ཟླ་ཐོ་ལྡེ་མིག་ཤེལ་དཀར་མེ་ལོང་།
རྩོམ་སྒྲིག་དང་བཟོ་བཀོད་འབད་མི། སློབ་དཔོན་བསམ་གཏན།
པར་སྐྲུན་འབད་མི།
སྟག་རྩེ་རིག་གཞུང་སློབ་གྲྭའི་ཤེས་ཡོན་ལས་སྡེ། པར་སྐྲུན་གནམ་ལོ། ༢༠༡༢
II
སྔོན་བརྗོད། ༈ རང་རེའི་འབྲུག་མི་ཡོངས་ཀྱིས་ལས་དང་བྱ་བ་གང་འདྲ་ཞིག་བརྩམ་རུང་གཟའ་ སྐར་བལྟ་ནས་བྱེད་པ་ཡིན་ཀྱང་།
གཟའ་སྐར་བལྟ་བའི་ཆེད་དུ་རྩིས་པ་ཞིག་ལ་རེ་
བ་བཅོལ་དགོས་འདུག་ཅིང་།
ཆོས་པ་ཞིག་ཡིན་པའི་ཆ་ནས་ཟླ་ཐོ་བལྟ་ཐངས་
སྦྱངས་དགོས་བསམ་ན་ཡང་།
ཟླ་ཐོ་ལྡེ་མིག་གི་རྩ་ཚིག་མང་བ་དང་།
རྩ་ཚིག་
ཡོངས་རྫོགས་བློར་འཛིན་བྱེད་ཀྱང་ཟླ་ཐོའི་དོན་ཚན་ཆ་ཚང་ཤེ ས་པའི་ངེས་པ་མི་ འདུག
ལྷག་པར་སློབ་གྲྭ་ཁག་ནས་བྱོན་པའི་རིག་གཞུང་སློབ་གྲྭའི་རྩིས་ཀྱི་སློབ་
བུ་རྣམས་ནི་
རྩ་ཚིག་མང་པོ་བློར་འཛིན་མི་ནུས་པ་དང་།
དུས་ཡུན་ཐུང་ངུ་ཞིག་
གི་ནང་དུ་ཟླ་ཐོ་བལྟ་ཐངས་སྦྱོང་དགོས་པས། ཁོང་རྣམས་ཀྱི་ཆེད་དུ་འགྲེལ་བཤད་ རྒྱས་པ་རྣམས་ཉུང་དུ་གཏོང་ཞིང་།
འགྲེལ་བཤད་མེད་པའི་རེའུ་མིག་རྣམས་ལ་
འགྲེལ་བཤད་མདོར་བསྡུས་རེ་དང་བཅས་པའི་ཉུང་ངུ་རྣམ་གསལ་གྱི་ཟླ་ཐོ་ལྡེ་མིག་ འདི་ཉིད་བརྩམས་པ་ཡིན་ལ།
འདིས་ཀྱང་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་
ཀྱིས་མཚོན་པའི་བློ་གསར་དང་པོའི་ལས་ཅན་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག། III
དཀར་ཆག ༡
སྔོན་འགྲོའི་དོན་ཚན་བཅུ་གཅིག་
ཞར་བྱུང་དབྱངས་འཆར་འཁོར་ལོ་བཞི།
༢ ༥
༢
གཉིས་པ་དངོས་གཞི་ཉིན་རེའི་ཚེས་གྲངས།
༡ ཐོག་མར་ལོ་འགོ་འཛིན་ཚུལ།
༩
༢ ཟླ་བ་སོ་སོའི་འགྲེལ་བཤད་ཀྱི་དོན་ཚན་བཅུ་བདུན།
༡༡
༣ ཉིན་རེའི་ཚེས་གྲངས་ལས་འོག་གི་ཨང་ཡིག་གྲལ་རིམ་དྲུག་གི་ངོ་སྤྲོད། ༡༧
༤ གོང་གི་འགྲེལ་བཤད་དོན་ཚན་བཅུ་གསུམ།
༡ དང་པོ་ཚེས་ཀྱི་འབྲས་བུ།
༡༩
༢ གཉིས་པ་གཟའི་འབྲས་བུ།
༢༠
༣ གསུམ་པ་རྒྱུ་སྐར་དང་།
༢༣
༤ བཞི་པ་འཕྲོད་སྦྱོར་མདོར་བསྟན།
༢༣
སྐར་རྩིས་ལུགས་ཀྱི་འཕྲོད་འབྱོར།
༢༤
འབྱུང་རྩིས་ལུགས་ཀྱི་འཕྲོད་སྦྱོར།
༢༦
༥
སྦྱོར་བའི་འབྲས་བུ།
༢༧
༦
བྱེད་པ། ༧རྟེན་འབྲེལ། ༨གདོང་མཇུག་གནོད་པ།
༢༨
༩
ཉི་མ་བཅུ་གཉིས་ཀྱི་འབྲས་བུ།
༢༩
IV
༡༠
སྤར་ཁ། ༡༡ སྨེ་བ།
༣༠
༡༢
ས་བདག
༣༡
༡༣
གནམ་སྒོའི་འབྲས་བུ།
༣༣
༣
གསུམ་པ་ཉེར་མཁོའི་རྣམ་གཞག
༡ གཟའ་སྐར་གཙོ་ཆེ་ཆུང་བརྩི་ཚུལ།
༣༣
༢ འབྲུག་གཟའ་བོད་གཟའ་གཉིས་ཀྱི་ཁྱད་པར།
༣༤
༣ གཟའ་འོག་སྐར་འོག་གི་ཆུ་ཚོད་བརྩི་ཐངས།
༣༧
༤
བཞི་པ་མཇུག་གི་ཉེར་མཁོའི་རིམ་པ་བཅུ་གཅིག
༤༠
ཞར་བྱུང་མཁའ་འགྲོའི་རྒྱུ་ལམ་ལ་སོགས་པའི་འཁོར་ལོའི་འགྲེལ་བཤད། ༤༡
གཟའ་སྐར་བལྟ་བ་ལ་སྟབས་བདེའི་རེའུ་མིག་བཅས་བཞུགས་སོ།།
V
༤༨
༄༅།
།ཕྱི་ལ་གཟའ་དགུས་ཇི་ལྟར་སྤྱོད་པའི་ཚུལ།། ནང་གི་རྩ་དང་རླུང་སོགས་ལ་སྦྱོར་ནས།།
ལས་རླུང་དབུ་མར་སྦྱོང་བའི་ཐབས་མཁས་ཅན།། དཔལ་ལྡན་དུས་ཀྱི་འཁོར་ལོས་རྒྱུན་དུ་སྐྱོངས་།། ཐོག་མའི་དུས་ནས་མངོན་པར་སངས་རྒྱས་ཀྱང་།། སེམས་དཔའི་ཚུལ་བཟུང་འགྲོ་བའི་དོན་ཆེན་མཛད།། མཚན་ཙམ་ཐོས་པས་ཡིད་ཀྱི་མུན་སེལ་བ།། གཞོན་ནུ་འཇམ་དཔལ་དབྱངས་དེས་མི་འབྲལ་སྐྱོངས།།
རང་རུའི་ཡུལ་དུ་བྱ་བ་གང་བྱེད་ཀྱང་།། གཟའ་སྐར་བལྟ་ནས་སྒྲུབ་པ་ཡིན་མོད་ཀྱང་།། ཟླ་ཐོ་བལྟ་ཚུལ་ཅུང་ཟད་དཀའ་བའི་ཕྱིར།། གསལ་བྱེད་ཤེལ་དཀར་མེ་ལོང་འདི་ཉིད་བྲིས།། སྐར་ནག་རྩིས་ཀྱི་ལྷ་མཆོག་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་ ཚིག་གི་འདོད་དོན་གསོལ་བ་དང་། ཟླ་ཐོ་ལྡེ་མིག་ཤེལ་དཀར་མེ་ལོང་འདི་ཉིད་འབྲི་དགོས་པའི་དགོས་པ་ བཤད་པའོ།།
1
༈ ཟླ་ཐོའི་ལྡེ་མིག་དཔེ་མཐུང་འདི་ཉིད་ལ།།སྔོན་འགྲོ་དངོས་གཞི་ཉེར་མཁོ་གསུམ།། ཟླ་ཐོ་ལྡེ་མིག་དེ་ཉིད་བཤད་པ་ལ་རྩ་བའི་དོན་ཚན་གསུམ་སྟེ། ཐོག་མའི་སྔོན་འགྲོ། དངོས་གཞིའི་ཚེས་ གྲངས། མཇུག་གི་ཉེ་བར་མཁོ་བ་བཅས་སོ། །
སྔོན་འགྲོར་དོན་ཚན་བཅུ་གཅིག་སྟེ།
༡མཚན་དང་༢མཆོད་བརྗོད་༣བསྟན་རྩིས་གསུམ།།
༤སྐབས་འབབ་ལོ་ཡི་འགྲེལ་བཤད་དང་།།
༥ས་གླང་༦སོ་ནམ་འཁོར་ལོ་གཉིས།།
༧ཕྱོགས་གཙང་༨ཀེག་རྩིས་འབྲས་བཤད་དང་།། ༡༠གཟའ་འཛིན་ཡོད་མེད་གནས་ཚུལ་དང་།། གཟའ་སྐར་བལྟ་བར་མི་དགོས་ཀྱང་།
༩སོ་སོའི་རུའུ་མིག་དང་བཅས་པ།། ༡༡སྐར་རྩིས་རྩིས་གཞི་ས་རིས་བཅས།།
།སྤྱིར་བཏང་གལ་ཆེའི་ཆ་ཤས་ཡིན།།
ཐོག་མའི་སྔོན་འགྲོ་འདི་ལ་གོང་འཁོད་ལྟར་དོན་ཚན་བཅུ་གཅིག་གོ། དེ་ཉིད་རུ ་རུ་བཞིན་དུ་འཆད་པ་ལ། དང་པོ་མཚན་ནི། ཟླ་ཐོ་གང་ཡིན་ན་ཡང་ཐོག་མར་མཚན་བཀོད་དགོས་སྟེ། དཔེར་ན་སྤྱི་ལོ་༢༠༡༢ ལོའི་ ཟླ་ཐོ་ལ་མཚོན་ན། དགའ་བ་ཞེས་པ་འབྱུང་བ་བཞི་ལྡན་ཆུ་ཕོ་འབྲུག་ལོའི་ཟླ་ཐོ་དགེ་ལེགས་ཀུན་འབྱུང་བཞུགས་སོ།།
ཞེས་པ་
འདིར་ཟླ་ཐོའི་མཚན་དངོས་ནི་དགེ་ལེགས་ཀུན་འབྱུང་། ཆུ་འབྲུག་ཅེས་པ་ལོ་འདིའི་ལོ་རྟགས་དང་ཁམས། དགའ་བ་ཞེས་པ་ནི་རབ་བྱུང་ལོ་ཚོགས་དྲུག་ཅུ་ནང་གི་གཅིག་སྟེ། ཆུ་འབྲུག་དང་དོན་གཅིག། འབྱུང་བ་ བཞི་ལྡན་ཞེས་པ་ནི། ལོ་འདིའི་སྲོག་ས། ལུས་ཆུ། དབང་ཐང་ཆུ། ཀླུང་རྟ་ཤིང་། སྨེ་བ་དྲུག་དཀར་ལྕགས་ ཁམས་ཡིན་པས། འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་ལས།2མེ་མ་གཏོགས་གཞན་བཞི་ཚང་བའོ།། གཉིས་པ་མཆོད་བརྗོད་ནི།
དཔལ་ལྡན་དུས་ཀྱི་འཁོར་ལོ། བསླུ་མེད་མཆོག་གསུམ། རྗེ་བཙུན་འཇམ་
དབྱངས་སོགས་དངོས་དང་བརྒྱུད་པའི་ལྷ་དང་བླ་མ་སོགས་ལ་བར་ཆད་ཀུན་སེལ་གྱི་གསོལ་བ་འདེབས་པའི་ ཚིག་ཡིན།། 2
གསུམ་པ་བསྟན་རྩིས་ཞེས་པ་ནི། སངས་རྒྱས་བསྟན་པའི་གནས་ཚད་ལ། མདོ་སྔགས་ཀྱི་ལུགས་གཉིས་ ལས། མདོ་ལུགས་བསྟན་པའི་གནས་ཚད་ ལྔ་བརྒྱ་ཕྲག་བཅུའམ་ལྔ་སྟོང་ལས། ད་ལྟའི་བར་ཇི་ཙམ་འདས་ པ། ད་དུང་ལྷག་མ་ཇི་ཙམ་ལུས་ཡོད་པའི་སྐོར་དང་། པའི་གནས་ཚད་དང་།
ལྷག་པར་དུ་ཐུན་མིན་དུས་འཁོར་ལུགས་ཀྱི་བསྟན་
ཞར་བྱུང་དུ་བསྟན་པ་ལ་བྱས་རྗེས་ཆེ་བའི་རྒྱལ་པོ་དང་སྐྱེས་ཆེན་དམ་པའི་འཁྲུངས་
འདས་ཀྱི་ལོ་ཚིགས་བཅས་བཀོད་པ་ཡིན།། ཟླ་ཐོ་འདི་ནང་བཀོད་པའི་སངས་རྒྱས་ཀྱི་འདས་ལོ་ནི། རང་ལུགས་ཀུན་མཁྱེན་པད་དཀར་དང་མཁས་གྲུབ་ ལྷ་དབང་བློ་གྲོས་གཉིས་ཀྱི་དགོངས་བཞེད་ལྟར་དུ་བཀོད་ཡོད། ཡིན་ན་ཡང་སྤྱིར་
བཏང་འདས་ལོ་བཞེད་
ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པའི་ནང་ནས་གཤམ་འཁོད་གསུམ་པོ་དེ་ང་ཚོས་ངེས་པར་དུ་ཤེས་དགོས། དེ་ ཡང་ཤྲི་ལངྐའི་འཕགས་པ་གནས་བརྟན་སྡེ་པའི་ལུགས་དེ། སངས་རྒྱས་མྱ་ངན་ལས་འདས་ནས་ད་ལྟའི་ བར་དུ་ཡུལ་དེར་དགེ་སློང་གི་སྡེ་དང་། དབྱར་གནས་རྒྱུན་ཆད་མེད་པར་གནང་ནས་ཡོད་པའི་རྒྱུ ་མཚན་ལ་ བརྟེན་ནས་ལུགས་དེ་འཛམ་གླིང་ཡོངས་གྲགས་ཡིན།
དེ་ནས་བོད་ལུགས་དང་འབྲུག་ལུགས་གཉིས་པོ་དེ་
ཡང་སྐར་རྩིས་རིག་པའི་དྷྲུ་བ་ཡར་ལོག་གི་སྒོ་ནས་རྙེད་པ་ཡིན་པས་ཡང་དག་ཡིན་དགོས་ཀྱང་། དེ་གཉིས་ ལ་ལོ་ངོ་བརྒྱ་དང་བརྒྱད་ཅུ་ཁྱད་པར་ཤོར་ཡོད་པས་དཔྱད་པར་བྱ་དགོས། ལུགས་འདི་གསུམ་པོ་སོ་
སོའི་
འདས་ལོ་བརྩི་དགོས་བྱུང་ན་སྤྱི་ལོ་གང་ཡིན་པ་དེ་ལ་གཤམ་གྱི་སྡོམ་བྱེད་རྣམས་བསྡོམས་ན་ལུགས་སོ་སོའི་ འདས་ལོ་འཆར་ཐུབ།། སྟོན་པའི་འདས་ལོ་འདོད་ཚུལ་མི་འདྲ་བ་ཁག
གནས་བརྟན་སྡེ་པའི་ལུགས།
བོད་ལུགས།
འབྲུག་ལུགས།
སྟོན་པ་མྱ་ངན་ལས་འདས་པའི་ལོ་དེ།
544 B.C མེ་སྦྲུལ།
881 B.C ལྕགས་འབྲུག
1058 B.C ཆུ་ལུག
སྤྱི་ལོ་ 2012 བར་གྱི་འདས་ལོ།
2555
2892
3069
བསྟན་པའི་གནས་ཚད་ལྷག་ལུས།
2445
2108
1931
འདས་ལོའི་བརྩི་བའི་ཚེ་སོ་སོའི་སྡོམ་བྱེད།
544
881
1057
3
བཞི་པ་སྐབས་སུ་འབབ་པའི་ལོའི་འགྲེལ་བཤད་ལ། རྒྱ་ བོད་སོ་སོའི་སྐད་དུ་
གསར་ཚེས་ཀྱི་ལོ་འདི་མིང་
གང་འདྲ་ཞིག་ཡིན་པ་སོགས་ཀྱི་ངོ་སྤྲོད། དེ་ནས་འགྲེལ་བཤད་དངོས་ལ། རྒྱ་གར་སྐར་རྩིས་ཀྱི་ལོའི་རྒྱལ་ བློན། གཟའ་ལྔ་སྒྲ་གཅན་དང་བཅས་པ་ཕྱོགས་གང་དུ་གནས་པ་དེ་ལ་བརྟེན་ནས་སྣོད་བཅུད་ལ་འཕེལ་ འགྲིབ་ཇི་ལྟར་འབྱུང་བའི་འགྲེལ་བཤད། དབྱངས་འཆར་ལུགས་ཀྱི་རཱིས་སྦལ་འཁོར་ལོ། སེང་གདན་ འཁོར་ལོ།
གདུགས་འཁོར། ཕན་ཚུན་ཆེན་པོ་དང་བཅས་པའི་འཁོར་ལོ་ལ་བརྟེན་པའི་འགྲེལ་བཤད།
ཆར་རྩིས་ཀྱི་འགྲེལ་བཤད་དང་། མཇུག་གི་སྨོན་ཚིག་དང་བཅས་ཏེ་སྐར་རྩིས་དང་དབྱངས་འཆར་གྱི་འགྲེལ་ བཤད་རྫོགས།། ལྔ་པ་ས་གླང་ནི།
སྔོན་དུས་རྒྱ་ནག་གི་ཡུལ་དུ།
ལོ་འདིའི་ཆར་ཆུ་དཀོན་མོད་དང་། འབྲུ་རིག ས་ལེགས་
ཉེས་སོགས་ཀྱི་མཚོན་དོན་དུ། ཁ་དོག་སྣ་ཚོགས་ཅན་གྱི་ས་གླང་ཞིག་མི་དམངས་འདུ་འཛོམས་འབྱུང་སའི་ གནས་སུ་བཞེངས་སྲོལ་ཡོད་ཀྱང་། བོད་དང་འབྲུག་གི་ཡུལ་དུ་དེ་འདྲའི་ལམ་སྲོལ་མ་བྱུང་བར་ས་གླང་དེ་ དང་མཐུན་པའི་འགྲེལ་བཤད་ཙམ་ཞིག་བཀོད་པ་ཡིན།། དྲུག་པ་སོ་ནམ་འཁོར་ལོ་ནི།
འཇིག་རྟེན་པའི་སོ་ནམ་གྱི་བྱ་བ་འགོ་འཛུགས་པའི་ཚེ་ ལས་སྣ་འདྲེན་པའི་
གང་ཟག་གང་འདྲ་ཞིག་དགོས་པ་དང་། སོ་ནམ་ཇི་ལྟར་བྱ་བའི་སྐོར་ཞིག་ཡིན ་ཀྱང་། སོ་ནམ་འཁོར་ལོའི་ རུའུ་མིག་དེ་འབྲུག་པའི་ཟླ་ཐོ་ནང་བཀོད་སྲོལ་མི་འདུག། བདུན་པ་ཕྱོགས་གཙང་ནི།
ལས་དང་བྱ་བ་གང་ཞིག་འགོ་འཛུགས་པའི་ཚེ་ཕྱོགས་མཚམས་གང་གི་ཕྱོགས་
སུ་གདོང་བསྟན་ནས་བྱ་དགོས་པའི་སྐོར་ཞིག་ཡིན། དེ་ཡང་ས་བདག་ཡོད་པའི་ཕྱོགས་སུ་ངན་པ་ད ང་། ས་ བདག་མེད་པའི་ཕྱོགས་དེ་གཙང་བ་ཡིན་པས་དེའི་ཕྱོགས་སུ་གདོང་བསྟན་ནས་བྱ་དགོས། འོན་ཀྱང་ཕྱོགས་ གཙང་བལྟ་བའི་ཚེ་འདི་ཙམ་གྱིས་མི་འགྲིག་པར་། འོག་གི་ ཟླ་བ་སོ་སོའི་འགྲེལ་བཤད་སྐབས་ཀྱི་བུམ་སྟོང་ དང་བུམ་པ་གང་ཕྱོགས་གཉིས་ཀྱང་བརྟག་ནས་བུམ་པ་གང་བའི་ཕྱོགས་སུ་གདོང་བསྟན་དགོས།། 4
བརྒྱད་པ་ཀེག་རྩིས་ནི།
སྐྱེ་བོ་སོ་སོའི་ལོ་གཅིག་གི་སྲོག་ལུས་དབང་ཀླུང་དར་ན་ཇི་ལྟར་བྱ་དགོས་པ་དང་།
གུད་ན་རྐྱེན་སེལ་རིམ་གྲོ་གང་འདྲ་བྱ་དགོས་པའི་ལམ་སྟོན་འགྲེལ་བཤད་ཅིག་ཡིན།། དགུ་པ་སོ་སོའི་རུའུ་མིག་ནི། འགྲེལ་བཤད་གོང་དུ་ཞུས་ཟིན་པའི་ཤོག་ཁྲམ་རུའུ་མིག་རྣམས་ཏེ། རཱིས་སྦལ་ འཁོར་ལོ་ལ་སོགས་པའི་དབྱངས་འཆར་འཁོར་ལོ་བཞི། ཕྱོགས་གཙང་རུའུ་མིག ས་གླང་རུའུ་མིག ཀེག་ རྩིས་རུའུ་མིག་བཅས་སོ།། དེ་དག་ལས་དང་པོ་སེང་གེ་གདན་བཞུགས་ཀྱི་འཁོར་ལོ་ནི།
འཛམ་གླིང་ཡུལ་གྱི་དབུས་བྱང་ལྷོ་གསུམ་གྱི་
བདེ་སྡུག་བརྟག་པའི་ཆེད་དུ་ཡིན། དེ་ཡང་གཤམ་འཁོད་རུའུ་མིག་ལྟར་དུ་སྐར་མ་དགུ་གསུམ་ཉེར་བདུན་གྱི་ འཁོར་ལོ་རིམ་པ་གསུམ་དུ་བཀོད་པའི་ནང་གི་རིས་མོ་དེ་དག་ནི། ནོར་བུ། རྟ། གདུགས། རྔ་གཡབ། སེང་གེ། གླང་ཆེན། པོསྟི། གསེར། ཆོས་བཅས་ཡིན། དེ་ དག་གི་མཚོན་དོན་ནི། རྟ་དང་གླང་ཆེན་གཉིས་ ནོར་ཕྱུགས་ཀྱི་མཚོན་དོན། ནོར་བུ་དང་གསེར་གཉིས་གསེར་དངུལ་ལོངས་སྤྱོད་མཚོན་དོན། པོསྟི་དང་ ཆོས་སྐུའི་ཕྱག་རྒྱ་གཉིས་པོ་ཆོས་ཀྱི་མཚོན་དོན། གདུགས་དང་རྔ་གཡབ་གཉིས་ནད་ལས་སྐྱོབ་བྱེད་མཚོན་ དོན། སེང་གེ་ནི་རྒྱལ་པོ་མཚོན་དོན་ཡིན།
དེ་དག་ལས་གཙོ་བོ་སེང་གེ་གསུམ་སྟེ། དབུས་ཀྱི་སེང་གེ་ལ་
སྐར་མ་མགོ། ལྷོའི་དེ་ལ་སྐར་མ་ནག་པ། བྱང་གི་དེ་ལ་སྐར་མ་མོན་དྲེ་བཅས་ཡིན།
5
དེ་ནི་རུའུ་མིག་རྐྱང་པ་ཡིན་ལ། དེ་ལ་དབུས་བྱང་ལྷོ་གསུམ་གྱི་བདེ་སྡུག་བརྟག་དགོས་ན། ཉི་མ་ལུག་ཁྱིམ་ དུ་སླེབ་པའི་སྐབས་ཀྱི་གཟའ་དགུ་པོ་སྐར་མ་གང་དང་གང་ལ་གནས་པ་དེ་དག་བཀོད་དགོས། དེ་ནས་འགྲེལ་བཤད་ནི། སྤེན་པ་སེང་གེ་གང་གནས་པའི། །ཡུལ་དེའི་རྒྱལ་པོ་སྲོག་དང་བྲལ། །གདུགས་ དང་རྔ་གཡབ་ལ་གནས་ན། །ཡུལ་དེའི་རྒྱལ་པོ་ནད་ཀྱིས་ཐེབས། །རྟ་དང་གླང་པ་ལ་སོང་ན། །ཡུལ་དེའི་ སྲོག་ཆགས་ནད་ཀྱིས་མནར། །ནོར་བུ་གསེར་ཆོས་པོསྟི་ལ། །སོ ང་ན་ཡུལ་དེར་དོན་དེ་དཀོན། །སེང་གེའི་ གདན་ལ་གཟའ་གཞན་པ། །མིག་དམར་སོང་ན་རྒྱལ་ཕྲན་རྩོད། །གདོང་མཇུག་དུས་འཕྲུགས་ནད་རིམ་ དང་། །ཉི་མ་སོང་ན་མུ་གེ་འོང། །
ཟླ་ལྷག་སོང་ན་མངའ་ཐང་འཕེལ། །ཕུར་བུས་མི་རྣམས་ཆོས་ལ་
སྤྱོད། །དཀར་པོ་སོང་ན་བུད་མེད་འཛོམས། །གཟའ་ནི་ཞི་དྲག་འདྲེས་གྱུར་ན། །འ
བྲས་བུའང་ཞི་དྲག་
འདྲེས་མར་འོང་།།1 དེ་ནས་སྦྲུལ་གདུགས་ཀྱི་འཁོར་ལོ་ནི་དབུས་དང་ཤར་ནུབ་རྒྱལ་པོའི་བདེ་སྡུག་བརྟག་པའི་ཆེད་དུ་ཡིན།
དེ་
ཡང་སྦྲུལ་གྱི་ཁྱོག་གསུམ་ལ་སྐར་མ་དགུ་ཚན་གསུམ་བཀོད་པ་ན། སེང་གདན་འཁོར་ལོའི་སྐབས་སུ་བཤད་ པ་ལྟར། སྐར་མ་མགོ་ནག་མོན་དྲེ་གསུམ་པོ་གདུགས་ཀྱི་རྩ ་བར་འོང་། དེ་ལའང་གོང་དུ་ཞུས་པ་ལྟར། ཉི་ མ་ལུག་ཁྱིམ་སླེབ་མཚམས་ཀྱི་གཟའ་དགུ་བཀོད་དགོས།
དེའི་འགྲེལ་བཤད་ནི། ཉི་མིག་སྤེན་སྒྲ་བཞི་པོ་འམ། །གང་རཱིང་ཕུར་བཅས་མགོར་གནས་ན། །ཤར་ཕྱོགས་ རྒྱལ་པོ་སྲོག་དང་བྲལ། །ཕུར་མིན་གཟའ་གཞན་གནས་གྱུར་ན། །རྒྱལ་པོ་ནད་ཀྱིས་ཐེབས་པར་ 1
བཻ་དཀར་སྟོད་ཆ། ༩༢ དང་། དབྱངས་འཆར་ཤེལ་གྱི་མེ་ལོང་། ༢༤༡ ལས་བཏུས་ཏེ་བྲིས།
6
འགྱུར། ། དེ་བཞི་གང་རཱིང་ལྷག་པ་བཅས། ། ནག་གནས་དབུས་ཀྱི་རྒྱལ་པོ་འཆི། །དེ་བཞི་གང་རཱིང་ཟླ་བ་ བཅས། །མོན་དྲེ་ལ་གནས་ནུབ་ཀྱི་འཆི། །མགོ་ནག་མོན་དྲེ་དེ་གསུམ་ལ། །ཞི་གཟའ་གནས་ན་ཡུལ་དེ་ བདེ།། ཕན་ཚུན་ཆེན་པོའི་འཁོར་ལོ་ནི་ཡུལ་དང་གང་ཟག་སོ་སོའི་བདེ་སྡུག་བརྟག་པའི་ཆེད་དུ་ཡིན། དེའང་ཐོག་ མར་མིང་སྐར་རུའུ་མིག་ལ་བསྟན་ནས་ཡུལ་དང་གང་ཟག་དང་འབྲེལ་བའི་སྐར་མ་ངོས་འཛིན་བྱེད་དགོས། ཕན་ཚུན་ཆེན་པོའི་འཁོར་ལོ།
རཱིས་སྦལ་འཁོར་ལོ།
དེ་ནས་ཕན་ཚུན་ཆེན་པོའི་འཁོར་ལོ་འདིར་གཟའ་རུ་ལ་སྐར་མ་བཞི་རུ་དབང་ཡོད། དཔེར་ན་ སྣར་མ། མགོ
སྨིན་དྲུག
ལག་བཅས་བཞི་པོ་གཟའ་ཉི་མས་དབང་བ་ལྟ་བུ་ཡིན་ལ། ཡང་ཉི་མའི་ཐད་ཀར་ཐིག་
གཅིག་འཐེན་པ་དེ་ལ་གཟའ་མིག་དམར་གནས་པ་དང་། དེས་དབང་བའི་སྐར་མ་ནི། སྣུབས། ཆུ་སྟོད། ཆུ་ སྨད། གྲོ་བཞིན་བཅས་བཞི་ཡིན། གལ་ཏེ་གཟའ་དེ་དག་རང་རང་སོ་སོའི་མངའ་ཁོངས་ཀྱི་སྐར་མ་གང་རཱིང་ གཅིག་ལ་གནས་ན། མངའ་ཁོངས་ཀྱི་སྐར་མ་བཞི་དང་ཐད་ཀའི་སྐར་མ་བཞི་བཅས་སྐར་མ་བརྒྱད་ཀྱི་ཡི་ གེའི་མིང་ཐོག་ཅན་རྣམས་ལ་ངན་པ་ཡིན། 7
རཱིས་སྦལ་འཁོར་ལོ་ནི། ཡུལ་ཁམས་སྤྱིའི་བདེ་སྡུག་བརྟག་པའི་ཆེད་དུ་ཡིན།
དེ་ཡང་རཱིས་སྦལ་ཁོག་པའི་
ཕྱོགས་མཚམས་བརྒྱད་ལ་སྐར་མ་གསུམ་གསུམ་བཀོད་པ་དེར་གཟའ་རྣམས་བཀྲམ་ནས་གང་དུ་དྲག་གཟའ་ གནས་ས་དེར་ངན་པ་དང་། ཞི་གཟའ་གནས་སའི་ཕྱོགས་དེར་བཟང་བ་ཡིན། ཡིན་ན་ཡང་ནང་གསེས་དབྱེ་ བ་འདི་ལྟར་ཡོད། ཉི་མ་གནས་སར་ཐན་པ་འབྱུང། །སྤེན་པ་གནས་སར་མུ་གེ་ཆེ། །མིག་དམར་གདོང་ མཇུག་འཐབ་རྩོད་འབྱུང་། །ཟླ་བས་ཆར་པ་རན་པར་འབེབས།། འཁོར་ལོ་བཞི་པོ་ཟླ་ཐོའི་ཤོག་ཁྲམ་ནང་བཀོད་པའི་ཚེ་གཟུགས་གཅིག་གི་ཚུལ་དུ་འདི་ལྟར་ཡོད།
བཅུ་པ་གཟའ་འཛིན་ནི། ལོ་འདིར་ཉི་ཟླ་གཟའ་འཛིན་ཡོད་མེད་དང་། ཡོད་ན་དུས་ནམ་ཞིག་འབྱུང་བ་དང་། སྐབས་དེར་དགེ་ཕན་གང་ཡོད་བཅས་ཀྱི་སྐོར་འཁོད་ཡོད།། བཅུ་གཅིག་པ་སྐར་རྩིས་ས་རིས་ནི། ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་རྩིས་གཞི་ཡིན་པས། ས་རིས་བསྒྱུར་ མཁན་མ་གཏོགས་གཞན་གྱིས་བལྟ་མི་དགོས། དེས་ན་ རྫོགས་པ་ཡིན།། 8
དོན་ཚན་བཅུ་གཅིག་པོ་དེས་སྔོན་འགྲོའི་ཆ་ཤས་
༈ དངོས་གཞི་ཟླ་བ་བཅུ་གཉིས་འདི།
།གསུམ་པ་ནས་བཟུང་རིམ་བཞིན་དུ།།
ཟླ་བ་སོ་སོའི་འགྲེལ་བཤད་དང་། །དེ་ནས་ཚེས་གྲངས་རིམ་བཞིན་གནས།། གཉིས་པ་དངོས་གཞི་འདི་ལ།
ཟླ་བ་གསུམ་པ་ནག་ཟླ་ནས་སྐར་རྩིས་རིག་པའི་ལོ་འགོ་འཛུགས་པ་ཡིན་
པས། ཟླ་བ་འདི་ནས་བཟུང་སྟེ་རིམ་བཞིན་ དུ་སྟེ། འགྲེལ་བཤད་དང་།
དེ་ཡང་ཐོག་མར་ཟླ་བ་སོ་སོའི་ལེགས་ཉེས་སོགས་ཀྱི་
དེ་ནས་ཚེས་པ་གཅིག་ནས་འགོ་བཟུང་སྟེ་ཞག་གྲངས་སུམ་ཅུ་པོ་རིམ་པ་བཞིན་དུ་
ཡོད།། སྐབས་འདིར་ལོ་འགོ་འཛིན་ཚུལ་དང་འབྲེལ་བའི་རང་ལུགས་འབྲུག་པའི་ལོ་གསར་གྱི་སྐོར་མདོར་བསྡུས་ ཙམ་ཞིག་ཞུ་ན། ༡ ལོ་གསར་གྱི་ནང་ནས་དང་ཤོས་ནི། བྱག་འོག་སྐར་མ་་རཱིབ་གྱི་ལོ་གསར་བརྩི་སྲོལ་འདི་ཡིན་ལ། འདིའི་སྐར་མ་་རཱིབ་ཀྱི་དོན་ནི། སྐར་མ་ཞེས་པ་སྐར་མ་སྨིན་དྲུག་དང་། ་ཞེས་པ་ཚེས་པ་བཅོ་ལྔའི་ཟླ་བ། རཱིབ་ཅེས་པ་མམ་དུ་འཛོམས་པའི་དོན་ཡིན། དེ་ཡང་ཟླ
་བ་བཅུ་པའི་ཚེས་པ་བཅོ་ལྔའི་མཚན་མོ་སྐར་མ་
སྨིན་དྲུག་དང་ཟླ་བ་གཉིས་མམ་དུ་འཛོམས་པས་དེའི་ཉིན་མོ་ནས་ལོ་གསར་བརྩི་བ་ཡིན། ཡིན་ན་ཡང་ དོན་ངོ་མ་ནི་དམ་ཆོས་འདུལ་བ་དང་། རྒྱ་གར་གྱི་ལུགས་ལྟར་ཟླ་བ་བཅུ་པའི་ཚེས་པ་བཅོ་ལྔ་དེ་ནས་ལོ་ རྫོགས་པ་དང་། དེའི་ཕྱིས་ཉིན་ཚེས་པ་བཅུ་དྲུག་སྟེ། སྨིན་དྲུག་ཟླ་བའི་མར་ངོའི་ཚེས་པ་གཅིག་ནས་ལོ་ འགོ་བཙུགས་པ་ཡིན་པས་དེའི་ཤུགས་རྐྱེན་གྱིས་སྐར་མ་་རཱིབ་ཀྱི་ལོ་གསར་འདི་བྱུང་བ་ཡིན། ༢
དེའི་རྗེས་ནས་ཧས་དང་སྤ་གྲོ་ཆུ་ཁ་རྫོང་ཁག་ནང་གི་ལོ་འབག་གི་ལོ་གསར་འདི་ཡིན། དེ་ཡང་ཟླ་
བ་བཅུ་པའི་ཉེར་དགུ་ལ་བརྩི་བ་ཡིན་ཀྱང་། དོན་ངོ་མ་ནི་ཟླ་བ་བཅུ་གཅིག་པའི་ཚེས་པ་གཅིག་ནས་འབྱུང་ རྩིས་ཀྱི་ལོ་འགོ་བཙུགས་པ་ཡིན་པས། ལོ་འབག་ དངོས་གཞི་དེ་ཚེས་པ་གཅིག་ནས་ཡིན་དགོས། ཉེར་ 9
དགུ་ལ་རྟེན་འབྲེལ་བྱེད་དགོས་དོན་ནི། ཉེར་དགུའི་མཚན་མོར་ གླུད་གཏོང་ནས་ཕྱི་ནང་གི་རྐྱེན་ངན་བཟློག གནམ་གང་ལ་ཕྱག་དང་མཆོད་འབུལ་བྱས་སྟེ་འབྱུང་འགྱུར་གྱི་ལོ་གསར་དེ་ནང་བཀྲ་ཤིས་ཕུན་ཚོགས་འོང་ བའི་སྨོན་ལམ་འདེབས་པའི་ཚུལ་ཞིག་ཡིན། ༣ དེ་རྗེས་ཤར་དང་ཝང་གི་ཉི་ལོག་གི་ལོ་གསར་འདི་ཡིན། དེ་ཡང་ལོ ་གཅིག་ནང་དབྱར་གྱི་ཟླ་བ་ལྔ་པའི་ཉི་ མ་བྱང་ནས་ལྷོར་ལོག་པ་དང་། དགུན་གྱི་ཟླ་བ་བཅུ་གཅིག་པའི་ནང་ཉི་མ་ལྷོ་ནས་བྱང་དུ་ལོག་པའི་དུས་ གཉིས་ལས། དགུན་གྱི་ཉི་ལོག་དེ་ལ་ལོ་གསར་བརྩི་སྲོལ་རྒྱལ་ཁབ་མང་པོའི་ནང་ལ་ཡོད། ལྷག་པར་དུ་རྒྱ་ གར་གྱི་ཁ་སྐད་དུ་ཉི་མ་དེ་ལ། མ་ཀར་སཾ་ཀ་རནྟི་ཞེས་པ་སྟེ ། དེ་ཡང་མ་ཀར་ཞེས་པ་ཆུ་སྲིན་གྱི་ཁྱིམ།
སཾ་
ཀ་རནྟི་ཞེས་པ་ཞུགས་པའི་དོན་སྟེ། ཉི་མ་གཞུ་ཁྱིམ་ནས་ཆུ་སྲིན་གྱི་ཁྱིམ་དུ་འཕོ་བ་དེའི་ཚེ་ཉི་ལོག་གི་ལོ་ གསར་བརྩི་བ་ཡིན། འོན་ཀྱང་རྩིས་གཞུང་མི་འདྲ་བའི་དབང་གིས། འབྲུག་པའི་ཉི་ལོག་ ལས་རྒྱ་གར་གྱི་ཉི་ ལོག་ཉིན་གྲངས་ཉི་ཤུ་རྩ་བཞི་ཙམ་ཞིག་ཕྱིས་པ་ཡིན། ༤
དེ་ནས་ཤར་ཕྱོགས་པའི་ལོ་གསར་འདི་ཡིན། དེ་ཡང་དགོངས་འདུས་ཀྱི་ལོ་འགོ་ཟླ་བ་བཅུ་གཉིས་
པའི་ཚེས་གཅིག་ནས་ཡིན་པ་དང་། ལྷག་པར་དུ་སྔ་མོ་འབྲུག་གི་སྡེ་སྲིད་ཁྲི་རབས་དེ་དག་བཞུགས་པའི་ སྐབས་སུ་ཤར་ཕྱོགས་འཁོར་ལོ་རྩིབ་བརྒྱད་ཀྱི་ལོ་གསར་གྱི་འབུལ་བ་རྣམས་ཟླ་བ་བཅུ་གཅིག་པའི་གནམ་ གང་ཉིན་མོར་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དུ་འབྱོར་དགོས་པ་དང་། བཅུ་གཉིས་པའི་ཚེས་གཅིག་ཉིན་ མོར་གཞུང་ཞབས་ནས་ཁོང་རྣམས་ལ་གསོལ་སྟོན་གནང་སྲོལ་ཡོད་པ་དེ་ལ་བརྟེན་ནས་ཤར་ཕྱོགས་ལོ་ གསར་འདི་བྱུང་བ་ཡིན། ༥
དེ་ནས་ཟླ་བ་དང་པོའི་ལོ་གསར་ནི། དོན་ངོ་མ་རྒྱ་ནག་འབྱུང་རྩིས་ཀྱི ་ལོ་འགོ་བརྩི་སྲོལ་མི་འདྲ་བ་
ཞིག་ཡིན། དེ་ཡང་འབྱུང་རྩིས་ཀྱི་ལོ་འགོ་ངོ་མ་དཔྱིད་ཟླ་ར་བ་ཞེས་པ་དེ་ཡིན་ཀྱང་། དཔྱིད་ཟླ་ར་བ་དེ་ངོས་ 10
འཛིན་མཛད་པའི་ཚེ། ཐོག་མར་ཟླ་བ་བཅུ་གཅིག་པ་ལ་ངོས་འཛིན་མཛད་པ་དང་། དེ་ནས་སྐབས་ཞིག་ཟླ་ བ་བཅུ་གཉིས་པ། དེ་ནས་ཟླ་བ་དང་པོ་ལ་ངོས་འཛིན་མཛད་པའི་སྐབ ས་ཞིག་བྱུང་ཡོད་པ་དང་། སླར་ཡང་ ཟླ་བ་བཅུ་གཅིག་པ་ལ་ངོས་འཛིན་བྱས་ནས་ད་ལྟ་ཡོངས་གྲགས་ལ་འབྱུང་རྩིས་ཀྱི་ལོ་འགོ་ཟླ་བ་བཅུ་གཅིག་ པ་འདི་བྱུང་བ་ཡིན་ལ། འོན་ཀྱང་ཧོར་མོང་ག་ལི་ཡ་རྒྱལ་པོས་བོད་ལ་བཙན་འཛུལ་བྱས་ཤིང་། ཐོབ་པའི་རྟེན་འབྲེལ་དང་འབྲེལ་ཏེ་ལོ་གསར་དགའ་སྟོན་མཛད་པའི་ཚེ།
རྒྱལ་ཁ་
རྒྱ་ནག་ནས་ཧོར་ལ་དར་བའི་
འབྱུང་རྩིས་ལུགས་ཀྱི་དཔྱིད་ཟླ་ར་བའི་ལོ་འགོ་ཡིན་པ་དང་། བོད་ལུགས་ཀྱི་ཟླ་བ་དང་པོ་ཡིན་པས་དེ་ནས་ བཟུང་སྟེ། ཟླ་བ་དང་པོའི་ལོ་གསར་བརྩི་སྲོལ་འདི་བྱུང་བ་ཡིན་འདུག་གོ། ༦
ཐ་མ་ནི་སྐར་རྩིས་ལུགས་ཀྱི་ལོ་གསར་འདི་ཡིན་ལ། དེ་ཡང་གཟའ་རྣམས་སྟོང་ཞུགས་ཀྱི་ ལོའི་ཐ་
མར་ཟླ་བ་གཉིས་པའི་གནམ་གྱི་མཚན་མོར།
གཟའ་བདུན་སྒྲ་གཅན་དང་བཅས་པ་བརྒྱད་པོ། སྐར་ཁྱིམ་
བཅུ་གཉིས་སམ་རྒྱུ་སྐར་ཉི་ཤུ་རྩ་བདུན་ཆ་ཚང་འཁོར་བའི་ཐ་མར་དྲང་ཐིག་གཅིག་ལ་གནས་པ་དང་།
ནག་
ཟླ་ཡར་ངོའི་ཚེས་གཅིག་ནམ་ལངས་ཀྱི་སྐབས་སུ་གཟའ་བརྒྱད་པོ་དེ་དག་སྐར་ཁྱིམ་ལུག་དང་། རྒྱུ་སྐར་ཐ་ སྐར་ནས་རང་བགྲོད་ཀྱི་འགོ་རྩོམ་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ལོ་འགོར་བཞག་པའི་ལུགས་འདི་བྱུང་ བ་ཡིན་ནོ།།
༈ འགྲེལ་བཤད་དུ་ནི་༡མཚན་དང་ནི།། ༢མཆོད་བརྗོད་༣དུས་བཞི་༤་སྐར་དང་།། ༥དབུགས་སྒང་ཁྱིམ་སླེབ་༦དེའི་འབྲས་བུ།། ༧ཟླ་བདག་༨བུམ་སྟོང་༩དུས་ཆེན་སྐོར།། ༡༠ཟླ་ནག་ ༡༡ས་བདག་ ༡༢ཚེས་ཆད་ལྷག། ༡༣དར་གུད་༡༤བཞེངས་བཞུགས་༡༥ཆར་རྩིས་བཅས།། ༡༦བྱེད་པའི་རུའུ་མིག་༡༧་སྟོང་གི། །དུས་སྦྱོར་ས་རིས་བཅུ་བདུན་ནོ།། 11
ཉིན་རུའི་ཚེས་གྲངས་ལ་འཇུག་པའི་ཐོག་མར་ཟླ་བ་སོ་སོའི་འགྲེལ་བཤད་དེར། ཐོག་མར་མཚན་ནི། ཟླ་བ་ གསུམ་པ།
ཞེས་པ་ལྟ་བུ་ཟླ་བ་སོ་སོའི་མིང་དང་། གཉིས་པ་མཆོད་བརྗོད་ནི།
ཟླ་བ་སོ་སོའི་འཕོ་འགྱུར་
དང་འབྲེལ་བའི་མཆོད་བརྗོད་ཚིགས་བཅད་གཅིག གསུམ་པ་དུས་བཞི་ནི། དབྱར་དགུན་སྟོན་དཔྱིད་བཞི་ ལ་ར་འབྲིང་ཐ་གསུམ་ཕྱེ་བའི་དུས་བཅུ་གཉིས་པོ་འདི་ལ་རྒྱ་བོད་ཧོར་སོགས་རང་རང་སོ་སོའི་འདོད་ཚུལ་ བཀོད་པ་སྟེ། དུས་འཁོར་སོགས་ཀྱི་དཔྱིད་ཐ། སྐར་རྩིས་ད ང་རྒྱ་གར་གྱི་དཔྱིད་འབྲིང་། ཞེས་པ་ལྟ་བུའོ། དེའི་སྐབས་ཀྱི་ཟླ་བའི་ར་འབྲིང་ཐ་གསུམ་འདོད་ཚུལ་རྣམས་འོག་གི་རུའུ་མིག་ལས་ཤེས་པར་བྱ་ཞིང་། བཀོད་པའི་ཚེ་ལུགས་གཞན་རྣམས་་སྐར་གྱི་སྔོན་དང་འབྱུང་རྩིས་པའི་ལུགས་དེ་་སྐར་གྱི་འོག་ཏུ་བཀོད་པ་ ཡིན། གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དུས་འཁོར། གསོ་དཔྱད། ཧོར་། བོད། རྒྱ་ནག་སྐར་རྩིས།
ཟླ་བ་བཅུ་གཉིས།
དཔྱིད་ཐ།
དབྱར་ར།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
སྟོན་འབྲིང་།
སྐར་རྩིས་དང་རྒྱ་གར་གྱི་ལུགས།
དཔྱིད་འབྲིང་།
དཔྱིད་ཐ།
དབྱར་ར།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
རྒྱ་ནག་འབྱུང་རྩིས་ཀྱི་ལུགས།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
སྟོན་འབྲིང་།
སྟོན་ཐ།
དགུན་ར།
ཟླ་བ་བཅུ་གཉིས།
དགུ་པ།
བཅུ་པ།
བཅིུག་པ།
བཅིུས་པ།
དང་པ།
གཉིས་པ།
དུས་འཁོར། གསོ་དཔྱད། ཧོར་། བོད། རྒྱ་རྩིས།
སྟོན་ཐ།
དགུན་ར།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
དཔྱིད་འབྲིང་།
སྐར་རྩིས་དང་རྒྱ་གར་གྱི་ལུགས།
སྟོན་འབྲིང་།
སྟོན་ཐ།
དགུན་ར།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
རྒྱ་ནག་འབྱུང་རྩིས་ཀྱི་ལུགས།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
དཔྱིད་འབྲིང་།
དཔྱིད་ཐ།
དབྱར་ར།
གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དུས་འཁོར། གསོ་དཔྱད། ཧོར་། བོད། རྒྱ་ནག་སྐར་རྩིས།
ཟླ་བ་བཅུ་གཉིས།
དཔྱིད་ཐ།
དབྱར་ར།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
སྟོན་འབྲིང་།
སྐར་རྩིས་དང་རྒྱ་གར་གྱི་ལུགས།
དཔྱིད་འབྲིང་།
དཔྱིད་ཐ།
དབྱར་ར།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
རྒྱ་ནག་འབྱུང་རྩིས་ཀྱི་ལུགས།
དབྱར་འབྲིང་།
དབྱར་ཐ།
སྟོན་ར།
སྟོན་འབྲིང་།
སྟོན་ཐ།
དགུན་ར།
ཟླ་བ་བཅུ་གཉིས།
དགུ་པ།
བཅུ་པ།
བཅིུག་པ།
བཅིུས་པ།
དང་པ།
གཉིས་པ།
དུས་འཁོར། གསོ་དཔྱད། ཧོར་། བོད། རྒྱ་རྩིས།
སྟོན་ཐ།
དགུན་ར།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
དཔྱིད་འབྲིང་།
སྐར་རྩིས་དང་རྒྱ་གར་གྱི་ལུགས།
སྟོན་འབྲིང་།
སྟོན་ཐ།
དགུན་ར།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
རྒྱ་ནག་འབྱུང་རྩིས་ཀྱི་ལུགས།
དགུན་འབྲིང་།
དགུན་ཐ།
དཔྱིད་ར།
དཔྱིད་འབྲིང་།
དཔྱིད་ཐ།
དབྱར་ར།
12
བཞི་པ་་སྐར་ནི།
གཤམ་འཁོད་རུའུ་མིག་ལྟར་སྤྱིར་བཏང་ཟླ་བ་གསུམ་པའི་ཚེས་པ་བཅོ་ལྔ་ལ་་གང་བའི་
ཟླ་བ་དང་མམ་དུ་སྐར་མ་ནག་པ་ཤར་བ་དང་།
ཟླ་བ་བཞི་པའི་ཚེས་པ་བཅོ་ལྔ་ལ་སྐར་མ་ས་ག་སོགས་
ཤར་བའི་དབང་གིས་ཟླ་བ་སོ་སོའི་མིང་ལ་ཡང་ནག་པ་ཟླ་བ་སོགས་བཞག་པ་ཡིན་མོད། འོན་ཀྱང་སྐབས་ རུས་ཟླ་ལྷག་གི་དབང་གིས་ཟླ་བ་དེ་དང་དེའི་ཚེས་པ་བཅོ་ལྔ་ལ་སྐར་མ་དེ་དང་དེ་ཤར་བའི་ངེས་པ་མེད། དེས་ན་ཟླ་བ་གསུམ་པ་ལྟ་བུ་ལ་་སྐར་ནག་པ་ཡིན་དགོས་ཀྱང་ཟླ་ལྷག་གི་དབང་གིས་སྐར་མ་གཞན་ས་ རིས་ལྟ་བུ་ཤར་ན།
ཟླ་ཐོའི་ནང་ལ་རགས་པ་ནག་པ་དང་ཞིབ་པ་ས་རིས་་བ་ཞེས་འབྲི་བ་དང་། དེའི་
མཇུག་ཏུ། ཡར་ངོ་སྔོན་འགྲོ་ལུག་གི་ཁྱིམ། ཞེས་པ་ལྟ་བུ་ཉི་མ་སྐར་ཁྱིམ་གང་དུ་གནས་པ་དེ་འབྲི་བ་ཡིན།། ཟླ་བ་བཅུ་གཉིས་པོ་སོ་སོའི་་སྐར། ༣
༤
༥
༦
༧
༨
༩
༡༠
༡༡
༡༢
༡
༢
ནག་པ།
ས་ག
སྣྲོན།
ཆུ་སྟོད།
གྲོ་བཞིན།
ཁྲུམསྟོད།
དབྱུ་གུ།
སྨིན་དྲུག
མགོ།
རྒྱལ།
མཆུ།
དབོ།
དེ་ནས། འབྱུང་རྩིས་པའི་དབྱར་འབྲིང་། ས་ཕོ་རྟ་ཟླ་ཆུང་བ།
ཞེས་པ་དེ་གཉིས་འབྱུང་རྩིས་ལུགས་ཀྱི་དུས་
བཞིའི་སྐོར་ཡིན་པས་འགྲེལ་བཤད་གོང་དུ་ཞུས་ཟིན། ས་ཕོ་རྟ་ཟླ་ཞེས་པ་ནི་འབྱུང་རྩིས་ལུགས་ཀྱི་ཟླ་བ་དང་ པོ་འབྲུག་གི་ཟླ་བ་ཡིན་པ་ནས་བཅུ་གཉིས་པ་ཡོས་ཀྱི་ཟླ་བའི་བར་དུ་ལོ་རྟགས་དང་ཁམས་སྦྱར་བ་ཡིན་ལ། དེའི་ཁམས་ཀྱི་སྐོར་འབྱུང་རྩིས་སྔོན་འགྲོ་ལས་ཤེས་དགོས། དེའི་སྐབས་ཀྱི་ཆེ་བ་དང་ཆུང་བའི་རྣམ་གཞག་ ནི། ཟླ་བ་འདི་ལ་ཞག་གྲངས་སུམ་ཅུ་དང་ །
ཡང་ན་སོ་གཅིག་ཡོད་ན་ཆེ་བ་དང་། ཞག་གྲངས་ཉེར་དགུ་
ལས་མེད་ན་ཆུང་བ་ཞེས་བྱ་བ་ཡིན། དེ་ནས་དུས་འཁོར་དང་མདོ་སྡེ་གསེར་འོད་དམ་པ་སོགས་ཀྱི་ལོ་འགོ་འཁྲུལ་མེད།
ཅེས་པ་ནི། ཟླ་བ་
གསུམ་པ་ལོ་འགོ་ཡིན་པའི་དབང་གིས་ཡིན་པས་ཟླ་བ་གཞན་རྣམས་ལ་མེད། ལྔ་པ་དབྱུགས་སྒང་ཁྱིམ་སླེབ་ནི།
ཉི་མའི་དཀྱིལ་འཁོར་དེ་ཉིད། སྐར་ཁྱིམ་བཅུ་གཉིས་པོ་གང་དང་གང་དུ་
འབྱོར་བའི་ཉིན་མོ་དེ་ལ་ཁྱིམ་སླེབ་ཞེས་བྱ་བ་དང་།
འབྲུག་ལུགས་ལྟར་ན་དབུགས་ཐོབ་ཁྱིམ་སླེབ་དོན་ 13
གཅིག་ཏུ་མཛད་པས། ཟླ་བ་དེའི་དབུགས་ཀྱང་ཉིན་མོ་འདི་ནས་འཐོབ་པར་བཞེད། འོན་ཀྱང་ཉིན་བྱེད་སྣང་ བ་དང་དེའི་འགྲེལ་པའི་ལུགས་ལྟར་ན། ཐོབ་ཡིན་པར་བཤད་དོ།2
ཁྱིམ་སླེབ་འདི་ནས་ཁྱིམ་ཞག་བརྒྱད་ཀྱི་གོང་དུ་ཟླ་བ་དེའི་དབུགས་
དེ་ནས་སྤྱིར་བཏང་དུས་ཚིགས་ཉེར་བཞི་དང་ལྷག་པར་དབྱར་དགུན་ཉི་ལྡོག་དང་
སྟོན་དཔྱིད་མམ་གཉིས་ཀྱི་དུས་ཚིགས་བཞི་པོ་ཁྱིམ་ཞག་གང་དུ་འཕོག་པའི་མཚམས་དེ་ལ་རང་ཟླའི་སྒང་ ཞེས་བྱ་བ་ཡིན།། དེའང་དཔེར་ན། ཚེས་༢སྤྲེལ་གྱི་༢ནས་རང་ཟླའི་དབུགས་ཐོབ། ཞེས་པ་ལྟ་བུ་དང་། དུས་དེ་ཉིད་ལ་ཉི་མ་ ལུག་གི་ཁྱིམ་དུ་འབྱོར། ཚེས་༡༢ཁྱིའི་༡ནས་རང་ཟླའི་སྒང་ཞེས་པ་ལྟ་བུའོ།། དྲུག་པ་དེ་དག་གི་འབྲས་བུ་ནི།
དབུགས་ཐོབ་དང་སྒང་ཚད་དེ་དག་དང་བསྟུན་པའི་འགྲེལ་བཤད་དེ།
དཔེར་ན་ད་ལོའི་ཟླ་བ་གསུམ་པ་ལྟར་ན། ཚེས་༢ནས་དབུགས་ཐོབ། ནམ་མཁའ་དྭངས། སྐྱེ་ཤིང་འཛུགས་ རན་སོགས་དང་། ཚེས་༡༢ནས་རང་ཟླའི་སྒང་། ཞིང་ཀུན་འདེབས ་རན་སོགས་དང་། ཁྱིམ་བསླེབས་ཀྱི་ འབྲས་བུ་ནི་ཞི་རྒྱས་དབང་དྲག་གི་ལས་བཞི་གང་བྱེད་བཟང་བའི་ཚུལ་ཏེ། དེ་ཡང་།
ལུག་སྡིག་དགུག་དང་
གླང་སྲང་དབང་། །འཁྲིག་པ་བུ་མོ་རྒྱས་པ་སྟེ། །ཀརྚ་སེང་གེ་ཞི་བའི་ལས། །ཆུ་སྲིན་བུམ་པ་བསད་ལས་ དང་། །གཞུ་་བསྐྲད་པའི་ལས་ལ་བསྔགས། །3
ཞེས་པའི་ནང་དོན་ལྟར་ཟླ་བ་སོ་སོ་ཁྱིམ་གང་ཡིན་བརྟག་
ནས་ཁྱིམ་དེའི་འབྲས་བུ་འབྲི་བ་སྟེ། ཟླ་བ་ གསུམ་པ་ལུག་ཁྱིམ་ཡིན་པས། དགུ་ལས་འགྲུབ། ཞེས་པ་ལྟ་ བུའོ།། འོན་ཀྱང་འབྲི་བའི་ཚེ་དབུགས་ཐོབ་ཀྱི་ཚེས་གྲངས་བྲིས་ནས་དེའི་འགྲེལ་བཤད་དང་། དེ་བཞིན་ཁྱིམ་ སླེབ་དང་དེའི་འབྲས་བུ། སྒང་ཚད་དང་དེའི་འབྲས་བུ་བཅས་རིམ་བཞིན་འབྲི་བ་ཡིན། འོན་ཀྱང་ཁྱིམ་སླེབ་
2
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༥༢ བོད་གཞུང་སྨན་རྩིས་ཁང་། ༢༠༠༠ ལོ་ཆེན་དྷརྨ་ ཤྲི། རྣམ་འགྲེལ་གསེར་ཤིང་། ༢༦༡ བོད་གཞུང་སྨན་རྩིས་ཁང་། ༢༠༠༡
3
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༩༥ བོད་གཞུང་སྨན་རྩིས་ཁང་། ༢༠༠༠
14
སྒང་ཚད་དེ་དག་གི་བར་དུ་བུམ་སྟོང་དང་དུས་ཆེན་ལ་སོགས་པ་དོན་ཚན་གཞན་བྱུང་ན་དེ་དག་ཚེས་གྲངས་ ཀྱི་རིམ་པ་བཞིན་དུ་བཀོད་པ་ཡིན། བདུན་པ་ཟླ་བདག་ནི། ཉི་མ་ཁྱིམ་གང་དུ་འབྱོར་བའི་ཉིན་མོའི་དེའི་རུས་གཟའ་ནི་ཁྱིམ་ཟླ་དེའི་བདག་པོ་ཡིན་ པ་དང་། དེའི་འབྲས་བུ་ནི།
ཉི་མའི་ལྷ་ནི་དྲག་མོས་རྩུབ། །ཟླ་བ་བྱ་རོག་མ་ཡིས་འཇམ། །མི ག་དམར་
གསུས་པོ་ཆེ་ཡིས་རྩུབ། །ལྷག་པ་གངྒཱ་མ་ཡིས་འཇམ། །ཕུར་བུའི་ལྷ་ནི་དལ་མས་འཇམ། །པ་སངས་སྣ་ ཚོགས་མདོག་ཅན་འཇམ། །སྤེན་པ་སྲིན་པོའི་རྣལ་འབྱོར་རྩུབ།།4 ཞེས་པ་ལྟར་འབྲི་བ་སྟེ། ལོ་འདིའི་ཟླ་བ་ གསུམ་པའི་ཉི་མ་ལུག་ཁྱིམ་སླེབ་པའི་ཚེ། ཚེས་གཉིས་རུས་གཟའ་མིག་དམར་ཡིན་པས།
ཟླ་བདག་སུས་
པོ་ཆེ་ཡིས་ནི། །རྐུན་པོ་སྡིག་སྤྱོད་གདོལ་པ་བདེ།། ཞེས་པ་ལྟ་བུའོ།། བརྒྱད་པ་བུམ་སྟོང་ནི། ཉི་མ་ཁྱིམ་གང་དུ་གནས་པའི་ཕྱོགས་དེ་ནི་བུམ་སྟོང་དང་། དེའི་ལྡོག་ཕྱོ གས་ནི་བུམ་ པ་གང་བའི་ཕྱོགས་ཡིན་པས།
ལས་དང་བྱ་བ་གསར་པ་འགོ་བཙུགས་དགོས་ན་བུམ་པ་གང་བའི་ཕྱོགས་
དེར་བསྟན་དགོས།། དགུ་པ་དུས་ཆེན་ནི། ཟླ་བ་སོ་སོའི་ཚེས་ཞག་སུམ་ཅུ་པོ་དེའི་ནང་འཁོད་དུས་ཆེན་ཡོད་ན་དུས་ཆེན་གང་དང་ གང་ཡོད་འབྲི་བ་ཡིན།། བཅུ་པ་ཟླ་ནག་ནི། ཟླ་བ་གང་ཡིན་དེ་ཉིད་ཟླ་ནག་ཡིན་ན་སྟོད་སྨད་བར་གསུམ་གང་ནག་བཅས་ཀྱི་སྐོར་དང་། ཉི་ནག་ཡོད་མེད་བཅས་ཀྱི་སྐོར་འབྲི་བ་ཡིན།།
4
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༩༥ བོད་གཞུང་སྨན་རྩིས་ཁང་། ༢༠༠༠
15
བཅུ་གཅིག་པ་ས་བདག་ནི། ལོ་ཟླ་ཞག་དུས་ཀྱི་ས་བདག་བཞི་ལས་འདིར་ཟླ་བའི་ས་བདག་སྟེ། སྡེ་བརྒྱད་ ཐེབས་བཟློག་དང་། ཀླུའི་ཐེབས་བཟློག ལྷ་ལྔ་ལྷ་དགུ་ དང་། ས་བདག་ཧལ་ཁྱི་དང་འབྲུག་རྗེ་ལ་སོགས་པ་ གང་གནས་བཅས་ཀྱི་སྐོར་ཡིན་ལ། དེའི་སྤང་བླང་ནི་བཻ་དཀར་ཟླ་བའི་ས་བདག་སྐབས་སུ་གཟིགས་པར་ཞུ།5 བཅུ་གཉིས་པ་ཚེས་ཆད་ལྷག་ནི།
གྲུབ་རྩིས་ཀྱི་ཚེས་ཆད་ལྷག་གང་ཡོད་མེད་དང་། ཞར་བྱུང་བྱེད་རྩིས་ཀྱི་
ཆད་ལྷག་བཅས་ཀྱང་བཀོད་པ་ཡིན།། བཅུ་གསུམ་པ་དར་གུད་ནི། རགས་པ་འབྱུང་རྩིས་ལྟར་གྱི་གཟའི་དར་གུད་དང་། ཞིབ་པ་སྐར་རྩིས་ལྟ ར་གྱི་ གཟའི་དར་གུད་བཀོད་པ་ཡིན།
བླ་གཟའ་དར་དུས་བྱ་ལས་འགྲུབ།།
ཞེས་གསུངས་པའི་སྐབས་སུ་བླ་
གཟའ་ཡིན་ཚད་ལ་བྱ་ལས་འགྲུབ་པ་ཡིན། ཞེས་པའི་དོན་མིན་པར། བླ་གཟའ་དར་བའི་ཚེ་བྱ་ལས་འགྲུབ་ པ་དང་། བླ་གཟའ་གུད་ན་བྱ་ལས་མི་འགྲུབ་པར་འགྱུར་བས།
བླ་གཟའ་སོགས་ཀྱི་དར་གུད་ནི་སྐབས་
འདིའི་གཟའ་ཞིབ་པའི་དར་གུད་ལ་བལྟ་དགོས། དཔེར་ན་ད་ལོའི་ཟླ་བ་གསུམ་པ་འདིར། གཟའ་ཞིབ་པ་ ༢་༤་༥་དར། ༡་༣གུད། ༠་གྱོད། ༦ཞུད། ཞེས་པ་ལྟ་བུ་ལ། ཟླ་བ་གསུམ་པ་འདིར་གཟའ་ཟླ་བ་ལྷག་པ་ ཕུར་བུ་གསུམ་དར་བ་དང་། ཉི་མ་མིག་དམར་གུད། སྤེ ན་པ་གྱོད། པ་སངས་ཞུད་པ་ཡིན།། འདི་སྐབས་ཀྱི་ཨང་གྲངས་རྣམས་གཟའ་གང་ཡིན་གྱི་རུའུ་མིག ཨང་གྲངས།
༡
༢
༣
༤
༥
༦
༠
གཟའ་གང་ཡིན།
ཉི་མ།
ཟླ་བ།
མིག་དམར།
ལྷག་པ།
ཕུར་བུ།
པ་སངས།
སྤེན་པ།
བཅུ་བཞི་པ་དབང་ཕྱུག་བཞེངས་བཞུགས་ནི།
ཟླ་འཕོའི་རིས་མོ་དང་།6
གཉིས་མང་ཉུང་ལ་བརྟག་ནས། དེ་གཉིས་མམ་ན་གཟིམ་ཏེ་མཇལ་བ་དང་།
5
6
སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཻ་དཀར་སྨད་ཆ། ༡༩༩ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༧ ཉི་མ་ཁྱིམ་གང་དུ་འབྱོར་བའི་སྐོར་གྱི་ས་རིས།
16
ཁྱིམ་སླེབ་ཉིན་མོའི་རུས་གཟའ་ ཟླ་འཕོའི་གཟའ་མང་ན་
བཞུགས་ཏེ་མཇལ་བ་གཉིས་ངན་པ་དང་། ཁྱིམ་སླེབ་ཀྱི་གཟའ་མང་ན་བཞེངས་ཏེ་མཇལ་བའི་འབྲས་བུ་དགེ་ བ་བཅས་བཀོད་པ་ཡིན།། བཅོ་ལྔ་པ་ཆར་རྩིས་ནི།
ཟླ་བ་རང་རང་སོ་སོའི་སྐབས་ཀྱི་ཆར་པའི་འབབ་ངོ་ཆེ་ཆུང་དང་། ལྷག་པར་ཚེས་
གྲངས་གང་དང་གང་ལ་འབབ་ངོ་ཆེ་ཆུང་བཅས་བཀོད་པ་ཡིན།། བཅུ་དྲུག་པ་བྱེད་པའི་རུའུ་མིག་ནི། ཉིན་རུ་བཞིན་དུ་འཕོ་བའི་བྱེད་པ་བདུན་དང་། འཕོ་འགྱུར་མེད་པའི་བྱེད་ པ་བཞི་བཅས་བྱེད་པ་བཅུ་གཅིག་ཡོད་ཀྱང་། ཉིན་རུའི་ཚེས་གྲངས་ཀྱི་སྐབས་སུ་བིཥ་ཊི་མ་གཏོགས་བཀོད་ སྲོལ་མེད་པས། བྱེད་པ་གཞན་རྣམས་ཚེས་ལ་འཆར་ཚུལ་གྱི་རུའུ་མིག་བཀོད་པ་དང་།། བཅུ་བདུན་པ་་སྟོང་གི་དུས་སྦྱོར་ནི།
ཉིན་རུ་བཞིན་གྱི་དུས་སྦྱོར་བཀོད་དགོས་པ་ཡིན་ཀྱང་དཀའ་ངལ་ཆེ་
བའི་དབང་གིས་བཀོད་ཐུབ་མ་བྱུང་བས། ཚེས་པ་བཅོ་ལྔ་དང་གནམ་གང་གཉིས་ཀྱི་དུས་སྦྱོར་ས་རིས་དང་ བཅས་པ་བཀོད་པ་ཡིན། གལ་ཏེ་སྐྱེས་རྩིས་དང་དུས་སྦྱོར་མོ་རྩིས་ལ་སོགས་པའི་སྐབས་སུ་ཉིན་རུའི་དུ ས་ སྦྱོར་དགོས་ན། རྩིས་གཞི་་སྟོང་དེ་གཉིས་ལ་བཞག་ནས་འཚོལ་དགོས་པ་ཡིན་ནོ།།
༈ དེ་ནས་ཚེས་གྲངས་སུམ་ཅུ་ཡི། །རང་རང་སོ་སོའི་ས་ཁོངས་འདིར།། འོག་ཏུ་ལྔ་བསྡུས་རིས་མོ་དང་། །སྟེང་དུ་དེ་དགྲོལ་འགྲེལ་བཤད་ཡོད།། འོག་གི་ལྔ་བསྡུས་རིས་མོ་ལ། །ཨང་ཡིག་གྲལ་རིམ་དྲུག་རིམ་བཞིན།། གཟའ་སྐར་ཉི་དག་སྦྱོར་བ་དང་།
།བྱེད་སྐར་དོན་ཁྱིམ་བཅས་པ་ཡིན།།
17
ཟླ་བཤད་རྫོགས་ནས་ཟླ་བ་གཅིག་གི་ཚེས་གྲངས་སུམ་ཅུ་ཐམ་པ་རུ་རུ་ནས་བཀོད་པའི་སྐབས་ཀྱི་ས་ཁོངས་ གྲུ་བཞི་མ་འདིར་འོག་ཏུ་ལྔ་བསྡུས་ཀྱི་རིས་མོ་དང་། སྟེང་དུ་རིས་མོའི་འདིའི་འགྲེལ་བཤད་བཅས་རིམ་པ་ གཉིས་ཡོད་པ་འདི་ལྟར་རོ།། སྤྱི་ལོ་༢༠༡༢འབྲུག་ཟླ་གསུམ་པའི་ཚེས་གཅིག་དང་གཉིས་ཀྱི་དཔེ།
༡
ཟླ ཐ་སྐར ཆུ་རླུང ཟད ལུག་གི་༡ནས་ བྲ་ཉེ མེ་ཆུ གཡོ སེལ གཟུགས ལྕགས་སྟག ལི༤ ར མགྲོན ཆུ་གླང་ ༡ ༡༨ ༢༦
༣ ༢༣ ༤༥
༡ ༡༨ ༢༠
༣ ༤༢ ༥
༤ ༢༠ ༤༠
༠ ༥༠ ༥༦
22-4-2012
མིང་
༢ མིར བྲ་ཉེ གཏུན་ཤིང་ མི་མཐུན་ཉི སྤྲེལྱི༡ནས་ སྨིན་དྲུག མེ༢ གླང་པོ སྦྱོར་ཉི རྡོ་རྗེ མཛའ རྣམ་ཤེས ཆུ་ཡོས ཁོན༥ ཚོང ཤིང་སྟག
དུ ༨
༢ ༢༢ ༣༩
༡ ༣༥ ༩
༠ ༩ ༤༥
༡ ༤༤ ༥༤
༢ ༢༨ ༡༣
འོག་གི་ཨང་ཀི་གསུམ་བརྩེགས་དྲུག་ཡོད་པ་དེ་དག་གི་དང་པོ་གཟའི་གནས།
༠ ༤༦ ༢༠
23
གཉིས་པ་སྐར་མ་སྟེ།
རིང་ནམ་ལངས་སྐབས་སུ་ཟླ་བ་འདི་ཉིད་སྐར་མ་གང་དང་འགྲོགས་པར་སྟོན་པའི་ཟླ་སྐར།
དེ་
གསུམ་པ་ཉི་
དག་སྟེ། དེ་རིང་གི་ཚེས་ཞག་རྫོགས་པའི་སྐབས་སུ་ཉི་མ་འདི་ཉིད་སྐར་མ་གང་དང་འགྲོགས་པར་སྟོན་པའི་ ཉི་དག་སྐར་མ། བཞི་པ་སྦྱོར་བ་སྟེ། ཉི་ཟླ་གཉིས་ཀྱི་བར་གྱི་ཁྱད་པར་སྟོན་པའི་དུས་ཀྱི་ལྷ། ལྔ་པ་བྱེད་པའི་ སྐར་མ་སྟེ། བྱེད་རྩིས་ལྟར་གྱི་ཟླ་བ་འདི་ཉིད་ དེ་རིང་ནམ་ལངས་ཀྱི་སྐབས་སུ་སྐར་མ་གང་འགྲོགས་པར་སྟོན་ པའི་ཟླ་སྐར། དྲུག་པ་དོན་ཁྱིམ་སྟེ། ཉི་མ་འདི་ཉིད་སྐར་ཁྱིམ་གང་དང་། སྐར་ཁྱིམ་འདིའི་ཁྱིམ་ཞག་གང་དུ་ གནས་པར་སྟོན་པ་བཅས་ཡིན།།
༈ དེ་དོན་གོང་དུ་དགྲོལ་བ་ལ།། ༡ཚེས་༢གཟའ་༣སྐར་མ་༤འཕྲོད་སྦྱོར་དང་།། ༥སྦྱོར་༦བྱེད་༧རྟེན་འབྲེལ་༨གདོང་མཇུག་གི།
།གནོད་པ་དང་བཅས་སྐར་རྩིས་ལུགས།།
༩ཉི་མ་༡༠སྤར་༡༡སྨེ་༡༢ས་བདག་དང་།།༡༣གནམ་སྒོ་དང་བཅས་འབྱུང་རྩིས་ལུགས།། འོག་གི་ཨང་ཀི་རིམ་པ་དྲུག་གི་གོ་དོན་གོང་དུ་དགྲོལ་བ་ལ། དང་པ་ ནི་དེ་རིང་གི་ཚེས། གཉིས་པ་ རུས་ གཟའ། གསུམ་པ་ ནི་དེ་རིང་ནམ་ལངས་ཀྱི་སྐར་མ། བཞི་པ་ སྐར་ནག་རྩིས་ཀྱི་འཕྲོད་སྦྱོར་ཁག་མི་འདྲ་བ་ 18
རྣམས། ལྔ་པ་ ཉི་ཟླ་གཉིས་བསྡོམས་པའི་སྦྱོར་བ། དྲུག་པ་བྱེད་པ་ཡིན་ཀྱང་བིཥ་ཊི་མ་གཏོགས་པའི་བྱེད་པ་ གཞན་ཉིན་རུ་བཞིན་དུ་བཀོད་སྲོལ་མེད།
བདུན་པ་རྟེན་འབྲེལ་བཅུ་གཉིས་བཅས་གོ་རིམ་བཞིན་དུ་བཀོད་
པ་དང་། འོག་གི་ལྔ་བསྡུས་རིས་མོའི་སྐར་མའི་སྟེང་དུ་སྒྲ་གཅན་གདོང་མཇུག་གི་གནོད་པ ་སྟེ། དུ་སོལ་ འཁྱུད་གསུམ་དང་། གཡས་ཆེ་གཡོན་ཆེ་གདོང་ཚུགས་བཅས་ཡོད་ན་བཀོད་པ་རྣམས་ནི་སྐར་རྩིས་ཀྱི་ ལུགས་སོ།། དགུ་པ་འབྱུང་རྩིས་ལུགས་ཀྱི་ཉི་མ་བཅུ་གཉིས་སྟེ། དེ་ཡང་རྒྱ་རྩིས་གསར་མ་དང་རྙིང་མའི་ ལུགས་གཉིས་ ལས་འདིར་བཀོད་པ་རྒྱ་རྩིས་རྙིང་མའི་ལུགས་དང་། ཐ་མར་བཀོད་པ་ནི་རྒྱ་རྩིས་གསར་མའི་ལུགས་ཡིན། དེ་ནས་བཅུ་པ་སྤར་ཁ་བརྒྱད་དང་། བཅུ་གཅིག་པ་ནི་སྨེ་ བ་དགུ། བཅུ་གཉིས་པ་ནི་ས་བདག་ཡོད་ན་བཀོད་ ཅིང་མེད་ན་སྟོང་པ་དང་། བཅུ་གསུམ་པ་གནམ་སྒོ་བཅུ་པོ་བཅས་འབྱུང་རྩིས་ལས་བྱུང་བ་རྣམས་སོ།། དོན་ཚན་བཅུ་གསུམ་པོ་དེ་དག་རུ་རུ་བཞིན་གྱི་འགྲེལ་བཤད་རྒྱས་པ་དགོས་ན་འབྲུག་ལུགས་ཟླ་ཐོ་བལྟ་ ཐངས་དང་། བོད་གཞུང་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་ཉིན་བྱེད་སྣང་བ་ཤོག་གྲངས་༩༩ནས་མར་ དང་། བཻ་དཀར་སྨད་ཆ་ཤོག་གྲངས་༢༩༧ན ས་མར་གཟིགས་པར་ཞུ་ལ། སྐབས་འདིར་ བློ་ལ་བཟུང་བདེ་ བའི་འགྲེལ་བཤད་མདོར་བསྡུས་ཀྱི་ཚུལ་དུ་ཞུ་རྒྱུ་ཡིན།།
༈ དོན་ཚན་བཅུ་གསུམ་པོ་རུ་རུ་བཞིན་འཆད་པ་ནི།
༈ དང་པོ་ཚེས་ཀྱི་འབྲས་བུ་ལ། །ཡར་ངོ་མར་ངོ་གཉིས་ཀ་ཡི།། ཚེས་བརྒྱད་བཅུ་བཞི་བཅོ་ལྔ་རྣམས། །དུས་བཟང་ཡིན་ཕྱིར་བཟང་བ་ཡིན།། གནམ་གང་ཚེས་ཀྱི་མཇུག་ཡིན་ཕྱིར།།རྟེན་འབྲེལ་གསར་སྒྲུབ་མི་རཱིང་གསུངས།། གཅིག་གསུམ་ནས་ནི་འཕེལ་བའི་ཕྱིར། །སྐྱེ་ཞིང་འཕེལ་བའི་ལས་རྣམས་དགེ།། 19
དྲུག་གསུམ་ནས་ནི་སྡུད་པའི་ཕྱིར། འགོག་ཅིང་སྒྲིབ་པའི་ལས་རྣམས་བཟང་།། རྩ་ཚིག་གཞན་རྣམས་གོ་སླ་བས་འགྲེལ་བཤད་ཀྱི་ངལ་བ་མི་བསྟེན་ལ། གཅིག་ གསུམ་ནི། གཅིག བཅུ་ གཅིག ཉེར་གཅིག་སྟེ་ཚེ་གྲངས་དེ་གསུམ་ནས་ འགོ་བཟུང་སྟེ། ལྔ། བཅོ་ལྔ། ཉེར་ལྔའི་བར་དུ།
ཕྱི་ནང་
གི་འབྱུང་བ་རྣམས་འཇིག་རྟེན་ཆགས་པའི་རིམ་པ་ལྟར་དུ་མཁའ་རླུང་མེ་ཆུ་སའི་འབྱུང་བ་རིམ་པར་འཕེལ་ བས། ཚོང་དང་ཆོས་ཀྱི་བྱ་བ་ལ་སོགས་པ་གོང་འཕེལ་འགྲོ་དགོས་པའི་བྱ་བ་རྣམས་ འགོ་བཙུགས་ན་བཟང་ བ་དང་། དྲུག་གསུམ་ནི། དྲུག བཅུ་དྲུག ཉེར་དྲུག་སྟེ་དེ་གསུམ་ནས། བཅུ། ཉི་ཤུ། སུམ་ཅུའི་བར་དུ། འཇིག་རྟེན་སྡུད་པའི་རིམ་པ་ལྟར་དུ་ས་ཆུ་མེ་རླུང་ནམ་མཁའི་འབྱུང་བ་རིམ་བཞིན་སྡུད་ནས་འགྲོ་བས། མཚམས་འཇོག་བྱ་དགོས་པའི་རིགས་དང་། སྤོང་དགོས་པའི་བྱ་བའི་རིགས་རྣམས་བརྩ མ་ན་བཟང་བ་ཡིན་ ནོ།།
ལག་གཡོན་མཛུམ་མོའི་བར་བགྲང་ནས།།དང་པོར་བསམ་འགྲུབ་སྙིང་སྡུག་འཕྲད།། གཉིས་པར་རྟ་ཤི་སྒ་ཆག་དང་། །གསུམ་པར་ཚོང་རྒྱལ་བསམ་པ་འགྲུབ།། བཞི་པར་དོན་འགྲུབ་ནོར་ཕྱུགས་འཕེལ། །ལྔ་པར་ཤ་ཆང་འཕྲད་པ་འབྲིང་།། དྲུག་པར་རང་རྨས་ནོར་ཤོར་འོང་། །དེ་ཕྱིར་གཉིས་དྲུག་ངན་པ་ཡིན།། ལག་པ་གཡོན་པ་གན་རྐྱལ་བརྐྱངས་ནས་དང་པོ་མཐེ་བོང་སྟེང་དུ་གཅིག དེ་ནས་མཐེ་བོང་དང་མཛུབ་མོ་ བར་ལ་གཉིས། མཛུབ་མོ་དང་གུང་མོའི་བར་ལ་གསུམ། གུང་མོ་དང་སྲིན་ལག་བར་ལ་བཞི། དེ་དང་མཐེའུ་ ཆུང་བར་ལ་ལྔ། དེ་ནས་མཐེའུ་ཆུང་འོག་ཏུ་དྲུག་དང་། དེ་ནས་སླར་ཡང་མཐེ ་བོང་སྟེང་དུ་བདུན། མཐེ་བོང་ དང་མཛུབ་མོ་བར་ལ་བརྒྱད་སོགས་རིམ་བཞིན་སུམ་ཅུའི་བར་དུ་བརྩིས་པའི་དང་པོའི་གནས་སུ་འཕོག་པའི་ ཚེས་གཅིག བདུན། བཅུ་གསུམ་སོགས་གང་དུ་འཕོག་པ་དེ་ལ་བསམ་པ་འགྲུབ་པ་དང་། རང་གི་སྙིང་
20
སྡུག་ཕྲད་པ་སོགས་དང་། གཉིས་པའི་གནས་སུ་འཕོག་པའི་ཚེས་གཉིས། བརྒྱད། བཅུ་ བཞི་སོགས་རིམ་ བཞིན་བརྩི་བས་ཤེས་པར་འགྱུར།
༈ གཉིས་པ་ཉིན་རུར་དབང་བྱེད་པའི། །རུས་གཟའ་བདུན་གྱི་འབྲས་བུ་ནི།། ཟླ་ལྷག་པ་སངས་ཞི་གཟའ་སྟེ། །ཞི་རྒྱས་ལས་དང་དགེ་ལས་བཟང་།། ཉི་དམར་སྤེན་གསུམ་དྲག་གཟའ་སྟེ། །དབང་དྲག་ལས་ལ་བཟང་བ་ཡིན།། ཕུར་བུ་ཞི་དྲག་འདྲེས་མ་སྟེ། །ཞི་དྲག་གང་འབྲེལ་དེའི་དབང་འགྱུར།། ཉི་མའི་གཡོན་ནས་རྒྱུ་བའི་གཟའ་ཟླ་བ། ལྷག་པ། པ་སངས་་རྣམས་ཞི་གཟའ་ཡིན་པས་དེའི་སྐབས་སུ་ཞི་ བའི་མཐུན་འབྲེལ་དང་། དབང་ཐང་ ཀླུང་རྟ་རྒྱས་པའི་བྱ་བ། དེ་བཞིན་དཀར་ཕྱོགས་དགེ་བའི་ལས་རྣམས་ སྒྲུབ་ན་བཟང་བ་དང་། ཉི་མ་རང་དང་དེའི་གཡས་ནས་རྒྱུའི་གཟའ་མིག་དམར་དང་སྤེན་པ་བཅས་གསུམ་པོ་ དྲག་གཟའ་ཡིན་པས། དེའི་སྐབས་སུ་ གཞན་དབང་དུ་བསྡུ་བའི་ལས་དང་། མ་འདུས་པ་རྣམས་ལ་དྲག་པོ་ མངོན་སྤྱོད་ཀྱི་ལས་རྣམས་སྒྲུབ་ན་བཟང་བ་ཡིན། ཕུར་བུ་ཉི་མའི་གཡས་ནས་རྒྱུ་བ་ཡིན་པས་སྤྱིར་དྲག་ གཟའི་ཁོངས་སུ་གཏོགས་ཀྱང་། དམིགས་བསལ་ཞི་བའི་གཟའ་དང་། ཞི་བའི་ཞག་དུས་དང་འབྲེལ་ན་ཞི་ བའི་ཁོངས་སུ་བསྡུས་པ་དང་། དྲག་གཟའ་དང་དྲག་པོའི་ཞག་དུས་དང་འབྲེལ་ན་དྲག་གཟར་སོང་བ་ཡིན་ པས། ཞི་དྲག་གང་དང་འབྲེལ་ནའང་དེའི་དབང་དུ་སོང་བ་ཡིན།།
རང་གི་བླ་གཟའ་དར་བའི་ཚེ། །ཤགས་འདེབས་ཚོང་བྱ་སྟོབས་འགྱེད་དང་།། ཤོ་རྒྱན་རྟ་རྒྱུག་རྩལ་འགྲན་པ། །གཡུལ་འཇུག་དགྲ་བོ་གཞོམ་རྣམས་བཟང་།། གོང་དུ་ཞུས་པ་ལྟར་རང་གི་བླ་གཟའ་དར་བའི་ཚེ་བྱ་བའི་ལས་རྣམས་འགྲུབ་པ་དང་། བླ་གཟའ་གུད་པའི་ ཚེ་ ལས་དང་བྱ་བ་ལ་བར་ཆད་འོང་བ་ཡིན་པས། ཟླ་བ་རུ་རུ་བཞིན་གྱི་གཟའི་དར་གུད་ནི་ཟླ་བཤད་ཀྱི་མཇུག་ཏུ་ བལྟ་དགོས།། 21
དམར་སངས་སྤེན་གསུམ་སྔ་རྒོལ་དང་། །ཉི་ཟླ་ཕུར་བུར་ཕྱིར་རྒོལ་རྒྱལ།། ཁྱད་པར་དྲག་གཟའ་དར་ཚེ་རྒོལ།།
ཞི་དར་དྲག་གུད་བཏང་སྙོམས་ཡིན།།
གཞན་དང་རྩོད་འགྲན་ལ་སོགས་པ་བྱ་བ་བྱ་དགོས་ན་རུས་གཟའ་མིག་དམར་པ་སངས་སྤེན་པ་གསུམ་གྱི་ སྐབས་སུ་བྱ་དགོས་པ་དང་།
གལ་ཏེ་རུས་གཟའ་ཉི་མ་ཟླ་བ་ཕུར་བུ་གསུམ་གྱི་སྐབས་སུ་རྒོལ་ན་རང་ཉིད་
ཕམ་ཞིང་རྩོད་ཟླ་དེ་ཉིད་རྒྱལ་བར་འགྱུར་བ་དང་། ལྷག་པར་དྲག་གཟའ་དར་བའི་ཚེ་རྒོལ་ན་རྒྱལ་བར་ འགྱུར་བ་ཡིན་ནོ། ཞི་གཟའ་དར་བའི་ཚེ་དང་། དྲག་གཟའ་གུད་པ་གཉིས་པོ་གང་རཱིང་གི་ཚེ་རྒོལ་ན་བཏང་ སྙོམས་སུ་འགྱུར་བ་ཡིན་ནོ།།
ལམ་དུ་འཇུག་ཚེ་ཕྱོགས་ཀྱི་སྟོབས་གལ་ཆེ།། ཕྱོགས་མཚམས་བརྒྱད་པོ ་ཤར་ནས་གཡས་སྐོར་དུ།། ཉི་སངས་དམར་སྒྲ་སྤེན་ཟླ་ལྷག་ཕུར་བཀོད།། ཉི་མར་ཤར་བཟང་ནུབ་ཏུ་ངན་དེས་བསྒྲེས།།
གོང་འཁོད་ཀྱི་རིས་མོ་ལྟར་རུས་གཟའ་ཉི་མར་ནུབ་ཀྱི་ཕྱོགས་སུ་འགྲོ་ནས་ལས་དོན་སྒྲུབ་ན་བཟང་བ་ སོགས་མདོར་ན་རུས་གཟའ་རང་རང་གི་ལྡོག་ཕྱོགས་སུ་བཟང་བ་ཡིན་ནོ།
22
༈ གསུམ་པ་རྒྱུ་སྐར་རྩ་བརྒྱད་ལས། །བཞི་ཚན་བདུན་གྱི་འབྲས་བུ་བཤད།། ས་ག་ཆུ་སྨད་ནམ་གྲུ་རྒྱལ། །གྲུབ་སྐར་བཞི་ཡིན་གང་ཡང་བཟང་།། བྲ་ཉེ་མགོ་གྲེ་སྣུབས་བཞི་ནི།། དམེ་སྐར་ཡིན་ཏེ་གང་ཡང་ངན།། ནབས་སོ་ས་རི་ཆུ་སྟོད་སྣར། །གཡང་སྐར་བཞི་སྟེ་ནོར་མི་འཇལ།། ཐ་སྐར་ལག་མཆུ་དབོ་བཞི་པོ། །དགྲ་སྐར་ཡིན་པས་དགྲ་ལ་རྒོལ།། སྐག་སྣྲོན་མོན་དྲེ་མོན་གྲུ་བཞི། །མགྲོན་སྐར་ཡིན་ཏེ་ལམ་དུ་འཇུག། མེ་བཞི་བྱི་བཞིན་ཁྲུམས་སྟོད་སྨད། །གཤིན་སྐར་བཞི་སྟེ་གཤིན་ལས་བྱ།། སྨིན་དྲུག་ལྷ་མཚམས་གྲོ་བཞིན་ནག།
ཟློས་སྐར་བཞི་ཡིན་ཤིད་སོགས་སྤང་།།
གོ་སླའོ།།
༈ བཞི་པ་འཕྲོད་སྦྱོར་བརྟག་པ་ལ། སྐར་ནག་ལུགས་གཉིས་སྐར་རྩིས་ལ།། འཕྲོད་ཆུང་འཕྲོད་ཆེན་སྲེག་སྦྱོར་དང་། །འགྲུབ་སྦྱོར་འཆི་སྦྱོར་སྲེག་ཚེས་དྲུག། འབྱུང་རྩིས་བདུད་ཉི་བདུད་ལས་རྒྱལ།
།འཇིག་ཉི་མི་འཕྲོད་མི་མཐུན་ཉི།།
སྐར་རྩིས་ལུགས་ཀྱི་འཕྲོད་སྦྱོར་དྲུག་དང་། འབྱུང་རྩིས་ཀྱི་ལུགས་འཕྲོད་སྦྱོར་ལྔ་པོ་རིམ་བཞིན་འཆད་པར་ འགྱུར་རོ།། སྐར་རྩིས་ལུགས་ཀྱི་འཕྲོད་སྦྱོར་དྲུག་ལས་དང་པོ་འཕྲོད་ཆུང་ནི། གཟའ་དང་རྒྱུ་སྐར་གཉིས་ཀྱི་ཁམས་འཕྲད་ པའི་སྦྱོར་བ་སྟེ། དེ་དག་ལས་དང་པོ་གཟའི་ཁམས་ནི། ཉི་མ་མིག་དམར་མེ ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་རཱི་ འདོད། །ཕུར་བུ་སྒྲ་གཅན་རླུང་ཡིན་ལ། །པ་སངས་སྤེན་པ་ས་ཡི་ཁམས།། ཞེས་པ་ལྟར་དང་། སྐར་མའི་ ཁམས་ནི། སྨིན་དྲུག་རྒྱལ་དང་ཆུ་དང་གྲེ། །ས་ག་ཁྲུམས་སྟོད་བྲ་ཉེ་མེ། །སྣར་མ་ལྷ་མཚམས་སྣྲོན་ཆུ་ 23
སྨད། །གྲོ་བཞིན་བྱི་བཞིན་མོན་གྲུ་ས། །མགོ་དང་ནབས་སོ་དབོ་མེ་བཞི
། །ནག་པ་ས་རི་ཐ་སྐར་
རླུང་། །ལག་སྐག་སྣྲུབ་ས་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་ཆུ།། 7 ཞེས་པ་ལྟར་ཡིན་ལ། དེའང་དཔེར་ན། རུས་གཟའ་མིག་དམར་དང་སྐར་མ་སྨིན་དྲུག་ལྟ་བུ་འཛོམས་ན་ གཉིས་ཀ་མེ་ཁམས་ཡིན་པས་མེ་གཉིས་ནང་འཕྲད་ཀྱི་སྦྱོར་བ་འབྱུང་བ་ལྟ་བུའོ།། སྦྱོར་བ་དེ་དག་འཕྲད་པའི་འབྲས་བུ་ནི།
༈
ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ།། ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར།
།བདུད་རྩིས་སྦྱོར་བས་ཚེ་སྟོབས་འཕེལ།།
ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད།། བཟང་པོ་གསུམ་མོ།
མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད།། རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར། །ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ།། མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར།
།སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱེད།།
གསོ་ཐུབ་གསུམ་མོ།།
ས་རླུང་འཕྲད་པ་མི་འཕྲོད་སྦྱོར། །མི་འཕྲོད་སྦྱོར་བས་ཟས་ནོར་འཛད།། ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད།། ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད།། ངན་པ་གསུམ་མོ།།
7
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༡༢༨ བོད་གཞུང་སྨན་རྩིས་ཁང་། ༢༠༠༠
24
མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད།། ཐ་ཆད་གཅིག་སྟེ་དེ་དག་གི་འགྲེལ་བཤད་གོ་སླའོ།།8 ༈ གཟའ་དང་སྐར་མའི་འཕྲོད་ཆེན་ཉེར་བརྒྱད་ནི།
གཟའ་དང་སྐར་མ་རང་གི་ངོ་བོའམ་རང་བཞིན་འཕྲད་
པའི་སྦྱོར་བ་ཡིན་པས། དེ་དག་གི་སྤྱིའི་བཟང་ངན་ཙམ་ཞིག་ཞུ་ན་འདི་ལྟ་སྟེ།
གཟའ་དང་སྐར་མའི་འཕྲོད་ཆེན་ནི། །ཉེར་བརྒྱད་བཤད་པ་དེ་དག་ལས།། ཀུན་དགའ་དུལ་བ་སྐྱེ་རྒུ་གཞོན། །རྒྱལ་མཚན་དཔལ་བེ་གདུགས་གྲོགས་ཡིད།། འདོད་བྱ་བདུད་རྩི་སྟག་མྱོས་འཕེལ། །གླང་པོ་དང་བཅས་བཅུ་བཞི་བཟང་།། དུས་དབྱིག་བྱ་རོག་རྡོ་རྗེ་མདའ། །མཐོ་བ་འགལ་མེ་རྩ་ཏོན་མདུང་།། འཆི་བདག་གཏུན་ཤིང་ཟད་པ་གཡོ།
།བརྟན་པ་དང་བཅས་བཅུ་བཞི་ངན།།
རྒྱས་པར་གཞི་རྟེན་དཔེ་དེབ་ལ་གཟིགས་པར་ཞུ།9
འཕྲོད་ཆུང་འཕྲོད་ཆེན་དེ་གཉིས་ཀྱི། །ས་གོ་སོ་སོར་ངེས་ན་ཡང་།། དེ་ལྷག་སྦྱོར་གཞན་ས་གོ་གཅིག
།ཡོད་ན་ཀུན་འཛོམས་མེད་ན་མཆོངས།།
འཕྲོད་སྦྱོར་དེ་གཉིས་ནི། ཉིན་རུ་བཞིན་དུ་འཆར་བ་ཡིན་པས་ཚེས་ཁོངས་ནང་ས་གོ་སོ་སོར་ངེས་པར་ཡོད་ ཀྱང་། སྦྱོར་བ་ལྷག་མ་སྲེག་སྦྱོར་ལ་སོགས་པ་རྣམས་ཉིན་རུ་བཞིན་དུ་འོང་བའི་ངེས་པ་མེད་པས། གལ་ཏེ་ ཡོད་ན་གང་དང་གང་ཡོད་པ་རྣམས་འབྲི་ཞིང་། མེད་ན་ས་སྟོ ང་ལོགས་སུ་མ་བཞག་པར་འཕྲོད་ཆེན་གྱི་འོག་ ཏུ་སྦྱོར་བ་གང་ཡིན་བཀོད་པ་ཡིན་ནོ།།
8
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༡༢༨ བོད་གཞུང་སྨན་རྩིས་ཁང་། ༢༠༠༠
9
ཉིན་བྱེད་སྣང་བ། ༡༢༩ སློབ་དཔོན་རྟ་མགྲིན་ཚེ་དབང་། ལེགས་བཤད་བདེ་སྐྱིད་དཔལ་སྟེར། ༨༤ KMT
25
སྲེག་སྦྱོར་འཆི་སྦྱོར་གཉིས་པོ་ལ། །ལས་དང་བྱ་བ་གང་ཡང་ངན།། འགྲུབ་སྦྱོར་བདུད་རྩི་སྦྱོར་བ་སྟེ། །བྱ་བའི་ལས་རྣམས་ཅི་སྒྲུབ་བཟང་།། སྲེག་ཚེས་བཅུ་བཞི་གང་ཤར་ཡང་།།
དགེ་བའི་ལས་དང་གཏར་སྲེག་འཛེམ།།
ཚིག་དོན་གོ་སླ་ཞིང་སྦྱོར་བ་དེ་དག་འཆར་བའི་དུས་ནི་གཤམ་གྱི་རུའུ་མིག་ལྟར་རོ།། གཟའ།
སྐར་མ།
ཉི་མ།
ཟླ་བ།
མིག་དམར།
ལྷག་པ།
ཕུར་བུ།
པ་སངས།
སྤེན་པ།
སྦྱོར་བ།
མཆུ།
ས་ག
ལག
སྣུབས།
མོན་དྲེ།
སྣར་མ།
ཆུ་སྟོད།
སྲེག་སྦྱོར།
མེ་བཞི།
གྲོ་བཞིན།
ཐ་སྐར།
ལྷ་མཚཾས
རྒྱལ།
ནམ་གྲུ།
སྣར་མ།
འགྲུབ་སྦྱོར།
ལྷ་མཚཾས
སྨིན་དྲུག
མོན་གྲུ།
ཐ་སྐར།
མགོ།
སྣར་མ།
མེ་བཞི།
འཆི་སྦྱོར།
ཚེས།
ཚེས།
ཚེས།
ཚེས།
ཚེས།
ཚེས།
ཚེས།
༡༢་༢༧
༡༡་༢༦
༡༠་༢༥
༣་༡༨
༦་༢༡
༢་༡༧
༧་༢༢
སྲེག་ཚེས།
སྐར་རྩིས་ལུགས་ཀྱི་འཕྲོད་སྦྱོར་དྲུག་ལས་འཕྲོད་ཆུང་འཕྲོད་ཆེན་དང་། སྲེག་སྦྱོར་བཅས་གསུམ་ནི་ཐུན་མོང་ དྲང་སྲོང་བདུན་གྱི་ལུགས་དང་། འཕྲོད་ སྦྱོར་ལྷག་མ་འགྲུབ་སྦྱོར་འཆི་སྦྱོར་སྲེག་ཚེས་གསུམ་ནི་དུས་འཁོར་ ལས་བྱུང་བ་ཡིན་ནོ།།
༈ འབྱུང་རྩིས་ལུགས་ལས་བདུད་ཉི་བདུན། །དྲག་ལས་དགེ་ཞིང་བཟང་ལས་ངན།། བདུད་ལས་རྒྱལ་བར་སྤྱིར་བཟང་ཞིང་།
།ཁྱད་པར་ཕར་རྒོལ་ལས་ལ་བཟང་།།
འཇིག་ཉི་མི་འཕྲོད་མི་མཐུན་ཉིར།
།བག་མ་ཤིད་ཀྱི་བྱ་བ་འཛེམ།།
དེའི་ཚིག་དོན་གོ་སླ་ཞིང་སྦྱོར་བ་ལྔ་པོ་འཆར་ཚེས་ནི་གཤམ་འཁོད་རུའུ་མིག་ལྟར་རོ།། གཟའ།
སྐར་མ།
ཉི་མ།
ཟླ་བ།
མིག་དམར།
ལྷག་པ།
ཕུར་བུ།
པ་སངས།
སྤེན་པ།
སྦྱོར་བ།
སྨིན་དྲུག
ཐ་སྐར།
སྐག
ཆུ་སྟོད།
མགོ།
རྒྱལ།
མོན་དྲེ།
བདུད་ཉི།
སྣུབས།
གྲོ་བཞིན།
ཁྲུཾས་སྨད།
སྨིན་དྲུག
ནབས་སོ།
གྲེ།
ས་རི།
བདུད་རྒྱལ།
ས་ག
སྣྲོན།
ནམ་གྲུ།
མེ་བཞི།
སྣར་མ།
ནབས་སོ།
བྲ་ཉེ།
འཇིག་ཉི།
མོན་དྲེ།
ས་ག
ལྷ་མཚཾས
སྣྲོན།
གྲོ་བཞིན།
སྣར་མ།
བྲེ།
མི་འཕྲོད་ཉི།
སྣྲོན།
ཁྲུཾས་སྨད།
ཁྲུཾས་སྟོད།
བྲ་ཉེ།
ལྷ་མཚཾས
མཆུ།
ནམ་གྲུ།
མི་མཐུན་ཉི།
26
༈ གཞན་ཡང་གྲུབ་ཉི་ཟུང་སྦྱོར་དང་། །ཆུབ་ཉི་འཕེལ་ཉི་བཀྲ་ཤིས་ཉི།། མཐུན་ཉི་སྦྱོར་ཉི་བདུན་པོ་རྣམས། །མིང་གིས་བྱ་བ་གང་ཡིན་ཤེས།། འཕྲོད་སྦྱོར་བདུན་པོ་དེ་རྣམས་རང་རང་གི་མིང་ལ་བརྟེན་ནས་བཟང་ངན་གང་ཡིན་ཤེས་པར་ནུས་སྟེ། གྲུབ་ཉི་ ཞེས་བྱ་བ་ལྷུན་གྱིས་གྲུབ་པའི་དོན་ཡིན་པས་བཟང་བ་དང་། དེ་བཞིན་ ཟུང་སྦྱོར་ཞེས་པ་ཟུང་གཉིས་ལྷན་དུ་ སྦྱོར་བའི་དོན་ཡིན་པས་ཞི་རྒྱས་དབང་གསུམ་གྱི་ལས་ལ་བཟང་། ཆུབ་ཉི་ཞེས་པ་བྱ་བ་ཁོང་དུ་ཆུད་པའི་དོན་ ཡིན་པས་ཟུང་སྦྱོར་དང་མཚུངས།
འཕེལ་ཉི་ཞེས་པ་གོང་དུ་འཕེལ་བའི་དོན་ཡིན་པས་ཡོན་ཏན་དང་གོང་དུ་
འཕེལ་བའི་བྱ་བའི་ལས་རྣམས་བཟང་།
བཀྲ་ཤིས་ཉི་མ་ནི་ཕུན་སུམ་ཚོགས་པའི་དོན་ཡིན་པས་རབ་གནས་
དབང་བསྐུར་ལྷ་གསོལ་ལ་སོགས་པའི་བྱ་ལས་བཟང་བ་དང་།
མཐུན་ཉི་ཞེས་ཕན་ཚུན་མཐུན་སྦྱོར་ཡིན་
པས་བར་བསྡུམས་མཐུན་བསྒྲིག་གི་བྱ་བ་བཟང་། སྦྱོར་ཉི་ཞེས་པ་དགེ་བའི་ལས་ལ་སྦྱོར་བའི་དོན་ཡིན་པས་ ལྷ་གསོལ་ལ་སོགས་པ་བྱ་བ་བཟང་བ་ཡིན་ནོ། འཕྲོད་སྦྱོར་བདུན་པོ་དེ་དག་ཉི་སྣང་དུ་མེད་ཀྱང་འབྱུང་རྩིས་ཀྱི་གཞུང་གཞན་ནས་ཁ་སྐོང་གི་ཚུལ་དུ་བྱུང་བ་ ཡིན།10
༈
ལྔ་པ་སྦྱོར་བའི་འབྲས་བུ་ནི། །སེལ་བ་ཤིན་ཏུ་སྐྲངས་ཟུག་རྔུ།།
སྐྲངས་དང་ཀུན་འཇོམས་རྡོ་རྗེ་དང་།
།ཤིན་ལྟུངས་ཡོངས་འཇོམས་འཁོན་འཛིན་ངན།།
མཛའ་བོ་ཚེ་ལྡན་སྐལ་བཟང་དང་། །བཟང་པོ་ལས་བཟང་འཛིན་པ་འཕེལ།། ངེས་པ་དངོས་གྲུབ་མཆོག་ཅན་དགའ། །ཞི་བ་གྲུབ་པ་བསྒྲུབ་བྱ་དགེ།། དཀར་པོ་ཚངས་པ་དབང་པོ་སྟེ། །བཅོ་བརྒྱད་རྣམས་ནི་བཟང་བ་ཡིན།།
10
སློབ་དཔོན་རྟ་མགྲིན་ཚེ་དབང་། ལེགས་བཤད་བདེ་སྐྱིད་དཔལ་སྟེར། ༨༦ KMT
27
སྦྱོར་བ་ནི་ཉི་ཟླ་གཉིས་ཀྱི་བར་ཁྱད་དུས་ཀྱི་ལྷ་སྟེ། འདིར་བཟང་ངན་ཕྱོགས་བསྡོམས་ཙམ་མོ།།
༈ དྲུག་པ་བྱེད་པ་བཅུ་གཅིག་ལས། བྱེད་པ་གཞན་རྣམས་བཀོད་སྲོལ་མེད།། བིཥྚ་ལ་ནི་གཞན་གསོད་དང་། །དུག་སྦྱོར་རྩུབ་པའི་ལས་རྣམས་བཟང་།། རྒྱ་རྩིས་མྱུར་བར་རྟོགས་པ་ཞེས་བྱ་བའི་གཞུང་དུ་བིཥ་ཊི་ལའང་བཟང་ངན་འབྲིང་གསུམ་དབྱེ་བ་འདུག་མོད་ འོན་ཀྱང་ཡོངས་གྲགས་སུ་བིཥ་ཊི་འཆར་བའི་སྐབས་སུ་དྲག་ལས་མ་གཏོགས་པའི་ལས་གཞན་མི་རཱིང་བར་ གསུངས།།
༈ བདུན་པ་རྟེན་འབྲེལ་བཅུ་གཉིས་འབྲས།།མཐུན་མིན་དུས་འཁོར་ལུགས་ལྟར་ན།། མ་རིག་རྣམ་ཤེས་སྐྱེ་མཆེད་དང་། །ཚོར་ལེན་དྲུག་གི་ཡན་ལག་ནི།། མི་མམ་འབྲས་བུ་དགེ་བ་སྟེ། །ཞི་རྒྱས་དབང་དང་དགེ་ལས་ཤིས།། འདུ་བྱེད་མིང་གཟུགས་རུག་སྲེད་སྲིད།།
རྒ་ཤི་མམ་པ་དྲུག་མི་དགེ།།
བཟང་ངན་སྤྱིར་བཏང་ཙམ་སྟེ་གོ་སླའོ།།
༈ བརྒྱད་པ་གདོང་མཇུག་གནོད་པ་ནི། །སྐར་མའི་ཨང་ཀི་སྟེང་ཐད་དུ།། བརྒྱད་དགུ་གང་རཱིང་བྲིས་ནས་ནི། །གཡས་གཡོན་དྲང་ཐིག་འཐེན་པ་དང་།། དུ་སོལ་འཁྱུད་ཅེས་བྲིས་པ་རྣམས། །གདོང་མཇུག་གནོད་པ་དྲུག་པོ་ཡིན།། གཡས་མཆེ་གཡོན་ཆེ་ངན་པའི་རབ།། གདོང་ཚུགས་དུ་སོལ་ངན་པའི་འབྲིང་།། འཁྱུད་པ་འདི་ནི་ངན་པའི་ཐ། །དེས་ན་གནོད་དྲུག་ངེས་པར་འཛེམ།། 28
ཚེས་ཁོངས་ནང་གི་གཉིས་པ་སྐར་མའི་ཨང་ཀིའི་སྟེང་དུ་ཨང་གྲངས་བརྒྱད་པ་དང་དགུ་པ་གང་རཱིང་ཞིག་བྲིས་ ནས་མདའ་མཚོན་རིས་མོ་གཡས་སུ་ཕྱོགས་པ་ཞིག་དང་། གཡོན་དུ་ཕྱོགས་པ་ཞིག དེ་ནས་དྲང་པོར་ གནས་པ་གཅིག་བྲིས་པ་དེ་ནི་སྒྲ་གཅན་གདོང་མཇུག་གི་གཡས་མཆེ་དང་གཡོན་མཆེ་གདོང་ཚུགས་བཅས་ ཡིན་པ་དང་། ཡང་བརྒྱད་དགུ་གང་རཱིང་བྲིས་ནས་མེ་རིས་བྲིས་པ་ནི་གདོང་མཇུག་གང་རཱིང་གི་འཁྱུད་པ་དང་། འཁྱུད་པའི་ཚེས་གྲངས་འདིའི་གོང་གི་ཚེས་གྲངས་དེར་དུ་བ་ཞེས་བྲིས་པ་དང་། ཚེས་ཁོངས་འོག་མ་དེར་ སོལ་བ་ཅེས་བྲིས་པ་རྣམས་ནི་སྒྲ་གཅན་གྱི་གནོད་པ་དྲུག་པོ་དེ་ཡིན་ལ། འདི ་ལ་ཨང་ཀི་བརྒྱད་བྲིས་པ་ནི་སྒྲ་ གཅན་གདོང་དང་དགུ་བྲིས་པ་ནི་སྒྲ་གཅན་མཇུག་ཡིན་པར་ཤེས་དགོས། སྤྱིར་གནོད་
པ་དྲུག་ཆར་འཛེམ་
དགོས་པ་ཡིན་ཀྱང་ནང་གསེས་གཡས་མཆེ་གཡོན་མཆེ་གཉིས་ལ་གནོད་པ་ཆུང་བ་དང་། གདོང་ཚུགས་དུ་ སོལ་གསུམ་ལ་དེ་ལས་ཅུང་ཟད་ངན། འཁྱུད་པ་ནི་ངན་པའི་མཐར་ཐུག་ཡིན་པར་ངེས་པར་འཛེམ་དགོས།།
༈ དེ་ནས་འབྱུང་རྩིས་ལས་བྱུང་བའི།
།དགུ་པ་ཉི་མའི་འབྲས་བུ་ནི།།
སྟག་སྤྲེལ་གཉིས་ལ་མདུན་ཁྲོམ་དང་། །བྱ་ཡོས་གཉིས་ལ་ལྟད་སྟོན་སྤང་།། ཁྱི་འབྲུག་གཉིས་ལ་དམག་ཇག་དང་། །ཕག་སྦྲུལ་ཤིད་དང་ས་བརྐོ་ངན།། བྱི་རྟར་རྟ་རྒྱུག་དམར་ཤས་དང་། །གླང་ལུག་ཁྲི་བརྩིག་དར་འཕྱར་སྤང་།། ཉི་མ་གོང་འོག་རྣམ་གཉིས་ལས། །ཕྱི་དེ་རྒྱ་རྩིས་གསར་མའི་ལུགས།། དེ་ནས་ཤིང་བྱི་ཤིང་གླང་ལ་སོགས་པའི་ལོ་རྒན་དྲུག་ཅུ་བྲིས་པ་རྣམས་ནི་འབྱུང་རྩིས་ཀྱི་ཉི་མ་བཅུ་གཉིས་ལ་ ཤིང་མེ་ས་ལྕགས་ཆུ་ལྔའི་ཁམས་སྦྱར་ནས་བྲིས་པ་དང་། དེ་ཡང་གོང་འོག་གཉིས་ལས་གོ
ང་གི་འདི་ནི་རྒྱ་
རྩིས་རྙིང་མའི་ལུགས་ཡིན་པས་ཉིན་རུ་བཞིན་གྱི་ཉི་མ་བཅུ་གཉིས་ཀྱི་འབྲས་བུ་བལྟ་དགོས་ན་འདི་ལ་བལྟ་
29
དགོས། འོག་མ་དེ་རྒྱ་རྩིས་གསར་མའི་ལུགས་ཡིན་པས་རྒྱ་ནག་ས་གླང་གི་རིས་མོ་རྒྱབ་ན་འདི་དང་བསྟུན་ དགོས།
༈ བཅུ་པ་སྤར་ཁའི་འབྲས་བུ་ནི། །ལི་མི་ཁོན་ས་དྭ་ལྕགས་དང་།། ཁེན་གནམ་ཁམ་ཆུ་གིན་རི་དང་། །ཟིན་ཤིང་ཟོན་རླུང་སྤར་ཁ་བརྒྱད།། རང་རང་ཁམས་མཐུན་ལས་བཟང་ཞིང་། །ཁམས་དགྲའི་ལས་རྣམས་ངན་པ་ཡིན།། སྤར་ཁ་བརྒྱད་པོ་རང་རང་ཁམས་དང་སྦྱར་ནས་རང་རང་ཁམས་མཐུན་གྱི་ལས་རྣམས་བཟང་བ་སྟེ། དཔེར་ ན་སྤར་ཁ་ལི་མེ་ཤར་བའི་སྐབས་སུ་སྦྱིན་བསྲེག་དང་གསེར་ཁབ་རྒྱབ་པ།
ལྕགས་ལ་ཞུན་གཏོང་རྒྱུ་ལ་
སོགས་པའི་ལས་རྣམས་བཟང་བ་དང་། ཁམས་ཀྱི་དགྲ་སྟེ། མེ་དགྲ་ཆུ་ཡིན་པས་ཞིང་ལ་ཆུ་འདྲེན་པ་ལ་ སོགས་པའི་ཆུ་ལས་ངན་པ་ཡིན། འདིས་མཚོན་ནས་གཞན་རྣམས་ལའང་ཤེས་དགོས།།
༈ བཅུ་གཅིག་སྨེ་བའི་འབྲས་བུ་ནི། ཕྱོགས་བསྡོམས་ཙམ་ཞིག་འདི་ལྟ་སྟེ།། དཀར་གསུམ་དགེ་བའི་ལས་བྱས་བཟང་། །མྱ་ངན་མི་དགེའི་ལས་རྣམས་ངན།། དམར་གཉིས་ཚེ་སྒྲུབ་གཡང་འགུག་བཟང་། །ནོར་རྫས་འོད་ཅན་ཕྱིར་གཏོང་ངན།། ནག་མཐིང་ཀླུ་མཆོད་མཐུ་གཏད་བཟང་། །ས་བརྐོ་ཤིང་གཅོད་གསོལ་མཆོད་ངན།། ལྗང་སེར་རབ་གནས་གསར་སྒྲུབ་བཟང་།
།བྱིས་པ་སྒོར་འཁྲིད་སྟོན་མོ་ངན།།
ཚེས་ལ་འཆར་བའི་སྨེ་བ་སྟེ། འབྲས་བུའང་ཕྱོགས་བསྡོམས་ཙམ་སྟེ་གོ་སླའོ།།
30
༈ བཅུ་གཉིས་ས་བདག་གྲངས་མེད་ཀྱང་།།ཚེས་ཁོངས་འདིར་བཀོད་ངན་རྣམས་ཡིན།། ལོ་བདག་ཞག་དུས་ཀྱི་ས་བདག་བཞི་ལས། འདིར་བཀོད་པ་རྣམས་ནི་ཚེས་ལ་འཁོར་བའི་ས་བདག་དང་། དེའང་ངན་པ་རྐྱང་རྐྱང་ཡིན་པས་ས་བདག་དེ་དག་འཆར་བའི་སྐབས་གལ་ཆེའི་ལས་རྣམས་སྤོང་དགོས། དེ་དག་གི་སྤང་བླང་ཇི་ལྟར་བྱ་བའི་ཚུལ་ནི། ཉིན་བྱེད་སྣང་བ་ལས། བཅུ་གཉིས་ཚེས་ཀྱི་ས་བདག་ གི། །བཟང་ངན་བྱེ་བྲ ག་བཤད་པར་བྱ། ། ངམ་ཤིང་དགེ་བཤེས་ཆེ་འདོན་གྱི། །ཁྲི་བརྩིག་བཤད་སར་དམག་ ལས་སྤང་། །
དབུལ་ལག་མཁར་ལས་མགོ་འཛུགས་དང་། །བཤད་གསར་རྟེན་བཞེངས་རབ་ཏུ་
གནས། །བག་མ་བུ་འབོགས་སྒྱེད་བུ་འཛུགས། །ལྟད་སྟོན་ཐོག་འབུབས་དར་འཕྱར་བ། །ནོར་ཕྱུགས་ཕྱིར་ གཏོང་བང་མཛོད་འབྱེད།
།རོ་འདོན་ཞིང་འདེབས་ལ་སོགས་པ། །གསོན་གཤིན་ལས་རྣམས་ངན་པས་
འཛེམ། ། གཟའ་རྒོད་འབྱུང་བ་ཟས་འཚོལ་དུས། །བག་མ་གཏོང་ལེན་རོ་དྲང་བ། །བུ་བཙས་ནད་ཐེབས་ དྲག་ལས་ངན། ། ཟླ་ནག་མཐུ་གཏད་མནན་སེལ་དང་། །དགྲ་ལིང་འདྲི་སོགས་དྲག་ ལས་བཟང་། །མཁར་ ལས་བཤུ་འབུབས་རྟེན་བཞེངས་པ། །རབ་གནས་རབ་བྱུང་བག་མ་དང་། །ནོར་གཏོང་གསོན་གཤིན་ལས་ ཕལ་ངན། །ཉི་ནག་ངན་བྱེད་དྲག་ལས་ལ། །བཟང་བ་ཙམ་ སྟེ་དེ་ལས་གཞན། །གསོན་གཤིན་བྱ་བ་ཅི་བྱས་ ངན་། །ཁྱད་པར་དབང་རབ་བག་མ་མཁར་།
།དགེ་བཤེས་ཆེ་འདོན་དུར་གདབ་ཚོང་།
གཏོང་ལ་སོགས་ངན་། །བྱེ་བྲག་དམིགས་བསལ་སྤང་བྱ་ནི། །ཟླ
།ནོར་རྫས་ཕྱིར་
་བཤད་ནང་བཞིན་འཛེམས་པ་གཅེས།།
༼བར༽ བར་གནམ་ཧལ་ཁྱི་རྒྱུ་བའི་དུས། །བག་མ་ཐོག་འབུབས་རོ་སྲེགས་པ། །རྟེན་བཞེང་རབ་གནས་ སྒྱེད་བུ་འཛུགས།
།ལྟད་སྟོན་མཁར་ལས་དོན་གཉེར་སོགས། །ལས་རྣམ་ཀུན་དང་དར་འཕྱར་
འཛེམ། ། ཧལ་ཁྱི་ཟས་འཚོལ་དུས་སུ་ཡང་། །ཁྱི་ལེན་མཁར་ ལས་བག་མ་སྐྱས། །ལྟད་སྟོན་དམག་རོ་ གཤིན་ལས་འཛེམ། །གནམ་ཁྱི་ལ་ནི་རོ་གཏོང་བ། །ཆུང་དུར་མཁར་ལས་ཁྲོམ་ཤི ད་དམག །བྲེ་འཇལ་ལྟད་ སྟོན་འཕོ་སྐྱས་སོགས། །ལས་ཀུན་ངན་ཞིང་ཁྱད་པར་དུ། །བག་མ་གཏོང་ལེན་འཛེམས་པར་བྱ། ། ཀི་ཀང་ 31
མཁར་ལས་ལྟད་སྟོན་ཤིང་། །གཤིན་ལས་བག་མ་བུ་བཙས་དམག །བུ་ལོན་འཇལ་དང་ལེན་པ་ངན། ། པི་ ལིང་འཕར་མ་ཞེས་བྱ་བ། །ས་བདག་རྗེ་བློན་བཅུ ་གཅིག་པོ། བཟང་ངན་ཀུན་ལ་ཀོ་ལོང་སྡོམ། །མནན་ གཏད་ཟོར་འཕེན་སེ་བ་དབབ། །སེལ་དང་རླུང་འཁོར་འཛུགས་མདོས་གཏོར། །ཕར་རྒོལ་དྲག་པོའི་ལས་ ཀུན་བཟང་། །ཁོ་དང་བསྡོངས་ན་ཤིན་ཏུ་ཐེབས། །མཁར་ལས་མཆོད་རྟེན་བརྩིག་པ་དང་། །གཤིན་ལས་ ཤིད་བྱ་ཆེ་སར་འདོན། །བག་མ་བུ་བཙས་རབ་གནས་དང་། །ལྟད་སྟོན་ས་ལ ས་དུར་གདབ་སྐྱས། །ཕན་ ཤིང་འཛུགས་དང་དཀྱིལ་འཁོར་འབྲི། །དེ་སོགས་དགེ་བའི་ལས་ཀུན་འཛེམ། ། ནི། །སྟོན་མོ་ལ་ནི་བརྩི
་བར་བྱ། །
ས་སྒོ་གནམ་སྒོ་དུར་ཉི་དང་།
ཉི་མ་ངན་དང་ཟླ་འཁོར་
།ས་བདག་རྣམས་ལ་མཁར་ལས་
འཛེམ། ། གནམ་ཁྱི་བསྟན་མ་ཐེ་ཁྱིམ་དང། །སྐར་ངན་རྣམས་ལ་བག་མ་སྤང་། ། གཟའ་བདུན་ཟས་འཚོལ་ ཕོ་་འགྱེད། །ལྟད་སྟོན་ཤིང་བག་མཁར་ལས་སྐྱས། །ཁྱེ ་འུ་དགའ་སྟོན་ས་ལས་དང་། །བྱིས་པ་སྒོ་འཁྲིད་རོ་ འདྲེན་ངན། །ཕུང་པོ་ ཟོར་ཐོགས་ཉི་མ་ལ། །རོ་དྲང་དུར་གདབ་འཕུང་སར་འགྲོ། །སྒྲུབ་པ་དབང་བསྐུར་སྡོམ་ པ་འབོགས། །ཆོས་འཆད་མཁར་ཐབ་རང་འཐག་འཛུགས། །དོན་གཉེར་བྱིས་པ་སྒོ་ ཁྲིད་བག །དགེ་ལས་ སྟོན་ཤིང་འདུ་ལོངས་སོགས། །གསོན་གཤིན་བྱ་ཕལ་ཆེར་འཛེམ། ། ༼ནག༽ ནག་ཆུང་ལྟད་མོ་བག་མ་ ཤིད། །རབ་གནས་དཀར་ཕྱོགས་སྒྱེད་འཛུགས་དང་། །ལམ་ཞུགས་ནོར་རྫས་ཕྱིར་གཏོང་བ། །བུ གསོན་གཤིན་ལས་ཀུན་འཛེམ། ༼དྲ༽
་བཙས་
།རཱ་ཧུ་ནག་པོའི་འབྲས་རྩིས་ནི། །དྲག་ལས་མ་གཏོགས་ཀུན་ལ་ངན །།
དྲ་ཆེན་རྒྱུ་དུས་བག་མ་དང་། །སྟོན་མོ་དམག་རོ་བསྒུལ་བསྐྱོད་སྤང། གནམ་སྦྱོར་བཟང་གསར་
མམ་སྦྱོར་དང་། །རོ་དུར་བག་མའི་ལས་རྣམས་འཛེམ། ། ས་བདག་ཟིན་ཕུང་ནག་པོ་ནི། །ལས་དང་བྱ་བ་ ཀུན་ལ་ངན། །བུ་སྐྱེས་འཆི་ཞིང་ཕ་མ་འབྲལ། །དྲག་པོའི་ལས་ལ་འདི་དང་བསྟུན། །གདོང་ཐུག་མི་བྱ་ངེས་ པར་ཐེབས་། ། ལྷ་དགུ་འཚོག་སར་ཟོར་གཏད་དང་། རོ་དང་བག་མ་ལ་སོགས་འཛེམ། ། ལྷ་ལྔ་འཚོག་སར་ གསོན་གཤིན་ལས། ། ཁྱིམ་གྱི་འདུ་འཚོག་སྤང་བྱ་ཞིང་། །ཟོ ར་གཏད་ ཁྲམ་སེར་དྲག་ལས་བཟང་། །ཚེས་ ནག་བྱ་བ་སྤྱི་ལ་བྱོལ། །
ཚེས་གན་གསོན་གཤིན་བྱ་བར་ཟློས། ། 32
ཞག་ངན་འདུས་བྱས་བྱ་བའི་
རིགས། །ཁྱད་པར་ནོར་རྫས་མི་བཏང་ངོ། ། སྤྱིར་ན་ཉི་ཚེས་དུས་ཚོད་ལ། །དབང་བའི་དྲག་པོའི་ས་བདག་ རྣམས། །དགེ་ལས་གསོན་གཤིན་བྱ་བར་འཛེམ།
དྲག་ལས་རྒྱུ་ཕྱོགས་བསྟུན་པས་ཐེབས།།
ཞེས་
གསུངས།11
སྡེ་བརྒྱད་ཐེབས་དུས་མདོས་གཏོར་ཟོར། །མཐུ་གཏད་སྲེག་མནན་དམག་ཇག་སོགས།། ཕར་རྒོལ་དྲག་པོའི་ལས་རྣམས་བཟང་། །བཟློག་དུས་དེ་རྣམས་སྤང་བར་བྱ།། ཀླུ་ཐེས་དུས་སུ་ཆར་དབབ་པ། །ཀླུ་ཆོག་ཀླུ་གཏོར་ལ་སོགས་བཟང་།། གོ་སླའོ།།
༈ བཅུ་གསུམ་གནམ་སྒོའི་འབྲས་བུ་ནི།།རང་རང་མིང་མཐུན་ལས་རྣམས་སྤང་།། དཔེར་ན་མགྲོན་གྱི་གནམ་སྒོ་ལ། །མགྲོན་དུ་འགྲོ་ན་ངན་ལྟར་རོ།། གནམ་སྒོ་བཅུ་སྟེ། མགྲོན་ཚོང་བུ་དམག་གཉེན་དང་ནི། །མཁར་བག་དུར་ཤིད་སྤྱི་ད ང་བཅུ།། དེ་དག་ཚེས་ པ་གཅིག་ནས་བཅུའི་བར་དུ་རིམ་བཞིན་འཆར་བ་དང་། ཚེས་པ་བཅུ་གཅིག་ནས་ཉི་ཤུ་དང་། ཡང་ཉེར་ གཅིག་ནས་གནམ་གང་བར་དུ་སྟེ་ཟླ་བ་རུ་ལ་ལན་གསུམ་རུ་འཆར་བས། དེ་དག་རང་རང་ཤར་བའི་སྐབས་ སུ་རང་གི་མིང་དང་མཐུན་པའི་ལས་རྣམས་སྤོང་དགོས། དཔེར་ན་ཚེས་པ་གཅིག་ལ་མགྲོན་གྱི་གནམ་སྒོ་ ཤར་བས་མགྲོན་དུ་འགྲོ་མི་རཱིང་བ་ལྟ་བུའོ།།
༈
དེ་ནས་ཉེ་བར་མཁོ་བ་ཡི། །རྣམ་གཞག་ཅུང་ཟད་བཤད་པར་བྱ།།
གཟའ་སྐར་གཉིས་པོ་བཟང་བ་ལས། །འཕྲོད་བཟང་བྱུང་ན་ལེགས་པ་སྟེ།། དེ་ཕྱིར་འཕྲོད་སྦྱོར་སྤྱི་དང་ནི། །དུས་སྦྱོར་འབྲས་བུ་བརྟག་པ་གཅེས།། 11
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༡༣༨ བོད་གཞུང་སྨན་རྩིས་ཁང་། ༢༠༠༠
33
གཟའ་སྐར་བལྟ་བའི་ཚེ། གཟའ་ཚེས་སྐར་མ་སོ་སོར་བཟང་ན་ཡང་འཕྲོད་སྦྱོར་ངན་པ་བྱུང་འདོད་དོན་འགྲུབ་ པར་མི་འགྱུར་བ་དང་། དེ་དག་བཟང་ན་ཡང་ས་ས་བདག་ངན་པ་དང་། སྒྲ་གཅན་གྱི་ནོད་པ་བྱུང་ན་ངན་པར་ འགྱུར་བས། ཚེས་གཟའ་སྐར་མ་ལས་ཀྱང་འཕྲོད་བཟང་གཙོ་ཆེ་བ་དང་། དེའི་སྟེང་དུ་ས་བདག་དང་གནོད་ དྲུག་ལས་གདོང་ཚུགས་དང་འཁྱུད་པའི་གནོད་པ་མེད་པ་ཞིག་ངེས་པར་འཚོལ་དགོས།།
དེའང་བཻ་དཀར་ལས། ཚེས་ལ་ཡོན་ཏན་གཅིག་ཡིན་ཏེ། །གཟའ་ལ་བཞི་འགྱུར་སྐར་མ་བརྒྱད། །དུས་སྦྱོར་ ཡོན་ཏན་བྱེ་བ་ཞེས། །གསུངས་ཀྱང་ཕུག་པའི་ལུགས་ཇི་བཞིན། །མ་མས་བླང་ཚུལ་འདི་ལྟར་བྱ། །རིམ་
སྟོབས་གོང་དུ་བརྗོད་པ་ལྟར། །གཟའ་སྐར་བཟང་ངན་མ་མཚུངས་ན། །དེ་ཚེ་གཟའ་དེ་ག ཙོ་བ་ཡིན་། །སྐར་ ཚེས་འབྲས་བུ་མ་མཚུངས་ན། །སྐར་མ་དེ་ཉིད་གཙོ་བས་ཤེས། །སྦྱོར་བྱེད་ ལས་ཐབས་མ་གཅིག་ན། །ཤིན་ ཏུ་གན་ཕྱིར་བྱེད་པ་གཙོ། །ཉི་མ་དུས་ཚོད་མི་འདྲ་ན། །དུས་ཚོད་མཚོན་ཆ་རྣོ་བས་གཙོ། །ཐམས་ཅད་ བཟང་ངན་མི་འདྲ་ན། །གང་
ཚེ་འཕྲོད་ཉིད་གཙོ་བོར་བཟུང་།
།དམིགས་བསལ་བྱུང་ན་དེ་ཉིད་
གཙོ། །དམིགས་བསལ་མེད་ན་ཕྱོགས་སྡེབས་གཙོ། །བཟང་ངན་འབྲས་བུ་གང་དང་གང་། །ཅིས་ཀྱང་ མཚུངས་པར་མ་གྱུར་ན། །མང་ཉུང་སྟོབས་ཀྱི་ཁྱད་པར་བརྩི། །
རཱ་ཧུ་ལ་དང་རུས་གཟའ་དང་། །རྒྱུ་སྐར་
ཚེས་དང་བྱེད་པ་སྦྱོར། །ཉི་མ་བཅུ་པོ་རིམ་པ་བཞིན། །སྔ་མ་སྔ་མ་སྟོབས་ཆེ་ཞིང་། །ཕྱི་མ་ཕྱི་མ་ནུས་པ་
ཆུང་། །དེ་དག་ཀུན་གྱི་ནུས་པ་ཡང་ ། །ཏཏྐཱལ་དུས་སྦྱོར་དེ་ལ་ཚང་། །དམིགས་བསལ་གཙོ་བའི་རྒྱུ་མཚན་ ཡང་། །དཔེར་ན་བཟོ་བོའི་ཆ་ལག་འདྲ། །མཐུན་འཕྲོད་གཙོ་བའི་རྒྱུ་མཚན་ནི། གང་ཚེ་གཉིས་ཀྱི་གྲོས་ མཐུན་བཞིན། །དུས་སྦྱོར་གཙོ་བའི་རྒྱུ་མཚན་དག །གཟའ་སྐར་བྱེད་སྦྱོར་བཞི་ཡི་ལས།
།དུས་སྦྱོར་དེ་ཡི་
ཁྱིམ་ལ་ཚང་། །དེ་ཕྱིར་དུས་སྦྱོར་གཙོ་བོར་བཟུང་།། ཞེས་གསུངས། 12
༈ རུས་གཟའི་གནས་སུ་ཤར་བའི་གཟའ། །དེ་རིང་བརྩི་བ་ད་ལྟའི་ལུགས།། དེ་ཉིད་འདས་པར་བཏང་བ་དེ། །འདས་གཟའ་མཁན་གྱི་རྩིས་ལུགས་ཡིན།། ལག་ལེན་གང་ཐིག་མི་ཤེས་ཀྱང་།
12
།ཁུངས་དང་རྒྱུ་མཚན་འདས་རྩི་བཙན།།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཻ་དཀར་སྨད་ཆ། ༣༧༦ ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༧
34
འབྲུག་གཟའ་དང་བོད་གཟའ་གཉིས་ཀྱི་བརྩི་ལུགས་ནི། དེ་རིང་ཉིན་མོའི་རུས་གཟའི་གནས་སུ་ཤར་བའི་
གཟའ་འདི་ཉིད་ དེ་རིང་ཉིན་མོའི་གཟའ་ཡིན་པར་བརྩི་ཚུལ་དེ་བོད་ཀྱི་ད་ལྟ་བའི་བརྩི་ལུགས་ཡིན་ལ། འདི་
ཉིད་འདས་པར་བཏང་ནས་རུས་གཟའ་འོག་མ་བརྩི་བ་དེ་འབྲུག་གི་རུས་གཟའ་འདས་པའི་བརྩི་ལུགས་ཡིན། རུས་གཟའ་འདས་པར་གཏོང་དགོས་པའི་རྒྱུ་མཚན་ནི། སྐར་རྩིས་རིག་པའི་འགྲོ་ལུགས་ལྟར་ན་ཚེས་མ་
གཏོགས་པའི་གཟའ་དང་སྐར་མ་སྦྱོར་བ་དོན་ཁྱིམ་ལ་སོགས་པ་ཡོངས་རྫོགས་ཀྱི་སྐབས་སུ་གོང་གི་ཨང་ཀི་
གང་འཆར་བ་དེ་འདས་པར་བཏང་ནས་འོག་མ་དེ་བརྩི་དགོས། དཔེར་ན་སྐར་མའི་གནས་སུ་གཅིག་ཤར་ན། གཅིག་དེ་སྐར་མ་ཐ་སྐར་ཡིན་པས་དེ་ཉིད་འདས་པར་བཏང་ནས་སྐར་མ་བྲ་ཉེ། སྦྱོར་བ་གཅིག་ཤར་ན་དེ་
ཉིད་སྦྱོར་བ་སེལ་བ་ཡིན་པས་དེ་ཉིད་འདས་པར་བཏང་ནས་སྦྱོར་བ་མཛའ་བོ ། དོན་ཁྱིམ་གཅིག་ཤར་ན་དེ་
ཉིད་ལུག་གི་ཁྱིམ་ཡིན་པས་དེ་ཉིད་འདས་པར་བཏང་ནས་གླང་གི་ཁྱིམ་སོགས་ཡིན་པ་ལ། གཟའ་གཅིག་པོ་ ད་ལྟ་བར་བཞག་དགོས་པའི་རྒྱུ་མཚན་མེད། སྐར་རྩིས་རིག་པའི་འབྱུང་ཁུངས་རྒྱ་གར་ཡིན་པས་རྒྱ་གར་གྱི་ ལུགས་ལའང་རུས་གཟའ་འདས་པར་བརྩི་བ་མ་གཏོགས་ད་ལྟ་བའི་བརྩི་སྲོལ་མི་འདུག། འོན་ཀྱང་རྒྱ་གར་
གྱི་ཟླ་ཐོ་ནང་དུ་སྤྱི་ལོ་༢༠༡༢ཟླ་བ་གསུམ་པ་ནག་ཟླའི་ཚེས་གཅིག་གི་རུས་གཟའི་གནས་སུ་ཐིག་ཤར་འདུག་
པས་ཐིག་དེ་ནི་རུས་གཟའ་སྤེན་པ་ཡིན་ལ། སྤེན་པ་དེ་འདས་ འདས་པར་བཏང་ནས་རུས་གཟའ་ཉི་མར་བརྩི་ འདུག།
འབྲུག་ལུགས་རབ་གནས་ཆུ་འབྲུག་ལོའི་ཟླ་བ་གསུམ་པའི་ཚེས་པ་གཅིག་དང་གཉིས་ཀྱི་ལྔ་བསྡུས་རིས་མོ།
༡
ཟླ ཐ་སྐར ཆུ་རླུང ཟད ལུག་གི་༡ནས་ བྲ་ཉེ མེ་ཆུ གཡོ སེལ གཟུགས ལྕགས་སྟག ལི༤ ར མགྲོན ཆུ་གླང་ ༡ ༡༨ ༢༦
༠ ༢༣ ༤༥
༡ ༡༨ ༢༠
༣ ༤༢ ༥
༤ ༢༠ ༤༠
༠ ༥༠ ༥༦
22-4-2012
མིང་
༢ མིར བྲ་ཉེ གཏུན་ཤིང་ མི་མཐུན་ཉི སྤྲེལྱི༡ནས་ སྨིན་དྲུག མེ༢ གླང་པོ སྦྱོར་ཉི རྡོ་རྗེ མཛའ རྣམ་ཤེས ཆུ་ཡོས ཁོན༥ ཚོང ཤིང་སྟག
དུ ༨
༢ ༢༢ ༣༩
༡ ༣༥ ༩
༠ ༩ ༤༥
༡ ༤༤ ༥༤
༢ ༢༨ ༡༣
༠ ༤༦ ༢༠
23
བོད་འབྲུག་གཉིས་ཀྱི་ཟླ་ཐོ་ནང་དུ་ལོ་འདིའི་ཟླ་བ་གསུམ་པའི་ཚེས་པ་གཅིག་གི་རུས་གཟའི་གནས་སུ་ གཅིག་ཤར་འདུག་པས།
གཅིག་དེ་ནི་རུས་གཟའ་ཉི་མ་ཡིན་པ་ལ།
བོད་པས་ད་ལྟ་བའི་བརྩི་ལུགས་བྱས་
ནས་རུས་གཟའ་ཉི་མར་བརྩི་བ་དང་། འབྲུག་པས་ རུས་གཟའ་འདས་པའི་བརྩི་ལུགས་བྱས་ནས་གཟའ་ཟླ་ 35
བར་བཏང་འདུག།
དེའི་ཞིབ་འཚོལ་མཐིལ་ཕྱིན་བྱེད་དགོས་བྱུང་ན་རྒྱ་བོད་འབྲུག་གསུམ་གྱི་ལུགས་ཆ་ཚང་
ལ་ཞིབ་འཚོལ་གནང་དགོས། སྤྱིར་ནས་འཛམ་གླིང་ཤར་ཕྱོགས་ཀྱི་རུས་གཟའ་ཟླ་བའི་སྔ་དྲོ་དེ་འཛམ་གླིང་ནུབ་ཕྱོགས་པའི་རུས་གཟའ་ཉི་ མའི་དགོངས་མོ་ཡིན་པ་འཛམ་གླིང་ཀུན་གྱི་ཤེས་གསལ་ལྟར་ཡིན་པས། རྒྱལ་ཁབ་གཞན་དང་རུས་གཟའ་ མི་འདྲ་ནའང་གནོད་སྐྱོན་ཡོད་ཚོད་མི་འདུག
དེས་ན་ལག་ལེན་གང་ཐིག་མི་ཤེས་ཀྱང་། །ཁུངས་དང་རྒྱུ་
མཚན་འདས་རྩིས་བཙན།། ཞེས་སྨོས་པ་ཡིན། གཞན་ཡང་རུས་གཟའ་ཉི་མའི་རྗེས་སུ་ཟླ་བ་མིག་དམར་ལ་སོགས་པ་རིམ་བཞིན་འོང་དགོས་པའི་རྒྱུ་མཚན་ ལ་བསམ་ན་རུས་གཟའ་གང་ཡིན་ལ་རྩ་ཆེན་བརྩི་དགོས་དོན་མི་འདུག དེའང་ཇི་ལྟར་ཞེ་ན། སྐར་རྩིས་ རིག་པའི་ལུགས་ལ་ས་གཞི་ལྟེ་བར་འཛིན་པ་ཡིན་པས། ས་གཞི་ལྟེ་བའི་གྲུབ་མཐའ་ལྟར་ན་གཟའ་རྣམས་ ནང་ནས་ཕྱི་རིམ་བཞིན། ཟླ་བ། ལྷག་པ། པ་སངས། ཉི་མ། མིག་དམར། ཕུར་བུ། སྤེན་པ་བཅས་དང་། ཕྱི་ནས་ནང་རིམ་བཞིན་སྤེན་པ་ནས་ཟླ་བའི་བར་གནས་ཡོད་འདི་ལྟར་གནས་ཡོད།
36
གྲུབ་མཐའ་དེ་གཞིར་བཟུང་བྱས་ནས་རུས་གཟའ་གོ་རིམ་བསྒྲིག་པའི་ཚེ་ཉི་མའི་གྲུབ་མཐའ་ལས།
སྤེན་པ་
ནས་ནི་གོ་རིམ་བཞིན། །བཞི་པ་དེ་ནི་ཉིན་ཞག་བདག། 13 ཅེས་གསུངས། དེའི་དོན་ནི། སྤེན་པ་ནས་ནང་ དུ་རིམ་བཞིན་བརྩིས་པའི་བཞི་པ་བཞི་པ་དེ་ནི་ཉིན་ཞག་གི་བདག་པོ་རུས་གཟའ་ཡིན་ཞེས་པའི་དོན་ཡིན་ པས། སྤེན་པ་ནས་བརྩི་པའི་བཞི་པ་དེ་ཉི་མ་ཡིན་པས་རུས་གཟའི་དང་པོ་ཉི་མ། དེ་ནས་ཉི་མ་རང་ནས་ བརྩིས་པའི་བཞི་པ་ཟླ་བ་ཡིན་པས་རུས་གཟའ་གཉིས་པ་ཟླ་བ་སོགས་ཡིན། འོན་ཀྱང་ས་གཞི་ལྟེ་བའི་གྲུབ་མཐའ་དེ་ནི་སྣང་ཚུལ་གྱི་གྲུབ་མཐའ་ཡིན་ལ། གནས་ཚུལ་ལྟར་ན་ཉི་མ་ལྟེ་བ་ ཡིན་པས་འདིའི་ལུགས་ལྟར་ན། གཟའི་གནས་སྟ ངས་ནང་ནས་ཕྱི་རིམ་བཞིན། ཉི་མ། ལྷག་པ། པ་ སངས། ཟླ་བ། མིག་དམར། ཕུར་བུ། སྤེན་པ་བཅས་གནས་ཡོད། འདི་ལ་རུས་གཟའི་གོ་རིམ་གྱི ་རྩ་བ་ དེ་སྦྱོར་དང་། རུས་གཟའི་གོ་རིམ་འདི་ལྟར་འོང་། དང་པོ་ཟླ་བ། གཉིས་པ་ ཉི་མ། གསུམ་པ་མིག་དམར། བཞི་པ་ལྷག་པ། ལྔ་པ་ཕུར་བུ། དྲུག་པ་པ་སངས། བདུན་པ་སྤེན་པ་བཅས་འོང་། དེས་ན་སྣང་ཚུལ་དང་ གནས་ཚུལ་གཉིས་ལས་འདམ་ཁ་རྒྱབ་དགོས་བྱུང་ན་ང་ནི་གནས་ཚུལ་གང་ཡིན་པ་དེ་འདམ་ཁ་རྒྱབ་རྒྱུ་ཡིན་ པས། སྣང་ཚུལ་གྱི་རུས་གཟའ་ལ་རྩ་ཆེན་བྱ་དགོས་མི་འདུག་གོ།
༈ ཉིན་ཞག་གཅིག་གི་དུས་ཡུན་དེ། །ལག་འཁོར་ཆུ་ཚོད་ཉེར་བཞི་ཡིན།། དེ་ཉིད་རྩིས་ཀྱི་དབང་བྱས་ན། །རྩིས་ཀྱི་ཆུ་ཚོད་དྲུག་ཅུ་ཡིན།། ཉིན་ཞག་གཅིག་དུས་ཡུན་དེ་ལག་འཁོར་ཆུ་ཚོད་ཉེར་བཞི་ཡིན་ཀྱང་། རྩིས་ཀྱི་ཆུ་ཚོད་ཀྱི་དབང་དུ་བྱས་ན་ཆུ་ ཚོད་དྲུག་ཅུ་ཡོད་དོ།།
13
ཉི་མའི་གྲུབ་མཐའ་ལེའུ་བཅུ་གཉིས་པ་གོ་ལའི་ལེའུ། Surya Siddhanta 321 Chaukhamba Surbharati Prakashan Varanasi 2004
37
རྩིས་ཀྱི་ཆུ་ཚོད་དེ་དག་ལག་འཁོར་ཆུ་ཚོད་དུ་ཕབ་བསྒྱུར་བྱེད་སྟངས།
རྩིས་ཀྱི་ཆུ་ཚོད་ཇི་ཡོད་པ། །ཉེར་བཞིས་བསྒྱུར་ཞིང་དྲུག་ཅུས་བགོས།། ཐོབ་ནོར་ལག་འཁོར་ཆུ་ཚོད ་དེ། །སྔ་དྲོ་ཆུ་ཚོད་ལྔ་ནས་བརྩི།། རྩིས་ཀྱི་ཆུ་ཚོད་དེ་དག་ལག་འཁོར་ཆུ་ཚོད་ལ་ཕབས་པའི་ཚེ། གཟའ་འོག་སྐར་འོག་གི་ཆུ་ཚོད་གང་ཡིན་ཡང་ རཱིང་། ཆུ་ཚོད་ཇི་ཙམ་ཡོད་པ་དེ་དག་ཉེར་བཞིས་བསྒྱུར་ཞིང་། དྲུག་ཅུས་བགོས་པའི་ཐོར་ནོར་གང་ཡིན་པ་དེ་ ནི་ལག་འཁོར་ཆུ་ཚོད་ཡིན་ལ། ཐོབ་ནོར་ལག་འཁོར་ཆུ་ཚོད་དེ་དག་སྔ་དྲོ་ཆུ་ཚོད་ལྔ་པའི་སྟེ
ང་དུ་བསྣན་
དགོས། དཔེར་ན་ཐོབ་ནོར་ལག་འཁོར་ཆུ་ཚོད་ལྔ་ལྟ་བུ་ཡིན་ན། དེ་ཉིད་སྔ་དྲོ་ཆུ་ཚོད་ལྔ་པའི་སྟེང་དུ་བསྣན་ ཚེ་ཆུ་ཚོད་བཅུ་པར་འགྲོ་བ་ལྟ་བུ་ཡིན། ཕབས་བསྒྱུར་བྱེད་སྟངས་གཞན།
ཡང་ན་རྩིས་ཀྱི་ཆུ་ཚོད་དེ། །ལྔས་བགོས་ཐོབ་ནོར་ཇི་ཡོད་པ།། ནམ་ལངས་ཡོས་ནས་འགོ་བཟུང་སྟེ།
།ལོ་རྟགས་རུ་རུ་བགྲང་རྒྱུ་ཡིན།།
ཡང་ན་གཟའ་འོག་སྐར་འོག་གི་ཆུ་ཚོད་གང་ཡོད་པ་དེ་དག་ཐད་ཀར་ལྔས་བགོས་ནས་ཐོབ་ནོར་གང་ཡིན་པ་ རུ་རུ་ལ། ནམ་ལངས་ཡོས་ནས་འགོ་བཟུང་བའི་དུས་ཚོད་རུ་རུ་བགྲང་དགོས།། དཔེར་ན་ཐོབ་ནོར་གསུམ་ ལྟ་བུ་ཡིན་ན། གསུམ་པོ་དེས་ནམ་ལངས་ཡོས། ཉི་ཤར་འབྲུག ཉི་དྲོད་སྦྲུལ་ཅེས་ལོ་རྟ གས་གསུམ་བགྲང་ བ་ལྟ་བུ་ཡིན། ཚེས་ཀྱི་འཕོ་མཚམས་དང་འབྲེལ་བའི་གཟའ་འོག་ཆུ་ཚོད་ཕབས་བསྒྱུར་བྱེད་སྟངས།
༈ གཟའ་འོག་ཆུ་ཚོད་གང་ཡོད་པ། །ནམ་ལངས་ནས་ནི་འགྲོ་རྒྱུ་ཡིན།། དཔེར་ན་ཆུ་ཚོད་བཅུ་ཡོད་ན། །བསྒྱུར་ཞིང་བགོས་པའི་ཐོབ་ནོར་བཞི།། 38
ནམ་ལངས་ཆུ་ཚོད་ལྔ་པ་ནས།། བཟུང་སྟེ་དགུ་པ་ཟིན་ཚེ་རྫོགས།། ཡང་ན་བཅུ་པོ་ལྔས་ཐོབ་གཉིས། །ཡོས་འབྲུག་གཉིས་ཟད་ཚེས་དེ་རྫོགས།། དེ་ནས་ཚེ་ལ་འཁོར་བ་ཡི། །ས་བདག་སོགས་ཀྱང་འཕོ་བ་ཡིན།། གཟའ་འོག་ཆུ་ཚོད་མ་འོངས་པ་ཡིན་པས་ནམ་ལངས་ཀྱི་སྐབས་ནས་འགོ་བཟུང་སྟེ་འགྲོ་རྒྱུའི་ཆུ་ཚོད་ཡིན། དེ་ཉིད་ལག་འཁོར་ཆུ་ཚོད་ལ་ཕབས་པའི་ཚེ། ཆུ་ཚོད་༡༠ཡོད་པའི་དབང་དུ་བཏང་ན་དེ་ནི་གོང་དུ་ཞུས་པ་ལྟར་ ཉེར་བཞིས་བསྒྱུར་ཚེ་༢༤༠དང་། དེ་ནི་དྲུག་བཅུས་བགོས་ཚེ་ཐོབ་ནོར་༤ཡིན། དེ་ནི་ཆུ་ཚོད་ལྔ་པའི་སྟེང་དུ་ བསྣན་ཏེ་ཚུ་ཚོད་༩པ་ཟིན་པའི་ཚེ་དེ་རིང་གི་ཚེས་དེ་རྫོགས་པ་ཡིན། ཡང་ན་རྩིས་ཀྱི་ཆུ་ཚོད་བཅུ་པོ་ལྔ་ཡིས་ བགོས་ཚེ་ཐོབ་ནོར་གཉིས། དེ་ནི་ནམ་ལངས་ཡོས། ཉི་ཤར་འབྲུག་ཅེས་ ལོ་རྟགས་གཉིས་ཀྱི་ཆུ་ཚོད་བཞི་སྟེ་ ཆུ་ཚོད་དགུ་པ་ཟིན་ཚེ་ཚེས་དེ་རྫོགས་པ་ཡིན། ཚེས་དེ་རྫོགས་པ་ན་ཚེས་དེ་ལ་འཁོར་བའི་ས་བདག་དང་། བྱེད་པ་བཅུ་གཅིག འབྱུང་རྩིས་ཀྱི་ཉི་མ། སྤར་ ཁ། སྨེ་བ། གནམ་སྒོ་དང་བཅས་ཆ་ཚང་རྫོགས་པ་ཡིན།། སྐར་མའི་འཕོ་མཚམས་དང་འབྲེལ་བའི་སྐར་འོག་ཆུ་ཚོད་ཕབས་བསྒྱུར་བྱེད་སྟངས།
༈ སྐར་འོག་ཆུ་ཚོད་གང་ཡོད་པ། །ནམ་ལངས་སྐབས་སུ་འདས་པ་ཡིན།། དེ་ཉིད་དྲུག་ཅུ་ལས་ཕྲི་ལྷག །ནམ་ལངས་ནས་ནི་འགྲོ་རྒྱུ་ཡིན།། དཔེར་ན་སྐར་འོག་ཆུ་ཚོད་བཅུ། །དྲུག་ཅུ་ལས་ཕྲི་ལྔ་བཅུ་དེ།། བསྒྱུར་ཞིང་བགོས་པའི་ནོར ་ཉི་ཤུ། །ལྔར་བསྣན་དང་པོ་ཟིན་ཚེ་རྫོགས།། སྐར་མའི་འོག་གི་ཆུ་ཚོད་དེ་སྔ་དྲོ་ནམ་ལངས་ཀྱི་སྐབས་སུ་འདས་པའི་ཆུ་ཚོད་ཡིན། འདས་པའི་ཆུ་ཚོད་དེ་ ཉིད་དྲུག་ཅུ་ལས་ཕྲི་བའི་ལྷག་མ་ནི་མ་འོངས་པའི་ཆུ་ཚོད་ཡིན། དེས་ན་མ་འོངས་པའི་ཆུ་ཚོད་དེ་ལ། 39
སྔར་
གཟའ་འོག་ཆུ་ཚོད་ཀྱི་སྐབས་སུ་བཤད་པའི་ཕབས་བསྒྱུར་ལྟར་དུ་བྱས་ནས་སྐར་མའི་འཕོ་མཚམས་རྟོགས་ ནུས་ཏེ། དཔེར་ན་སྐར་མའི་འོག་ལ་ཆུ་ཚོད་བཅུ་ལྟ་བུ་ཡོད་ན།
འདས་པའི་ཆུ་ཚོད་བཅུ་པོ་དེ་དག་དྲུག་ཅུ་
ལས་ཕྲི་བས་མ་འོངས་པའི་ཆུ་ཚོད་ལྔ་བཅུ་ཤར། ཉེར་བཞིས་བསྒྱུར་ཞིང་དྲུག་ཅུས་བགོས་པའི་ཐོབ་ནོར
་
༢༠པོ་དེ་དག་སྔ་དྲོ་ཆུ་ཚོད་ལྔ་པའི་སྟེང་དུ་བསྣན་ནས་རིམ་བཞིན་བརྩི་ན་དགོངས་མོ་ཆུ་ཚོད་གཅིག་ཟིན་ཚེ་ རྫོགས་པ་ལྟ་བུ་ཡིན། ཡང་ན་དྲུག་ཅུ་ལས་ཕྲི་བའི་ལྷག་མ་ལྔ་བཅུ་པོ་དེ་དག་ལྔ་ཡིས་བགོས་པའི་ཐོབ་ནོར་ བཅུ། དེ་ཉིད་ནམ་ལངས་ཡོས་ནས་ལོ་རྟགས་རུ་རུ་བཞིན་བགྲངས་པས་ནམ་ཕྱེད་བྱི་བ་ཟིན་ནས ་རྫོགས་པ་ དང་། ཕྱེད་ཡོལ་གླང་ནས་སྐར་མ་འཕོ་བ་ལྟ་བུ་ཡིན་ནོ།།
༈ མཇུག་གི་ཉེར་མཁོའང་བཅུ་གཅིག་སྟེ།།བདུད་རྩི་ཐུན་མཚམས་བླ་གཟའ་སོགས།། རྒྱ་ནག་དུས་ཚོད་བརྩི་ཚུལ་དང་། །སྤར་ཁའི་སྒོ་ནས་ཕྱོགས་བཟང་ངན་།། མིང་སྐར་བརྟག་ནས་སྐྱོན་སེལ་ཚུལ། སྒྲ་གཅན་བྱིས་པ་སྒོར་འཁྲིད་དང་།
།དོན་གྲུབ་འཁོར་ལོ་རྒྱུ་ལམ་བརྩི།། །བཅོས་ཐབས་མདོས་ཀྱི་པར་རིས་སོ།།
ད་ནི་རྩ་དོན་ངོ་མ་རྫོགས་ནས་མཇུག་གི་ཉེར་མཁོ་རྣམ་གཞག་ལ་མཇུག་པའོ། དེའི་དང་པོ་བདུད་རྩི་ཐུན་མཚམས་ནི། ལས་འགོ་བཙུགས་པ་ལྟ་བུ་ལ་དུས་ཚོད་བཟང་ངན་བ ལྟ་དགོས་ན་ འདི་ལ་བལྟ་དགོས་ཏེ། ཐོག ་མར་ཚེས་ཁོངས་ནང་ནས་རུས་བཟང་གང་ཡིན་ངོས་འཛིན་དགོས་པ་དང་། དེ་ ནས་བདུད་རྩི་ཐུན་མཚམས་ཀྱི་རུའུ་མིག་གི་ནང་དུ་ཡོད་པའི་རུས་གཟའ་དང་སྦྱར་ནས་བལྟ་དགོས། མིག་དེར་རུས་གཟའ་སོ་སོའི་ཐད་ཀར་ཡོད་པའི་ཨང་ཀི་རྣམས་གཟའ་ཡིན་པ་དང་།
རུའུ་
དེ་དག་ལས་ཨང་ཀི་
ལྔ་པ་ཕུར་བུ་བདུད་རྩི་ཐུན་མཚམས་ནི་བཟང་ཤོས་དང་། ཐིག་སྤེན་པ་རི གས་ལྡན་ནི་ངན་ཤོས་ཡིན། བདུད་ རྩི་ཐུན་མཚམས་དང་བསྟུན་མ་ཐུབ་ན་ཞི་གཟའ་གནས་པའི་དུས་ཚོད་ལ་བྱ་ནའང་འགལ་བ་མེད།། 40
གཉིས་པ་བླ་གཟའ་སོགས་ངོས་འཛིན་བྱ་ཚུལ་ནི་རུའུ་མིག་ལ་བལྟས་པ་ཙམ་གྱིས་ཤེས་ཤིང་། ཇི་ལྟར་བྱ་ དགོས་མིན་ནི་གོང་གི་ཟླ་བའི་འགྲེལ་བཤད་ཀྱི་སྐབས་སུ་ཞུས་ཟིན་པ་དེར་ལྟོས།། གསུམ་པ་རྒྱ་ནག་དུས་ཚོད་བརྩི་ཚུལ་དེའང་རུའུ་མིག་ལ་བལྟ་ན་ཤེས་པར་འགྱུར། བཞི་པ་སྤར་ཁའི་ཕྱོགས་བཟང་ནི། སྤྱིར་སྤར་ཁ་བརྒྱད་དང་། ནང་གསེས་རུ་རུ་ལའང་ཕྱོགས་མཚམས་ བརྒྱད་བརྒྱད་ཕྱེ་ནས་ཡོད་པས། རང་གི་བབས་སྤར་གང་དུ་བབས་ཀྱང་དེ་ཉིད་གཞིར་བཟུང་བའི་སྟེང་ནས། གནམ་སྨན་གང་དུ་གནས་པ་དང་། དེ་བཞིན་སྲོག་འཚོ་གང་དུ་གནས་པ་སོགས་ལམ་སང་ཤེས་ནུས། སྤར་ ཁ་བརྩི་ཚུལ་དང་། གནམ་སྨན་སོགས་ཀྱི་ཕྱོག
ས་མཚམས་ལ་གང་དང་གང་བྱ་དགོས་ཚུལ་ཡང་དེར་
གསལ།། ལྔ་པ་མིང་སྐར་འཚོལ་ནས་སྐྱོན་སེལ་བྱ་ཚུལ་ནི། རང་གི་སྐྱེས་སྐར་དང་། ཡང་ན་ མིང་སྐར་ལ་དྲག་གཟའི་ གནོད་པ་འབབ་པའི་ཚེ་བཅོས་ཐབས་བྱ་ཚུལ་ཞིག་ཡིན། བཅོས་ཐབས་བྱ་ཚུལ་འགྲེལ་བཤད་དང་། མིང་ སྐར་འཚོལ་ལུགས་ཀྱི་རུའུ་མིག་བཅས་ལོགས་སུ་ཡོད།། དྲུག་པ་དབྱངས་འཆར་དོན་འགྲུབ་འཁོར་ལོ་དེའང་རུའུ་མིག་བལྟ་ན་ཤེས་པར་འགྱུར།། བདུན་པ་རྒྱུ་ལམ་དེ་ལ། དུས་འཁོར་ཐུན་ཕྱེད་སྒྲ་གཅན། དབྱངས་འཆར་ཐུན་ཕྱེད་སྒྲ་གཅན། དུས་འཁོར་ བིཥ་ཊི་འཁོར་ལོ། དུས་འཁོར་ལུགས་ཀྱི་རྣལ་འབྱོར་བརྒྱད་ཀྱི་རྒྱུ་ལམ། དབྱངས་འཆར་ལུགས་ཀྱི་རྣལ་ འབྱོར་མ་བརྒྱད་ཀྱི་རྒྱུ་ལམ། བགེགས་ཀྱི་རྒྱུ་ལམ་བཅས་དྲུག
41
དང་པོ་དུས་འཁོར་ཐུན་ཕྱེད་འཁོར་ལོ་ནི།
ཉིན་བྱེད་སྣང་བ་ལས།
ཉིན་མཚན་གཉིས་ཀར་རུས་གཟའ་ནས། །འགོ་བརྩམས་གཡོན་སྐོར་གྱིས་རྒྱུ་
བས། །ཉི་མའི་རུས་ལ་ཤར་ནས་བརྩམས། །དེ་བཞིན་ཟླ་བར་ཤར་ལྷོ་ནས། །བཀྲ་ཤིས་ལྷོ་དང་ལྷག་པ་ སྲིན། །ཕུར་བུ་ནུབ་དང་པ་སངས་རླུང་། །སྤེན་པ་བྱང་དང་མཇུག་རིང་ནི། །དབང་ལྡན་མཚམས་ནས་འགོ་ རྩོམ་ཞིང་། །ཁྱད་པར་རུས་གཟའ་སྤེན་པའི་དུས། །ཉིན་མོ་སྤེན་པ་ནས་འཛིན་ཏེ། །མཚན་མོ་མཇུག་རིང་ ཐོག་མར་སྦྱར། །ཉིན་མཚན་ཚད་ནི་གང་ཡིན་པ། །བརྒྱད་ཀྱིས་བགོས་པའི་ཐོབ་ནོར་དེ། །ཐུན་ཕྱེད་སོ་སོའི་ ཚད་དུ་འགྱུར། །རྩ་བའི་སྒྲ་གཅན་མ་གཏོགས་པ། །འདི་དང་སྟོབས་མཚུངས་དུས་ལྷ་གཞན། །མེད་པར་ གསུངས་ཕྱིར་རྒྱུ་ཕྱོགས་སུ། །དྲག་ལས་བརྩམས་ན་རྣམ་པར་རྒྱལ།། 14
14
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ༡༧༨ བོད་གཞུང་སྨན་རྩིས་ཁང་།
42
གཉིས་པ་དབྱངས་འཆར་ཐུན་ཕྱེད་འཁོར་ལོ་ནི།
དབྱངས་འཆར་ཤེལ་གྱི་མེ་ལོང་ལས། གཉིས་པ་ཐུན་ཕྱེད་སྒྲ་གཅན་འཆར་བ་ནི། །འཁོར་ལོ་ཇི་ལྟ ར་ཕྱོགས་ གཟའ་བརྒྱད་བཀོད་པ། །གང་ནས་བརྩམས་ཏེ་ཉིན་མོ་གཡས་སུ་སྐོར། ། དཔེར་ན་ཉི་མའི་རུས་ལ་ཤར་ནས་ བཟུང་། །སྲིན་བྱང་མེ་ཆུ་དབང་ལྷོ་རླུང་དབང་པོ། །ད་ལྟར་རྒྱུ་བ་རིམ་པས་འཕོ་བ་སྟེ། །མཚན་མོ་གཡོན་ སྐོར་ཤར་རླུང་ལྷོ་བྱང་ཤར། །དེ་བཞི་འཕོ་བ་ཚེས་གཅིག་ནས་བཟུང་ཏེ། །དཀར་ཕྱོགས་ལ་འོ་བ ཅུ་དྲུག་སྟོང་ གི་བར། །ཉིན་མོ་གཡོན་སྐོར་མཚན་མོ་གཡས་སྐོར་ཡིན། །ཉིན་བརྒྱད་མཚན་བརྒྱད་རྒྱུ་བས་ཉིན་མཚན་ བརྒྱད། །བརྒྱད་ཀྱིས་བགོས་ཐོབ་ཐུན་ཕྱེད་རུ་རུའི་ཚད། །རུས་གཟའ་གང་ཡིན་ནས་ནི་ཐོག་མར་ བཟུང་། །རིམ་པར་ཉི་མའི་རཱ་ཧུ་སོགས་སུ་གྲགས། །དབང་ལྡན་ནས་འཆར་རཱ་ཧུའི་རཱ་ཧུ་འོ། །རྩ་བའི གཅན་ཉིད་ནི་མ་གཏོགས་པའི། །ལྷག་མ་བདུན་ལས་འདི་ཉིད་བཙན་པར་བཞེད། །གང་རྒྱུ་ཕྱོགས་དེར་ བསྟུན་ནས་དྲག་ལས་བརྩམ། །ཕ་རོལ་དཔུང་ལས་རྒྱལ་བར་ཐེ་ཚོམ་མེད།། 15
15
འཇམ་མགོན་མི་ཕམ། དབྱངས་འཆར་ཤེལ་གྱི་མེ་ལོང་། ༢༢༧ བོད་གཞུང་སྨན་རྩིས་ཁང་།
43
་སྒྲ་
གསུམ་པ་དུས་འཁོར་བིཥ་ཊི་འཁོར་ལོ།
ཉིན་བྱེད་སྣང་བ་ལས། ལྔ་པ་བིཥ་ཊི་འཁོར་ལོ་ནི། །ཚེས་བཞིའི་ཕྱི་ཆར་ཤར་ཕྱོགས་སུ། །བརྒྱད་ཀྱི་སྔ་ཆར་ ལྷོ་རཱི་འོ། །བཅུ་གཅིག་ཕྱི་ཆར་ནུབ་ཏུ་སྟེ། །བཅོ་ལྔའི་སྔ་ཆར་ བྱང་དུ་འཆར། །བཅོ་བརྒྱད་ཕྱི་ཆར་ཤར་ལྷོ་ དང་། །ཉེར་གཉིས་སྔ་ཆར་ལྷོ་ནུབ་ཏུ། །ཉེར་ལྔའི་ཕྱི་ཆར་ནུབ་བྱང་ཕྱོགས། །ཉེར་དགུའི་སྔ་ཆར་བྱང་ཤར་ དུ། །འཆར་ཚད་ཚེས་ལོངས་དག་ལ་ལྟོས། །རང་གི་གཡས་དང་རྒྱབ་ཕྱོགས་སུ། །བ ཞག་ནས་དྲག་ལས་བྱ་ བར་བཟང་།། 16 དབྱངས་འཆར་ལུགས་ཀྱི་རྣལ་འབྱོར་མ་བརྒྱད་ཀྱི་རྒྱུ་ལམ།
16
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ཤོག་གྲངས། ༡༧༧ བོད་གཞུང་སྨན་རྩིས་ཁང་།
44
དབྱངས་འཆར་ཤེལ་གྱི་མེ་ལོང་ལས། གཡུལ་དུ་ཉེ་བར་མཁོ་བ་ཡི། །མཁའ་འགྲོ་མ་བརྒྱད་དྲག་ལས་ བཤད། །རུའུ་མིག་ལྟར་དུ་འཆར་བ་ལས། །མིག་ཡིག་དབྱངས་གསལ་གང་འདུག་གི། །ཚེས་དང་ཕྱོགས་ དེར་བསྡད་ནས་ནི།
།དེ་ཡི་ཐད་ཀར་ཁ་བལྟས་ན། །དམག་དཔོན་དེ་ཡི་འདོད་དོན་འགྲུབ། །དཔེར་ན་
དམག་དཔོན་དཔལ་མིང་ཅན། །མིང་ཡིག་དང་པོ་པ་དེ་ནི། ། ཡར་ངོའི་ཚེས་དྲུག་བཅུ་བཞི་དང་། །མར་ངོའི་ ཉེར་གཅིག་ཉེར་དགུ་ལ། །ནུབ་བྱང་མཚམས་ནས་སྔ་དྲོ་འཆར། །དེར་བསྡད་ཤར་ལྷོར་ཁ་བལྟས་ནས། །བྱ་ བ་བརྩམས་ན་འགྲུབ་པ་ཡིན། །ཁྱད་པར་ཀ་སྡེ འི་མིང་ཅན་འཇོམས། །འཆར་བའི་ཕྱོགས་སུ་ཁ་བལྟས་ ན། །དྲག་ལས་བྱེད་པ་མི་དགེ་སྟེ། །དེ་ཕྱིར་རྣལ་འབྱོར་མ་བརྒྱད་ལ། །གདོང་ཐུག་མི་བྱ་རྒྱབ་བརྟེན་བྱ།། 17 དུས་འཁོར་ལུགས་ཀྱི་རྣལ་འབྱོར་མ་བརྒྱད་ཀྱི་རྒྱུ་ལམ་ནི།
བཞི་པ་རྣལ་འབྱོར་མ་བརྒྱད་ཀྱི། །འཆར་ལུགས་དཀར་ནག་ཕྱོགས་གཉིས་ཀའི། །ཚེས་གཅིག་ཤར་དུ་ ཚངས་མ་སྟེ། །གཉིས་ལ་བྱང་དུ་དྲག་མོ་འོ།། ཞེས་སོགས་དང་། མདོར་ན་རགས་པ་ཚེས་རུ་དང་། །ཕྲ་བ་
17
འཇམ་མགོན་མི་ཕམ། དབྱངས་འཆར་ཤེལ་གྱི་མེ་ལོང་། ༢༢༣ བོད་གཞུང་སྨན་རྩིས་ཁང་།
45
ཉིན་བརྒྱད་མཚན་བརྒྱད་ཀྱི། །དང་པོར་ཚེས་བདག་ནས་བརྩམས་ཏེ། །རིམ་བཞིན་བརྒྱད་པོ་ལན་གཉིས་ འཁོར། །འདི་ཉིད་གཡས་དང་རྒྱབ་བཞག་ན། །ཕ་རོལ་འཇོམས་པའི་སྟོབས་དང་ལྡན།། 18 དྲུག་པ་བགེགས་ཀྱི་རྒྱུ་ལམ་ནི་རུའུ་མིག་ལ་བལྟས་པས་ཤེས་པར་འགྱུར།། བརྒྱད་པ་སྒྲ་གཅན་འཁོར་ལོ། སྒྲ་གཅན་འཁོར་ལོ་རིམ་པ་གསུམ་པོ་དྲས་ནས་གཅིག་གི་ནང་དུ་གཅིག་བཙུགས། དཀྱིལ་དུ་རྒྱ་ཁབ་ གདབ། དེ་ནས་སྒྲ་གཅན་སྐོར་དུས་ཀྱི་ཚེས་དེའི་ཉི་དག་སྐར་མ་དེ་དང་། ་སྟོང་གང་ཉེ་བ་བལྟས་ནས་གང་ དང་ཉེ་བའི་སྒྲ་གཅན་གདོང་གི་སྐར་མར་ལྟོས།
དེ་རྗེས་འཁོར་ལོ་ནང་མའི་སྒྲ་གཅན་གདོང་དེ་འཁོར་ལོ་བར་
པའི་གདོང་སྐར་གྱི་ཐད་དུ་བཞག། དེ་ནས་ཚེས་དེའི་ཉི་དག་སྐར་མར་བལྟས་ནས། ཉི་དག་སྐར་མ་དེ་ཉིད་ འཁོར་ལོ་ཕྱི་མའི་ཕྱོགས་དང་དུས་ཚོད་མཚོན་བྱེད་ཀྱི་ལོ་འགྲོས་ལ་སྐོར་དགོས། དཔེར་ན། ཉིན་གུང་ཆུ་ཚོད་ བཅུ་གཉིས་ལ་སྒྲ་གཅན་འཁོར་ལོ་སྐོར་དགོས་ན། ཉི་སྐར་དེ་ཉིད་ཉིན་ཕྱེད་རྟའི་ཐད་དུ་བཞག་དགོས། དེ་ ནས་ལས་དང་བྱ་བ་རྩོམ་པའི་ཚེ་འཁོར་ལོ་ནང་མདའ་ལྟོང་གི་ཕྱོགས་སུ་རྒྱབ་བརྟེན་ཞིང་མདའ་རྩེའི་ཕྱོགས་ སུ་གདོང་བསྟན་ནས་ལས་དང་བྱ་བ་བརྩམ་དགོས། དེའི་ནུས་པ་ནི། དེ་ལྟར་བརྟགས་ནས་གཡུལ་འགྱེད་པའི། །བློ་ལྡན་གང་ཞིག་ཕམ་མི་སྲིད། །བིཥ་ཊི་དྲག་ པོ་ལ་སོགས་པ། །བཟང་ངན་མཐུན་པར་མ་གྱུར་ན། །རྩིས་ གཞན་འདི་ཡིས་ཟིལ་གྱིས་གནོན། །དེ་ཕྱིར་ དུས་ལྷ་དབྱངས་འཆར་སོགས།།བཏང་ནས་འདི་ཉིད་གཅིག་པུ་བཟུང་།།19 ཞེས་གསུངས།།
18 19
ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ཤོག་གྲངས། ༡༧༧ བོད་གཞུང་སྨན་རྩིས་ཁང་། ལོ་ཆེན་དྷརྨ་ ཤྲི། ཉིན་བྱེད་སྣང་བ། ཤོག་གྲངས། ༡༨༠ བོད་གཞུང་སྨན་རྩིས་ཁང་།
46
དགུ་པ་བྱིས་པ་སྒོར་འཁྲིད།
བཅུ་པ་སྒྲིབ་བཅོས་དང་བཅས་རྣམས་ལའང་། འགྲེལ་བཤད་གསལ་བར་
འདུག་པས། འདིར་ཞུ་དགོས་དོན་མི་འདུག། བཅུ་གཅིག་པ་མདོས་ཀྱི་པར་རིས་ནི། རྩིས་ཀྱི་སྒོ་ནས་རིམ་གྲོ་བྱ་བའི་ཚེ། སྐུ་གསུང་ཐུགས་རྟེན། ལུག་གི་ གཡང་བཞི། རཱིས་སྦལ་ཁོག་པ་ལ་སོགས་པ་དངོས་སུ་དགོས་པ་ཡིན་ཀྱང་དེ་དག་འཛོམས་པར་དཀའ་བས་ མཚོན་བྱེད་པར་རིས་འདི་ཉིད་ཙཀ་ལིའི་ཚུལ་དུ་ལག་ལེན་བྱ་བའི་ཆེད་དུ་ཡིན་ལ། འདྲིལ་ནས་སྲུང་མ་བྱེད་ ཀྱང་རཱིང་ངོ།།
༈ ཉུང་ངུ་རྣམ་གསལ་ལྡེ་མིག་དེ། །སྟག་རྩེ་རིག་གཞུང་མཐོ་སློབ་དུ།། རབ་གནས་ཆུ་འབྲུག་ཆོ་འཕྲུལ་ཟླར། །དྷྱ་ན་མིང་པས་བྲིས་དེས།། དང་པོའི་ལས་ཅན་བྱིས་པ་ལ། །གསལ་བྱེད་མེ་ལོང་ལྟར་གྱུར་ནས།། སྐར་ནག་དབྱངས་ཆར་རྩིས་ཀྱི་དོན།
།མ་འདྲེས་གསལ་བར་མཐོང་བར་ཤོག།
47
།།
གལ་ཆེ་བའི་གཟའ་སྐར་ཁ་ཤས་བལྟ་བདེ་བའི་ཆེད་དུ་རུའུ་མིག་གི་ཐོག་ནས་ཞུ་བ་ལ། རྒྱལ་མཚན་བ་དད་ཕྱར་བ་དང་ཚེ་མདུད་སྲུང་འཁོར་བཏགས་པ་ལ་སོགས་པའི་རྩིས། ༡
བཟང་།
ངན།
གཟའ།
ཉི། ཕུར། སྤེན། ཟླ། ལྷག སངས། བླ་གཟའ
སྐར་མ།
མགོ་དབོ་ཐ་སྐར། ཁྲུམས་སྟོད། ཆུ་སྨད། རྒྱལ།
དུས་སྦྱོར།
གླང་། སེང་གེ། གཞུ། འཁྲིག་པ།
ཉི་མ། སྤར་སྨེ། དམིགས་གསལ།
མིག་དམར། བླ་སྐར།
སྨིན་དྲུག
ལག
གྲེ། མཆུ། སྣུབས། བྲ་ཉེ།
ཆུ་སྲིན། ཀརྚ། སྡིག་པ། སྲང་། ༡
༦
༨
གླང་ལུག
ཟླ་ནག་སོགས་མེད་པ་དང་། བདུད་རྩི་ཐུན་མཚམས།
ཉི་ནག་བིཥ་ཊི་འཕུང་བྱེད་ནག་མོ་རྒྱུ་དུས་སོགས།
བསྟན་བཅོས་རྩོམ་པ་དང་སྒྲ་དང་སྙན་ངག་སློབ་པའི་རྩིས། ༢
བཟང་། ༢
ངན།
གཟའ། ཚེས།
ཉི། ཕུར། སངས།
༣
༥
༡༠
༡༡
༡༣
མིག་དམར། སྤེན་པ།
སྐར་མ།
མགོ། ལག ནབས་སོ། རྒྱལ། མཆུ། མེ་བཞི། ནག་པ། ས་རི། བྲ་ཉེ། སྨིནྲུག
སྐག གྲོ་བཞིན། བྲ་ཉེ། མཆུ།
དུས་སྦྱོར། རྟེན་འབྲེལ།
ལུག་གླང་ཆུ་སྲིན་བུམ་པ་སེང་གེ་།
རྣམ་ཤེས། ཚོར་བ། འདུ་བྱེད།
འཁྲིག་པ། གཞུ། བུ་མོ།
ཉི་མ་སྤར་སྨེ།
ཁྱི།
༡
གླང་། ཕག
དམིགས་གསལ།
བླ་གཟའ་བླ་སྐར་རབ་ཏུ་གཙོ། བླ་དགུགས་སོགས་ལ་ལེགས།
སྣར་མ། དབོ། ས་ག། ནམ་གྲུ། ལྷ་མཚམས། སྣྲོན། མོན་གྲུ། མོན་གྲེ། ༦
༨
༦
༧
༡༢
༤
༦
༧
༨
༡༥
སྒྲུབ་མཆོད། སློབ་གཉེར་སོགས་ བྱ་བའི་རྩིས།
བཟང་། ༣
༤
ཉི་མ་ནག་ཆེན། ནག་ཆུང། སའི་འཕུང་བྱེད།
རབ་བྱུང་། འཆད་ན། དཀྱིལ་འཁོར་འབྲི་བཞེངས།དབང་བསྐུར། ༣
༡
ངན།
གཟའ། ཚེས།
ཉི་མ། ཕུར་བུ། པ་སངས།
༥
༡༠
༡༡
ཟླ་བ། ལྷག་པ་རབ་བྱུང་ལ་ངན།
སྐར་མ།
མགོ། ལག ནབས་སོ། རྒྱལ། མཆུ། མེ་བཞི། ནག་པ། ས་རི། བྲ་ཉེ། སྨིན་དྲུག
སྣར་མ། དབོ། ས་ག ནམ་གྲུ། ལྷ་མཚམས། སྣྲོན། མོན་གྲེ། མོན་གྲུ། ཆུ་སྟོད། ཆུ་
༡
༡༥
༢༢
སྐག གྲོ་བཞིན།
སྨད། ཁྲུམས་སྟོད། ཁྲུམས་སྨད། ཐ་སྐར། དུས་སྦྱོར། རྟེན་འབྲེལ།
ལུག་གླང་ཆུ་སྲིན་བུམ་པ་སེངྒེ་།
རྣམ་ཤེས། ཚོར་བ།
འཁྲིག་གཞུ་བུ་མོ།
ཉི་མ། སྤར་སྨེ།
འབྲུག ཕག
གིན།
སྟག ཕག
མཁར་ལས་རྩིག་བཟོའི་རྩིས། ༤
བཟང་།
ངན།
གཟའ། ཚེས།
ལྷག་པ། པ་སངས། ཕུར་བུ།
༣ ༧ ༡༡ ༡༣ ༡༤ ༡༥ ༡༧ ༢༣ ༢༥
སྐར་མ།
ཆུ་སྟོད། ནབས་སོ། མགོ། སྣུབས། དབོ། ཁྲུམསྟོད། ཆུ་སྨད། གྲེ། སྣར་མ། མོན་
ཁྲུམས་སྨད། ལྷ་མཚམས། སྐག སྨིན་དྲུག། ས་རི། གྲོ་བཞིན། མཆུ།
གྲེ། ནམ་གྲུ།
ས་ག ནག་པ།
དུས་སྦྱོར། རྟེན་འབྲེལ།
གླང་སེང་བུ་མོ་གཞུ་དང་བུམ་པ།
ཀརྚ་ལུག་སྲང་ཆུ་སྲིན་སྡིག་པ།
ཉི་མ། སྤར་སྨེ།
སྤྲེལ། སྟག གླང་། ལུག
ཡོས་འབྲུག་སྦྲུལ་རྟ་ཁྱི་ཕག
48
མིག་དམར། སྤེན་པ།
༦ ༡༠ ༢༠ ༣༠ ༡༨ ༢༢ ༡༦ ༢༦ མོན་གྲུ།
ལྷ་མཆོད་གཡང་ལེན་བོན་ཆོག་སོགས་བྱ་བའི་རྩིས། ༥
བཟང་།
ངན།
གཟའ། ཚེས།
ཉི་མ། ཟླ་བ། ལྷག་པ། ཕུར་བུ། པ་སངས།
༡༥
མིག་དམར། སྤེན་པ། སྤེན་པ་སྤྱིར་ངན་ཡང་གཡང་འགུག་ལ་བཟང་།
སྐར་མ།
སྣར་མ། མགོ། ནབས་སོ། རྒྱལ། སྨིན་དྲུག། མེ་བཞི། དབོ། ཆུ་སྨད། ས་རི། ལྷ་མཚམས། གྲེ།
བྲ་ཉེ། མཆུ། སྐག། ས་ག ཁྲུམས་སྨད།
ཆུ་སྟོད། སྣྲོན། སྣྲུབས། གྲོ་བཞིན། ལག མོན་གྲུ། མོན་གྲེ། ནམ་གྲུ། ཁྲུམས་སྟོད། ཐ་སྐར། དུས་སྦྱོར། ཉི་མ།
གླང་། འཁྲིག་པ། སེང་གེ།
སྟག
ཀརྚ། སྡིག ལུག ཆུ་སྲིན།
ཕག ཡོས།
ཚོང་དང་འབྲུ་རིགས་འཇལ་ལེན་གྱི་རྩིས། ༦
བཟང་།
ངན།
གཟའ། ཚེས།
ལྷག་པ། ཕུར་བུ། ཉི་མ། པ་
སྐར་མ།
མོན་གྲུ། ཐ་སྐར། ནམ་གྲུ། མགོ། ནབས་སོ། སྣར་མ། ཁྲུཾད། སྣྲུབས། ཆུ་སྟོད། ས་
སངས།
༡ ༢ ༣ ༡༤ ༡༥ ༡༦ ༢༠ ༢༡ ༢༢ ༢༣ ༢༤ ༢༥ ༢༧ ༣༠
མིག་དམར། སྤེན་པ།
༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣ ༡༧ ༡༨ ༡༩ ༢༦ ༢༩
མེ་བཞི། མོན་གྲེ། ས་ག ལག
རི། གྲོ་བཞིན། བྱི་བཞིན། སྐག གྲེ། མཆུ། དུས་སྦྱོར། རྟེན་འབྲེལ།
སྲང་སྡིག་བུ་མོ་གླང་འཁྲིག་སེངྒེ།
ལུག
ཉི་མ། སྤར་སྨེ།
ལུག བྱ། བྱི།
གླང་། སྦྲུལ།
གིན།
སྦྱིན་སྲེག་བྱ་བའི་རྩིས། ༧
བཟང་།
ངན།
གཟའ། ཚེས།
ཉི་མ། མིག་དམར། ཕུར་བུ།
༣ ༡༣ ༢༣ ༡༨ ༢༨ ༢༩
ཟླ་བ། ལྷག་པ། པ་སངས།
སྐར་མ།
སྨིན་དྲུག ནབས་སོ། མཆུ། ས་རི། ཁྲུཾད། གྲེ། ཆུ་སྟོད། ས་ག མགོ།
ལག སྐག བྲ་ཉེ། ཁྲུམས་སྨད། སྣྲུབས།
༢ ༡༢ ༡༧ ༢༢ ༢༧
དུས་སྦྱོར། རྟེན་འབྲེལ།
གླང་། སེང་གེ། ལུག
རུག་པ།
ཆུ་སྲིན། །
ཉི་མ། སྤར་སྨེ།
སྟག བྱ། འབྲུག
ལི། ཟོན།
སྦྲུལ།
ཁམ། ༢ ༤ ༥ ༧
སྐུ་གསུང་ཐུགས་རྟེན་ལྷ་ཁང་སོགས་བཞེངས་པའི་རྩི ས། ༨
བཟང་།
ངན།
གཟའ། ཚེས།
ལྷག་ཕུར་སངས་ཟླ།
༡ ༨ ༡༠ ༡༢ ༡༣ ༡༥ ༡༨
སྐར་མ།
ཆུ་སྨད། སྣར་མ། སྨིན་དྲུག ནག་པ།་མགོ། རྒྱལ། དབོ། གྲེ། མོན་གྲེ། ནབས་སོ། གྲོ་
ཉི་མ། མིག་དམར། སྤེན་པ།
༡ ༦ ༡༨ ༢༣
སྐག བྲ་ཉེ། ལག་མེ་བཞི། སྣྲོན། ས་ག
བཞིན། སྣྲུབས། ས་རི། མོན་གྲུ། ལྷ་མཚམས། དུས་སྦྱོར། རྟེན་འབྲེལ།
གླང་འཁྲིག་བུ་མོ་བུམ་པ་གཞུ་སེང་།
ཉི་མ། སྤར་སྨེ།
གླང་ལུག་ཁྱི་འབྲུག་སྟག
འདུ་བྱེད་སྐྱེ་མཆེད་མིང་གཟུགས་རྣམ་ཤེས་མ་རིག་པ།
ལུག་སྲང་ཀརྚ་སྡིག་པ་ཆུ་སྲིན་།
གོ་ས་ཆེ་བསྐོས་བྱ་བའི་རྩིས། ༩
བཟང་།
ངན།
གཟའ། ཚེས།
ཉི་མ་ཕུར་བུ་ཟླ་ལྷག་པ་སངས།
༡ ༩ ༡༠ ༡༡ ༡༢ ༡༥ ༡༨ ༢༣
སྐར་མ།
སྨིན་དྲུག སྣར་མ། མགོ། ནབས་སོ། ལྷ་མཚམས། མེ་བཞི། རྒྱལ། ས་རི། ཆུ་སྟོད།
སྤེན་པ།
བྲ་ཉེ། ལག སྐག མཆུ། ནག་པ། གྲོ་བཞིན། ས་ག སྣྲུབས། མོན་གྲེ།
ཆུ་སྨད། སྣྲོན། མོན་གྲུ། ཁྲུཾསྨད། ནམ་གྲུ། དབོ། དུས་སྦྱོར། རྟེན་འབྲེལ།
སེང་གེ་གཞུ་་བུམ་པ།
ཉི་མ། སྤར་སྨེ།
སྟག་ཡོས་རྟ་འབྲུག
ཆུ་སྲིན། སྡིག་པ། ཁེན།
སྦྲུལ། སྤྲེལ།
49
༦ ༡༦ ༢༠ ༢༡ ༢༢ ༢༤ ༢༥ ༢༧ ༢༨ ༢༩ ༣༠
རབ་གནས་བྱ་བའི་རྩིས། ༡༠
བཟང་།
གཟའ། ཚེས།
ཟླ་བ། ལྷག་པ། ཕུར་བུ། པ་སངས།
སྐར་མ།
སྨིན་དྲུག སྣར་མ། མགོ། ལག རྒྱལ།
དུས་སྦྱོར། རྟེན་འབྲེལ།
གླང་སྲང་སྡིག་བུམ་སེངྒེ་བུ་མོ།
ཉི་མ། སྤར་སྨེ།
སྟག འབྲུག
སྟོད། ཆུ་སྨད། ཁྲུམས་སྟོད།
ངན། ༡ ༩ ༡༠ ༡༡ ༡༢ ༡༣ ༡༥
མེ་བཞི། ལྷ་མཚམས། སྣྲོན། སྣྲུབས། ཆུ་ རྣམ་ཤེས།
ཉི་མ། མིག་དམར། སྤེན་པ།
༢ནས་༨བར་ ༡༤ ༡༦ ༡༩ནས་༣༠བར
བྲ་ཉེ། སྐག མཆུ། གྲེ། ནག་པ། གྲོ་བཞིན། ལུག་སྲང་ཆུ་སྲིན་ཀརྚ།
སྐྱེ་མཆེད།
བག་མ་གཏོང་ལེན་བྱ་བའི་རྩིས། ༡༡
བཟང་།
ངན།
གཟའ། ཚེས།
ཟླ་བ། ཕུར་བུ། པ་སངས།
ཉི་མ། ལྷག་པ། མིག་དམར། སྤེན་པ།
སྐར་མ།
ས་རི། དབོ། ཆུ་སྨད།
ཐ་སྐར། བྲ་ཉེ། སྨིན་དྲུག སྣར་མ།
༡ ༣ ༤ ༥ ༦ ༧ ༨ ༡༥ ༡༧ ༡༩ ༢༧ ༢༨ ༣༠ ལག སྐག མཆུ། གྲེ། མེ་བཞི ནག་པ།
སྣྲུབས། ཆུ་སྟོད། བྱི་བཞིན། མོན་གྲེ། མོན་གྲུ། ཁྲུམསྟོད། ཁྲུམས་སྨད། ནམ་གྲུ། དུས་སྦྱོར། རྟེན་འབྲེལ།
གླང་འཁྲིག་སེང་གེ་གཞུ་བུ་མོ་།
འདུ་བྱེད་སྐྱེ་མཆེད་ཚོར་བ་ལེན་པ་སྲེད་པ།
ལུག་སྲང་ཆུ་སྲིན་སྡིག་པ།
ཉི་མ། སྤར་སྨེ།
ཡོས་ལུག་སྤྲེལ་གླང་།
༦ ༨
བྱ་སྦྲུལ་རྟ་བྱི་ཁྱི་གླང་།
སྐྱེ་ཤིང་མེ་ཏོག་སོགས་འདེབས་པ་ལ། ༡༢
བཟང་།
ངན།
གཟའ། ཚེས།
ཟླ་ལྷག་ཕུར་སྤེན།
ཉི་མ། མིག་དམར།
སྐར་མ།
མགོ། ལག། རྒྱལ། ཁྲུམསྟོད། ཆུ་སྟོད། ནམ་གྲུ། མོན་གྲུ། སྣྲོན་། ས་རི། སྐག ཆུ་
བྲ་ཉེ། སྨིན་དྲུག མཆུ། དབོ། ས་ག
སྨད། ཁྲུམསྨད། དུས་སྦྱོར། རྟེན་འབྲེལ།
གླང་འཁྲིག་་བུམ་པ་ཆུ་སྲིན།
ཉི་མ། སྤར་སྨེ།
བྱ། སྤྲེལ།
ལུག་སེང་གེ་སྡིག་པ་བུ་མོ་སྲང་། ལི། ཟིན།
ཁོན།
ཁྱིམ་གསར་འཛིན་པའི་རྩིས། བཟང་།
ངན།
གཟའ། ཚེས།
མིག་དམར། ལྷག་པ། ཕུར་བུ།
༣ ༧ ༡༡ ༡༢ ༡༤ ༡༥ ༡༧ ༡༩ ༢༥
སྐར་མ།
སྣར་མ། མགོ། ནབས་སོ། རྒྱལ། མཆུ་། གྲེ། དབོ། མེ་བཞི། ནག་པ། ས་རི། ས་
དུས་སྦྱོར། རྟེན་འབྲེལ།
བུམ་པ། གླང་།
ག ནམ་གྲུ། ཆུ་སྨད། མོན་གྲེ། གྲོ་བཞིན། མོན་གྲུ།
50
ཉི་མ།
༡༠ ༢༠ ༢༢ ༣༠
ཐ་སྐར། སྐག སྣྲུབས། ལྷ་མཚམས། ཁྲུམས་སྨད།
ལྷ་མཚམས། སྣྲོན།