནང་སྟེ་ཁྲི་སྟོན་དུས་དྲན་ཞུ་ནུག།

རྫོང་ཁག་ཁ་ཐུག་ལས་དབྱིན་ཚེས་༨/༡༠/༠༨ དམིགས་བསལ་གྱི་འགོ་འདྲེན་སྡེ་ཚན་ཅིག་བཟོ་

ཞིནམ་ལས་ ཁྲི་མངའ་གསོལ་གྱི་དོན་ལུ་ དཔེ་དེབ་གསར་བཏོན་འབད་མི་ཚུ་གི་བར་ན་ སྤུས་ཚད་

འགྲན་བསྡུར་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་སྟེ་ ཨང་དང་པ་ཐོན་མི་ཨིང་ལིཤ་དང་རྫོང་ཁ་འབྲི་ མི་རེ་རེ་ལུ་དངུལ་ཀྲམ་༥༠༠༠ རེའི་གསོལ་རས་དང་གཉིས་པ་ཐོན་མི་ཨིང་ལིཤ་དང་རྫོང་ཁ་རེ་རེ་ལུ་

དངུལ་ཀྲམ་༣༠༠༠ རེ། གསུམ་པ་ཐོན་མི་ཨིང་ལིཤ་དང་རྫོང་ཁ་ཐོན་མི་རེ་རེ་ལུ་༢༠༠༠ རེ་ དེ་ལས་

སེམས་གསོའི་གསོལ་རས་༡༠༠༠ རེ་གནང་པའི་ལས་རིམ་བཞག་མི་དེ་ཁར་༨/༡༠/༠༨ ཚུན་ལུ་

བཅའ་མ་གཏོགས་མི་ཨིང་ལིཤ་བྲིས་མི་༢༩ དང་རྫོང་ཁའི་ནང་བྲིས་མི་༢༣ གྱིས་ཐོ་བཀོད་འབད་ནུག། ༦

སྤྱི་ཚེས་༤/༡༠/༠༨ ལུ་རྫོང་ཁག་གི་རྒེད་འོག་༡༠ ལས་ཕོ་མོ་མི་གྲངས་༡༦༥ གྲལ་གཏོགས་ཐོག་

ལས་བང་རྒྱུག་གི་ལས་རིམ་ཅིག་ཁྲི་མངའ་གསོལ་བའི་དུས་སྟོན་དོན་ལུ་འགོ་འདྲེན་འཐབ་སྟེ་ ཕོ་སྐྱེས་ སྡེ་ཚན་ལས་ཨང་དང་པ་ཤར་པ་ལས་རིན་ཆེན་དོན་གྲུབ་དང་ ཨམ་སྲུའི་གྲལ་ལས་ཨང་དང་པ་ ཤར་

231


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

པ་ལས་བཙན་སྐྱོ་སྒྲོལ་མ་གིས་གསོལ་རས་ཁྱེགས་སྒྲོམ་རེ་ཐོབ་ནུག། དེ་བཟུམ་ཨང་གཉིས་པ་༢ ལུ་

ཀྲི་བི་རེ་དང་ གསུམ་པ་ལས་ལྔ་པ་ཚུན་ཐོན་མི་ཚུ་ལུ་ཡང་གསོལ་རས་ སོ་ནམ་ལག་ཆ་ཚུ་གནང་ཡི་ ཟེར་ རྫོང་ཁག་གི་སྙན་ཞུའི་ནང་བཀོད་ནུག།

༧ བཅའ་སྒྲིག་དང་ཁྲི་སྟོན་ཚོགས་པ་ལོགས་སུ་བཏོན་ཡོད་མི་ཚུ་གིས་འགོ་འདྲེན་ཐོག་ལས་ གསེར་ ཁྲི་མངའ་གསོལ་གྱི་དྲན་རྟེན་དོན་ལུ་ སྤ་རོ་ཚོང་འདུ་ཁྲོམ་གྱི་གཙང་སྦྲ་དང་ གློག་མེ་ལ་སོགས་པ་ གསར་དུ་བཙུགས་ཐོག་ལས་ས་གནས་གཟི་བརྗིད་ལྡན་པར་བཟོ་བ་ལ་སོགས་པའི་ལས་རིམ་ལེ་ཤ་ ཅིག་འགོ་འདྲེན་འཐབ་ནུག།

བཅོ་ལྔ་པ་ དར་དཀར་རྫོང་ཁག་ཁ་ཐུག་ལས།

སྤྱི་ལོ་༡༦༥༠ ལུ་ བཞེངས་བའི་དར་དཀར་བཀྲིས་ཡང་རྩེའི་རྫོང་།

དར་དཀར་རྫོང་ཁག་གི་ཁ་ཐུག་ལས་ ལས་རིམ་དང་པ་སྤྱི་ཚེས་༡༩/༡༡/༠༨ ཀྱི་ཉིན་པར་ དར་

དཀར་སྒོ་ཤིང་རྒེད་འོག་ལུ་སྦེ་དར་དཀར་དཔལ་ལའི་སྨན་ཁང་གསརཔ་སྒོ་འབྱེད་འབད་མི་དེ་

232


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་གྱི ་ དོན་

ལུ་ཨིན་པས། འབྲུག་གཞུང་གིས་མ་དངུལ་ས་ཡ་༥༥ བཏང་སྟེ་སྤྱི་ལོ་༢༠༠༥ ལས་གསར་ བསྐྲུན་ལཱ་འགོ་བཙུགས་ཏེ་བསྒྲུབས་པའི་སྨན་ཁང་དེ་ནང་ནད་པའི་ཉལ་ཁྲི་༢༠ དང་དར་དཀར་ དཔལ་ལའི་མི་སེར་ཚུ་གི་དོན་ལུ་མཁོ་ཆེ་བའི་མཐུན་རྐྱེན་གློག་པར་ཁང་དང་ གཤག་བཅོས་ཁང་།

བརྟག་དཔྱད་ཁང་དང་བུ་བཙས་ཁང་། སོ་བཅོས་ཁང་དང་ནད་པའི་ཐབ་ཚང་། གོ་ལ་འཁྱུ་ས་དང་རོ་ཁང་ ལ་སོགས་པ་ག་ར་ཚངམ་སྦེ་བཟོ་ནུག། ༢

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་དོན་ལུ་ དར་དཀར་རྩེ་བཟང་

རྒེད་འོག་ལུ་ མ་དངུལ་འབུམ་༡༡ ལྷགཔ་ཅིག་བཏང་སྟེ་རྩེ་བཟང་རྒེད་འོག་བདག་སྐྱོང་གི་ཡིག་ཚང་ ཅིག་གསརཔ་རྐྱབ་མི་འདི་ སྤྱི་ཚེས་༧/༡༠/༠༨ ལུ་ས་གནས་རྫོང་བདག་གིས་སྒོ་འབྱེད་མཛད་དེ་ རྒེད་འོག་ལུ་རྩིས་སྤྲོད་གནང་ནུག།

དཀར་ནག་རྒེད་འོག་ལུ་ སོ་ནམ་ཞིང་ལམ་ཀི་ལོ་མི་ཀྲར་༥ འབད་མི་ཅིག་ཟད་འགྲོ་མ་དངུལ་འབུམ་

༥༢ བཞག་ཐོག་ལས་གསར་དུ་སེལ་མི་དེ་བསྒྲུབས་པའི་སྒོ་འབྱེད་ས་གནས་རྫོང་བདག་གིས་མཛད་ དེ་སྤྱི་ཚེས་༩/༡༠/༠༨ ལུ་མི་སེར་ལུ་རྩིས་སྤྲོད་གནང་མི་དེ་ཡང་ཁྲི་མངའ་གསོལ་བའི་དུས་སྟོན་རྗེས་ དྲན་ཞུ་དོན་ལུ་ཨིན་མས།

བཅུ་དྲུག་པ་ རྩི་རང་རྫོང་ཁག་གི་ཁ་ཐུག་ལས། ༡

རྩི་རང་རྫོང་ཁག་གི་ཁ་ཐུག་ལས་ ལས་རིམ་དང་པ་སྤྱི་ཚེས་༡༩/༡༡/༠༨ ཀྱི་ཉིན་ རྩི་རང་རྫོང་གཞིས་ གསར་བཞེངས་ཀྱི་རབ་གནས་དང་འབྲེལ་བའི་སྒོ་འབྱེད་མཛད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་

མཆོག་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་པས། རྫོང་གཞིའི་ལཱ་འགོ་

དེ་ཡང་སྤྱི་ལོ་༢༠༠༤ སྤྱི་ཟླ་དང་པ་ལས་འགོ་བཙུགས་ཏེ་སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ མཇུག་བསྡུ་ནུག།

233


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྫོང་གཞི་འདི་གི་ས་ཁོངས་རྒྱ་ཚད་ཨེ་ཀར་༡༠ ཡོད་པའི་གསར་བཞེངས་རྫོང་འདི་ནང་ ཁྲིམས་ཁང་ མ་རྩིས་པར་ཡིག་ཚང་གི་ཁང་མིག་༦༠ ཡོད་པའི་རྫོང་དེ་གི་འགྲོ་སོང་མ་དངུལ་ཡང་ཡོངས་བསྡོམས་

ས་ཡ་༡༤༨ གནས་ནུག། རབ་གནས་དེ་ཡང་རྗེ་མཁན་ཁྲི་རབས་༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་ གྲགས་མཆོག་དབུ་བཞུགས་ཐོག་ལས་རྩི་རང་རབ་སྡེ་དང་གཞུང་གྲྭ་ཚང་གིས་རབ་གནས་སྟ་གོན་དང་

བཅས་པ་གནང་ཐོག་ལས་སྐུ་མགྲོན་གཙོ་བོ་ མི་རྗེ་བློན་ཆེན་མཆོག་གིས་སྒོ་འབྱེད་མཛད་གནང་ནུག།

སྤྱི་ལོ་༢༠༠༨ ལུ་གསར་བཞེངས་རྩི་རང་རྫོང་།

རྫོང་ཁག་བདག་སྐྱོང་གིས་འགོ་འདྲེན་ཐོག་ རྫོང་ཁག་ཆོས་མཐུན་ཚོགས་པས་ མ་དངུལ་འབུམ་བཞི་ ལྷགཔ་ཅིག་བཏང་སྟེ་ འགྲམ་ཕུའི་ལྷ་ཁང་གི་སྦོ་ལོགས་ཁར་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ སྦོམ་ཚད་ཕིཀྲ་༩ འབད་མི་ཅིག་གསར་བཞེངས་གཟུངས་ཞུགས་དང་བཅས་པ་བསྒྲུབས་མི་དེ་ གསེར་ ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ལུ་བཞེངས་བཞེངསཔ་ཨིན་མས།

འགྲམ་ཕུ་སློབ་གྲྭའི་བདག་སྐྱོང་གིས་འགོ་འདྲེན་འཐབ་སྟེ་ སློབ་དཔོན་ཚུ་དང་ གཞན་དད་ཅན་ཚུ་ལས་

འབྲེལ་ཞུ་བསྡུ་བའི་མ་དངུལ་འབུམ་༢ དང་སྟོང་ཕྲག་༩༥ བཏང་སྟེ་མ་ཎི་དུང་འཁོར་གཉིས་ འགྲམ་

234


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཕུ་འབྲིང་རིམ་སློབ་གྲྭ་བར་མའི་ནང་བཙུགས་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་ གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་དོན་ལུ་ཨིན་མས།

༤ རྫོང་ཁག་བདག་སྐྱོང་གིས་འགོ་འདྲེན་ཐོག་གཞུང་གི་མ་དངུལ་འབུམ་༢༢༤ ལྷགཔ་ཅིག་བཏང་སྟེ་

འགྲམ་ཕུ་ཁྲོམ་ཁར་འཐུང་ཆུ་གསར་དུ་བཏོན་པའི་སྒོ་འབྱེད་འབད་མི་དེ་གསེར་ཁྲི་མངའ་གསོལ་གྱི་ དུས་སྟོན་ལུ་ཨིན་མས།

སྤྱི་ཚེས་༦/༡༡/༠༨ ཀྱི་ཉིན་ རྩི་རང་རྫོང་ཁག་ནང་རྒྱལ་བརྒྱུད་ལོ་བརྒྱ་དང་གསེར་ཁྲི་མངའ་གསོལ་གྱི་ རྐང་རྩེད་འགྲན་བསྡུར་ཟེར་ རྫོང་ཁག་ནང་འཁོད་ཀྱི་སློབ་གྲྭ་ཁག་དྲུག་གི་བར་ན་ རྩེད་རིགས་ཚོགས་ པའི་མ་དངུལ་སྟོང་ཕྲག་༣༨ བཏང་སྟེ་རྐང་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་པའི་མཐའ་དཔྱད་འགྲན་

བསྡུར་དེ་རྒྱལ་བརྒྱུད་ལོ་བརྒྱ་ཟེར་མི་སྡེ་ཚན་གྱིས་ཨང་དང་པའི་རྒྱལ་ཁ་ཐོབ་པའི་སྐབས་ ཁྲོམ་མི་༡༡ ཟེར་བའི་སྡེ་ཚན་གྱིས་ཨང་གཉིས་པ་ཐོབ་ཅི་ཟེར་ཨིན་པས། དེ་ཚེ་ཉིན་མ་གསེར་ཁྲི་མངའ་གསོལ་བརྩི་ སྲུང་ཞུ་བའི་དོན་ལུ་སློབ་གྲྭ་ཚུ་གི་བར་ན་རྩེད་རིགས་སྣ་ཚོགས་ཀྱི་འགྲན་བསྡུར་འགོ་འདྲེན་འཐབ་ཐོག་ ལས་དུས་སྟོན་བརྩི་སྲུང་ཞུ་ནུག། ༦

རྩི་རང་རྩེད་རིགས་ཚོགས་པའི་འགོ་འདྲེན་དང་མ་དངུལ་སྟོང་ཕྲག་༢༨ བཏང་ཐོག་ལས་རང་ལུགས་

སྤག་ཤིང་གཞུ་ལག་ལེན་འཐབ་སྟེ་མདའ་རྩེད་འགྲན་བསྡུར་འཐབ་ཐོག་ལས་ གསེར་ཁྲི་མངའ་གསོལ་ བའི་དུས་སྟོན་བརྩི་སྲུང་ཞུ་ནུག།

༧ རྩི་རང་རྩེད་རིགས་ཚོགས་པའི་འགོ་འདྲེན་དང་མ་དངུལ་སྟོང་ཕྲག་༡༨ བཏང་སྟེ་རྩི་རང་ལུ་ལག་རིལ་ འགྲན་བསྡུར་ཅིག་འགོ་འདྲེན་འཐབ་མི་འདི་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ལུ་ཨིན་མས།

བཅུ་བདུན་པ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ཁ་ཐུག་ལས། ༡

གོལ་ཌན་རེན་ ཨོཕ་ འབྲུག་རྒྱལ་བཞི་པ་ཟེར་བའི་དཔེ་དེབ་སྤྱི་ཚེས་༡༡/༡༡/༠༨ ལུ་མི་དབང་འབྲུག་

235


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་བཞི་པའི་འཁྲུངས་སྟོན་དང་འཁྲིལ་ཏེ་འདྲ་༣༠༠༠ སྤར་བཏབ་སྟེ་བཀྲམ་སྤེལ་ཞུ་ནུག། ༢

འབྲུག་རྒྱལ་ལྔ་པའི་མ་འོངས་དགོངས་འཆར་རམ་ བི་ཇཱན་ཕོར་ད་ཕིའུ་ཅར། ཟེར་མི་དེབ་སྤྱི་ཚེས་ ༣༡/༡༠/༠༨ ལུ་འདྲ་༣༠༠༠ སྤར་བཏབ་སྟེ་མི་དབང་མངའ་བདག་རིན་པོ་ཆེའི་འཁྲུངས་སྟོན་དང་ འཁྲིལ་ཏེ་བཀྲམ་སྤེལ་ཞུ་ནུག།

རྫོང་ཁའི་ཐོག་བྲིས་པའི་ འབྲུག་རྒྱལ་དང་པའི་རྟོགས་བརྗོད་སྤྱི་ཚེས༡༧/༡༢/༠༨ ལུ་འབྲུག་རྒྱལ་

རྫོང་ཁའི་ཐོག་བྲིས་པའི་འབྲུག་རྒྱལ་གཉིས་པའི་རྟོགས་བརྗོད་སྤྱི་ཚེས་༩/༡༢/༠༨ ལུ་མི་སེར་དང་

དབང་ཕྱུག་ཌའི་ནིས་ཊི་ཟེར་མི་ཨིང་ལིཤ་ནང་བྲིས་མི་དེབ་༡༧/༡༢/༠༨ འདི་འབྲུག་གི་རྒྱལ་ཡོངས་

དང་པ་གསེར་ཁྲི་མངའ་གསོལ་བའི་དུས་ཚེས་དང་འཁྲིལ་ཏེ་བཀྲམ་སྤེལ་ཞུ་ནུག། ལེན་གྱི་རྒྱལ་ཡོངས་དགའ་སྟོན་ཐང་ནང་སྦེ་བཀྲམ་སྤེལ་ཞུ་ནུག། དུས་ཆེན་སྐབས་བཀྲམ་སྤེལ་ཞུ་ནུག།

བཅོ་བརྒྱད་པ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས། ༡

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་བྱུང་རིམ་དེབ་ཐེར་ རྫོང་ཁ་དང་ཨིང་

ལིཤ་གཉིས་ཆ་རའི་ནང་ འདྲ་༣༠༠༠ རེ་སྤར་བཏབ་སྟེ་ཁྲི་མངའ་གསོལ་བའི་ཟླ་ངོ་གསུམ་གྱི་རྒྱབ་ ལས་བཀྲམ་སྤེལ་ཞུ་ནི།

རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་གྱི་དེབ་ ལོ་བརྒྱའི་བྱུང་རིམ་དེབ་འདི་ཡང་༡༧/༡༢/༠༨

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ རྫོང་ཁའི་ཡིག་སྡེབ་དང་ མིང་ཚིག་ཤོ་མཚུངས་

ཀྱི་ཤུལ་མ་ཟླ་ངོ་༣ གྱི་རྒྱབ་ལས་བཀྲམ་སྤེལ་ཞུ་ནི་ཨིན་པས།

མེད་པའི་དཀའ་ངལ་ཡོད་མི་ཚུ་ སེལ་ཐབས་ལུ་དཔེ་དེབ་༡༣ དེ་ཅིག་གསར་བསྐྲུན་འབད་ཡོད་མི་ཚུ་

རྫོང་ཁ་མཁས་མཆོག་ཚུ་ལུ་བཀྲམ་ཞིནམ་ལས་ ལེགས་བཅོས་ཀྱི་བློ་གྲོས་བསྡུ་ལེན་འབད་དེ་ མིང་

236


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཚིག་དང་སྡེབ་སྦྱོར་ཚུ་ གཅིག་མཚུངས་གཏན་འཁེལ་བཟོ་སྟེ་ ན་གཞོན་ག་ར་གིས་རྫོང་ཁ་འཇམ་ཏོག་ ཏོ་འབད་ཤེས་ཚུགས་པའི་ཐབས་ལམ་གསརཔ་བཏོན་མི་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་མས། ༤

སྤྱི་ཚེས་༡༧/༡༢/༠༨ ལུ་རྒྱལ་བརྒྱུད་རིང་ལུགས་ལོ་ངོ་བརྒྱ་འཁོར་གྱི་མཛད་པ་རྗེས་དྲན་ཞུ་དོན་ལུ་ འབྲུག་རྒྱལ་དང་པ་ལས་ལྔ་པ་ཚུན་ རྒྱལ་ཐོག་ལྔའི་མཛད་པ་གལ་ཅན་ཅིག་བརྒྱ་གདམ་ཁ་རྐྱབ་སྟེ་ པར་རིས་དང་བཅས་པའི་དཔེ་དེབ་སྤར་བསྐྲུན་ཞུ་ཐོག་ལས་བཀྲམ་སྤེལ་འབད་ནུག།

རྒྱལ་ཡོངས་རྫོང་ཁའི་འབྲི་རྩོམ་འགྲན་བསྡུར་གྱི་ཐོག་ལས་ འབྲུག་རྒྱལ་དང་པ་ལས་བཞི་པ་ཚུན་གྱི་

མཛད་རྣམ་ དྲགོས་ཨང་དང་པ་ལས་གསུམ་པ་ཚུན་གྱི་མཛད་རྣམ་ཕྱོགས་བསྡེབས་དཔེ་དེབ་ཅིག་ཡང་ སྤར་བསྐྲུན་ཞུ་ནུག།

བཅུ་དགུ་པ་ དངུལ་རྩིས་ལྷན་ཁག་གི་ཁ་ཐུག་ལས།

སྤྱི་ལོ་ ༢༠༠༨ ལུ་ གསར་བཏོན་འབྲུག་གི་དངུལ་ཀྲམ་ ཤོག་ལོར་ཚུ།

237


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རྒྱལ་ཁབ་ནང་དངུལ་ཀྲམ་སྟོང་ཕྲག་གི་ཤོག་དངུལ་གསརཔ་འགོ་དང་པ་བཏོན་པའི་ཁར་ དངུལ་

ཀྲམ་༥༠ འི་ཤོག་དངུལ་གསརཔ་བཏོན་ཡོད་མི་དེ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་ གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་དོན་ལུ་ཨིན་མས།

ཉི་ཤུ་པ་ ལྷུན་རྩེ་རྫོང་ཁག་གི་ཁ་ཐུག་ལས།

ཀུར་སྟོད་ལྷུན་གྲུབ་རིན་ཆེན་རྩེའི་རྫོང་།

ལྷུན་རྩེ་རྫོང་ཁག་གིས་གསེར་ཁྲི་མངའ་གསོལ་དུས་སྟོན་བརྩི་སྲུང་ལས་རིམ་དང་པ་ མི་དབང་མངའ་

བདག་རིན་པོ་ཆེ་སྤུངས་ཐང་བདེ་ཆེན་ཕོ་བྲང་གི་མ་ཆེན་སྐུ་མདུན་ལས་དར་སྣ་ལྔ་མ་བཞེས་ཏེ་ལོག་ རྒྱལ་ས་ལུ་བྱོན་པའི་དུས་ཚོད་དང་བསྟུན་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་མ་དངུལ་

གནང་ཐོག་ལས་ ཀུར་སྟོད་དུང་དཀར་སྣག་ཚང་གུ་ གསེར་ཏོག་རྒྱ་ཕིབས་བཅས་གསར་དུ་བཟོ་སྟེ་ ཕུལ་ནུག། དེ་སྦེ་དུང་དཀར་སྣག་ཚང་གུ་གསེར་ཏོག་ཕུལ་བའི་རྒྱུ་མཚན་ཡང་ འབྲུག་རྒྱལ་དང་པ་

238


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གི་ཡབ་འཇིགས་མེད་རྣམ་རྒྱལ་སྣག་ཚང་དེ་ནང་ལས་འཁྲུངས་ ནི་དེ་གིས་བརྒྱུད་པའི་གདུང་འཛིན་མི་ཉམས་པའི་རྟེན་འབྲེལ་ལུ་ཨིན་མས། ༢

ལྷུན་རྩེ་རྫོང་ཁག་གི་ཞི་གཡོག་པ་ཡོད་ཚད་ལས་མ་དངུལ་བརྒྱ་ཆ་༡༥ དང་གཞན་དད་མོས་ཅན་གྱི་མི་ མང་ལས་ཞལ་འདེབས་བསྡོམས་འབུམ་༡༧ དང་སྟོང་ཕྲག་༨༧ ལྷགཔ་ཅིག་བསྡུ་བའི་ཐོག་ལས་མ་ དངུལ་ཡོངས་བསྡོམས་འབུམ་༢༢ དང་སྟོང་ཕྲག་༨༠ ཟད་འགྲོ་བཏང་སྟེ་བྱང་ཆུབ་མཆོད་རྟེན་རྒྱ་ཚད་

ཕིཀྲ་༢༧ གྲུ་བཞི་དང་ཐོག་ཚད་ཕིཀྲ་༥༡ འབད་མི་ཅིག་ཟླ་ངོ་༥ གི་ནང་བསྒྲུབས་པའི་རབ་གནས་ ཡང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་ཟླ་༥ པའི་ཚེས་༡༦ ལས་འགོ་བཙུགས་ཏེ་ཉིན་

གྲངས་༣ གྱི་རིང་གནང་ཡོད་མི་དེ་ མི་དབང་འབྲུག་རྒྱལ་ལྔ་པ་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་ བརྩི་སྲུང་དོན་ལུ་ཨིན་མས།

ཉེར་གཅིག་པ་ མོང་སྒར་རྫོང་ཁག་གི་ཁ་ཐུག་ལས། ༡

མོང་སྒར་རྫོང་ཁག་གིས་ ལས་རིམ་དང་པ་ རབ་སྡེའི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་ སྤུངས་ཐང་ཁ་ལས་དར་སྣ་ལྔའི་ཆུན་བུ་བཞེས་ནི་དང་ དུས་མཚུངས་ལུ་མོང་གར་ རབ་སྡེ་གིས་སྐར་ མེ་སྟོང་མཆོད་ཕུལ་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་སྐུ་ཚེ་དར་ཞིང་རྒྱས་ཏེ་ རྒྱལ་ཁབ་ཞི་ བདེ་འཕྲོ་མཐུད་དེ་གནས་ཐབས་ལུ་དམིགས་བསལ་གྱི་སྨོན་ལམ་གནང་པའི་ཁར་ རྫོང་ཁག་བདག་

སྐྱོང་གི་ཁ་ཐུག་ལས་ཡང་གཙང་སྦྲའི་ལས་རིམ་ཅིག་ཁྲི་མངའ་གསོལ་བའི་དུས་སྟོན་ལུ་འགོ་འདྲེན་ འཐབ་ནུག། ༢

སྤྱི་ཟླ་༡༡ པའི་སྤྱི་ཚེས་༦ ལུ་མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལུ་རྫོང་རབ་དང་རབ་སྡེ་བླམ་

གནས་བརྟན་དབུ་བཞུགས་ཐོག་ལས་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག། དེ་ ཡང་རྒྱལ་ས་ཐིམ་ཕུ་ལུ་གསེར་ཁྲི་མངའ་གསོལ་གྱི་དུས་དང་བསྟུན་ཏེ་ མི་སེར་སྟོང་ཕྲག་སྦེ་མོང་སྒར་

ཐང་ནང་འཛོམས་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་སྐུ་པར་གདན་འདྲེན་ཞུ་བའི་གདོང་

239


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁར་ སློབ་ཕྲུག་ཚུ་གིས་གུས་བཏུད་སྟི་སྭ་རུ་བསྒྲིགས་ཐོག་ལས་ཞུ་ནི་དང་ རྒྱལ་དར་འཕྱར་ཏེ་བརྟན་ བཞུགས་ཕུལ་བའི་ཤུལ་ལས་ མི་མང་ལུ་སློབ་ཕྲུག་ཚུ་གིས་གླུ་གཞས་སྣ་ཚོགས་ཀྱི་ལྟདམོ་སྟོན་པའི་

ཁར་ རིག་རྩལ་འགྲན་བསྡུར་ཅིག་ཡང་འབད་བའི་ཐོག་ལས་བརྩི་སྲུང་ཞུ་ནུག། མོང་སྒར་འབྲིང་རིམ་ སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག་ཚུ་གིས་སྦེ་ མ་ཎི་དུང་འཁོར་ཅིག་བཞེངས་མི་དེ་ཡང་ དེ་ཚེ་ཉིན་མ་

རབ་གནས་ཕུལ་བའི་ཁར་ སློབ་གྲྭ་དེ་གིས་གསར་དེབ་འགོ་དང་པ་བཏོན་ནི་ཡང་འགོ་བཙུགས་ནུག།

ཤར་ཕྱོགས་འཁོར་ལོ་རྩིས་བརྒྱད་ཀྱི་ནང་གསེར་མོང་གར་རྫོང་།

སྤྱི་ཚེས་༥/༡༡/༠༨ ཀྱི་ཚེ་མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མ་ལུ་འབད་དེ་ འབྲིང་རིམ་འོག་མའི་ སློབ་ཕྲུག་ཚུ་དང་ སུའིཛ་གི་སྡེ་ཚན་ཅིག་གིས་ཡང་གྲལ་གཏོགས་འབད་དེ་གསེར་ཁྲི་མངའ་གསོལ་ དུས་སྟོན་དོན་ལུ་གླུ་གར་འཁྲབ་སྟོན་གྱི་ལྟདམོ་ཚུ་མི་མང་ལུ་སྟོན་པའི་སྐབས་ སློབ་ཕྲུག་དང་སུའིཛ་གླུ་

གཞས་སྡེ་ཚན་དེ་གིས་ མི་དབང་རྒྱལ་པོ་རིམ་བྱོན་ཚུ་གི་མཛད་རྣམ་བཟང་པོ་ལུ་སྐུ་དྲིན་དགའ་ཚོར་ཞུ་ བའི་ལས་རིམ་སྟོན་ཐོག་ལས་བརྩི་སྲུང་ཞུ་ནུག།

240


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

༤ མོང་སྒར་རྫོང་ཁག་ནང་ཆོས་མཐུན་ཚོགས་པ་གིས་འགོ་འདྲེན་འཐབ་ཐོག་ལས་ མོང་སྒར་རབ་སྡེའི་

གནས་བརྟན་དང་སྐྱིད་བདེ་མཁར་བཤད་གྲྭའི་དབུ་འཛིན་གཉིས་དབུ་བཞུགས་ཐོག་ལས་ ཆོས་པ་ ཞལ་གྲངས་༣༠༠ ལྷགཔ་ཅིག་གུ་མི་སེར་དད་ཅན་༤༠༠ ལྷགཔ་ཅིག་གིས་སྤྱི་ཟླ་༧ པའི་ཚེས་༣

ལས་འགོ་བཙུགས་ཏེ་བཛྲ་གུ་རུ་དུང་སྒྲུབ་གནང་མི་དེ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་ གསོལ་བའི་དུས་སྟོན་དང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་མས།

ཉེར་གཉིས་པ་ ཀྲོང་གསར་རྫོང་ཁག་གི་ཁ་ཐུག་ལས། ༡

ཀྲོང་གསར་རྫོང་ཁག་ནང་ རྫོང་ཁག་གི་འགོ་དཔོན་ཚུ་དང་ཚོང་པའི་འཐུས་མི་ཚུ་གིས་སྤྱི་ཚེས་༦ /༡༡/༠༨ ལུ་མི་དབང་མངའ་བདག་རིན་པོ་ཆེའི་ཁྲི་མངའ་གསོལ་བའི་དུས་སྟོན་གྱི་ལུ་ འབྲུག་གི་

རྒྱལ་དར་འཕྱར་བའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་པར་གོང་ལུ་བཞག་ སྟེ་ མར་ཆང་རྟེན་འབྲེལ་ལས་འགོ་བཙུགས་ཏེ་དུས་སྟོན་བརྩི་སྲུང་ཞུ་ནུག།

ཉེར་གསུམ་པ་ བུམ་ཐང་རྫོང་ཁག་གི་ཁ་ཐུག་ལས། ༡

བུམ་ཐང་རྫོང་ཁག་ནང་མི་དབང་མངའ་བདག་རིན་པོ་ཆེ་ཁྲི་མངའ་གསོལ་དུས་སྟོན་བརྩི་སྲུང་གི་དོན་ ལུ་ ལས་རིམ་དང་པ་ བུམ་ཐང་དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་འབད་ རྫོང་ ཁག་སྲོལ་འཛིན་དང་ ཤེས་རིག་སྡེ་ཚན་མཉམ་རུབ་འགོ་འདྲེན་ཐོག་ སྤྱི་ཚེས་༦ གི་ཉིན་མ་སློབ་གྲྭ་ ཁག་༡༤ ལས་སློབ་ཕྲུག་༢༠༠ གིས་བཅའ་མར་གཏོགས་ཐོག་ལས་རང་ལུགས་རྩེད་རིགས་འགྲན་

བསྡུར་དང་ གཞུང་སྒྲ་དང་བོད་སྒྲ། རིག་གསར་གླུ་གཞས་ཚུ་གི་འགྲན་བསྡུར་འགོ་འདྲེན་འཐབ་ཐོག་

ལས་བརྩི་སྲུང་ཞུ་སྟེ་ འགྲན་བསྡུར་ནང་དྲགོས་ཐོན་མི་ཚུ་ལུ་ གུ་རུ་དང་སྟོན་པའི་སྐུ་འདྲ། དཀར་མེ་ ཀོངམ་དང་དངུལ་རྐྱང་གསོལ་རས་ཚུ་གནང་སྟེ་བརྩི་སྲུང་ཞུ་ནུག།

241


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྤྱི་ལོ་༡༦༤༨ ལུ་ བཞེངས་པའི་བུམ་ཐང་བྱ་དཀར་གཡུལ་ལས་རྣམ་རྒྱལ་རྫོང་།

སྤྱི་ཚེས་༢༥/༨/༠༨ ལུ་ཡང་བྱ་དཀར་རྩེད་རིགས་ཚོགས་པ་གིས་ རྐང་རིལ་འགྲན་བསྡུར་གྱི་ལས་

རིམ་ཅིག་འགོ་འདྲེན་འཐབ་མི་འདི་ཁར་ རྫོང་ཁག་གི་ལས་ཁུངས་ཁག་དང་ སློབ་གྲྭ་ཁག། སྒེར་ སྡེ་ཚུ་རྩིས་ཏེ་བསྡོམས་སྡེ་ཚན་༢༢ ཀྱིས་བཅའ་མར་གཏོགས་པའི་རྩེད་འགྲན་དེ་གི་དོན་ལུ་ འབྲུག་

རྐང་རིལ་ཚོགས་པའི་ཁ་ཐུག་ལས་མ་དངུལ་སྟོང་ཕྲག་༢༠ གནང་སྟེ་མི་དབང་མངའ་བདག་རིན་པོ་ ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག། ༣

བུམ་ཐང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་ རྒྱལ་བརྒྱུད་ ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་བའི་དོན་ལུ་དམིགས་ཏེ་ སྤྱི་ཚེས་༡༢/༥/༠༨ ལས་འགོ་

བཙུགས་ཏེ་༡༨/༥/༠༨ ཚུན་ཚོད་རང་ལུགས་སྤག་ཤིང་གཞུ་ལག་ལེན་འཐབ་པའི་མདའ་རྩེད་འགྲན་

བསྡུར་ཅིག་འགོ་འདྲེན་འཐབ་མི་དེ་ཁར་སྡེ་ཚན་༨ ཀྱིས་བཅའ་མར་གཏོགས་ཏེ་སྤྱི་ཚེས་༡༨/༥/༠༨ ལུ་ མཐའ་དཔྱད་འགྲན་བསྡུར་ བྱ་དཀར་ཞིབ་འཚོལ་ལྟེ་བ་དང་ གསོ་བའི་སྡེ་ཚན་གཉིས་ཀྱི་བར་ན་དོ་འགྲན་ འབད་དེ་རྒྱལ་ཁ་བྱ་དཀར་ཞིབ་འཚོལ་ལྟེ་བ་གིས་ཐོབ་ནུག།

242


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

༤ སྤྱི་ལོ་༢༠༠༨ ཀྱི་སྤྱི་ཟླ་༤ པ་ལས་འགོ་བཙུགས་ཏེ་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་

འབྲེལ་ བུམ་ཐང་ཡུལ་ལྗོངས་ཀྱིས་གཙོས་པའི་འབྲུག་རྒྱལ་ཁབ་ཀྱི་མི་སྡེའི་སྲུང་སྐྱོབས་ཀྱི་དོན་ལུ་

བྱ་དཀར་གཡུལ་རྒྱལ་རྫོང་གི་དབུ་རྩེའི་བར་ཐོག་ལུ་དཔལ་ལྡན་ལྷ་མོའི་མགོན་ཁང་ཅིག་རྟེན་དང་བརྟེན་ པར་བཅས་པ་གསར་བཞེངས་གནང་པའི་ རབ་གནས་ཡང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་ཟླ་༨ པའི་ནང་གནང་ཡི་ཟེར་དང་དེ་བཟུམ་ཐར་པ་གླིང་གྲྭ་ཚང་ནང་རིག་འཛིན་ཐུགས་སྒྲུབ་དཔལ་ ཆེན་འདུས་པའི་སྒྲུབ་ཆེན་ཅིག་ཡང་བཙུགས་ནུག། ༥

འབྲུག་བལྟ་བཤལ་ལས་ཁུངས་ཀྱི་མ་དངུལ་རོགས་རམ་ཐོག་ལས་ བུམ་ཐང་དབང་འདུས་ཆོས་ གླིང་ཕོ་བྲང་དང་ཀུན་དགའ་རབ་བརྟན་ཕོ་བྲང་གཉིས་ཀྱི་བར་ན་ ཧེ་མ་འབྲུག་རྒྱལ་གཉིས་པའི་སྐབས་

གསོལ་ཐབས་ཡར་ཕེབས་མར་ཕེབས་ཀྱི་ལམ་འགྲུལ་མཛད་སའི་རྟ་ལམ་བདའ་སྟེ་ དུས་ཅི་གསེར་ཁྲི་

མངའ་གསོལ་བའི་དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ བལྟ་བཤལ་འགྲུལ་ལམ་གསརཔ་ཅིག་འགོ་ བཙུགས་ནུག། ༦

རྫོང་ཁག་སོ་ནམ་དང་སྒོ་ནོར་ལས་སྡེ་གིས་ ལྕམ་མཁར་གྱི་རང་བཞིན་སླར་འབྱུང་ཐོན་བསྐྱེད་དང་ ཆུ་སྨད་ཀྱི་ཨོམ་ཚོང་སྡེ། སློབ་གྲྭ་ཁག་གི་སོ་ནམ་རིག་རྩལ་འགྲན་བསྡུར་གྱི་ལས་རིམ་སྤྱི་ཚེས་

༦/༡༡/༠༨ ལུ་འགོ་བཙུགས་མི་འདི་ཡང་གསེར་ཁྲི་མངའ་གསོལ་དུས་སྟོན་བརྩི་སྲུང་ཞུ་དོན་ལུ་ཨིན་ མས།

༧ བུམ་ཐང་ཨུ་ར་ལུ་རྒེད་འོག་བདག་སྐྱོང་གི་མ་དངུལ་སྟོང་ཕྲག་༣༠ དང་སློབ་གྲྭ་ལས་སྟོང་༡༠ བཏང་ སྟེ་ཤིང་གཉེར་མི་སྡེ་སློབ་གྲྭ་དང་ཤིང་མཁར་མི་སྡེ་སློབ་གྲྭ་ཚུ་འཛོམས་ཐོག་ལས་ ཨུ་རའི་འབྲིང་རིམ་ སློབ་གྲྭ་འོག་མ་འདི་འབྲིང་རིམ་བར་མ་ལུ་ཡར་སེང་གནང་པའི་དགའ་སྟོན་འཆམ་དང་ཞབས་ཁྲ་ལ་

སོགས་པ་ སྣ་ཚོགས་ལས་རིམ་མི་མང་ལུ་སྤྱན་འབུལ་ཞུ་སྟེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག།

243


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཉེར་བཞི་པ་ ཐིམ་ཕུ་རྫོང་ཁག་གི་ཁ་ཐུག་ལས། ༡

ཐིམ་ཕུ་སློབ་གྲྭ་ཆུང་བ་གི་སློབ་ཕྲུག་ཚུ་གིས་གསེར་ཁྲི་མངའ་གསོལ་དང་བསྟུན་ཏེ་ མཆོད་མེ་སྟོང་

མཆོད་ཕུལ་ཐོག་ལས་ མངའ་བདག་རིན་པོ་སྐུ་ཚེ་ཞབས་པད་བརྟན་པའི་དོན་ལུ་སྨོན་འདེབས་དང་ བཅས་པའི་ལས་རིམ་ཅིག་ཡང་འགོ་འདྲེན་འཐབ་སྟེ་དུས་སྟོན་བརྩི་སྲུང་ཞུ་ནུག།

གསེར་ཁྲི་མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་ལུ་ རིན་ཆེན་འབྲིང་རིམ་སློབ་ གྲྭ་གོང་མའི་ཁ་ཐུག་ལས་ཡང་ ལོ་བརྒྱ་འཁོར་བའི་འགྲེམས་སྟོན་ལས་རིམ་ཅིག་འགོ་འདྲེན་འཐབ་

པའི་ཁར་ སློབ་གྲྭའི་ས་ཁོངས་ནང་མ་ཎི་དུང་འཁོར་ཅིག་བཞེངས་ཏེ་ཁྲི་མངའ་གསོལ་བའི་དུས་ཚོད་ དང་འཁྲིལ་ཏེ་རབ་གནས་ཕུལ་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ནུག། ༣

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་གི་དོན་ལས་སྤྱི་ཟླ་ ༡༠ པའི་བདུན་ཕྲག་གཉིས་པའི་ནང་ཐིམ་ཕུ་རྫོང་ཁག་ནང་འཁོད་ཀྱི་སློབ་གྲྭ་ཚུ་གི་བར་ན་ ཏའི་ཀོན་

ཌོ་ཟེར་བའི་སྟོབས་རྩལ་ དོ་འགྲན་གྱི་ལས་རིམ་ཅིག་འདས་པའི་བདུན་ཕྲག་ནང་འགོ་འདྲེན་འཐབ་ ནུག།

༤ ཐིམ་ཕུ་ལུ་དུར་ག་ཆོས་ཁང་ཟེར་སར་དུར་གའི་ལྷ་གསོལ་འབད་མི་ཚུ་གིས་ཡང་སྤྱི་ཟླ་༡༠ པའི་ཚེས་ ༣༡ ལས་འགོ་བཙུགས་ཏེ་ཉིན་གྲངས་༩ འི་རིང་དུར་ག་ལྷ་གསོལ་ ཧིན་དྷུའི་ཆོས་པ་༩ གིས་འབད་ གསོལ་མི་དེ་མི་དབང་མངའ་བདག་རིན་པོ་ཆེའི་སྐུ་ཚེ་མཛད་ཕྲིན་རྒྱས་ཐབས་ལུ་འགོ་འདྲེན་འཐབ་ ནུག། ༥

སྤྱི་ཚེས་༡/༡༡/༠༨ ཀྱི་ཀུན་གསལ་ནང་ ཅང་ཟམ་ཏོག་ལས་ ཡོན་ཏན་ཕུན་ཚོགས་ཀྱིས་ཡང་ཤོ་ལོ་ ཀ་༡༥ འབད་མི་རྩོམ་ཅིག་རྐྱབ་སྟེ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་མངོན་པར་བསྟོད་ནུག།

བཅུད་དོན་དག་པ་ཅིག་བསྐྱར་གསལ་ཞུ་བ་ཅིན། འབྲུག་རྒྱལ་བྱང་སེམས་མེས་དབོན་ལ་སོགས་ པས།། རྒྱལ་ཁབ་ཆོས་བཞིན་བསྐྱངས་པས་བདེ་སྐྱིད་ཀྱི། །འོད་སྣང་འགྲིབ་མེད་ཤར་བའི་ཉི་མ་འདི། །

244


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

བསྐལ་བརྒྱའི་བར་དུ་ནུབ་པ་མེད་པར་ཤོག །ཟེར་མི་དང་ གཟའ་སྐར་གྲུབ་སྦྱོར་དགེ་ཉིན་མ་ཆེན་ནས།

།མགུལ་དར་དབུ་ཞྭ་བཞེས་ཤིང་རྒྱལ་སྲིད་ལ། །མངའ་དབང་འབྱོར་བའི་བཀྲ་ཤིས་མངའ་གསོལ་

གྱི། །རྟེན་འབྲེལ་དགེ་མཚན་འབུམ་གྱི་དཔལ་དུ་མཆིས། །སྲིད་ན་མངོན་མཐོ་རྒྱལ་པོའི་གསེར་ཁྲི་ རུ། །གཟི་བརྗིད་དཔལ་འབར་སྐུ་ཚེ་ཡུན་བརྟན་ཅིང་། །གསུང་སྙན་ཟབ་པས་གཞན་སྣང་དབང་འདུས་ ནས། །ཐུགས་ཀྱི་བཞེད་དོན་འབད་མེད་ལྷུན་འགྲུབ་ཤོག། ཟེར་བ་ལ་སོགས་པ་བཀོད་དེ་ཕུལ་ནུག།

ཉེར་ལྔ་པ་ བསམ་རྩེ་རྫོང་ཁག་གི་ཁ་ཐུག་ལས། ༡

བསམ་རྩེ་རྫོང་ཁག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་དུས་ཚོད་ དང་འཁྲིལ་ཏེ་དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ རྫོང་ཁག་ལུ་ཡོད་པའི་མི་མང་ཐང་ནང་སྦེ་རང་ལུགས་ ཀྱི་ལས་རིམ་སྣ་ཚོགས་སྟོན་ཐོག་ལས་བརྩི་སྲུང་ཞུ་ནུག།

བསམ་རྩེ་ལུ་བང་རྒྱུག་དང་མདའ་རྩེད་ ཁུ་རུ་ལ་སོགས་པའི་རྩེད་རིགས་འགྲན་བསྡུར་ལས་རིམ་ཡང་

བསམ་རྩེའི་ཁྲོམ་དང་ས་གནས་ཀྱི་ས་ཁོངས་ཚུ་ཕྱགས་བདར་རྐྱབ་སྟེ་ཧིང་སངས་ས་བཟོ་ཡོད་པའི་

འགོ་འདྲེན་འཐབ་ཐོག་ལས་ རྟེན་འབྲེལ་བརྩི་སྲུང་ཞུ་ཡི་ཟེར་ཨིན་པས།

ཁང་ཁྱིམ་དང་ ཁྲོམ་ལམ་དེ་ཚུ་ནང་རྒྱལ་དར་ཐདམ་ཐད་ཁར་འཕྱར་ཏེ་ག་ཅི་ལས་སྒྲ་ཆགས་ཏོག་ཏོ་ སྦེ་བཟོ་སྟེ་དུས་སྟོན་རྗེས་དྲན་ཞུ་ནུ​ུག།

༤ རྫོང་ཁག་ལས་ལྷོད་པའི་སྙན་ཞུ་ནང་། ཅར་ག་རི་རྒེད་འོག་གི་ལྷ་ཁང་ནང་ མ་དངུལ་འབུམ་༡༢ བཏང་ སྟེ་ནང་རྟེན་ཚུ་གསརཔ་བཙུགས་ནུག།

རྫོང་ཁག་ཡར་རྒྱས་ཚོགས་འདུའི་ཚོགས་ཁང་གསར་བཞེངས་འབད་ནུག།

རྫོང་ཁག་ནང་ལཱ་འབད་མི་ཚུ་ལས་མ་དངུལ་སྟོང་ཕྲག་༡༢ བསྡུ་ཐོག་ལས་རྫོང་གི་ལྷ་ཁང་གུ་རྒྱ་བཞི་ བཏོན་ཡི་ཟེར་བཀོད་ནུག།

245


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བསམ་རྩེ་རྫོང་།

༧ མ་དངུལ་ས་ཡ་༥.༩༢༣ བཏང་ཐོག་ལས་སྒོམ་ཀྲུ་ལུ་འཕྲོདབསྟེན་སྨན་ཁང་སྡེ་ཚན་དང་པ་གཅིག་ གསར་བསྐྲུན་འབད་ནུག།

མ་དངུལ་འབུམ་༦.༦ བཏང་ཐོག་ལས་བརྟན་འབྲུག་དང་ཨོ་ཁོར་བོ་ཀྲེ་བར་ན་ཞིང་ལམ་གསརཔ་

བཏོན་མི་དང་ མ་དངུལ་འབུམ་༥ བཏང་སྟེ་དེའུ་ར་ལི་དང་ཅི་སོ་པ་ནི་བར་ན་ཞིང་ལམ་གསརཔ་བཏོན་ མི་ཚུ་ག་ར་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ཞུ་དོན་ལུ་འགོ་འདྲེན་འཐབ་ནུག།

མ་དངུལ་༣༦༠༠༠༠བཏང་སྟེ་སྲིབ་སུ་ལྷ་ཁང་གི་དོན་ལུ་འཕགས་པའི་གནས་བརྟན་༡༦ གི་ཞལ་

ཐང་མཁོ་སྒྲུབ་འབད་མི་ཚུ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ ལུ་ཨིན་པས།

༡༠

དཔལ་ལྡན་རྩི་ས་དབང་འཛིན་གྱི་མ་དངུལ་རྒྱབ་སྐྱོར་ཐོག་ལས་བསམ་རྩེ་རྩེད་རིགས་ཚོགས་པའི་ཁ་ ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་གི་དོན་

246


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ལུ་རྩེད་རིགས་སྣ་ཚོགས་ཀྱི་འགྲན་བསྡུར་འགོ་འདྲེན་འཐབ་པའི་ རྐང་རྩེད་དང་ཁུ་རུའི་མཐའ་དཔྱད་

འགྲན་བསྡུར་སྒོམ་ཀྲུ་ལུ་སྦེ་འབད་ནུག། རྐང་རྩེད་དང་ཁུ་རུའི་ནང་རྒྱལ་ཁ་ཐོབ་མི་ཚུ་ལུ་རྒྱལ་རྟགས་ དང་དངུལ་རྐྱང་གི་གསོལ་རས་ཚུ་གནང་པའི་ཁར་རྒྱང་མཐོང་སྒྲོམ་ཨིཅ་༢༡ པ་དང་གོས་ཁྲུའི་འཕྲུལ་ ཆ་བཅས་པ་རྒྱལ་ཁའི་ཐོབ་རིམ་དང་བསྟུན་ཏེ་གསོལ་རས་གནང་ནུག།

ཉེར་དྲུག་པ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ཁ་ཐུག་ལས། ༡

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ལས་རིམ་དང་པ་ རབ་སྡེའི་བླམ་གནས་བརྟན་དབུ་བཞུགས་ ཐོག་ལས་ རབ་སྡེ་དམངས་ཀྱིས་ རང་ཟླ་བཞི་པའི་དུས་ཆེན་དང་བསྟུན་ཏེ་ཚེས་༡༣ ལས་འགོ་བཙུགས་ ཏེ་༡༥ ཚུན་ཉིན་གྲངས་གསུམ་གྱི་རིང་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་

སྐབས་འགལ་རྐྱེན་བར་ཆད་ཞི་སྟེ་བསམ་དོན་ལྷུན་གྱིས་འགྲུབ་ཐབས་ལུ་ མགོན་པོ་ཚེ་དཔག་མེད་དང་ ཡེ་ཤེས་མགོན་པོ་སྟོང་ཚོགས་ཀྱི་གསུང་ཆོག་རྒྱས་པར་གནང་ནུག། ༢

བསམ་གྲུབ་ལྗོངས་མཁར་རྫོང་ཁག་བདག་སྐྱོང་དང་ རབ་སྡེ་གིས་འགོ་འདྲེན་ཐོག་ གཞུང་གི་མ་ དངུལ་འབུམ་༡༥ གནང་སྟེ་བསམ་གྲུབ་ལྗོངས་མཁར་ལུ་ གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་རིང་

ཚད་ཕིཀྲ་༤༥ དང་རྒྱ་ཚད་ཕིཀྲ་༥༥ འབད་མི་ཅིག་གསར་བཞེངས་བསྒྲུབས་པའི་རབ་གནས་རང་

ཟླ་༨ པའི་ཚེས་༡༡ ལུ་གནང་མི་དེ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་ དུས་སྟོན་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་ལུ་བཞེངས་མི་འདི་ལོ་བསྟར་ཚེས་བཅུའི་ སྐབས་མི་མང་ལུ་མཇལ་ཁ་གནང་ནི་ཨིན་མས། ༣

རྒྱ་གར་གཞུང་གི་མ་དངུལ་འབུམ་༡༠༢ དང་སྟོང་ཕྲག་༨༡ ལྷགཔ་ཅིག་རོགས་རམ་གནང་ཐོག་ལས་

བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ནང་སྡོད་མི་ཚུ་གི་དོན་ལས་ སློབ་གྲྭ་ཆུང་བ་ཅིག་འགོ་འབྱེད་འབད་ ཡོད་མི་དེ་ཁྲི་མངའ་གསོལ་བའི་དུས་དྲན་བརྩི་སྲུང་ཞུ་དོན་ལུ་ཨིན་མས།

རྒྱ་གར་གཞུང་གི་མ་དངུལ་འབུམ་༢༧༩ དང་སྟོང་ཕྲག་༦༥ ལྷགཔ་ཅིག་བཏང་ཐོག་ལས་ བདེ་བ་ཐང་

247


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གི་ས་གནས་སྒར་པ་འུང་ཟེར་ས་ལུ་ བདེ་བ་ཐང་ལུ་སྡོད་མི་བསྟན་སྲུང་དྲག་སྡེ་དང་འཇིགས་མེད་རྣམ་རྒྱལ་

བཟོ་རིག་སྤེལ་ཁང་། སྨན་ཁང་དང་ཚོང་པ་ཚུ་གི་དོན་ལུ་འབྲིང་རིམ་སློབ་གྲྭ་འབྲིང་མ་ཅིག་སྒོ་འབྱེད་གནང་ མི་དེ་ཁྲི་མངའ་གསོལ་བའི་དུས་དྲན་ལུ་ཨིན་ཟེར་བཀོད་ནུག། ༥

རྒྱ་གཞུང་གི་མ་དངུལ་འབུམ་༣༡༩ དང་སྟོང་ཕྲག་༢༡ ལྷགཔ་ཅིག་བཏང་ཐོག་ལས་ ཨོ་རོང་རྒེད་ འོག་ལྟེ་བ་ལུ་ འབྲིང་རིམ་གོང་མའི་སློབ་གྲྭ་ཅིག་གསར་བཙུགས་འབད་ཡོད་པའི་སློབ་གྲྭ་དེ་རྒྱལ་པོ་ ལྔ་པའི་ཁྲི་སྟོན་རྗེས་དྲན་དོན་ལུ་ཨིན་མས།

ཨེ་ ཨེམ་ ཨི་ པི་ པི་དང་ ཨི་ཕཏ་མཉམ་རུབ་ཐོག་ལས་མ་དངུལ་བརྒྱ་ཆ་༧༥ དང་ ཇི་ ཨར་ ཨོ་

བི་ལས་བརྒྱ་ཆ་༢༥ འབད་བསྡོམས་མ་དངུལ་འབུམ་༩༥ གནང་སྟེ་གཙང་ཆུ་མཐའ་མ་ལས་ མར་ ཚ་ལའི་བར་ན་ཞིང་ལམ་བསལ་མི་དེ་ཁྲི་མངའ་གསོལ་བའི་དུས་དྲན་ལུ་ཨིན་མས།

༧ གཞུང་གི་མ་དངུལ་འབུམ་༩༢ གནང་སྟེ་བསམ་གྲུབ་ཆོས་གླིང་སྣག་ཚང་གསརཔ་རྐྱབ་མི་དེ་ཁྲི་མངའ་ གསོལ་བའི་དུས་དྲན་ཞུ་དོན་ལུ་ཨིན་མས།

གཞུང་ལས་མ་དངུལ་འབུམ་༡༡༩ དང་སྟོང་ཕྲག་༨༧ ལྷགཔ་ཅིག་གནང་ཐོག་ལས་ཇོ་མོ་གཙང་ཁར་ སྨན་ཁང་ཨང་དང་པ་ཅིག་གསར་བཙུགས་གནང་མི་དེ་ཁྲི་མངའ་གསོལ་བའི་དུས་དྲན་ཞུ་དོན་ལུ་ཨིན་ མས།

གཞུང་ལས་མ་དངུལ་འབུམ་༤༢ དང་སྟོང་ཕྲག་༦༡ ལྷགཔ་ཅིག་གནང་སྟེ་ཝང་ཕུ་ལུ་སྨན་ཁང་ཨང་

༡༠

བདེ་བ་ཐང་གི་བསྟན་སྲུང་དམག་སྡེ་དང་འཇིགས་མེད་རྣམ་རྒྱལ་བཟོ་རིག་སྦྱོང་རྡར་སྤེལ་ཁང་གི་སློབ་

གཉིས་པ་ཅིག་བཙུགས་མི་དེ་ཡང་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་རྗེས་དྲན་དོན་ལུ་ཨིན་མས།

སྦྱོང་པ། གར་པ་འུང་འབྲིང་རིམ་སློབ་གྲྭ་བར་མ་དང་ བདེ་བ་ཐང་སློབ་གྲྭ་ཆུང་བའི་སློབ་ཕྲུག་ཚུ་འཛོམས་ ཐོག་ལས་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ཞུ་ནུག།

248


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཉེར་བདུན་པ་ པདྨ་དགའ་ཚལ་རྫོང་ཁག་གི་ཁ་ཐུག་ལས། ༡

པདྨ་དགའ་ཚལ་རྫོང་ཁག་གིས་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དོན་ལུ་ ལས་རིམ་དང་པ་

རྫོང་ཁག་ནང་གི་སློབ་གྲྭ་ཁག་༣༠ གི་མ་དངུལ་ཐོག་ལས་ སྤྱི་ལོ་༢༠༠༨ ཀྱི་སྤྱི་ཟླ་༤ པ་ལས་ འགོ་བཙུགས་ཏེ་སློབ་གྲྭའི་ལོ་བསྟར་དུས་དེབ་བཏོན་པའི་ལས་རིམ་ཅིག་འགོ་འདྲེན་འཐབ་སྟེ་སྤྱི་ ཚེས་༡༧/༡༢/༠༨ ལུ་རྒྱལ་ཡོངས་དུས་ཆེན་དང་བསྟུན་ཏེ་བཏོན་ནུག།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་

བརྩི་སྲུང་ཞུ་དོན་ལུ་ ངང་ལམ་དྲུང་ཁག་ནང་འབད་དེ་ གཞི་རྟེན་ཤེས་ཡོན་སློབ་ཁང་ལྟེ་བ་༡༤ ཡོད་མི་ ཚུ་གི་བར་ན་ གསལ་བཤད་དང་ རྩོད་སྡུར། རིག་རྩལ་གསུམ་གྱི་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་

མི་འདི་ཁར་ ཨང་དང་པ་ཐོན་མི་ཚུ་ལུ་གསོལ་རས་དངུལ་ཀྲམ་སྟོང་ཕྲག་༣ རེ་དང་གཉིས་པ་ལུ་ དངུལ་ ཀྲམ་སྟོང་ཕྲག་༢ རེ། གསུམ་པ་ཚུ་ལུ་དངུལ་ཀྲམ་སྟོང་ཕྲག་༡ རེ་གནངཔ་མ་ཚད་འགྲན་བསྡུར་སྐབས་ གླུ་གཞས་སྣ་ཚོགས་ཀྱི་ལས་རིམ་ཡང་འགོ་འདྲེན་འཐབ་ནུག། ༣

པདྨ་དགའ་ཚལ་ལུ་ཁྲི་མངའ་གསོལ་བའི་དུས་སྟོན་དོན་ལུ་རྫོང་ཁག་ལས་མདའ་རྩེད་དང་ བེད་མེན་ ཀྲཱན་ འགྲན་བསྡུར་འགོ་འདྲེན་འཐབ་སྟེ་བརྩི་སྲུང་ཞུ་ནུག།

ཉེར་བརྒྱད་པ་ ཧཱ་རྫོང་ཁག་གི་ཁ་ཐུག་ལས། ༡

ཧཱ་རྫོང་ཁག་ལས་སྙན་ཞུ་ལྷོད་མི་དང་འཁྲིལ་ཏེ་ ཧཱ་ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་

ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་ཞུ་ཡོད་པའི་སྐོར་ལས་ དང་པ་ ཞལ་འདེབས་མ་དངུལ་ ཡོངས་བསྡོམས་དངུལ་ཀྲམ་༣༡༣༥༥༠༠ དང་དངོས་པོ་ལྕགས་ཤོག་དང་རྩི་ས་ལ་སོགས་ལྷོད་མི་

འགྲོ་སོང་བཏང་སྟེ་ དུས་ཆེན་དྲན་སྟོནདོན་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་གནང་སའི་ཚོགས་ ཁང་ཅིག་བཞེངས་ཏེ་སྨོན་ལམ་ཆེན་མོ་གནང་ཡི་ཟེར་ཨིན་པས།

249


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཧཱ་དབང་ཕྱུག་བློ་རྫོང་།

ས་དམར་རྒེད་འོག་གུང་༥༣ གྱིས་མ་དངུལ་འབུམ་༣ བསྡུ་སྟེ་སྒེར་དབང་ལྷ་ཁང་ཅིག་ལུ་གསེར་ཏོག་

སྐར་ཚོགས་རྒེད་འོག་གུང་པ་༨༠ ལས་མ་དངུལ་འབུམ་༢ལྷགཔ་ཅིག་བསྡུ་སྟེ་སྐར་ཚོགས་དགོན་

ཕུལ་ནུག།

པའི་ལྷ་ཁང་གུ་གསེར་ཏོག་ཕུལ་ནུག།

༤ རྫོང་ཁག་བདག་སྐྱོང་ཁ་ཐུག་ལས་རྒེད་འོག་བཞི་ནང་རྫོང་ཁའི་ཐོག་ཡི་གུ་འབྲི་ལྷག་དང་ཞབས་ཁྲ་ འགྲན་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་ནུག།

རྫོང་ཁག་བདག་སྐྱོང་ཁ་ཐུག་ལས་ རྒེད་འོག་ལས་འཛིན་དང་གཞུང་གཡོག་པ་ཡོད་རིགས་སྒེར་སྡེ་

རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ མངའ་གསོལ་དུས་དྲན་གྱི་རྟེན་ལུ་སྐུ་རྟེན་བསྒྲུབས་ཏེ་གཤམ་

བཅས་པ་ལུ་རྫོང་ཁའི་གློག་རིག་སྦྱོང་བརྡར་ལས་རིམ་ཅིག་ཡང་འགོ་འདྲེན་འཐབ་ནུག།

གསལ་སློབ་གྲྭ་ཚུ་ནང་བཏང་ནུག། ཨོ་རྒྱན་རྡོ་རྗེ་སློབ་གྲྭ། སྐར་ཚོགས་སློབ་གྲྭ། གྱེན་ས་སློབ་གྲྭ།

250


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

འདམ་ཐང་སློབ་གྲྭ། ཚ་འཕེལ་སློབ་གྲྭ། རྒྱན་ཀ་ནང་སློབ་གྲྭ། གསང་སྦས་སློབ་གྲྭ། མོ་ཆུ་སློབ་གྲྭ། རང་རྩེ་སློབ་གྲྭ། ཤར་རི་སློབ་གྲྭ་ཚུ་ལུ་བཀྲམ་མི་སྐུ་རྟེན་གྱི་རིན་གོང་བསྡོམས་དངུལ་ཀྲམ་༢༥༥༠༠ གནས་ནུག།

༧ རྒྱ་གར་གཞུང་གི་རོགས་རམ་ཐོག་ལས་དངུལ་ཀྲམ་འབུམ་༡༤༩ བཏང་སྟེ་ཧཱ་ཁྲོམ་ཆུའི་རྐ་འགོ་ལུ་ འཐུང་ཆུ་སྤུས་གཙང་གི་ཞབས་ཏོག་དང་དངུལ་ཀྲམ་འབུམ་༣ དང་སྟོང་ཕྲག་༤༥ འགྲོ་སོང་བཏང་སྟེ་ རོ་ཁྱི་༢༥༠ འི་བཞག་གནས་ཅིག་ཡང་གསར་བསྒྲུབས་འབད་ནུག།

ཉེར་དགུ་པ་ བཀྲ་ཤིས་སྒང་རྫོང་ཁག་གི་ཁ་ཐུག་ལས།

སྤྱི་ལོ་ ༡༦༥༥ ལུ་ གསར་དུ་ཆགས་པའི་ཤར་ཕྱོགས་བཀྲིསྒང་རྫོང་།

བཀྲ་ཤིས་སྒང་རྫོང་ཁག་ལས་ལྷོད་པའི་སྙན་ཞུ་ནང་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་

གསོལ་ཞུ་བའི་དུས་སྟོན་ལུ་ ལས་རིམ་དང་པ་ སོ་ནམ་སྡེ་ཚན་གྱི་ཁ་ཐུག་ལས་ འཁང་མ་དང་ཡོན་

251


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཕུའི་བར་ན་སོ་ནམ་ཞིང་ལམ་ཀི་ལོ་མི་ཀྲར་༨ དང་ཕྱེད་བསལ་ཚར་མི་དང་ ཀུ་རི་ཆེ་ལུ་དང་ཀླུ་མང་བར་

ན་སོ་ནམ་ཞིང་ལམ་ཀི་ལོ་མི་ཀྲར་༨ དང་ཕྱེད་བསལ་ཚར་མི། ཨུ་རྫོ་རོང་སོ་ནམ་ཞིང་ལམ་ཀི་ལོ་མི་

ཀྲར་༡༠ ལྷགཔ་ཅིག་བསལ་མི། རོང་ཐུང་དང་ཤིང་ཆེན་དགོན་པའི་བར་ན་འཕྲུལ་གླང་ལམ་ཀི་ལོ་མི་

ཀྲར་༩ དང་ཕྱེད་བསལ་བའི་ཁར་ གཞུང་གི་མ་དངུལ་ཐོག་ལས་དགའ་གླིང་དགོན་པ་དང་རིན་རྩེ་ལྷ་ ཁང་བར་ན་ཀི་ལོ་མི་ཀྲར་༢ བསལ་མི་དེ་ཚུ་དང་ ཨི་ཕཏ་གི་མ་དངུལ་རོགས་རམ་ཐོག་ལས་ སྤྱི་ལོ་ ༢༠༠༨ དང་༠༩ གི་ལོར་ཁེ་ལམ་སྤོག་ཏོར་དང་བར་དུང་མའི་བར་ན་ཞིང་ལམ་ཀི་ལོ་མི་ཀྲར་༡༠ སེལ་

ནིདང་ ཀླུ་མང་དང་དུང་མཱན་མའི་བར་ན་ཀི་ལོ་མི་ཀྲར་༡༠ སེལ་ནི། མཁའ་གླིང་དང་ཇེ་རི་ལ་མི་བར་ན་ འཕྲུལ་གླང་ལམ་ཀི་ལོ་མི་ཀྲར་༨ སེལ་ནི། མཁར་ཛ་དང་དུ་རུང་བར་ན་འཕྲུལ་གླང་ལམ་ཀི་ལོ་མི་ཀྲར་

༥ དང་ཕྱེད་སེལ་ནི་ཚུ་ཡང་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་ བརྩི་སྲུང་དོན་ལུ་ཨིན་མས། ༢

མཁའ་གླིང་འབྲིང་རིམ་འོག་མའི་སློབ་གྲྭ་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ཁྲི་སྟོན་དང་འཁྲིལ་ ཏེ་ སློབ་གྲྭ་ནང་ རྒྱལ་དར་འཕྱར་ཏེ་བརྟན་བཞུགས་ཕུལ་བའི་ཤུལ་ལས་གླུ་གཞས་དང་རྩེད་རིགས་

ཀྱི་ལྟདམོ་འགྲེམས་སྟོན་དང་དར་བརྒྱ་འཕྱར་ཏེ་སྐར་མེ་སྟོང་མཆོད་ཕུལ་བའི་སྒོ་ལས་དུས་དྲན་བརྩི་ སྲུང་ཞུ་ནུག། ༣

བར་མཚམས་འབྲིང་རིམ་སློབ་གྲྭ་འོག་མ་གིས་ མ་དངུལ་སྟོང་ཕྲག་༤༠ བཏང་སྟེ་རྗེ་བཙུན་འཇམ་ དཔལ་དབྱངས་ཀྱི་སྐུ་དང་བཞུགས་ཁང་གསེར་ཁྲི་མངའ་གསོལ་གྱི་དྲན་རྟེན་དོན་ལུ་བཞེངས་ནུག།

སྤྱི་ཚེས་༦/༡༡/༠༨ ཀྱི་དྲོ་པ་ཆུ་ཚོད་༩ ལས་ཕྱི་རོ་ཆུ་ཚོད་༦ གི་བར་ན་མར་ཆང་རྟེན་འབྲེལ་ལས་འགོ་ བཙུགས་ཏེ་ ཞབས་ཁྲ་དང་ རྩེད་རིགས་ལས་རིམ་མཇུག་བཀྲ་ཤིས་ལེགས་པས་ཀྱིས་བསྡུ་སྟེ་དུས་ སྟོན་བརྩི་སྲུང་ཞུ་ནུག།

༤ ཝམ་རོང་ཀུར་ཆི་ལུ་མི་སྡེ་སློབ་གྲྭ་ཆུང་བ་གིས་ སློབ་གྲྭའི་སློབ་དཔོན་དང་ གཞི་རྟེན་ཤེས་ཡོན་ལྷབ་ མི་ཚུ་དང་སློབ་གྲྭའི་ཕན་བདེ་མ་དངུལ་ཐོག་ལས་སློབ་གྲྭའི་ས་ཁོངས་ནང་མ་ཎི་ལག་འཁོར། དབྱིན་

252


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཚེས་༧/༡༡/༠༨ ལུ་ཤེས་རིག་རྩེད་རིགས་མ་དངུལ་ཐོག་ལས་ ཀླུ་མང་དང་གདུང་མན་མ། ཀུར་ཆི་ ལུ་མི་སྡེ་སློབ་གྲྭ་གསུམ་གྱིས་རྐང་རིལ་འགྲན་བསྡུར། གཞི་རྟེན་ཤེས་ཡོན་ལྷབ་མི་དང་སློབ་དཔོན་ཚུ་

གི་ཞལ་འདེབས་ཐོག་ལས་ སློབ་གྲྭའི་གདོང་ཁར་འཇམ་དཔལ་དབྱངས་ཀྱི་སྐུ་བཞེངས་ཏེ་དར་མོ་ཆེ་ འཕྱར་མི་ཚུ་གསེར་མངའ་གསོལ་དུས་རྟེན་བརྩི་སྲུང་དོན་ལུ་འགོ་འདྲེན་འཐབ་ནུག། ༥

ཝམ་རོང་བཀྲ་ཤིས་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཁྲི་མངའ་གསོལ་དུས་རྟེན་གྱི་དོན་ལུ་ སློབ་ གྲྭའི་དབུ་འཛིན་གྱིས་འགོ་འདྲེན་འབད་དེ་ འཁྲབ་སྟོན་དང་རྒྱན་ཤོག། ཞལ་འདེབས་ཚུ་ལས་ཐོབ་པའི་ མ་དངུལ་འབུམ་༢ ལྷགཔ་ཅིག་ཐོབ་མི་དེ་ཟད་འགྲོ་བཏང་སྟེ་ སློབ་གྲྭའི་ཉེ་འདབས་ལུ་མ་ཎི་གདངས་

རིངམོ་དང་བཅས་པའི་ལག་འཁོར་གསེར་ཟངས་པ་ཏྲ་ཅན་བཞེངས་པའི་རབ་གནས་ཡང་ཁྲི་སྟོན་དང་ འབྲེལ་ཏེ་དུས་དྲན་བརྩི་སྲུང་ཞུ་ནུག། ༦

ཇོན་མཁར་མི་སྡེ་སློབ་གྲྭ་ཆུང་བ་གིས་ མེ་རག་སག་སྟེང་ལས་བཟོ་རིག་འགོ་དཔོན་ཚེ་རིང་གིས་མ་

དངུལ་སྟོང་༡༢ བཏོན་པའི་ཁར་ཡོ་བྱད་ལ་ལོ་ཅིག་རྫོང་ཁག་ལས་བཏོན་ཏེ་ སློབ་གྲྭའི་དོན་ལུ་མཆོད་ བཤམས་ཅིག་གསར་བསྐྲུན་འབད་ནུག། དེ་ལས་གཞུང་གི་མ་དངུལ་འབུམ་༢ དང་སྟོང་ཕྲག་༦༢

བཏང་ཐོག་ལས་བུ་ཚ་༡༠ ཤོང་པའི་ཉལ་ཁྱིམ་ཅིག་གསར་བསྐྲུན་འབད་ནུག། སློབ་གྲྭ་དེ་ནང་དབྱིན་ ཟླ་༡༡ པའི་ཚེ་༦ གི་ཉིན་ རྩེད་རིགས་འགྲན་བསྡུར་དང་ སྤྱི་ཟླ་༡༡ པའི་ཚེས་༧ གྱི་ཕྱི་རུ་ཞབས་ཁྲ་ དང་འཁྲབ་སྟོན་རྒྱས་པར་འབད་ཐོག་ལས་གསེར་ཁྲི་མངའ་གསོལ་གྱི་དུས་དྲན་བརྩི་སྲུང་ཞུ་ནུག། ༧

ར་སྡེ་འབྲིང་རིམ་སློབ་གྲྭ་འོག་མ་ལས་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་མཆོད་མེ་སྟོང་ཕུལ། སྤྱི་ ཚེས་༦/༡༡/༠༨ ཀྱི་ཉིན་པར་རྩེད་རིགས་འགྲན་བསྡུར་དང་ཕྱི་རུ་སྣ་ཚོགས་ལས་རིམ་སྟོན། སྤྱི་ཚེས་ ༧/༡༡/༠༨ ལུ་བང་རྒྱུག་གི་ལས་རིམ་ཐོག་ལས་བརྩི་སྲུང་ཞུ་ནུག།

མེ་རག་སློབ་གྲྭ་ཆུང་བ་གིས་ སྤྱི་ཚེས་༢༣/༧/༠༨ ལུ་ཕན་བདེ་དགའ་སྟོན་བརྩི་སྲུང་ཞུ་བའི་ཁར་

༢༥/༧/༠༨ ལུ་ཞབས་བྲོ་དང་སྣ་ཚོགས་ལས་རིམ་མི་མང་ལུ་སྟོན་ཏེ་མ་དངུལ་བཟོ་མི་དེ་གིས་ སྤྱི་

253


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཚེས་༦/༡༡/༠༨ ལུ་འབྲུག་རྒྱལ་དང་པ་ལས་ལྔ་པ་ཚུན་རྒྱལ་པོ་རིམ་བྱོན་གྱི་མཛད་རྣམ་འགྲེམས་ སྟོན་ལས་རིམ་སྟོན་ནུག། ༩

ཝམ་རོང་འབྲིང་རིམ་སློབ་གྲྭ་འོག་མ་ལས་ སློབ་གྲྭའི་སློབ་དཔོན་ཚུ་དང་ སློབ་གྲྭའི་བདག་སྐྱོང་ཚོགས་ པ། ཨ་ལོའི་ཕམ་ཚུ་གིས་ཞལ་འདེབས་དང་ སློབ་གྲྭའི་ཁ་ཐུག་ལས་ སྤྱི་ལོ་༢༠༠༧ ལས་ཚུ་རང་

གླུ་གཞས་དང་རྩེད་རིགས། སྣ་ཚོགས་ལས་རིམ་ཐོག་ལས་མ་དངུལ་འབུམ་༡ དང་༥༢༡༧༦ ཐོབ་

མི་དེ་གིས་མངའ་གསོལ་དུས་དྲན་དོན་ལུ་དུང་འཁོར་གསར་བཞེང་གི་ཕྱིའི་ཁྱིམ་དང་ ནང་ན་དུང་འཁོར་ ཆེན་མོ་བཞེངས་མི་ཚུ་མངའ་གསོལ་གྱི་དུས་སྟོན་དོན་ལུ་ཨིན་མས། ༡༠

མཁའ་གླིང་འཇིགས་མེད་ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གློག་རིག་ཡོངས་འབྲེལ་

གསར་དུ་བཙུགས་ཏེ་ བསམ་འཆར་བརྗེ་སོར་འབད་བའི་ལམ་སྲོལ་བཙུགས་ནུག། རྒྱལ་པོ་མངའ་ གསོལ་བའི་དུས་ཚོད་རྗེས་དྲན་གྱི་དོན་ལུ་ སློབ་དཔོན་ཚུ་དང་སློབ་གྲྭའི་ལམ་སྲོལ་ཚོགས་པ་ཚུ་གི་

ཞལ་འདེབས་དང་ སློབ་ཕྲུག་ཚུ་གིས་སྣ་ཚོགས་འཁྲབ་སྟོན་སྟོན་ཐོག་ལས་མ་དངུལ་ཐོབ་མི་གིས་

འབྲུག་རྒྱལ་དང་པ་ལས་ལྔ་པ་ཚུན་གྱི་སྐུ་པར་བཞུགས་ཁང་བཞེངས་ཐོག་ལས་ དུས་རྒྱུན་མཇལ་

ཚུགས་པའི་བརྡ་བྱང་རྒྱ་ཚད་ཕིཀྲ་༢ དང་དཀྱུས་ཚད་ཕིཀྲ་༦ ཐོག་ཚད་ཕིཀྲ་༨ འབད་མི་དེ་ རྩི་ས་ དང་པག་ཅུ་གིས་བཞེངས་ཏེ་ཐོག་ཆ་དང་བཅས་པ་བཟོ་བཀོད་ཚད་ལྡན་ ཚོན་ཁྲ་དང་བཅས་པ་བཟོ་ ཐོག་ལས་མངའ་གསོལ་དུས་དྲན་ཞུ་ནུག། ༡༡

ཡོན་ཕུ་ལ་འབྲིང་རིམ་སློབ་གྲྭ་འོག་མ་ལས་ཕན་བདེ་མ་དངུལ་ཐོག་ལས་ སྤྱི་ཚེས་༡༡/༤/༠༨ སློབ་

ཕྲུག་ཕྱོགས་སྡེའི་བར་ན་རྩོད་འགྲན་ཅིག་འགོ་འདྲེན་འཐབ་ནུག། ༡༥/༨/༠༨ ལུ་སྲུང་གཏང་ནི་གི་ལས་ རིམ་འགོ་འདྲེན་འཐབ་ནུག། ༡/༡༠/༠༨ ཕྱོགས་སྡེའི་བར་ན་ཁུ་རུ་འགྲན་བསྡུར། ༢༩/༩/༠༨ ལུ་ འབྲི་རྩོམ་འགྲན་བསྡུར། ༢༥/༩/༠༨ ལུ་བོ་ལི་བཱོལ་དོ་འགྲན་ཚུ་འགོ་འདྲེན་འཐབ་ནུག། ༦/༡༡/༠༨

ལུ་ལག་རྩལ་དང་རི་མོ། ཚེམ་དྲུབ་ཚུ་གི་འགྲེམས་སྟོན་དང་སློབ་དཔོན་ཚུ་གིས་རྒྱལ་པོ་རིམ་བྱོན་གྱི་ སྐོར་ལས་ གསལ་བཤད་ཐོག་ལས་ གསེར་ཁྲི་མངའ་གསོལ་གྱི་དུས་དྲན་ཞུ་ནུག།

254


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

༡༢ བཀང་ལུང་འབྲིང་རིམ་བར་མའི་སློབ་གྲྭ་ལས་ སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག་གི་ཕམ་ཚུ་གིས་ ཞལ་འདེབས་མ་དངུལ་ཐོག་ལས་ སློབ་གྲྭའི་ནང་འཇམ་དཔལ་དབྱངས་ཀྱི་སྐུ་ཕིཀྲ་༣ དང་ཨིནཅ་༥ འབད་མི་ཅིག་བསྒྲུབས་པའི་ཁར་ དེ་གི་བཞུགས་ཁང་བཅས་པ་གསར་བཞེངས་འབད་ནུག། ཕན་བདེ་

མ་དངུལ་ཐོག་ལས་གསལ་བཤད་འབད་སའི་སྟེགས་ཁྲི་༡ བཟོ་བའི་ཁར་བླ་གཡབ་༡ གསར་བསྐྲུན་

འབད་ནུག། སྤྱི་ཚེས་༢༠/༩/༠༨ ལུ་རྒྱལ་པོ་རིམ་བྱོན་གྱི་མཛད་རྣམ་སྐོར་ལས་པར་རིས་ལ་སོགས་ པའི་འགྲེམས་སྟོན་ཅིག་འབད་བའི་ཐོག་ལས་བརྩི་སྲུང་ཞུ་ནུག།

༡༣ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ འབྲུག་རྒྱལ་ལྔ་པ་ཁྲི་མངའ་གསོལ་བའི་དུས་དྲན་ལུ་ སློབ་གྲྭའི་དུས་དེབ་ (འཆར་བའི་མེ་ལོང་) ཟེར་མི་མངའ་གསོལ་བའི་ཉིན་མ་ལས་སྦེ་ཨ་རྟག་རང་ བཏོན་ནི་ཨིན་ཟེར་དང་ སློབ་དཔོན་བཞི་གི་འགོ་འདྲེན་ཐོག་ལས་སློབ་གྲྭའི་ནང་རྗེ་བཙུན་འཇམ་དཔལ་

དབྱངས་ཀྱི་བཞུགས་ཁང་མཆོད་བཤམས་གསར་བཞེངས་འབད་ནུག། སྤྱི་ལོ་༢༠༠༦ ལོར་སློབ་རིམ་ ༡༢ པ་ཚུ་གིས་འཁྲབ་སྟོན་འབད་དེ་ཐོབ་པའི་མ་དངུལ་སྟོང་༢༢ ཀྱིས་འཇམ་དཔལ་དབྱངས་ཀྱི་སྐུ་ ཕིཀྲ་༣ སྦེ་མི་༡ བསྒྲུབས་ནུག། སྤྱི་ཚེས་༧/༦/༠༨ དང་༨/༦/༠༨ ཉིནམ་༢ རྐང་རིལ་འགྲན་བསྡུར། སློབ་གྲྭའི་སྣ་ཚོགས་ལས་རིམ་སྟོན་པའི་མ་དངུལ་དང་ ཤེས་རིག་ལས་རིག་རྩལ་མ་དངུལ་སྟོང་༧༠

གནང་བའི་ཁར་གཞན་ལས་ཞལ་འདེབས་བཅས་བསྡོམས་མ་དངུལ་འབུམ་༡ དང་སྟོང་༤༥ བཏང་ སྟེ་མཆོད་བཤམས་གསར་བསྐྲུན་ཞུ་མི་དེ་ཁྲི་མངའ་གསོལ་བའི་དུས་དྲན་ཞུ་དོན་ལུ་ཨིན་མས།

༡༤ སྦིས་དུང་འབྲིང་རིམ་སློབ་གྲྭ་འོག་མ་གིས་གསེར་ཁྲི་མངའ་གསོལ་དུས་དྲན་དོན་ལུ་སློབ་དཔོན་ཚུ་

ལས་འབྲེལ་ཞུ་བསྡུ་ཐོག་ལས་མངའ་གསོལ་བའི་དུས་ཚོད་དང་བསྟུན་ཏེ་རྗེ་བཙུན་འཇམ་དཔལ་ དབྱངས་ཀྱི་སྐུ་ཨིན་ཅི་༢༡ འབད་མི་༡ བསྒྲུབས་ཏེ་ཚོགས་ཁང་ནང་རྟེན་གཙོ་བོ་སྦེ་བཞག་ནུག།

༡༥ སག་སྟེང་སློབ་གྲྭ་ཆུང་བ་གིས་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་སྣ་ཚོགས་འཁྲབ་སྟོན་འབད་ཐོབ་ པའི་མ་དངུལ་ཐོག་ལས་གུ་རུའི་སྐུ་ཨིན་ཅི༡༥ འབད་མི་ཅིག་ཁྲི་མངའ་གསོལ་བའི་དུས་དྲན་དོན་ ལུ་གསར་བསྒྲུབས་འབད་ནུག།

255


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

༡༦ ཁྲི་སྟོན་དུས་དྲན་གྱི་དོན་ལུ་ བཀྲ་ཤིས་སྒང་ཁྲོམ་སྡེ་ནང་ཕྱི་རྒྱལ་ཌ་ནེ་ཌ་རྒྱལ་ཁབ་ཀྱི་མ་དངུལ་ས་ཡ་

༩ ལྷགཔ་ཅིག་རོགས་རམ་གནང་མི་དེ་གིས་ ཁྲོམ་གནས་ཀྱི་ཁྱིམ་གུང་གྲངས་༥༨ ལུ་ཕན་ཐབས་ ཅན་གྱི་བཙོག་ཡུར་ཕྱིར་འདྲེན་གསར་བསྐྲུན་འབད་མི་དེ་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ལེགས་ཤོམ་སྦེ་ བསྒྲུབས་པའི་སྒོ་འབྱེད་འབད་ཡོད་མི་དེ་གིས་ ཁྲོམ་གནས་གཙང་སྦྲ་བཞག་པའི་ཕན་ཐབས་ཀྱི་མ་ཚད་ པར་ རང་བཞིན་གནས་སྟངས་ལུ་ཡང་ཕན་རླབས་སྦོམ་བྱུང་ལུགས་དང་བཙོག་ཡུར་ཕྱིར་འདྲེན་གྱི་ལམ་

སྲོལ་དེ་གིས་གུང་གྲངས་༨༥༠ ཚུན་ཚོན་གྱི་བཙོག་ཡུར་ཕྱིར་འདྲེན་འབད་ཚུགས་པའི་ནུས་པ་ཡོད་མི་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ཁྲི་མངའ་གསོལ་བའི་ཉིན་མ་ལས་བཀྲ་ཤིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གཙང་སྦྲ་དང་ལྡན་ཏེ་སྡོད་ནི་འགོ་བཙུགས་ཡོདཔ་ཨིན་པས།

༡༧ གསེར་ཁྲི་མངའ་གསོལ་ཞུ་བའི་དུས་དྲན་གྱི་དོན་ལུ་ ཕན་བདེ་གླིང་གི་མཚམས་པ་དཀར་ཅུང་གིས་འགོ་ འདྲེན་འབད་དེ་རྫོང་ཁག་གི་རྒཔོ་དང་མི་སེར་ཚུ་གིས་མ་དངུལ་བཏོན་ཐོག་ལས་ བཀྲ་ཤིས་སྒང་ཡང་ གཉེར་རྒེད་འོག་སྤང་ཐང་ལུ་ བཀྲ་ཤིས་སྒང་དང་བཀྲ་ཤིས་གཡང་རྩེའི་རྒེད་འོག་བརྒྱད་དེ་ཅིག་གིས་

མཇལ་ཚུགས་པའི་ས་ཁོངས་ནང་ གནས་ཆེན་རྡོ་རྗེ་གདན་གྱི་བཟོ་བཀོད་དང་ཅོག་འཐད་པའི་ཕྱི་མཆོད་

རྟེན་མཐོ་ཚད་ཕིཀྲ་༣༥ སྦེ་མི་ཅིག་བཞེངས་མི་དེ་གི་ནང་ན་ལྷ་ཁང་སྦེ་བཞེངས་པའི་ལྷ་ཁང་འོག་ཐོག་ ལུ་སྟོན་པ་མཐོ་ཚད་ཕིཀྲ་༥ འབད་མི་དེ་གི་སྟེང་ཐོག་ལུ་ཕིཀྲ་ཕྱེད་དང་ལྔ་འབད་བའི་ཨོ་རྒྱན་ནོར་ལྷའི་ ལྷ་ཁང་། དེ་གི་ཐོག་ཁར་ཀུན་བཟང་ཡབ་ཡུམ་དང་རྡོ་རྗེ་སེམས་དཔའ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། གསེར་ཐོག་ནང་འོད་དཔག་མེད་ཀྱི་སྐུ་རྟེན་ཚུ་བཞེངས་པའི་མཆོད་རྟེན་ཆེན་མོ་དེའི་མཐའ་བསྐོར་ལུ་

མཆོད་རྟེན་ཆུང་ཀུ་བརྒྱ་དང་རྩ་བརྒྱད་བཞེངས་པའི་ཁར་ གསེར་ཁྲི་མངའ་གསོལ་བའི་དུས་ཚོད་དང་ བསྟུན་ཏེ་ མཆོད་རྟེན་ལྷ་ཁང་དེ་ནང་ཚེས་བཅུ་ཅིག་ཡང་གནང་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ནུག། ༡༨

མཁའ་གླིང་བཟང་གླིང་མུན་སེལ་གླིང་གི་སློབ་གྲྭའི་ཁ་ཐུག་ལས་ཡང་ སློབ་དཔོན་དང་སློབ་ཕྲུག་སྤྱི་རུབ་

ཐོག་ལས་མི་མང་ལུ་ལྟད་མོའི་ལས་རིམ་ཅིག་འགོ་འདྲེན་འཐབ་མི་ཚུ་ག་ར་གསེར་ཁྲི་མངའ་གསོལ་ གྱི་དུས་སྟོན་བརྩི་སྲུང་ཞུ་དོན་ལུ་ཨིན་མས།

256


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

སུམ་ཅུ་པ་ བཀྲ་ཤིས་གཡང་རྩེ་རྫོང་ཁག་གི་ཁ་ཐུག་ལས།

སྡོང་སྡིར་བཀྲིས་གཡང་རྩེའི་རྫོང་།

བཀྲ་ཤིས་གཡང་རྩེ་རྫོང་ཁག་ལས་ལྷོད་པའི་སྙན་ཞུ་ནང་། གསེར་ཁྲི་མངའ་གསོལ་དོན་ལུ་ བཀྲ་

ཤིས་གཡང་རྩེ་རྫོང་ཁག་ནང་ལས་རིམ་དང་པ་ གཞུང་གི་མ་དངུལ་ཐོག་ལས་ མཆོད་རྟེན་བསྐོར་ར་ ལུ་མཆོད་ཁང་བཞེངས་ནུག།

གཞུང་གི་མ་དངུལ་བཏང་ཐོག་ལས་ རྫོང་རྙིངཔ་གུ་གསེར་ཏོག་བཀལ་ནུག།

གཞུང་གི་མ་དངུལ་བཏང་སྟེ་ མདོ་གསུམ་སློབ་གྲྭ་ཆུང་བའི་ནང་ཨ་ལོ་ཚུ་གི་སྡོད་ཁྱིམ་ཅིག་རྐྱབ་ནུག།

༤ གཞུང་དང་ཨེ་ཨེམ་ཨི་པི་མཉམ་རུབ་ཐོག་ལས་མ་དངུལ་བཏང་སྟེ་ སྟོང་ཞང་རྒེད་འོག་ཉག་ཁར་རྫོང་ དང་ཏོག་ཀ་ཕུའི་བར་ན་ཞིང་ལམ་བསལ་ནུག།

གཞུང་གི་མ་དངུལ་བཏང་སྟེ་ འབུམ་སྡེ་གླིང་རྒེད་འོག་འོ་མ་ནང་གི་བདེ་ཆེན་ཕོ་བྲང་ལྷ་ཁང་བསྐྱར་ བཞེངས་ཞབས་ཏོག་ཞུ་མི་ཚུ་གསེར་ཁྲི་མངའ་གསོལ་གྱི་དུས་དྲན་བརྩི་སྲུང་ཞུ་དོན་ལུ་ཨིན་མས།

257


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སོ་གཅིག་པ་ གཞལ་སྒང་རྫོང་ཁག་གི་ཁ་ཐུག་ལས།

ཁེངས་རིགས་རྣམ་གསུམ་གྱི་རྫོང་གཞིས་གཞལྒང་རྫོང་།

གཞལ་སྒང་རྫོང་ཁག་གིས་འབྲུག་རྒྱལ་ལྔ་པ་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ཞུ་དོན་ ལུ་ དང་པ་གཞལ་སྒང་རབ་སྡེ་གནས་བརྟན་གྱི་འགོ་འདྲེན་ཐོག་ གཞུང་གི་མ་དངུལ་བཏང་ཐོག་ལས་

ཕུ་མེད་ཐང་ཐུབ་བསྟན་ཆོས་གླིང་གྲྭ་ཚང་དང་ མགོན་ཁང་། གྲྭ་ཤག་དང་མགྲོན་ཁྱིམ། བླ་མའི་གཟིམ་ ཅུང་བཅས་པ་གསར་བཞེངས་འབད་ནུག། ༢

ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱི་འགོ་འདྲེན་འཐབ་སྟེ་ མི་སེར་དད་ཅན་ཚུ་ལས་ཞལ་འདེབས་

བསྡུ་བའི་མ་དངུལ་འབུམ་༥ དང་ཧེལ་བ་ཊསི་ ཡིག་ཚང་གི་གྲོགས་རམ་མ་དངུལ་འབུམ་༢ དང་

སྟོང་༥༠ བཏང་ཐོག་ལས་ པཱན་སྦང་དྲུང་འོག་ བསོད་ནམས་ཐང་ཡན་ལག་གྲྭ་ཚང་ནང་ལུ་ ལོ་བསྟར་

ཚེས་བཅུ་འགོ་བཙུགས་པའི་ཁར་ གུ་རུ་མཚན་བརྒྱད་ཀྱི་མཐོང་གྲོལ་ཅིག་ཡང་གསར་བཞེངས་འབད་ དེ་ ཁྲི་མངའ་གསོལ་བའི་དུས་ཚོད་ཁར་མི་མང་ལུ་མཇལ་ཁ་གནང་ཡོདཔ་ལས་ ད་ལས་ཕར་ཨ་རྟག་

258


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

རང་ཚེས་བཅུའི་སྐབས་མཐོང་གྲོལ་དེ་མི་མང་ལུ་མཇལ་ཁ་གནང་ནི་གི་ལས་རིམ་ཨིན་ཟེར་སྙན་ཞུ་ནང་ བཀོད་ནུག། ༣

འཛམ་གླིང་དངུལ་ཁང་ལས་མ་དངུལ་ས་ཡ་༤༧༠ བཏང་སྟེ་པཱན་སྦང་དྲུང་འོག་བསོད་ནམས་ཐང་ལུ་ འབྲིང་རིམ་སློབ་གྲྭ་བར་མ་སློབ་ཕྲུག་༥༠༠ ཤོང་མི་ཅིག་གསར་བཞེངས་འབད་ནུག།

༤ གཞལ་སྒང་ཁྲོམ་ཁར་འབྱོག་དཀར་ཚར་བཟོ་ཚོགས་པ་གིས་ ཚར་བཟོ་འགྲེམས་སྟོན་ཁང་དང་འབྲེལ་ བའི་ཚར་བཟོའི་ཚོང་ཁང་གསརཔ་སྒོ་འབྱེད་འབད་ནུག།

འཛམ་གླིང་དངུལ་ཁང་དང་ཌི་ཨར་ཌི་པི་མཉམ་རུབ་ཐོག་ལས་མ་དངུལ་ས་ཡ་༡༥.༣༧ བཏང་སྟེ་བུ་

གཞུང་ལས་མ་དངུལ་ས་ཡ་༡༠.༠༠ བཏང་ཐོག་ལས་གཞལ་སྒང་རྫོང་ནང་གྲྭ་ཤག་ཅིག་གསར་བཞེང་

ལི་ཉིམ་གཞོང་ཞིང་ལམ་ཀི་ལོ་མི་ཀྲར་༡༥ བསལ་ནུག། འབད་ནུག།

༧ འབྲུག་གཞུང་ལས་མ་དངུལ་ས་ཡ་༢༣༡༦ བཏོན་པའི་གུ་སུཛ་གོང་འཕེལ་མཐུན་འབྲེལ་ཧེལ་བ་ཊསི་ གིས་མ་དངུལ་ས་ཡ་༤༠.༠༨ བསྡོམས་ས་ཡ་༦༣༢༤ བཏང་ཐོག་ལས་གྲོང་གསེབ་གོང་འཕེལ་ སློབ་སྦྱོང་ལྟེ་བ་བཙུགས་ནུག། ༨

གཞལ་སྒང་ལུ་སྐྱབས་རྗེ་རྗེ་མཁན་ཁྲི་རབས་བདུན་བཅུ་པ་མཆོག་གིས་ མ་དངུལ་༤༧༨༧༨༠ གནང་

བའི་ཁར་ རྫོང་ཁག་གི་དཔོན་ཁག་དང་གཞུང་གཡོག་པ་ཚུ་ལས་ཞལ་འདེབས་བསྡུ་སྟེ་གཞལ་སྒང་ རྟ་ལི་ཟངས་མདོག་དཔལ་རི་ལྷ་ཁང་ནང་ སྤྱི་ལོ་༢༠༠༨ ལས་ལོ་བསྟར་སྨོན་ལམ་ཆེན་མོའི་རྒྱུན་ བཙུགས་གནང་མི་ཚུ་ག་ར་མི་དབང་འབྲུག་རྒྱལ་ལྔ་པའི་ཁྲི་སྟོན་དུས་དྲན་བརྩི་སྲུང་ཞུ་དོན་ལུ་ཨིན་ མས།

259


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སོ་གཉིས་པ་ མགར་ས་རྫོང་ཁག་གི་ཁ་ཐུག་ལས།

མགར་ས་གཡུལ་རྒྱལ་རྫོང་།

མགར་ས་རྫོང་ཁག་གི་ཁ་ཐུག་ལས་ སྤྱི་ཚེས་༡༡/༡༡/༠༨ ལུ་དམིགས་བསལ་གྱི་རྟེན་འབྲེལ་མཛད་

སྒོའི་ལས་རིམ་ཅིག་འགོ་འདྲེན་འཐབ་མི་ནང་ ཆུ་ཚོད་༨ དང་སྐར་མ་༣༠ ལུ་ཞི་གཡོག་པ་ཆ་མཉམ་ འཛོམས་ཞིནམ་ལས་ དང་པ་ཆིབས་གྲལ་བཙར་ཏེ་ སྐུ་མགྲོན་གཙོ་བོ་ཕེབས། གཉིས་པ་རྒྱལ་དར་

འཕྱར་ཏེ་བརྟན་བཞུགས་ཕུལ། གསུམ་པ་ མར་ཆང་གཏོར་ཏེ་བཞུགས་གྲལ་དྲངས། བཞི་པ་ སྐུ་ མགྲོན་གཙོ་བོ་གིས་གསུང་བཤད་གནང་། ལྔ་པ་ ཁྲིམས་སྲུང་འགགས་པ་དང་སློབ་ཕྲུག་ཚུ་གིས་སྟི་

སྭོ་ཞུ། དྲུག་པ་ རྫོང་ཁག་གིས་ཞབས་བྲོའི་ལས་རིམ། བདུན་པ་ གྲྭ་ཚང་དགེ་སློང་ཚུ་གིས་སྐུ་འཆམ། བརྒྱད་པ་ དགོན་གཞས་སྤྱན་འབུལ། དགུ་པ་ ལ་ཡག་པའི་ཨཝ་ལས། བཅུ་པ་ རྩེད་རིགས་མ་འདྲཝ་

ཚུ་སྦེ་མཛད་སྒོའི་མཇུག་བཀྲ་ཤིས་ལེགས་པས་ཀྱི་བསྡུ་མི་དེ་མི་དབང་མངའ་བདག་རིན་པོ་ཆེ་གསེར་ ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ཞུ་ནུག།

260


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

སོ་གསུམ་པ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ཁ་ཐུག་ལས།

དབང་འདུས་ཕོ་བྲང་རྫོང་།

དབང་འདུས་རྫོང་ཁག་གི་ཁ་ཐུག་ལས་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་སྙན་ཞུ་ལྷོད་མི་ནང་།

སྐྱབས་རྗེ་ཞིང་གཤེགས་སྤྲུལ་སྐུ་ཕྲིན་ལས་ལྷུན་གྲུབ་མཆོག་གི་གདན་ས་ཉི་ཟེར་སྒང་ལྷ་ཁང་ནང་སྤྱན་

རས་གཟིགས་ཀྱི་མཐོང་གྲོལ་གསར་དུ་བཞེངས་པའི་རབ་གནས་ཡང་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་མཛད་མི་དེ་ཁྲི་མངའ་གསོལ་བའི་དུས་སྟོན་ དོན་ལུ་ཨིན་མས། ༢

བསམ་གཏན་སྒང་འབྲིང་རིམ་བར་མའི་སློབ་གྲྭ་གསརཔ་རྐྱབ་སྟེ་བསྒྲུབས་པའི་དགའ་སྟོན་དབྱིན་ཟླ་

༡༠ པའི་ནང་འབད་མི་དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ ལུ་འགོ་འདྲེན་འཐབ་ནུག།

261


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སོ་བཞི་པ་ གསར་སྤང་རྫོང་ཁག་གི་ཁ་ཐུག་ལས། ༡

གསར་སྤང་རྫོང་ཁག་གི་ཁ་ཐུག་ལས་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་ལུ་ ལས་རིམ་དང་པ་ གསར་སྤང་རྫོང་ཁག་ནང་ ཟངས་མདོག་དཔལ་རི་ལྷ་ཁང་བཞེངས་ཏེ་བསྒྲུབས་པའི་རབ་གནས་ཡང་སྤྱི་ ཟླ་༡༡ པའི་ནང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གདན་འདྲེན་ཞུ་ཐོག་ལས་མཛད་ནུག།

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་གསར་སྤང་རྫོང་ཁག་ནང་འཇིགས་མེད་ཆོས་གླིང་གྲྭ་ཚང་

གསར་དུ་བཙུགས་པའི་དགའ་སྟོན་སྤྱི་ཟླ་༡༢ པའི་ནང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གདན་འདྲེན་ཞུ་ ཐོག་ལས་གནང་ནུག།

དགེ་ལེགས་ཕུ་ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་བའི་དུས་ཚོད་དང་ འཁྲིལ་ཏེ་ ཆོས་སྡེ་དང་མི་སེར་ཚུ་གིས་རྟ་ལི་གྲྭ་ཚང་ནང་མཆོད་མེ་སྟོང་མཆོད་ཕུལ་བའི་ཤུལ་ལས་ མི་

སེར་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་སྐུ་པར་གྱི་སྐུ་མདུན་ལུ་ཁྲི་དར་ཕུལ་ཡོདཔ་ཨིན་པས།

དེ་གི་ཤུལ་ལས་སློབ་གྲྭ་ཚུ་གིས་རང་སོའི་སློབ་གྲྭའི་རྩེད་ཐང་ནང་འབད་ཞབས་བརྟན་དང་ གླུ་གཞས་ འཁྲབ་སྟོན་གྱི་ལས་རིམ་དང་ མི་སེར་ཚུ་གིས་མདའ་རྩེད་དང་ཁུ་རུའི་འགྲན་བསྡུར་ལ་སོགས་པ་འབད་ བའི་ཐོག་ལས་དགའ་སྤྲོ་སྟོན་ཐོག་ལས་བརྩི་སྲུང་ཞུ་ནུ​ུག།

༤ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་ལུ་ དགེ་ལེགས་ཕུའི་སློབ་

གྲྭ་ཁག་གི་སློབ་དཔོན་དང་སློབ་ཕྲུག་ཚུ། དེ་ལས་མི་སེར་དང་ ཚོང་པ། གཞུང་གཡོག་པ་སྤྱི་བསྡོམ་

ཐོག་ལས་དགེ་ལེགས་ཕུའི་ཁྲོམ་ཁར་གློག་མེའི་མཛེས་རྒྱན་གྱིས་བརྒྱན་ཏེ་ཁྲོམ་གནས་ག་ནི་བ་དགའ་ སྤྲོ་ཅན་ཅིག་སྦེ་བཟོ་ཡོདཔ་མ་ཚད་ སྤྱི་ཚེས་༨ ཀྱི་ཕྱི་རོ་གླུ་གཞས་དང་ཟློས་གར་འཁྲབ་སྟོན་གྱི་ལས་

རིམ་ཅིག་སྟོན་མིའི་གྱལ་ཁར་ རྒྱ་གར་གྱི་མངའ་སྡེ་ཨ་སམ་ལས་ཡང་ཞབས་ཁྲ་རྐྱབ་མི་སྡེ་ཚན་ཅིག་

གིས་ཡང་འཁྲབ་སྟོན་གྲལ་ཁོང་རའི་ལུགས་ཀྱི་གླུ་གཞས་ཚུ་མི་མང་ལུ་སྟོན་ཐོག་ལས་དུས་སྟོན་བརྩི་ སྲུང་ཞུ་ནུག།

262


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

སོ་ལྔ་པ་ ཆུ་ཁ་རྫོང་ཁག་གི་ཁ་ཐུག་ལས། ༡

ཆུ་ཁ་རྫོང་ཁག་གི་ཁ་ཐུག་ལས་ ལས་རིམ་དང་པ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་མ་དངུལ་སྟོང་

ཕྲག་༣༦ གནང་མི་དེ་གིས་ ཆུ་ཁ་རྫོང་ཁག་གི་ལམ་སྲོལ་སྡེ་ཚན་དང་ ཤེས་རིག་སྡེ་ཚན་གཉིས་ ཀྱིས་ རྫོང་ཁག་འོག་གི་སློབ་གྲྭ་༨ ཀྱི་བར་ན་རང་ལུགས་གླུ་གཞས་ཀྱི་འགྲན་བསྡུར་ཅིག་སྤྱི་ཚེས་ ༧/༡༠/༠༨ ལུ་འགོ་འདྲེན་འཐབ་ནུག།

སྤྱི་ཚེས་༡༡/༡༡/༠༨ ལུ་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་དངུལ་ཀྲམ་སྟོང་ཕྲག་༡༩ དང་༧༠༠ གནང་ཐོག་ལས་ དར་ལ་རྒེད་འོག་གཞི་རྟེན་ཤེས་ཡོན་ལྟེ་བ་༨ ཀྱི་བར་ན་རང་ལུགས་གླུ་གཞས་

འགྲན་བསྡུར་ཅིག་ རྫོང་ཁག་གི​ི་ལམ་སྲོལ་སྡེ་ཚན་དང་ཤེས་རིག་སྡེ་ཚན། སིན་ཅུ་ལ་མི་སྡེ་སློབ་གྲྭ་ ཆུང་བ་༣ གྱིས་འགོ་འདྲེན་འཐབ་ནུག། ༣

འབྲུག་གཞུང་གི་མ་དངུལ་འབུམ་༢ བཏང་སྟེ་ སྤྱི་ཚེས་༡༧/༡༢/༠༨ ལུ་ཝང་ཆུ་འབྲིང་རིམ་སློབ་གྲྭ་

བར་མའི་རྩེད་ཐང་ནང་འབད་ རྫོང་ཁག་བདག་སྐྱོང་གིས་འགོ་འདྲེན་འཐབ་སྟེ་ གསེར་ཁྲི་མངའ་གསོལ་ དང་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་༡༠༡ པའི་དུས་དྲན་བརྩི་སྲུང་ཞུ་ནུག།

༤ ཆུ་ཁའི་རྩེད་རིགས་ཚོགས་པ་གིས་མ་དངུལ་འབུམ་༢ བཏང་སྟེ་ སྤྱི་ཚེས་༢༥/༡༠/༠༨ ལུ་ཐིམ་ཕུ་

རྫོང་ཁག་དང་སྤ་རོ་རྫོང་ཁག། ཆུ་ཁ་རྫོང་ཁག་གསུམ་གྱི་བར་ན་མདའ་རྩེད་འགྲན་བསྡུར་ཅིག་འགོ་ འདྲེན་འཐབ་ནུག།

སྐམ་ཇི་འབྲིང་རིམ་སློབ་གྲྭ་འོག་མའི་རྫོང་སློབ་མགོན་པོ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་ཁར་ མི་དབང་མངའ་བདག་རིན་པོ་ཆེ་ལུ་བསྟོད་པའི་

གླུ་དབྱངས་ཟེར་བའི་རྩོམ་ཤོ་ལོ་ཀ་༧ རྐྱབ་སྟེ་ སྤྱི་ཚེས་༨/༡༡/༠༨ ཀྱི་ཀུན་གསལ་ནང་བཀོད་ནུག། བསྟོད་གླུ་འདི་ཁར་མང་ཤོས་འབྲུག་རྒྱལ་བཞི་པའི་མཛད་རྣམ་གཙོ་ཅན་ཁག་རྗེས་དྲན་དང་བཅས་པའི་ ཁར་ འབྲུག་པའི་མི་སེར་ཡོངས་ཀྱི་ཁ་ཐུག་ལས། །མི་དབང་མངའ་བདག་མཆོག་གི་སྐུ་ཚེ་ལ། །རྐྱེན་

263


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དང་བར་ཆད་གང་ཡང་མ་འབྱུང་བར། །སྐུ་ཚེ་ཡུན་རིང་གནས་པའི་སྨོན་ལམ་ཞུ། །ཟེར་བ་ལ་སོགས་ པའི་སྨོན་འདེབས་ཞུ་ནུག།

སོ་དྲུག་པ་ བརྡ་བརྒྱུད་ལས་སྡེའི་ཁ་ཐུག་ལས། ༡

ཀ ཀུན་གསལ་རང་སྐྱོང་ལས་འཛིན་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཁྲི་སྟོན་གྱི་

གཞུང་འབྲེལ་པར་རིགས་བསྡུ་སྒྲིག་ཐོག་ལས་ པར་བྱང་དང་བཅས་པ་བཀོད་པའི་པར་དེབ་སྤར་ བསྐྲུན་འབད་དེ་འགོ་དང་པ་ སྤྱི་ཚེས་༦/༡༡/༠༨ ཀྱི་ཉིན་བཀྲམ་སྤེལ་འབད་ནུག།

ཁ ཀུན་གསལ་ཐོན་རིམ་ནང་ རྩ་དོན་རྒྱལ་བརྒྱུད་སྐོར་ལས་ཀྱི་གསལ་བཤད་ཨིང་ལིཤ་དང་ རྫོང་ ཁ་གཉིས་ཆ་རའི་ནང་ཐོན་རིམ་དམིགས་བསལ་བཞིན་དུ་ལྷན་ཐབས་བཏོན་ནུག།

འབྲུག་གི་གསར་ཤོག་ ཀུན་གསལ་དང་ འབྲུག་གནས་ལུགས་ འབྲུག་དུས་ཚོད་ཚུ།

264


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ག ཀུན་གསལ་ཐོན་རིམ་བཞིན་དུ་ དང་ཕུ་ལས་ད་ལྟོ་ཚུན་ཚོད་ཀྱི་འབྲུག་གི་བྱུང་རབས་ཨིང་ལིཤ་ དང་རྫོང་ཁ་གཉིས་ཆ་རའི་ནང་ལྷན་ཐབས་བཏོན་ནུག།

ང མི་དབང་མངའ་བདག་རིན་པོ་ཆེའི་མཛད་རྣམ་ཤོག་གྲངས་བཞི་རེ་དང་ཁྲི་མངའ་གསོལ་བའི་སྐོར་ ལས་ཤོག་གྲངས་བཞི་རེ་ རྫོང་ཁ་དང་ཨིང་ལིཤ་གཉིས་ཆ་ར་ནང་བཏོན་ནུག།

ཅ འབྲུག་རྒྱལ་བཞི་པ་གསེར་ཁྲི་མངའ་གསོལ་ཞུ་བའི་སྐོར་ལས་རྫོང་ཁ་དང་ཨིང་ལིཤ་གཉིས་ཆ་ རའི་ནང་ལྷན་ཐབས་འབད་བཏོན་ནུག།

ཀ འབྲུག་རྒྱང་བསྒྲགས་ལས་ཁུངས་ཀྱི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་

གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ དམིགས་བསལ་དངོས་མཐོང་རྒྱང་བསྒྲགས་

ཀྱི་ལས་རིམ་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་ལས་རིམ་གསལ་བཤད་ཚུ་ལོགས་སུ་ བཟོ་སྟེ་མི་མང་ལུ་གསལ་སྟོན་འབད་ནུག། དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་

རྒྱལ་ས་ཐི མ ་ཕུ་ལས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ མ་ཆེན་རིན་པོ་ཆེ་གི་སྐུ་ མདུན་ལས་བྱིན་ཅན་གྱི་དར་ཞུ་བར་བྱོན་པའི་ལས་རིམ་ལས་འགོ་བཙུགས་

ཏེ་ ལོག་ རྒྱལ་སར་ཕེབས་པའི་སྐབས་མི་མང་བྱོན་ལམ་ཁར་ཕྱག་དབང་ཐོན་མི་ཚུ་ལུ་མཇལ་

ཁ་གནང་མི་ཚུ་དངོས་མཐོང་ལས་རིམ་ཐོག་ལས་སྟོན་ནུག།

ཁ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་གསེར་ཁྲི་ཁང་བཟང་ནང་དབུ་ཞྭ་བྱ་རོག་གདོང་ཅན་འགོ་དང་པ་

བཞེས་པའི་གསེར་ཁྲི་མངའ་གསོལ་གྱི་རྟེན་འབྲེལ་སྐབས་དང་ བཀྲ་ཤིས་ཆོང་རྫོང་གི་ཀུ་ར་

ནང་དང་། རྟེན་འབྲེལ་ཐང་དང་ཐིམ་ཕུ་ཅང་གླིང་མའི་ཐང་གི་དགའ་སྟོན་དང་ མི་མང་ལས་ཁྲི་དར་

བཞེས་པའི་མཛད་རིམ་ཆ་མཉམ་རང་དངོས་མཐོང་རྒྱང་བསྒྲགས་ཐོག་ལས་དམིགས་བསལ་ འབད་སྟོན་ནུག།

དེ་བཟུམ་སྦེ་ཁྲི་མངའ་གསོལ་བའི་དུས་ཚོད་ལས་འགོ་བཙུགས་མི་དེ་གིས་ ཉིན་གྲངས་༤༢ ཀྱི་

265


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

རིང་ཕྱི་རུ་ཨ་རྟག་རང་མི་མང་དང་ལེན་གྱི་རྒྱལ་ཡོངས་དགའ་སྟོན་ལས་རིམ་ནང་གི་འཁྲབ་སྟོན་ དང་གསལ་བཤད་ཚུ་ཡང་ ག་ར་དངོས་མཐོང་རྒྱང་བསྒྲགས་ལས་རིམ་ཐོག་ལས་མི་མང་ལུ་སྟོན་ ནུག།

ག རྩ་དོན་རྒྱལ་བརྒྱུད་རིང་ལུགས་ཀྱི་ཆབ་འོག་ལུ་བདེ་སྐྱིད་ཕུན་སུམ་ཚོགས་ཏེ་མི་ལོ་བརྒྱ་ལང་ཡི། ཟེར་རྒྱལ་པོ་རེ་རེ་གི་སྐུ་རིང་ལུ་རེ་རེ་འབད་ལས་ཚན་༥ བཟོ་སྟེ་རྒྱང་བསྒྲགས་དང་རྒྱང་མཐོང་ གཉིས་ཆ་རའི་ནང་རྒྱང་བསྒྲགས་འབད་ནུག།

ང དུས་ཡུན་སྐར་མ་༣༠ འབད་བའི་ དམངས་གཙོའི་རིང་ལུགས་ལུ་ འབྲུག་མི་སྤྱི་མཐུན་གྱི་སྒོ་ ལས་འཇུག་པའི་བགྲོད་ལམ་ ཟེར་བའི་གནད་དོན་གུ་གློག་བརྙན་བཟོ་སྟེ་རྒྱང་མཐོང་གུ་གསལ་

བསྒྲགས་འབད་ནུག། གོང་གསལ་ལས་རིམ་ཚུ་ རྒྱལ་ཡོངས་དགའ་སྟོན་ལྷན་ཚོགས་ཀྱིས་མ་ དངུལ་སྤྲོད་ཐོག་ལས་སྟོན་ཡོདཔ་ཨིན་པས། ༣

ཀ སྒེར་དབང་གསར་ཤོག་འབྲུག་གནས་ལུགས་ཀྱི་ཁ་ཐུག་གི་ལས་ རྒྱལ་ཡོངས་དགའ་

སྟོན་ལྷན་ཚོགས་ཀྱིས་མ་དངུལ་སྤྲོད་དེ་བཏོན་བཅུག་པའི་ལས་རིམ་དང་པ་ འབྲུག་རྒྱལ་

ཁྲི་མངའ་གསོལ་ཞུ་བའི་སྐོར་ལས་ གནས་ཚུལ་བསྐྱར་གསལ་ པར་དང་བཅས་པ་ བདུན་

དང་པ་ལས་འགོ་བཙུགས་ཏེ་ འབྲུག་རྒྱལ་བཞི་པའི་བར་གྱི་ རྒྱལ་པོ་རིམ་བྱོན་གསེར་ རིམ་གནས་ཚུལ་ནང་ལོགས་སུ་འབད་བཏོན་ནུག།

ཁ རྒྱལ་བརྒྱུད་རིང་ལུགས་ཀྱི་ཉིན་བསྟར་དཔེ་སྟོན་ཟེར་བའི་རྩ་དོན་གུ་ གསར་ཤོག་ལྷན་ཐབས་བཟོ་ སྟེ་བཏོན་ནུག།

ག རྒྱལ་བརྒྱུད་དང་གྲོང་གསེབ་པའི་འབྲེལ་བ་འཐབ་ཚུལ་དང་ གྲོང་གསེབ་ནང་གི་མི་སེར་ཚུ་གིས་

མངའ་བདག་རྒྱལ་པོ་ལུ་བརྩི་བཀུར་ཞུ་ཚུལ་གྱི་སྐོར་ལས་གསར་ཤོག་ནང་ཤོག་གྲངས་ལྷན་ ཐབས་བཏོན་ནུག།

266


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ང རྒྱལ་བརྒྱུད་རིང་ལུགས་ཐོག་ལས་འཛམ་གླིང་གསར་བརྗེ་རིང་ལུགས་ནང་འཛུལ་ཞུགས་འབད་ བའི་སྐོར་ལས་བདུན་རིམ་གསར་ཤོག་ནང་ཤོག་གྲངས་ལྷན་ཐབས་བཏོན་ནུག།

ཅ མ་དངུལ་རྒྱལ་ཡོངས་དགའ་སྟོན་ལྷན་ཚོགས་ཀྱིས་གནང་སྟེ་ རྩ་དོན་རྒྱལ་བརྒྱུད་སྐོར་ལས་རྩོམ་

རིགས་དང་བློ་ཟེ་སྣ་བསྡུས་ བཟོ་སྟེ་གསལ་བཤད་འབད་བའི་ཁར་ ཞབས་དྲུང་རིན་པོ་ཆེའི་ཕྱག་ ཐམ་ང་བཅུ་དྲུག་མ་ཨིང་ལིཤ་གུ་ཕབ་སྟེ་གསར་ཤོག་ལྷན་ཐབས་བཏོན་ནུག།

ཀ གནས་ཚུལ་གསར་ཤོག་ འབྲུག་གི་དུས་ཚོད་ཀྱི་ཁ་ཐུག་ལས་

འབྲུག་རྒྱལ་ལྔ་

པའི་མཛད་རྣམ་རྗེས་དྲན་ འདྲ་པར་བསྡུ་སྒྲིག་གི་པར་དེབ་ འདྲ་༣༠༠༠ སྤར་བསྐྲུན་ འབད་དེ་བཀྲམ་སྤེལ་ཞུ་ནུག།

ཁ ཐུན་མོང་མ་ཡིན་པའི་དམངས་གཙོའི་རིང་ལུགས་ཀྱི་མདུན་བསྐྱོད བུ་ཀྲནསི་ ཡུ་ནིཀ་ཇར་ནི་ ཀྲུ་ ཝར་ཌེ་མོ་ཀེརེ་སི། ཟེར་བའི་དེབ་ སྤྱི་ཚེས༡༡/༡༡/༠༨ ལུ་བཀྲམ་སྤེལ་ཞུ་ནུག།

ག མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་གནང་བའི་གསུང་བཤད་ཤོག་གྲངས་༢༥༠ འི་རྩིས་སྤྱི་ ལོ་༢༠༠༧ སྤྱི་ཟླ་༥ པའི་ནང་འགོ་དང་པ་བཀྲམ་སྤེལ་འབད་ནུག།

ང བདུན་རིམ་གསར་ཤོག་གི་གྱལ་ཁར་ གསེར་ཁྲི་མངའ་གསོལ་བའི་སྐོར་ལས་དམིགས་བསལ་ གྱི་ཤོག་གྲངས་ ལྷན་ཐབས་བཏོན་ཐོག་ལས་རྗེས་དྲན་ཞུ་ནུག།

ཅ རྩ་དོན་ལོ་ངོ་༡༠༠ འི་རིང་རྒྱལ་བརྒྱུད་རིང་ལུགས་དྲི་མ་མེད་པའི་ནང་ཞི་བདེ་དང་དགའ་སྐྱིད་ཐོབ་ པའི་དམངས་གཙོ་རིང་ལུགས་སྐོར་ལས་ གློག་འཁོར་ཌི་བི་ཌི་ ནང་གསར་བསྐྲུན་འབད་དེ་ཁྲི་ མངའ་གསོལ་དུས་སྟོན་བརྩི་སྲུང་ཞུ་ནུག།

ཆ ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱའི་གློག་རིག་ཡོངས་འབྲེལ་༢༠༠༨ ཟེར་མི་ཅིག་སྤྱི་ ལོ་༢༠༠༨ སྤྱི་ཟླ་༢ པའི་ནང་ལས་ མི་དབང་མངའ་བདག་རིན་པོ་ཆེའི་འཁྲུངས་སྟོན་གྱི་དུས་ ཚོད་དང་འཁྲིལ་ཏེ་གསར་བཏོན་འབད་ནི་འགོ་བཙུགས་ནུག།

267


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཐིམ་ཕུ་ལུ་ཡོད་པའི་རབ་གསལ་བརྡ་བརྒྱུད་ཞབས་ཏོག་ཚོང་ལས་པའི་ཁ་ཐུག་ལས་ མི་དབང་མངའ་ བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་དྲན་རྟེན་ཞུ་བའི་དོན་ལུ་ ཆེད་མངགས་སྦེ་ཁ་དར་གུ་དབུ་ཞྭ་

བྱ་རོག་གདོང་ཅན་གྱི་པར་བཀོད་རྒྱལ་རྟགས་ཅན་བཟོ་མི་འདི་ མི་མང་གིས་ཉོ་སྟེ་ མི་དབང་མངའ་

བདག་རིན་པོ་ཆེ་ལུ་ཕུལ་ཚུགསཔ་བཟོ་ནུག། དེ་བཟུམ་དཔལ་འབྱོར་ཁང་ཚོང་འབྲེལ་འཐབ་མི་གིས་

འབྲུག་གི་རྒྱལ་དར་བཙོང་པའི་ཚོང་ལམ་ཐོབ་སྟེ་ དུས་ཡུན་ཐུང་ཀུ་ཅིག་ནང་རྒྱལ་དར་སྟོང་ཕྲག་༢ ལྷགཔ་ཅིག་བཙོང་ཐོག་ལས་དུས་དྲན་བརྩི་སྲུང་ཞུ་ནུག།

སོ་བདུན་པ་ ལས་འཛིན་ཚུ་གི་ཁ་ཐུག་ལས།

འབྲུག་བརྒྱུད་ཕྲིན་གྱིས་ཁྲི་མངའ་གསོལ་བའི་དོན་ལུ་ ཁ་རྗེ་ག་བཟང་འགྲུལ་ཕྲིན་ཨང་གིས་གསོལ་རས་སྣུམ་འཁོར་ཐོབ་མི།

ཀ འབྲུག་རྒྱུད་འཕྲིན་གྱི་ཁ་ཐུག་ལས་ སྤྱི་ཚེས་༧/༡༡/༠༨ དང་༡༧/༡༢/༠༨ ལུ་མི་དབང་

མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་རྒྱལ་ཡོངས་

268


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

དུས་ཆེན་དང་འཁྲིལ་ཏེ་ འགྲུལ་འཕྲིན་ལག་ལེན་འཐབ་མི་ཚུ་གི་བར་ན་ཁ་རྗེ་ག་བཟང་གི་

རས་ སྣུམ་འཁོར་ཀར་རེ་འཐོབ་པའི་ལས་རིམ་འགོ་འདྲེན་འཐབ་ནུག།

རྒྱན་ཤོག་ལས་རིམ་ཅིག་འགོ་འདྲེན་འཐབ་སྟེ་ རྒྱན་ཤོག་ཨང་དང་པ་ཐོབ་མི་ལུ་གསོལ་

ཁ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་ རྒྱལ་བརྒྱུད་ལོ་བརྒྱ་ འཁོར་བའི་དུས་སྟོན་གྱི་དོན་ལུ་ རབ་གསལ་བརྡ་བརྒྱུད་ཞབས་ཏོག་གིས་ཡང་ འབྲུག་རྒྱལ་བཞི་

པ་མཆོག་གི་མཛད་རྣམ་དོན་ཚན་ཁག་༡༣ དང་ པར་རིས་༡༨༠ བསྡུ་བསྒྲིགས་འབད་བའི་ཀི་ དེབ་ ལོ་ངོ་༡༠༠ འི་བརྒྱུད་འཛིན་རྒྱལ་བརྒྱུད་ཟེར་མི་དེ་ མི་དབང་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་ མོ་དབང་ཕྱུག་མཆོག་གིས་ སྤྱི་ཚེས་༢༩/༡༠/༠༨ ལུ་གསར་བཏོན་གནང་ནུག།

ག འགྲུལ་ཕྲིན་ལག་ལེན་འཐབ་མི་ཚུ་གི་དོན་ལས་ རྒྱུན་འགག་གི་དཀའ་ངལ་མར་ཕབ་རྐྱབ་པའི་ ཆེད་དུ་ རྒྱུད་འཕྲིན་འབྲེལ་རླབས་ཞབས་ཏོག་གི་མཐུན་རྐྱེན་འཐེབ་ཀྱི་ཐོབ་ལམ་གསར་བཙུགས་ འབད་ནུག།

ང བཀྲ་ཤིས་འགྲུལ་འཕྲིན་གྱི་ཁ་ཐུག་ལས་ ལོ་བརྒྱ་དང་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་ སྲུང་ཞུ་དོན་ལུ་༣༡/༡༢/༠༨ ཚུན་བཀྲ་ཤིས་འགྲུལ་འཕྲིན་ལས་ བཀྲ་ཤིས་འགྲུལ་འཕྲིན་ནང་ འགྲུལ་འཕྲིན་བཏང་པའི་སྐབས་གླ་ཆ་མ་ཕོགཔ་སྦེ་འབད་བཟོ་ནུག། ༢

ཀ འབྲུག་འགྲེམས་ཀྱི་ཁ་ཐུག་ལས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་

དུས་དྲན་ཞུ་དོན་ལུ་ དམིགས་བསལ་གྱི་འགྲེམས་རྟགས་བཏོན་ཡོད་མི་ཡང་ སྒྲ་འཛིན་གློག་འཁོར་

(སི་ཌི་ རོམ)ཟེར་མི་ཁག་གཉིས་བཏོན་ཡོད་མི་དང་པ་དེ་ནང་ བརྗོད་དོན་རྒྱལ་བརྒྱུད་ལོ་བརྒྱ་ཟེར་མི་ དང་ གཉིས་པ་རང་བཞིན་གནས་སྟངས་དང་གཅིག་ཁར་ཞི་བདེར་གནས་པ་ཟེར་མི་གཉིས་ཀྱི་བརྗོད་ དོན་གུ་འབད་བཟོ་བའི་འགྲེམས་རྟགས་དེ་ཚུ་འཛམ་གླིང་འགྲེམས་འགྲུལ་ཁར་ལག་ལེན་འཐབ་ཐོག་

ལས་བརྗོད་དོན་མཐོང་ཐོས་བྱུང་སྟེ་རྒྱལ་ཁབ་ངོ་སྤྲོད་ཁྱབ་སྤེལ་འབད་ཚུགས་པའི་ཐབས་ཤེས་སྟོན་ནུག།

269


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཁ འབྲུག་གི་དམངས་གཙོའི་འགྱུར་འགྲོས་དང་ འབྲུག་རྒྱལ་ལྔ་པའི་ཁྲི་སྟོན་གཉིས་ཀྱི་བརྗོད་དོན་

ཐོག་ སྒྲ་འཛིན་གློག་འཁོར་(སི་ཌི་ རོམ)ནང་འགྲེམས་རྟགས་གསར་དུ་བཏོན་མི་ག་ར་ མི་ དབང་མངའ་བདག་རིན་པོ་ཆེའི་འཁྲུངས་སྟོན་དང་བསྟུན་ཏེ་སྤྱི་ཚེས་༢༡/༢/༠༨ ལུ་འགོ་དང་ པ་བཏོན་ནུག།

ག ཤོག་ཀུ་གཞུང་རྐྱང་གུ་འབད་ འབྲུག་རྒྱལ་ཁབ་འབྲུག་རྒྱལ་ལྔ་པའི་དུས་སྐལ་ཁར་ལྷོད་ཅི་ཟེར་

མི་དང་ དང་ཕུ་ལས་ཚུར་འབད་ ད་ལྟོ་ཚུན་གྱི་བརྡ་དོན་རྒྱུན་ལམ་ཟེར་མི་བརྗོད་དོན་གཉིས་གུ་ དམིགས་བསལ་འགྲེམས་རྟགས་གསརཔ་བཏོན་ནུག།

ང ཕཱས་ཌེ་ཀ་པར་ ཟེར་བའི་འགྲེམས་སྣོད་ སྒྲ་འཛིན་གློག་འཁོར་དང་ གཞུང་རྐྱང་འགྲེམས་རྟགས་

ཀྱི་སྣོད་ཤོག་ལོགས་སུ་བཟོ་བཀོད་འབད་དེ་ ཁྱེར་བདེ་བའི་མཐུན་རྐྱེན་བཟོ་མི་དང་ པར་ས་ན་ ལའིཛ་ ཟེར་བའི་འགྲེམས་རྟགས་ རང་དང་རང་གི་བཟའ་ཚང་པར་བཏབ་སྟེ་ འགྲེམས་འགྲུལ་ འབད་བཏུབ་པའི་ཐབས་ཤེས་བཏོན་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་ གསོལ་ཞུ་བའི་ཁྲི་སྟོན་བརྩི་སྲུང་ཞུ་ནུག།

སོ་བརྒྱད་པ་ འབྲུག་བཞུགས་ཕྱི་རྒྱལ་ཡིག་ཚང་ཚུ་གི་ཁ་ཐུག་ལས། ༡

སྤྱི་ཚེས་༣༠/༡༠/༠༨ ལུ་རྒྱལ་ས་ཐིམ་ཕུ་ལུ་འབྲུག་དང་སུའིཛ་མཐུན་འབྲེལ་ཚོགས་པའི་ཁ་ཐུག་

ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཁྲི་སྟོན་དུས་དྲན་གྱི་དོན་ལུ་ འབྲུག་དང་སུའིཛ་ མཉམ་འབྲེལ་གྱི་སྐོར་ལས་དཔེ་དེབ་ཅིག་གསར་བཏོན་དང་ འབྲུག་དང་སུའིཛ་འཁྲབ་སྟོན་ལས་རིམ་ ཅིག་འགོ་འདྲེན་འཐབ་སྟེ་བརྩི་སྲུང་ཞུ་ནུག།

རྒྱ་གར་གཞུང་ཚབ་ཡིག་ཚང་གི་ཁ་ཐུག་ལས་ སྤྱི་ཚེས་༡༦/༡༡/༠༨ ཀྱི་ཉིན་པར་ཐིམ་ཕུ་ལྕང་གླིང་མའི་

ཐང་ནང་འབད་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ལས་ མཐུན་འབྲེལ་ཐོག་གི་སྡེ་ཚན་༢༠ པོའི་

270


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ནང་ན་རྐང་རིལ་རྩེད་འགྲན་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་ གསོལ་ཞུ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག།

སོ་དགུ་པ་ འབྲུག་ཨོ་ལོམ་པིག་རྩེད་ཚོགས་ལས། ༡

འབྲུག་ཨོ་ལོམ་པིཀ་སྒྱུ་རྩལ་ཚོགས་པའི་ཁ་ཐུག་ལས་ སྤྱི་ཚེས་༡༢/༡༠/༠༨ ཀྱི་ཉིན་ ལྕང་གླིང་མའི་

ཐང་གི་ རྒྱལ་ཡོངས་རྩེད་ཐང་ བསྐྱར་བསྐྲུན་འབད་མི་དེ་ མི་དབང་དྲགོས་འཇིགས་རྒྱལ་མཆོག་གིས་ སྒོ་འབྱེད་རྟེན་འབྲེལ་བརྩི་ཐོག་ལས་ དུས་སྟོན་བརྩི་སྲུང་ཞུ་ནུག།

མདའ་རྩེད་ཚོགས་པས་ གསེར་ཁྲི་མངའ་གསོལ་བའི་དོན་ལུ་མདའ་རྩེད་འགྲན་བསྡུར་འགོ་འདྲེན་འཐབ་པ།

271


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འབྲུག་མདའ་རྩེད་ཚོགས་པའི་ཁ་ཐུག་ལས་ གསེར་ཁྲི་མངའ་གསོལ་བའི་དུས་སྟོན་གྱི་དོན་ལུ་ སྤྱི་ ཟླ་༩ པའི་ཚེས༢༢ ལས་མདའ་རྩེད་འགྲན་བསྡུར་གྱི་ལས་རིམ་ཅིག་འགོ་བཙུགས་ཡོད་མི་དེ་ཁར་ བསྡོམས་མདའ་རྩེད་སྡེ་ཚན་༣༢ དེ་ཅིག་གིས་བཅའ་མ་གཏོགས་ཏེ་མཐའ་དཔྱད་ཁྲོ་གཏུམ་སྡེ་ཚན་དང་

ཕོ་སྐྱེས་སྡེ་ཚན་གཉིས་ཀྱི་བར་ན་ དོ་འགྲན་འབད་དེ་ཕོ་སྐྱེས་སྡེ་ཚན་གྱིས་རྒྱལ་ཁ་ཐོབ་ནུག། ཕོ་སྐྱེས་ སྡེ་ཚན་གྱི་གཙོ་འཛིན་མི་དབང་རྒྱལ་སྲས་འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་དང་རྒྱལ་སྲས་འཇིགས་ མེད་རྡོ་རྗེ་དབང་ཕྱུག་གཉིས་ཀྱིས་འགོ་ཁྲིད་མཛད་ནུག། ཁྲོ་གཏུམ་སྡེ་ཚན་གྱི་འགོ་ཁྲིད་མཛད་མི་རྒྱལ་ སྲས་དྲགོས་ཁམས་གསུམ་སེང་གེ་དབང་ཕྱུག་མཆོག་གིས་འགོ་ཁྲིད་མཛད་ནུག། ༣

ཕུན་ཚོགས་གླིང་རྩེད་རིགས་ཚོགས་པ་གིས་གསེར་ཁྲི་མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་ བའི་དུས་སྟོན་གྱི་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལས་མདའ་རྩེད་འགྲན་བསྡུར་དང་ཁུ་རུ་འགྲན་བསྡུར་ གྱི་ལས་རིམ་ཚུ་འགོ་འདྲེན་འཐབ་ནུག།

འབྲུག་མདའ་རྩེད་ཚོགས་པ་གིས་འགོ་འདྲེན་ཐོག་ལས་ གསེར་ཁྲི་མངའ་གསོལ་རྒྱལ་རྟགས་ཀྱི་

མདའ་རྩེད་འགྲན་བསྡུར་ཟེར་བའི་ མདའ་རྩེད་ལས་རིམ་ཅིག་ཅང་འབངས་གྲུའི་འབའ་ཐང་ནང་འབད་

སྤྱི་ཚེས་༢༤/༩/༠༨ ལས་འགོ་བཙུགས་མི་དེ་ཁར་ ཧཱ་དང་སྤ་རོ། ཐིམ་ཕུ་དང་དབང་འདུས་ཕོ་བྲང་། སྤུ་ན་ཁ་དང་དགེ་ལེགས་ཕུ། དེ་ལས་ཕུན་ཚོགས་གླིང་ལ་སོགས་པའི་ཐག་རིང་ས་ལས་ཚུར་འོང་མི་

རྩིས་ཏེ་བསྡོམས་སྡེ་ཚན་༣༨ ཀྱིས་བཅའ་མར་གཏོགས་ཏེ་རྩེད་འགྲན་ཐོག་ལས་ མི་དབང་མངའ་ བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག། ༥

གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་ཞུ་དོན་ལུ་ན་གཞོན་ཚུ་གིས་སྡེ་ཚན་སོ་སོར་བཟོ་སྟེ་

ཐིམ་ཕུའི་ཆུ་རྩལ་ཁང་ནང་རྩེད་རིགས་ དོ་འགྲན་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་པའི་ བཱསི་ཀེཀྲ་ བོལ་ རྩེད་འགྲན་གྱི་མཐའ་དཔྱད་འགྲན་བསྡུར་ནང་ལྷོད་མི་ དྲགོས་ཁམས་གསུམ་སེང་གེ་དབང་ཕྱུག་

གིས་དབུ་ཁྲིད་མཛད་པའི་ཚོགས་སྡེ་བྱ་ཁྱུང་ཟེར་མི་དང་ དྲགོས་འཇིགས་རྒྱལ་དབང་ཕྱུག་གིས་དབུ་

ཁྲིད་མཛད་མི་དཔའ་རྩལ་པའི་སྡེ་ཚན་གཉིས་ཀྱི་བར་ན་དོ་འགྲན་འབད་བའི་སྐབས་ དཔའ་རྩལ་པའི་

272


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

སྡེ་ཚན་གྱིས་སྐུགས་༧༤ ཐོབ་པའི་སྐབས་བྱ་ཁྱུང་སྡེ་ཚན་གྱིས་སྐུགས་གྲངས་༨༤ ཐོབ་ནི་དེ་གིས་ རྒྱལ་ཁ་བྱ་ཁྱུང་སྡེ་ཚན་གྱིས་ཐོབ་ནུག། ༦

འབྲུག་མདའ་རྩེད་ཚོགས་པ་གིས་འགོ་འདྲེན་འཐབ་སྟེ་ སྤྱི་ཚེས་༣/༥/༠༨ ལས་མི་དབང་མངའ་ བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་གི་

དོན་ལུ་ རང་ལུགས་སྤག་ཤིང་གི་གཞུ་ལག་ལེན་འཐབ་པའི་མདའ་རྩེད་འགྲན་བསྡུར་འདི་ནང་ ཐིམ་ ཕུ་ནང་འཁོད་དང་ རྫོང་ཁག་སོ་སོ་ལས་སྡེ་ཚན་༡༦ གིས་བཅའ་མར་གཏོགས་ནུག། འགྲན་བསྡུར་དེ་

ཡང་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་རྒྱལ་རྟགས་ཀྱི་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་གྱི་ མིང་གནས་ཐོག་ལུ་ཅང་ཇི་ཇིའི་འབའ་ཐང་ནང་འགོ་འདྲེན་འཐབ་ནུག།

བཞི་བཅུ་པ་ ཕྱིའི་རྒྱལ་ཁབ་ཁག་གི་ཁ་ཐུག་ལས། ༡

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་ཞུ་བའི་དགའ་སྟོན་ལུ་ ཕྱི་རྒྱལ་ ནེ་དར་ལེནཌ་གྱི་གཙུག་ལག་སློབ་ཁང་སོ་སོའི་ནང་སློབ་གཉེར་འབད་མི་འབྲུག་པའི་སློབ་ཕྲུག་ཚུ་

དང་ འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ཚུ་མཉམ་རུབ་ཐོག་ལས་ཁྲི་མངའ་གསོལ་གྱི་རྟེན་ འབྲེལ་བརྩི་སྲུང་ཞུ་ནུག། ནེ་དར་ལེནཌ་ལུ་འབྲུག་གི་སྐུ་ཚབ་རོ་བཱཀྲ་བེན་གིས་འབྲུག་རྒྱལ་བཞི་པ་

མཆོག་གིས་འཛམ་བུ་གླིང་གིས་དཔྱེ་ལྟ་བཏུབ་པའི་ཆབ་སྲིད་བསྐྱངས་གནང་དོ་བཟུམ་ འབྲུག་རྒྱལ་ ལྔ་པ་མཆོག་གིས་ཡང་དེ་བཟུམ་སྦེ་རང་ཆབ་སྲིད་སྐྱོང་གནང་འོང་མནོ་བའི་ཡིད་ཆེས་ཡོད་ལུགས་ཀྱི་ གསལ་བཤད་དང་བཅས་པའི་ཐོག་ལས་རྟེན་འབྲེལ་བརྩི་སྲུང་འགོ་འབྱེད་གནང་ནུག། ༢

ནི་དང་ལེནཌ་འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་སྐུ་ཚབ་ སིཛ་ཀེལེན་མཆོག་གིས་ཡང་ དེ་ཁར་ཡོད་ མི་འབྲུག་པའི་སློབ་ཕྲུག་ཚུ་ཁྱིད་དེ་ཁོ་རའི་ཁྱིམ་ནང་སྦེ་སྤྲོ་སྟོན་ལས་རིམ་འགོ་མ་བཙུགས་པའི་ཧེ་མ་ ཧེག་ཁྲོམ་ཁར་ཁྲོམ་བཤལ་དང་གླིང་ཁ་བཏང་བཅུག་པའི་ལས་རིམ་བཞག་ཐོག་ལས་བརྩི་སྲུང་མདོར་ བསྡུས་ཅིག་ཞུ་ནུག།

273


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

སྤྱི་ཚེས་༦/༡༡/༠༨ ཀྱི་ཚེ་ཐའི་ལེནཌ་གྱི་རྒྱལ་ས་བེང་ཀོག་ལུ་ འབྲུག་གཞུང་གི་སྐུ་ཚབ་ཡིག་ཚང་ གིས་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་ རང་སེབ་གཙུག་

ལག་སློབ་ཁང་ནང་སྦེ་བརྩི་སྲུང་ཞུ་ནུག། གཙུག་ལག་སློབ་ཁང་དང་མཁའ་འགྲུལ་ལས་སྡེ་གིས་སྦེ་

རང་ལུགས་ལམ་སྲོལ་ཐོག་ལས་ བརྩི་སྲུང་ཞུ་མི་དེ་ཁར་སྐུ་མགྲོན་གཙོ་བོ་ ཐའི་ལེནཌ་གི་རྒྱལ་པོའི་ སྲས་མོ་ ཆུ་ལ་བཱོ་རན་མཆོག་གདན་འདྲེན་ཞུ་ཡོདཔ་ཨིན་པས། དེ་སྐབས་ལུ་དོན་གཅོད་སྐུ་ཚབ་ཀྱི་

འཐུས་མི་ཚུ་དང་ གཞུང་གི་ཆེས་མཐོའི་འགོ་དཔོན་ཚུ། གཞན་ཡང་འབྲུག་དང་མཛའ་བཤེས་འབྲེལ་

གཏོགས་ཡོད་མི་ག་ར་འཚོགས་ཏེ་བརྩི་སྲུང་ཞུ་བའི་སྐབས་ འབྲུག་ལས་སྒེར་པའི་གླུ་གར་སྡེ་ཚན་ བཀྲ་ཤིས་སྙན་ཆ་གིས་སྦེ་རང་ལུགས་འཆམ་དང་གླུ་གཞས་ཀྱི་རིམ་པ་ཚུ་སྤྱན་འབུལ་ཞུ་ཐོག་ལས་ བརྩི་སྲུང་ཞུ་ནུག། ༤

རྒྱང་བསྒྲགས་གནས་ཚུལ་ནང་ལས་བཤད་དོ་བཟུམ་ཨིན་པ་ཅིན། མི་དབང་མངའ་བདག་རིན་རིན་

པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་མ་ཞུ་བའི་གོང་ལས་ ཨཱས་ཀྲི་ཡའི་རྩོམ་སྒྲིག་མཁས་པ་ཝེལ་

ཡམ་ཀིལིན་ཟེར་མི་དེ་གིས་ དཔེ་དེབ་འབྲུག་ཟེར་མི་ཅིག་གསར་བརྩམས་འབད་ཡོད་མི་དེ་ཁྲི་མངའ་

གསོལ་བའི་དུས་སྟོན་ལུ་སྦེ་འགོ་དང་པ་བཀྲམ་སྤེལ་འབད་ཡོདཔ་ཨིན་པས། དཔེ་དེབ་དེ་གི་བརྗོད་ དོན་ཚུ་ཡང་གངས་ལྗོངས་ཧི་མ་ལ་ཡའི་རི་མཇུག་ཁར་གནས་པའི་མི་རིགས་ཚུ་གིས་རང་ལུགས་

ལམ་སྲོལ་མ་ཉམས་པར་ལག་ལེན་འཐབ་དོ་ཡོད་པའི་སྐོར་ལས་མི་ལོ་༢༠ དེ་ཅིག་གི་གོང་ལས་ཞིབ་ འཚོལ་འབད་ཐོག་ལས་བྲིས་ཡོད་ལུགས་ཀྱི་གསལ་བསྒྲགས་འབད་ནུག།

༥ ཨཱས་ཀྲེལ་ཡའི་ས་གནས་ པརཐ་ལུ་ཡོད་པའི་འབྲུག་མི་སློབ་ཕྲུག་ཚུ་གིས་ཡང་ མི་དབང་མངའ་བདག་ རིན་པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ དེ་ཁར་ཡོད་མི་སློབ་ཕྲུག་ཚུ་གཅིག་ཁར་འཛོམས་ཐོག་

ལས་ གུ་རུའི་ཞལ་ཐང་གི་གདོང་ཁར་མཆོད་པ་བསྒྲིགས་པའི་སྦོ་ལོགས་ཁར་ རྒྱལ་པོ་རིམ་བྱོན་གྱི་སྐུ་ པར་ཚུ་གོ་རིམ་སྦེ་བཞག་སྟེ་ ཆོས་པ་དང་སློབ་ཕྲུག་ཚུ་གིས་ཡན་ལག་བདུན་པ་དང་ མཎ་ཌལ་ཚུ་ཕུལ་

ཏེ་ལས་རིམ་འགོ་བཙུགས་ཞིནམ་ལས་ རྒྱལ་པོའི་བརྟན་བཞུགས་དང་སྨོན་འདེབས་ཀྱི་ལས་རིམ་ཚུ་

274


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཞུ་བའི་ཤུལ་ལས་ དེ་ཁར་ཡོད་མི་ཕྱི་གླིང་པ་ནང་པའི་དགེ་སློང་ཅིག་གིས་སྣ་འདྲེན་འབད་ སྐུ་པར་གྱི་སྐུ་

མདུན་ལུ་ཁྲི་དར་དེ་ཚུ་རིམ་པ་བཞིན་ཕུལ་ཏེ་བརྩི་སྲུང་ཞུ་ནུག། དེ་ཁར་བྱོན་མི་ཕྱི་མི་ཚུ་གིས་ཡང་འབྲུག་

པའི་གོ་ལ་གྱོན་ཐོག་ལས་གྲལ་གཏོགས་འབདཝ་མ་ཚད་ ལེ་ཤ་ཅིག་གིས་ཁྲི་སྟོན་སྐོར་ལས་གསལ་ བཤད་འབད་བའི་ཤུལ་ལས་ རང་ལུགས་བསྲུ་ཇ་འབྲས་སེར་ལས་འགོ་བཙུགས་ཏེ་དྲངས་ཞིནམ་ལས་

འབྲུག་པའི་གླུ་གཞས་ཡང་སྐུ་མགྲོན་ཚུ་ལུ་སྤྱན་འབུལ་ཞུ་ཐོག་ལས་ རྟེན་འབྲེལ་བརྩི་སྲུང་ཞུ་བའི་སྐབས་

ནུབ་ཕྱོགས་ཨཱས་ཀྲེལ་ཡའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཚུ་ལུ་ཡང་མགྲོན་བརྡ་ཕུལཝ་ཞིན་དུ་ སློབ་དཔོན་ཚུ་དང་ འབྲུག་པའི་སློབ་ཕྲུག་ག་ར་གིས་གྲལ་གཏོགས་མཛད་ནུག། ༦

ཨ་མི་རི་ཀའི་ས་གནས་ ཀེ་ལི་ཕོར་ནི་ཡ་ལས་ཨིན་མི་ སྐྱེས་ལོ་མཐོ་ཤོས་༦༨ དང་ཆུང་ཤོས་༥༥ སྦེ་བའི་ཕོ་སྐྱེས་༩ དང་ཨམ་སྲུ་༤ གི་སྡེ་ཚན་ མི་གྲངས་༡༣ ཡོད་མི་ཚུ་གིས་སྤྱི་ཚེས་༨/༡༠/༠༨

ལུ་ཐིམ་ཕུ་ལས་འགོ་བཙུགས་ཏེ་རྐང་འཁོར་བཞོན་ཏེ་བུམ་ཐང་ཚུན་ཚོད་ མི་དབང་མངའ་བདག་རིན་ པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་བརྩི་སྲུང་ དོན་ལུ་འགྲུལ་བསྐྱོད་འབད་ནུག། ༧

དེ་བཟུམ་དབྱིན་ཚེས་༡༠/༡༢/༠༨ ཀྱི་ཀུན་གསལ་ནང་བཀོད་དོ་བཟུམ་ཨིན་པ་ཅིན་ ཕྱི་རྒྱལ་ཕཱ་རཱནསི་ ལུ་ཡོད་པའི་ ནང་པའི་ཟླ་ཤངས་བཀའ་བརྒྱུད་གླིང་ཆོས་སྡེའི་བླམ་བསོད་ནམས་ཀྱིས་དབུ་གཙོས་པའི་

བླ་སློབ་ཚུ་གིས་ ཇེ་ནི་བ་ལུ་སྦེ་ འབྲུག་གཞུང་གི་གཞུང་ཚབ་ཡིག་ཚང་ནང་ གུ་རུའི་གསེར་སྐུ་མཐོ་

ཚད་སེན་ཀྲི་མི་ཀྲར་༥༠ སྦེ་མི་གཅིག་དང་དཀྱིལ་འཁོར་གཅིག་ མི་དབང་མངའ་བདག་རིན་པོ་ཆེ་ གསེར་ཁྲི་མངའ་གསོལ་བའི་དུས་དྲན་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་སྐུ་ཚེ་ ཞབས་པད་བརྟན་ཏེ་ཐུགས་དོན་འབད་མེད་ལྷུན་གྲུབ་ཏུ་བྱུང་བའི་དོན་ལུ་དམིགས་ཏེ་ཕུལཝ་ཨིན་ཟེར་ བཤད་ནུག།

275


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

གསེར་ཁྲི་མངའ་གསོལ་བའི་དོན་ལུ་ཕྱི་མི་ཚུ་གིས་ཡང་ འཛམ་གླིང་ནང་རྙིང་ཤོས་ཀྱི་སྣུམ་འཁོར་བཏང་ཐོག་ལས་བྱོར་བ།

མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་དང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་

སྟོན་ལུ་ ཕྱི་རྒྱལ་ནེ་དར་ལེནཌ་ལས་ཌཅ་༢༠ གིས་སྣུམ་འཁོར་ཀཱར་༨ བཏང་སྟེ་འབྲུག་ལུ་འགྱོ་སའི་ ལམ་ཟེར་བའི་འགྲུལ་བསྐྱོད་སྡེ་ཚན་བཟོ་མི་དེ་གིས་ ཨི་ཀྲ་ལི་དང་ཀྲར་ཀི། ཨི་རཱན། པ་ཀིས་ཏཱན། རྒྱ་ གར་ཚུ་བརྒྱུད་དེ་ཉིན་གྲངས་༦༧ ལུ་ལམ་ཀི་ལོ་མི་ཀྲར་སྟོང་ཕྲག་༡༥ དེ་ཅིག་གི་རྩིས་སྣུམ་འཁོར་

བཏང་སྟེ་ སྤྱི་ཚེས་༢༡/༡༡/༠༨ ལུ་ཐིམ་ཕུར་ལྷོད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་ མངའ་གསོལ་བའི་དུས་དྲན་བརྩི་སྲུང་དོན་ལུ་ཨིན་མས།

276


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཞེ་གཅིག་པ་ འབྲུག་རྒྱ་མཐུན་འབྲེལ་ཚོགས་པའི་ཁ་ཐུག་ལས། ༡

འབྲུག་རྒྱ་མཐུན་འབྲེལ་ཚོགས་པ་གིས་སྦེ་ བསམ་གྲུབ་ལྗོངས་མཁར་ལུ་མི་དབང་མངའ་བདག་རིན་

པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དགའ་སྟོན་རྟེན་འབྲེལ་ལུ་ སུའིཛ་གི་སྙན་ཆ་སྡེ་ཚན་ཅིག་གིས་ སྙན་ཆའི་རང་ལུགས་ལས་རིམ་ཅིག་མི་མང་ལུ་སྟོན་ནུག། དེ་སྐབས་བསམ་གྲུབ་ལྗོངས་མཁར་ལུ་སྡོད་ མི་འབྲུག་མི་ཚུ་གིས་ཡང་ འབྲུག་པའི་གླུ་གཞས་ཚུ་འཁྲབ་སྟོན་ཞུ་ཐོག་ལས་མཉམ་འབྲེལ་བརྩི་སྲུང་

ཞུ་ཡི་ཟེར་ཨིན་པས། ལས་རིམ་དེ་ཁར་ཨ་སམ་ལས་བྱོན་པའི་སྐུ་མགྲོན་ཚུ་རྩིས་ཏེ་མི་གྲངས་སྟོང་ཕྲག་ ༣ དེ་ཅིག་འཛོམས་སར་རྒྱ་གར་གྱི་ཚོང་པ་ཚུ་གིས་དུས་ཆེན་དེ་གི་དོན་ལུ་ཀེ་ཇི་༡༠༠ སྦེ་མི་མངར་ཟས་

(ཀེག་)ཅིག་ཟས་སྟོན་གྱི་དོན་ལུ་བཏོགས་ཏེ་ཆ་མཉམ་ལོངས་སྤྱོད་བཅུགཔ་མ་ཚད་ མི་དབང་མངའ་

བདག་རིན་པོ་ཆེ་དང་རྒྱལ་བརྒྱུད་ལུ་གུས་བཏུད་ཡོད་ལུགས་ཚུ་ཞུ་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ ནུག། ༢

ཁྲི་མངའ་གསོལ་བའི་དུས་ཚོད་དང་འཁྲིལ་ཏེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ཆོས་སྡེ་དང་

མི་སེར་ཚུ་གིས་ དེ་ཚེ་དྲོ་པ་གྲྭ་ཚང་ནང་མཆོད་མེ་ཕུལ་ཏེ་མཛད་སྒོ་འགོ་བཙུགས་ཏེ་ མི་དབང་མངའ་ བདག་རིན་པོ་ཆེའི་སྐུ་པར་རྩེད་ཐང་ནང་ཆིབས་གྲལ་བཙར་ཏེ་གདན་འདྲེན་ཞུ་བའི་ཤུལ་ལས་ཁྲི་དར་

ཚུ་གོ་རིམ་འབད་སྐུ་པར་གྱི་གདོང་ཁར་ཕུལ་ཞིནམ་ལས་རྩེད་རིགས་དང་གླུ་གཞས་ཚུ་འཁྲབ་སྟོན་ ཐོག་ལས་བརྩི་སྲུང་ཞུ་ཡི་ཟེར་ཨིན་པས། དེ་སྐབས་རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་འཐུས་མི་ ཚུ་གིས་ཡང་བཅའ་མར་གཏོགས་ཏེ་རང་ལུགས་ལས་རིམ་ལེ་ཤ་ཅིག་སྤྱན་འབུལ་ཞུ་ནུག།

ཞེ་གཉིས་པ་ སྣ་ཚོགས་ཁ་ཐུག་ལས། ༡

སྤྱི་ལོ་༢༠༠༨ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ཧི་མ་ལ་ཡཱན་དོ་འགྲན་ཟེར་བའི་རྒྱལ་དར་འབག་སྟེ་ སྣུམ་ འཁོར་བང་རྒྱུག་གི་དོ་འགྲན་ལས་རིམ་དང་ སྔར་ལུགས་སྙན་ཆའི་འཁྲན་སྟོན་ཅིག་སྒོ་འབྱེད་འབད་མི་

277


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དེ་ཡང་ཁྲི་མངའ་གསོལ་བའི་དུས་དྲན་བརྩི་སྲུང་ཞུ་དོན་ལུ་ཨིན་མས། ༢

དེ་བཟུམ་འབྲུག་མི་ཕོ་སྐྱེས་བཅུ་ཐམ་པའི་སྡེ་ཚན་ཅིག་གིས་ཡང་ རྐང་འཁོར་བཏང་སྟེ་ སྤྱི་ཚེས་

༢༤/༩/༠༨ ལས་འགོ་བཙུགས་མི་དེ་གིས་ཉིན་ལམ་༡༣ ལུ་རྫོང་ཁག་༢༠ ནང་སོང་ཞིནམ་ལས་

སློབ་གྲྭ་ཆེ་བ་ཚུ་ནང་ གསེར་ཁྲི་མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དགའ་སྟོན་ལུ་སློབ་ གྲྭ་ཚུ་གིས་ག་དེ་སྦེ་རང་འབདཝ་ཨིན་ན་བལྟ་ནི་དང་འབྲེལ་ཏེ་རྒྱལ་པོ་རིམ་བྱོན་གྱི་སྐུ་དྲིན་བསམ་ཚུལ་

སྐོར་སློབ་ཕྲུག་ཚུ་ལུ་གསལ་བཤད་འབད་ནི་དང་རྒྱལ་པོ་རིམ་བྱོན་གྱི་སྐུ་སྤར་ཚུ་བཀྲམ་སྤེལ་ཐོག་ལས་ དུས་སྟོན་བརྩི་སྲུང་ཞུ་ནུག།

མངའ་གསོལ་དོན་ རྐང་འཁོར་དོ་འགྲན་ཐོག་རྫོང་ཁག་ཡོངས་རྫོགས་བསྐོར་ཐོག་ལས་བརྩི་སྲུང་ཞུ་བ།

ཀུར་སྟོད་དུང་དཀར་ལུ་ རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་གཙོ་འཛིན་མཛད་གནང་པའི་ ཨོ་རྒྱན་སི་དྷི་

དུང་སྒྲུབ་ཚོགས་པ་གིས་འབད་ རང་ཟླ་༥ པ་ཤུལ་མམ་གི་ཚེས་༡༢ ལས་༡༦ ཚུན་ཚོད་བཛྲ་གུ་རུའི་

278


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

དུང་སྒྲུབ་དང་ ཚོགས་འབུམ་གནང་ནི་གི་ལས་རིམ་ཅིག་བཟོ་ཡོད་མི་དེ་ཁར་ སྒང་སྟེང་སྤྲུལ་་སྐུ་མཆོག་ གིས་དབུ་གཙོས་ཏེ་ བཤད་གྲྭའི་དགེ་སློང་ཚུ་དང་ མོང་སྒར་ཙ་ཀ་གླིང་། ཆ་ལི། ཀུར་སྟོད་རྒོད་ཤོག་སྤང་

ཚུ་གི་སྒོམ་སྡེ་ལས་ཆོས་གྲངས་༡༥༠ ལྷགཔ་ཅིག་གིས་པད་གླིང་ནོར་བུ་རྒྱ་མཚོའི་ཚོགས་འཁོར་བསྐོར་ མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་བའི་དུས་སྟོན་དང་ རྒྱལ་བརྒྱུད་ལོ་ བརྒྱ་འཁོར་བའི་བརྩི་སྲུང་གི་དོན་ལུ་ཨིན་པས། ༤

སྤྱི་ཚེས་༡༡/༡༡/༠༨ ལུ་ནེ་པཱལ་ལུ་ཡོད་པའི་རི་མོ་མཁན་༧ དང་འབྲུག་ནང་འཁོད་ཀྱི་ཁས་བླངས་རི་ མོ་བྲིས་མི་མཉམ་འབྲེལ་ཐོག་ལས་ ཐིམ་ཕུ་ལུ་སྦེ་རི་མོའི་འགྲེམས་སྟོན་ཅིག་ མི་དབང་མངའ་བདག་ རིན་པོ་ཆེ་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་ལུ་ འགོ་འདྲེན་འཐབ་ནུག།

གཞལ་སྒང་ཆ་འདུས་སྟག་མ་ལས་ཨམ་དབྱངས་འཛོམས་ཀྱིས་མ་དངུལ་འབུམ་༡༠ བཏང་སྟེ་སྟག་ མའི་མཇུག་ལུ་མཆོད་རྟེན་བྱ་རུང་ཁ་ཤོར་ཅིག་བཞེངས་ཐོག་ལས་རྒྱལ་པོ་ལྔ་པའི་གསེར་ཁྲི་མང་ གསོལ་བརྩི་སྲུང་ཞུ་ནུག།

རྒྱ་གར་ཝཱ་ར་ཎ་སིར་མཐོ་རིམ་སློབ་ཁང་ནང་ སློབ་གཉེར་འབད་མི་ལོ་རིམ་མཐའ་མའི་སློབ་ཕྲུག་ བསམ་ གཏན་ཟེར་མི་དེ་གིས་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ཐོན་མི་ཀུན་གསལ་ནང་མི་དབང་མངའ་བདག་རིན་ པོ་ཆེ་གསེར་ཁྲི་མངའ་གསོལ་ཞུ་བའི་དུས་སྟོན་གྱི་དོན་ལུ་ ཆབ་སྲིད་ཀུན་ཏུ་བཟང་པོའི་འཁོར་ལོ་ཟེར་བའི་

རི་མོ་འཁོར་ལོ་རྩིབས་བརྒྱད་ཀྱི་ཕྱི་འཁོར་པད་འདབ་བརྒྱད་ནང་ནོར་བུ་མིག་གསུམ་རེའི་ཕྱི་མཚམས་ཀྱི་ བར་བར་ན་རྡོ་རྗེ་རྒྱ་གྲམ་རེ་བཙུགས་པའི་འཁོར་ལོའི་ལྟེ་བར་ནོར་བུ་གོང་འཁྱིལ་བཀོད་དེ་ རྒྱུ་མཚན་བཤད་ པ་རྐྱབ་ཐོག་ལས་གསལ་བཤད་འབད་ནུག།

འཁོར་ལོའི་རྩིབས་ཀྱི་བར་ན། མངའ་བདག་ཆོས་ལྡན་རྒྱལ་པོའི་བྱམས་བརྩེའི་དཔལ། །བདག་སོགས་

འབྲུག་མི་ཀུན་ལ་མཚུངས་པར་ལྡན། །འཇིགས་དང་སྡུག་བསྔལ་ལས་གྲོལ་སྨན་ལྗོངས་འབྲུག །མེད་ དུ་མི་རུང་མཚུངས་མེད་དཔལ་འབྲུག་པ། །རྣམ་གཉིས་ཆོས་སྲིད་བ་དན་དཀར་པོའི་ཕྱོགས། །རྒྱལ་

ཁབ་བདེ་པྱིར་སྒྲེང་པ་དམ་པའི་ལས། །ཟེར་བའི་ཚིག་བཅད་ཚུ་བཙུགས་ཏེ་དུས་སྟོན་བརྩི་སྲུང་ཞུ་ནུག།

279


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ཆབ་སྲིད་ཀུན་ཏུ་བཟང་པོའི་འཁོར་ལོ།

280


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

འབྲུག་གི་དུས་ཚོད་ཀྱི་རྫོང་ཁའི་རྩོམ་སྒྲིག་པ་བྱང་ཆུབ་རྡོ་རྗེ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་

ལུ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་ཕུལ་བའི་ཚིགས་བཅད་ དབུ་ལ་གདུགས། སྐུ་ལ་རྒྱལ་མཚན། གསུང་ལ་དུང་དཀར། ཐུགས་ལ་དཔལ་བེའུ། སྤྱན་ལ་གསེར་ཉ། ལྗགས་ལ་པདྨ། མགུལ་ལ་བུམ་

པ། ཕྱག་ལ་ནོར་བུ། ཞབས་ལ་འཁོར་ལོ་ཚུ་ཕུལ་བའི་ཚིགས་བཅད་ཀྱི་བསྟོད་པ་སྤྱི་ཚེས་༨/༡༡/༠༨ ཀྱི་ཀུན་གསལ་ནང་བཀོད་ནུག། ༨

བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ རྫོང་སློབ་བསོད་ནམས་བཟང་པོ་གིས་

ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྨོན་འདེབས་བཀྲ་ཤིས་རྟགས་བརྒྱད་ཀྱི་ བཤད་པའི་ཐོག་ལས་ཕུལ་ནུག། ཁོ་གི་རྩོམ་ནང་། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ། །

སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། ། ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསོལ། །སྤྱན་ལ་བཀྲ་ཤིས་གསེར་ཉ་གསལ་བར་ནུས། །

ལྗགས་ལ་བཀྲ་ཤིས་པདྨ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་གསོལ། ། ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ། །ཟེར་བའི་ཚིགས་བཅད་ཀྱི་བཤད་པ་དང་བཅས་ པའི་སྨོན་འདེབས་ཞུ་མི་འདི་ སྤྱི་ཚེས་༡༥/༡༡/༠༨ ཀྱི་ཀུན་གསལ་ནང་བཀོད་ནུག། ༩

སྤོས་བཟོ་གནག་མདོག་གིས་རྩ་བའི་སྦྱིན་བདག་ཞུ་སྟེ་ སྔར་སྤྱི་ལོ་༡༣༥༣ ལུ་ཀུན་མཁྱེན་ཀློང་ཆེན་ གྱིས་བཞེངས་པའི་ཚོགས་ཁང་ཡོད་པའི་ས་གནས་ བུམ་ཐང་ཐར་པ་གླིང་ལུ་ལྷ་ཁང་གསར་བཞེངས་ གནང་པའི་ཁར་ ལྷ་ཁང་དེ་གུ་གསེར་ཏོག་ཡང་རང་ཟླ་༧ པའི་ཚེས་༡༨ ལུ་ཕུལ་ནུག། དགེ་སློང་ཞལ་ གྲངས་༡༠༠ གདན་དྲངས་ཏེ་བཀའ་འགྱུར་ཞུན་དག་ལྷག་སྟེ་ མི་དབང་མངའ་བདག་རིན་པོ་ཆེ་གསེར་ ཁྲི་མངའ་གསོལ་བའི་དུས་སྟོན་བརྩི་སྲུང་ཞུ་ནུག།

༡༠ གཞལ་སྒང་བཀྲོང་རྒེད་འོག་སྟག་མ་ལས་ཚེ་རིང་རྡོ་རྗེ་གིས་མ་དངུལ་ས་ཡ་༢༥ བཏང་ཐོག་ལས་ སྒེར་གྱི་སློབ་གྲྭ་ རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག་ཤེས་ཡོན་སྤེལ་ཁང་ཟེར་མི་དེ་དབྱིན་ཟླ་༡༡ པའི་ ཚེས་༡ ལས་སྒོ་འབྱེད་འབད་ཐོག་ལས་ཁྲི་སྟོན་དུས་དྲན་བརྩི་སྲུང་ཞུ་ནུག།

281


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

༡༡

རྫོང་ཁག་ཉི་ཤུ་པོའི་མི་སེར་སྤྱི་མཐུན་ཐོག་ལས་ སྤྱི་ཚེས་༡༦/༡༢/༠༨ ཀྱི་ཉིནམ་དེ་མི་དབང་མངའ་

བདག་རིན་པོ་ཆེའི་བླ་གཟའ་ཕོག་ནི་དེ་གིས་ ཐིམ་ཕུ་ལུ་ཡོད་མི་ མི་སེར་སྐྱེས་ལོ་༡༨ ཡན་ཆད་རྟེན་ འབྲེལ་ཐང་ནང་འཚོགས་ཏེ་ དྲོ་པ་ཆུ་ཚོད་༡༠ ལུ་གཞུང་གྲྭ་ཚང་དགེ་འདུན་གྱིས་འགོ་འདྲེན་ཐོག་བཛྲ་

གུ་རུ་ཉིནམ་ཅིག་བགྱང་ཡོད་དོ་བཟུམ་ རྫོང་ཁག་གཞན་ཚུ་ནང་ཡོད་མི་ མི་སེར་ཚུ་གིས་ཡང་ རང་སོའི་ རྫོང་ཁག་དང་རྒེད་འོག་སོ་སོ་ལུ་སྤྱི་ཟླ༡༢ པའི་ནང་ཉིནམ་ཅིག་གི་རིང་བཛྲ་གུ་རུ་བགྱང་ནི་གི་ལས་རིམ་ བཟོ་ནུག།

བཛྲ་གུ་རུ་བགྱང་དགོ་པའི་རྒྱུ་མཚན་ཡང་ མི་དབང་མངའ་བདག་རིན་པོ་ཆེ་གིས་ སྔར་གྱི་རྒྱལ་པོ་ཚུ་ བཟུམ་གསེར་ཁྲི་མངའ་གསོལ་བའི་སྐབས་ ཁྲི་དར་འབུལ་བ་བཞེས་ནི་ཕར་བཞག་ ཁ་དར་སྟོང་པ་

ཡང་མ་བཞེས་པར་ མངའ་བདག་རིན་པོ་ཆེ་ལུ་མི་མང་གིས་སྨོན་ལམ་ཅིག་ལས་བརྒལ་གཞན་ག་ནི་ ཡང་དགོཔ་མེད་ཟེར་གསུངས་ནི་དེ་གིས་ མངའ་བདག་ཡབ་སྲས་སྐུ་ཚེ་བརྟན་ཐབས་དང་ ཐུགས་དོན་

འགྲུབ་ཐབས་ལུ་སྨོན་ལམ་བཟང་ཤོས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུ་གསོལ་བ་བཏབ་པའི་སྙིང་པོ་བཛྲ་གུ་ རུ་བགྱང་ནི་དེ་ཨིན་ཟེར་སྙན་ཞུ་དང་མགྲོན་བརྡ་ནང་བཀོད་ནུག།

༡༢ དགེ་ལེགས་ཕུའི་ཚོང་པ་རྒྱལ་མཚན་གྱིས་ འབྲུག་རྒྱལ་མི་དབང་ཡབ་སྲས་ཀྱི་བཀའ་དྲིན་དྲན་གསོའི་ དོན་ལུ་ དཔལ་ཡུལ་ཕ་མ་ཟེར་བའི་དེབ་ཆུང་ཅིག་བརྩམས་ཏེ་བཀྲམ་སྤེལ་ཞུ་ནུག།

༡༣ ཅང་རྡོ་རྗེ་གིས་ བཟོ་རིག་ཀུན་འདུས་མེ་ལོང་ཟེར་བའི་དཔེ་དེབ་ཅིག་དང་ འཇིག་རྟེན་མི་ཚེའི་ལམ་ སྟོན་ཟེར་བའི་དཔེ་དེབ་གཉིས་དཔེ་བསྐྲུན་ཐོག་ལས་ ལོ་བརྒྱ་དང་གསེར་ཁྲི་མངའ་གསོལ་གྱི་དུས་ སྟོན་བརྩི་སྲུང་ཞུ་ནུག།

282


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

ཞེ་གསུམ་པ་ མི་སེར་གྱིས་དང་ལེན་སྡེ་ཚན་ཁ་ཐུག་ལས།

རྒྱལ་ཡོངས་དགའ་སྟོན་ཐང་ན་ མི་སེར་དང་ལེན་ཐོག་ འཁྲབ་སྟོན་སྣ་ཚོགས་སྟོན་པ།

མི་སེར་གྱིས་འགོ་འདྲེན་འཐབ་སྟེ་ ལོ་བརྒྱ་འཁོར་བའི་རྒྱལ་ཡོངས་དགའ་སྟོན་ཐང་ནང་ གསེར་ཁྲི་

མངའ་གསོལ་དང་རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་གྱི་རྒྱལ་ཡོངས་ལམ་སྟོན་ལྷན་ཚོགས་ཀྱི་འོག་ ལུ་དམིགས་བསལ་ལས་རིམ་བཟོ་མི་དེ་ནང་ སྤྱི་ཟླ༡༡ པའི་ཚེས༦ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༡༢ པའི་ཚེས་༣༡ ཚུན་ཉིན་ཞག་༥༦ གི་རིང་ ལས་རིམ་སྣ་ཚོགས་ མི་མང་ལུ་གསལ་སྟོན་སྐོར་ལས་ དུམ་གྲ་ཅིག་ཁ་གསལ་ཞུ་བ་ཅིན། སྒེར་སྡེའི་ལས་ཁང་གསར་ཤོག་འབྲུག་གི་དུས་ཚོད་དང་ སེན་ཀྲི་

ནཱལ་ རེ་ཌི་ཨོ་ཟེར་སླབ་མི་བརྒྱ་ཕྲག་ལོའི་རྒྱང་བསྒྲགས། ཀྲི་ཕལ་ ཇེམ ཟེར་བའི་མཆོག་གསུམ་བརྡ་ བརྒྱུད་ལས་སྡེ་སྤྱི་མཐུན་ཐོག་ལས་འགོ་འདྲེན་འཐབ་སྟེ་བདུན་ཕྲག་རེ་རེ་བཞིན་དུ་ མཛད་སྒོའི་རྩ་དོན་ རེ་རེ་བཞག་ཐོག་ལས་བརྩི་སྲུང་ཞུ་བའི་དགའ་སྟོན་ལས་རིམ་ཅིག་འགོ་འདྲེན་འཐབ་ཅི།

283


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

ལོ་བརྒྱ་འཁོར་བའི་དགའ་སྟོན་ཐང་གི་ལས་རིམ་འདི་ཁར་ རྒྱལ་རབས་ཅན་གྱི་དུས་སྟོན་གྱི་རྩ་དོན་ངོ་

མ་ གླུ་གཞས་དང་འཁྲབ་སྟོན་ཐོག་ལས་མི་མང་ལུ་སྤྲོ་བ་བསྐྱེད་བཅུག་ནི་གཙོ་བོར་བསྟེན་ཐོག་ལས་ འགྲེམས་སྟོན་ཁག་དང་ ཤེས་ཡོན་དང་འབྲེལ་བའི་ལས་དོན་ཁག་ཚུ་ཡང་འགོ་འདྲེན་འཐབ་ནུག།

དེ་ཡང་བདུན་ཕྲག་དང་པའི་སྐབས་རྩ་དོན་ རྒྱལ་པོ་རིམ་བྱོན་གྱི་མཛད་པ་རྗེས་སུ་དྲན་པའི་བདུན་ཕྲག་

ཟེར་དང་། བདུན་ཕྲག་གཉིས་པའི་སྐབས་ རྒྱལ་ཡོངས་ནང་ཁྲི་མངའ་གསོལ་བརྩི་སྲུང་ཞུ་ལུགས་ཀྱི་

རྩ་དོན་སྦེ་བཞག་ནུག། དེ་བཟུམ་ བདུན་ཕྲག་གསུམ་པའི་སྐབས་ འཛམ་གླིང་རྒྱལ་ཡོངས་དང་གཅིག་ ཁར་འབྲེལ་བ་ཟེར་བའི་རྩ་དོན། བདུན་ཕྲག་བཞི་པའི་ནང་ ཐུན་མིན་རང་ལུགས་ལམ་སྲོལ་འགྲེམས་

སྟོན་གྱི་བདུན་ཕྲག། བདུན་ཕྲག་ལྔ་པའི་ནང་ བློ་སྟོབས་བསྐྱེད་ཐོག་ལས་མ་འོངས་མདུན་ལམ་བཟང་ པོ་ལུ་འཇུག་པའི་བདུན་ཕྲག། བདུན་ཕྲག་དྲུག་པའི་ནང་བརྒྱ་ཕྲག་དང་པ་ལས་བརྒྱ་ཕྲག་གཉིས་པ་ལུ་ བགྲོད་པའི་བདུན་ཕྲག་ལ་སོགས་པའི་རྩ་དོན་བཞག་པའི་ལས་རིམ་བཟོ་ནུག།

མི་སེར་དང་ལེན་གྱི་རྒྱལ་ཡོངས་དགའ་སྟོན་ཐང་ན་ བདུན་དང་པར་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་གིས་ཚོང་འགྲེམ་འགོ་འབྱེད་གནང་བ།

284


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

བདུན་ཕྲག་དང་པ། ང་བཅས་རའི་རྒྱལ་པོ་རིམ་བྱོན་གྱི་མཛད་པ་རྗེས་དྲན་གྱི་བདུན་ཕྲག་འདི་ནང་ ཀ འབྲུག་ཚོང་དང་བཟོ་གྲྭ་ཚོགས་པའི་འགོ་འདྲེན་ཐོག་ ཕྱི་ནང་གི་ཚོང་ལམ་དང་འབྲེལ་བའི་ འགྲེམས་ སྟོན་འདི་ཁར་མི་མང་སྤུངས་འཛོམས་འབད་ནུག།

ཁ ཤེས་ཡོན་དང་འབྲེལ་བའི་བྱ་རིམ་ལུ་ ན་གཞོན་ཚུ་སྨྱོ་རྫས་སྤང་ཐབས་འབད་དེ་ ན་གཞོན་གིས་

སྨྱོ་རྫས་ལག་ལེན་མི་འཐབ་པའི་རྩ་དོན། སྨྱོ་རྫས་མི་སྤྱོད། མི་ཚེ་རིངཔ་སྡོད་ནི། ཟེར་བའི་འབོད་

བསྐུལ་ཐོག་གི་བདུན་ཕྲག་ལས་རིམ་དེ་ཡང་ མི་དབང་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ ཕྱུག་མཆོག་གིས་ སྤྱི་ཚེས་༥/༡༡/༠༨ ལུ་སྒོ་འབྱེད་གནང་ནུག། གཞུང་མིན་ལས་སྡེ་ སེབ་

ད་ཅིལ་ཌེན་ ཟེར་མི་གིས་རྒྱབ་སྐྱོར་ཐོག་ལས་ བདུན་ཕྲག་འདི་ནང་ན་གཞོན་སྐྱེས་ལོ་༡༤ ཡན་ ཆད་ཀྱིས་སྨྱོ་རྫས་རྩ་མེད་གཏང་ནི་ཨིན་ཟེར་བའི་སྡེབ་སྒྲིག་གུ་ མིང་རྟགས་མི་གྲངས་སྟོང་ཕྲག་ ༢༢ ཀྱིས་རྐྱབ་པའི་དེབ་བཟོ་མི་དེ་ བདུན་ཕྲག་མཇུག་ལུ་ བློན་ཆེན་གྱི་ཕྱག་ལུ་ཕུལ་ཡོདཔ་

ལས་ བློན་ཆེན་གྱིས་ཁོའི་གཞུང་འདི་གིས་ རྩ་དོན་འདི་ཁར་ན་གཞོན་ཡོངས་ལུ་རྒྱབ་སྐྱོར་ཧྲིལ་ པོ་འབད་ནི་ཨིན་པའི་གསལ་ཁས་ལེན་བསྒྲགས་གནང་ཡི།

ག བདུན་ཕྲག་འདི་གི་རིང་སྤྲོ་སྟོན་ལས་རིམ་ སྤྱི་ཚེས་༦ དང་༧ ལུ་མི་དབང་མངའ་བདག་རིན་པོ་ ཆེ་མཆོག་གི་མཛད་བཟང་རྗེས་དྲན་དང་ སྤྱི་ཚེས་༡༡ དང་༡༢ ལུ་མི་དབང་འབྲུག་རྒྱལ་བཞི་

པའི་འཁྲུངས་སྟོན་དང་འབྲེལ་ཏེ་ འབྲུག་རྒྱལ་བཞི་པ་མཆོག་གི་མཛད་བཟང་ལུ་གུས་བཀུར་ ཞུ་བའི་ལས་རིམ། སྤྱི་ཚེས་༨ དང་༩ ལུ་རྒྱ་འབྲུག་མཐུན་འབྲེལ་ལུ་བརྩི་བཀུར་ཞུ་བའི་ལས་

རིམ་སྐབས་ རྒྱ་གར་གྱི་ས་གནས་དར་རྒྱས་གླིང་ལས་ སྐད་གྲགས་ཅན་ཀརྨ་ ཤེར་པ་གིས་ འབྲུག་གི་སྐད་འཐེན་མི་ཚུ་དང་གཅིག་ཁར་གླུ་གཞས་འཐེན་ཡི། སྤྱི་ཚེས་༡༠ ལུ་བརྒྱ་འཁོར་ རིག་རྩལ་འགྲན་བསྡུར་ལས་རིམ་བཞག་མི་འདི་ཁར་ སྡེ་ཚན་༤༧ ལས་སྡེ་ཚན་༣༢ ཀྱིས་ བཞི་ཟུར་མཐའ་དཔྱད་ཁར་ལྷོད་ནུག།

285


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དགའ་སྟོན་ཐང་ན་ ན་གཞོན་བུ་མོ་ཚུ་གིས་ མཛེས་སྡུག་ངོམ་ཐོག་ རང་ལུགས་གླུ་གཞས་འཁྲབ་སྟོན་འབད་བ།

བདུན་ཕྲག་གཉིས་པ། རྒྱལ་ཡོངས་ནང་གསེར་ཁྲི་མངའ་གསོལ་བརྩི་སྲུང་ཞུ་ལུགས་ཀྱི་རྩ་དོན་སྦེ་ བཞག་མི་འདི་ཁར།

ཀ འགྲེམས་སྟོན་འབྲུག་གི་ཚོང་དང་བཟོ་གྲྭ་ཚོགས་སྡེའི་འགོ་འདྲེན་ཐོག་ རིག་གསར་འཕྲུལ་རིག་

དང་བརྡ་དོན་ཁག་༢༥ འི་སྡེ་ཚན་གྱིས་ འཕྲུལ་རིག་གི་ཅ་ལ་དང་ཞབས་ཏོག་ལཱ་གི་འགྲེམས་ སྟོན་འབད་ཡི།

ཁ ཤེས་རིག་དང་འབྲེལ་བའི་བྱ་རིམ་ཡང་ རིག་གསར་བརྡ་དོན་དང་བརྡ་བརྒྱུད་ལས་ཁུངས་ཀྱི་འགོ་

286


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

འདྲེན་དང་ཞབས་ཏོག་ཐོག་ལས་མཛད་པའི་འགྲེམས་སྟོན་འདི་ཡང་ བརྡ་དོན་དང་བརྡ་རྒྱུད་བློན་ པོ་མཆོག་གིས་སྒོ་འབྱེད་གནང་སྟེ་ ན་གཞོན་ཚུ་ལུ་ བརྡ་བརྒྱུད་ཡོངས་འབྲེལ་གྱི་ཞབས་ཏོག་ དང་ གཞན་འཕྲུལ་རིག་གི་ཞབས་ཏོག་ཚུ་གླ་མེད་སྟོང་པར་ལག་ལེན་འཐབ་པའི་གོ་སྐབས་དང་

བཅས་པ་གནང་ཡི། གཞན་ཡང་ཡོངས་འབྲེལ་ཞབས་ཏོག་ནང་ སོ་ནམ་ཚོང་འབྲེལ་དང་ཤེས་ ཡོན་ཡོངས་འབྲེལ་ཐོག་ལག་ལེན་འཐབ་པའི་ཞབས་ཏོག་ཚུ་མཐར་འཁྱོལ་བྱུང་ཡི།

ག སྤྲོ་སྟོན་ལས་རིམ་ སྤྱི་ཚེས་༡༤ དང་༡༥ ལུ་རྒྱ་གར་ལས་འོང་པའི་བོད་པའི་ཟློས་གར་ཚོགས་

པ་ བཀའ་དྲིན་ཆེ་ཟེར་མི་ཚུ་གིས་ ག་བ་ཡང་དྲག་པའི་མིང་གཏམ་ཐོབ་མི་ཚུ་གིས་ གཞས་ཚིག་ ཁྲི་མངའ་གསོལ་བའི་སྐོར་ལས་ གསར་བརྩམས་འབད་ཐོག་ལས་འཁྲབ་སྟོན་འབད་ནི་དེ་གིས་ ལྟདམོ་ལྟ་མི་མང་རབས་ཅིག་སྤུངས་ནུག། སྤྱི་ཚེས་༡༨ དང་༡༩ ལུ་རྒྱལ་ཁབ་ཀྱི་ས་གནས་ཆ་ མཉམ་ལས་ རང་ལུགས་ཅིག་བསྒྲིལ་འཁྲབ་སྟོན་འབད་སར་ གྲོང་གསེབ་སོ་སོ་ལས་འཁྲབ་ སྟོན་མ་འདྲཝ་༤༠༠ དེ་ཅིག་གི་སླ་ཁར་ མཐའ་ཟུར་གྱི་ས་གནས་ ཤིང་མཁར་ལའུ་རི་དང་ ལྷུན་

རྩེ། བསམ་རྩེ་དང་ གཞལ་སྒང་ཚུ་ལས་ཡང་རང་ལུགས་ལམ་སྲོལ་འཁྲབ་སྟོན་ཞུ་ནུག། བརྒྱ་ འཁོར་གྱི་རིག་རྩལ་འགྲན་བསྡུར་བཞི་ཟུར་མཐའ་དཔྱད་དང་པ་ཡང་བདུན་ཕྲག་དེ་ནང་འབད་ཡི།

བདུན་ཕྲག་གསུམ་པ། འཛམ་གླིང་རྒྱལ་ཡོངས་དང་གཅིག་ཁར་འབྲེལ་བ་ཟེར་བའི་རྩ་དོན་སྐབས་ ཀ ཚོང་འབྲེལ་འགྲེམས་སྟོན་ནང་བཅའ་མ་གཏོགས་ནི་ཨིན་ཟེར་ཚོང་སྡེ་༦༧ གྱིས་ཐོ་བཀོད་འབད་ བའི་གྲངས་སུ་ བང་ལ་དྷེཤ་རྒྱལ་ཁབ་ཀྱི་ཚོང་ཟོག་འགྲེམས་སྟོན་ཁག་༦ གིས་བཅའ་མར་ གཏོགས་ནུག།

ཁ ཤེས་ཡོན་དང་འབྲེལ་བའི་བྱ་རིམ་དེ་ འབྲུག་བློ་གཏད་དང་ དྲབ་ལུ་དྲབ་ལུ་ཨེཕ་ཟེར་བའི་ འཛམ་

གླིང་ནགས་ཚལ་དང་རི་དྭགས་སྲུང་སྐྱོབ་མ་དངུལ། སོ་ནམ་ལྷན་ཁག། རང་བཞིན་གནས་སྟངས།

རང་བཞིན་སྲུང་སྐྱོབ་ཚུ་གི་རྒྱབ་སྐྱོར་ཐོག་ལས་ ཉེ་འཁོར་གཙང་སྦྲ་བསྟེན་དགོ་པའི་བྱ་རིམ་གྱི་མཛད་ སྒོ་འདི་ མི་དབང་ཨ་ཞེ་འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་སྒོ་འབྱེད་གནང་ཡི།

287


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

འཛམ་གླིང་རྒྱལ་ཁབ་གཞན་གྱི་མི་རིགས་ཚུ་གིས་ཡང་ དགའ་སྟོན་ཐང་ན་ཁྲི་སྟོན་གླུ་གཞས་འཐེན་པ།

ག བདུན་ཕྲག་འདི་ནང་སྤྲོ་སྟོན་ལས་རིམ་གྱི་དོན་ལས་ཕྱི་རྒྱལ་ལས་ གླུ་གཞས་མཁས་པ་དང་མིང་ གཏམ་ཅན་གྱི་སྐད་འཐེན་མི་ལེ་ཤ་ཅིག་གིས་བཅའ་མར་གཏོགས་ཅི།

སྤྱི་ཚེས་༢༡ དང་༢༢ ལུ་ཐའི་ལེནཌ་གྱི་གླུ་གཞས་སྡེ་ཚན་རིག་གསར་ཕྱི་གཞས་ བེ་ཀེ་ཤཱན་བེན། བེ་

ནུས་ བ་ཀྲར་ཕལའི་ཟེར་བའི་སྡེ་ཚན་གཉིས་ཀྱིས་གླུ་གཞས་གྲལ་བཅའ་མར་གཏོགས་ཅི། གླུ་གཞས་ སྡེ་ཚན་དེ་ཚུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་མདུན་ལུ་ཡང་ཕྱག་དབང་བཅར་བའི་ཤུལ་ མ་སྤྱི་ཚེས་༢༤/༡༡/༠༨ ཀྱི་ཕྱི་རུ་རྒྱལ་པོའི་ཕོ་བྲང་ནང་ལུ་ཡང་གླུ་གཞས་སྤྱན་འབུལ་ཕུལ་ནུག།

སྤྱི་ཚེས་༢༦ གི་ཚེ་རྒྱ་གར་ལས་རིག་གསར་གླུ་གཞས་སྡེ་ཚན་ པ་རི་ཀར་མ་ཟེར་མི་ཚུ་གིས་བཅའ་

མ་གཏོགས་ནུག། བདུན་ཕྲག་འདི་ནང་ དྲཅ་རྒྱལ་ཁབ་ཀྱི་མི་ཁུངས་མི་གྲངས་༡༣༥ ལས་མི་གྲངས་ ༡༠༠ གིས་དང་ཕུའི་སྣུམ་འཁོར་རྙིངཔ་ ཝིན་ཀྲེཇ་ཟེར་མི་བཏང་སྟེ་ ཕྱི་རྒྱལ་གྱི་ས་གནས་ཨམ་ས་ཀྲ་

288


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

དྲམ་ལས་ ཐིམ་ཕུ་ལུ་ཁྲི་མངའ་གསོལ་བརྩི་སྲུང་ཞུ་དོན་ལུ་འོང་ནུག། དེའི་གྲལ་ཁར་འབྲུག་ལུ་སྙན་ ཆ་པེ་ནོ་ལེགས་ཤོས་སྐྲོག་མི་གཉིས་ཡང་ཁྲི་མངའ་གསོལ་གྱི་དོན་ལུ་འོང་ནུག།

སྤྱི་ཚེས་༢༠ གི་ཚེ་དྲེ་ནེཤ་ལས་གློག་བརྙན་བཟོ་མི་མདོ་ཆེན་ཚུ་གིས་ཡང་འབྲུག་གི་གློག་བརྙན་བཟོ་

མི་ཚུ་དང་གྲོས་བསྡུར་དང་ཕྱི་ཁའི་གློག་བརྙན་སྟོན་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ནུག། སྤྱི་ཚེས་༢༥ གི་ཚེ་འཛམ་གླིང་ཨམ་སྲུ་ལུ་འཚེ་བ་རྩ་མེད་བཏང་པའི་ཉིནམ་ཨིན་ནི་དེ་གིས་ ངན་ལྷད་བཀག་སྡོམ་ ལྷན་ཚོགས་ཁྲི་འཛིན་གྱིས་སྒོ་འབྱེད་གནང་སྟེ་ རྒྱལ་ཁབ་ནང་ན་སྐད་གྲགས་ཅན་གྱི་ཞབས་ཁྲ་ཐེན་མི་ ཨམ་སྲུ་ཚུ་གིས་མཁའ་འགྲོ་མའི་ནུབ་མོ་ཟེར་མིང་རྟགས་ཐོག་ལས་དུས་དྲན་བརྩི་སྲུང་ཞུ་ཡི། བདུན་

ཕྲག་འདི་ཁར་ལོ་བརྒྱ་འཁོར་བའི་དགའ་སྟོན་ཐང་གི་ལས་རིམ་འགོ་འདྲེན་འཐབ་མི་ སྒེར་སྡེའི་མདོ་ ཆེན་ རྡོ་རྗེ་དབང་ཕྱུག་དང་ བསྟན་འཛིན་རིག་ལྡན། ཚེ་རིང་རྒྱལ་མཚན་༣ ལུ་མི་རྗེ་བློན་ཆེན་གྱིས་ མངའ་བདག་རྒྱལ་པོའི་སྐུ་ཚབ་སྦེ་གསེར་གྱི་རྟགས་མ་རེ་རེ་གནང་ནུག།

བདུན་ཕྲག་ནང་ ཨམ་སྲུའི་ལྕོགས་གྲུབ་གོང་འཕེལ་གྱི་བརྡ་མཚོན་ལུ་ ན་ཕྱེད་ཀྱི་ཨམ་ཚུ་གིས་སྐད་དང་ངོ་རིས་ངོམ་པ།

289


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

བདུན་ཕྲག་བཞི་པ། ཐུན་མིན་རང་ལུགས་ལམ་སྲོལ་འགྲེམས་སྟོན་གྱི་བདུན་ཕྲག་ཟེར་བའི་རྩ་དོན་ ཁར།

ཀ འགྲེམས་སྟོན་ལས་རིམ་ཡང་ དྲེན་མཱརཀ་གིས་རྒྱབ་སྐྱོར་ཐོག་ལས་ ཏ་ར་ཡ་ནའི་ཕན་བདེ་མ་

དངུལ་གྱིས་འགྲེམས་སྟོན་ ཕོག་ལའིཕ་ ཕེསི་ཀྲི་བཱལ་ ཟེར་བའི་སྔར་ལུགས་འབྲུག་པའི་མི་

སྡེའི་འཚོ་སྟངས་དང་གནས་སྟངས་སྐོར་ལས་ མངོན་སུམ་སྟོན་པའི་འགྲེམས་སྟོན་ཚུ་འབད་ཡི། ཁ ཤེས་ཡོན་དང་འབྲེལ་བའི་བྱ་རིམ་ནང་ ཨམ་སྲུའི་རང་དབང་ལུ་དམིགས་གཏད་བསྐྱེད་དེ་ ཨམ་

སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ ཚོགས་གཉིས་ གྲལ་གཏོགས་འབད་དེ་ འཛམ་གླིང་སྤྱི་ཚོགས་ལམ་ལུགས་དང་ ཌ་ནི་ཌ་ཚུ་

གིས་རྒྱབ་སྐྱོར་ཐོག་ལས་ ཨམ་སྲུའི་ལྕོགས་གྲུབ་གོང་འཕེལ་དང་ཨམ་སྲུའི་གྲགས་པ། མི་ སྡེ་ནང་ཨམ་སྲུ་དང་ཨ་ལོ་ལུ་བརྩི་མཐོང་བསྐྱེད་དགོ་པའི་སྐོར་ལས་གསལ་བཤད་འགྲེམས་ སྟོན་ཚུ་འབད་ཡི།

ག བདུན་ཕྲག་འདི་ནང་སྤྲོ་སྟོན་ལས་རིམ་ཡང་ རྒྱ་གར་གྱི་ས་གནས་ཨ་སམ་གྱི་ལམ་སྲོལ་མཁན་

སྡེ་ཚན་གྱིས་ སྤྱི་ཚེས་༢༧ ལུ་ཁོང་རའི་ལུགས་སྲོལ་གྱི་ལམ་སྲོལ་ཚུ་ གསལ་བཤད་འབད་

བའི་ཁར་ རིག་རྩལ་འགྲན་བསྡུར་བཞི་ཟུང་མཐའ་དཔྱད་ཡང་བདུན་ཕྲག་འདི་ནང་འབད་ཡི། སྤྱི་ ཚེས་༢༨དང་སྤྱི་ཟླ་དང་པའི་ཚེས༡ ལུ་ཌེ་ནེཤ་གི་ཞབས་ཁྲ་རྐྱབ་མི་སྡེ་ཚན་གྱིས་ཕྱི་ལུགས་གླུ་

གཞས་ཚུ་སྟོན་ཡི། སྤྱི་ཚེས་༢༩/༡༡/༠༨ ལུ་འབྲུག་གི་གླུ་གཞས་མཁན་སྤྱི་མཐུན་ཐོག་ལས་

རྒྱལ་བརྒྱུད་ལུ་གུས་བཏུད་ཞུ་བའི་ལས་རིམ་སྟོན་ཡི། སྤྱི་ཚེས་༣/༡༢/༠༨ ཀྱི​ི་ཉིནམ་འདི་འཛམ་

གླིང་ནང་དབང་པོ་སྐྱོན་ཅན་གྱི་ཉིནམ་ཨིན་ནི་དེ་གིས་ དབང་པོ་མ་ཚང་རུང་ལྕོགས་གྲུབ་དང་ཤེས་ ཡོན་ལྡན་མི་ཚུ་གིས་གླུ་གཞས་ཚུ་འཁྲབ་སྟོན་འབད་དེ་དུས་སྟོན་བརྩི་སྲུང་ཞུ་ཡི།

290


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

བདུན་ཕྲག་ལྔ་པ། བློ་སྟོབས་བསྐྱེད་ཐོག་ལས་མ་འོངས་མདུན་ལམ་བཟང་པོ་ལུ་འཇུག་པའི་བདུན་ ཕྲག་ཟེར་རྩ་དོན་བཞག་མི་འདི་ཁར།

ཀ ཚོང་འབྲེལ་འགྲེམས་སྟོན་དང་ སྤྱི་ཚེས་༦ དང་༧ ལུ་འཛམ་གླིང་རྒྱལ་ཡོངས་དང་ ང་བཅས་ རའི་རྒྱལ་ཁབ་ཀྱི་ཁས་བླངས་ཞབས་ཏོག་པ་ཚུ་གིས་སྦེ་བརྩི་སྲུང་འབད་ཡི།

ཁ ཤེས་རིག་དང་འབྲེལ་བའི་བྱ་རིམ་ནང་ གསོ་བའི་ལྷན་ཁག་གིས་འགོ་འདྲེན་ཐོག་ལས་ གཟུགས་

ཁམས་འཕྲོད་བསྟེན་གཙོ་བོར་བཏོན་ཏེ་ བརྡ་བརྒྱུད་ཧ་གོ་བའི་ཐོག་ལས་སེམས་ཁམས་འཕྲོད་ བསྟེན་དང་ ནད་ངན་ ཨེཅ་ཨའི་ཝིདང་ཨེཆ ཟེར་བའི་ལུས་འབྲེལ་ལས་འབུ་བའི་ནད་རིགས་ལ་

སོགས་པ་ལས་སྲུང་ཐབས་ཚུ་གི་སྐོར་ལས་གསལ་བཤད་འབད་བའི་མཛད་རིམ་གྱི་ སྒོ་འབྱེད་ ཡང་གསོ་བའི་དྲུང་ཆེན་གྱིས་མཛད་ཅི།

ག བདུན་ཕྲག་འདི་གི་སྤྲོ་སྟོན་ལས་རིམ་ རྒྱ་གར་ལས་མིང་གཏམ་ཅན་གྱི་གླུ་གཞས་པ་ ཀོརོས་

ཝིནཛ་ ཟེར་མི་གིས་འབྲུག་ལུ་ཁོ་གིས་གླུ་གཞས་ཐེངས་གཉིས་པ་འཐེན་ནུག། སྤྱི་ཚེས་༧ ལུ་ ཟིམ་སྒྲ་སྣུམ་འཁོར་ཚོང་སྡེ་གིས་རྒྱབ་སྐྱོར་ཐོག་ལས་ ལོ་བརྒྱའི་དུས་སྟོན་བརྩི་སྲུང་ཞུ་ནུག། བདུན་ཕྲག་འདི་ནང་བང་རྒྱུག་གི་ལས་རིམ་བཞག་མིའི་གྲལ་བློན་པོ་༣ གྱིས་དབུ་གཙོས་པའི་ ཞི་བའི་དཔོན་ཁག་ལེ་ཤ་གིས་གྲལ་གཏོགས་འབད་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ཡི།

བདུན་ཕྲག་དྲུག་པ། བརྒྱ་ཕྲག་དང་པ་ལས་བརྒྱ་ཕྲག་གཉིས་པ་ལུ་བགྲོད་པའི་བདུན་ཕྲག་ཟེར་བའི་རྩ་ དོན་འདི་ཁར།

ཀ འབྲུག་གི་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་འགོ་འདྲེན་འཐབ་སྟེ་ རྒྱ་གར་གྱི་ཚོང་འབྲེལ་འགྲེམས་

སྟོན་ལ་སོགས་པ་ཚོང་སྡེ་ཁག་༣༠ དེ་ཅིག་གིས་བཅའ་མར་གཏོགས་ཐོག་ལས་ཁྱིམ་ནང་གི་ མཁོ་སྤྱད་དང་ ཅ་ལའི་རིགས་འདྲ་མ་འདྲ་མང་རབས་སྟོན་མི་དེ་ཁར་ མི་མང་འདུ་འཛོམས་ འབད་ཡི་ཟེར་ཨིན་པས།

291


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

དགའ་སྟོན་ཐང་གི་ལས་རིམ་གྲལ་བང་རྒྱུག་འགྲན་བསྡུར་འབད་མི་ནང་བློན་པོ་ཚུ་གིས་གཙོས་ཞི་གཡོག་པས་གྲལ་གཏོགས།

ཁ ཤེས་རིག་དང་འབྲེལ་བའི་བྱ་རིམ་འདི་ཁར་ ངན་ལྷད་རྩ་མེད་ཀྱི་དམིགས་གཏད་ཐོག་ སྔར་ ལུགས་དང་ང་བཅས་རའི་རྒྱལ་ཁབ་ལུ་བརྩི་མཐོང་དང་ཤ་ཞེན་བསྐྱེད་དགོཔ་ཚུ་གི་སྐོར་ལས་ གསལ་སྟོན་འབད་ཡི།

ག བདུན་ཕྲག་འདི་ནང་སྤྲོ་སྟོན་བྱ་རིམ་ རྒྱ་གར་གླུ་གཞས་སྡེ་ཚན་ཚུ་གིས་གླུ་གཞས་འཁྲབ་སྟོན་ཚུ་

དང་ གསར་སྤང་རྫོང་ཁག་ལས་སྐྱེས་ལོ་༡༠༩ སོང་རུང་ལེགས་ཤོམ་སྦེ་རང་ཡོད་པའི་མི་ཚེ་རིང་

ཤོས་ ཨ་རྒས་ལས་འཕྲོ་ཟེར་མི་དེ་ལུ་བརྒྱ་ཕྲག་ལོའི་མི་རྒས་ཤོས་དང་། བཀྲ་ཤིས་སྒང་ལས་ ཨམ་སྲུ་ཀརྨ་ ཆོས་སྐྱིད་ཀྱིས་ དེ་ཚེ་ནུབ་མོའི་ཆུ་ཚོད་༡༢ ལུ་སྐྱེས་མི་ཨ་ལོ་དེ་ལུ་ མིང་ཡང་ཨོ་ རྒྱན་དབང་ཕྱུག་ཟེར་བཏགས་ཏེ་འབྲུག་རྒྱལ་དང་པ་ཁྲི་ཐོག་ཁར་བྱོན་པའི་དུས་ཚོད་ཁར་སྐྱེས་ནི་

དེ་གིས་ བརྒྱ་ཕྲག་དང་པའི་དུས་ཚོད་ལས་བརྒྱ་ཕྲག་གཉིས་པའི་ནང་གོམ་དང་པ་སྤོ་མི་ རྒྱལ་

ཁབ་ནང་ ལོ་ཆུང་ཤོས་ཀྱི་མི་ཁུངས་བརྩིས་ཏེ་ཁོང་གཉིས་ལུ་འབྲུག་གཞུང་གིས་གསོལ་རས་རེ་ ཡང་གནང་ཐོག་ལས་དུས་སྟོན་བརྩི་སྲུང་ཞུ་ཡི​ི​ི།

292


ལེའུ་ལྔ་པ་ གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་བརྩི་སྲུང་།

དེ་གིས་གསེར་ཁྲི་མངའ་གསོལ་དུས་སྟོན་རྗེས་དྲན་བརྩི་སྲུང་མཛད་སྒོའི་སྐོར་ལས་ཞུ་ཚརཝ་ཨིན་ནོ། །ཨོ་རྒྱན་

པདྨས་ཆོས་རྒྱལ་ཁྲི་སྲོང་འཛམ་གླིང་རྒྱལ་པོར་མངའ་གསོལ་བཞིན། །ཁ་བཞི་འབྲུག་གི་མངའ་འབངས་མ་ཚད་ མཐུན་བཤེས་འཛམ་གླིང་མི་རིགས་རྣམས། །འཚོགས་ཏེ་འབྲུག་རྒྱལ་ལྔ་པ་རིན་ཆེན་དང་པོའི་ཁྲི་ལ་བཀོད་མཛད་ པའི། །དུས་དྲན་བྱུང་རབས་བརྩི་སྲུང་ཞུ་ཚུལ་ཡོངས་རྫོགས་ནམ་ཡང་བརྗོད་མི་ལང་། །འོན་ཀྱང་ལྷག་བསམ་

དག་པའི་འབད་བརྩོན་གྱིས། །གང་ཐོབ་བྱུང་རབས་བཀོད་པའི་ལེགས་བྱས་ཆ། །ཅི་མཆིས་དཔལ་ལྡན་འབྲུག་ པའི་རྩ་བ་གསུམ། །གོང་ལས་གོང་དུ་འཕེལ་བའི་རྒྱུ་རུ་བསྔོ། །

293


གསེར་ཁྲི་མངའ་གསོལ་གྱི་བྱུང་རིམ་དེབ་ཐེར།

མཇུག་དོན། སྔོན་བྱོན་འཕགས་མཆོག་ཡོངས་ཀྱིས་ཐུགས་སྨོན་དང་། །སྲིད་སྐྱོང་བྱང་སེམས་ཀུན་གྱིས་མཛད་ཤུལ་འབྲས། ། འབྲུག་མི་སྤྱི་མཐུན་བསོད་ནམས་ལས་བསྐྲུན་པའི། །སྲིད་སྐྱོང་ཆོས་རྒྱལ་གཅིག་ལས་གཅིག་འཕགས་པས། ། རིམ་བྱོན་རྒྱལ་མཆོག་ཡོངས་ཀྱི་མཛད་བཟང་དང་། །མངའ་རིས་སྐྱོང་བའི་ཕྲིན་ལས་མཐའ་མེད་པ། །

བློ་གསར་བདག་འདྲས་མཛད་མཐའ་རྟོགས་དཀའ་བས། །ཚིག་དོན་འཁྲུལ་པ་ཅི་མཆིས་འགྱོད་པས་བཤགས། ། འབྲུག་མིའི་ལྷ་སྐལ་ཆོས་རྒྱལ་ཡབ་སྲས་ཀྱི། །དགོངས་ཀློང་ཟབ་མོ་མཐའ་ཡས་ཞི་བའི་མཚོ། །བསྐལ་པ་ འཇིག་ཀྱང་མ་གཡོ་མ་བསྐམ་པར། །ཞི་བསིལ་བདུད་རྩིས་འགྲོ་རྣམས་སྐྱོང་བར་ཤོག །

མི་དབང་ཡབ་སྲས་སྐུ་ཚེ་བྲག་ལས་ཀྱང་། །བརྟན་ནས་མཛད་བཟང་རང་བཞིན་ལྷུན་འགྲུབ་སྟེ། །གློ་བུར་ཉེར་ འཚེ་མིང་ཙམ་མ་བསྒྲགས་པར། །རྒྱལ་ཁམས་བདེ་སྐྱིད་དཔལ་གྱིས་ཕྱུག་པར་ཤོག །

དབང་ཕྱུག་བརྒྱུད་པ་ཆུ་ལས་རིང་བ་དང་།།གང་གི་ཐུགས་དོན་ཆོས་བཞིན་གྲུབ་པ་ལ། །ཡེ་ཤེས་ལྷ་དང་སྲུང་མས་ དུས་ཀུན་ཏུ། །སྲུང་ཞིང་བདེ་སྐྱིད་ཉི་མ་ནུབ་མེད་ཤོག །དགེ་ལེགས་འཕེལ། །

294




Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.