Künpen Tamsar, Spring-Summer 2010 (Tibetan)

Page 1

༢༠༡༠ དཔྱིད་ཀ་ — དབྱར་ཁ།

ཀུན་ཕན་གཏམ་གསར། ཀུན་ཕན་ཐེབས་རྩ་ཚོགས་པའི་དུས་དེབ།


ཀུན་ཕན་གཏམ་གསར། ཀུན་ཕན་ཐེབས་རྩ་ཚོགས་པའི་དུས་དེབ། Paola Vanzo, སྤྱི་ཁྱབ་རྩོམ་སྒྲིག་པ། Peter Wiegand, རྩོམ་སྒྲིག་པ་དང་། རྩོམ་པ་པོ། སྒྲིག་སྦྱོར་བ། Wendy D’Amico, རྩོམ་སྒྲིག་པ་དང་རྩོམ་པ་པོ། Irma Orlandi, རྩོམ་པ་པོ། ཁམས་མཚོ་སྐྱིད། ཡིག་སྒྱུར། བསྟན་པ། ཡིག་སྒྱུར། ཐུབ་བསྟན་མགོན་པོ། ཡིག་སྒྱུར། དབང་ཕྱུག་མཚོ། ཡིག་སྒྱུར། བློ་བཟང་དོན་གྲུབ། ཡིག་སྒྱུར། Kristina Dy-Liacco, ཞུ་དག་པ། Jeremy Burke, ཞུ་དག་པ། བསྟན་འཛིན་དགེ་ལེགས། ཞུ་དག་པ། ཀུན་བཟང་རྒྱ། ཞུ་དག་པ། ཀརྨ་ཏཱ་རེ། ཞུ་དག་པ། Stephanie Johnston, འཆར་བཀོད་པ་དང་སྒྲིག་སྦྱོར་བ།

Michael Eigen, Sienna Craig, and Kabir Heimsath སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

ཀུན་ཕན་ཐེབས་རྩ་ཚོགས་པ། དབུ་འཛིན་ལྷན་ཚོགས། Andrea E. Soros Eric Colombel

སྤྱི་ཁྱབ་འགན་འཛིན། Enrico Dell’Angelo Trace Foundation 132 Perry St. Suite 2B New York, NY 10014 གལ་ཏེ་དམིགས་བསལ་གྱི་གསལ་བཤད་ཡོད་པ་ལས། དེ་མིན་ནང་དོན་དང་དཔར་དབང་ཚང་མ་ཀུན་ཕན་ཐེབས་རྩ།

༢༠༡༠ ལ་དབང་།

གལ་ཏེ་ཀུན་ཕན་ཐེབས་རྩའི་

ཆོག་མཆན་མེད་ན། དཔར་རྒྱབ་པ་དང་དེ་མིན་གྱི་བེད་སྤྱོད་གཏོང་མི་ཆོག གནས་ཚུལ་འཕར་མ་དགོས་ན། pressroom@trace.org ལ་ཡི་གེ་གཏོང་རོགས།

“ཀུན་ཕན་གཏམ་གསར།”ནི་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་དཔར་སྐྲུན་བྱས་པའི་དུས་དེབ་ཞིག་རེད། དུས་དེབ་དེའི་དཔར་བཤུས་ ཤིག་དྲ་བ་༼www.trace.org/tamsar.html༽ནས་ལེན་ཐུབ།


སྤྱི་ཁྱབ་འགན་འཛིན་མཆོག་ནས།

ང་ཚོས་འདི་ག་ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ནམ་ རྒྱུན་མི་སྡེ་ཞེས་ཡང་ཡང་ཤོད་ཀྱི་ཡོད། ང་ཚོས་གཞི་རིམ་ ཡུལ་དངོས་སུ་ལས་ཀ་བྱེད་བཞིན་པའི་སྐབས་ཡིན་ནའང་ འདྲ། གྲོང་ཁྱེར་ནེའུ་ཡོག་ཏུ་ང་ཚོའི་ཚོགས་འདུ་དང་ འཆར་འགོད་ཀྱི་དུས་ཡིན་ནའང་འདྲ། ཡང་ན་མཐའ་ ན་ང་ཚོའི་ལས་བྱེད་པའི་ཁྲོད་དུ་དར་སྤེལ་གཏོང་བའི་རྣམ་ འགྱུར་ཡིན་ནའང་འདྲ། མི་སྡེ་ཞེས་པ་དེ་ང་ཚོའི་འབད་ བརྩོན་གྱི་སྙིང་ཁམས་སུ་གནས་ཡོད། ང་ཚོས་ང་ཚོའི་ དུས་དེབ<<ཀུན་ཕན་གཏམ་གསར>>འདོན་སྤེལ་བྱེད་ བཞིན་པའི་སྐབས་སུ་བདག་ལ་གནད་དོན་འདིའི་ཐད་ལ་ ཡང་བསྐྱར་དྲན་སྐུལ་ཐེབས། <<ཀུན་ཕན་གཏམ་གསར།>>ནི་བོད་ཡིག་གི་ ནང་ནས་ཚུར་ཡིག་སྒྱུར་བྱས་པ་ཡིན་ན ”news from Trace” ཞེས་པ་ལྟ་བུར་སྒྱུར་ཆོག་ལ། ཀུན་ཕན་ནི་ ཀུན་ལ་ཕན་པ་སྒྲུབ་པ་སྟེ་ཀུན་ཕན་ཐེབས་རྩ་ཚོགས་ པའི་བོད་ཡིག་གི་མིང་ཡིན། གཏམ་ནི་གསར་འགྱུར་ དང་གནས་ཚུལ་ལ་གོ་དགོས་ཤིང་གསར་ནི་གསར་པ་ ཞེས་པའི་དོན་ཡིན། ཡིན་ནའང་། འདིས་གཤམ་ གྱི་ཤོག་ལྷེ་ཁག་གི་ནང་ནས་ཁྱེད་ཀྱིས་ཀུན་ཕན་ཐེབས་ རྩ་ཚོགས་པའི་འདས་པའི་ཟླ་ངོ་དྲུག་གི་རིང་གི་ལས་ ཀའི་གྲུབ་འབྲས་ཀྱི་སྐོར་ཀློག་རྒྱུ་ཡིན་པ་སྟོན་གྱི་མེད་ པར། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་མཐོང་ཡོང་བ་ནི་ང་ ཚོས་ལས་ཀ་སྒྲུབ་ཡུལ་གྱི་གནས་ངོ་མཚར་ཅན་དང་ང་ ཚོ་དང་ལྷན་དུ་ལས་ཀ་སྒྲུབ་མཁན་གྱི་མི་སྣ་ངོ་མཚར་ ཅན་གྱི་སྐོར་གྱི་དངོས་སྒྲུང་ཁག་ཡིན། ནེའུ་ཡོག་ནས་ ཚོགས་པའི་ཚོགས་འདུའི་ཚོགས་ཞུགས་མི་སྣ་ནས་ཀུན་ ཕན་གྱིས་རྒྱབ་སྐྱོར་བྱས་པའི་གྲོས་ཚོགས་ཀྱི་གཙོ་སྐྱོང་ མཁན་དང་། དེ་བཞིན་ང་ཚོའི་བྱ་དགའི་རོགས་དངུལ་ ཐོབ་པའི་ཞིབ་འཇུག་མི་སྣ་བཅས་ཀྱི་ས་ནས། ཁྱེད་ ཀྱིས་ཐོས་ཡོང་བ་ནི་ང་ཚོའི་མི་སྡེ་འདིའི་ནང་གི་མི་སྣ་ འགའ་རེའི་གསུང་སྐད་ཡིན་ངེས། དུས་དེབ་འདི་ནི། ནམ་ཡང་འཕོ་འགྱུར་འགྲོ་བཞིན་ པའི་ལས་ཀ་ཞིག་ཡིན་ལ། འདི་ནི་ཁྱེད་རང་ཡང་མཉམ་ ཞུགས་གནང་བར་གདན་འདྲེན་ཞུ་བཞིན་པའི་པའི་ལས་ཀ་ ཞིག་ཡིན། འདིའི་སྟེང་གི་འདྲ་པར་ཞིག་གམ་ཡང་ན་ང་ ཚོའི་བྱ་བ་ངོ་སྤྲོད་བྱེད་པའི་དཔྱད་མཆན་ཞིག་གམ། ཡང་ ན་ཡོངས་སུ་ཆ་ཚང་བའི་རྩོམ་ཡིག་ཅིག་བཅས་གང་ཞིག་ ཡིན་ནའང་། <<ཀུན་ཕན་གཏམ་གསར།>>དང་ལྷན་ དུ་ང་ཚོས་ང་ཚོའི་མི་སྡེའི་གསུང་སྐད་ཐོས་ས་ཞིག་དང་ བསམ་ཚུལ་གླེང་ས་ཞིག ང་ཚོ་ཚང་མས་ཤེས་བྱ་གསར་པ་ སྦྱང་ས་ཞིག་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཁྱེད་ཀྱི་དགོངས་ཚུལ་ཐོས་པའི་རེ་བ་དང་བཅས།

ཨེན་རི་ཀོ་དེལ་ཨང་རྗེ་ལོ།

1

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཟླ་གཟུམ་འཁྱུག་ལྟ།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


6

ཆེད་བསྒྲིགས་ལེ་ཚན། པདྨ་ཚེ ་ བརྟན་དང་ལྷན་དུ་ལམ་ལ་འབུད་པ།

འཁྲབ་སྟོན་པ་དང་ཕབ་ལེན་པ་ཡོངས་རྫོགས་བོད་རིགས་ཡིན་པའི<<འཚོལ>>ཞེས་པའི་གློག་ བརྙན་གྱི་འཁྲབ་ཁྲིད་པས་བོད་ཀྱི་རིག་གནས་དང་འཛམ་གླིང་ཡང་རྩེ་ནས་གློག་བརྙན་བཟོ་བའི་ཐད་ རང་ཉིད་ཀྱི་དགོངས་ཚུལ་གསུངས།

10 རོལ་དབྱངས་ཀྱིས་ལྷ་ཚོགས་སྤྱན་འདྲེན་བྱེད་པ།

ལ་རྩེ ་ དཔེ ་ མཛོ ད ་ཁང་ནས་བོ ད ་ཀྱི ་ ཆོ ས ་ལུགས་ཆོ ་ གའི ་ རོ ལ ་མོ ་ དཀྲོ ལ ་བ་བརྒྱུད། ཨེ ་ ཧི ན ་ལགས་ཀྱི ས ་ཐུན་མོ ང ་མ་ཡི ན ་པའི ་ གསོ ལ ་མཆོ ད ་ཅི ག ་རྙེ ད །

སྨི ས ་ཤལ་

13 ཐུན་མོང་གི་འབབ་ས་ཞིག་འཚོལ་བ།

ུ ་གཏམ་ཚོགས་ཐེངས་དང་པོ་སྟེ། ཁ་ ཉེ་ཆར་ཚོགས་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ཕྲེང་བརྒྱ​ྱད བྱང་དུ”དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག”ཅེས་པའི་སྐབས་སུ་གཏམ་ བཤད་མཁན་འགའ་རེས་སྐད་བརྡ་ཚད་ལྡན་ནམ་སྤྱི་སྐད་ཅིག་གི་གཞི་འཛིན་ས་ཞིག་འཚོལ་གྱི་ཡོད་ལ། ཡང་གཏམ་བཤད་པ་འགའ་རེས་དེ་ལྟར་བྱས་ན་ཉེན་ཁ་ཅི་ཡོད་སྐོར་བཤད།

18 ས་གནས་དང་འཛམ་གླིང་བར་ནས་སྲོལ་རྒྱུན་རིག་གནས་གཉོར་སྐྱོང་བྱེད་པ།

ཧི་མ་ལ་ཡའི་རྒྱལ་ཁམས་ཤིག་ཏུ་ཚོགས་པ་ཐེངས་དང་པོ་ཡིན་པའི་རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ ་ རིག་ཞིབ་འཇུག་མཐུན་ཚོགས་(IASTAM)ཀྱི་ལྷན་ཚོགས་ཐེངས་བདུན་པས་ལོ་རྒྱུས་ཀྱི་རྡོ་རིང་གསར་ པ་ཞིག་བཙུགས་ཡོད་ལ། ཚོགས་འདུ་གཙོ་སྐྱོང་བ་སིའན་ནཱ་ཁི་རེག་གིས་ལས་འབྲེལ(ཡང་ན་རྒྱུད་ འབྲེལ)གྱི་གོ་དོན་ངོ་མ་རྟོགས་ཡོད།

3

22 བོད་ཀྱི་གསོ་རིག་བསྐྱར་དར།

ཀུན་ཕན་ཐེབས་རྩ་ཚོགས་པའི་སྲོལ་རྒྱུན་བོད་སྨན་ལས་གཞིའི་སློབ་མ་གཉིས་ཀྱིས་བོད་རང་སྐྱོང་ ལྗོངས་ཤར་ཕྱོགས་ཀྱི་ཆེས་ཁེར་རྐྱང་གི་ཡུལ་གྲུ་རུ་སྤུས་ཚད་མཐོ་བའི་འཕྲོད་བསྟེན་སྨན་བཅོས་གདན་ འདྲེན་བྱས་ཡོད།

28 སློབ་གསོ།

མཚོ་སྔོན་ནས་ཡིན་པའི་སློབ་འབྲིང་དགེ་རྒན་ཞིག་གིས་རང་ཉིད་ཀྱི་སློབ་མའི་ཆེད་དུ་སྤུས་ཀ་སྔར་ ལས་ལེགས་པའི་དགེ་རྒན་ཞིག་བྱེད་ཐུབ་ཆེད་གནམ་གྲུར་བསྡད་ནས་འཛམ་གླིང་ཕྱེད་ཀ་བརྒལ།

39 ལས་ཀའི་རིག་གཞུང།

དངོས་སྦྱོང་མཁན་ཞིག་ལ་མཚོན་ན། ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ལས་ཀ་བྱེད་པ་ནི་རང་ཉིད་ཀྱི་ རིག་གནས་སྦྱོང་བའི་གོ་སྐབས་ཁྱད་པར་བ་ཞིག་རེད།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཟླ་གཟུམ་འཁྱུག་ལྟ།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ལེ་ཚན།

16 ལས་ཀའི་ཡུལ་དངོས་ནས་འབྱོར་བའི་ཤོག་བྱང་།

ལྷ་སའི་གྲོང་ཁྱེར་གྱི་ས་ཁོངས།

ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་དགའི་རོགས་དངུལ་ཐོབ་པའི་ཞིབ་འཇུག་མི་སྣ་ཁག་གིས་འཛམ་གླིང་ ས་ཆ་སོ་སོ་ནས་འབྲེལ་གཏུགས་བྱས་ཏེ་ཁོང་ཚོའི་ཆེས་ཉེ་བའི་གསར་རྟོགས་རྣམས་མཉམ་སྤྱོད་བྱེད །

32 ལོ་རྒྱུས་སྙིང་བསྡུས།

འཇིགས་མེད་རྒྱལ་མཚན།

བོད་ཀྱི་མི་སྡེའི་སྤྱི་ཚོགས་དང་རིག་གནས་ཡར་རྒྱས་ཐད་ལ་ཕྱག་ལས་གནང་བའི་མི་སྒེར་ཞིག་ལ་དུས་ ཚིགས་རེ་རེར་གླེང་མོལ་བྱེད་པ།

34 ཕ་སྐད་གླིང་།

ཁྱེད་ཀྱིས་ཀ་ཁ་ག་ང་ཤེས་ཡོད་པས། ད་ནི་ཁྱེད་ཀྱིས་དུས་ཚིགས་རེ་རེར་བོད་ཡིག་གི་ཚིག་ཕྲེང་གསར་པ་ རེ་དང་། དེའི་ནང་དོན་དང་འབྱུང་ཁུངས་བཅས་སློབ་ཐུབ།

35 གྲོང་ཁྱེར་གྱི་མཐོང་ཐོས།

བསྐྱར་བཞེ ང ས་བྱས་པའི ་ ལྷ །

ཆེས་ཉེ་དུས་ཀྱི་ཚོགས་འདུ་དང་འགྲེམས་སྟོན། ད་དུང་དེ་ལས་མང་བའི་ལྟད་མོ་རྣམས་གྲུ་ཁ་དང་མཐོ་ སྒང་གི་ཡུལ་གྲུ་སོ་སོ་ནས་ང་ཚོའི་གྲོགས་པོ་ཚོས་འཁྱེར་ཡོང་གི་ཡོད།

36 དཔེ་མཛོད་གླིང་།

འབྲུག་ཡུལ་གྱི ་ཤེ ས ་དངོ ས ་ཕྱོ ག ས་བསྡུས།

ལ་རྩེ་དཔེ་མཛོད་ཁང་ནི་དུས་རྟག་ཏུ་ཡར་རྒྱས་སུ་འགྲོ་བཞིན་ཡོད་པས། དཔེ་མཛོད་ནང་དུ་རྒྱུ་ཆ་གསར་ པ་ཅི་ཞིག་སླེབས་འདུག་ཀློག་རོགས།

5

37 དྲ་རྒྱའི་འཇིག་རྟེན།

ཆེས་གསར་པའི་ཡོ་ཆས་དང་རྒྱུ་ཆ་བཅས་www.trace.orgརུ་ལོངས་སུ་སྤྱོད་ཐུབ།

38 འཕོ་འགྱུར་འགྲོ་བཞིན་པའི་ལས་ཀ

མཱ་རི ན ་གྱི ་ པར་མཛོ ད །

ཆེས་ཉེ་དུས་ཀྱི་ཡར་རྒྱས་བྱ་བའི་ལས་གཞི་དང་དེ་ལས་གཞན་པ་ཡོད་ཚད་ཀྱི་སྐོར་ཁྱེད་ལ་སྟོན་པར་ བྲེལ་སྣང་གིས་ཁེངས་ཡོད།

ཁྱབ་བསྒྲགས།

31 ཤུགས་སྣོན་དངོས་སྦྱོང་ལས་གཞི། 41 དཔེ་དེབ་འགྲེམ་སྤེལ་གྱི་གསལ་བསྒྲགས། རྒྱབ་ཤོ ག : ཡུལ་ཤུལ་ས་ཡོ མ ་གྱི ་ བྱ་བ། དུས་བཀག

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


པདྨ་ཚེ་བརྟན་དང་ལྷན་དུ་ལམ་ལ་ འབུད་པ།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


གནམ་སྔོན་པོའ ་ི འོག་ན་རི་ཚོགས་དམར་སྨུག་གི་རི་ རྒྱུད་དམའ་མོ་ཞིག་རྒྱང་ནས་རྒྱང་དུ་བསྲིངས་ཞིང་། དེ་དང་རྒྱང་ཁད་རིང་ཙམ་དུ་རྩལ་འགྲན་སྤྱོད་ཆས་ཀྱི་ རླངས་འཁོར་ (SUV) ཞིག་འདམ་དང་ས་ཕག་གི་ཁང་ ལེབ་དམའ་མོ་སྐོར་དང་སྐོར་བྱས་ནས་གྲུབ་པ་དག་གི་ དཀྱིལ་ནས་གཤགས་ཏེ། གྱ་གྱུ་མང་ཞིང་འདམ་སྙིགས་ ཀྱིས་སྦགས་པའི་ཆུ་བོ་ཞིག་གི་འགྲམ་རྒྱུད་དུ་ཀྱག་ག་ ཀྱོག་གེའི་ངང་ནས་ནུར་འགྲོས་བྱེད་པ་འདི་ནི་འཚོལ་ ཞེས་པའི་གློག་བརྙན་དེའི་མགོ་འཛུགས་སྟངས་ཀྱི་རྣམ་ པ་རེད། གློག་བརྙན་འདི་ནི་བོད་མི་གློག་བརྙན་བཟོ་མཁན་ པད་མ་ཚེ་བརྟན་ལགས་ཀྱིས་བཟོས་པའི་གཏམ་རྒྱུད་ གློག་བརྙན་ཨང་གཉིས་པ་དེ་རེད་ལ། འདི་ནི་གཏམ་ རྒྱུད་གློག་བརྙན་ཞིག་བོད་མི་ཁོ་ནས་འཁྲབ་སྟོན་དང་ བཟོ་སྐྲུན་བྱས་པ་ཐེངས་དང་པོ་དེ་རེད། པད་མ་ཚེ་ བརྟན་གྱིས་གློག་བརྙན་དེའི་དུས་ཡུན་ཆུ་ཚོད་གཉིས་ ཀྱི་རིང་ལ་ལྟ་མཁན་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་ ཀྲུང་གོའ་ི ས་ཁུལ་ཞིག་སྟེ། ཕྱི་ཕྱོགས་ཀྱི་མི་ཚོས་མཐོང་ དཀོན་པའི་ས་ཆ་དེ་འདྲ་ཞིག་འདྲེན་པར་བྱེད། མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་དུ་སྐྱེས་ཞིང་འཚར་ བའི་པད་མ་ཚེ་བརྟན་གྱིས་ཁོང་གི་ཕ་ཡུལ་དང་། ལྷག་ པར་དུ་ཕ་ཡུལ་གྱི་དེང་རབས་ཀྱི་སྤྱི་ཚོགས་འཚོ་བ་དེ་ ཧ་ཅང་དམིགས་བསལ་གྱི་ཐབས་ལམ་ཞིག་གི་སྒོ་ནས་ ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་ལ། ཁོང་གི་ཆེས་ ཉེ་ཆར་གྱི་བརྩམས་ཆོས་ཏེ། འཚོལ་ཞེས་པའི་གློག་ བརྙན་འདིས་པད་མ་ཚེ་བརྟན་ནི་བོད་འདི་ཉིད་གློག་ བརྙན་ཁག་ཏུ་རྒྱུས་མེད་ཁྱད་མཚར་ཞིག་ཏུ་མཚོན་པར་ བྱེད་པའི་རྨོངས་གཉིད་དེ་ལས་སད་པར་གྱུར་ཡོད་པ་ བསྟན་ཡོད། ༢༠༠༥ ལོར། རྒྱ་ནག་ཏུ་གློག་བརྙན་དར་ནས་ལོ་ངོ་

བརྒྱ་འཁོར་བའི་ལོ་རྒྱུས་ལ་དགའ་སྟོན་རྟེན་འབྲེལ་བྱེད་ པའི་སྐབས་དེར། བོད་ཀྱི་གློག་བརྙན་ནི་གཞི་ནས་མགོ་ ཚུགས་ཚར་ཙམ་ཡིན། བོད་དུ་བཅའ་སྡོད་དབྱིན་ཇིའི་ གཞུང་ཚབ་པ་ཚོའི་ཉིན་ཐོ་ཁག་ཏུ། བོད་དུ་ ༡༩༣༠ ཙམ་གྱི་སྐབས་ནས་གློག་བརྙན་སྟོན་བྱེད་ཀྱི་སྒྲིག་ཆས་ དང་གློག་བརྙན་བཟོ་བྱེད་ཀྱི་པར་ཆས་ཁ་ཤས་ཡོད་པ་མ་ ཟད། སྐབས་དེ་དུས་ལྷ་སའི་བར་སྐོར་དུ་ཆཱར་ལེ་ ཆཱ་ ཕུ་ལིན་ གྱི་གློག་བརྙན་ལ་བོད་མི་ཚོས་ལྟ་འདོད་ཅི་ཙམ་ ཆེན་པོ་བྱས་པ་བཀོད་ཡོད་མོད། ཡིན་ནའང་དུས་དེ་ ནས་བོད་མི་རང་ཉིད་ཀྱིས་བཟོས་པའི་གློག་བརྙན་ཐོག་ མ་སྟེ། པད་མ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་ཐོག་ མ་ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ (2005) ཞེས་ པ་འདོན་རྒྱུར་ད་ཕན་ཕལ་ཆེར་ལོ་ངོ་བརྒྱད་ཅུ་འགོར་ དགོས་པར་གྱུར། བོད་ལ་མཚོན་ན་འདི་ནི་ཡར་རྒྱས་ གལ་ཆེན་ཞིག་ཏུ་བརྩི་ཆོག་མོད། ཡིན་ནའང་པད་མ་ ཚེ་བརྟན་གྱིས་དེ་ནི་དགེ་མཚན་ཆེ་བའི་དུས་མཚམས་ ཞིག་ཏུ་བརྩི་རུང་བར་མི་འདོད་ཅིང་། དེའི་རྒྱུ་མཚན་ ནི་ཁོའ་ི བསམ་པར་ “བོད་ཀྱི་འཚོ་བ་ངོ་མ་མཚོན་པའི་ གློག་བརྙན་ཞིག་འབྱུང་རྒྱུར་ལོ་ངོ་ ༡༠༠ འགོར་ཡོད་ པས་སོ།།” བོད་ཀྱི་རིག་གཞུང་ཇི་མ་ཇི་བཞིན་དུ་མཚོན་ཐབས་ བྱེད་རྒྱུ་དེ་པད་མ་ཚེ་བརྟན་གྱིས་རང་གི་དམིགས་ཡུལ་ དུ་བཅངས་པ་ནི་གཅིག་བྱས་ན་ཡ་མཚར་དགོས་པའི་ གནས་ཚུལ་ཅང་མ་རེད། མཚོ་སྔོན་ཞིང་ཆེན་གྱི་ འབྲོག་ཕྱོགས་ཀྱི་ཕ་མ་གཉིས་ལ་སྐྱེས་པའི་བུ་ཕྲུག་ གསུམ་གྱི་ཁྲོད་ནས། པད་མ་ཚེ་བརྟན་ནི་ཁྱིམ་ཚང་དེ་ ནས་སློབ་གསོ་མཐར་འཁྱོལ་ཐུབ་མཁན་གྱི་བུ་ཕྲུག་ཁོ་ ནར་གྱུར། ཁོས་བཤད་ན། “ཆུང་དུས་ནས་ངས་བོད་ ཀྱི་རིག་གནས་སློབ་སྦྱོང་བྱས་པ་ཡིན། སློབ་ཆུང་ནས་ སློབ་གྲྭ་ཆེན་མོ་བར་དུ་སློབ་སྦྱོང་བྱས་ཚད་མཐའ་དག་

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

7


བོད་ཀྱི་རིག་གནས་ཀྱི་སྐོར་ཡིན” ཟེར། པད་མ་ཚེ་བརྟན་ཆུང་དུས་ནས་གློག་བརྙན་ལ་བལྟ་ རྒྱུར་དགའ་ཞིང་། ལྷག་པར་དུ་ [བོད་བཅིངས་འགྲོལ་ མ་བྱས་གོང་ནས་] ལྷ་སའི་བར་སྐོར་དུ་བོད་མི་ཚོས་ལྟ་ འདོད་ཆེ་བའི་ཆཱར་ལེ་ ཆཱ་ཕུ་ལིན་ གྱི་དགོད་བྲོའ ་ི གློག་ བརྙན་ལ་དེ་བས་ཀྱང་དགའ་རུང་། ཉིན་ཞིག་རང་ཉིད་ གློག་བརྙན་བཟོ་མཁན་ཞིག་ཏུ་འགྱུར་རྒྱུ་ནི་ཁོའ་ི སེམས་ སུ་རྩ་ནས་འཁོར་མྱོང་མེད། བོད་ཀྱི་རྩོམ་རིག་དང་སྐད་ ཡིག་སྦྱོང་མཁན་གྱི་བོད་མི་ན་གཞོན་མང་པོ་ཞིག་ལྟར། པད་མ་ཚེ་བརྟན་ནི་གློག་བརྙན་བཟོ་མཁན་ཞིག་ཏུ་གྱུར་ བའི་ལམ་བུ་ནི་ཀྱག་ཀྱོག་མིན་པ་དེ་འདྲ་རྩ་ནས་མིན་ པར། དང་པོར་ཁོང་དགེ་རྒན་བྱས་པ་དང་། དེ་ནས་ རྩོམ་བྲིས། དེ་ནས་ཞིབ་འཇུག་བྱས་ཏེ་བྱ་བའི་རིམ་པ་ མང་པོ་ཞིག་བརྒྱུད་མྱོང་། ཆབ་ཆའི་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་ མཐར་ཕྱིན་པའི་རྗེས་སུ། པད་མ་ཚེ་བརྟན་གྱིས་ཁོང་ གི་ཕ་ཡུལ་དུ་ལོ་ངོ་བཞིའི་རིང་ལ་དགེ་རྒན་གྱི་བྱ་བ་ བསྒྲུབས་ཤིང་། དེའི་རྗེས་ནས་ལན་ཀྲིག་ཏུ་ཡོད་པའི་

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སོང་སྟེ་མུ་མཐུད་ དུ་སློབ་གཉེར་བྱས་པའི་མཐའ་མར་སླར་ཡང་ཕ་ཡུལ་དུ་ ཕྱིར་ལོག་ནས་ལོ་ལྔ་ལ་བསྡད། དེ་ནས་ཁོང་ནུབ་བྱང་ མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གཉིས་ཀྱི་རིང་ལ་ཞིབ་ འཇུག་སློབ་མ་བྱེད་པའི་གོ་སྐབས་ཐོབ་ཅིང་། དེས་ཁོང་ གི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བར་འགྱུར་རྒྱུ་ བློ་ཡུལ་དུའང་ཤར་མ་མྱོང་། ལན་ཀྲིག་ཏུ་ཞིབ་འཇུག་ སློབ་མ་གནང་བཞིན་པའི་ལོ་གཉིས་པ་དེར། པད་མ་ ཚེ་བརྟན་གྱིས་ཐེངས་ཐོག་མར་པེ་ཅིན་གློག་བརྙན་སློབ་ གྲྭ་ཆེན་མོ་ཞེས་པ་དེའི་སྐོར་ལ་ཤེས་རྟོགས་བྱུང་། མཚན་སྙན་མཐོ་བའི་སློབ་གྲྭ་ཆེན་མོ་འདི་ནས་རྒྱ་ ནག་གི་གློག་བརྙན་བཟོ་མཁན་གྲགས་ཅན་ཁག་ཅིག་ སྟེ། དཔེར་ན། ཁྲིན་ཁའེ་ཀི་ (陈凯歌) དང་། ཅཱ་ ཀྲང་ཁི། (贾樟柯) ཀྲང་ཡུས་མོའུ་ (张艺谋) དང་ཐེན་ཀྲོང་ཀྲོང་(田壮壮) བཅས་བྱུང་མྱོང་ཞིང་། ཐེན་ཀྲོང་ཀྲོང་གིས་རྗེས་ནས་ཁོང་གི་འཚོལ་ཞེས་པའི་ གློག་བརྙན་བཟོ་སྐྲུན་གྱི་རྒྱབ་སྐྱོར་གལ་ཆེ་ཤོས་གནང་། པད་མ་ཚེ་བརྟན་གྱིས་བཤད་ན། “ང་དང་ངའི་

 ང་ཚོའི་བསམ་པར་རིག་གནས་དེ་ལས་འཚར་ཞིང་རྒྱས་པའི་མི་ཞིག་ གིས་གློག་བརྙན་ཞིག་བཟོས་ཏེ་རང་གི་ཉམས་མྱོང་ངོ་མ་དེ་མཚོན་ཐབས་ བྱས་ན་ཅི་འདྲའི་བཟང་བ་ལ་ཨང་སྙམ་ཞིང་།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

གྲོགས་པོ་ཚང་མས་བོད་ཀྱི་རིག་གནས་སྐོར་གྱི་གློག་ བརྙན་མང་དག་ཅིག་མཐོང་མྱོང་མོད། ཡིན་ནའང་ གློག་བརྙན་འདི་དག་མང་ཆེ་ཤོས་ཀྱིས་བོད་ཀྱི་རིག་ གནས་དང་། ཡུལ་སྲོལ་གོམས་གཤིས། དགེ་སྡིག་ བླང་དོར་གྱི་དབྱེ་བ་འབྱེད་སྟངས་བཅས་ལུགས་དང་ མཐུན་པ་ཞིག་མཚོན་མེད། ང་ཚོའི་བསམ་པར་རིག་ གནས་དེ་ལས་འཚར་ཞིང་རྒྱས་པའི་མི་ཞིག་གིས་གློག་ བརྙན་ཞིག་བཟོས་ཏེ་རང་གི་ཉམས་མྱོང་ངོ་མ་དེ་མཚོན་ ཐབས་བྱས་ན་ཅི་འདྲའི་བཟང་བ་ལ་ཨང་སྙམ་ཞིང་། མི་ཚང་མའི་སེམས་སུ་བསམ་ཚུལ་འདི་འདྲ་ཞིག་བཟུང་ ཡོད་པ་རེད།” ཡིན་ནའང་དཔལ་འབྱོར་གྱི་དཀའ་ངལ་ གྱི་དབང་གིས་པད་མ་ཚེ་བརྟན་ལ་གློག་བརྙན་གྱི་སློབ་ གྲྭ་ཆེན་མོ་དེར་འགྲོ་རྒྱུའི་རེ་བ་ཆེན་པོ་སྐྱེས་མ་ཐུབ། ཁོང་གིས་བཤད་རྒྱུར། “2000 ལོར། ཀུན་ཕན་ ཐེབས་རྩ་ཚོགས་པར་བྱ་བ་བསྒྲུབས་མྱོངས་པའི་གྲོགས་ པོ་ཁག་ཅིག་བརྒྱུད་དེ་ཐེབས་རྩ་ཚོགས་པ་འདིའི་སྐོར་ གོ་བྱུང་། སྐབས་དེར་ཀུན་ཕན་ཐེབས་རྩ་ཚོགས་པའི་ ལས་གཞི་རོགས་དངུལ་དང་སློབ་ཡོན་བྱ་དགའི་རོགས་ དངུལ་གྱི་སྐོར་ཤེས་མཁན་མང་པོ་མེད།” 2002 ལོར། པད་མ་ཚེ་བརྟན་གྱིས་གློག་བརྙན་བཟོ་སྐྲུན་གྱི་སློབ་སྦྱོང་ བྱེད་པའི་ཆེད་དུ་ཀུན་ཕན་ཐེབས་རྩ་ཚོགས་པར་སྙན་ཞུ་ ཕུལ་ཏེ་སློབ་ཡོན་རོགས་དངུལ་ཞུས། ཀུན་ཕན་ཐེབས་ རྩ་ཚོགས་པ་ནི་པད་མ་ཚེ་བརྟན་སློབ་མ་ཞིག་དང་དགེ་ རྒན་ཞིག་ཡིན་པའི་ཆ་རྐྱེན་དེ་མཐོང་ནས་དགའ་སྤྲོ་ སྐྱེས་ཞིང་། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ གློག་བརྙན་བཟོ་མཁན་ཆེས་ཐོག་མ་དེ་པེ་ཅིན་གློག་ བརྙན་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་དུ་འགྲོ་བར་ མཐུན་འགྱུར་རོགས་རམ་བྱེད་པར་དེ་བས་ཀྱང་རེ་བའི་ སྤྲོ་སྣང་གིས་བརྟས་ཏེ། ཁོང་གི་རེ་སྐུལ་དང་ལེན་བྱས། གློག་བརྙན་སློབ་གྲྭ་ཆེན་མོ་དེ་རུ་སློབ་སྦྱོང་བྱེད་པའི་ ཐོག་མའི་ལོ་གཉིས་ཀྱི་རིང་ལ། པད་མ་ཚེ་བརྟན་གྱིས་ གློག་བརྙན་ཐུང་ངུ་གཉིས་ཏེ། རྩྭ་ཐང་དང་། ལྷིང་ འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་གཉིས་བཟོ་སྐྲུན་བྱས། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནི་རྗེས་ནས་ཇེ་རིང་ དུ་བཏང་སྟེ། གློག་བརྙན་གྱི་མིང་དེ་སོར་འཇོག་གིས་ གཏམ་རྒྱུད་གློག་བརྙན་ཧྲིལ་པོ་ཞིག་ཏུ་བསྒྱུར། ཐོག་ མའི་གློག་བརྙན་ཐུང་ཐུང་འདི་གཉིས་ལ་རྒྱལ་སྤྱིའི་ཐོག་ ཏུ་ངོས་ལེན་གྱིས་གཟེངས་བསྟོད་བྱ་དགའ་ཡང་ཐོབ་ པར་གྱུར། ༢༠༠༦ གི་ལོར། པད་མ་ཚེ་བརྟན་ཕྱིར་པེ་ཅིན་གློག་ བརྙན་སློབ་གྲྭ་ཆེན་མོ་རུ་སོང་སྟེ་གློག་བརྙན་འཁྲབ་ འཁྲིད་ཀྱི་ཐོག་ལ་དམིགས་པ་རྩེ་གཅིག་ཏུ་གཏད། དེ་ ནས་ཅང་མ་འགོར་བར་ཁོས་འཚོལ་ (2009) ཞེས་ད་ ཕན་གཟིགས་མོ་བ་ཚོས་དགའ་སྣང་ཆེ་ཤོས་བྱེད་སའི་ གློག་བརྙན་དེ་བཟོ་སྐྲུན་བྱེད་མགོ་བརྩམས། གློག་ བརྙན་དུ་གློག་བརྙན་ཞིག་འདྲེན་པའི་གློག་བརྙན་འདི་


རུ་བོད་མི་གློག་བརྙན་བཟོ་མཁན་ཞིག་གིས་གཞན་ཕན་ གྱི་ཆེད་དུ་ཐ་ན་རང་གི་གཅེས་པའི་མིག་ཟུང་ཡང་སྦྱིན་ པར་བྱེད་པའི་རྒྱལ་སྲས་དྲི་མེད་ཀུན་ལྡན་ཞེས་པའི་བོད་ ཀྱི་སྲོལ་རྒྱུན་གྱི་ཟློས་གར་དེ་གཞི་ལ་བཞག་པའི་གློག་ བརྙན་ཞིག་བཟོ་སྐྲུན་བྱེད་པར། དེའི་ནང་གི་འཁྲབ་ སྟོན་མི་སྣ་འཚོལ་དུ་འགྲོ་བའི་བརྒྱུད་རིམ་ལས་འཕྲོས་ པའི་གཏམ་རྒྱུད་ཅིག་བཤད་ཡོད། བརྒྱུད་རིམ་འདིའི་ ཁྲོད་དུ་གློག་བརྙན་བཟོ་མཁན་དེས་བོད་གངས་ཅན་གྱི་ མཐོ་སྒང་ཁྱོན་ཡོངས་སུ་སྐར་ཆ་རེ་རེ་བཞིན་དུ་འཕོ་ འགྱུར་བླ་ན་མེད་པ་ཞིག་འབྱུང་བཞིན་ཡོད་པ་དངོས་སུ་ ཉམས་སུ་མྱངས་བ་དང་ཆབས་ཅིག པད་མ་ཚེ་བརྟན་ གྱིས་བཤད་པའི་ “བོད་ཀྱི་ནང་ཆོས་ཀྱི་རྩ་བའི་རྩ་དོན་ ” ཏེ། བོད་ཀྱི་རིག་གནས་ཀྱི་རྟག་བརྟན་འགྱུར་མེད་ ཀྱི་ཆ་ཡང་དངོས་སུ་མིག་མཐོང་ལག་ཟིན་བྱུང་ཡོད་པ་ བསྟན་ཡོད། པད་མ་ཚེ་བརྟན་གྱི་བརྩམས་ཆོས་གཞན་དག་ལྟར། འཚོལ་ཞེས་པའི་གློག་བརྙན་འདིས་དེང་རབས་ཀྱི་བོད་ གཙོ་བོར་བཟུང་ཡོད་ཅིང་། ཁོས་དེ་ལྟར་བྱེད་དོན་ནི་ སྤྱིར་བཏང་རྒྱལ་སྤྱིའི་གཟིགས་མོ་བ་ཚོར་བོད་ཀྱི་རིག་ གནས་ནི་འཕེལ་སྐྱེད་བྱུང་དང་འབྱུང་བཞིན་ཡོད་པ་ ཤེས་རྟོགས་མེད་པ་ལ་བརྟེན་ནས་ཡིན་ཟེར། “བོད་ ཀྱི་སྐོར་དེ་ཙམ་ཡག་པོ་ཞིག་མི་ཤེས་པའི་མི་ཚོའི་བོད་ ཀྱི་མཐོང་སྣང་ནི་” གནམ་སའི་འབྲེལ་མཚམ་ཡལ་ བར་གྱུར་ (Lost Horizon) ཞེས་པ་དང་། ཞིང་ བྲན་ཞེས་པ་ལ་སོགས་པ་ནས་བརྩིས་ཏེ་ད་ལྟའི་བར་དུ་ ནུབ་ཕྱོགས་དང་རྒྱ་ནག་ཏུ་བོད་ཀྱི་སྐོར་ལ་ཆབ་སྲིད་ཀྱི་ རང་བཞིན་དང་ཡང་ན་སྤྲོ་སྣང་གི་རང་བཞིན་གྱི་གློག་ བརྙན་མང་དག་ཅིག་བཟོས་པ་དེ་དག་ལས་ “འགྱུར་བ་ ཅི་ཡང་སོང་མེད”། རྒྱུ་མཚན་འདི་དག་ལ་བརྟེན་ནས་ པད་མ་ཚེ་བརྟན་གྱིས་བཤད་ན། ཁོང་ནི་ “[ཕྱི་རྒྱལ་ གྱི་] སྣང་བརྙན་གྱི་དབང་དུ་མ་སོང་བར་ཆེད་དུ་དེ་དག་ ལས་གཡོལ་ཅི་ཐུབ་ཀྱིས། ... གཙོ་བོར་བོད་དུ་བོད་མི་ དམངས་ཀྱི་གཞི་རྩའི་འཚོ་བའི་གནས་སྟངས་དང་ཁོང་ ཚོའི་དགའ་སྐྱོའ་ི འཚོ་བ་ཅི་འདྲ་ཞིག་ཡིན་པ་མཚོན་ ཐབས་བྱས་པ་ཡིན་” ཟེར། ཡིན་ནའང་། འགྱུར་ལྡོག་ གི་མྱུར་ཚད་འདི་འདྲའི་མགྱོགས་པའི་རིག་གཞུང་ཞིག་ ཏུ་ལས་འགན་འདི་འདྲ་ཞིག་བསྒྲུབ་རྒྱུ་ནི་མེད་དུ་མི་ རུང་བ་ཞིག་མ་གཏོགས་གཞན་ཅང་མིན། པད་མ་ཚེ་བརྟན་གྱི་བསམ་པར་གློག་བརྙན་ནི་བོད་ ཀྱི་རིག་གཞུང་ཁྲོད་དུ་འགྱུར་བ་མང་པོ་ཞིག་འབྱུང་ བཞིན་ཡོད་པ་དེ་ཚོ་ཕྱི་རོལ་གྱི་མི་ཁོ་ན་ཙམ་མིན་པར། བོད་མི་རང་ཉིད་ཀྱི་ཆེད་དུ་མཚོན་བྱེད་ཀྱི་བརྒྱུད་ལམ་ ཕུན་སུམ་ཚོགས་པ་ཞིག་ཡིན་པར་འདོད་ཅིང་། ཁོང་ གིས་འདིའི་ཐད་ལ་བཤད་རྒྱུར། “ང་ལ་མཚོན་ན། ངས་རིག་གཞུང་གི་མ་ལག་གསར་བ་ཞིག་གི་མགོ་རྩོམ་ པར་འདོད་པ་ཡིན། གློག་བརྙན་ནི་དེང་རབས་རིག་

གནས་གསར་བའི་བརྒྱུད་ལམ་ཞིག་རེད། ཡིན་ནའང་ བོད་དུ་འདི་ནི་སྒྱུ་རྩལ་གྱི་རྣམ་པ་གསར་བ་ཞིག་རེད་ ལ། བོད་ཀྱི་རིག་གཞུང་དང་བོད་ཀྱི་འཚོ་བའི་ཁྱད་ ཆོས། ཡང་ན་བོད་ཀྱི་སྲོལ་རྒྱུན་གྱི་བློ་གྲོས་བཅས་ཀྱི་ མཚོན་སྟངས་གང་འདྲ་ཞིག་ཏུའང་། གློག་བརྙན་བཟོ་ སྐྲུན་གྱི་སྒྱུ་རྩལ་ནི་དེང་རབས་རིག་གནས་མཚོན་ཐབས་ ཀྱི་གཞི་རྩའི་མ་ལག་དེ་རུ་འགྱུར་དགོས་པར་འདོད་ཀྱི་ ཡོད།” ཅེས་བཤད། ཁོང་གི་བློ་མིག་གཏད་ས་ནི་དེང་རབས་ཀྱི་རིག་ གནས་ཡིན་མོད། ཡིན་ནའང་པད་མ་ཚེ་བརྟན་གྱིས་ བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་ལས་དཔེ་ཞིག་གཡོར་བར་ ཅང་མི་སྙམ། ཁོས་བཤད་རྒྱུར་ “ངའི་གློག་བརྙན་ གཉིས་པ་འཚོལ་ཞེས་པ་དེ་བཟོ་བར། ངས་སྲོལ་རྒྱུན་ གྱི་ཐང་གའི་ནང་དུ་དཔེར་ན་སངས་རྒྱས་ཀྱི་འཁྲུངས་ རབས་མང་པོ་ཐང་ག་གཅིག་གི་ནང་དུ་མཚོན་པར་ བྱེད་པའི་རི་མོའ་ི མཚོན་ཐབས་དང་། རྟོགས་པ་བརྗོད་ ཐབས་ཀྱི་རིགས་ལམ་དེ་གཅིག་མཚུངས་སྤྱད་པ་ཡིན།” ཞེས་ཟེར། དེར་བརྟེན། འཚོལ་ཞེས་པའི་གློག་བརྙན་ དུ་རྒྱང་ནས་བླངས་པའི་ཞེང་ཁ་ཆེན་པོའ ་ི བརྙན་རིས་ ཀྱིས་ཁེངས་ཞིང་། གནས་སྟངས་མང་ཆེ་བར་གློག་ བརྙན་ནང་གི་མི་སྣའི་ངོ་གདོང་གི་རྣམ་འགྱུར་ལས་མི་ སྣ་དེ་དག་འཚོ་སའི་ཁོར་ཡུག་དེ་ཅི་འདྲ་ཞིག་ཡིན་པ་ གལ་ཆེན་པོར་བཟུང་ཡོད། དམིགས་བསལ་གྱི་ཁྱད་ ཆོས་འདི་ལ་བརྟེན་ནས། བོད་གསར་བའི་ཡུལ་གྲུ་ འདིར་འཚོ་བཞིན་པའི་མིའི་གནས་སྟངས་དང་ཁོང་ ཚོའི་འབྲེལ་བ་བཅས་རང་བཞིན་གྱིས་མངོན་པར་བྱས་ པ་དང་ཆབས་ཅིག་ཏུ། འགྲེལ་བཤད་སྣ་ཚོགས་བརྒྱག་ རུང་བའི་ཞིབ་ཕྲའི་ནང་དོན་ཅན་གྱི་བརྙན་རིས་རྣམས་ དོར་བར་བྱས་ཡོད། ཡིན་ནའང་ཀྲུང་གོའ་ི མངའ་ཁོངས་ཀྱི་བོད་ཀྱི་ས་ ཁུལ་ཁག་ཏུ་གློག་བརྙན་བཟོ་སྐྲུན་བྱེད་པར་དཀའ་ངལ་ མེད་པ་མིན། སྒང་གཤོངས་ཀྱིས་ཁེངས་པའི་ཨ་མདོའ་ི ས་བབས་དང་ས་དེའི་རུས་རྐང་ལ་ཟུག་པའི་དགུན་ཁའི་ གྲང་ངར་གྱིས་གློག་བརྙན་འཁྲབ་མཁན་པ་ཚོ་དང་གློག་ བརྙན་བཟོ་སྐྲུན་རུ་ཁག་གི་ལས་མི་ཚོ་དཀའ་ངལ་མང་ པོར་གཏོད་པ་མ་ཟད། ད་དུང་འཁྱག་རེངས་སུ་ཤོར་མི་ རུང་པའི་གློག་བརྙན་བཟོ་སྐྲུན་གྱི་ཡོ་བྱད་དང་སྤྱིན་ཤོག་ སོགས་ལའང་གནོད་པ་ཆེ། དེ་ནི་པད་མ་ཚེ་བརྟན་ གྱིས་ཨང་རྟགས་དཔར་ཆས་ཞིག་བེད་སྤྱོད་བྱེད་དགོས་ པར་གྱུར་བའི་རྒྱུ་མཚན་གཅིག་ཡིན། ལྟོས་བཅས་ ཀྱིས་བཤད་ན། བོད་དུ་གློག་བརྙན་བལྟ་མཁན་གྱི་མི་ འབོར་ཉུང་བ་དང་དེ་དག་ལ་གློག་བརྙན་ཁྱབ་གདལ་དུ་ སྟོན་པའི་བརྒྱུད་ལམ་དཀོན་པ་བཅས་ཀྱི་དཀའ་ངལ་ཆེ་ བར་བརྟེན། བོད་དུ་གློག་བརྙན་བཟོ་མཁན་ཚོས་བོད་ རང་གི་ཁྱད་ཆོས་ལྡན་པའི་གློག་བརྙན་བཟོ་བར་འགྲོ་ གྲོན་འཚོལ་ཐབས་ཀྱི་ཐོག་ནས་ཀྱང་དཀའ་ངལ་འཕྲད་

བཞིན་ཡོད། དེ་མ་ཟད་ད་དུང་བོད་དུ་སྦྱོང་བརྡར་ཐོབ་མྱོང་བའི་ གློག་བརྙན་འཁྲབ་སྟོན་པ་ཧ་ཅང་དཀོན་པོ་རེད། ཡིན་ ནའང་འཁྲབ་སྟོན་པ་དཀོན་པའི་གནས་སྟངས་དེས་པད་ མ་ཚེ་བརྟན་ལ་རྐྱེན་ངན་གྲོགས་ཤར་གྱི་ནུས་པ་གལ་ ཆེན་པོ་ཞིག་ཀྱང་ཐོན་པར་བྱས། ཁོས་བཤད་རྒྱུར་ “ངའི་གློག་བརྙན་དག་ཏུ། དགོན་པའི་འཚོ་བ་དང་། སྡེ་བའི་འཚོ་བ་བཅས་ནི་རང་གི་ཆུང་དུས་ཀྱི་ཉམས་ མྱོང་གཞིར་བཟུང་ནས་འཆར་འགོད་བྱས་པ་ཡིན། དེ་ དག་ནི་ངའི་ཉམས་མྱོང་རྣམས་མཚོན་ཐབས་བཅོས་ མ་ཞིག་རེད་མོད། ཡིན་ནའང་དེ་དག་ནི་ངའི་བསམ་ པའི་བརྩེ་དུང་གི་གཏིང་རིམ་ལ་ཟུག་ཡོད། གྲྭ་བ་ཞིག་ གི་དགོན་པའི་ནང་གི་མི་ཚེ་དང་། ཡང་ན་སྡེ་བ་ཞིག་ གིས་ལོ་གསར་ལ་གྲ་སྒྲིག་བྱས་ཏེ་ལོ་གསར་གཏོང་བ་ བཅས་ནི་བཅོས་མས་མ་ལྷད་པར་ཕལ་ཆེར་ངོ་མ་རེད།” དཀའ་ངལ་འདི་དག་དང་ཁོང་གི་བརྩོན་འགྲུས་ལས་ ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱིས་པད་མ་ཚེ་བརྟན་ ལ་དེང་རབས་བོད་ཀྱི་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་ རྟོག་དཔྱོད་གཏོང་རྒྱུའི་སྐུལ་འདེད་ཐོབཔར་གྱུར། སྲོལ་ རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་གཉིས་ཀྱི་བར་ནས། པད་མ་ཚེ་བརྟན་གྱིས་གནའ་ནས་ད་བར་དུ་རྒྱུན་མི་ ཆད་པར་འགྱུར་ནས་འགྱུར་བཞིན་པའི་བོད་ཀྱི་སྣང་ བརྙན་ཐུན་མོང་མ་ཡིན་པ་ཞིག་བསྐྲུན་པར་བྱས། བོད་ ཀྱི་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ་འདིས་གློག་ བརྙན་བཟོ་སྐྲུན་གྱི་ལས་གནས་འདི་ལས་དགོངས་པ་མི་ ཞུ་པར། དེ་ལས་ལྡོག་སྟེ་ཁོང་ནི་བོད་ཀྱི་གློག་བརྙན་གྱི་ སྨྲ་བརྗོད་དབང་བོ་རུ་འགྱུར་རྒྱུའི་འབད་བརྩོན་མུ་མཐུད་ ནས་བྱེད་རྒྱུ་རེད།

བཅར་འདྲི ་ ཆ་ཚང་གཟི ག ས་འདོ ད ་ན། དྲ་ ཐག་འདི ་ ལ་ཕེ བ ས། www.trace.org/trace_tibetan/ PemaTseden.html

པདྨ་ཚེ་བརྟན་”པར་ཆས་ཀྱི་རྒྱབ་ལོག བོད་ཀྱི་གློག་བརྙན་ བཟོ་མཁན་ཚོས་ཁོང་ཚོའི་སྒྱུ་རྩལ་གྱི་སྐོར་གླེང་བ”ཞེས་ པའི་ཚོགས་འདུར་ཕེབས་པ།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

9


རོལ་དབྱངས་ཀྱིས་ལྷ་ཚོགས་སྤྱན་འདྲེན་བྱེད་པ། Michael Eigen ནས།

བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་ མོན་ ཧཱར་ཊི་ (Michael Monhart) གཉིས་ཀྱིས་སྤྱི་ ཟླ་ ༦ པའི་ཚེས་ ༡༢ ཉིན་ཀུན་ཕན་ཐེབས་རྩ་ཚོགས་ པའི་ལ་རྩེ་དཔེ་མཛོད་ཁང་དུ་རོལ་མོའ ་ི མཛད་སྒོ་ཞིག་ གནང་བཞིན་པའི་སྐོར་ཤེས་རྟོགས་བྱུང་བ་ནི་རང་ཉིད་ ཀྱི་བསོད་ནམས་ཀྱི་བགོ་སྐལ་ཞིག་རེད་ཨང་བསམ་བྱུང་། ཚོན་མདངས་རྣམ་པར་བཀྲ་ལ། ནག་ནོག་གི་དྲི་མས་ མ་གོས་ཞིང་། མི་ཕྱེད་དད་པས་གཡོས་པའི་རོལ་མོའ ་ི མཛད་སྒོའ་ི རྣམ་པས་དེ་ནི་འཁྲབ་སྟོན་ཙམ་མིན་པའི་ མཆོད་པ་ཞིག་ཏུ་བསྒྱུར་བར་བྱས། ཟངས་ཀྱི་དུང་ཆེན་རིང་པོའ་ི སྒྲ་དང་བཅས་འཁྲབ་ སྟོན་གྱི་མགོ་བརྩམས་སོང་། དུང་ཆེན་དེ་དག་ནི་ནུབ་ ཕྱོགས་པ་ཚོས་མཐོང་མྱོང་པའི་རྭ་དུང་ཐུང་ཐུང་དང་ མི་འདྲ་བར། བཞུགས་སྟབས་སུ་མཆུ་འདབ་ལ་སྦྱར་ ཏེ་བུས་ན། དུང་ཆེན་གྱི་རྩེ་མོ་ས་ལ་ཐུག་པ་དང་ཡང་ ན་ས་ལ་ཐུག་མི་ཐུག་གི་རིང་ཚད་ཅན་གྱི་ཆོ་གའི་རོལ་ ཆས་རིང་མོ་ཞིག་ཡིན་པར་བརྟེན། དེ་ནི་ནུབ་ཕྱོགས་ སུ་དར་བའི་དུང་ཆེན་དུ་བཤད་ན་ལོག་འགྲེལ་ཞིག་ཏུ་ འགྲོ་སྲིད། འདོན་དབྱངས་དང་འདྲ་བའི་དུང་ཆེན་གྱི་

ལ་ཉན་པ་ན། ངའི་སེམས་སུ་ལོ་ཆུང་བྱིས་པའི་སྐད་སྒྲ་ དང་ངག་གི་གྲེ་འགྱུར་མཐོ་བའི་བྱེའུ་སྐད་ལྷང་ལྷང་དུ་ དྲན་ཞིང་། བྲང་ཁོངས་ཧྲིལ་བོ་རྒྱ་གླིང་གི་བྲག་ཆས་ ཁྱབ། དུང་ཆེན་གྱི་སྐད་ནི་ངའི་ལུས་པོའ་ི ཟབ་ས་ཞིག་ དང་ཡང་ན་ལུས་པོ་ལས་ཀྱང་ཟབ་ས་ཞིག་ཏུ་ཁྱབ་པར་ གྱུར། ང་ཚོས་བོད་ཀྱི་ཆོ་གའི་རོལ་མོ་རུ་དབྱངས་ཡིག་ གཅིག་ནི་གདངས་ཀྱི་འགྱུར་ཁུག་གཅིག་དང་གདངས་ འགྲོས་གཅིག ཡང་ན་གདངས་ཀྱི་འདེགས་འཇོག་གི་ རྒྱུན་ལྟ་བུ་ཞིག་ཏུ་གོ་དགོས་པ་ཤེས་ཞིང་། གནས་ཚུལ་ འདི་ཐོས་མ་ཐག་ཏུ་ངའི་སེམས་སུ་བྱ་བྱེའུས་བསྐྱར་ བཟློས་ཡང་བཟློས་ཀྱིས་སྒྲོག་པའི་ཅོ་ཀའི་ཁྲོད་ཀྱི་སྒྲའི་ ཕྲེང་བ་དེ་དག་འཁོར་ཏུ་བཅུག་པ་མ་ཟད། འཇོན་ ཌེ་ ཝེ་ (John Dewey) དང་ ཨཱལ་ཕི་ཌི་ ཎོར་ཐི་ ཝེ་ཊི་ ཧེ་ཌི་ (Alfred North Whitehead) གཉིས་ཀྱི་ མཛེས་དཔྱོད་དང་དུས་ཀྱི་མྱོང་ཚོར་གྱི་འགྲེལ་བཤད་དེ། སྒྱུ་རྩལ་གྱི་བརྩམས་ཆོས་ཞིག་ལ་མིག་གིས་ལོངས་སྤྱོད་ བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལུས་སེམས་ཀྱི་མྱོང་ཚོར་ གྱི་རྒྱུན་དང་། ཡང་ན་སེམས་ཚོར་གྱི་གནས་སྐབས་

 རོལ་མོའ་ི སྒྲ་དེ་དག་ནི་བབས་བརླིང་དང་ལྐོག་གྱུར།

རྣམ་པར་གྲོལ་བ་ ཞིག་རེད་ལ། དེ་དག་ནི་བདག་ཉིད་ལས་འདས་པའི་སྒྲ་ལྟ་བུ་ཞིག་ཏུ་ ཚོར་ནའང་། ལྕི་ཞིང་རྩིང་བའི་སྒྲ་དེས་དེ་ལས་ལྡོག་སྟེ་ངའི་སེམས་ཀྱི་ སྨུག་ཀློང་སེལ་བར་བྱས།

ཕུན་ཚོགས་དགེ་ལེགས་བླ་མ་དང་མའེ་ཁུལ་མོན་ ཧར་ཋི་གཉིས་ཀྱིས་རྒྱ་གླིང་འབུད་པ།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

སྒྲ་དེ་ལྕི་ཞིང་། དེ་ནི་དབྱངས་གཅིག་ཡང་ནས་ཡང་དུ་ བསྐྱར་བཟློས་བྱེད་ཀྱིན་ཡོད་པར་སྙམ་ནའང་། དོན་ དུ་དུང་ཆེན་ནི་སྒྲ་དང་གདངས་ལ་ཞིབ་ཕྲའི་ཁྱད་པར་ མང་བའི་འབུད་ཆས་ཤིག་རེད། ཉིན་དེའི་འཁྲབ་སྟོན་ གྱི་རོལ་ཆས་གཉིས་པ་ནི་རྒྱ་གླིང་རེད། རྒྱ་གླིང་ནི་ ནུབ་ཕྱོགས་ཀྱི་ཨོ་སྦའོ་ (oboe) ཞེས་ཟེར་བའི་རོལ་ ཆས་དེ་དང་འདྲ་ཞིང་། གླིང་བུ་ཞེས་ཀྱང་འབོད་པའི་ འབུད་ཆས་ཀྱི་རིགས་ཤིག་རེད། རྒྱ་གླིང་གིས་རྣ་ལམ་ དུ་ཟུག་འོང་བའི་སྒྲ་མཐོ་ཞིང་རིང་ལ། གཉིད་ལས་གློ་ བུར་དུ་དཀྲོགས་པར་བྱེད་པའི་སྒྲ་མཐོ་ཤས་ཆེ་བ་ཞིག་ འབྱིན་ཞིང་། ཐོག་མར་བདག་གིས་དེས་རྣ་ལ་གཙེས་ པར་འགྱུར་རྒྱུ་རེད་བསམ་མོད། ཡིན་ནའང་དེ་ནི་ དྭངས་ཞིང་གསལ་ལ། ཤིན་ཏུ་ནས་ཡིད་དུ་འོང་ཞིང་ སྤྲོ་སེམས་འཁོལ་བར་བྱེད་པ་ཞིག་རེད། རྒྱ་གླིང་གི་སྒྲ་

དམིགས་བསལ་ཞིག་དང་ཉམས་མྱོང་གི་དཀྱོགས་ཞིག་ བརྒྱུད་པ་ལས་དུས་ཀྱི་འཁོར་འགྲོས་ཁོ་ན་བརྒྱུད་པ་མིན་ ཞེས་པ་དེ་ལ་བསམ་གཞིགས་གཏོང་དུ་བཅུག་བྱུང་། འཁྲབ་སྟོན་མཐའ་མ་དེར། བླ་མ་ཕུན་ཚོགས་ཀྱིས་ འདོན་པ་དབྱངས་སུ་གྱེར་ཏེ་སྦུབ་ཆ་དཀྲོལ་ཞིང་། མའེ་ ཁཱལ་གྱིས་རྔ་བརྡུངས། འདོན་པའི་སྒྲ་ལྕི་ཞིང་སྦུབ་ ཆའི་དཀྲོལ་སྒྲ་ནི་ཡང་ཞིང་ལྷོད་པའི་ངང་རྣ་ལམ་དུ་ ཚོར་ཙམ་བྱེད་པའི་རྡེབ་སྒྲ་ཞིག་དང་མཉམ་དུ་གྲགས་ འོངས་པ་དེས་ངའི་ལུས་པོ་ཡོངས་སུ་ཚ་འདར་བརྒྱག་ ཏུ་བཅུག དྲི་བ་དྲིས་ལན་དང་བཅར་འདྲི་བརྒྱུད་དེ་གནས་ ཚུལ་མང་པོ་ཞིག་ཕྱིར་མངོན་པར་གྱུར། འཁྲབ་སྟོན་ གྱི་སྐབས་སུ་བླ་མ་ཕུན་ཚོགས་ལ་ཚོར་སྣང་ཅི་ཞིག་བྱུང་ བའི་སྐོར་དྲིས་པ་ན། ཁོང་གིས་དེའི་ལན་དུ། སངས་


རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དགྱེས་ པའི་རོལ་མོའ་ི མཆོད་པ་ཕུལ་བ་ཡིན་ཞེས་ལག་པ་རྣ་ ལམ་དུ་འཁྱེར་ཏེ། དེ་ནི་སྙན་དབང་གསོ་བའི་རོལ་ མོའ་ི བདུད་རྩི་ཞིག་ཡིན་པའི་རྣམ་པ་བསྟན། ཁོང་ གིས་རོལ་མོ་འབུད་དཀྲོལ་གྱི་སྐབས་སུ། ལྷ་དང་ལྷའི་ འཁོར་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཚོགས་རྣམས་སེམས་སུ་སྒོམ་སྟེ། རོལ་ མོ་འདི་དག་གིས་ཁོང་རྣམས་ཅི་ཙམ་དགྱེས་པར་འགྱུར་ བ་སེམས་ལ་དྲན་པར་བྱས་པ་ཡིན་ཟེར། བོད་ཀྱི་ནང་ ཆོས་ལས་བཤད་པའི་སྐྱེ་འཆིའི་བར་རོལ་གྱི་དུས་སྐབས་ ཏེ། བར་དོ་ཡི་སྐོར་དྲིས་པ་ན། ཁོང་གིས་རོལ་མོ་ ནི་དགེ་བ་ཚོགས་བསགས་ཀྱི་རྒྱུ་ཡིན་པ་མ་ཟད། ད་ དུང་དེས་འཇིགས་པའང་སེལ་བར་བྱེད་པས། བར་དོ་ རུ་ཞེད་སྣང་མི་འབྱུང་ཞིང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཚོགས་རྣམས་ཀྱི་གསུང་མགུར་ཐོས་ཐུབ་ པར་འགྱུར་བའི་སྐོར་གསུངས། བླ་མ་ཕུན་ཚོགས་ཀྱིས་ཆོས་ཀྱི་མཛད་སྒོ་དང་རྟེན་ འབྲེལ་ཞུ་སྐབས་ཀྱི་རོལ་མོའ་ི སྤྱོད་སྒོ་སྟེ། དཔེར་ན། བླ་མ་རྩ་ཆེན་པོ་ཞིག་དགོན་པ་རུ་ཞབས་སོར་འཁོད་པའི་ སྐབས་སུ་རོལ་མོའ་ི སྤྱོད་སྒོ་ཅི་འདྲ་ཞིག་ཡིན་པའི་སྐོར་ གསུངས་པ་མ་ཟད། ད་དུང་རྒྱུན་སྤྱོད་ཀྱི་ཆོ་གའི་ཁྲོད་ ཀྱི་རོལ་མོའ་ི བྱེད་ནུས་ཀྱང་གསུངས། མི་ཞིག་གིས་བླ་ མ་ཕུན་ཚོགས་ལ་ཁོང་གིས་ཆོ་གའི་རོལ་དབྱངས་གསར་ བ་དེ་འདྲ་བརྩམས་མྱོང་ཡོད་མེད་ཀྱི་དྲི་བ་དྲིས་པར། དེའི་ལན་དུ་ཁོང་གིས་གསར་རྩོམ་བྱས་མ་མྱོང་པར་ སྲོལ་རྒྱུན་གྱི་རོལ་མོ་དཀྲོལ་རྡུང་བྱས་པ་ཡིན་ཟེར། ཕྱི་ དྲོ་དེ་ཧྲིལ་བོར་ཁོང་གིས་རོལ་མོ་གཞི་རྩར་བཟུང་ནས་ གསུང་བཤད་གནངས་ཤིང་། རོལ་ཆས་རིགས་གཅིག་ གི་མཆེད་ཁུངས་ནི་རྒྱ་གར་ཡིན་ནམ་ཡང་ན་རྒྱ་ནག་ ཡིན་པའི་ཐད་ནས་རྩོད་པ་ཕྲན་བུ་བྱུང་། བླ་མ་ཕུན་ ཚོགས་ཀྱིས་རྒྱ་ནག་རེད་བསམ་ཞིང་། ཚོགས་ཞུགས་ པའི་ཁྲོད་ཀྱི་མི་ཞིག་གིས་རྒྱ་གར་ཡིན་པའི་བསམ་ཚུལ་ བཏོན་པར། བླ་མ་ཕུན་ཚོགས་ཀྱིས་ཕྱག་གཉིས་ཁོང་ གི་དབུ་ཐོད་དུ་འཁྱེར་ཏེ། ཚོགས་ཁང་ནང་གི་རྩོད་ པའི་སྐད་སྒྲ་ཞི་འཇམ་དུ་བཏང་། ནུབ་ཕྱོགས་ཀྱི་རོལ་དབྱངས་ཕལ་ཆེ་བ་ནི་གདངས་ ཧྲིལ་དང་ཡང་ན་གདངས་ཕྱེད་གཞིར་བཟུང་སྟེ། མངོན་པར་གཏན་འཁེལ་བའི་དབྱངས་ཚིག་གཅིག་རེའི་ བར་ནས་གདངས་ཧྲིལ་བོ་དང་གདངས་ཕྱེད་ཀྱི་འདེགས་ འཇོག་སྒྱུར་བ་ཞིག་ཡིན། འདེགས་འཇོག་འདི་བསྒྱུར་ བར་གཱིལ་སན་ཌོ་ (glissandos) ཞེས་པའི་ལྡེམ་མྱུར་ ཅན་གྱི་གདངས་འགྲོས་དང་ཡང་ན་རོལ་མོ་བ་ཞིག་གི་ སེམས་ཚོར་གྱི་དབང་གིས་གདངས་འགྲོས་ཀྱི་གྲིམ་ལྷོད་ ལ་འགྱུར་བ་ཕྲ་མོའ་ི སྒོ་ནས་སྟངས་འཛིན་བྱེད་པའི་ ཐབས་ལམ་སྣ་ཚོགས་ཞིག་ཡོད། གློག་ཆས་ལས་ཐོན་པའི་རོལ་མོ་ཡིས་དབྱངས་འབྲུ་ རེ་རེའི་བར་དུ་དབྱངས་ཀྱི་བར་སྟོང་ཞིག་ཕྱེ་བར་འགྱུར་ ཞིང་། མཚམས་མཚམས་ལ་རོལ་ཆས་དཀྲོལ་མཁན་

དང་ཡང་ན་དབྱངས་རྩོམ་མཁན་གྱིས་དབྱངས་ཚིག་གི་ བར་ནས་དབྱངས་སྟོང་ཞིག་དྲངས་ཏེ། ཤུགས་བསྟན་ དང་། རེ་སྟོང་། མཚར་སྣང་། ཞེད་མཚར། ལྐོག་ གྱུར་དང་འཁོས་ཞན་བཅས་ཀྱི་ཚོར་སྣང་སྟེར་བའི་སྒྲ་ འབྱིན་པར་བྱེད་མོད། ཡིན་ནའང་ང་ཚོས་ཉན་པའི་ བོད་ཀྱི་རོལ་དབྱངས་ནི་དེ་ལས་ལྡོག་སྟེ། དེས་དབྱངས་ ཚིག་རེ་རེའི་བར་སྐབས་དང་དབྱངས་སྟོང་དེ་དག་གལ་ ཆེན་པོར་བཟུང་ནས། གཞན་ནས་ཐོབ་མི་སྲིད་པའི་ ཉམས་མྱོང་ཞིག་གི་སྒོ་མོ་ཕྱེ་བར་འགྱུར། ང་ནི་དབྱངས་ ཀྱི་རྩ་བ་ལྟ་བུ་དེ་དག་སིར་སྒྲ་སྣ་ཚོགས་དང་འདར་སྒྲ། སུག་སྒྲ་བཅས་ཀྱི་སྐྱེས་གནས་སུ་གྱུར་ཏེ་རྣམ་གཡེང་ གི་དབང་དུ་སོང་བའི་ལུས་པོར་གྲིམ་ཤ་རྒྱས་སུ་འཇུག་ པ་དེས་ངོ་མཚར་དུ་བཅུག མཚམས་མཚམས་ལ་ངའི་ བསམ་པར་དེས་ནི་དད་པའི་སྐམ་ཁབ་ལྟ་བུ་ཞིག་བརྡབ་ སྟེ་རང་ལུས་ལ་བསྐྱར་དུ་གྲིམ་ལྷོད་ཀྱི་སྙོམ་སྒྲིག་བྱས་པ་ ཞིག་ཏུ་ཚོར་བྱུང་། གཟའ་འཁོར་ཁ་ཤས་ཀྱི་སྔོན་ལ་སྟེས་དབང་ཞིག་ གིས་རླུང་འཕྲིན་གྱི་ལེ་ཚན་ཞིག་ལ་ཉན་པའི་སྐབས་སུ། ཚན་རིག་པ་ཞིག་གིས་རྩིས་འཁོར་འཕྲུལ་ཆས་ལས་ བཟོས་པའི་འཇིག་རྟེན་ཁམས་ཕྱི་ནང་གི་སྒྲ་ཡིན་ཟེར་བ་ ཞིག་གོ་སོང་། དེ་ནི་(རྐང་གླིང་གི་) སྒྲ་མཐོན་པོ་ཞིག་ དང་ལྷན་དུ་ (དུང་ཆེན་གྱི་) སྒྲ་དམའ་མོ་ཞིག་མཉམ་ བསྲེས་བྱས་པའི་འདྲེས་སྦྱོར་གྱི་སྒྲའི་་རྣམ་པ་ཞིག་རེད། ངའི་སེམས་སུ་དེ་ནི་བོད་ཀྱི་ཆོལ་གའི་རོལ་དབྱངས་ ལས་ཕྱུངས་ཏེ་བཏང་བ་ཞིག་མིན་ནམ་ཞེས་དང་། ཡང་ ན་ཉིན་དེའི་སྟེས་དབང་ནི་ད་ལྟ་ང་ཚོས་ཉམས་སུ་མྱོང་ བཞིན་པའི་བརྒྱུད་རིམ་གཏིང་ཟབ་མོ་འདིའི་ཆ་ཤས་ ཤིག་མིན་ནམ་སྙམ་པའི་བསམ་བློ་འགོག་མེད་དུ་སྐྱེས། ལ་རྩེ་དཔེ་མཛོད་ཁང་དུ་ཚུགས་པའི་རོལ་མོའ ་ི མཛད་སྒོ་འདི་ལས་ང་རང་དགའ་ཤོས་ཀྱི་ཚན་པ་ནི། དུང་ཆེན་དང་སྦུབ་ཆ། འདོན་དབྱངས་བཅས་རེད། ལྷག་པར་དུ་དུང་ཆེན་གྱི་སྒྲ་དེ་ངའི་ལུས་སེམས་སུ་བརྩེ་

སེམས་ཀྱིས་བཀྲེས་ཤིང་གཟིར་བའི་གྲུ་ཟུར་ཆ་མེད་དག་ ཏུ་ཁྱབ་སྟེ་བཀྲེས་གདུང་སེལ་བར་བྱས། རོལ་མོའ་ི སྒྲ་ དེ་དག་ནི་བབས་བརླིང་དང་ལྐོག་གྱུར། རྣམ་པར་གྲོལ་ བ་ཞིག་རེད་ལ། དེ་དག་ནི་བདག་ཉིད་ལས་འདས་པའི་ སྒྲ་ལྟ་བུ་ཞིག་ཏུ་ཚོར་ནའང་། ལྕི་ཞིང་རྩིང་བའི་སྒྲ་དེས་ དེ་ལས་ལྡོག་སྟེ་ངའི་སེམས་ཀྱི་སྨུག་ཀློང་སེལ་བར་བྱས། སྤྱིར་བཏང་སྦུབ་ཆ་ལས་དྲིལ་སྒྲ་ལྟ་བུའི་སྒྲ་མཐོན་པོ་ ཞིག་འབྱིན་མོད། ཡིན་ནའང་དེ་ནི་ལྷོད་འཇམ་གྱི་རོལ་ ཆས་ཞིག་གི་རྣམ་པར་དཀྲོལ་ནས། འཇམ་མཉེན་ལྡན་ པའི་སྒྲ་རླབས་ཐོན་པར་བྱས་ཏེ། སྒྲའི་རླབས་རྒྱུན་དུ་ མཐོ་དམན་གྱི་འདེགས་འཇོག་བསྒྱུར་བ་དེས་ངའི་སྒལ་ ཚིགས་དང་ནང་སྐྱི་ལ་ཟུག་ངུ་བྱིན། བོད་ཀྱི་འདོན་དབྱངས་ནི་ངས་སྔར་ནས་གོ་མྱོང་ ལ། དེ་ནི་ནམ་ཡང་སྙན་འཇེབས་ཡིད་དུ་འོང་ཞིང་དེ་ ལས་ཀྱང་ལྷག་པ་ཞིག་རེད། དུང་ཆེན་སྔོན་ལ་བུས་ ཏེ། འདོན་དབྱངས་རྗེས་ནས་གྱེར་ནའང་། དེ་གཉིས་ ཀྱི་སྒྲ་ནི་ཕན་ཚུན་གཏིང་རིམ་ཞིག་ནས་ངོ་བོ་གཅིག་ཏུ་ བསྲེས་པར་བྱེད། ཇི་མ་ཇི་བཞིན་དུ་ཉམས་སུ་མྱོང་བ་ ནི་གཞན་དང་མི་འདྲ་བར་ནམ་ཡང་ཁྱད་དུ་འཕགས་པ་ ཞིག་འདུག ཕུན་ཚོགས་དགེ་ལེགས་ནི་དགུང་ལོ་བཅུ་གསུམ་ གྱི་ཐོག་ནས་བོད་དུ་དགོན་པ་ཞིག་གི་ཆོས་སྒོར་ཞུགས། ཆོས་དང་རིག་གནས་སློབ་སྦྱོང་བྱེད་པའི་ཆེད་དུ་ཆུང་ དུས་ནས་ཆོས་སྒོར་ཞུགས་པ་ནི་སྤྱིར་བཏང་གི་གནས་ ཚུལ་ཞིག་ཡིན་པ་གསལ་བོ་རེད། ཁོང་གིས་རོལ་མོའ་ི སློབ་སྦྱོང་ནི་ལོ་བཅུ་བདུན་ཡས་མས་ནས་མགོ་བརྩམས་ ཏེ། ད་བར་དུ་ལོ་བཅུ་ཕྲག་ལྔ་ནས་དྲུག་གི་རིང་ལ་རྒྱུན་ བསྐྱངས། ༡༩༥༩ ལོར་བླ་མ་རྒན་པ་འགའ་དང་མཉམ་ དུ་ཁོང་བོད་དང་ཁ་བྲལ་ནས་བཙན་བྱོལ་དུ་ཕེབས་ཏེ། བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཌུའུ་རུ་གཞི་བཟུང་སྟེ། ད་སྐབས་གནས་དེའི་འཕགས་པ་ཤིང་ཀུན་ཏུ་ཡོད་པའི་ བཀའ་བརྒྱུད་དགོན་པའི་དབུ་མཛད་གནང་མུས་ཡིན།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

11


ཟླ་དང་པོ།

ལ་རྩེར་སྤེལ་བའི་གཏམ་བཤད་ལེ་ཚན་གྱི་ཐོ།

དུས་རབས་བཅུ་གཅིག་པའི་སྐབས་ཀྱི་ཙོང་ཁའི་ཡུལ་གྱི་རིག་གནས་ཀྱི་ཕྱོགས། ཚེ་བསྟན་རྡོ་རྗེ། ༼རྩོམ་སྒྲིག་པ། རྩེར་སྙེགས་དུས་དེབ།༽

ཟླ་གཉིས་པ

ས་སྐྱ་འཁོན་གྱི་སྲས་མོའ ་ི མི་ཚེ་བྱུང་བ་བརྗོད་པ། ཀླུ་སྡིང་རྗེ་བཙུན་དཀོན་མཆོག་འཆི་ མེད། ཨེ་ལེ་ས་པེ་ཐུ་པན་ནི་ཏི། ༼ཕཱ་ཇེ་ཐི་སོང་ཏི་སློབ་གྲྭ་ཆེན་མོ།༽

ཟླ་གསུམ་པ།

བོད་ཀྱི་གློག་བརྙན་བཟོ་སྐྲུན་མཁན་དག་གིས་ཁོ་ཚོའི་སྒྱུ་རྩལ་བགྲོ་གླེང་བྱེད་པ། པདྨ་ཚེ་བསྟན་ ༼ལྷིང་འཇགས་ཀྱི་མ་ཎི་སྡོ་འབུམ། དཔྱད་ཞིབ།༽ དང་རིག་ལྡན་རྒྱ་མཚོ། ༼བུ་མོ་ཐལ་རིས་མ།༽

ཟླ་བཞི་བ། ཟླ་ལྔ་བ།

སྦྲང་ཆར། བོད་ཀྱི་རྩོམ་རིག་དུས་དེབ་གཙོ་བོ་ཞིག་གི་ཚེ་སྲོག་དང་དུས་བབ། ཟླ་བ་བློ་གྲོས། ༼སྦྲང་ཆར་གཙོ་སྒྲིག་པ།༽ བོད་ཀྱི་དེང་རབས་སྒྱུ་རྩལ་བ་ཐོག་མ། དོ་ནུ་ཏི་སུ་ལོ་ཕི་ཟི། ༼མེ་ཞེ་ཀུན་སློབ་གྲྭ་ཆེན་མོ།༽

ཟླ་དྲུག་པ

འབུད་རྡུང་གྲོལ་གསུམ་དང་ཆོས་དབྱངས། བོད་རྒྱུད་ནང་བསྟན་ཀྱི་ཆོས་ལུགས་ཆོ་ག་ ཞིག ཕུན་ཚོགས་དགེ་ལེགས་བླ་མ་༼ བལ་བོའ ་ི ཀརྨ་ར་ཇ་མཧཱ་ཝེ་ཧཱ། ༽དང་མེ་ཁོལ་ མན་ཧར་ཐི།༼ཁོ་ལུམ་པེ་ཡ་སློབ་གྲྭ་ཆེན་མོ།༽

ཟླ་བདུན་པ།

བོད་ཡིག་གི་ཚེག་བར་ལ་བར་སྟོང་དགོས་སམ། བསྟན་འཛིན་བདེ་སྐྱིད་དང་བླ་མ་པདྨ་ དབང་གྲགས། དོན་འགྲུབ་བཀྲ་ཤིས་སོགས།

བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་ མོན་ ཧཱར་ཊི་གཉིས་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོ་རུ་མཇལ་ འཕྲད་བྱུང་འདུག་ལ། བླ་མ་ཕུན་ཚོགས་དགེ་ལེགས་ ཀྱིས་སློབ་གྲྭ་དེ་རུ་ལོ་གཉིས་ཀྱི་རིང་ལ་བོད་ཀྱི་ཆོ་གའི་ རོལ་དབྱངས་སློབ་ཁྲིད་གནང་འདུག མའེ་ཁཱལ་གྱིས་ སློབ་གྲྭ་དེ་རུ་མི་རིགས་འདྲ་མིན་གྱི་སྲོལ་རྒྱུན་རོལ་མོའ ་ི སློབ་ཚན་ལས་བོད་དང་འཇར་པན་གྱི་ཆོ་གའི་རོལ་མོ་ དམིགས་སུ་བཟུང་ནས་སློབ་གཉེར་བྱས་ཏེ། སྒྱུ་རྩལ་ རབ་འབྱམས་པའི་སློབ་སྦྱོང་མཐར་ཕྱིན་པར་གྱུར། དེ་ ནས་མའེ་ཁཱལ་གྱིས་ མའེ་ཁོ་རོ་ སོ་ཕི་ཊི་ (Microsoft) ཞེས་པའི་གློག་ཀླད་བཟོ་ལས་ཁང་གི་སྣ་འཛོམས་ བརྒྱུད་ལམ་ཀྱི་ཤེས་རིག་སྡེ་ཚན་དུ་ལོ་ངོ་བཅུ་གཉིས་ཀྱི་ རིང་ལ་ཕྱག་ལས་གནང་སྟེ། ད་སྐབས་གྲོང་ཁྱེར་ནེའུ་ ཡོག་གི་ཀོ་ལིམ་སྦི་ཡ་སློབ་གྲྭ་ཆེན་མོ་རུ་བོད་རིག་པའི་ ཞིབ་འཇུག་ཁོངས་སུ་སྒྱུ་རྩལ་རབ་འབྱམས་པའི་སློབ་ གཉེར་གནང་མུས་ཡིན། ངོ་མཚར་ཆེ་བའི་ཕྱི་དྲོ་འདི་ཉིད་བླ་མ་ཕུན་ཚོགས་ དགེ་ལེགས་དང་མའེ་ཁཱལ་ མོན་ཧཱར་ཊི་གཉིས་དང་ མཇལ་བའི་སྒོ་ནས་ཕུན་སུམ་ཚོགས་པའི་ངང་དུ་མཇུག་ བསྡུས་པ་ཡིན། བླ་མ་ཕུན་ཚོགས་དགེ་ལེགས་དང་ ངེད་གཉིས་ཀྱི་བར་དུ་སྐད་བརྡ་མི་འཕྲོད་པའི་དཀའ་ ངལ་བྱུང་མོད། ཡིན་ནའང་ཁོང་གི་ཞི་དུལ་དང་དྲོད་ འཇམ། སྒམ་ཉམས་ཀྱི་ཞལ་རས་ཀྱིས་ངའི་ལག་པ་དང་ སྙིང་ཁོངས་དྲོད་ལམ་མེར་བཏང་། མའེ་ཁཱལ་དང་ལྷན་ དུ་ཕྱི་དྲོ་དེའི་རོལ་མོའ་ི སྐོར་ལ་ཁ་བརྡ་ཐུང་ངུ་ཞིག་བྱས་ ཏེ་རང་སེམས་ལ་སྤྲོ་བ་འཕེལ། ཁོང་ནི་ས་ཁི་སི་ཕོན་ (Saxphone) རོལ་ཆས་འབུད་མཁན་མཁས་ཅན་ ཞིག་དང་། འཆར་ཡན་གྱིས་ཕྱུག་པའི་རང་རྐྱ་འཕེར་ བའི་རོལ་མོ་བ་ཞིག ནང་ཆོས་ཀྱི་གསུང་རབ་ཡིག་སྒྱུར་ བྱེད་པའི་ལས་ལ་གཞོལ་བའི་ལོ་ཙཱ་བ་ཞིག བོད་རིག་ པར་ཞིབ་འཇུག་དཔྱིས་ཕྱིན་པ་བྱེད་མཁན་ཞིག་བཅས་ རེད། ཉིན་དེར་བླ་མ་ཕུན་ཚོགས་དགེ་ལེགས་དང་ མའེ་ཁཱལ་གཉིས་ཀྱིས་ང་ཚོར་ཅི་ཞིག་གསོལ་བསྩལ་ གནང་བ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ ཚོགས་དང་། ལྷ་ཚོགས་འཁོར་དང་བཅས་པ་དགྱེས་ པའི་དཔལ་ལ་རོལ་དུ་འཇུག་པར་སོམ་ཉི་བྱེད་མི་དགོས་ པ་ཞིག་བྱུང་།

རྩོམ་ཡིག་འདི་འབྲི་མཁན་ མའེ་ཁཱལ་ ཨེ་ཇཱིན་ནི་ འབུམ་རམས་པ་ཞིག་དང་། སེམས་ཁམས་རིག་པ་བ་ ཞིག རྩོམ་པ་པོ་ཞིག་བཅས་ཡིན་ལ། ཁོང་གི་བརྩམས་ ཆོས་སུ། དྲན་མེད་ལས་མཆེད་པའི་མེ་དཔུང༔ སེམས་ དངངས་དང་སྨྱོ་ནད། དད་མོས་ཞེས་པ་དང་། ཚོར་བ་ གལ་ཆེན་པོ་རེད། སེམས་ཁམས་བརྟག་ཞིབ་ཀྱི་ལྐོག་ གྱུར་བཅས་ཡོད།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཐུན་མོང་གི་འབབ་ས་ཞིག་འཚོལ་བ།

གཟའ་པ་སངས་དང་སྤེན་པ་གཉིས་ཏེ། སྤྱི་ཟླ་༣ཚེས་༢༦དང་༢༧གཉིས་ལ་ཀུན་ ཕན་ཐེབས་རྩ་ཚོགས་པས་རང་ཉིད་ཀྱི་འཆད་ཁྲིད་བསྟར་མ་ཐེངས་དང་པོའ ་ི ཚོགས་ཐེངས་བཞི་པ་དེ། “དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་ སྐད་ཡིག”ཅེས་པའི་བརྗོད་གཞིའི་སྟེང་དུ་ཚོགས། ཉིན་གཉིས་རིང་གི་ཚོགས་འདུའི་ ཐོག་ཏུ་བོད་ཀྱི་ཡིག་སྐད་དང་ཁ་སྐད་གཉིས་ཚད་ལྡན་དུ་གཏོང་བའི་ཐོག་ལ་གླེང་ མོལ་བྱས། སྐད་ཡིག་གི་འཇིག་ཉེན་དང་ཕ་སྐད་སློབ་གསོ། སྐད་ཡིག་འཆར་འགོད་དང་སྐད་ ཡིག་གི་གསོན་ཤུགས་ལ་བརྟག་དཔྱོད་སོགས་དང་འབྲེལ་བའི་ཉམས་མྱོང་བརྗེ་ རེས་དང་བརྗོད་གཞི་གོ་བསྡུར་བྱེད་ཆེད། གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་པའི་འཆད་ འཁྲིད་བསྟར་མ་འདིས་རྒྱལ་ཁོངས་དང་རྒྱབ་ལྗོངས་མི་འདྲ་བའི་གཏམ་བཤད་པ་ མང་བོ་མཉམ་འཛོམས་གནང་འཇུག་གི་ཡོད། སྤྱི་ལོ་༢༠༡༠ལོར་འཆད་ཁྲིད་བསྟར་ མའི་ལས་ཀར་མཇུག་སྡོམ་བྱས་རྗེས་ཚོགས་འདུའི་ཆོད་ཡིག་ཁག་དཔར་སྐྲུན་བྱེད་ རྒྱུ་ཡིན།

དགེ་བཤེས་ནོར་ནང་ནི”སྐད་ཡིག་ཚད་ལྡན་དུ་གཏོང་ བའི་ཐད་ཀྱི་ལྟ་ཚུལ”ཞེས་པའི་བགྲོ་གླེང་སྐབས་སུ་ བོད་ཀྱི་སྲོལ་རྒྱུན་ཀློག་སྟངས་ཐོག་ལ་ཕྱིར་འགྲོ་བར་ རྒྱབ་སྐྱོར་བྱེད་མཁན་གྱི་གཏམ་བཤད་པ་ཞིག་ཡིན།

བོ ད ་ཀྱི ་ སྐད་ཡི ག ་ནི ་ ངོ ་ མཚར་ལྡན་པའི ་ བོ ད ་ ཀྱི ་ དཔལ་ཡོ ན ་གྱི ་ རི ག ་གནས་དང་ལོ ་ རྒྱུས་ལ་དམ་ པོ ར ་འབྲེ ལ ་ཡོ ད ་ལ། སངས་རྒྱས་ཆོ ས ་ལུགས་དང་ བོ ན ་ཆོ ས ་གཉི ས ་ཀའི ་ འཕེ ལ ་རྒྱས་དང་ཁྱབ་བརྡལ་ ཐད་ལ་གཙོ ་ འགན་འཁུར་ཡོ ད ་རྐྱེ ན ། སྐད་ཡི ག ་ འདི ་ ནི ་ རྩོ མ ་རི ག ་གི ་ཤུལ་བཞག་ཕུན་སུམ་ཚོ ག ས་ པ་ལྡན་ལ་འཛམ་གླི ང ་རྩོ མ ་རི ག ་བྱུང་འཕེ ལ ་ལོ ་ རྒྱུས་ཁྲོ ད ་དུ་ཐུན་མི ན ་གྱི ་ གོ ་ གནས་ཡོ ད ་མཁན་ ཞི ག ་ཡི ན ། དེ ང ་སང་བོ ད ་ཀྱི ་ སྐད་ཡི ག ་ནི ་ ཡུལ་སྐད་ཆེ ན ་ པོ ་ དྲུག་གི ས ་གྲུབ་ནས་བོ ད ་ཡུལ་མཐོ ་ སྒང་ཧྲི ལ ་ བོ ར ་ཁྱབ་ཡོ ད ། ཡུལ་སྐད་འདི ་ དག་ལས་ཆེ ས ་ཆེ ་

བའི ་ ཡུལ་སྐད་གསུམ་ནི ་ དབུས་སྐད་དང་ཁམས་ སྐད། ཨམ་སྐད་བཅས་སོ ། ། དེ ་ ལྟ་ནའང་། ཐུན་མོ ང ་ གི ་ ཆོ ས ་ལུགས་དང་ཐུན་མོ ང ་གི ་ བརྡ་སྤྲོ ད ་ལམ་ ལུགས་ཀྱི ས ་མཉམ་དུ་བཅི ང ས་པའི ་ སྐད་ཡི ག ་ གཅི ག ་གི ས ་པཱ་ཀི ས ་སི ་ ཐན་ཀྱི ་ཤར་ཁུལ་ནས་སི ་ ཁྲོ ན ་གྱི ་ ནུབ་ཁུལ་དང་། དེ ་ ནས་ཀན་སུའུ་ཞི ང ་ ཆེ ན ་སོ ག ས་ཞི ང ་ཆེ ན ་དང་ས་ཁུལ་མང་བོ ་ ཁེ བ ས་ ཡོ ད ། སྐད་ཡི ག ་འདི ་ བོ ད ་བརྒྱུད་སངས་རྒྱས་ཆོ ས ་ ལུགས་དང་དམ་པར་འབྲེ ལ ་ཡོ ད ་རྐྱེ ན ། སྐད་ཡི ག ་ འདི ་ ཡི ག ་ཐོ ག ་ནས་ཧ་ཅང་བརྟན་བརླི ང ་གི ས ་ གནས་ཐུབ་ཡོ ད ། འོ ན ་ཀྱང་། བཀས་བཅད་རི མ ་པ་ གསུམ་བྱས་ནས་དུས་རབས་བཅུ་གཉི ས ་ལྷག་ཕྱི ན ་ ཚར་བའི ་ དེ ་ རི ང ་། ཡུལ་སྐད་མི ་ འདྲ་བ་མང་བོ ་ ཡོ ད ་པའི ་ མི ་ ཚོ ག ས་འདི ་ དག་གི ས ་ཕན་ཚུན་ནང་ ཁུལ་ལ་གོ ་ བརྡ་སྤྲོ ད ་དུས་དཀའ་ངལ་ངེ ས ་ཅན་ འཕྲད་བཞི ན ་ཡོ ད ། བོ ད ་ཀྱི ་ ཡུལ་སྐད་སྣ་མང་ཅན་དུ་གྱུར་བ་འདི འ ི ་ རྒྱུ་རྐྱེ ན ་ནི ་ བོ ད ་ཀྱི ་ ས་རྒྱ་ཆེ ་ ཞི ང ་ས་བབ་རྙོ ག ་ འཛི ང ་ཆེ ་ བའི ་ དོ ན ་དངོ ས ་ལ་ཐད་ཀར་འབྲེ ལ ་ ཡོ ད ། བོ ད ་ཀྱི ་ ཡུལ་སྐད་སྣ་མང་ཅན་འདི ་ ལ་བརྟེ ན ་ ནས་བོ ད ་ཡུལ་མཐོ ་ སྒང་གི ་ ས་ཁུལ་ཁག་ཏུ་ཐུན་ མོ ང ་མ་ཡི ན ་པའི ་ གོ མ ས་གཤི ས ་དང་ལུགས་སྲོ ལ ་ འདྲ་མི ན ་དར་ཐུབ་པ་བྱུང་ཡོ ད ་མོ ད ། འོ ན ་ཀྱང་། ཁྱད་པར་འདི ་ དག་གི ས ་ཆེ ས ་གཞི ་ རྩར་གྱུར་བའི ་ གོ ་ བརྡ་ཡང་སྤྲོ ད ་མི ་ ཐུབ་དུས་བོ ད ་པ་རྣམས་ལ་ཕྱི ་ ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

13


ཟླ་བ་བློ་གྲོས་ནི་བོད་ཀྱི་རྩོམ་རིག་དུས་དེབ<<སྦྲང་ ཆར>>གྱི་གཙོ་སྒྲིག་པ་ཡིན་ལ་ད་ལྟའི་མཁས་དབང་ ཚོས་གསར་འདོན་བྱས་པའི་ཚད་ལྡན་སྐད་ཡིག་ཅིག་ བཟོ་བར་འཐད་པ་ཡོད་མཁན་ཞིག་ཀྱང་ཡིན།

ལྗེད་ཧྥེར་ཤེ་ཧོ་ལི་སི་ལཱ་སྨིས་ཀྱིས་དབུས་ཤར་ས་ ཁུལ་གྱི་ཁཱུར་ཌིའི་སྐད་ཚད་ལྡན་ཅན་དུ་བསྒྱུར་ བའི་སྐོར་གྱི་གནས་ཚུལ་དང་ཉམས་མྱོང་ངོ་སྤྲོད་ གནང་།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

ནང་གཉི ས ་ཀའི ་ དཀའ་ངལ་འཕྲད་ཀྱི ་ ཡོ ད ། འགྲོ ་ བ་མི འ ི ་ ལོ ་ རྒྱུས་ལ་ཕྱི ར ་བལྟས་བྱས་ན། མི ག ་སྔར་བོ ད ་ཀྱི ་ སྐད་ཡི ག ་ལ་འཕྲད་བཞི ན ་པའི ་ གནས་སྟངས་འདི ་ ནི ་ རང་བྱུང་གི ་ སྤྱི ་ ཁྲི མ ས་ཤི ག ་ ཡི ན ་པ་ལས་སྤྱི ར ་བཏང་སྐད་ཡི ག ་ལ་འཕྲད་སྲི ད ་ པའི ་ དམི ག ས་བསལ་གནས་སྟངས་ཤི ག ་མི ན ། འདས་པའི ་ དུས་རབས་ཉུང་ཉུང་འདི འ ི ་ རི ང ་དུ་ གཞུང་གཉེ ར ་སློ བ ་གསོ འ ི་ ལམ་ལུགས་དར་ཁྱབ་ཏུ་ སོ ང ་བ་དང་། ཚོ ང ་ལས་དང་སྐྱེ ལ ་འདྲེ ན ། གསར་ འགྱུར་བརྒྱུད་ལམ་བཅས་ལ་སྔོ ན ་མེ ད ་ཀྱི ་ ཡར་ རྒྱས་བྱུང་བ་སོ ག ས་ཀྱི ་ དབང་གི ས ། ཚོ ང ་འབྲེ ལ ་ དང་རི ག ་གནས་འཕོ ་ འགྱུར་བཅས་ལ་སྟབས་ བདེ འ ི ་ ལམ་བུ་སྐྲུན་ཆེ ད ་སྤྱི ་ སྐད་དམ་ཚད་ལྡན་ སྐད་ཡི ག ་དར་སྤེ ལ ་གཏོ ང ་བར་སྐུལ་མ་ཐེ བ ས་ཡོ ད ། འདས་པའི ་ ལོ ་ རབས་འདི ་ དག་ནང་དུ་རྨང་ གཞི འ ི ་ སྒྲི ག ་ཆས་ལ་འཕེ ལ ་རྒྱས་མགྱོ ག ས་པོ ་ བྱུང་ བ་དང་སྔོ ན ་ཐོ ན ་འཕྲི ན ་སྐྱེ ལ ་ལག་རྩལ་དར་ཁྱབ་ ཏུ་སོ ང ་བ་སོ ག ས་ཀྱི ་ དབང་གི ས ། བོ ད ་ཡུལ་མཐོ ་ སྒང་དུའང་གོ ང ་བཀོ ད ་ཀྱི ་ དཔེ ་ མཚོ ན ་བསྐྱར་ཟློ ས ་ བྱས་པ་རེ ད ། དེ ང ་སང་ཡུལ་སྐད་འདྲ་མི ན ་བཤད་ པའི ་ བོ ད ་པ་རྣམས་ཕན་ཚུན་བར་འབྲེ ལ ་འདྲི ས ་ བྱེ ད ་པ་མང་ནས་མང་དུ་འགྲོ ་ བཞི ན ་ཡོ ད ་ལ། འདི ་ ལྟ་བུའི ་ སྔོ ན ་ཆད་བྱུང་མ་མྱོ ང ་བའི ་ ཆད་མེ ད ་ འབྲེ ལ ་འདྲི ས ་ཀྱི ་ དབང་གི ས ་བོ ད ་པ་ཤེ ས ་ཡོ ན ་པ་ ཚོ འ ི ་ གྲས་སུ་བོ ད ་ཀྱི ་ སྤྱི ་ སྐད་དམ་ཚད་ལྡན་སྐད་ ཅི ག ་གཏན་འབེ བ ས་བྱེ ད ་པའི ་ འདུན་པ་ཤུགས་ ཆེ ན ་འབྱུང་གི ་ ཡོ ད ། འོ ན ་ཀྱང་། སྤྱི ་ སྐད་གཏན་ འབེ བ ས་བྱེ ད ་པར་ཅི ་ ཞི ག ་རྩ་འཛི ན ་བྱེ ད ་དགོ ས ་ མི ན ་ཐད་ལྟ་བ་མི ་ འདྲ་བ་མང་བོ ་ ཐོ ན ་གྱི ་ ཡོ ད ། གསར་དུ་ཐོ ན ་བཞི ན ་པའི ་ བགྲོ ་ གླེ ང ་འདི ་ དང་ དེ ་ བཞི ན ་སྐད་བརྡ་ཚད་ལྡན་དུ་སྒྱུར་བར་དགེ ་ སྐྱོ ན ་གང་ཡོ ད ་བཅས་ཀྱི ་ ཐད་ལ་གདེ ང ་འཇོ ག ་ བྱེ ད ་ཆེ ད ། ང་ཚོ ས ་ཌེ ་ ཝེ ་ ཌི ་ བྷི ་ རཱ་ཌི ་ ལེ ་ དང་ འཇམ་དགའ། སྨི ག ་ལོ ས ་འཁོ ན ་ཐར། ཟླ་བ་བློ ་ གྲོ ས ། དགེ ་ བཤེ ས ་ནོ ར ་ནང་། ལྗེ ད ་ཧྥེ ར ་ཤེ ་ ཧོ ་ ལི ་ སི ་ ལཱ་སྨི ས ་བཅས་གདན་འདྲེ ན ་བྱས་ཡོ ད ། ཉི ན ་ གཉི ས ་རི ང ་གི ་ འཆད་ཁྲི ད ་གྲོ ས ་ཚོ ག ས་རི ང ་ཁོ ང ་ ཚོ ས ་ཆེ ད ་རྩོ མ ་དང་གཏམ་བཤད་སྤེ ལ ་ནས་རང་ རང་སོ འ ི་ ཞི བ ་འཇུག་གི ་ འབྲས་བུ་དང་སྤྱི ་ ཚོ ག ས་ འདྲ་མི ན ་གྱི ་ ནང་དུ་ཕྱག་ལས་གནང་བའི ་ ཉམས་ མྱོ ང ་བཅས་ཡོ ང ས་ལ་ཉམས་སུ་མྱོ ང ་དུ་བཅུག་ཡོ ད ། སྤྱི ར ་བོ ད ་པ་མང་བོ ས ་སྐད་བརྡ་ཚད་ལྡན་དུ་ སྒྱུར་བར་ལྟ་སྟངས་ལེ ག ས་ནའང་། འོ ན ་ཀྱང་། ཐབས་ལམ་ཅི ་ ཞི ག ་སྤྱད་དེ ་ བོ ད ་ཀྱི ་ སྐད་ཡི ག ་ཚད་ ལྡན་དུ་བསྒྱུར་རྒྱུ་ཡི ན ་པ་དང་དེ ་ ལྟར་བསྒྱུར་བའི ་ མཇུག་འབྲས་ཅི ་ འདྲ་ཡི ན ་པ་བཅས་ཀྱི ་ ཐོ ག ་བགྲོ ་

གླེ ང ་བྱེ ད ་རྒྱུ་ལྷག་ཡོ ད ། ངོ ་ བོ ་ ངོ ས ་འཛི ན ་དང་གོ ་ བརྡ་འཕྲོ ད ་པ། དེ ་ བཞི ན ་རི ག ་གནས་གཅི ག ་གྱུར་ བཅས་ཀྱི ་ གནད་དོ ན ་ཐད་ཀྱི ་ བགྲོ ་ གླེ ང ་འདི ་ བོ ད ་ པ་དང་བོ ད ་པ་མ་ཡི ན ་པའི ་ བོ ད ་ཀྱི ་ སྐད་བརྡ་རི ག ་ པ་བ་ཁག་གི ་ བར་དུ་ཚ་རླབས་ལྷག་ཏུ་ཆེ ། བོ ད ་ ཡུལ་མཐོ ་ སྒང་གི ་ གནས་སྡོ ད ་བོ ད ་མི འ ི ་ ས་ཁུལ་ ནང་ཁུལ་དང་ས་ཁུལ་ཕན་ཚུན་བར་དུ་གོ ་ བརྡ་ འཕྲོ ད ་པར་བྱེ ད ་རྒྱུའི ་ དམི ག ས་ཡུལ་ཐུན་མོ ང ་ཡི ན ་ པ་གང་ཞི ག ་ལ་ཁོ ང ་ཚོ འ ི ་ ཐབས་ལམ་མི ་ འདྲ། བོ ད ་པ་གཏམ་བཤད་པ་ཚོ ས ་བོ ད ་ཀྱི ་ སྐད་ཡི ག ་ ཚད་ལྡན་དུ་སྒྱུར་བར་སྲུང་འཛི ན ་རང་བཞི ན ་ དང་གསར་གཏོ ད ་རང་བཞི ན ། ཚབ་མཚོ ན ་རང་ བཞི ན ་བཅས་ལྡན་པའི ་ ཐབས་ལམ་བཏོ ན ། དཔེ ར ་ ན། ཝ་ཤི ན ་ཊོ ན ་སློ བ ་གྲྭ་ཆེ ན ་མོ འ ི་ ཨེ ་ཤ་ཡའི ་ སྐད་ ཡི ག ་དང་རྩོ མ ་རི ག ་སྡེ ་ ཁག་གི ་ བགྲེ ས ་ཡོ ལ ་བྱས་ པའི ་ འཆད་ཁྲི ད ་སློ བ ་དཔོ ན ་དགེ ་ བཤེ ས ་ནོ ར ་ནང་ གི ས ། སྲོ ལ ་རྒྱུན་བོ ད ་ཡི ག ་གི ་ ཀློ ག ་འདོ ན ་བྱེ ད ་ སྟངས་སུ་ཕྱི ར ་ལོ ག ་པ་ནི ་ སྐད་རི ག ས་འདྲ་མཉམ་ མ་ཡི ན ་པའི ་ ཉེ ན ་ཁ་བྲལ་བའི ་ ས་ཁུལ་ཐུན་མོ ང ་ གི ་ སྐད་ཅི ག ་བཟོ ་ བའི ་ ཐབས་ལམ་ནུས་ཅན་ཞི ག ་ ཡི ན ་པའི ་ དགོ ང ས་ཚུལ་བཏོ ན ། ཁོ ང ་གི ས ་བལྟས་ ན། རི ག ་གནས་གང་ལེ ག ས་བསྡུར་བ་ལས་གང་སྔ་ བསྡུར་བའི ་ བྱེ ད ་ཐབས་སྤེ ལ ་ཏེ ། ཡི ག ་ཐོ ག ་ཏུ་ཡོ ད ་ པའི ་ བོ ད ་སྐད་ཀྱི ་ སྒྲ་གདངས་ཕྱི ར ་དང་ལེ ན ་བྱས་ པ་ཡི ན ་ན་རི མ ་བཞི ན ་ཡི ག ་ཐོ ག ་དང་ངག་ཐོ ག ་གི ་ སྐད་གཉི ས ་བར་གྱི ་ ཁྱད་པར་ཇེ ་ ཆུང་དུ་འགྲོ ་ རྒྱུ་ རེ ད ། འདི ་ ལྟར་བྱས་ན་ཌེ ་ ཝི ་ ཌི ་ བྷི ་ རཱ་ཌི ་ ལེ ་ ཡི ས ་ གསུངས་པའི ་ ཡི ག ་ངག་གཉི ས ་ཀའི ་ སྐད་གཉི ས ་ ཀའི ་ བར་དུ”འགལ་བ”རེ ་ འབྱུང་སྲི ད ་མོ ད ། འོ ན ་ ཀྱང་། རང་ལོ ་ བརྒྱ་ཕྲག་བཅུ་གསུམ་ཡི ན ་པའི ་ ཚད་ལྡན་ཡི ག ་ཐོ ག ་བོ ད ་སྐད་ཀྱི ས ་རི ག ་གནས་སྣ་ ཚོ ག ས་ལྡན་ཞི ང ་མི ་ མང་རྣམས་ཡུལ་གྲུ་རྒྱ་ཆེ ན ་ ཞི ག ་ཏུ་ཁ་བཀྲམས་ནས་བསྡད་ཡོ ད ་པའི ་ ས་ཁུལ་ འདི འ ི ་ ལོ ་ རྒྱུས་དང་སྲོ ལ ་རྒྱུན་རི ག ་གནས་ཀྱི ་ ཐུན་ མོ ང ་གི ་ ལྟེ ་ བའི ་ འགན་འཁུར་ཐུབ་ཡོ ད ། དགེ ་ བཤེ ས ་ནོ ར ་ནང་གི ་ དགོ ང ས་ཚུལ་དེ ས ་ སྐད་ཚད་ལྡན་དུ་སྒྱུར་བའི ་ བརྒྱུད་རི མ ་གྱི ་ ཆ་ཤས་ ཤི ག ་ཁེ བ ས་ཡོ ད ་མོ ད ། འོ ན ་ཀྱང་། དེ ས ་བོ ད ་ཀྱི ་ སྐད་ཡི ག ་ལ་དགོ ས ་མཁོ ་ ཉི ན ་རེ ་ ནས་ཉི ན ་རེ ར ་ ཇེ ་ ཆེ ར ་འགྲོ ་ བཞི ན ་པའི ་ ཚད་ལྡན་ཐ་སྙད་གསར་ པའི ་ སྐོ ར ་ལ་ཅི ་ ཡང་བཤད་མེ ད ། པེ ་ ཅི ང ་དུ་ཡོ ད ་ པའི ་ རྒྱལ་ཡོ ང ས་བོ ད ་སྐད་ཡི ག ་གི ་ ཐ་སྙད་ཚད་ ལྡན་དུ་སྒྱུར་བའི ་ ལས་དོ ན ་ལྷན་ཚོ ག ས་ཀྱི ་ སྤྱི ་ ཁྱབ་དྲུང་ཡི ག ་འཇམ་དགའ་ལགས་ཀྱི ས ། འཆར་ སྒོ ་ གསར་པ་སླེ བ ས་བཞི ན ་པའི ་ རྐྱེ ན ་གྱི ས ་ཐ་སྙད་ གསར་པ་བཟོ ་ བའི ་ དགོ ས ་མཁོ ་ ཅི ་ འདྲ་ཆེ ་ བའི ་


སྐོ ར ་འགྲེ ལ ་བཤད་གནང་བ་བརྒྱུད། བོ ད ་ཀྱི ་ སྐད་ ཡི ག ་སྤྱི ་ ཁྱབ་ཚད་ལྡན་དུ་བསྒྱུར་བ་ལས་བོ ད ་ཡི ག ་ ཀློ ག ་འདོ ན ་གྱི ་ གདངས་དང་ཐ་སྙད་ཚད་ལྡན་དུ་ བསྒྱུར་ན་འཚམས་ཚུལ་གྱི ་ དགོ ང ས་ཚུལ་བཏོ ན ། རང་ལོ ་ བརྒྱ་ཕྲག་བཅུ་གསུམ་སོ ན ་པའི ་ ཡི ག ་ཐོ ག ་ སྐད་ཡི ག ་འདི ་ ལ་དེ ང ་རབས་ཚན་རི ག ་དང་ལག་ རྩལ། དེ ང ་རབས་སྤྱི ་ ཚོ ག ས་བཅས་དང་འབྲེ ལ ་ བའི ་ ཐ་སྙད་ཀྱི ས ་འདང་གི ་ མེ ད ་ཅི ང ་། སློ བ ་གསོ ་ དར་སྤེ ལ ་ལ་རོ ག ས་འདེ ག ས་བྱེ ད ་པའི ་ ཚད་ལྡན་ ཐ་སྙད་གསར་པ་མེ ད ་ན། མཐའ་ན་དེ ང ་རབས་ འཚོ ་ བའི ་ ནང་གི ་ ཆེ ས ་གཞི ་ རྩའི ་ གླེ ང ་མོ ལ ་བྱེ ད ་ རྒྱུའང་དཀའ་མོ ་ ཡི ན ་པ་ནས་རྩ་བ་ནས་མི ་ སྲི ད ་པ་ ཞི ག ་ཡི ན ་པ་ར་སྤྲོ ད ་འབྱུང་གི ་ ཡོ ད ། འཇམ་དགའ་དང་དགེ ་ བཤེ ས ་ནོ ར ་ནང་གཉི ས ་ ཀས་རྒྱབ་སྐྱོ ར ་བྱས་པའི ་ ཐ་སྙད་དང་སྒྲ་གདངས་ གཉི ས ་ཀ་ཚད་ལྡན་དུ་བསྒྱུར་བའི ་ དམི ག ས་ཡུལ་ འགྲུབ་རེ ་ དང་བཅས། སྦྲང་ཆར་དུས་དེ བ ་ཀྱི ་ གཙོ ་ སྒྲི ག ་པ་ཟླ་བ་བློ ་ གྲོ ས ་ཀྱི ས ་སྐད་ཡི ག ་ཚད་ལྡན་ ཞི ག ་གཏན་འབེ བ ས་བྱ་ཆེ ད ་འདི ་ ཐད་ལ་ཆེ ད ་ མཁས་རང་བཞི ན ་གྱི ་ ཞི བ ་འཇུག་གནང་དགོ ས ་ པའི ་ དགོ ང ས་ཚུལ་བཏོ ན ། ཟླ་བ་བློ ་ གྲོ ས ་ཀྱི ས ་ བལྟས་ན། བོ ད ་ཀྱི ་ ཡུལ་སྐད་སྣ་ཚོ ག ས་ཀྱི ་ སྐུ་ཚབ་ ལྡན་པའི ་ བོ ད ་ཀྱི ་ སྐད་བརྡ་རི ག ་པ་བའི ་ ཚོ ་ ཆུང་ ཞི ག ་གི ས ་མཉམ་འབྲེ ལ ་ཞི བ ་འཇུག་བྱས་ན། ཤེ ས ་ ཡོ ན ་པའི ་ མང་མོ ས ་བསམ་ཚུལ་གྱི ས ་སྐད་ཡི ག ་ ཚད་ལྡན་དུ་གཏོ ང ་བའི ་ ལས་ཀར་རྨང་གཞི ་ འདི ང ་ ཐུབ། བོ ད ་པ་གཏམ་བཤད་པ་མང་ཆེ ་ བས་ཚད་ལྡན་ སྐད་ཡི ག ་ཅི ག ་བཟོ ་ བར་རྒྱབ་སྐྱོ ར ་བྱས་ནའང་ ། བོ ད ་པ་མ་ཡི ན ་པའི ་ གཏམ་བཤད་པ་ཚོ ས ། སྐད་ ཡི ག ་ཚད་ལྡན་ཞི ག ་གཏན་འཁེ ལ ་བྱེ ད ་པ་ནི ་ རི ག ་ གནས་ཤི ག ་ལ་བསྐྱར་དུ་གསོ ན ་ཤུགས་སྤྲོ ད ་པར་

དམི ག ས་པ་ལྟ་བུ་ཡི ན ་མོ ད ། ཚད་ལྡན་དུ་འགྲོ ་ བའི ་ ལམ་དུ་དཀའ་ཚེ ག ས་དང་ཉེ ན ་ཁས་ཁེ ང ས་ ཡོ ད ་ཅེ ས ་རྩོ ད ་གླེ ང ་བྱས། ས་ཁུལ་གང་ཞི ག ་ཡི ན ་ རུང་གལ་སྲི ད ་དེ འ ི ་ སྐད་དེ ་ སྤྱི ་ སྐད་ཡི ན ་པ་གཏན་ འཁེ ལ ་བྱས་ཚེ ་ སྐད་འདི ་ ཉི ད ་དག་མོ ་ ཡི ན ་ཞི ང ་ གཞན་པ་རྣམས་ནོ ར ་བ་ཡི ན ་པ་སྟོ ན ་གྱི ་ ཡོ ད ། འདི ས ་སྐད་ཡི ག ་ཁ་ཐོ ར ་དུ་རྐྱེ ན ་སྲི ད ་ལ་རི མ ་ བཞི ན ་ས་ཁུལ་ཁ་ཐོ ར ་དུའང་གཏོ ང ་སྲི ད ། ཧང་ གཱ་རི འ ི ་ སྐད་དང་ཁཱུར་ཌི འ ི ་ སྐད་གཉི ས ་ལ་གནད་ དོ ན ་འདི ་ འཕྲད་ཡོ ད ་ལ་བོ ད ་འབར་གྱི ་ སྐད་རི ག ས་ གཞན་པ་ཁག་ལའང་གནད་དོ ན ་འདི ་ འཕྲད་ཡོ ད ། ཨོ ་ སི ་ ཁྲི ་ ལི ་ ཡའི ་ ལཱ་ཋི ་ རོ བ ་སློ བ ་གྲྭ་ཆེ ན ་མོ འ ི་ སློ བ ་དཔོ ན ་ཌེ ་ ཝི ་ ཌི ་ བྷི ་ རཱ་ཌི ོ ་ ལེ ་ ཡི ས ། བོ ད ་ཀྱི ་ ཡི ག ་ཐོ ག ་སྐད་ཡི ག ་བརྟན་བརླི ང ་ཡོ ང ་བའི ་ ཐད་ ཆོ ས ་ལུགས་ཀྱི ་ བྱེ ད ་ནུས་ཐོ ག ་ནན་བརྗོ ད ་བྱས་པ་ དང་། དེ ང ་རབས་ཁ་སྐད་བཤད་མཁན་དང་གནའ་ བོ འ ི་ རྩ་ཆེ ན ་རི ག ་གནས་ལ་འཐམ་མཁན་གཉི ས ་ ཀྱི ་ བར་དུ་འགལ་བ་འབྱུང་སྲི ད ་ཟེ ར ་ལ། ཁོ ང ་ གི ས ་མུ་མཐུད་དུ། འདི ་ ལྟ་བུའི ་ སྐད་ཡི ག ་གི ་ ཡི ག ་ གེ ་ ལ་འགྱུར་བ་གཏོ ང ་བ་ནི ་ རྙོ ག ་དྲ་སློ ང ་བའི ་ རྒྱུ་ ཡི ན ་ལ་། ཚད་ལྡན་སྐད་ཡི ག ་གཏན་འཁེ ལ ་བྱེ ད ་ པའི ་ སྤྱི ར ་བཏང་གི ་ ཉེ ན ་ཁ་ནི ་ དེ ས ་ནང་ཁུལ་ལ་ ཁ་བྲལ་ཆེ ན ་པོ ་ གཏོ ང ་ཐུབ་པ་དེ ་ རེ ད ་ཟེ ར ། ཧང་ག་རི འ ི ་ སཱེ ་ གེ ་ ཌི ་ སློ བ ་གྲྭ་ཆེ ན ་མོ འ ི་ གཉེ ར ་ སྤྱོ ད ་སྐད་བརྡ་རི ག ་པ་བ་སྨི ག ་ལོ ས ་འཁོ ན ་ཐར་ ལགས་ཀྱི ས ་བརྡ་ཚད་ལྡན་དུ་བསྒྱུར་ཟི ན ་པའི ་ སྐད་ ཡི ག ་ཁག་གི ་ སྤྱི ་ ཚོ ག ས་ཤུགས་རྐྱེ ན ་ཐད་ལ་དཔྱད་ བསྡུར་བྱས། ཁོ ང ་གི ས ་བཤད་དོ ན ། སྐད་བརྡ་ཚད་ ལྡན་དུ་བསྒྱུར་ན་སྐད་རི ག ས་བཙན་ཤེ ད ་རི ང ་ ལུགས་དར་ནས་སྐད་རི ག ས་གཞན་པ་ལ་མཐོ ང ་ ཆུང་བྱེ ད ་པ་དང་། རི མ ་བཞི ན ་སྐད་རི ག ས་སོ ་ སོ འ ི་ རི ག ་གནས་ཐོ ག ་གི ་ གལ་ཆེ ན ་རང་བཞི ན ་ནམ་གོ ་

གནས་ལ་གཞི ག ས་ནས་སྐད་རི ག ས་གྲལ་རི མ ་རི ང ་ལུགས་ དར་སྲི ད ་ལ། དེ ་ ནས་རི མ ་བཞི ན ་སྐད་རི ག ས་དྭངས་གཙང་ རི ང ་ལུགས་དར་ནས་སྐད་རི ག ས་དྭངས་གཙང་ཅན་སྟེ ་ ཚད་ ལྡན་སྐད་ཡི ག ་གམ་སྤྱི ་ སྐད་དང་འབྲེ ལ ་བའི ་ རི ག ་གནས་ རྣམས་མཐོ ་ རི མ ་རི ག ་གནས་སུ་བརྩི ་ བ་དང་སྐད་རི ག ས་ གཞན་དང་འབྲེ ལ ་བའི ་ རི ག ་གནས་རྣམས་དམའ་རི མ ་རི ག ་ གནས་སུ་བརྩི ས ་ཏེ ་ སྣང་མེ ད ་དུ་གཏོ ང ་སྲི ད ་པ་རེ ད ་ཟེ ར ། འདི ་ ལྟ་བུའི ་ སྐད་བརྡ་ཚད་ལྡན་དུ་སྒྱུར་བའི ་ བརྒྱུད་རི མ ་ ཁྲོ ད ་དུ་བྱུང་བའི ་ སྤྱི ་ ཚོ ག ས་ཀྱི ་ གནད་དོ ན ་དེ ར ་སྤྱི ་ ཚོ ག ས་ སྤྱི ་ དང་། ཁྱད་པར་དུ་ཚད་ལྡན་སྐད་དམ་སྤྱི ་ སྐད་དུ་མ་ བརྩི ས ་པའི ་ སྐད་བཤད་མཁན་རྣམས་ལ་ཤུགས་རྐྱེ ན ་ཆེ ན ་ པོ ་ ཡོ ད ། ལྗེ ད ་ཧྥེ ར ་ཤེ ་ ཧོ ་ ལི ་ སི ་ ལཱ་སྨི ས ་ལགས་ཀྱི ས ་བལྟས་ ན། སྐད་ཡི ག ་ནི ་ མི ་ སྒེ ར ་དང་རི ག ་གནས་ཀྱི ་ ངོ ་ བོ འ ི་ གྲུབ་ ཆ་གཙོ ་ བོ ་ དེ ་ ཡི ན ་པ་མ་ཟད། དེ ་ ནི ་ ཚོ ག ས་སྤྱི ་ དང་སྒེ ར ་པ་ གཉི ས ་ཀའི ་ ཐོ བ ་ཐང་ཞི ག ་རེ ད ། ལྟ་སྟངས་འདི ་ ལྟ་བུ་ཞི ག ་ ནས་བལྟས་པ་ཡི ན ་ན་སྐད་བརྡ་ཚད་ལྡན་དུ་བསྒྱུར་བའི ་ དཀའ་ངལ་ལ་ད་དུང་ཟུར་ངོ ས ་གཞན་ཞི ག ་མངོ ན ། རི ག ་གནས་ཕྱི ར ་འབུད་དང་ནང་ཁུལ་ཁ་བྲལ། སྐད་ རི ག ས་ཕན་ཚུན་མཐོ ང ་ཆུང་སོ ག ས་ནི ་ སྐད་བརྡ་ཚད་ལྡན་ དུ་སྒྱུར་བའི ་ བརྒྱུད་རི མ ་ནང་དུ་བྱོ ལ ་ཐབས་མེ ད ་པ་ཞི ག ་ ཡི ན ་པ་འདྲ་ཡང་། ཐུན་མོ ང ་ཁ་སྐད་ནི ་ བོ ད ་ཀྱི ་ ས་ཁུལ་ འདྲ་མི ན ་བར་གྱི ་ འབྲེ ལ ་འདྲི ས ་སྟབས་ཇེ ་ བདེ ་ དང་གྲངས་ ཇེ ་ མང་དུ་འགྱུར་བའི ་ ལྡེ ་ མི ག ་ཉག་ཅི ག ་ཏུ་གྱུར་ཡོ ད ། སྤྱི ར ་ བོ ད ་ཀྱི ་ སྐད་བརྡ་ཚད་ལྡན་དུ་སྒྱུར་བའམ་སྤྱི ་ སྐད་གཏན་ 15 འབེ བ ས་བྱེ ད ་པའི ་ གླེ ང ་མོ ལ ་ད་དུང་མུ་མཐུད་དུ་འགྲོ ་ བཞི ན ་ཡོ ད ་ནའང་། ལས་དོ ན ་འདི འ ི ་ ཉེ ན ་ཁ་དང་ཁེ ་ ཕན་ གཉི ས ་ཀར་དཔྱད་འཇོ ག ་ཡག་པོ ་ བྱེ ད ་དགོ ས ་པ་དང་། བོ ད ་ ཀྱི ་ སྐད་ཡི ག ་ནི ་ དེ ་ བཤད་པའི ་ མི ་ སྡེ ་ ལ་མཚོ ན ་ན་སྐད་ ཡི ག ་ཁོ ་ ན་ཙམ་མ་ཡི ན ་པར་དེ ་ ནི ་ ཁོ ང ་ཚོ ་ སྒེ ར ་པ་རེ ་ རེ འ ི ་ ངོ ་ བོ འ ི་ གྲུབ་ཆ་གཙོ ་ བོ ་ ཞི ག ་ཏུ་གྱུར་ཡོ ད ་རྐྱེ ན ། ཁོ ང ་ཚོ འ ི ་ ཐོ ག ་ལ་བསམ་བློ ་ ངེ ས ་པར་དུ་གཏོ ང ་དགོ ས །

སྤེ ལ ་རྒྱུའི ་ གཏམ་བཤད་ལེ ་ ཚན་གྱི ་ གསལ་བསྒྲགས།

བརྟེན་ཅིང་འབྲེལ་བའི་སྣ་མང་ཅན། སྐད་ཡིག རིག་གཞུང་དང་སྐྱེ་དངོས་བར་གྱི་འབྲེལ་བ།

༢༠༡༠ཟླ་བ་༩པའི་ཚེས་༢༤དང་༢༥་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་བྱས་པའི་”རྒྱལ་སྤྱི་སྐྱེ་དངོས་སྣ་ཚོགས་ཀྱི་ལོ”་ཞེས་པའི་ལས་ཚན་གྱི་ཁོངས་སུ་རྩིས་ནས། ༢༠༡༠ལོའ་ིཟླ་༩བའི་ཚེས་༢༤དང་༢༥་ གཟའ་པ་སངས་དང་གཟའ་སྤེན་པ་ཉིན། ཀུན་ཕན་ཐེབས་རྩ་ཚོགས་པས་”དེང་གི་ག་ོལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག”་ཅེས་པའི་ཕྲེང་བརྒྱུད་གཏམ་ཚོགས་ ནང་གསེས་ཀྱི་ཚོགས་འདུ་ཐེངས་༥བ་སྐོང་ཚོགས་བྱེད་ རྒྱུ་ཡིན། ཚོགས་འདུ་འདིའི་ཐོག་གཏམ་བཤད་མཁན་ཚོས་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྒྱུད་ནས་ས་ཞིང་བེད་སྤྱོད་བྱེད་ པ་དང་། འཚོ་ཐབས།གས གསོ་རིག་བཅས་ཀྱི་ཤེས་བྱའི་ལྟ་སྟངས་ཀྱི་ཐགོ་ནས་སྐད་ཡིག རིག་གནས་དང་སྐྱེ་དངོས་སྣ་ཚོགས་བར་གྱི་འབྲེལ་བ་ཞིབ་དཔྱད་ བྱེད་རྒྱུ་རེད། ཚོགས་འདུ་ཚང་མཱ་རིན་མེད་དང་སུ་ཕེབས་ཀྱང་ཆོག ཐོ་འགོད་ན། དྲ་རྒྱའི་སྦྲེལ་ཐག www.trace.org/events.html ཕེབས་པའམ། གློག་འཕྲིན། events@trace.org གཏོང་བའམ། ཡང་ན་ 212-367-7380 ཐོག་ཁ་པར་གཏོང་རོགས། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ལས་ཀའི་ཡུལ་དངོས་ནས་འབྱོར་བའི་ཤོག་བྱང་། ལྷ་ས་གྲོང་ཁྱེར་གྱི་ས་ཁོངས། KAbir Heimsath ནས།

བདག་ནི ་ ཀྲུང་གོ འ ི་ བོ ད ་ཁུལ་གྱི ་ གྲོ ང ་ཁྱེ ར ་ས་ ཁོ ང ས་དེ ང ་རབས་ཅན་དུ་བསྒྱུར་བའི ་ ལས་ཀའི ་ ཁྲོ ད ་དུ་ཆ་ཤས་ལེ ན ་པར་སྤྲོ ་ སྣང་ཡོ ད ་མཁན་ཞི ག ་ ཡི ན ་ལ། བདག་གི ་ ཞི བ ་འཇུག་གི ་ ཁ་ཕྱོ ག ས་ནི ་ གྲོ ང ་ཁྱེ ར ་གྱི ་ ཁོ ར ་ཡུག་གྲོ ང ་ཁྱེ ར ་གྱི ་ སྡོ ད ་མི འ ི ་ འཚོ ་ བ་དང་རི ག ་གནས་ལ་འབྲེ ལ ་ནས་སྐྲུན་ ཐབས་སྐོ ར ་ཡི ན ། སྤྱི ར ་ང་རང་གི ་ ལས་གཞི འ ི ་ ཁ་ གཏད་ཡུལ་ནི ་ ལྷ་ས་གྲོ ང ་ཁྱེ ར ་ཡི ན ་མོ ད ། འོ ན ་ ཀྱང་། གྲོ ང ་ཁྱེ ར ་འཕེ ལ ་རྒྱས་ཀྱི ས ་རི ག ་གནས་ ཀྱི ་ ཁྱབ་ཁོ ང ས་ལ་ཤུགས་རྐྱེ ན ་ཅི ་ འདྲ་ཐེ བ ས་མི ན ་ ཐད་ལྟ་བ་དྲང་བོ ་ ཞི ག ་ཆགས་ཆེ ད ། ཀྲུང་གོ འ ི་ བོ ད ་ཁུལ་གྱི ་ གྲོ ང ་ཁྱེ ར ་དང་གྲོ ང ་རྡལ་ལྟེ ་ གནས་ ཁག་ལ་བལྟ་ཞི བ ་བྱས་ཏེ ་ ཕན་ཚུན་གཤི བ ་བསྡུར་ བྱ་རྒྱུ་ནི ་ བདག་ལ་མཚོ ན ་ན་ཧ་ཅང་གལ་ཆེ ་ བའི ་ དོ ན ་ཞི ག ་རེ ད ། ཀུན་ཕན་གྱི ་ ཞི བ ་འཇུག་རོ ག ས་ རམ་བྱ་དགར་བརྟེ ན ་ནས། བདག་འཆར་གཞི ་ བཏི ང ས་ཟི ན ་པའི ་ (དང་འཆར་གཞི ་ མ་བཏི ང ས་ པའི ) འཕེ ལ ་རྒྱས་ས་ཁུལ་འདྲ་མི ན ་ལ་བལྟ་ཞི བ ་ བྱེ ད ་ཆེ ད ། ཟི ་ ལི ང ་དང་སྐྱེ ་ དགུ་མདོ ། ཁུན་ མི ན ་དང་རྒྱལ་ཐང་(ཤམྦྷ་ལ)བཅས་ལ་སོ ང ་སྟེ ་ ཡང་ བསྐྱར་ཕྱི ར ་ལྷ་སར་འབྱོ ར ། གྲོ ང ་རྡལ་འདི ་ དག་བར་དུ་གཞི ་ རྒྱ་ཆེ ་ ཆུང་ ཡོ ད ་པ་དེ ་ གལ་ཆེ ་ བའི ན ་དོ ན ་དག་ཞི ག ་ཡི ན ་མོ ད ། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

འོ ན ་ཀྱང་། དེ ་ དག་ཚང་མ་རེ ་ རེ ས ་སྔོ ན ་ཆད་ གྲོ ང ་གསེ བ ་ཡི ན ་པའི ་ སྤྱི ་ ཚོ ག ས་འདི ་ ཉི ད ་ཀྱི ་ ཁྲོ ད ་ དུ་དེ ང ་རབས་ཅན་དུ་འགྱུར་བའི ་ དཀྱོ ག ་མཚམས་ ལྟ་བུའི ་ ནུས་པ་ཐོ ན ་གྱི ་ ཡོ ད ། གྲོ ང ་ཁྱེ ར ་རྣམ་ པའི ་ ཆེ ད ་ལས་མཁས་པ་ཚོ ས ་ས་གནས་ལ་མ་ལྟོ ས ་ པར་ཆེ ད ་ལས་རང་བཞི ན ་དང་རི ན ་འབེ བ ས་རང་ བཞི ན ། ཚད་ལྡན་རང་བཞི ན ་བཅས་ཀྱི ་ ཕྱོ ག ས་ སུ་སྐུལ་འདེ ད ་གཏོ ང ་མོ ད ། འོ ན ་ཀྱང་། ས་གནས་ཀྱི ་ གོ མ ས་གཤི ས ་དང་འཚོ ་ བ་སྐྱེ ལ ་ སྟངས། གལ་ཆེ ་ ཆུང་བཅས་ཀྱི ས ་སྒྲི ག ་ལམ་དང་ འཕེ ལ ་རྒྱས་། དེ ་ བཞི ན ་སྟངས་འཛི ན ་བཅས་ལ་ ཁ་གཏད་བཅག་སྟེ ་ ཁོ ང ་ཚོ ་ རང་ཉི ད ་ཀྱི ་ ལམ་བུ་ ཞི ག ་དེ ད ་ནས་འགྲོ ་ ངེ ས ། ཕྱི འ ི ་ རྣམ་པ་ནི ་ རྒྱུན་ དུ་ཡི ད ་འགུག་བྱེ ད ་ཅི ག ་ཡི ན ་མོ ད ། འོ ན ་ཀྱང་། བྱ་དངོ ས ་ཆུང་ཆུང་ཁག་གི ས ་བཟོ ་ བཀོ ད ་རྒྱ་ཆེ ན ་ ལ་གཏོ ར ་བརླག་གཏོ ང ་སྲི ད ། ཟི ་ ལི ང ་མེ ་ འཁོ ར ་འབབ་ཚི ག ས་ནས་བལྟས་ན་ གྲང་སྣང་ཤར་ཞི ང ་ཐལ་མདོ ག ་ཅན་གྱི ་ ཨར་འདམ་ གྱི ་ ཁང་བརྩེ ག ས་གནམ་ལ་ཟུག་པ་ཁག་གི ་ ནང་དུ། འུར་སྒྲས་ཁེ ང ས་པའི ་ ཕྱེ ་ ཐུག་ཟ་ཁང་གི ས ་གང་ ཡོ ད ་ལ། ཟ་ཁང་དེ ་ དག་གི ་ ནང་དུ་ཨ་མདོ འ ི་ ཡུལ་གྲུ་སོ ་ སོ ་ ནས་ཕེ བ ས་པའི ་ བོ ད ་པ་ཚོ ས ་ཁ་ ཆེ འ ི ་ ཕྱེ ་ ཐུག་ཤུབ་སྒྲ་དང་བཅས་འཐུང་བཞི ན ་ཧོ ་

ལེ ་ ཝོ ས ་ཌི འ ི ་ གློ ག ་བརྙན་གྲགས་ཅན་ནས་འབྲོ ག ་ ཁྱི འ ི ་ ཁྱི ་ ཕྲུག་གི ་ རི ན ་གོ ང ་ཚུན་ཆད་ཐོ ག ་ཁ་བརྡ་ བྱེ ད ། སྐྱེ ་ དགུ་མདོ འ ི་ ལྟ་ན་སྡུག་པའི ་ སྲང་གློ ག ་ ཁག་དོ ན ་དམ་པར་དགོ ང ་མོ ར ་ཐོ ན ་དུས་བཀར་རྒྱུ་ མེ ད ་མོ ད ། འོ ན ་ཀྱང་། འདི ས ་ཨ་ཁུ་འབྲོ ག ་པ་ ཚོ ་ གེ ་ སར་རྒྱལ་པོ འ ི་ སྐུ་བརྙན་གྱི ས ་སྲུང་བའི ་ ལྟེ ་ གནས་ཐང་ཆེ ན ་ཕྱོ ག ས་སུ་རྐང་འདྲེ ད ་ཤོ ར ་བཞི ན ་ འགྲོ ་ བར་བར་ཆད་གཏོ ང ་མི ་ ཐུབ། ནང་ཆེ ན ་ པ་ཚོ འ ི ་ གོ མ ་པ་སྤོ ་ སྟངས་དེ ་ རྫ་སྟོ ད ་པ་ཚོ འ ི ་ གོ མ ་ པ་སྤོ ་ སྟངས་དང་མི ་ འདྲ་བར་སྣང་མོ ད ། འོ ན ་ ཀྱང་། དོ ན ་དུ་ཅི ་ ཞི ག ་མི ་ འདྲ་ཞེ ་ ན་འགྲེ ལ ་ བཤད་རྒྱག་དཀའ། རྒྱལ་ཐང་ངམ་ཀྲུང་ཏི འ ན་ཏེ ། དེ ང ་སང་ཤམྦྷ་ལར་འབོ ད ་པའི ་ ས་ཆ་དེ ར ། ཧྲི ན ་ ཀྲི ན ་ནས་ཡོ ང ་བའི ་ གཞོ ན ་ནུ་མ་ཚོ ས ་ནཱ་ཞི ས ་མི ་ རི ག ས་ཀྱི ་ གྱོ ན ་གོ ས ་གོ ན ་སྟེ ་ ཁ་ནས་ཁོ ང ་ཚོ ” བོ ད ་ པ”ཡི ན ་ཟེ ར ་ཞི ང ་ལག་ནས་བལ་ཡུལ་ནས་ཐོ ན ་ པའི ་ རྒྱན་ཆ་འཚོ ང ་། ཁང་བརྩེ ག ས་རྙི ང ་པ་ཁག་ ནི ་ ན་ནི ང ་བསྐྲུན་པ་ཡི ན ་ལ་ཁང་བརྩེ ག ས་གསར་ པ་དེ ་ རྣམས་གཞི ་ ནས་འཐོ ར ་ཞི ག ་ཏུ་འགྲོ ་ བཞི ན ་ འདུག ལྷ་ས་སྟེ ། ལྷ་ཡི ་ ས་འདི ར ་ང་ཚོ ་ འཛམ་ གླི ང ་ས་ཆ་གང་ས་གང་ནས་ལྷ་ཡུལ་གྱི ་ དམུ་ཐག་ འཚོ ལ ་དུ་ཡོ ང ་མོ ད ། འོ ན ་ཀྱང་། ང་ཚོ ས ་མཐོ ང ་ཡོ ང ་བ་ནི ་ བོ ད ་པ་ཚོ ས ་གསོ ལ ་


ལྷ་སའི་བར་སྐོར་ཐང་ཆེན་གྱི་ལོ་གསར། འདྲ་པར། © ཀ་པིར་སྨན་སིང་ཧེམ་སེད།

ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

འདེ བ ས་དང་སྨོ ན ་ལམ་རྣམས་འགྱི ག ་ཤོ ག ་གི ་ ལྒང་ ཕུག་དང་ལྷན་དུ་འཇི ག ་རྟེ ན ་གཞན་པ་ཞི ག ་དུ་ སྐྱེ ལ ་བཞི ན ་པ་དེ འ ོ ། ། གྲོ ང ་རྡལ་འདི ་ དག་ནང་གི ་ འགྱུར་ལྡོ ག ་ནི ་ དངོ ས ་གནས་མགོ ་ ཡུག་འཁོ ར ་བྱེ ད ་ཅི ག ་རེ ད ། འདི ར ་མཐོ ང ་ཡོ ང ་བ་ནི ་ ”རྒྱ”དང་”བོ ད ་ཀྱི ” ཁྱད་ པར་མ་ཙམ་ཡི ན ་པར། འདི ར ་ཡོ ད ་པ་ནི ་ བོ ད ་ ཀྱི ་ ས་ཁུལ་འདྲ་མི ན ་དང་སྤྱི ་ ཚོ ག ས་གྲལ་རི མ ་སྣ་ ཚོ ག ས་ནས་སླེ བ ས་པའི ་ གོ མ ས་གཤི ས ་དང་འཚོ ་ བ་སྐྱེ ལ ་སྟངས་འདྲ་མི ན ་གྱི ས ་རྒྱལ་ཡོ ང ས་དང་ རྒྱལ་སྤྱི འ ི ་ཤུགས་རྐྱེ ན ་འོ ག ་ནས། མ་གཞི ་ ནས་ ཁེ ར ་རྐྱང་ཡི ན ་པར་འབོ ད ་པའི ་ ས་ཆ་འདི ་ དག་ རི ག ་གནས་རྒྱུད་བསྲེ ས ་དང་འགྱུར་ལྡོ ག ་གི ་ ལྟེ ་ གནས་ཤི ག ་ཏུ་བསྒྱུར་འདུག

ཀ་པིར་སྨན་སིང་ཧེམ་སེད་ཀྱིས་ཨོག་སི་ཧྥོར་ཌི་སློབ་ གྲྭ་ཆེན་མོ་ནས་སྤྱི་ཚོགས་མི་རིགས་རིག་པའི་ཐོག་སློབ་ སྦྱོང་བྱས་པ་དང་། རང་ཉིད་ཀྱི་འབུམ་རམས་པའི་མཐར་ ཕྱིན་དཔྱད་རྩོམ”ལྷ་སའི་གྲོང་ཁྱེར་གྱི་ས་ཁོངས”ཞེས་ པའི་ཞིབ་འཇུག་གི་ཡུལ་དངོས་བྱ་བའི་ཤ་ཆས་ཤིག་ འགྲུབ་པར་བྱེད་ཆེད་༢༠༠༩ལོའ་ི ཀུན་ཕན་ཐེབས་རྩ་ ཚོགས་པའི་ཞིབ་འཇུག་རོགས་རམ་བྱ་དགའ་ཐོབ།

ཀུན་ཕན་ཐེབས་རྩ་ཚོགས་པས་དགའ་སྤྲོའ ་ི ངང་༢༠༡༡་ནས་༢༠༡༢ལོའ ་ི བར་གྱི་ཞིབ་ འཇུག་གི་རོགས་རམ་བྱ་དགའ་གསལ་བསྒྲགས་བྱེད་རྒྱུ་ཡིན། བྱ་དགའ་འདིའི་དམིགས་ ཡུལ་ནི་ཆེད་ལས་བ་དང་། མཁས་པ་དང་སྒྱུ་རྩལ་པ་རྣམས་ལ་རྒྱབ་ སྐྱོར་བྱེད་ནས་སྤྱི་ ཚོགས་ཚན་རིན་དང་། སྒྱུ་རྩལ་རིག་གནས་དང་ཚན་རིན་བཅས་རིག་གནས་ཁག་ནས་ མུ་མཐུད་དུ་ཤེས་བྱ་ཐོབ་པའི་ཆེད་དུ་ཡིན། ལས་གཞི་འདིས་ཀྲོང་གོའ ་ི བོད་ཁུལ་དུ་ སྤེལ་བཞིན་པའི་དེང་རབས་ཅན་དུ་འགྱུར་བའི་རྒྱུད་རིམ་ནང་གི་རྙོག་འཛིངས་སོགས་ རྒྱུས་ཡོད་བྱེད་པར་ཕན་པའི་ཞིབ་འཇུག་གི་བྱེད་སྒོ་ལ་རྒྱབ་སྐྱོར་བྱེད་ནས་མཐའ་མིའི་ གྲུབ་འབྲས་སུ་རྒྱུན་གནས་ཐུབ་པ་དང་ས་གནས་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་ འཕེལ་རྒྱས་ཀྱི་མ་དཔེ་རྣམས་ངོས་འཛིན་བྱེད་པར་ཡིན། ང་ཚོས་ལོ་རེར་རིང་ན་ཟླ་བ་༡༢་ལ་རྒྱ་ནག་ནང་དང་རྒྱལ་སྤྱི་ཡང་ན་གཉིས་འཛོམ་གྱི་ ཞིབ་འཇུག་རོགས་རམ་གྱི་བྱ་དགའ་འབུལ་གྱི་ཡོད། ང་ཚོས་ད་ལོར་གཤམ་གསལ་གྱི་བརྗོད་གཞི་སྐོར་ལ་ཞིབ་འཇུག་བྱེད་མཁནཀྱི་མི་ལ་ དམིགས་བསལ་གྱི་བསམ་བློ་གཏང་རྒྱུ་ཡིན༔ • མཚོ་བོད་མཐོ་སྒང་ཐོག་གི་སྲོལ་རྒྱུན་འབྲོག་ལས་དང་ཞིང་ལས་དཔལ་ འབྱོར་ལ་འཕྲད་བཞིན་པའི་དཀའ་གནད། • བོད་སྐད་ལ་འཕྲད་བཞིན་པའི་དཀའ་གནད། • ཁོར་ཡུག་སྲུང་སྐྱོབ། • ས་གནས་ཀྱི་ལོ་རྒྱུས། • གྲོངས་ཉུང་མི་རིགས་ཀྱི་སློབ་གསོ།

ཞིབ་འཇུག་གི་རོགས་རམ་བྱ་དགའ་དང་འབྲེལ་བའི་ཆ་རྐྱེན་དང་ཞུ་ཡིག་གི་གོ་རིམ་ཐད་ ཀྱི་ ཞིབ་ཕྲའི་གནས་ཚུལ་སོགས་ཞུ་ཡིག་གི་ཤོག་ངོས་ལ་གཟིགས་རོགས།

www.trace.org/Trace_Tibetan/grsupport_fellowships_apply_tib.html

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

17


ས་གནས་དང་འཛམ་གླིང་བར་ནས་སྲོལ་རྒྱུན་ རིག་གནས་གཉོར་སྐྱོང་བྱེད་པ།

༢༠༠༩ལོའ ་ི སྤྱི་ཟླ་༩ཚེས་༧ནས་ཚེས་༡༡བར་འབྲུག་གི་རྒྱལ་ས་ཐིམ་ཕུ་ལ་ཚོགས་པའི་ རྒྱལ་སྤྱིའི་ཨེ་ཤེ་ཡའི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་མཐུན་ཚོགས་ཀྱི་སྐབས་བདུན་ པའི་ལྷན་ཚོགས་ཐོག་གི་དྲན་འཆར། Sienna R. Craig ནས།

IASTAMཡི་སྐབས་བདུན་པའི་ལྷན་ཚོགས་སྒོ་འབྱེད་ མཛོད་སྒོའ ་ི སྟེང་གི་འདོན་རྟ་དབྱངས་ཀྱི་མཆོད་པ། © མེན་རཱ་དི་ཧོ་ཧྥེར། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

(ཊར་མོ ན ་མཐོ ་ སློ བ །)

གསོ ་ རི ག ་མི ་ རི ག ས་རི ག ་པའི ་ མཁས་དབང་ ཆར་ཟི ལ ་ལེ ག ས་ལས་མཆོ ག ་དང་། ལོ ་ རྒྱུས་ མཁས་དབང་ཨ་ཐར་ལུགས་དབུས་གླི ང ་(A.L.) དཔའ་བྱམས་རྣམ་གཉི ས ་ཀྱི ས ་སྤྱི ་ ལོ ་ ༡༩༧༩ལོ ར ་ གསར་འཛུགས་གནང་བའི ་ རྒྱལ་སྤྱི འ ི ་ ཨེ ་ཤ་ཡའི ་ སྲོ ལ ་རྒྱུན་གསོ ་ རི ག ་ཞི བ ་འཇུག་མཐུན་ཚོ ག ས་ (IASTAM)ཀྱི ས ། ཨེ ་ཤ་ཡའི ་ གསོ ་ རི ག ་སྲོ ལ ་ རྒྱུན་ཞི བ ་འཇུག་པ་དང་ཉམས་ལེ ན ་པ་ཁག་ཕན་ ཚུན་བར་བགྲོ ་ གླེ ང ་གནང་དུ་འཇུག་པའི ་ ཐུན་མོ ང ་ མ་ཡི ན ་པའི ་ དམི ག ས་འདུན་ཞི ག ་མཚོ ན ་གྱི ་ ཡོ ད ། སྒྲི ག ་འཛུགས་འདི འ ི ་ དམི ག ས་ཡུལ་ནི ་ གྲུབ་མཐའ་ སྣ་ཚོ ག ས་ནས་འཕེ ལ ་རྒྱས་བྱུང་བའི ་ ཨེ ་ཤ་ཡའི ་ གསོ ་ རི ག ་གི ་ རི ག ་གནས་ཞི བ ་འཇུག་དང་རི ག ་ གནས་ཕན་ཚུན་འབྲེ ལ ་འདྲི ས ་བྱེ ད ་པའི ་ བྱ་གཞག་ དར་སྤེ ལ ་དུ་གཏོ ང ་རྒྱུ་དེ ་ ཡི ན ་ཞི ང ་། འདི ་ ཡང་ བྱ་སྤྱོ ད ་དང་ལག་ལེ ན ་གྱི ་ ཐོ ག ་ཏུ་བསམ་འཆར་ དང་མཚམས་ལ་ལར་ངོ ས ་ལེ ན ་བྱེ ད ་དཀའ་བའི ་ རྫོ ག ས་མེ ད ་ཀྱི ་ སྐྱོ ན ་བརྗོ ད ་ཡོ ང ་བ་ཁག་ལ་གུས་ བརྩི ་ བྱེ ད ་པ་མ་ཟད་དང་ལེ ན ་ཡང་བྱེ ད ་པའི ་ སྒོ ་ ནས་སྒྲུབ་དགོ ས ་པ་ཡི ན ། IASTAMཡི ་ འདས་ པའི ་ ལྷན་ཚོ ག ས་ཁག་ཁན་བྷེ ་ ར་(༡༩༧༩)དང་ བྷོ མ ་བྷེ ( ༡༩༩༠)། ཨོ ་ སི ་ ཋི ན ་(༢༠༠༦)ལྟ་བུ་ས་ གནས་འདྲ་མི ན ་དུ་ཚོ ག ས་ན་ཡང་། ལྷན་ཚོ ག ས་ འདི ་ ན་ནི ང ་ལོ ་ བར་དུ་ཧི ་ མ་ལ་ཡའི ་ རྒྱལ་ཁབ་ ཅི ག ་ཏུ་ཚོ ག ས་མྱོ ང ་མེ ད ། དེ ་ དང་མཚུངས་པར་ འདས་པའི ་ རྒྱལ་སྤྱི འ ི ་ ལྷན་ཚོ ག ས་ཁག་གི ་ སྐབས་ སུ་ཚོ ག ས་ཞུགས་པའི ་ ཆེ ད ་རྩོ མ ་ཁག་གི ་ ནང་ དུ་མཚམས་ལ་ལར་བོ ད ་ཀྱི ་ གསོ ་ རི ག ་དེ ་ དཔྱད་ གཞི ར ་བཟུང་བ་རེ ་ ཟུང་ཡོ ད ་པ་ལས། སྒྲི ག ་ འཛུགས་ཀྱི ་ ལོ ་ རྒྱུས་ཀྱི ་ ནང་དུ་བོ ད ་ཀྱི ་ གསོ ་ རི ག ་ དང་བོ ད ་དང་ཧི ་ མ་ལ་ཡའི ་ དཔལ་ཡོ ན ་དང་ འབྲེ ལ ་བའི ་ མཁས་པ་དང་ཉམས་ལེ ན ་པའི ་ ལྟ་བ་ རྒྱ་ཆེ ར ་སྤེ ལ ་མྱོ ང ་མེ ད ། ན་ནི ང ་ལོ ར ་IASTAMཡི ་ སྐབས་བདུན་པའི ་

ལྷན་ཚོ ག ས་དེ ་ འབྲུག་ཡུལ་གྱི ་ ཐི མ ་ཕུག་ཏུ་ཚོ ག ས་ པ་དང་ཆབས་ཅི ག ་དོ ན ་དངོ ས ་འདི ་ ཡོ ང ས་སུ་ བསྒྱུར་པ་རེ ད ། འདི ་ ནི ་ ཧི ་ མ་ལ་ཡའི ་ རྒྱལ་ཁམས་ འདི ་ རུ་ཚོ ག ས་པའི ་ མི ག ་སྔར་བར་དུ་ཆེ ས ་ཆེ ་ བའི ་ རྒྱལ་སྤྱི འ ི ་ ལྷན་ཚོ ག ས་ཤི ག ་ཡི ན ་པ་མ་ཟད། འདི ་ ནི ་ མགྲོ ན ་བདག་རྒྱལ་ཁབ་འབྲུག་ཡུལ་དུ་”དམ་ ཆོ ས ་གསོ ་ རི ག ”ཏུ་གྲགས་ཤི ང ་། ཨེ ་ཤ་ཡའི ་ མཐོ ་ སྒང་དང་དེ ་ ལས་བརྒལ་བའི ་ ཡུལ་གྲུ་ཁག་ཏུ་རྣམ་ པ་སྣ་ཚོ ག ས་པའི ་ ཐོ ག ་ནས་ལག་ལེ ན ་དང་ཞི བ ་ འཇུག་བྱས་པའི ་ གསོ ་ བ་རི ག ་པ་སྟེ ། “འགྲོ ་ བ་ ནད་ལས་གསོ ་ བའི ་ རི ག ་པ”ཆེ ན ་པོ ་ འདི འ ི ་ མཁས་ དབང་དང་ཉམས་ལེ ན ་པ་རྣམས་IASTAMཡི ས ་ མཁན་འདྲེ ན ་བྱས་ཏེ ་ ཁོ ང ་ཚོ འ ི ་ གསུང་སྒྲོ ག ་ཏུ་ བཅུག་པའང་ཐེ ང ས་དང་པོ ་ ཡི ན ། མི ་ གྲངས་ ༢༠༠ལྷག་ཚོ ག ས་ཞུགས་གནང་བའི ་ ལྷན་ཚོ ག ས་ འདི ་ ནི ་ འབྲུག་གཞུང་འཕྲོ ད ་བསྟེ ན ་ལྷན་ཁང་གི ་ སྲོ ལ ་རྒྱུན་གསོ ་ རི ག ་ཞབས་ཞུའི ་ གླི ང ་གི ས ་མགྲོ ན ་ བསུ་བྱས་ཤི ང ་འབྲུག་གི ་ རྒྱལ་སའི ་ ནུབ་མཐའ་ རུ་ཡོ ད ་པའི ་ རྒྱལ་གཞུང་དོ ་ དམ་གླི ང ་(RIM)དུ་ ཚོ ག ས་པ་རེ ད ། མཛད་སྒོ ་ འདི འ ི ་ སྐོ ར ་འབྲུག་ གི ་ ཚགས་པར་ཆེ ་ ཁག་ཚང་མས་བཀོ ད ་པ་མ་ཟད་ ས་ཁུལ་གྱི ་ བརྙན་འཕྲི ན ་དང་རླུང་འཕྲི ན ་གྱི ་ ནང་ དུའང་བཏང་། ལྷན་ཚོ ག ས་དེ ས ་བོ ད ་དང་ཧི ་ མ་ལ་ཡ། དེ ་ བཞི ན ་ཨེ ་ཤ་ཡ་ཤར་མ་དང་ལྷོ ་ མ་བཅས་ཀྱི ་ གསོ ་ རི ག ་གཞུང་ལུགས་ཀྱི ་ མཁས་དབང་དང་ཉམས་ ལེ ན ་པ་རྣམས་ལྷན་ཅི ག ་ཏུ་བསྡུས་པ་མ་ཟད། སྤྱི ་ ཚོ ག ས་ཁེ ་ ལས་པ་དང་གཞུང་ཞབས་པ། ཨེ ་ཤ་ཡ་ ནས་ཐོ ན ་པའི ་ གསོ ་ རི ག ་ཐོ ན ་རྫས་ཉོ ་ འཚོ ང ་བྱེ ད ་ བཞི ན ་པའི ་ འཛམ་གླི ང ་ཚོ ང ་ལས་སྡེ ་ ཁག་ཁག་གི ་ སྐུ་ཚབ་བཅས་ཀྱང་མཉམ་དུ་བསྡུས་ཡོ ད ། འབྲུག་ གི ་ སྲོ ལ ་རྒྱུན་གསོ ་ རི ག ་སློ བ ་གླི ང ་གི ་ སློ བ ་མ་ སོ ག ས་ས་གནས་སློ བ ་མ་ཁག་ཚུད་པའི ་ ཨེ ་ཤ་ཡའི ་ གསོ ་ རི ག ་སློ བ ་མ་རྣམས་ཚོ ག ས་འདུར་ཕེ བ ས་ཏེ ་


བྱེ ད ་སྒོ ར ་ཞུགས་ཡོ ད ། རྒྱལ་སྤྱི འ ི ་ འདུ་འཛོ མ ས་ འདི ་ འབྲུག་གི ་ སློ བ ་མ་(རྒྱལ་གཞུང་སློ ེ བ ་ཆེ ན ་ གྱི ་ སྐད་ཡི ག ་དང་རི ག ་གནས་སྡེ ་ ཚན་གྱི ་ སློ བ ་མ་ ལྟ་བུ)རྣམས་ལ་མཚོ ན ་ན་འཛམ་གླི ང ་རི མ ་པའི ་ མཁས་དབང་དང་ཆེ ད ་ལས་པའི ་ ཕྱག་རྩོ མ ་སྒྲོ ག ་ སྦྱང་བྱས་པ་མཐོ ང ་བའི ་ གོ ་ སྐབས་ཤི ག ་ཀྱང་རེ ད ། ལྟ་བ་འདྲ་མི ན ་འདུས་པ་འདི ས ་ལྷན་ཚོ ག ས་ཀྱི ་ བརྗོ ད ་གཞི ་ སྟེ ། “ས་གནས་དང་འཛམ་གླི ང ་བར་ ནས་སྲོ ལ ་རྒྱུན་རི ག ་གནས་གཉོ ར ་སྐྱོ ང ་བྱེ ད ་པ།” ཞེ ས ་པ་འདི ་ མངོ ན ་པར་མཚོ ན ་ཡོ ད ། ཐི ག ་ཕུག་ ཏུ་ཚོ ག ས་པའི ་ ཉི ན ་ལྔའི ་ རི ང ་གི ་ འདུ་འཛོ མ ས་ འདི འ ི ་ སྟེ ང ་དུ་མཁས་དབང་དང་ཚན་རི ག ་པ་ཁག སྲི ད ་ཇུས་བཟོ ་ མཁན་དང་ཉམས་ལེ ན ་པ་བཅས་ ཀྱི ་ བར་དུ་ཐུན་མོ ང ་མ་ཡི ན ་ལ་གསར་གཏོ ད ་ཀྱི ་ རང་བཞི ན ་ལྡན་པའི ་ བགྲོ ་ གླེ ང ་མང་བོ ་ བྱུང་ཡོ ད ། འདས་པའི ་ ལྷན་ཚོ ག ས་ཁག་དང་བསྡུར་ཚེ ། ད་ ཐེ ང ས་ཀྱི ་ ལྷན་ཚོ ག ས་ནང་དུ་ལོ ་ རྒྱུས་དང་མི ་ རི ག ས་རི ག ་པ། ཁྲི མ ས་ལུགས་དང་ཆོ ས ་ལུགས། མཛེ ས ་རྩལ་ལོ ་ རྒྱུས་དང་ཕོ ་ མོ འ ི་ ཞི བ ་འཇུག ཨེ ་ ཤ་ཡའི ་ གསོ ་ རི ག ་སྨན་བཅོ ས ་དང་སྐྱེ ་ དངོ ས ་གསོ ་ རི ག ་སྨན་བཅོ ས ་སོ ག ས་ནང་དོ ན ་ཕུན་སུམ་ཚོ ག ས་ པ་དང་དུས་ཚོ ད ་བཀོ ད ་སྒྲི ག ་ལེ ག ས་པ་བཅས་ཡར་

རྒྱས་མངོ ན ་གསལ་དོ ད ་པོ ་ བྱུང་འདུག བོ ད ་རི ག ་པ་ཞི བ ་འཇུག་གི ་ ལྟ་སྟངས་ཀྱི ་ ཐོ ག ་ ནས་བལྟས་པ་ཡི ན ་ན་ཆེ ས ་མངོ ན ་པར་འཕགས་ པ་ནི ་ ཡོ ང ས་རྫོ ག ས་བོ ད ་སྐད་ཐོ ག ་ནས་བྱས་པའི ་ ཚོ ་ ཆུང་བགྲོ ་ གླེ ང ་ཁག་ཡི ན ་ཞི ང ་། ཚོ ་ ཆུང་བགྲོ ་ གླེ ང ་འདི ་ དག་གི ས ་ལག་ལེ ན ་དང་གཞུང་ལུགས་ ཞི བ ་འཇུག་ཐད་ཀྱི ་ གནད་དོ ན ་ཐོ ག ་ཏུ་བློ ་ རྩེ ་ གཏད་ཡོ ད ་ལ། འདི ་ དག་གི ་ ནང་དུ་བོ ན ་གྱི ་ གསོ ་ རི ག ་ཐོ ག ་ཏུ་བློ ་ རྩེ ་ གཏད་པའི ་ ཚོ ་ ཆུང་ཆེ ན ་པོ ་ ཞི ག ་དང་། བོ ད ་ཀྱི ་ འདུ་ཤེ ས ་ལྟར་དུ་ཆོ ས ་ལུགས་ ཆོ ་ གའི ་ བཅོ ས ་ཐབས་དང་གཞུང་ལུགས་ལག་ ལེ ན ་བར་གྱི ་ འབྲེ ལ ་བའི ་ ཐོ ག ་བློ ་ རྩེ ་ གཏད་ཡོ ད ་ པའི ་ ཚོ ་ ཆུང་གཉི ས ་ཚུད་ཡོ ད ། བོ ད ་རི ག ་པ་ཞི བ ་ འཇུག་གི ་ ལྟ་ཚུལ་དེ ་ རྒྱུན་རི ང ་གི ་ ལག་ལེ ན ་དང་ གསོ ་ རི ག ་སྣེ ་ མང་ཅན། དེ ་ བཞི ན ་སྤྱི ་ པའི ་ འཕྲོ ད ་ བསྟེ ན ་སོ ག ས་བརྗོ ད ་གཞི ་ དང་འབྲེ ལ ་བའི ་ ཚོ ་ ཆུང་ བགྲོ ་ གླེ ང ་གི ་ ནང་དུ་ལྷག་པར་ཤུགས་རྐྱེ ན ་ཆེ ་ ལ། ཡང་མཁས་དབང་སྐོ ར ་ཞི ག ་གི ས ་རྒྱའི ་ རི ག ་གནས་ དང་དཔལ་ཡོ ན ་གྱི ་ ལྡོ ག ་ཕྱོ ག ས་ཀྱི ་ སྣེ ་ གཉི ས ་སུ་ ཡོ ད ་པའི ་ ཨ་མདོ ་ དང་ཁོ ་ རེ ་ ཡའི ་ གསོ ་ རི ག ་གཉི ས ་ བར་གཤི བ ་བསྡུར་བགྲོ ་ གླེ ང ་གནང་ཡོ ད ། ཚོ ་ ཆུང་བགྲོ ་ གླེ ང ་ཞི ག ་ཨེ ་ཤ་ཡའི ་ ཡུལ་གྲུ་སོ ་ སོ འ ི་

གསོ ་ རི ག ་དང་སྨན་བཅོ ས ་ནང་གི ་ བུད་མེ ད ་དང་ ཕོ ་ མོ འ ི་ གནད་དོ ན ་སྐོ ར ་ཡི ན ་ལ། འདི འ ི ་ ནང་ དུ་བོ ད ་ཀྱི ་ བུད་མེ ད ་ཉམས་ལེ ན ་པའི ་ བྱས་རྗེ ས ་ དང་བོ ད ་ཀྱི ་ བུད་མེ ད ་ཀྱི ་ འཕྲོ ད ་དང་འབྲེ ལ ་བའི ་ བརྗོ ད ་གཞི ་ བཅས་ཚུད་ཡོ ད ། བསྟན་གཉི ས ་དགུ་ སློ བ ་དང་ངེ ད ་གཉི ས ་ཀྱི ས ་བོ ད ་དང་ཧི ་ མ་ལ་ཡའི ་ སྨན་རྩྭ་གཅེ ས ་སྲུང་དང་གཉོ ར ་སྐྱོ ང ་། སྨན་རྩྭ་ཚོ ང ་ལས་ཅན་དུ་བསྒྱུར་བ་བཅས་ཀྱི ་ བརྗོ ད ་གཞི ་ ཁག་གི ་ ཐོ ག ་ཚོ ་ ཆུང་བགྲོ ་ གླེ ང ་ཆེ ན ་པོ ་ ཞི ག ་བསྡུ་སྐོ ང ་བྱས་པ་ཡི ན ་ལ། བརྗོ ད ་གཞི ་ འདི ་ དག་ནི ་ བོ ད ་སྨན་ཉམས་ལེ ན ་པ་དང་ཐོ ན ་སྐྱེ ད ་ པ། མི ་ རི ག ས་རི ག ་པ་དང་ཁྲི མ ས་ལུགས་རི ག ་པ། སྤྱི ་ ཚོ ག ས་ཁེ ་ ལས་བཅས་ཀྱི ་ ལྟ་ཚུལ་ལས་ཕྱོ ག ས་ བསྡུས་བྱས་པ་ཞི ག ་ཡི ན ། རྒྱལ་ཁབ་འདྲ་མི ན ་ནང་(གཙོ ་ བོ ་ བལ་ཡུལ་ དང་ཀྲུང་གོ འ ི་ བོ ད ་ཁུལ)གི ་ བོ ད ་ཀྱི ་ གསོ ་ རི ག ་ ཉམས་ལེ ན ་པ་ཚོ ་ དང་ལྷན་དུ་ལོ ་ ངོ ་ བཅུ་ལྷག་ གི ་ རི ང ་མཉམ་འབྲེ ལ ་བྱས་མྱོ ང ་མཁན་ཞི ག ་ལ་ མཚོ ན ་ན། ད་ལྟའི ་ དུས་ཀྱི ་ བོ ད ་ཀྱི ་ གསོ ་ རི ག ་གི ་ འགྱུར་འགྲོ ས ་ལ་གཞི ག ས་ཚེ ་ ད་ཐེ ང ས་ཀྱི ་ ཚོ ག ས་ འདུ་འདི ་ དམི ག ས་བསལ་དུ་གལ་ཆེ ་ བ་ཡི ན ། དེ ང ་སང་བོ ད ་ཀྱི ་ གསོ ་ རི ག ་གི ས ་རྣམ་པ་སྣ་ཚོ ག ས་

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

19


IASTAMཡི་ཚོགས་ཞུགས་མི་སྣ་རྣམས་ནི་ཨེ་ཤེ་ཡ་དང་ འཛམ་གླིང་གི་ཡུལ་གྲུ་སོ་སའི་གསོ་རིག་སྲོལ་རྒྱུན་འདྲ་ མིན་ནས་སླེབས་པ་ཡིན། © མེན་རཱ་དི་ཧོ་ཧྥེར།

ཤི ང ་མཚམས་ལ་ལར་ནང་འགལ་ཡི ན ་པའི ་ གནད་ དོ ན ་མཚོ ན ་གྱི ་ ཡོ ད ་ལ། བོ ད ་ཀྱི ་ གསོ ་ རི ག ་དེ ས ་ བོ ད ་མི ་ མ་ཡི ན ་པའི ་ འཛད་སྤྱོ ད ་པ་འགུག་ཆེ ད ་ ཉི ན ་གཅི ག ་བོ ད ་སྨན་དེ ་ ངེ ས ་པར་དུ་རྒྱལ་སྤྱི འ ི ་ སྐྱེ ་ དངོ ས ་གསོ ་ རི ག ་གི ་ ཚད་གཞི འ ི ་ ཐོ ག ་ནས་ ནུས་ལྡན་དང་བདེ ་ འཇགས་ཡི ན ་པ་ར་སྤྲོ ད ་བྱེ ད ་ དགོ ས ། གསོ ་ བ་རི ག ་པས་རང་ཉི ད ་རི ག ་གནས་ ཀྱི ་ ཐོ ག ་ནས་ཁུངས་ལྡན་ཡི ན ་པ་དང་མཚམས་ལ་ ལར་བོ ད ་བརྒྱུད་ནང་བསྟན་དང་ཐད་ཀར་འབྲེ ལ ་ བ་ཡོ ད ་པ་ར་སྤྲོ ད ་བྱེ ད ་པ་དང་ཆབས་ཅི ག ཡང་ སྐབས་ལ་ལར་དེ ས ་རང་ཉི ད ་ཀྱི ་ འབྱུང་ཁུངས་ དང་སྐྱེ ་ དངོ ས ་གསོ ་ རི ག ་ ནས་དར་བའི ་ ཚན་རི ག ་ གཞུང་ལུགས་ནང་ཁུལ་ གྱི ་ གསར་གཏོ ད ་ཡི ན ་ པ་ར་སྤྲོ ད ་བྱེ ད ་དགོ ས ། བོ ད ་ཀྱི ་ གསོ ་ རི ག ་ལ་བོ ད ་ ཀྱི ་ སྤྱི ་ ཚོ ག ས་སྤྱི ་ དང་། མཚམས་ལ་ལར་འཕྲོ ད ་ བསྟེ ན ་བདེ ་ སྲུང་གི ས ་མི ་ འདང་ལ་སྐྱེ ་ དངོ ས ་སྨན་ བཅོ ས ་ཀྱང་མེ ད ་པའི ་ མི ་ སྡེ འ ི ་ ནད་ན་ཚ་བཅོ ས ་པའི ་ ནུས་པའང་ངེ ས ་པར་ དུ་ཡོ ད ་དགོ ས ། དེ ་ ལྟ་ནའང་། གསོ ་ རི ག ་སྨན་ བཅོ ས ་འདི ་ དག་གི ས ་འཕྲོ ད ་བསྟེ ན ་དང་བདེ ་ ཐང་ སྲུང་སྐྱོ བ ་ཐད་གདམ་ཀ་ཡོ ད ་པའི ་ བོ ད ་མི ་ མ་ཡི ན ་ པའི ་ སྤྱི ་ ཚོ ག ས་ཁྲོ ད ་དུ་ཁྲོ མ ་ར་ཇེ ་ ཆེ ་ ནས་ཇེ ་ ཆ་

ཟི ན ་གྱི ་ ཡོ ད ། བོ ད ་ཀྱི ་ གསོ ་ རི ག ་ཁྲི ད ་སྤེ ལ ་དང་ ལག་ལེ ན ་བྱེ ད ་མཁན་ཚོ ས ་སྦྱོ ང ་ཐབས་གསར་པ་ དང་རྒྱལ་ཁབ་ཀྱི ས ་གཏན་འབེ བ ས་བྱས་པའི ་ ཆོ ག ་ མཆན་དང་དཔང་རྟགས་ལེ ན ་པ་བཅས་ལ་དོ ་ སྣང་ བྱེ ད ་དགོ ས ་པ་མ་ཟད། སྲོ ལ ་རྒྱུན་གྱི ་ ལག་ལེ ན ་ དང་ཤེ ས ་བྱའི ་ ཐབས་ལམ་བརྒྱུད་སྤེ ལ ་ཐད་འབད་ བརྩོ ན ་དང་མཚམས་ལ་ལར་གསར་གཏོ ད ་བྱེ ད ་པ་ དང་ཆབས་ཅི ག འཕྲོ ད ་བསྟེ ན ་དང་རི མ ས་ནད་ ཐད་ཀྱི ་ སྐྱེ ་ དངོ ས ་གསོ ་ རི ག ་གི ་ གོ ་ རྟོ ག ས་ལོ ན ་ པར་ཡང་དོ ་ སྣང་བྱེ ད ་དགོ ས ། རྒྱུ་མཚན་འདི ་ དང་འདྲ་བའི ་ དབང་གི ས ་བཀུར་བར་འོ ས ་པའི ་

དུ་བྱུང་བའི ་ ཚོ ་ ཆུང་འདི ་ དག་གི ་ ནང་དུ་ཞུགས་ པའི ་ མི ་ མང་བོ ་ ཞི ག ་ནི ་ ཀྲུང་གོ ་ དང་བལ་ཡུལ། རྒྱ་གར་དང་འབྲུག་ཡུལ་བཅས་ནས་ཕེ བ ས་པ་ཡི ན ་ ཞི ང ་། སྦྱི ན ་བདག་གཞན་པ་ཚོ ་ དང་འདྲ་བར་ ཀུན་ཕན་ཐེ བ ས་རྩ་ཚོ ག ས་པའི ་ གཏོ ང ་ཕོ ད ་ལྡན་ པའི ་ རྒྱབ་སྐྱོ ར ་མེ ད ་ན་བྱ་གཞག་འདི ་ འགྲུབ་ཐབས་ བྲལ་བ་ཞི ག ་ཡི ན ་པ་ཐུགས་ལ་ངེ ས ་རྒྱུ་གལ་ཆེ ། ཐི མ ་ཕུག་གི ་ ཉི ་ མ་རེ ་ རེ ་ མྱུར་ཞི ང ་ཕྱི ར ་དྲན་ གྱི ་ རི ན ་ཐང་ལྡན་པའི ་ སྒོ ་ ནས་ཕྱི ན ་སོ ང ་། ད་ དུང་ཡང་སྤ་རོ ་ གནམ་གྲུ་ཐང་དུ་འཕུར་སྐབས་ཀྱི ་ ཚོ ར ་སྣང་ཏེ ། ཆར་དུས་ཀྱི ་ ཆར་བས་བརླན་པའི ་ ལྗང་མདོ ག ་གི ་ རི ་ བོ འ ི་ ཕྲེ ང ་བ་དང་། ཧི ་ མ་ ལ་ཡའི ་ རི ་ རྒྱུད་ཀྱི ་ རི ་ འདབས་སུ་ཡོ ད ་པའི ་ འབབ་ཐང་དུ་འབབ་ པའི ་ གློ ་ བུར་བའི ་ དཀྱོ ག ་ལམ་བཅས་ བདག་གི ་ སེ མ ས་སུ་ཝ་ ལེ ར ་བཀྲ། གནམ་ གྲུ་དང་གྲོ ས ་ཚོ ག ས་ ཁང་ནང་གི ་ སྐད་ རི ག ས་འདྲ་མི ན ་ཐོ ག ་བཤད་པའི ་ འུར་ཅོ ར ་ཡང་ བདག་གི ་ རྣ་བར་ད་དུང་ཡང་གྲག་བཞི ན ་གདའ། དངོ ས ་གཞི འ ི ་ ཚོ ་ ཆུང་བགྲོ ་ གླེ ང ་དང་གྲོ ས ་བསྡུར་ གྱི ་ སྐབས་དང་། ཚོ ག ས་ཞུགས་མཁན་ཚོ ་ རྒྱལ་ ཡོ ང ས་དོ ་ དམ་གླི ང ་གི ་ ཡི ད ་དུ་འོ ང ་བའི ་ ར་སྐོ ར ་

 གསོ་བ་རིག་པས་རང་ཉིད་རིག་གནས་ཀྱི་ཐོག་ནས་ཁུངས་ལྡན་ ཡི ན ་པ་དང་མཚམས་ལ་ལར་བོ ད ་བརྒྱུད་ནང་བསྟན་དང་ཐད་ ཀར་འབྲེ ལ ་བ་ཡོ ད ་པ་ར་སྤྲོ ད ་བྱེ ད ་པ་དང་ཆབས་ཅི ག ཡང་ སྐབས་ལ་ལར་དེ ས ་རང་ཉི ད ་ཀྱི ་ འབྱུང་ཁུངས་དང་སྐྱེ ་ དངོ ས ་ གསོ ་ རི ག ་ནས་དར་བའི ་ ཚན་རི ག ་གཞུང་ལུགས་ནང་ཁུལ་གྱི ་ གསར་གཏོ ད ་ཡི ན ་པ་ར་སྤྲོ ད ་བྱེ ད ་དགོ ས །

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

སྡེ ་ ཁག་འདྲ་མི ན ་ནས་ཕེ བ ས་པའི ་ གསོ ་ བ་རི ག ་པ་ ཉམས་ལེ ན ་པ་ཚོ ་ ལྷན་ཅི ག ་ཏུ་འདུས་ཏེ ། གཅི ག ་ གི ས ་གཅི ག ་ནས་སྦྱོ ང ་བ་དང་ཁོ ང ་ཚོ འ ི ་ ཕྱག་ལས་ ཐད་གླེ ང ་མོ ལ ་བྱེ ད ་པའི ་ སྐལ་བ་ལྡན་པ་ནི ་ དངོ ས ་ གནས་རི ན ་ཐང་བྲལ་བའི ་ བྱ་བ་ཞི ག ་རེ ད ། ཕུལ་


གྱི ་ ནང་དུ་ཨེ ་ མ་དར་ཚི ལ ་དང་མངར་ཇ་ལ་རོ ལ ་ བཞི ན ་པའི ་ སྐབས་སུ། བོ ད ་སྐད་དང་རྒྱ་སྐད། བལ་སྐད་དང་ཧི ན ་སྐད། དེ ་ བཞི ན ་དབྱི ན ་སྐད་ བཅས་ཀྱི ་ ནང་དུའམ་ཡང་ན་སྐད་འདི ་ དག་མཉམ་ བསྲེ ས ་ཀྱི ་ སྒོ ་ ནས་གལ་ཆེ ་ བའི ་ འབྲེ ལ ་ལམ་མང་ བོ ་ བཙུགས་པ་རེ ད ་ལ་རི ན ་ཐང་བྲལ་བའི ་ གནས་ ཚུལ་མང་བོ ་ ཡང་བརྗེ ་ རེ ས ་བྱས་པ་རེ ད ། བདག་ལ་མཚོ ན ་ན་འགྲུལ་བཞུད་དེ འ ི ་ སྐབས་ ཀྱི ་ དོ ན ་དག་གལ་ཆེ ན ་གཞན་ཞི ག ་ནི ། བདག་ དང་གྲོ ག ས་པོ ་ སྐོ ར ་ཞི ག ་གི ས ་ཚོ ་ ཆུང་བགྲོ ་ གླེ ང ་གི ་ འགོ ་ མ་བཙུགས་གོ ང ་གི ་ ཉི ན ་དེ ར ་རྐང་འགྲུལ་ཐུང་ ཐུང་ཞི ག ་བྱས་པ་དེ ་ ཡི ན ། དེ ་ ཡང་ང་ཚོ ་ མཚན་ སྙན་གྲགས་ལྡན་ཞི ང ་བྲག་སྐྱི བ ས་སུ་བཞེ ང ས་ པའི ་ སྟག་ཚང་དགོ ན ་པར་རྐང་ཐང་དུ་སོ ང ་བ་ ཡི ན ། སྟག་ཚང་དགོ ན ་པ་ནི ་ སྤ་རོ འ ི་ གོ ང ་དུ་ ཡོ ད ་ཅི ང ་སྤྱི ་ ལོ འ ི་ དུས་རབས་༨པར་གུ་རུ་རི ན ་པོ ་ ཆེ ས ་ས་འདི ་ རུ་སྟག་མོ འ ི་ སྒལ་བར་ཞོ ན ་ཏེ ་ འཕུར་ བའི ་ རྐྱེ ན ་གྱི ས ་མཚན་སྙན་རྒྱས་པར་གྲགས། ཕྱི ་ དྲོ ་ དེ འ ི ་ གནས་མཇལ་པའི ་ གྲས་སུ་བལ་ཡུལ་སྨོ ན ་ ཐང་ནས་ཡི ན ་པའི ་ བདག་གི ་ ལོ ་ མང་གི ་ སྨན་པ་ གྲོ ག ས་པོ ་ དང་ཀྲུང་གོ འ ི་ ནང་གི ་ ཆེ ས ་ཆེ ་ བའི ་ བོ ད ་ ཀྱི ་ གསོ ་ རི ག ་གི ་ སྡེ ་ ཁག་གི ་ འགན་འཛི ན ་གཞོ ན ་ པ། ད་དུང་དེ ་ མི ན ་གྱི ་ མཁས་དབང་དང་གྲོ ག ས་ པོ ་ མང་བོ ་ ཞི ག ་འདུས་ཡོ ད ། ང་ཚོ ་ དགོ ན ་པའི ་ ཕྱོ ག ས་སུ་འཛེ ག ས་པའི ་ ལམ་བར་ནས་ཐུག་པའི ་ སྨན་རྩྭ་དང་འབྲུག་ཡུལ་གྱི ་ ནགས་ཚལ་སྟུག་པོ འ ི་ སྐོ ར ། གསོ ་ རི ག ་ལག་ལེ ན ་སྐབས་ཀྱི ་ ཉམས་མྱོ ང ་ ལོ ་ རྒྱུས་གཤི བ ་བསྡུར་དང་མ་འོ ང ས་མཉམ་འབྲེ ལ ་ ཐོ ག ་དོ ན ་དངོ ས ་གྲོ ས ་བསྡུར་བྱེ ད ་པ་བཅས་ཀྱི ་ གླེ ང ་ མོ ལ ་སྣ་ཚོ ག ས་ཐོ ས ་དུས་བདག་གི ་ སེ མ ས་པ་སྤྲོ ་ བས་ཁེ ང ས། ང་ཚོ ་ དགོ ན ་པའི ་ ནང་དུ་སླེ བ ས་ དུས་ས་བབ་མཐོ ་ བའི ་ ཉི ་ མས་འཇི ག ས་རུང་གི ་ སྤྲི ན ་པར་ལམ་བུ་ཕྱེ ས ་འདུག་ལ། དེ ་ ནས་མི ་ འགྱངས་པར་ཆར་བ་བབས་བྱུང་། ང་ཚོ ་ ལྷ་ཁང་ འདྲ་མི ན ་གྱི ་ ནང་དུ་འཚང་ཁ་བརྒྱབ་སྟེ ་ཤག་སྒྲ་ ལྡན་པའི ་ ཆར་ཞོ ད ་ཀྱི ་ འོ ག ་ཏུ་ལ་ལུང་ཡུལ་གྲུ་སྣ་ ཚོ ག ས་ཀྱི ་ གུས་ཕྱག་དང་ཁ་བཏགས་ཕུལ། ང་ཚོ ་ རི ་ ནས་ཕྱི ར ་འབབ་གྲབས་བྱེ ད ་དུས་ས་དམར་གྱི ་ རྐང་ལམ་དེ ་ཤུད་སླ་བའི ་ འདམ་བག་གི ས ་གཡོ ག ས་ འདུག་ཅི ང ་། དེ ་ ལྟར་ང་ཚོ ་ རི ་ ལས་འབབ་དུས་ གཅི ག ་གི ་ ལག་པར་གཅི ག ་གི ས ་འཐམས་ཏེ ་ ཕན་ ཚུན་ལ་རམ་འདེ ག ས་བྱེ ད ་བཞི ན ་ཡོ ང ་དགོ ས ་ བྱུང་། དེ ་ ལྟ་ནའང་བདག་གི ས ་ཆེ ས ་མངོ ན ་པར་ འཕགས་པའི ་ གནས་ཚུལ་ཞི ག ་མཐོ ང ་བྱུང་བ་ ནི ། ཚོ ག ས་ཞུགས་པ་ཡོ ང ས་ཀྱི ་ ལྷག་བསམ་རྣམ་ དག་ངང་འབྲེ ལ ་འདྲི ས ་བྱེ ད ་པའི ་ འདུན་པ་དང་། ཉམས་མྱོ ང ་དང་རི ག ་གནས་མི ་ འདྲ་བའི ་ བར་ཐག་

ཉེ ་ རུ་གཏོ ང ་བའི ་ འདུན་པ། ཨེ ་ཤ་ཡའི ་ ཡུལ་གྲུ་ སོ ་ སོ འ ི་ སྨན་བཅོ ས ་ལག་ལེ ན ་སྣ་ཚོ ག ས་ཀྱི ་ སྐོ ར ་ རམ། ཡང་ན་བོ ད ་ཀྱི ་ གསོ ་ བ་རི ག ་པ་ལ་མཚོ ན ་ ན་ཧི ་ མ་ལ་ཡའི ་ རྒྱབ་མདུན་གྱི ་ གསོ ་ རི ག ་ལག་ ལེ ན ་འདྲ་མི ན ་གྱི ་ སྐོ ར ་མང་ནས་མང་དུ་ཤེ ས ་པའི ་ འདུན་པ་བཅས་སོ ། ། དགོ ང ་མོ ་ ཞི ག ་ལ་ཚོ ག ས་ འདུར་ཞུགས་པའི ་ བོ ད ་ཀྱི ་ ཨེ མ ་རྗེ ་ དང་སྨན་པ་ (བོ ད ་ཀྱི ་ གསོ ་ རི ག ་ཉམས་ལེ ན ་པ)མང་ཤོ ས ་ལྷན་ ཅི ག ་ཏུ་དགོ ང ་ཚི ག ས་མཆོ ད ་པར་འཛོ མ ས་ནས་ རང་རང་སོ ་ སོ འ ི་ གཏམ་རྒྱུད་དང་གནས་ཚུལ་བརྗེ ་ རེ ས ་བྱས། དེ འ ི ་ ཕྱི ་ ཉི ན ་དཔེ ་ དེ བ ་འགྲེ མ ས་སྟོ ན ་ གྱི ་ སྐབས་སུ་བདག་བོ ད ་ཀྱི ་ སྨན་པ་ཞི ག ་ལ་ཐུག

མི ་ འདི ས ་ཁོ ང ་གི ་ ཚེ ་ སྟོ ད ་ཀྱི ་ མདུན་ལམ་ལྷ་ས་ ནས་བཏང་བ་ཡི ན ་ལ་ད་ལྟ་རྒྱ་གར་གྱི ་ ནང་དུ་སྨན་ པ་རྩ་ཆེ ན ་ཞི ག ་ཏུ་གྱུར་ཡོ ད ། ཁོ ང ་གི ས ་བདག་ ལ་སྔ་ཉི ན ་དགོ ང ་མོ འ ི་ སྐོ ར ་དགོ ད ་སྒྲ་གྱི ་ ལེ ར ་ བཤད། བདག་གི ས ་རོ ག ས་རམ་བྱས་ཏེ ་ གདན་ འདྲེ ན ་བྱས་པའི ་ ཀྲུང་གོ ་ ནས་ཕེ བ ས་པའི ་ བོ ད ་ཀྱི ་ ན་གཞོ ན ་སྨན་པ་ཞི ག ་ཡོ ད ་པ་དེ ་ ཁོ ང ་ལྷ་སར་ཡོ ད ་ སྐབས་ཀྱི ་ གྲོ ག ས་པོ ་ ཞི ག ་གི ་ བུ་རེ ད ་འདུག ཁོ ང ་ གི ས ་དབུས་སྐད་ཀྱི ་ ལམ་གསུང་རྒྱུར། “འདི ་ ནི ་ ལས་འབྲེ ལ ་རེ ད །” བདག་གི ས ་ཀྱང་དངོ ས ་གནས་ དེ ་ ལྟར་འདོ ད །

IASTAMཡི་ཐེངས་རྗེས་མའི་ལྷན་ཚོགས་དེ་༢༠༡༣ལོའ་ི སྟོན་ཁར་ཁོ་རེ་ཡ་ ལྷོ་མའི་རྒྱལ་ས་སཱོལ་གྲོང་ཁྱེར་དུ་ཚོགས་རྒྱུ་བྱས་ཡོད། སིའན་ནཱ་ཁི་རེག་ནི་དར་སྨོན་མཐོ་སློབ་ཀྱི་མི་རིགས་རིག་པའི་སློབ་དཔོན་ཞིག་ཡིན་ལ”འབྲོག་པ”ཞེས་པའི་ཚོགས་པ་ (www.drokpa.org)འཛུགས་མཁན་གྱི་གྲས་ཤིག་ཡིན། ཁོ་མོ་ནི<<གློག་དམར་འདྲ་བའི་རྟ་མཆོག རི་བོ་ཧི་མ་ལ་ ཡའི་ཁྲོད་དུ་འགྲུལ་བཞུད་བྱས་པའི་སྒྲུང>>(ཤེས་རབ་དཔེ་སྐྲུན་ཁང་། ༢༠༠༨)ཞེས་པ་དང་། <<གནམ་སྔོན་པོ་དང་ ས་དམར་པོ། ཧི་མ་ལ་ཡའི་སྒྲུང་ཞིག>>(མེ་རཱ་དཔེ་སྐྲུན་ཁང་། ༢༠༠༤)ཅེས་པའི་དཔེ་དེབ་གཉིས་ཀྱི་རྩོམ་པ་བོ་ཡིན་ལ། ཝིན་ཁན་ཨ་ཌམས་དང་མོ་ནཱ་ཤེ་རམ་ཧྥི་གཉིས་དང་ལྷན་དུ་ཁོང་གིས<<ཆོས་ལུགས་དང་ཚན་རིག་བར་གྱི་གསོ་རིག བོད་ཀྱི་ལྟ་བར་མྱུལ་ཞིབ>>(བྷེར་ཧན་དཔེ་ཁང་། ༢༠༡༠ལོར་ཐོན་རྒྱུ་རེད)ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད། ཚོ ག ས་འདུའི ་ དྲ་ཚི ག ས་ཀྱི ་ ཐོ ག ་ཏུ་སྙན་ཐོ ་ དང་འདྲ་པར། ཆེ ད ་རྩོ མ ་སོ ག ས་ཡོ ད ་པས་སྐུ་ ཉི ད ་དྲ་ཚི ག ས་འདི ར ་ཕེ བ ས་རོ ག ས། http://www.iastam.org/conferences_ VII.htm IASTAMཡི ་ བྱེ ད ་སྒོ འ ི་ སྐོ ར ་གྱི ་ གནས་ཚུལ་དེ ་ ལས་མང་བོ ་ དགོ ས ་ཚེ ་ དྲ་ཚི ག ས་ འདི ར ་ཕེ བ ས་རོ ག ས། http://www.iastam.org/home.htm

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

21


ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


བོད་ཀྱི་གསོ་རིག་བསྐྱར་དར།

སྤྱི་ལོ་༢༠༠༩ལོར་ཡོ་རོབ་མཐུན་ཚོགས་ཀྱི་མཉམ་ འབྲེལ་ཞིབ་འཇུག་ལྟེ་གནས་དང་འཛམ་གླིང་དངུལ་ ཁང་གཉིས་ཀྱིས་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་ བ་ལྟར་ན། སའི་གོ་ལའི་སྐམ་ས་ཆེན་པོའ་ི ས་ཁོངས་ ཀྱི་བརྒྱ་ཆའི་༡༠ལ་མ་ཟིན་ཙམ་ཁོ་ན། མི་འབོར་ ༥༠༠༠༠དང་ཡང་ན་དེའི་ཡན་ལྡན་པའི་གྲོང་ཁྱེར་དང་ རྒྱང་ཐག་ཉིན་གཉིས་ལས་རིང་བའི་སར་ཡོད། སའི་ གོ་ལའི་མི་འབོར་འཕེལ་མགྱོགས་པ་ཙམ་མ་ཡིན་ པར། འདས་པའི་དུས་རབས་གཅིག་དང་ཕྱེད་ཀའི་ རིང་གི་རྨང་གཞིའི་སྒྲིག་ཆས་དང་འཕྲུལ་རིག་ལག་རྩལ་ གྱི་འཕེལ་རྒྱས་ཀྱང་ཧ་ཅང་མགྱོགས་པའི་དབང་གིས། སྔོན་ཆད་ས་གཞིའི་སྟེང་གི་ཆེས་མཐའ་འཁོབ་ཏུ་ལུས་ པའི་ས་ཆ་ཁག་ཀྱང་དེང་སང་སུ་ཞིག་གི་ལྟག་རྒྱབ་ར་ སྐོར་དུ་གྱུར་ཡོད། འཛམ་གླིང་སྟེང་གི་ཆེས་མཐའ་འཁོབ་ཡུལ་གྱི་གྲས་ ཏེ། བོད་ཡུལ་མཐོ་སྒང་ལ་སུས་ཀྱང་འགྲན་ཟླ་བྲལ་བ་ ཡིན། ཞིབ་འཇུག་བྱས་པ་ལྟར་ན་བོད་ཡུལ་མཐོ་སྒང་ གི་བྱང་ཕྱོགས་ནས་ས་སྣེར་འབུད་པར་ཟླ་བ་གཅིག་ལྷག་ དགོས་ཤིང་། ས་ཁོངས་འདིའི་ཆ་ཤས་འགའ་རེ་བོད་ རང་སྐྱོང་ལྗོངས་ཀྱི་ནུབ་བྱང་དུ་ཡོད་པའི་ནག་ཆ་ས་ ཁུལ་གྱི་ནང་དུ་ཡོད་ཅིང་། ས་ཁུལ་དེའི་ཤར་མཐའི་ ས་ཁུལ་ན་ཡོད་པའི་སོག་རྫོང་ནི་བྱང་མཐའི་རྫོང་ཁག་ རྣམས་དང་བསྡུར་ན་འགྲིམ་འགྲུལ་ཅུང་སྟབས་བདེ་མོད། འོན་ཀྱང་། རྫོང་འདི་སའི་གོ་ལའི་སྟེང་གི་ཆེས་ཁེར་ རྐྱང་དུ་ལུས་པའི་ས་ཆའི་གྲས་ཤིག་ཡིན། རྫོང་འདིའི་བྱང་ཤར་མཚམས་སུ་ཡོད་པའི་རོང་པོ་ གྲོང་རྡལ་ཡང་གནས་སྟངས་འདི་ལས་མ་འདས། མཚོ་ འཕགས་༣༧༠༠(ཡང་ན་དབྱིན་ལེ་༢་༣སྟེ། བཙན་རྒྱལ་ ཐོག་ཁང་གི་མཐོ་ཚད་ཀྱི་ལྡན་བཅུ་ཡས་མས)ཡི་ས་རུ་ ཡོད་པའི་གྲོང་རྡལ་འདི་ལྷ་ས་དང་ཆབ་མདོ་གཉིས་བར་ གྱི་གཞུང་ལམ་གཙོ་བོའ་ི སྟེང་དུ་ཡོད་མོད། འོན་ཀྱང་། ས་འདི་ནས་བཟུང་ལམ་ཇེ་རྩུབ་ཇེ་རྩུབ་ཡིན། གྲོང་ རྡལ་འདིའི་ཁ་ཐོར་དུ་གནས་ཡོད་པའི་གྲོང་གསེབ་ཀྱི་ ནང་ནས་རྒྱང་ཐག་ཆེས་ཉེ་ཤོས་ཀྱི་ནང་དུ་འགྲོ་ནའང་རྟ་

ཐོག་ཏུ་ཉིན་གཉིས་ལ་འགྲོ་དགོས། དེ་ལས་ཀྱང་མཐའ་འཁོབ་ཏུ་གནས་ཡོད་པའི་གྲོང་ རྡལ་ནི་རྫོང་དེའི་ཤར་ལྷོའ་ི མཚམས་སུ་ཡོད་པའི་ཁྲི་མདོ་ གྲོང་རྡལ་ཡིན། རྒྱལ་མོ་རྔུལ་ཆུའི་ཁུགས་སོ་རུ་ཡོད་ པའི་ཁྲི་མདོ་ལ་གཞུང་ལམ་མེད་ཅིང་དཔྱིད་ཀའི་ཟླ་བ་ ཉུང་ཤས་ཤིག་གི་ནང་མ་གཏོགས་ས་འདིར་འགྲོ་མི་ཐུབ། རྫོང་ཐོག་གི་སློབ་གྲྭ་དང་རྒྱང་ཐག་རིང་བའི་རྐྱེན་གྱིས་ས་ འདིར་སློབ་ཆུང་ལོ་རིམ་དྲུག་པ་མཐར་ཕྱིན་པའི་ཡུལ་མི་ ཉུང་ཉུང་ཡིན། རོང་པོ་དང་ཁྲི་མདོ་གཉིས་ཀ་ཁེར་རྐྱང་ དུ་ལུས་ཡོད་པའི་རྐྱེན་གྱིས་དཔལ་འབྱོར་ཐོག་ནས་རྗེས་ ལུས་ཡིན་ཞིང་། ཡུལ་མི་མང་ཆེ་བའི་ཡོང་སྒོ་འཛམ་ གླིང་དངུལ་ཁང་གིས་གཏན་འཁེལ་བྱས་པའི་ཉིན་རེར་ ཨ་སྒོར་༡་༢༥ཡི་དབུལ་ཕོངས་ཀྱི་ཚད་ཐིག་ལས་བརྒལ་ ཐུབ་ཀྱི་མེད། དེ་ལྟ་ནའང་། འཛམ་གླིང་སྟེང་དུ་ཆེས་མཐའ་ འཁོབ་ཀྱི་གྲུ་ཁ་འདི་རུ་འཛམ་གླིང་སྟེང་གི་ཆེས་རླབས་ ཆེ་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲས་སུ་བགྲངས་པའི་ བོད་ཀྱི་གསོ་བ་རིག་པ་བསྐྱར་དར་གྱི་ས་བོན་བཏབ་ཡོད། བོད་ཡུལ་མཐོ་སྒང་དུ་གསོ་རིག་གི་ལོ་རྒྱུས་ལོ་ངོ་སྟོང་ ཕྲག་མང་བོའ་ི རིང་དུ་བསྲིངས་ཡོད་མོད། འོན་ཀྱང་། ང་ཚོས་དེང་སང་བོད་ཀྱི་གསོ་རིག་ཅེས་ལག་ཉེན་བྱེད་ བཞིན་པ་འདི་བོད་ཀྱི་བཙན་པོའ་ི དུས་རབས་སུ་(སྤྱི་ ལོའ་ི དུས་རབས་༧ནས་༩བར)གཅིག་སྡུད་བྱས་པ་ཡིན། དུས་རབས་བདུན་པའི་དུས་མགོར་བོད་རྒྱལ་སྲོང་ བཙན་སྒམ་པོས་བོད་ཀྱི་ལྷོ་རྒྱུད་ཀྱི་ཡར་ཀླུང་རྒྱལ་ཕྲན་ གྱི་དམག་སྣ་དྲངས་ཏེ་ཁྱིམ་མཚེས་རྒྱལ་ཕྲན་ཁག་ལས་ རྣམ་པར་རྒྱལ་ནས་བོད་ཡུལ་མཐོ་སྒང་མང་ཆེ་བ་སྟོབས་ ཀྱིས་དབང་དུ་བསྒྱུར། དེ་ནས་ཁོང་གིས་ཁྱིམ་མཚེས་མི་ རིགས་ས་ཁུལ་དབང་དུ་བསྡུ་བའི་ལས་ལ་གཞོལ་ཞིང་། ལས་ཀྱི་བྱ་བ་འདི་སྤྱི་ལོའ ་ི དུས་རབས་དགུ་བར་ཡར་ ཀླུང་རྒྱལ་རབས་འཇིག་པའི་བར་དུ་ཁོང་གི་རྗེས་རབས་ པ་རྣམས་ཀྱིས་མཇུག་བསྐྱངས། བཙན་པོ་བོད་ཀྱི་རྒྱལ་ ཁབ་རྒྱ་བསྐྱེད་པ་དང་ལྷན་དུ། བོད་ཀྱི་དཔའ་སྟོབས་ ཟིལ་ཤུགས་ཆེ་བའི་དམག་དཔུང་དེ་དེང་གི་རྒྱ་གར་དང་ ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

23


རྒྱ་ནག པཱ་ཀིས་སི་ཐན་སོགས་ཁྱིམ་མཚེས་མངའ་ཁོངས་ ཁག་གི་གྲ་རྒྱས་ཤིང་སྔོན་ཆད་མཐོང་ཐོས་མ་མྱོང་བའི་ རིག་གནས་ཀྱི་ཤུགས་རྐྱེན་དང་གདོང་ཐུག་བྱུང་བ་རེད། གནས་ཚུལ་འདི་དག་ཕྱིར་ལྷ་སར་སྙན་གསེང་ཕུལ་དུས། སྲོང་བཙན་སྒམ་པོས་རང་ཉིད་ཀྱི་བཙན་པོའ་ི རྒྱལ་ཁབ་ འཛིན་སྐྱོང་ཐད་ཕན་ཐོགས་སྲིད་པའི་བསམ་བློ་དང་ ལག་རྩལ་འདི་དག་ཐད་ལ་དོ་སྣང་ཆེན་པོ་སྣང་། དུས་སྐབས་འདིའི་རིང་དུ་རྒྱ་གར་དང་རྒྱ་ནག པིར་ ཤི་ཡ་སོགས་ནས་གསོ་རིག་མཁས་དབང་རྣམས་བོད་ རྒྱལ་སྲོང་བཙན་སྒམ་པོའ་ི ཕོ་བྲང་དུ་གདན་འདྲེན་ཞུས། དེའི་རྗེས་ཀྱི་ལོ་རབས་རྣམས་ཀྱི་ནང་དུ་ཕྱི་རྒྱལ་གསོ་ རིག་མཁས་དབང་ཚོའི་མདུན་ནས་བོད་ཀྱི་སློབ་ཕྲུག་ བསྐྱངས་ཏེ་གསོ་རིག་གཞུང་ལུགས་རྣམས་བོད་ཡིག་ ཏུ་བསྒྱུར། སྲོང་བཙན་སྒམ་པོའ་ི ཚ་བོའ་ི ཡང་ཚ་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་རྒྱུས་ སྟེང་གི་གསོ་རིག་བཞུགས་མོལ་ཚོགས་འདུ་ཐེངས་དང་

པོ་དེ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་པོ་ བསམ་ཡས་དགོན་དུ་ཚོགས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ དང་། དེ་བཞིན་ནད་བརྟག་དང་ནད་བཅོས་ཀྱི་ལམ་ སྟོན་ཚང་མ་གསོ་རིག་རྒྱུད་བཞིའི་གླེགས་བམ་ནང་ དུ་འདུས་ཡོད། སངས་རྒྱས་ཆོས་ལུགས་པའི་ཁྲོད་དུ་ འགའ་རེས་རྒྱུད་བཞི་སངས་རྒྱས་སྨན་གྱི་ལྷའི་གསུང་ངོ་ མ་ཞིག་ཡིན་པར་འདོད་མཁན་ཡོད་ལ། མཁས་པའི་ ཁྲོད་དུ་གསོ་རིག་རྒྱུད་བཞིའི་རྩོམ་པ་བོའ་ི ཐད་ལ་རྩོད་ གླེང་ཡོད་མོད། མཁས་པ་མང་ཆེ་བས་ད་ལྟའི་གསོ་ རིག་རྒྱུད་བཞི་འདི་གཡུ་ཐོག་གསར་མ་ཡོན་ཏན་མགོན་ པོས་དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་པར་ དགོངས་པ་མཐུན། རྒྱུད་བཞིས་བོད་ཀྱི་གསོ་བ་རིག་པར་གཞུང་ལུགས་ སྟེང་གི་རྨང་གཞི་བཏིངས་ཡོད། སངས་རྒྱས་ཆོས་ ལུགས་ཀྱི་ལྟ་གྲུབ་སྟེ། ལུས་ཀྱང་ཕྱི་དངོས་པོ་ཡོངས་

རྫོགས་དང་འདྲ་བར་ནང་སེམས་ཀྱིས་བསྐྱེད་པར་སྨྲ་ བའི་ལྟ་གྲུབ་ལྟར་བོད་ཀྱི་གསོ་བ་རིག་པས་ཀྱང་ལུས་ཀྱི་ ན་ཚ་ཐམས་ཅན་སེམས་ཀྱི་བགྱི་བ་དང་། ཁྱད་པར་དུ་ འདོད་ཆགས་ཞེ་སྡང་གཏི་མུག་བཅས་དུག་གསུམ་དང་ འབྲེལ་ནས་བལྟ་བཞིན་ཡོད། བོད་ཀྱི་གསོ་རིག་ཉམས་ ལེན་པ་ཚོས་ནད་པར་འདྲི་ཞིབ་བྱེད་པ་དང་གཅིན་དང་ རྩ་ཆེན་བཅུ་གཉིས་ལ་བརྟག་དཔྱོད་བྱེད་པ་བརྒྱུད་ནད་ ངོས་འཛིན་བྱེད་ཀྱི་ཡོད། ལུས་སེམས་གཉིས་ཀྱི་འབྲེལ་ བའི་ཐོག་ཏུ་དོ་སྣང་བྱེད་པ་བརྒྱུད། བཅོས་ཐབས་ཀྱི་ ནང་དུ་སྤྱོད་ལམ་ནས་མེ་བཙའ་འཇོག་པ་དང་རྩྭ་སྨན་ སྤྲོད་པ་ཚུན་ཆད་ཚུད་ཡོད། བོད་ཀྱི་རྩྭ་སྨན་ཞིག་ལ་ མཚོན་ན་སྨན་སྡེབ་བྱེད་དུས་སྨན་སྣ་ལ་ལར་སྨན་རྩྭ་ དང་གཏེར་རིགས། དེ་བཞིན་སྲོག་ཆགས་ཀྱི་དོན་སྣོད་ སོགས་སྣ་ཁ་མི་འདྲ་བ་བཞི་ཙམ་མ་གཏོགས་མི་དགོས་ ལ། ཡང་ལ་ལར་རིགས་མི་འདྲ་བ་བརྒྱ་དང་ལྔ་བཅུ་ ལྷག་དགོས་པ་སོགས་འདྲ་མིན་ཡོད། འདི་ལྟར་སྡེབ་

 རོང་པོ་གྲོང་རྡལ་དང་ཁྲི་མདོ་གྲོང་རྡལ་གཉིས་ནས་ཕེབས་པའི་འཕྲིན་ལས་དང་ཀུན་བཟང་གཉིས་ཀྱིས་འཕྲོད་ བསྟེན་སྨན་བཅོས་སྔོན་ཆད་མེད་སར་གསར་དུ་འདྲེན་པའི་ཐབས་ཤེས་གནང་། 

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


པའི་སྨན་དེ་རིལ་བུའི་རྣམ་པར་བཟོ་བ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་དར་ཁྱབ་དང་མཉམ་ འགྲོས་སྒོས་བོད་ཀྱི་གསོ་རིག་ཤེས་བྱ་ཡང་དགེ་རྒན་ནས་ སློབ་མ་ལ་སྤེལ་བ་བརྒྱུད་ནས་དུས་རབས་མང་བོ་སོང་ ཡོད། དུས་རབས་༡༦ནང་དུ་རྒྱལ་དབང་སྐུ་ཕྲེང་ལྔ་ པའི་སྲིད་སྐྱོང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྕགས་པོ་ རིའི་སྟེང་དུ་བོད་ཀྱི་གསོ་རིག་སློབ་གྲྭ་བཙུགས་པ་དང། དེའི་རྗེས་ཀྱི་ལོ་ངོ་བཞི་བརྒྱའི་རིང་ལ་སློབ་གྲྭ་འདིས་ བོད་ཀྱི་སྐུ་དྲག་ཚོའི་སྨན་པ་གསོ་སྐྱོང་བྱས་པ་མ་ཟད་ འབྲུག་ཡུལ་བརྩིས་པའི་ཧི་མ་ལ་ཡའི་རྒྱལ་ཕྲན་མང་ བོའ་ི རྒྱལ་གཞུང་གི་སྨན་པ་གསོ་སྐྱོང་བྱས། མཐར་སྤྱི་ལོ་༡༩༡༦ལོར་རྒྱལ་དབང་སྐུ་ཕྲེང་བཅུ་ གསུམ་པའི་སྐུའི་བླ་སྨན་པ་མཁྱེན་རབ་ནོར་བུ་ལགས་ ཀྱིས་གསར་འཛུགས་གནང་བའི་སྨན་རྩིས་ཁང་གིས་ སློབ་གྲྭ་འདིའི་མཇུག་བསྐྱངས། ལྕགས་པོ་རི་ནས་ མཐར་ཕྱིན་པའི་སློབ་མ་རྣམས་ནི་གྲྭ་བཙུན་ཡིན་ལ། དུས་ཡུན་མང་ཆེ་བར་དགོན་པ་ནས་བསྡད་དེ་གྲྭ་བཙུན་ ཚོར་སྨན་བཅོས་བྱས་ཡོད་མོད། འོན་ཀྱང་། སྨན་ རྩིས་ཁང་གིས་འཇིག་རྟེན་པའི་ཐོག་ལ་བློ་རྩེ་གཙོ་བོ་ གཏད་ཅིང་འདིས་ལས་ཁུངས་འདི་རྗེས་མར་བོད་ཀྱི་ གསོ་རིག་གི་ལྟེ་གནས་ལས་ཁུངས་སུ་བསྒྱུར་བར་སྔོན་ འགྲོ་བསྒྲུབས་ཡོད། དུས་རབས་༢༠བའི་ལོ་རབས་ ༦༠བའི་སྟོད་དུ་སྨན་རྩིས་ཁང་གི་དབུ་འཛིན་ཚོས་བོད་ ཀྱི་གསོ་རིག་དེ་དེང་རབས་ཅན་དང་ཆོས་ལུགས་དང་ མ་འབྲེལ་བར་བསྒྱུར་བ་དང་། རིག་རྩལ་འདི་ཉིད་ ཀྱི་ནང་དུ་ཆེད་ལས་གསར་པ་འཛུགས་པ། ཚད་ལྡན་ སློབ་ཚན་ལྡན་པའི་སློབ་ཁང་དུ་སྨན་པ་སྦྱོང་བརྡར་བྱེད་ པ། སྨན་རྫས་ཐོན་སྐྱེད་བྱེད་པ། ནུབ་ལུགས་པ་ལྟར་ སྨན་པས་ལྭ་དཀར་གྱོན་པ་སོགས་ཀྱི་ཐོག་ཤུགས་སྣོན་ བརྒྱབ་ཡོད། དུས་རབས་༢༠བའི་ལོ་རབས་༦༠བའི་དཀྱིལ་དུ་ སླེབས་དུས་བོད་སྨན་དེ་གཞུང་ཕྱོགས་ཀྱི་མིག་ནང་ ནས་མཐོང་ལྷུང་། སྐབས་འདིར་བོད་ཡུལ་མཐོ་སྒང་ གི་ཡུལ་གྲུ་མང་ཆེ་བར་བོད་ཀྱི་གསོ་རིག་ཁྲིད་སྤེལ་དང་ ལག་ལེན་གཏན་འགོག་བྱས་ཏེ། བོད་ཀྱི་གསོ་རིག་གི་ སྲོལ་རྒྱུན་མང་བོ་འཇིག་པའི་མགོ་བརྩམས་ཡོད། དུས་ རབས་༢༠བའི་ལོ་རབས་༧༠བའི་ལོ་སྟོད་དུ་སླེབས་དུས་ བོད་ཀྱི་གསོ་རིག་དེ་ས་སྒང་ཐོག་ནས་རྩ་ཡལ་དུ་འགྲོ་ བའི་གཉན་འཕྲང་དུ་སླེབས་ཡོད། མཐའ་མར་སྤྱི་ལོ་༡༩༨༠ལོར། རིག་གནས་གསར་ བརྗེ་ཆེན་པོའ་ི སྐབས་ཀྱི་བྱས་ཉེས་ལེགས་བཅོས་བྱ་བར་ དམིགས་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དེ་ བོད་ཡུལ་དུ་སླེབས། དེ་མ་ཐག་ཏུ་བོད་ཀྱི་གསོ་རིག་ ལ་བོད་ཀྱི་འཕྲོད་བསྟེན་གནས་སྟངས་ལེགས་བཅོས་ དང་བོད་ཀྱི་རིག་གནས་སྲུང་འཛིན་ཐད་ནུས་པ་ཆེན་ པོ་ལྡན་པའི་ངོས་འཛིན་བྱུང་། ཡིན་ནའང་། བཅོས་

བསྒྱུར་སྒོ་འབྱེད་ཀྱིས་ཁེ་ཕན་ངེས་ཅན་འཁྱེར་ཡོང་བ་ དང་ཆབས་ཅིག་དེས་ཉེན་ཁའང་མི་ཉུང་བ་ཞིག་འཁྱེར་ ནས་སླེབས། གཅིག་བསྡུས་ཐོན་སྐྱེད་ཀྱི་སྐབས་སུ་བོད་ ཀྱི་ཞིང་འབྲོག་མི་དམངས་རྣམས་མཉམ་ལས་ཁང་མང་ བོའ་ི འོག་ཏུ་བསྐྱར་སྒྲིག་བྱས་ཡོད་ལ། མཉམ་ལས་ཁང་ གིས་དབུས་སྲིད་གཞུང་གི་མ་དངུལ་ལ་བརྟེན་ནས་མི་ དམངས་ཀྱི་འཕྲོད་བསྟེན་འགན་སྲུང་བྱས་ཡོད། སྤྱི་ལོ་ ༡༩༩༠གོ་གྲངས་ལོར་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ དར་རྒྱས་སུ་ཕྱིན་པ་དང་ཆབས་ཅིག འཕྲོད་བསྟེན་ འགན་སྲུང་གི་འགྲོ་སོང་དེ་རིམ་བཞིན་ཞིང་ཆེན་དང་ ས་ཁུལ། དེ་བཞིན་ནད་པ་རང་ཉིད་བཅས་ཀྱི་མགོར་ ལྷུང་། དེ་ལྟ་ནའང་། ནུབ་ལུགས་སྨན་བཅོས་དེ་བོད་ ཀྱི་ཞིང་འབྲོག་མི་དམངས་ཀྱི་འཁོས་ཆུང་བའི་དཔལ་ འབྱོར་གྱི་ནུས་པ་ལས་བརྒལ་ཡོད་ཅིང་། བོད་ཀྱི་གསོ་ རིག་སྨན་བཅོས་ལམ་ལུགས་ད་རུང་ཡོངས་སུ་བསྐྱར་ དར་བྱུང་ཐུབ་མེད། དེ་ལྟར་བོད་པ་མང་བོས་སྨན་པར་ སྟོན་དུ་མི་འགྲོ་བའམ་འགྲོ་ཡང་ནད་པའི་གནས་སྟངས་ ཉེན་ཁ་ཅན་དུ་འགྱུར་རག་བར་དུ་མི་འགྲོ་བའི་གནས་ ཚུལ་འབྱུང་གི་ཡོད། བོད་ཀྱི་གསོ་རིག་སྨན་བཅོས་ཐད་སྲིད་གཞུང་ངོས་ ནས་རྒྱབ་སྐྱོར་ཇེ་ཆེ་ནས་ཇེ་ཆེ་ཡིན་མོད། འོན་ཀྱང་། སྤྱི་ལོ་༢༠༠༠ལོར་སླེབས་དུས། བོད་རང་སྐྱོང་ལྗོངས་ ཀྱི་མི་འབོར་ས་ཡ་གཉིས་ལྷག་ཡོད་པ་དེ་ལ་ཞབས་ཞུ་ སྒྲུབ་པར་བོད་སྨན་ཁང་ཡོངས་སུ་ནད་པའི་ཉལ་ཁྲི་ ༥༠༠ཙམ་དང་། དངོས་གཞིའི་སྒོ་ནས་གསོ་སྐྱོང་བྱས་ པའི་སྨན་པག༡༡༠༠ཙམ་མ་གཏོགས་མེད། ནག་ཆུ་ས་ ཁུལ་དུ་སྨན་པ་བྱེད་པར་མཁོ་བའི་ཆེས་དམའ་མཐའི་ ལག་ཁྱེར་(འབྲིང་རིམ་སྟེ་ཨ་རིའི་associate’s degreeདང་ཕལ་ཆེར་མཚུངས)ཡོད་པའི་བོད་སྨན་ སྨན་པ་༡༡༣མ་གཏོགས་མེད། ས་ཁུལ་འདིའི་ནང་གི་ སྨན་པ་ཡོངས་ཀྱི་ཕྱེད་ཀ་ཡན་ལ་གཟའ་འཁོར་གཉིས་ ནས་ཟླ་བ་དྲུག་གི་དུས་ཐུང་སྦྱོང་བརྡར་མ་གཏོགས་ཐོབ་ མེད། བོད་ཀྱི་སྤྱི་ཚོགས་ནང་གི་འཕྲོད་བསྟེན་གནས་ སྟངས་ཧ་ཅང་ཞན་པ་མཐོང་ནས། སྤྱི་ལོ་༡༩༩༩ལོར་ ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་གསོ་རིག་ལམ་ ལུགས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀའི་མགོ་བརྩམས་ ཏེ་བོད་ཡུལ་མཐོ་སྒང་གི་ཡུལ་གྲུ་སོ་སོར་བྱེད་སྒོ་འདྲ་ མིན་སྤེལ། བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ཀུན་ཕན་ ཐེབས་རྩ་ཚོགས་པས་བྱེད་སྒོ་འདྲ་མིན་སྤེལ་ཡོད་མོད། གཙོ་བོ་ཤུགས་རྒྱག་ས་དེ་བོད་ཀྱི་གསོ་རིག་སྨན་བཅོས་ ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་འཕྲོད་བསྟེན་ ལས་བྱེད་པར་སྤུས་ཚད་མཐོ་བའི་སྦྱོང་བརྡར་སྤྲོད་པ་ སོགས་ཡིན་ལ། འདི་ལྟར་སྦྱོང་བརྡར་ཐོབ་པའི་ལས་ བྱེད་རྣམས་ཀྱིས་མ་འོངས་པར་གཞི་རིམ་སྤྱི་ཚོགས་ལ་ འཚམས་པའི་རིན་གོང་དམའ་ཞིང་འགྲོ་སྟབས་བདེ་

25

ཀུན་ཕན་ཐེབས་རྩ་ཚོགས་པའི་སྲོལ་རྒྱུན་བོད་སྨན་ ལས་གཞིའི་མཐར་ཕྱིན་སློབ་མ་རེ་རེར་སྨན་རྫས་མཁོ་ འདོན་གྱི་རྨང་གཞིའི་ཡོ་ཆས་ཆ་འགྲིག་རེ་སྤྲད་ཡོད། ཡུལ་དངོས་དམར་ཁྲིད་ཀྱིས་བོད་སྨན་སློབ་མ་རྣམས་ ལ་སྨན་རྩྭ་ངོས་འཛིན་ཐད་རོགས་རམ་གནང་།

ཀུན་ཕན་ཐེབས་རྩ་ཚོགས་པའི་སྲོལ་རྒྱུན་བོད་སྨན་ ལས་གཞིའི་རིང་དུ་གསར་སྐྲུན་བྱས་པའི་སོག་རྫོང་གི་ འཕྲོད་བསྟེན་སྨན་ཁང་ཞིག ཀུན་ཕན་ཐེབས་རྩ་ཚོགས་པའི་སྲོལ་རྒྱུན་བོད་སྨན་ ལས་གཞིའི་མཐར་ཕྱིན་སློབ་མ་འཕྲིན་ལས་ཀྱིས་ཀུན་ ཕན་གྱི་རོགས་དངུལ་ལ་བརྟེན་ནས་འཕྲོད་བསྟེན་ སྨན་ཁང་གསར་པ་ཞིག་མ་ཕྱེས་སྔོན་དུ། སོག་རྫོང་ རོང་པོ་གྲོང་རྡལ་ལ་གཏན་སྡོད་བོད་སྨན་སྨན་པ་ཞིག་ ཡོད་མྱོང་མེད།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


བོད་སྨན་ལག་ལེན་ཐོག་ཏུ་སྤྱོད་པའི་ཡོ་ཆས། .

བའི་འཕྲོད་བསྟེན་མ་ལག་ཅིག་སྐྲུན་ཐུབ་ངེས། འཕྲོད་ བསྟེན་དོ་དམ་དང་གལ་གནད་ངོས་འཛིན། ཡུན་ གནས་ཐུབ་པའི་སྨན་རིགས་ཕྱོགས་བསྡུས། སྨན་ བཅོས་ལག་ལེན་ཡིག་ཚགས་སུ་འགོད་པ། རྨང་ གཞིའི་འཕྲོད་བསྟེན་ལས་བྱེད་པ་སྦྱོང་བརྡར་བྱེད་པ་ སོགས་ལས་ཀ་འདྲ་མིན་བསྒྲུབས་པ་བརྒྱུད། ལས་གཞི་ འདིས་མཇུག་མཐར་སློབ་མ་༧༢ལ་འབྲིང་རིམ་ཐོབ་ཐང་ ཐོག་ནས་སློབ་མཐར་ཕྱིན་པར་རོགས་རམ་བྱས་ཡོད་ལ་ དེ་ལས་གཞན་པའི་སློབ་མ་༥༢ལ་ཆེད་སྦྱོང་ཐོབ་ཐང་(ཨ་ རིའི་ནང་གི་bachelor’s degreeདང་མཚུངས) ཐོག་ནས་སློབ་མཐར་ཕྱིན་པར་རོགས་རམ་བྱས་ཡོད། དེའི་སྟེང་དུ་ད་དུང་སྨན་སློབ་༨༠ལྷག་ལ་བོད་ཀྱི་གསོ་ རིག་ཐོག་ལོ་ངོ་གཉིས་ཡན་གྱི་སྦྱོང་བརྡར་སྤྲད་ཡོད་ ལ། དེ་དག་ལས་མཁན་སློབ་མ་སློབ་མ་གཉིས་ཁྱད་དུ་ འཕགས་ཡོད། རོང་པོ་གྲོང་རྡལ་དང་ཁྲི་རྟོ་གྲོང་རྡལ་གཉིས་ནས་

སར་གནས་སྤོ་བྱས། དེ་ལྟར་ས་གནས་སུ་འཕྲོད་བསྟེན་ ཁང་མེད་པའི་རྐྱེན་གྱིས་ཡུལ་མི་རྣམས་ཀྱིས་རྟ་ཞོན་ནས་ དབྱིན་ལེ་དགུ་བཅུའི་ས་ན་ཡོད་པའི་རྫོང་མཁར་དུ་འགྲོ་ དགོས། རྫོང་མཁར་དུ་འགྲོ་བར་ཀྱག་ཀྱོག་གི་གཞུང་ ལམ་ཐོག་ནས་རླངས་འཁོར་དུ་བསྡད་དེ་སོང་ཚེ་ཆུ་ཚོད་ མང་བོ་དགོས་ལ་རྟ་ཞོན་ཏེ་སོང་ན་ཉིན་འགའ་དགོས། གནས་སྟངས་འདིའི་དབང་གིས་ནད་པ་ལ་ལས་འགྲུལ་ བཞུད་འདི་བྱེད་མི་འདོད་ལ། ན་ཚ་ཛ་དྲག་ཅན་ཚོ་ རྒྱུན་པར་ལམ་བར་ནས་གྲོངས་འགྲོ་བ་ཡིན། འཕྲིན་ལས་དང་ཀུན་བཟང་གཉིས་ཀུན་ཕན་ཐེབས་ རྩ་ཚོགས་པས་༡༩༩༩ལོར་ཐེངས་དང་པོར་རྩ་འཛུགས་ བྱས་པའི་རྫོང་རིམ་པའི་འཕྲོད་བསྟེན་ལས་བྱེད་པའི་ སྦྱོང་བརྡར་ལ་ཞུགས། སྦྱོང་བརྡར་འདི་མཇུག་སྒྲིལ་ རྗེས་ཁོང་གཉིས་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་ སྐྱོར་ཐོབ་སྟེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ ནས་ལོ་ངོ་བཞིའི་རིང་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་ བྱས། སྤྱི་ལོ་༢༠༠༤ལོར་ཁོང་ཚོ་སློབ་མཐར་ཕྱིན་སྐབས། བོད་ལྗོངས་གསོ་རིག་སློབ་ཆེན་དུ་ཀུན་ཕན་གྱི་རྒྱབ་ སྐྱོར་འོག་ཏུ་སློབ་སྦྱོང་བྱས་པའི་སློབ་མའི་མི་འབོར་ཕྱེད་ ཀ་ལ་ཀུན་ཕན་ཐེབས་རྩ་ཚོགས་པས་བྱ་བ་ཡོངས་སུ་ བཀོད་སྒྲིག་བྱེད་ཐུབ་ཡོད། འོན་ཀྱང་། འཕྲིན་ལས་དང་ཀུན་བཟང་གཉིས་ཀྱིས་རང་ཉིད་ཀྱི་ སློབ་སྦྱོང་ཡོན་ཏན་དང་ཀུན་ཕན་ཐེབས་རྩ་ཚོགས་པས་ བསྩལ་བའི་བོད་སྨན་ལག་བསྟར་སྔོན་འགྲོའ་ི ཡོ་ཆས་ གཉིས་ཀ་བསྣམས་ཏེ་ཕྱིར་གཞི་རིམ་ཕ་ཡུལ་དུ་ལོག་རྒྱུ་ ཐག་གིས་བཅད། བོད་སྨན་ལག་བསྟར་སྔོན་འགྲོའ་ི ཡོ་ ཆས་ཀྱི་ནང་དུ་རྒྱུན་སྤྱོད་བོད་སྨན་ཁག་ཅིག་དང་སྨན་ ཁུག སྨན་གསར་པ་ཐོན་སྐྱེད་བྱེད་པའི་ཡོ་ཆས་བཅས་ ཚུད་ཡོད། འཕྲིན་ལས་ཕྱིར་རོང་པོར་ལོག་རྗེས་ཁང་ཆུང་ཞིག་ གི་ནང་ནས་བོད་སྨན་ལག་ལེན་བྱེད་འགོ་བརྩམས།

 དེ་ལྟར་ས་གནས་སུ་འཕྲོད་བསྟེན་ཁང་མེད་པའི་རྐྱེན་གྱིས་ཡུལ་མི་

རྣམས་ཀྱིས་རྟ་ཞོན་ནས་དབྱིན་ལེ་དགུ་བཅུའི་ས་ན་ཡོད་པའི་རྫོང་མཁར་ དུ་འགྲོ་དགོས།

ཕེབས་པའི་འཕྲིན་ལས་དང་ཀུན་བཟང་གཉིས་ཀྱིས་ འཕྲོད་བསྟེན་སྨན་བཅོས་སྔོན་ཆད་མེད་སར་གསར་དུ་ འདྲེན་པའི་ཐབས་ཤེས་གནང་། རོང་པོ་གྲོང་རྡལ་ལ་ མཚོན་ན་སྔོན་ཆད་གཏན་འཇགས་སྨན་པ་ཞིག་ཡོད་ མྱོང་མེད་ལ། ཁྲི་རྟོ་གྲོང་རྡལ་ལ་སྨན་པ་གཉིས་ཡོད་ མོད་གཅིག་ནི་གྲོངས་སོང་ལ་གཞན་པ་དེ་ལོ་རྒས་དྲགས་ པའི་རྐྱེན་གྱིས་སྨན་བཅོས་ལག་ལེན་བྱེད་མ་ཐུབ་པར་ལྷ་ ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

ཁོས་རང་ཉིད་ཀྱི་སྨན་རྩྭ་ངོས་འཛིན་ཐད་ཐོབ་པའི་ཤེས་ ཡོན་གྱི་དགེ་མཚན་སྤྱད་ནས་སོག་རྫོང་བོད་སྨན་ཁང་ དང་ལྷན་དུ་སྨན་རྩྭ་དང་རིལ་བུ་བརྗེ་རེས་བྱེད་པའི་ཚོང་ འབྲེལ་འཛུགས་ཐུབ་པ་བྱུང་། སོག་རྫོང་བོད་སྨན་ཁང་ ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་འཕྲོད་བསྟེན་ཡར་ རྒྱས་གཏོང་བའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་ མཁན་གྱི་སྡེ་ཁག་ཅིག་ཡིན། འཕྲིན་ལས་ཀྱི་ལས་ཀ་


འདི་ལྟར་ལམ་ལྷོངས་བྱུང་ནའང་ཁོང་ལ་དེ་ལས་ཆེ་བའི་ རེ་འདུན་ཡོད་པ་རེད། སྤྱི་ལོ་༢༠༠༥ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་ ལས་བྱེད་པ་སློབ་ཆུང་གསར་པ་ཞིག་འཛུགས་སྐྲུན་བྱེད་ པའི་ལས་ཀར་ལྟ་རྟོག་བྱེད་དུ་འགྲོ་སྐབས་འཕྲིན་ལས་ ལ་ཡང་བསྐྱར་འཕྲད་འདུག སྐབས་དེར་ཁོང་གིས་རང་ ཉིད་ཀྱི་འཕྲོད་བསྟེན་སྨན་ཁང་འཛུགས་པའི་འཆར་ གཞིའི་སྐོར་འགྲེལ་བཤད་བྱས། འཕྲོད་བསྟེན་སྨན་ ཁང་འདིས་ཁོང་ཚོའི་སྡེ་བ་གཅིག་པུ་མ་ཡིན་པར་དེའི་ མཐའ་སྐོར་གྱི་སྡེ་བ་ཁག་ལའང་འཕྲོད་བསྟེན་གྱི་ཞབས་ ཞུ་སྒྲུབ་ཐུབ་རྒྱུ་རེད། བོད་སྨན་འཐུ་བ་དང་ཐོན་སྐྱེད་ བྱེད་པ་བརྒྱུད། འཕྲོད་བསྟེན་སྨན་ཁང་འདིས་དབུལ་ བོ་རྣམས་ལ་རིན་མེད་ཞབས་ཞུ་སྒྲུབ་པ་དང་ཆབས་ ཅིག་སྨན་ཁང་རང་ཉིད་ཀྱི་མ་འོངས་ཡར་རྒྱས་ལ་མ་ རྩ་གསོག་ནུས། རང་ཉིད་ཀྱི་རེ་འདུན་མགྱོགས་པོར་ མངོན་འགྱུར་ཡོང་ཆེད་འཕྲིན་ལས་ཀྱིས་ཡང་བསྐྱར་ ཀུན་ཕན་ཐེབས་རྩ་ཚོགས་པ་ལ་རོགས་རམ་ཞུས། སྤྱི་ ལོ་༢༠༠༩ལོར། ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་ སྐྱོར་འོག་ནས་འཕྲོད་བསྟེན་ཁང་གསར་འཛུགས་ཀྱི་ ལས་གྲྭ་དངོས་སུ་འགོ་བརྩམས། རང་རེའི་ལས་བྱེད་པ་ཁྲི་རྟོ་རུ་འགྲོ་སྐབས་ཀུན་ བཟང་ལའང་འཕྲད་འདུག ས་གནས་སྲིད་གཞུང་དང་ མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཀུན་བཟང་གིས་ ཁང་མིག་དགུ་ཡོད་པའི་འཕྲོད་བསྟེན་སྨན་ཁང་ཞིག་ སྒོ་ཕྱེ་ཐུབ་ཡོད་པ་མ་ཟད་ཁོང་དང་མཉམ་དུ་བྱ་བ་སྒྲུབ་ པར་སྨན་པ་བཞིའང་བསྡུས་འདུག མཐའ་སྐོར་གྱི་རྩྭ་ ཐང་ལས་སྨན་རྩྭ་འཐུ་བ་དང་ས་གནས་མང་ཚོགས་ཀྱི་ ལག་ནས་སྨན་རྩྭ་ཉོ་བ་བརྒྱུད། སྤྱི་ལོ་༢༠༠༨ལོར་ནད་ རིགས་འདྲ་མིན་གྱི་ཆེད་དུ་བོད་སྨན་རིགས་སྣ་ཁ་དྲུག་ ཅུ་ཐོན་སྐྱེད་བྱེད་ཐུབ་འདུག རང་སྟོབས་རང་སྤེལ་གྱི་ གལ་ཆེན་རང་བཞིན་མཐོང་སྟེ་ཀུན་བཟང་གིས་སྤྱི་ལོ་ ༢༠༠༨ལོར་བོད་སྨན་ཐོན་སྐྱེད་བྱེད་པའི་འཕྲུལ་ཆས་ ཤིག་ཉོ་བའི་ཆེད་དུ་རོགས་དངུལ་ཞུས། འཕྲུལ་ཆས་ ཀྱིས་སྨན་རིགས་ཐོན་སྐྱེད་བྱས་པ་ཡིན་ན་དེས་འཕྲོད་ བསྟེན་སྨན་ཁང་ལ་གཏན་འཇགས་ཡོང་སྒོ་སྐྲུན་ཐུབ་པ་ མ་ཟད། གལ་སྲིད་གྲོང་རྡལ་འདི་ཕྱི་ལོགས་དང་འབྲེལ་ ཐག་ཡོངས་སུ་ཆད་པ་ཡིན་ནའང་གཞི་རྩའི་འཕྲོད་ བསྟེན་ཞབས་ཞུ་སྒྲུབ་ཐུབ་པ་རེད། འཕྲིན་ལས་དང་ཀུན་བཟང་གཉིས་དང་ཁོང་གཉིས་ དང་མཚུངས་པའི་གསོ་སྐྱོང་བྱས་པའི་སྨན་པ་གཞན་ དག་བཅས་ཀྱི་རྒྱུན་མི་ཆད་པའི་འབད་བརྩོན་ལ་བརྟེན་ ནས། དེང་སང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ བོད་ཀྱི་སྲོལ་རྒྱུན་གསོ་རིག་གིས་བོད་ཡུལ་མཐོ་སྒང་ གི་ཡུལ་གྲུ་སོ་སོར་གནས་པའི་གཞི་རིམ་མང་ཚོགས་ རྣམས་ལ་མ་འོངས་རེ་བ་གསར་པ་ཞིག་གནང་བཞིན་ ཡོད།

27

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


སློབ་གསོ།

གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀུན་ཕན་ཐེབས་ རྩ་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ཀྱི་གྲོས་ཚོགས་ཁང་ གི་ཅོག་ཙེ་རིང་བོ་དེའི་སྣེ་རུ་ཁུ་སིམ་པོས་བསྡད་འདུག་ པའི་སྐལ་བཟང་སྐྱིད་ཀྱིས་འཚེར་སྣང་དང་བཅས་ལག་ གི་ཤོག་ལྷེ་འགའ་རེ་འཕར་འཕུར་མཉའ་མཉེད་བྱེད་ བཞིན་གདའ། ཡ་མཚན་པ་ཞིག་ལ། ཁོ་མོས་སྐད་ ཆ་བཤད་དུས་ངག་དག་ཅིང་གདངས་ཟབ་ལ་ཡུལ་སྐད་ ཀྱི་ཤུགས་རྐྱེན་གསལ་ལ་མི་གསལ་བ་ཙམ་མ་གཏོགས་ མི་འདུག “རིག་གནས་ཀྱི་ཁོར་ཡུག་གསར་པ་ཞིག་གི་ ནང་དུ་འཚོ་བ་སྐྱེལ་སྟངས་ཐད་འབད་བརྩོན་དང་སློབ་ སྦྱོང་བྱེད་པའི་བརྒྱུད་རིམ་ནི་དངོས་གནས་རིང་བོ་ཞིག་ རེད།” ཅེས་ཁོ་མོས་བཤད་བྱུང་ལ་དོན་དངོས་སུ་ཡང་ དེ་ལྟར་རེད། སྐལ་བཟང་སྐྱིད་ནི་བོད་ཡུལ་མཐོ་སྒང་གི་ཤར་སྣེ་ རུ་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་ རྫོང་གི་གྲོང་གསེབ་ཅིག་ཏུ་སྐྱེས་པ་ཡིན། རྫ་རི་མཐོ་ ཞིང་འབྲོག་སྡེ་ཆགས་པའི་ཡུལ་འདིའི་ལྷོ་རྒྱུད་དང་ནུབ་ རྒྱུད་ཀྱི་ས་ཁུལ་ཁག་དང་མི་འདྲ་བར་གཅན་ཚ་རྫོང་ནི། དབུས་སུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ཡོད་ སའི་གཤིན་ས་ལྷེབ་མོ་དེའི་ཆ་ཤས་ཤིག་ཡིན། ཡུལ་

ཡིན་པའི་དམ་བཅས། སློབ་གྲྭར་གང་འཚམས་སོང་ རྗེས་སློབ་མཚམས་འཇོག་པ་ནི་སྐབས་དེ་དུས་ཀྱི་བོད་ཀྱི་ གཞོན་ནུ་ཚོའི་སྤྱི་མཐུན་གྱི་ལས་དབང་ལྟ་བུ་ཞིག་ཡིན། སྐལ་བཟང་སྐྱིད་ཀྱིས་སློབ་མཚམས་མ་བཞག་ཅིང་། ༡༩༩༡ལོར་ཁོ་མོ་ནི་བཟའ་མིའི་ཁྲོད་ནས་མཐོ་འབྲིང་ མཐར་ཕྱིན་མཁན་ཐོག་མ་དེ་ཆགས་པ་རེད། མཐོ་ འབྲིང་ནི་ཕལ་ཆེར་ཨ་རིའི་མཐོ་རིམ་སློབ་གྲྭ་དང་ཚད་ མཉམ་ཡིན། ཁོ་མོས་རང་ཉིད་ཀྱི་སློབ་སྦྱོང་གི་རྒྱུན་ རེབ་གོང་དུ་ཡོད་པའི་རྨ་ལྷོ་དགེ་འོས་སློབ་གྲྭ་རུ་བསྐྱངས། ཁོ་མོས་བོད་དབྱིན་གཉིས་ཀྱི་ཐོག་འབྲིང་རིམ་(ཀྲུང་ ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་དགེ་རྒན་ ཞིག་ལ་དགོས་པའི་ཆེས་དམའ་མཐའི་ཤེས་ཡོན་ཐོབ་ ཐང་དེ་ཡིན)སློབ་མཐར་ཕྱིན་རྗེས་ཁོ་མོ་རང་ཉིད་ཀྱི་མ་ ཡུམ་སློབ་ཆུང་དུ་ཕྱིར་ཕེབས་ཏེ་དེར་བོད་ཡིག་དང་རྒྱ་ ཡིག དབྱིན་ཡིག་དང་ལོ་རྒྱུས། ས་ཁམས་བཅས་སློབ་ ཁྲིད་གནང་། ཐོག་མ་ཉིད་ནས་བཟུང་སྐལ་བཟང་སྐྱིད་ལ་རང་ཉིད་ ཀྱི་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་བའི་འདུན་ པ་ཤུགས་ཆེན་ཡོད་ལ། མི་འགྱངས་པར་ཁོ་མོས་རང་ ཉིད་ཀྱི་དབྱིན་ཇིའི་སྐད་ཡིག་གི་ཆུ་ཚད་ཡར་རྒྱས་སུ་

 དེ་དག་ལས་ཀྱང་ཆེས་དཀའ་ངལ་ཆེ་བ་ནི་རང་ཉིད་ཀྱི་སློབ་ཕྲུག་ལ་ཇི​ི་ ལྟར་བྱས་ཏེ་མི་ཡ་རབས་ཤིག་བྱེད་སྟངས་ཁྲིད་རྒྱུ་དེ་རེད། 

བོད་ཡུལ་མཐོ་སྒང་གི་ཤར་སྣེ་རུ་ཁོད་མི་སྙོམས་པའི་ ས་གཤིས་རྩུབ་པོས་རི་ཕྲན་གྱི་ཚོགས་ལ་ལམ་བུ་ཕྱེས་ ཡོད་ཅིང་། རི་ཚོགས་འདི་དག་གི་ཁྲོད་དུ་ཞིང་བ་ ཚོས་གྲོ་དང་ཁོག་ཞོག ཡུངས་དཀར་བཅས་འདེབས་ འཛུགས་བྱེད་ཀྱི་ཡོད། .

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

འདིའི་ཡུལ་མི་མང་ཆེ་བས་ཞིང་ལས་གཉེར་གྱི་ཡོད་ ལ་སྐལ་བཟང་སྐྱིད་ཀྱང་དེ་དག་ལས་དམིགས་བསལ་ པ་མིན། “ང་ནི་ཞིང་པའི་བུ་མོ་ཞིག་ཡིན།” ཞེས་ཁོ་ མོས་བཤད་བྱུང་ལ། ཁོ་མོའ་ི དགོད་སྒྲ་དེས་དབྱིན་སྐད་ ནང་གི་ཆེའི་རྒྱུན་ལྡན་གྱི་ཚིག་དུམ་འདིར་ཡང་བྲོ་བ་ ལྷག་མ་ཞིག་བསྣན། “ཡར་ནར་སོན་ནས་ངའི་ལོ་ཚོད་ལ་སླེབས་པའི་བུད་ མེད་ཅིག་ལ་མཚོན་ན་སློབ་གསོའ་ི མྱོང་བའི་སྐལ་བ་ཧ་ ཅང་ཕྲ།” ཞེས་ཁོ་མོས་མུ་མཐུད་དུ་བཤད་རྒྱུར། “བུ་ མོ་ཚོ་ཁྱིམ་དུ་བསྡད་དེ་བཟའ་མི་དང་མཉམ་དུ་ལས་ཀ་ ལས་དགོས། ངའི་མིང་སྲིང་ཚང་མ་ཡིག་རྨོངས་པ་ཤ་ སྟག་ཡིན།” ཡིན་ནའང་། སྐལ་བཟང་སྐྱིད་ཀྱི་ཨ་ ཕས་ཁོ་མོའ་ི ཨ་མ་ལ་སྐལ་བཟང་སྐྱིད་མོ་རང་ཉིད་ཀྱིས་ སློབ་མཚམས་མ་བཞག་བར་དུ་ཁོ་མོ་སློབ་གྲྭར་སྐྱེལ་རྒྱུ་

གཏོང་ཆེད་དུས་ཡུན་ལོ་ངོ་གསུམ་ཅན་གྱི་ཡིག་འབྲེལ་ སློབ་སྦྱོང་བྱེད་འགོ་བརྩམས། ཁོ་མོས་བཤད་རྒྱུར་། “ཁྱིམ་དུ་ཡོད་དུས་དབྱིན་ཡིག་སྦྱོང་བརྡར་བྱེད་པའི་གོ་ སྐབས་ཧ་ཅང་ཕྲ། དེ་བས་ངས་རྒྱུན་པར་ཀློག་འདོན་ དང་རང་ཉིད་ཀྱི་སྐད་སྒྲ་སྒྲར་ཕབ་སྟེ་ཕྱིར་གཏོང་བ་ སོགས་ཀྱི་བྱེད་ཐབས་བཀོལ་ཏེ་སྦྱོང་བརྡར་བྱས་པ་ཡིན།” ད་དུང་ཡང་རང་ཉིད་ཀྱི་སྐད་ཡིག་གི་ནུས་པར་འདོད་ བློ་མ་ཁེངས་པའི་རྐྱེན་གྱིས་བསྐྱར་དུ་སློབ་གྲྭ་འགྲོ་རྒྱུ་ བྱས་ཤིང་། ༢༠༠༡ལོར་དབྱིན་ཡིག་གི་ཐོག་ནས་དངོས་ གཞིའི་ཐོབ་ཐང་ལེན་ཆེད་ཟི་ལིང་དུ་ཡོད་པའི་མཚོ་ སྔོན་དགེ་ཐོན་སློབ་ཆེན་དུ་སློབ་ཞུགས་བྱས། སློབ་ སྦྱོང་འདི་གྲུབ་རྗེས་ཁོ་མོ་ལམ་སེང་ཕྱིར་ཕ་ཡུལ་གཅན་ ཚ་རུ་ལོག་སྟེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ ནང་དུ་ལས་གནས་གསར་པ་ཞིག་བླངས་ཤིང་། སློབ་གྲྭ་


དེར་མི་འགྱངས་པར་ཁོ་མོ་འཛིན་གྲྭའི་གཙོ་བདག་དགེ་ རྒན་ཞིག་ཏུ་གྱུར། རྫོང་མི་རིགས་སློབ་འབྲིང་ནི་བཅའ་སྡོད་སློབ་གྲྭ་ཞིག་ ཡིན་ལ་ནང་གི་སློབ་མ་ནི་གཙོ་བོ་རང་ཁྱིམ་སློབ་གྲྭ་དང་ ཐག་རིང་སར་ཡོད་པའི་ཞིང་འབྲོག་པའི་བྱིས་པ་རྣམས་ ཡིན། འཛིན་གྲྭའི་གཙོ་བདག་ཅིག་ཡིན་པའི་ཆ་ནས་ སྐལ་བཟང་སྐྱིད་ཀྱིས་སློབ་མ་ཚོར་ཉིན་མཚན་གཉིས་ ཀར་འགན་འཁུར་དགོས་ཤིང་། རང་ལོ་བཅུ་གསུམ་ ནས་བཅོ་ལྔ་ཅན་གྱི་བྱིས་པ་བརྒྱད་ཅུ་ཡས་མས་ཡོད་པའི་ འཛིན་གྲྭར་སློབ་ཁྲིད་བྱེད་པ་དང་། སློབ་མ་རེ་རེར་ དགེ་རྒན་དང་ཐག་ཉེ་སར་འདུག་པའི་གོ་སྐབས་ཐོབ་ ཆེད་འདུག་སྟེགས་རེས་སྐོར་བའི་ཐབས་ལམ་སྤྱད། ༢༠༠༤ལོར་སྐལ་བཟང་སྐྱིད་ཟི་ལིང་དུ་ཀུན་ཕན་ ཐེབས་རྩ་ཚོགས་པས་བོད་པ་དབྱིན་ཡིག་དགེ་རྒན་ཚོར་ དམིགས་ཏེ་བཀོད་སྒྲིག་བྱས་པའི་སློབ་མ་ལྟེ་བར་འཛིན་ པའི་ཁྲིད་ཐབས་ཐོག་སྤེལ་བའི་སྦྱོང་བརྡར་འཛིན་གྲྭར་ ཞུགས་པར་ཕེབས། ཁོ་མོས”དེ་ནི་ཧ་ཅང་རྙེད་དཀའ་ བའི་གོ་སྐབས་ཤིག་དང་ཁྱད་པར་དུ་དབྱིན་ཡིག་དགེ་ རྒན་ཚོ་ལ་མཚོན་ན་རྩ་ཆེ་བའི་གོ་སྐབས་ཤིག་རེད།” ཅེས་བཤད་མུ་མཐུད་དུ་བཤད་རྒྱུར། “དེར་ངས་དངོས་ ཡོད་ཐེག་རེག་ཅན་གྱི་ཁྲིད་ཐབས་སྐོར་སྦྱོང་རྒྱུ་བྱུང་ ལ། དེ་དང་ཆབས་ཅིག་སློབ་ཁྲིད་བྱེད་ཐབས་ཐོག་ལ་ སྔར་ལས་ལྷག་པའི་སློབ་སྦྱོང་བྱེད་འདུན་ཤར།” ཆེས་

ཐོག་མའི་ཚོགས་འདུ་འདི་ག་རང་གི་སྐབས་སུ་སྐལ་ བཟང་སྐྱིད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱལ་ སྤྱིའི་བྱ་དགའི་སློབ་ཡོན་སྐོར་ཤེས་རྟོགས་བྱུང་བ་ཡིན་ ལ་བྱ་དགའ་དེས་ཁོ་མོ་མཇུག་མཐར་ཨ་རི་ལ་བསྐྱལ་ ཡོང་བ་ཡིན། ༢༠༠༦ལོར་སྐལ་བཟང་སྐྱིད་ཀྱིས་ཝེར་མོན་མངའ་ སྡེའི་ནང་གི་བྷི་རེ་ཋིལ་བྷོ་རོ་གྲོང་རྡལ་དུ་ཡོད་པའི་ རྒྱལ་སྤྱིའི་སྦྱོང་བརྡར་སློབ་གྲྭ་རུ་དབྱིན་ཇིའི་སྐད་ཡིག་ ཐོག་དངོས་སྦྱོང་ཤེས་རམས་པའི་སློབ་སྦྱོང་བྱེད་ཆེད་བྱ་ དགའི་སློབ་ཡོན་ལ་རེ་ཞུའི་སྙན་ཞུ་ཕུལ་མོད། འོན་ ཀྱང་། སློབ་གྲྭ་འདིའི་སློབ་སྡུད་ལས་ཁུངས་ཀྱིས་སྐལ་ བཟང་སྐྱིད་ཀྱིས་དབྱིན་སྐད་ཕ་སྐད་དུ་གྱུར་བའི་སློབ་ གྲོགས་ཚོའི་རྗེས་ཆོད་མིན་ཐད་དོགས་པ་སྐྱེས། གང་ ལྟར་མཇུག་མཐར་ཁོང་ཚོས་ཁོ་མོ་ལ་གོ་སྐབས་འདི་སྤྲོད་ རྒྱུ་ཐག་གིས་བཅད་ཅིང་། ༢༠༠༨ལོའ་ི སྤྱི་ཟླ་དང་པོར་ ཁོ་མོ་ཨ་རིར་འབྱོར་ཏེ་མཱ་སེ་ཆུའུ་སེ་ཋིའི་རྒྱལ་སྤྱིའི་སྐད་ ཡིག་སློབ་གླིང་དུ་ཟླ་ངོ་བདུན་ཅན་གྱི་དབྱིན་ཇིའི་སྐད་ ཡིག་ཟབ་སྦྱོང་གི་འགོ་བརྩམས། ཁོ་མོར་མཚོན་ན་ཐོག་མར་གོམས་རྒྱུ་དཀའ་མོ་བྱུང་། འདི་ཐད་ལ་ཁོ་མོས་འགྲེལ་བཤད་རྒྱག་དོན། “ཨ་རིར་ མ་ཡོང་སྔོན་དུ་ང་རང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ལོགས་ སུ་སོང་མྱོང་མེད་ལ། པེ་ཅིང་ལྟ་བུའི་གྲོང་ཁྱེར་ཆེན་ མོར་གཏན་ནས་སོང་མྱོང་མེད།” ཡོད་ཚད་ཐམས་

ཅད་ཁོ་མོར་མཚོན་ན་གསར་པ་དང་རྒྱུས་མེད་ཡིན་ ལ་སྐབས་དེར་ཁོ་མོས་རང་ཉིད་ཀྱི་ཁྱིམ་མི་དང་ཕན་ ཚུན་ལ་འབྲེལ་འདྲིས་ཟབ་པའི་ཕ་ཡུལ་གྱི་མི་སྡེ་དྲན། “ངའི་སེམས་སུ་ཡང་དང་ཡང་དུ་ཤར་བ་ནི། ‘ད་ངས་ འདི་མཇུག་སྐྱོང་ཐུབ་ས་མ་རེད། ང་ཕྱིར་ཁྱིམ་དུ་ ལོག་འདོད།’ སོགས་ཡིན་ལ། དེ་ལྟར་ང་རང་མང་བོ་ ངུས་པ་ཡིན།” འོན་ཀྱང་། ཁོ་མོ་ཕྱིར་མ་ལོག་པར་ འདིར་བསྡད་པ་རེད། ལོ་དེའི་སྤྱི་ཟླ་དགུ་པའི་ནང་དུ་ ཁོ་མོས་རྒྱལ་སྤྱིའི་སྦྱོང་བརྡར་སློབ་གྲྭ་རུ་སློབ་སྦྱོང་བྱེད་ འགོ་བརྩམས་ཏེ་སྐད་ཡིག་ལ་དབང་བསྒྱུར་དང་སློབ་ ཁྲིད་ཐབས་ལམ། རིག་གནས་བཅས་ཀྱི་ཐོག་ལ་བློ་རྩེ་ བསྒྲིམས། ཁོ་མོས་ཐོག་མར་འཚེར་སྣང་སྐྱེས་པ་ཁས་ལེན་མོད། འོན་ཀྱང་། སྐལ་བཟང་སྐྱིད་ཀྱིས་རིམ་གྱིས་འཛིན་གྲྭ་ གྲོལ་རྗེས་ནམ་རྒྱུན་རང་ཉིད་ཀྱི་སློབ་དཔོན་ཚོའི་མདུན་ དུ་སོང་སྟེ་ཁོང་ཚོ་དང་ལྷན་དུ་ཕ་ཡུལ་དུ་རང་ཉིད་ལ་ འཕྲད་པའི་གནད་དོན་ཁག་དང་གནད་དོན་དེ་དག་ཅི་ ལྟར་སེལ་བའི་ཐོག་བགྲོ་གླེང་བྱས། སློབ་དཔོན་འདི་ དག་དང་ལྷན་དུ་བྱས་པའི་བགྲོ་གླེང་གིས་ཁོ་མོར་སེམས་ ཤུགས་སྤར། “ངས་རང་ཉིད་ཀྱིས་ཕྱོགས་གཉིས་ཀྱི་ ལམ་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པ་རྟོགས་བྱུང་། ཕྱོགས་གཅིག་ནི་སློབ་ཚན་གྱི་ནང་དོན་ངོ་མའི་ཐོག་དང་ ཕྱོགས་གཞན་ཞིག་ནི་རྒྱབ་ལོགས་སུ་ཁུ་སིམ་པོར་བསྡད་

29

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


སྐལ་བཟང་སྐྱིད་ཕྱིར་ཕ་ཡུལ་གཅན་ཚ་རུ་མ་ལོག་ གོང་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་ མཛོད་ཁང་དུ་ཡོད་པ། བོད་ཁུལ་དུ་བུ་མོ་མང་པོས་ཁྱིམ་གྱི་ཞིང་ལས་ལ་ རོགས་བྱེད་དགོས་པས་སློབ་གྲྭ་འགྲིམ་པའི་སྐལ་བ་ མེད།.

དེ་ངའི་སློབ་དཔོན་ཚོའི་སློབ་ཁྲིད་བྱེད་སྟངས་ལ་ལྟད་ མོར་བལྟ་བའི་ཐོག་ནས་སོ།།” སྐལ་བཟང་སྐྱིད་ལ་ལག་བསྟར་སློབ་ཁྲིད་ཀྱི་བྱེད་ སྒོའ་ི ནང་དུ་ཞུགས་རྒྱུའི་གོ་སྐབས་ཐོབ་ཡོད་ལ། དེའི་ ནང་ནས་གཅིག་ནི་བྷི་རེ་ཋིལ་བྷོ་རོ་མཉམ་འབྲེལ་མཐོ་ རིམ་སློབ་གྲྭ་ནས་ཡིན་ཞིང་སློབ་གྲྭ་དེའི་ནང་གི་སློབ་མ་ ཚོས་སྤྱོད་ཆོག་པའི་དཔེ་དེབ་དང་གློག་ཀླད་ཀྱི་གྲངས་ ཀས་ཁོ་མོ་ཧ་ལས་སུ་བཅུག་ཡོད། ཁོ་མོས་བཤད་རྒྱུར། “ང་ཚོའི་སློབ་གྲྭའི་ནང་དུ་དཔེ་མཛོད་ཁང་ཞིག་ཡོད་ མོད། འོན་ཀྱང་། དེ་རྡིབ་གྲབས་ཡོད་པས་ང་ཚོས་དེ་ བེད་སྤྱོད་དེ་འདྲ་མང་བོ་མི་གཏོང་།” ཁོ་མོས་ཕ་ཡུལ་ ནས་གདོང་ལེན་བྱེད་དགོས་པའི་གནད་དོན་ནི་རྨང་ གཞིའི་སྒྲིག་ཆས་ཐབས་ཆག་ཡིན་པ་དེ་ཁོ་ན་མ་རེད། “སྤྱིར་དགེ་རྒན་བྱེད་རྒྱུ་དང་ལྷག་པར་དུ་གྲོང་གསེབ་ཏུ་ དགེ་རྒན་བྱེད་རྒྱུ་ནི་དཀའ་གནད་ཆེ་བའི་དོན་ཞིག་རེད། ང་ཚོར་སློབ་ཁྲིད་ཡོ་ཆས་ཉུང་ཉུང་ཞིག་མ་གཏོགས་ཡོད་ པ་མ་རེད། དེ་དག་ལས་ཀྱང་ཆེས་དཀའ་ངལ་ཆེ་བ་ ནི་རང་ཉིད་ཀྱི་སློབ་ཕྲུག་ལ་ཇི་ལྟར་བྱས་ཏེ་མི་ཡ་རབས་ ཤིག་བྱེད་སྟངས་ཁྲིད་རྒྱུ་དེ་རེད། སློབ་མ་ཚོར་མཁོ་བ་ ནི་ནུས་རྩལ་ཁྲིད་རྒྱུ་དེ་ཁོ་ན་མ་ཡིན་པར། ད་དུང་ཁོང་ ཚོར་ཅི་ལྟར་བྱས་ཏེ་སྦྱོང་དགོས་པ་དང་ཅི་ལྟར་བྱས་ཏེ་ མི་སྡེའི་ཆ་ཤས་ཤིག་ཏུ་འགྱུར་རྒྱུའི་སྐོར་ལ་རོགས་རམ་ བྱེད་རྒྱུ་དེ་རེད།” གཅིག་བྱས་ན་ཁོང་མོས་ཆ་ཚང་ཞིང་རྨང་གཞི་ བརྟན་པའི་སློབ་མ་གསོ་སྐྱོང་བྱེད་འདུན་ཡོད་པས་ཡིན་ རྒྱུ་རེད། གང་ལྟར་ཁོ་མོས་སྔ་ས་ནས་བཟུང་སློབ་ཚན་ ཇུས་འགོད་ཀྱི་ཐོག་ལ་དོ་སྣང་བྱས་སོང་། ཁོ་མོའ་ི སློབ་ དཔོན་ཚོས་རིག་གནས་ཀྱི་ཐོག་ལ་ཅི་ལྟར་ཤུགས་སྣོན་ རྒྱག་དགོས་པ་དང་། ཤེས་བྱ་གསར་པ་གང་ཞིག་ཡིན་ རུང་སློབ་མའི་ཉམས་མྱོང་དང་ཁོར་ཡུག་དང་འབྲེལ་ དགོས་པའི་གལ་ཆེན་རང་བཞིན་བསྟན་པ་བཅས་ ཀྱིས་ཁོ་མོར་སྙིང་སྟོབས་བསྩལ། ཁོ་མོས་བཤད་རྒྱུར། “སློབ་དེབ་ནི་ལག་ཆ་ཙམ་རེད། དེས་ཡོད་ཚད་ཀྱི་ ཚབ་བྱེད་མི་ཐུབ།” དེ་ལས་ཀྱང་གལ་ཆེ་བ་ནི། ཁོ་ མོ་དགེ་སློབ་ཀྱི་འབྲེལ་བར་ཡོད་ཆེས་ཡོད་ལ་དགེ་རྒན་ ལ་སློབ་ཚན་དེ་སློབ་མའི་མི་ཚེ་དང་འབྲེལ་བ་ཡོད་པར་

བཟོ་ཐུབ་པའི་ནུས་པར་ཡིད་ཆེས་ཡོད། སྐལ་བཟང་སྐྱིད་ཧ་ཅང་མགྱོགས་པོའ་ི སྒོ་ནས་ཡར་ རྒྱས་སུ་ཕྱིན་སོང་། ཁོ་མོས་སྔོན་ཆད་གློག་ཀླད་རྩ་བ་ ཉིད་ནས་སྤྱད་མྱོང་མེད་ནའང་ཁོ་མོའ ་ི སློབ་ཚན་གྱི་ དམིགས་ཚད་ཡིན་ན་ཁོ་མོས་གཟའ་འཁོར་རེར་གློག་ ཀླད་དུ་གཏགས་པའི་ལས་བྱ་ཡར་སྤྲོད་དགོས། ནུས་ རྩལ་འདི་ལའང་ཁོ་མོ་མི་འགྱངས་པར་བྱང་ཆུབ་པར་ གྱུར་བ་དང་ཆབས་ཅིག་ཁོ་མོའ་ི རྩོམ་འབྲིའི་ནུས་པའང་ མཐོར་འདེགས་ཆེན་པོ་བྱུང་། ༢༠༡༠ལོར་སྐལ་བཟང་ སྐྱིད་ཀྱིས་སློབ་མཐར་ཕྱིན་སྐབས། དེ་སྔོན་སློབ་བསྡུའི་ སྐབས་སུ་ཁོ་མོས་སློབ་གྲོགས་ཚོའི་རྗེས་ཆོད་མིན་ཐད་ སེམས་ཁུར་ཡོད་པའི་སློབ་བསྡུའི་སློབ་སྟོན་པ་དེ་ཆེད་ དུ་ཕེབས་ཏེ་ཁོ་མོ་ལ་ཁོ་མོ་དཀའ་ངལ་ཚང་མ་ལས་རྣམ་ པར་རྒྱལ་སོང་ལ་ཁོ་མོ་ནི་ཁོང་ཚོའི་འཛིན་གྲྭའི་ནང་ གི་སློབ་མ་ལེགས་ཤོས་ཀྱི་གྲས་སུ་བགྲངས་ཡོད་ཅེས་ གསུངས། མ་འོངས་པར་ཁོ་མོའ་ི ཞབས་རྗེས་སུ་འགྲངས་ངེས་ པའི་དགེ་རྒན་ཚོར་དམིགས་ཏེ་ཁོ་མོས་བཤད་རྒྱུར། “ཁྱེད་རང་རིག་གནས་མི་འདྲ་བའི་ཁོར་ཡུག་ཅིག་ཏུ་ སྡོད་དུས་དཀའ་ངལ་འདྲ་ཡོད་མོད། འོན་ཀྱང་། ཚང་ མ་མི་ཡིན་པ་གཅིག་མཚུངས་རེད། ངོ་ཚ་བའམ་ཡང་ ན་ནོར་འཁྲུལ་བཟོ་བར་ཞེད་སྣང་སྐྱེ་དགོས་མ་རེད། ཁྱེད་རང་གི་སེམས་སུ་ཅི་ཞིག་ཡོད་ན་ཁ་གདང་ནས་ ཤོད་དང་། རང་ཉིད་ཀྱི་སྡོད་ཤག་ལས་ཕྱིར་བུད་ནས་ཕྱི་ ལོགས་སུ་སོང་ནས་བྱ་དངོས་ཚང་མ་ཉམས་སུ་མྱོང་དང་། དེར་ཡང་སློབ་སྦྱོང་བྱེད་རྒྱུ་ཡོད།” “གཞི་རིམ་གྱི་དགེ་རྒན་རྣམས་ལ་སྦྱོང་བརྡར་གྱི་གོ་ སྐབས་མང་བོ་ངེས་པར་དུ་དགོས། གཞི་རིམ་དུ་ཡོད་ པའི་དགེ་རྒན་རྣམས་ལ་ཁོང་ཚོ་སྡོད་སའི་མི་སྡེའི་ནང་ དུ་མཐའ་ན་འགྱུར་བ་ཆུང་ཆུང་ཞིག་གཏོང་བར་ཡང་གོ་ སྐབས་འདི་ལྟ་བུ་དངོས་གནས་དགོས།” ཞེས་ཁོ་མོས་ རང་ཉིད་ཨ་རིར་སྡོད་རིང་གི་དུས་ཡུན་ལ་ཕྱིར་དྲན་ བྱེད་བཞིན་མུ་མཐུད་དུ་བཤད་རྒྱུར། “ངའི་མཐོང་ཐོས་ ཅི་ཙམ་མང་དུ་སོང་ན་ངས་སློབ་གསོའ་ི གལ་ཆེན་རང་ བཞིན་དེ་ཙམ་མང་དུ་རྟོགས།”

སྤྱི་ཟླ་བདུན་པའི་ཚེས་༡ཉིན་སྐལ་བཟང་སྐྱིད་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག་སྟེ་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་ནས་ ཐེངས་དང་པོར་རང་ཉིད་ཀྱི་ཁྱོ་ག་དང་ཕྲུ་གུ་མཉམ་དུ་ལྷན་འཛོམས་བྱུང་། འདི་ལོའ་ི སྟོན་ཁ་ཁོ་མོས་གཅན་ཚ་རྫོང་ མི་རིགས་སློབ་འབྲིང་དུ་རང་ཉིད་ཀྱི་དེ་སྔའི་ཕུལ་དུ་བྱུང་བའི་དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭའི་དགེ་རྒན་གྱི་ལས་ འགན་ཕྱིར་ལེན་རྒྱུ་རེད།

www.trace.org/Trace_Tibetan/KelsangKyi.html ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཁྱབ་བསྒྲགས།

ཤུགས་སྣོན་དངོས་སྦྱོང་ལས་གཞི།

ཀུན་ཕན་ཐེབས་རྩ་ཚོགས་པས་ཉེ་ཆར་ཀྲུང་གོའ་ི བོད་ཁུལ་ནས་ཕེབས་པའི་འབུར་དུ་ཐོན་པའི་མི་ སྣ་རྣམས་ལ་རང་ཉིད་ཀྱི་སློབ་སྦྱོང་དང་མདུན་ལམ་གཉིས་ཐད་ནས་མདུན་སྐྱོད་བྱེད་པའི་གོ་སྐབས་ ༷ ི་ཞེས་པ་ཞིག་འགོ་བརྩམས་ཡོད། ལོ་ངོ་ གསར་པ་ཞིག་སྤྲོད་ཆེད། ཤུགས་སྣོན་དངོས་སྦྱོང་ལས་གཞ གཅིག་གི་རིང་ལ་དབྱིན་ཡིག་འཛིན་གྲྭར་ཞུགས་པ་དང་དེའི་ཤེས་བྱ་ལག་ལེན་དུ་འབེབས་པའི་གོ་ སྐབས་བཅས་ཚུད་པའི་ལས་གཞི་འདི་ནི། འབུར་དུ་ཐོན་པའི་མི་སྣ་ཚོས་ཨ་རིའི་ནང་དུ་འཚོ་བ་སྐྱེལ་ བ་དང་དབྱིན་ཡིག་སློབ་པའི་ཉམས་མྱོང་གསོག་པར་དམིགས་པ་ཞིག་ཡིན། དངོས་སྦྱོང་འདི་གྲོང་ཁྱེར་ ནེའུ་ཡོག་ཏུ་རྟེན་གཞི་བྱས་པ་ཡིན་ལ་དུས་ཡུན་ལོ་གཅིག་གི་རིང་ཡིན། ལས་གཞི་གསར་པ་འདི་ལམ་ལྷོངས་ཡོང་བར་ཁག་ཐེག་བྱ་ཆེད་ང་ཚོར་ང་ཚོའི་མཐའ་འཁོར་གྱི་ མང་ཚོགས་ཀྱི་རྒྱབ་སྐྱོར་དང་མཉམ་ཞུགས་དགོས་པ་ཡིན། ང་ཚོས་བལྟས་ན་ང་ཚོའི་འབུར་དུ་ཐོན་ པའི་མི་སྣ་རྣམས་བདམས་རྗེས། ཁོང་ཚོ་རིག་གནས་གསར་པ་ཞིག་གི་ནང་དུ་ཡོངས་སུ་སིམ་སྟེ་དེའི་ སྐད་ཡིག་སྦྱོང་བའི་ཐབས་ལམ་ལེགས་ཤོས་ནི། ཁོང་ཚོ་གྲོང་ཁྱེར་ནེའུ་ཡོག་ནང་གི་མགྲོན་བདག་ཁྱིམ་ ཚང་རེ་རེའི་ཁྱིམ་དུ་འདུག་ཏུ་འཇུག་རྒྱུ་དེ་རེད་སྙམ། འདུག་པའི་དུས་ཡུན་ཡང་ཁོང་ཚོ་འདིར་སྡོད་ རིང་གི་དུས་ཡུན་གྱི་ཆ་ཤས་ཀྱི་རིང་ཡིན་ཆོག་ལ་དུས་ཡུན་ཧྲིལ་བོར་ཡང་ཡིན་ཆོག ང་ཚོས་ང་ཚོའི་དངོས་སྦྱོང་མཁན་ཚོ་བདེ་འཇགས་ཡིན་ཞིང་རྒྱབ་སྐྱོར་བྱེད་སེམས་ཡོད་པ། རིག་ གནས་ཀྱི་ཐོག་ནས་ཚོར་བ་སྐྱེན་པའི་ཁྱིམ་ཚང་རེར་ཁ་གཏུགས་འདོད་ཡོད་ལ། ཁྱིམ་ཚང་འདི་དག་ གིས་ཁོང་ཚོར་དབྱིན་སྐད་བེད་སྤྱོད་ཀྱི་གོ་སྐབས་བླ་ན་མེད་པ་ཞིག་སྤྲོད་ངེས་ཡིན་ཏེ། རྒྱུ་མཚན་ནི་ ཁྱིམ་ཚང་འདི་དག་ཏུ་བཤད་བཞིན་པ་ནི་དབྱིན་སྐད་ཁོ་ན་ཡིན་པས་སོ།། འདི་ལྟར་བྱས་པ་ཡིན་ན་ དངོས་སྦྱོང་མཁན་ཚོས་ཉིན་རེར་ཨ་མེ་རི་ཁའི་ཟ་མ་བཟའ་བ་དང་ས་གནས་ཀྱི་བྱེད་སྒོ་ཁག་ལ་ཞུགས་ པ། དེ་བཞིན་ཨ་རི་བའི་ཁྱིམ་ཚང་ཞིག་གི་ཉིན་ཧྲིལ་བོའ ་ི བཟའ་བཏུང་སྤྱོད་གསུམ་དང་འབྲེལ་འདྲིེས་ བྱེད་པ་ཡིན་པས། འདི་ནི་ཁོང་ཚོར་མཚོན་ན་ཨ་མེ་རི་ཁའི་རིག་གནས་ཐད་ཀར་ཉམས་སུ་མྱོང་བའི་ གོ་སྐབས་ཤིག་ཀྱང་རེད། འདི་ནི་དངོས་སྦྱོང་མཁན་ཚོར་མཚོན་ན་ཁེ་གཉེར་མ་ཡིན་པའི་སྒྲིག་བཀོད་ ཅིག་གི་ཉམས་མྱོང་གསོན་པོ་ཐོབ་པའི་གོ་སྐབས་ཤིག་ཡིན་ལ། ཉམས་མྱོང་འདིས་ཁོང་ཚོའི་མདུན་ ལམ་ཡར་རྒྱས་དང་ལྟ་བ་རྒྱ་སྐྱེད་དུ་གཏོང་བར་ཕན་ངེས་ཅན་ཐོགས་ངེས། འདི་ནི་དངོས་སྦྱོང་མཁན་ཚོར་གོ་སྐབས་རྩ་ཆེན་ཞིག་ཡིན་པ་མ་ཟད་མགྲོན་བདག་ཚོ་ལ་མཚོན་ ནའང་གོ་སྐབས་རྩ་ཆེན་ཞིག་རེད། གལ་སྲིད་ཁྱེད་རང་གིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་ འདོད་ཡོད་ཚེ། འདི་ནི་ཁྱེད་ཀྱི་ཁྱིམ་མི་ཚོ་བོད་པ་དངོས་སྦྱོང་མཁན་ཞིག་དང་འཚོ་བ་མཉམ་རོལ་ བྱས་ཏེ་ཁྱིམ་མིའི་འཚོ་བར་བྲོ་བ་གསར་པ་སྣོན་པའི་གོ་སྐབས་བླ་ན་མེད་པ་ཞིག་ཡིན། འདིས་ཁྱེད་ལ་ དངོས་སྦྱོང་མཁན་ཞིག་ལ་ཨ་རི་བའི་རིག་གནས་དང་རིན་ཐང་ལྟ་བ་བཅས་ཁྲིད་པའི་གོ་སྐབས་སྤྲོད་ པ་དང་ཆབས་ཅིག ཁྱེད་ཀྱིས་ཀྱང་ཁོང་ཚོའི་རྒྱབ་ལྗོངས་ལོ་རྒྱུས་དང་རིག་གནས། ཆོས་དད་བཅས་ཀྱི་ སྐོར་སྦྱོང་བའི་གོ་སྐབས་ཀྱང་སྤྲོད་པ་ཡིན། ཁྱེད་ཀྱིས་ཕྱི་རྒྱལ་གྱི་རིག་གནས་ཤིག་ལ་རྒྱུས་ལོན་བྱེད་པ་ དང་ཆབས་ཅིག ཁྱེད་ཀྱིས་རང་ཉིད་ཀྱི་རིག་གནས་ལ་མིག་ཟུང་གསར་པ་ཞིག་བརྒྱུད་ནས་བལྟ་བའི་ མྱོང་བ་ཕུན་སུམ་ཚོགས་པ་ཞིག་ཐོབ་ངེས། འདི་ལྟ་བུའི་བརྗེ་རེས་ཀྱི་བྱེད་སྒོ་ནི་འཛུལ་ཞུགས་པ་ཡོངས་ ལ་མཚོན་ན་དོན་སྙིང་ཡོད་པ་ཞིག་ཡིན་ཞིང་འདིས་མི་ཚེ་གཅིག་གི་རིང་ལ་གནས་ཐུབ་པའི་མཛའ་ འབྲེལ་བཟོ་ཐུབ་ངེས། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

31


བ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ། 海西蒙古族藏族自治州

Tsolho མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། 海南藏族自治州

Malho

Matö

རྨ་སྟོད་རྫོང་། 玛多县

黄南藏族自治州

Machen

རྨ་ཆེན་རྫོང་།

Machen

玛沁县

hu ས་རང་སྐྱོང་ཁུལ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།

ལོ་རྒྱུས་སྙིང་བསྡུས། • འཇིགས་མེད་རྒྱལ་མཚན། TYC, QVP

Gadé

དགའ་བདེ་རྫོང་། 甘德县

自治州

Qinghai Province, Golok Prefecture མགོ་ལོག་བོད་རིགས་རང་སྐྱོང་ཁུལ། 果洛藏族自治州

Dariak

久治县

达日县

班玛县

“སྤྱི ་ ལོ ་ ༡༩༩༤ལོ ར ། བོ ད ་ཀྱི ་ རི ག ་གནས་དང་ སློ བ ་གསོ ་ གོ ང ་སྤེ ལ ་དུ་གཏོ ང ་ཆེ ད ་བདག་གི ས ་ འཇི ག ས་མེ ད ་རྒྱལ་མཚན་མི ་ རི ག ས་ལག་རྩལ་ སློ བ ་གྲྭ་ཞེ ས ་པ་འདི ་ བཙུགས་པ་ཡི ན །” ཞེ ས ་ ཁོ ང ་གི ས ་རང་ཉི ན ་གྲྭ་བཙུན་ཞི ག ་ཡི ན ་པའི ་ ཆ་ ནས་འཇི ག ་རྟེ ན ་པའི ་ སློ བ ་གྲྭ་ཞི ག ་གི ་ སློ བ ་སྤྱི ་ གནང་བའི ་ འགན་འཁྲི འ ི ་ སྐོ ར ་འགྲེ ལ ་བཤད་རྒྱག་ དོ ན ། “སྤྱི ར ་ང་རང་གྲྭ་བཙུན་ཞི ག ་ཡི ན ་པའི ་ ཆ་ ནས་དགོ ན ་པའི ་ ནང་གི ་ འཆད་ཉན་སྟེ ང ་དུ་བློ ་ རྩེ ་ གཏོ ད ་དགོ ས ་པ་དང་འབྲེ ལ ་ཡོ ད ་བཅའ་ཡི ག ་ བཅས་ཁྲི མ ས་ལ་བརྩི ་ སྲུང་བྱེ ད ་དགོ ས ་པ་རེ ད ། ང་རང་གི ས ་སྒྲུབ་སྦྱོ ང ་བྱེ ད ་ཐུབ་ན་རབས་རེ ད ། གལ་སྲི ད ་དེ ་ མ་ཐུབ་ན། ང་རང་གྲྭ་བཙུན་ཞི ག ་ ཡི ན ་པའི ་ ཆ་ནས་གཞན་ཕན་གྱི ་ བྱ་བ་དང་དུ་ལེ ན ་ དགོ ས ་པ་རེ ད །” བོ ད ་ཀྱི ་ སྤྱི ་ ཚོ ག ས་ལ་འཕྲད་བཞི ན ་པའི ་ གནད་ དོ ན ་མང་བོ ་ ཞི ག ་ཡོ ད ་པ་ལས། འཇི ག ས་མེ ད ་ རྒྱལ་མཚན་གྱི ས ་སློ བ ་གསོ འ ི་ ཐོ ག ་ཏུ་ཤུགས་སྣོ ན ་ རྒྱག་རྒྱུ་ཐག་གི ས ་བཅད་ཅི ང ་། དེ ་ ཡང་ཁོ ང ་གི ་ ཀུན་ཕན་གཏམ་གསར།

Chikdril

གཅིག་སྒྲིལ་རྫོང་།

འཇིགས་མེད་རྒྱལ་མཚན་ནི་མཚོ་སྔོན་ཞིང་ཆེན་ར་རྒྱ་དགོན་པའི་གྲྭ་བཙུན་ Pema རྒན་པ་ཞིག་དང་སློ བ་གསོ་པ་ཞིག་ཡིན་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱུན་ པད་མ་རྫོང་། རིང་གི་མཉམ་འབྲེལ་ལས་རོགས་ཀྱང་ཡིན། ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་ S ICHUAN ང་ཚོས་ལྷན་དུ་སློབ་གསོ་དང་ཡར་རྒྱས་ལ་སྐུལ་འདེ ད་གཏོང་བའི་ལས་གཞི་མང་ PROVINCE བོ་བསྒྲུབས་ཡོད། སྤྱི་ལོ་༢༠༠༠ལོར། ང་ཚོས་བོད་ཀྱི་འབྲོག་པའི་ནོར་ཕྱུགས་ ཀྱི་སྤུས་ལེགས་འོ་མ་ལས་ཡོ་རོབ་གླིང་གི་ལུགས་སྲོལ་གྱི་ཕྱུར་བ་ཐོན་སྐྱེད་བྱ་ཆེད། བོད་ཀྱི་ནོར་ཕྱུར་ལས་གཞི་སྤེལ་བ་ཡིན། ནོར་ཕྱུར་ཕྱིར་འཚོང་གི་ཁེ་སྤོགས་ ཀྱིས་འབྲོག་པ་རྣམས་ལ་དཔལ་འབྱོར་ཐོན་ཁུངས་བསྐྲུན་ཡོད་པ་མ་ཟད། ཁེ་ སྤོགས་འདིས་འཇིགས་མེད་རྒྱལ་མཚན་སྐུ་ཉིད་ཀྱིས་བཙུགས་པའི་སློབ་གྲྭ་གཉིས་ ཏེ། འཇིགས་མེད་རྒྱལ་མཚན་མི་རིགས་ལག་རྩལ་སློབ་གྲྭ་(༡༩༩༤)དང་རྩྭ་ཐང་བུ་ མོའ ་ི འཇོན་ཐང་སློབ་གྲྭ་(༢༠༠༥)གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ༢༠༡༠ལོའ ་ི སྤྱི་ ཟླ་༥བའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ཚོགས་པའི་”ཧི་མ་ལ་ཡའི་རི་རྒྱུད་ ཀྱི་ས་གནས་ཤེས་བྱ་དང་ཡུན་གནས་ཡར་རྒྱས”ཞེས་པའི་ཉིན་གཉིས་ཅན་གྱི་ཚོགས་ འདུ་གྲོལ་རྗེས་འཇིགས་མེད་རྒྱལ་མཚན་དང་ལྷན་དུ་གླེང་མོལ་ཐུང་ངུ་ཞིག་ བྱས་པ་ཡིན

དར་ལག་རྫོང་། དར་རི་རྫོང་།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

ཐུགས་སུ”མི ་ རི ག ས་དང་ས་ཁུལ། ཡང་ན་རྒྱལ་ ཁབ་གང་ཞི ག ་ཡི ན ་ནའང་དེ འ ི ་ ཡར་རྒྱས་ཀྱི ་ རྨང་ གཞི ་ ནི ་ སློ བ ་གསོ ་ ལ་བརྟེ ན ་ཡོ ད ་པར”ཡི ད ་ཆེ ས ་ བྱེ ད ་ཀྱི ་ ཡོ ད ་པས་སོ ། ། ཁོ ང ་གི ས ་སློ བ ་གསོ ་ ལ་ བརྟེ ན ་ནས་སྤྱི ་ ཚོ ག ས་དང་དཔལ་འབྱོ ར ་ཡར་ རྒྱས་སུ་གཏོ ང ་བའི ་ ཆོ ད ་སེ མ ས་ནི ་ གཙང་མ་ཡི ན ་ ཏེ ། དགོ ན ་པའི ་ ལྕགས་རའི ་ ནང་དུ་བུད་མེ ད ་ལ་ སློ བ ་སྦྱོ ང ་སྤྲོ ད ་མི ་ ཐུབ་རྐྱེ ན ། སྤྱི ་ ལོ ་ ༢༠༠༥ལོ ར ་ ཁོ ང ་གི ས ་སློ བ ་གྲྭ་གཉི ས ་པ་སྟེ ། “རྩྭ་ཐང་བུ་མོ འ ི་ འཇོ ན ་ཐང་སློ བ ་གྲྭ”ཞེ ས ་པའི ་ བུ་མོ ་ ལ་ཆེ ད ་དུ་ དམི ག ས་པའི ་ སློ བ ་གྲྭ་ཞི ག ་བཙུགས། འདི ་ ཐད་ ལ་ཁོ ང ་གི ས ་གསུང་རྒྱུར། “བུ་མོ འ ི་ སློ བ ་གསོ ་ ནི ་ ཨ་མའི ་ སློ བ ་གསོ ་ ཡི ན ་ལ་ཨ་མའི ་ སློ བ ་གསོ ་ ནི ་ འགྲོ ་ བ་མི འ ི ་ རི ག ས་ཡོ ང ས་ཀྱི ་ རྨང་གཞི འ ི ་ སློ བ ་ གསོ ་ ཡི ན །” འཇི ག ས་མེ ད ་རྒྱལ་མཚན་གྱི ་ སློ བ ་གསོ ་ སྒོ ་ འབྱེ ད ་ཐད་ཀྱི ་ འབད་བརྩོ ན ་དེ ་ ཁོ ང ་གི ་ སློ བ ་ མའི ་ གྲུབ་སྟངས་ལས་ཀྱང་མཐོ ང ་ཐུབ་སྟེ ། སྤྱི ར ་ འཇི ག ས་མེ ད ་རྒྱལ་མཚན་ལག་རྩལ་སློ བ ་གྲྭ་ནི ་

དགོ ན ་པའི ་ སྒྲི ག ་རྣམ་པ་ཡི ན ་ནའང་། ཁོ ང ་ ཚོ ས ་ནང་དུ་མི ་ སྐྱ་སློ བ ་མ་བསྡུ་ཡི ་ ཡོ ད ་ལ་མི ་ སྐྱ་ སློ བ ་མས་སློ བ ་མ་སྤྱི འ ི ་ མི ་ འབོ ར ་གྱི ་ ཆ་ཤས་ཆེ ན ་ པོ ་ ཟི ན ་ཡོ ད ། མི ་ སྐྱ་སློ བ ་མ་དང་གྲྭ་བཙུན་སློ བ ་ མ་གཉི ས ་ལ་མཚོ ན ་ན་འཇི ག ས་མེ ད ་རྒྱལ་མཚན་ ལག་རྩལ་སློ བ ་གྲྭའམ་རྩྭ་ཐང་བུ་མོ འ ི་ འཇོ ན ་ཐང་ སློ བ ་གྲྭ་གཉི ས ་གང་དུ་སློ བ ་གསོ ་ ཐོ བ ་ཀྱང་དེ ་ ནི ་ བོ ད ་ཀྱི ་ སྲོ ལ ་རྒྱུན་རི ག ་གནས་གཅི ག ་པུ་མ་ཡི ན ་ པར། འཇི ག ས་མེ ད ་རྒྱལ་མཚན་ཁོ ང ་གི ་ འབོ ད ་ སྟངས་ལྟར་གྱི ” དུས་རབས་གསར་པ་འདི འ ི ་ རི ག ་ གནས་ཤེ ས ་བྱ”ཡང་སྦྱོ ང ་བའི ་ གོ ་ སྐབས་བླ་ན་མེ ད ་ པ་ཞི ག ་རེ ད ། དུས་རབས་མང་བོ ་ བརྒལ་བའི ་ སངས་རྒྱས་ཆོ ས ་ལུགས་ཀྱི ་ རྟགས་གསལ་གྱི ་ རི ག ས་ ལམ་སྤྱད་ནས་དེ ང ་རབས་ཀྱི ་ སློ བ ་ཚན་ཁྲི ད ་ཡོ ང ་ དུས། སློ བ ་གྲྭ་འདི ་ གཉི ས ་སུ་སྲོ ལ ་རྒྱུན་དེ ་ དེ ང ་ རབས་དང་ཁ་ཐག་རི ང ་བ་ཞི ག ་ཡེ ་ ནས་མ་རེ ད ། བོ ད ་ཀྱི ་ ནོ ར ་ཕྱུར་ལས་གཞི ས ་གསལ་སྟོ ན ་བྱས་ པའི ་ རྙི ང ་བ་དང་གསར་བའི ་ མཉམ་བསྲེ ས ་དང་ ས་གནས་དང་འཛམ་གླི ང ་མཉམ་བསྲེ ས ་ཀྱི ས ་


འཇི ག ས་མེ ད ་རྒྱལ་མཚན་གྱི ་ འབད་བརྩོ ན ་གྱི ་ རྨང་གཞི ་ བྱས་ཡོ ད ་དེ ། ཁོ ང ་གི ས ་སྙེ ག ་བཞི ན ་པ་ ནི ” སྲོ ལ ་རྒྱུན་དང་དེ ང ་རབས་རི ག ་གནས་མཉམ་ སྦྲེ ལ ་བྱས་ཏེ ་ དེ ་ གཉི ས ་མཉམ་དུ་དར་སྤེ ལ ་གཏོ ང ་ བའི ་ ཐབས་ལམ”ཞི ག ་བསྐྲུན་རྒྱུ་དེ འ ོ ། ། ས་ཁུལ་ གྱི ་ རི ག ་གནས་ཀྱི ་ རྒྱུ་ནོ ར ་དང་དངོ ས ་པོ འ ི་ རྒྱུ་ནོ ར ་ གཉི ས ་སྲུང་འཛི ན ་བྱེ ད ་པ་བརྒྱུད། འཇི ག ས་མེ ད ་ རྒྱལ་མཚན་གྱི ས ་བོ ད ་ཀྱི ་ སྤྱི ་ ཚོ ག ས་ལ་རི ག ་གནས་ སྤྱི ་ ཚོ ག སག་དང་ཁོ ར ་ཡུག་གི ་ རང་གཞི ས ་དང་ མཐུན་པའི ་ སྒོ ་ ནས་དར་རྒྱས་སུ་འགྲོ ་ བའི ་ ལམ་བུ་ ཞི ག ་འཚོ ལ ་རོ ག ས་བྱེ ད ་པར་འབད་བཞི ན ་ཡོ ད ། ཡི ན ་ན་ཡང་། གོ ་ ལ་ཧྲི ལ ་བོ འ ི་ ཁྲོ མ ་རར་ གདོ ང ་གཏད་པའི ་ སྤྱི ་ ཚོ ག ས་ཆུང་ཆུང་འདི ་ ཡར་ རྒྱས་ཀྱི ་ ལམ་དུ་འགྲོ ་ བར་ད་རུང་ཡང་དཀའ་ངལ་ མང་བོ ་ ཡོ ད ། “དེ ང ་སང་བོ ད ་དུ་ཁྱི མ ་ཚང་མང་ ཆེ ་ བས་སོ ་ སོ འ ི་ ཚོ ང ་ལས་དོ ་ དམ་བྱེ ད ་བཞི ན ་ཡོ ད ་ ལ”ཞེ ས ་འཇི ག ས་མེ ད ་རྒྱལ་མཚན་གྱི ས ་འགྲེ ལ ་ བཤད་གནང་དོ ན ། “འདི འ ི ་ ཐད་ནས་ཞི ང ་པ་ ཞི ག ་ལ་མཚོ ན ་ན་རང་ཉི ད ་ཀྱི ས ་རང་ཉི ད ་ཀྱི ་ ས་

ཞི ང ་ལེ བ ་མོ ་ དེ ར ་རྨོ ་ འདེ བ ས་བྱེ ད ་པ་དང་དེ ་ ནས་ རང་ཉི ད ་ཀྱི ་ ནས་བཙོ ང ་གི ་ ཡོ ད ། རྒྱུ་མཚན་དེ འ ི ་ དབང་གི ས ་ཁྱི མ ་ཚང་རེ ་ ལ་ཚོ ང ་པ་རེ ་ དགོ ས ་པ་ ཡི ན ་པས་དོ ན ་དག་ཡག་པོ ་ ཞི ག ་འགྲུབ་རྒྱུ་ཧ་ཅང་ དཀའ་མོ ་ རེ ད །” གནད་དོ ན ་འདི ་ ལ་གཞི ག ས་ ནས་སྤྱི ་ ལོ ་ ༢༠༠༩ལོ ར ། ཁོ ང ་གི ས ་ཕྱུགས་རི ག ས་ འཚོ ་ སྐྱོ ང ་བའི ་ མཉམ་ལས་རུ་ཁག་དར་སྤེ ལ ་ གཏོ ང ་ཆེ ད ་གངས་ལྗོ ང ས་ཕྱུགས་ཟོ ག ་གསོ ་ སྤེ ལ ་ ཡར་རྒྱས་མཐུན་ཚོ ག ས་ཞེ ས ་པ་བཙུགས། མཉམ་ ལས་རུ་ཁག་འདི ་ ཚོ ས ་ས་གནས་རི ག ་གནས་ བསྐྱར་གསོ ་ དང་སྲུང་སྐྱོ བ ་བྱེ ད ་པའི ་ ལམ་བུར་བུད་ ནས་ས་གནས་ཐོ ན ་རྫས་དར་སྤེ ལ ་དང་སྐུལ་འདེ ད ་ གཏོ ང ་བའི ་ ལས་ཀ་ནུས་ལྡན་ངང་སྒྲུབ་ཀྱི ་ ཡོ ད ། མི ་ སྒེ ར ་པ་འདི ་ དག་མཉམ་རུབ་བྱས་པའི ་ རྐྱེ ན ་ གྱི ས ་ཁོ ང ་ཚོ ས ་རྒྱ་ཆེ ་ ཞི ང ་ཐག་རི ང ་བའི ་ ཁྲོ མ ་རར་ ལག་པ་འཆང་ཐུབ་པ་བྱུང་ཞི ང ་། འདི ས ་ཁོ ང ་ཚོ ར ་དཔལ་འབྱོ ར ་ཐོ ག ་གི ་ བརྟན་ བརླི ང ་དང་ཕུགས་ཡུན་རི ང ་བའི ་ ཡར་རྒྱས་ཀྱི ་ གོ ་ སྐབས་བསྐྲུན་ཡོ ད །

འཇི ག ས་མེ ད ་རྒྱལ་མཚན་གྱི ས ་ཡི ད ་ཆེ ས ་བྱེ ད ་ དོ ན ། དེ ་ ལྟར་མཐར་ཐུག་ས་གནས་ས་ཐོ ག ་དང་ ས་གནས་སྤྱི ་ ཚོ ག ས་ནས་རྩ་བ་འབུས་པའི ་ འབྲོ ག ་ པའི ་ རུ་ཁག་ཆུང་ཆུང་འདི ་ དག་ལ་མ་འོ ང ས་བོ ད ་ ཁུལ་ཡར་རྒྱས་ཐད་ཕན་ནུས་རླབས་ཆེ ན ་ལྡན་ ངེ ས ། “སྤྱི ར ་ཡར་རྒྱས་ཉི ་ ཚེ ་ བ་རེ ་ དུས་དང་དུས་ སུ་འབྱུང་སྲི ད ་མོ ད ། འོ ན ་ཀྱང་། ཡར་རྒྱས་དེ ་ ཕུགས་རྒྱང་རི ང ་བ་དང་དུས་རྟག་ཏུ་ཕན་པ་ཡོ ད ་ པ་ཞི ག ་ཡི ན ་རྒྱུ་ནི ་ཤི ན ་ཏུ་ནས་གལ་ཆེ ། ང་ཚོ ་ བོ ད ་པ་ཚོ འ ི ་ ལྟ་སྟངས་ཀྱི ་ ངོ ས ་ནས་བཤད་ན”ཞེ ས ་ ཁོ ང ་གི ས ་འགྲེ ལ ་བཤད་རྒྱག་དོ ན ། “ང་ཚོ འ ི ་ བསམ་བློ ་ གཏོ ང ་སྟངས་དང་ཆོ ས ་ལུགས་ཀྱི ་ དད་ མོ ས ་ཀྱི ་ ཐོ ག ་ནས་བཤད་ན། ང་ཚོ ས ་འདས་པའི ་ ནང་དུ་སྐྱེ ་ བ་རྫོ ག ས་མེ ད ་ཅི ག ་བླངས་མྱོ ང ་ལ་མ་ འོ ང ས་པར་སངས་རྒྱས་ཀྱི ་ གོ ་ འཕང་མ་ཐོ བ ་བར་ དུ་ད་དུང་སྐྱེ ་ བ་རྫོ ག ས་མེ ད ་ཅི ག ་ལེ ན ་རྒྱུ་ཡི ན ་ ངེ ས ་པས། ང་ཚོ ས ་འཆར་གཞི ་ ཡོ ད ་ཚད་བསམ་ བློ འ ི་ འཁྱེ ར ་ཕྱོ ག ས་དེ ་ ལྟ་བུའི ་ འོ ག ་ནས་འདི ང ་གི ་ ཡོ ད །”

ས་གནས་ཀྱི ་ཤེ ས ་བྱ་དང་རྒྱུན་སྐྱོ ང ་གི ་ ཡར་རྒྱས་སྐོ ར ་ལ་ཤེ ས ་འདོ ད ་ཡོ ད ་ན། ༼བདེ ་ སྐྱི ད ་ནི ་ ཡར་རྒྱས་ཀྱི ་ ཚད་འཛི ན ་ས་གཙོ ་ བོ ར ་བྱེ ད ་དགོ ས །༽ཅེ ས ་པའི ་ རྩོ མ ་ཡི ག ་དེ ་ ཕབ་ལེ ན ་བྱོ ས །

33

www.trace.org/downloads/REPORT_R005b.pdf

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཕ་སྐད་གླིང།

Jeremy Burke ནས།

ཕ་སྐད་གླིང་ནི་ཀུན་ཕན་ཐེབས་རྩ་ཚོགས་པས་ལ་རྩེ་དཔེ་མཛོད་ཁང་དུ་བཙུགས་པའི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་མིང་ཡིན། འཛིན་གྲྭ་འདི་གཟའ་འཁོར་རེའི་གཟའ་སྤེན་པའི་ཞོགས་པར་ཚོགས་ཀྱི་ཡོད་ལ། འཛིན་གྲྭའི་སྟེང་དུ་བོད་ཡིག་འབྲི་བ་དང་བརྡ་ སྤྲོད། དག་ཡིག་དང་རིག་གནས་བཅས་འཁྲིད་ཀྱི་ཡོད། འཛིན་གྲྭ་ནི་རིན་མེད་ཡིན་ལ་མང་ཚོགས་ཡོངས་ལ་སྒོ་ཕྱེས་ཡོད། གནས་ ཚུལ་མང་བོར་རྒྱུས་ལོན་བྱེད་འདོད་ན་ང་ཚོའི་དྲ་ཚིགས་སུ་གཟིགས་སྐོར་དུ་ཕེབས་ན་ཆོག་ལ་དྲ་འཕྲིན་ཁ་བྱང་ info@latse.orgའདི་བརྒྱུད་ནས་ང་ཚོར་འབྲེལ་གཏུགས་བྱས་ཀྱང་ཆོག འཛིན་གྲྭ་འདི་དང་མིང་མཐུན་ཡིན་པའི་ལེ་ཚན་ཞིག་དུས་ཚིགས་རེ་རེའི་འདོན་ཐེངས་སྟེང་དུ་མུ་འགོད་བྱ་རྒྱུ་ཡིན་ལ། ལེ་ཚན་ དེའི་ནང་དུ་བོད་ཡིག་གི་མིང་ཚིག་གམ་ཚིག་དུམ་གསར་བ་རེའི་ནང་དོན་ལ་འགྲེལ་བཤད་དང་། རོལ་མོ་བ་མཁས་ཅན་དང་ ཡིག་གཟུགས་མཁན་པོ་ལྡུམ་ཁང་ཕུན་ཚོགས་ལགས་ཀྱིས་བྲིས་པའི་ཡིག་གཟུགས་བཅས་འགོད་རྒྱུ་ཡིན། ད་ལོ འ ི་ སྤྱི ་ ཟླ་གཉི ས ་པའི ་ ནང་དུ་ཀུན་ཕན་ ཐེ བ ས་རྩ་ཚོ ག ས་པའི ་ ལ་རྩེ ་ དཔེ ་ མཛོ ད ་ཁང་དུ་ ཐེ བ ས་རྩ་ཚོ ག ས་པའི ་ སྐད་ཡི ག ་འཛི ན ་གྲྭ་ཐོ ག ་ མ”ཕ་སྐད་གླི ང ་བོ ད ་ཀྱི ་ སྐད་ཡི ག ་དང་རི ག ་གནས་ ཀྱི ་ རྨང་གཞི འ ི ་ཤེ ས ་བྱ་འཛི ན ་གྲྭ”ཡོ ང ས་སུ་འགོ ་ ཚུགས། འཛི ན ་གྲྭ་འདི འ ི ་ ཚད་གཞི ་ ནི ་ དམའ་ རི མ ་ཡི ན ་ལ་དར་མའི ་ སློ བ ་མ་ཚོ ་ ལ་བོ ད ་ཡི ག ་ འབྲི ་ སྦྱོ ང ་དང་བོ ད ་སྐད་ཀྱི ་ ཁ་བརྡ་སྦྱོ ང ་བར་ དམི ག ས་པ་ཡི ན ། འཛི ན ་གྲྭ་འདི ས ་སྔོ ན ་ནས་ བོ ད ་ཀྱི ་ སྐད་ཡི ག ་ལ་ཆ་རྒྱུས་ཡོ ད ་མཁན་ཚོ ར ་ བསྐྱར་སྦྱོ ང ་དང་རང་ཉི ད ་ཀྱི ་ཤེ ས ་ཚད་ཇེ ་ མཐོ ར ་ གཏོ ང ་བའི ་ གོ ་ སྐབས་ཀྱང་སྤྲོ ད ་ཀྱི ་ ཡོ ད ། འཛི ན ་གྲྭ་འདི ར ་སློ བ ་ཁྲི ད ་གནང་མཁན་ནི ་ རྒན་སྣང་གསལ་བསྟན་འཛི ན ་ནོ ར ་བུ་ལགས་ ཡི ན ་ཞི ང ་། ཁོ ང ་ནི ་ ཁུ་ལོ མ ་བྷི ་ ཡ་སློ བ ་གྲྭ་ཆེ ན ་ མོ འ ི་ ཝེ དྷ ་ཧེ ད ་ཌི ་ ཨེ ་ཤ་ཡ་ཤར་མའི ་ སློ བ ་གླི ང ་གི ་ དགེ ་ རྒན་ཞི ག ་ཡི ན ་ལ་ཁོ ང ་གི ས ་སློ བ ་ཆེ ན ་དེ འ ི ་ རི མ ་པ་མཐོ ་ དམའ་ཡོ ང ས་ཀྱི ་ སློ བ ་མར་སློ བ ་ཁྲི ད ་ གནང་གི ་ ཡོ ད ། ང་ཚོ འ ི ་ འཛི ན ་གྲྭ་འདི ར ་ཞུགས་ པའི ་ སློ བ ་མ་རྣམས་ནི ་ རྒྱབ་ལྗོ ང ས་དང་མི ་ རི ག ས་

མི ་ འདྲ་བ་སྣ་ཚོ ག ས་( བོ ད ་པ། ཨ་རི ་ པ། ཁོ ་ རེ ་ ཡའི ་ མི ། ཧྥ་རན་སི འ ི ་ མི ། འཇར་མན་པ། དབྱི ་ ཏ་ལི འ ི ་ མི ། སི ངྒ ་ལའི ་ མི ། )ནས་ཐོ ན ་པ་ ཡི ན ་ཞི ང ་། བོ ད ་ཀྱི ་ སྐད་ཡི ག ་སྦྱངས་པ་བརྒྱུད་ནས་བོ ད ་ཀྱི ་ རི ག ་གནས་ལ་སྦྱོ ང ་བ་གཏི ང ་ཟབ་གནང་འདོ ད ་ ཡོ ད ་མཁན་ཉག་ཅི ག ་ཡི ན ། ང་རང་འཛི ན ་གྲྭ་འདི ར ་མ་ཞུགས་སྔོ ན ་ལ་ངས་ བོ ད ་ཀྱི ་ སྐད་ཡི ག ་དང་འབྲེ ལ ་འདྲི ས ་བྱས་པ་ཧ་ ཅང་ཉུང་ལ། ཧ་ཅང་ཉུང་བའི ་ འབྲེ ལ ་འདྲི ས ་ འདི ་ དག་ཀྱང་ཀུན་ཕན་ཐེ བ ས་རྩ་ཚོ ག ས་པའི ་ ནང་གི ་ ལས་རོ ག ས་ཚོ ་ བརྒྱུད་ནས་བྱུང་བ་ཡི ན ། ཀུན་ཕན་ཐེ བ ས་རྩ་ཚོ ག ས་པར་ལོ ་ ངོ ་ བཞི འ ི ་ རི ང ་ ལས་ཀ་བྱས་ནའང་ངས་བོ ད ་ཀྱི ་ སྐད་ཡི ག ་གི ་ ཚི ག ་ ཕྲེ ང ་རེ ་ དུས་ནས་དུས་སུ་སྦྱོ ང ་ཐུབ་པ་བྱུང་ན་ཡང་། རང་ཉི ད ་ཀྱི ་ ལས་རོ ག ས་ཚོ འ ི ་ སེ མ ས་ཚོ ར ་དང་ སྒུལ་ཤུགས་ལྡན་པའི ་ ཁ་བརྡ་གླེ ང ་མོ ལ ་གྱི ་ ནང་དུ་ ཞུགས་རྒྱུའི ་ སྐལ་བ་མ་བྱུང་། དཔེ ་ མཛོ ད ་ཁང་ གི ས ་མང་ཚོ ག ས་ལ་ཁ་ཕྱོ ག ས་པའི ་ འཛི ན ་གྲྭ་ཞི ག ་ ཚུགས་རྒྱུ་ཡི ན ་པ་གོ ་ སྐབས་བདག་ནི ་ དེ ་ ལ་ཐོ ་

འགོ ད ་བྱེ ད ་མཁན་དང་པོ འ ི་ གྲས་ཡི ན ། སློ བ ་མ་རྣམས་བོ ད ་སྐད་ཀྱི ་ ནང་དུ་སི མ ་པར་བྱ་ ཆེ ད ་དང་བོ ད ་སྐད་ཀྱི ་ གདངས་ལ་གོ མ ས་པར་བྱ་ ཆེ ད ་སློ བ ་ཁྲི ད ་གཙོ ་ བོ ་ བོ ད ་སྐད་ཀྱི ་ ཐོ ག ་ནས་བྱེ ད ་ ཀྱི ་ ཡོ ད ། ང་རང་བོ ད ་སྐད་ལ་དེ ་ འདྲའི ་ ཆ་རྒྱུས་ མེ ད ་པས་འཛི ན ་གྲྭ་དང་པོ ་ དེ ་ དངོ ས ་གནས་འཚབ་ སྣང་ལྡན་པ་ཞི ག ་བྱུང་། ཐ་སྙད་མང་བོ ་ ཞི ག ་ཕན་ ཚུན་ཧ་ཅང་འདྲ་བོ ་ ལྟར་སྣང་ཞི ང ་གལ་སྲི ད ་ཐ་ སྙད་འགའ་རེ ར ་སྒྲ་ནོ ར ་བརྒྱབ་པ་ཡི ན ་ན་གོ ་ ནོ ར ་ ཐེ བ ས་ཏེ ་ ངོ ་ ཚར་གཏོ ད ། ཡི ག ་ཐོ ག ་སྐད་ཡི ག ་དེ ་ བདག་ལ་མཚོ ན ་ན་ལྷག་ ཏུ་ཁག་པོ ་ བྱུང་། ཡི ་ གེ ་ འབྲི ་ དུས་གཡོ ན ་ནས་ གཡས་སུ་འབྲི ་ བ་ནི ་ ལ་ཏི ན ་གཞི ར ་བཟུང་བའི ་ སྐད་ཡི ག ་ཁག་དང་འདྲ་མཚུངས་ཡི ན ་ནའང་། མི ་ འདྲ་ས་ནི ་ དབྱངས་ཀྱི ་ རྟགས་དེ ་ མཚམས་ལ་ ལར་གསལ་བྱེ ད ་ཡི ་ གེ འ ི ་ སྟེ ང ་དུ་བཞག་ཡོ ད ་ ལ་སྐབས་ལ་ལར་གསལ་བྱེ ད ་ཡི ་ གེ འ ི ་ འོ ག ་ཏུ་ དཔྱངས་ཡོ ད ་པས་སཾ སྐྲ ི ཏ ་གཞི ར ་བཟུང་བའི ་ སྐད་ ཡི ག ་གཞན་དག་ཁག་དང་མཚུངས། མི ང ་ཚི ག ་ གི ་ ་བར་དུ་བར་སྟོ ང ་མེ ད ་པའི ་ རྐྱེ ན ་གྱི ས ་མི ང ་

ཕ་སྐད་གླིང་ནི་དབྱིན་སྐད་དུ་ནང་དོན་རགས་བསྒྱུར་བྱས་ན”Tibetan Language Corner”ཡིན། “ཕ་སྐད”ཞེས་པ་ནི”ཨ་ཕའི་ཁ་སྐད”དེ་དབྱིན་སྐད་དུ”ཡུམ་སྐད”དམ”རང་སྐད”ཅེས་པའི་དོན་ཡིན། གླིང་ཞེས་པ་ནི་བྱེད་སྒོ་བྱེ་བྲག་པ་ཞིག་སྤེལ་སའི་གནས་དམིགས་བཀར་བ་ཞིག་ལ་བརྗོད་ཀྱི་ཡོད་ཅིང་ ། བོད་བཙན་པོའ ་ི དུས་སྐབས་ནས་བཟུང་ལོ་ཙཱ་བ་ཚོས་ཡིག་སྒྱུར་གྱི་ཕྱག་ལས་གནང་སའི་གནས་ལ་སྒྲ་ བསྒྱུར་གླིང་དང་། སྒོམ་སྒྲུབ་གནང་སའི་གནས་ལ་བསམ་གཏན་གླིང་ཟེར་བ་ལྟ་བུའི་གླིང་ཞེས་པའི་མིང་ ཚིག་འདི་འབྱུང་གི་ཡོད། དེའི་རྐྱེན་གྱིས་ཕ་སྐད་གླིང་ཞེས་པ་འདི་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་དང་ སྦྱང་བ་བྱེད་སའི་ཆེད་བཙུགས་ས་མིག་ཅིག་ལ་འགྱུར་དགོས་པ་ཡིན་ནོ།། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཚི ག ་རེ ་ རེ ་ བཞི ན ་ངོ ས ་འཛི ན ་པར་བདག་གི ས ་ དུས་ཡུན་རི ང ་ཙམ་གཏོ ང ་དགོ ས ་བྱུང་། འཛི ན ་གྲྭ་འདི ་ ནས་མཐར་ཕྱི ན ་སྐབས་བདག་ གི ས ་བོ ད ་ཡི ག ་གི ་ དབྱངས་གསལ་དང་རྨང་གཞི འ ི ་ ཐ་སྙད་འགའ་རེ ་ཤེ ས ་ལ། བོ ད ་སྐད་ཀྱི ་ ལམ་ནས་ སྟབས་བདེ འ ི ་ གླེ ང ་མོ ལ ་ཡང་བྱེ ད ་ཐུབ་པ་བྱུང་། རྨང་གཞི ་ འདི ་ ལ་བརྟེ ན ་ནས་བདག་འབྲི ང ་རི མ ་ འཛི ན ་གྲྭར་ཞུགས་པ་ཡི ན ། འཛི ན ་གྲྭ་འདི ་ ད་ ལོ འ ི་ དཔྱི ད ་སྨད་དུ་ཚུགས་པ་ཡི ན ་ཞི ང ་སློ བ ་ཁྲི ད ་ གནང་མཁན་ནི ་ ལ་རྩེ ་ དཔེ ་ མཛོ ད ་ཁང་གི ་ འགན་ འཛི ན ་རྒན་པདྨ་འབུམ་ལགས་རེ ད ། འབྲི ང ་རི མ ་འཛི ན ་གྲྭ་འདི ” ཞི ང ་པ་དང་འབྲོ ག ་ པ”ཞེ ས ་པའི ་ བོ ད ་ཀྱི ་ དམངས་ཁྲོ ད ་གཏམ་རྒྱུད་ ཅི ག ་རྨང་གཞི ་ བྱས་ཏེ ་ བཀོ ད ་སྒྲི ག ་བྱས་འདུག གཟའ་འཁོ ར ་རེ ་ རེ ར ་ང་ཚོ ས ་གཏམ་རྒྱུད་དེ ་

བཀླགས་ནས་དེ འ ི ་ ནང་གི ་ཤེ ས ་བྱ་རྣམས་རྨང་ གཞི འ ི ་ བརྡ་སྤྲོ ད ་སྒྲི ག ་གཞི ་ དང་ཚི ག ་གྲུབ་ཀྱི ་ གྲུབ་སྟངས། ཐ་སྙད་གསར་པ་བཅས་སྦྱོ ང ་བའི ་ ལག་ཆ་ལྟ་བུར་སྤྱད་པ་ཡི ན ། འཛི ན ་གྲྭ་འདི འ ི ་ ནང་དུ་བོ ད ་ཡི ག ་གི ་ ཡི ག ་གཟུགས་སློ བ ་ཚན་ཡང་ ཡོ ད ་ལ་སློ བ ་ཚན་འདི ་ ཁྲི ད ་མཁན་སྒྲུབ་ཁང་ཕུན་ ཚོ ག ས་ལགས་རེ ད ། རྒན་ཕུན་ཚོ ག ས་ལགས་ ནི ་ ཡི ག ་གཟུགས་དང་རོ ལ ་མོ ་ གཉི ས ་ཀའི ་ ཐད་ལ་ སྐད་གྲགས་ཡོ ད ་པའི ་ མཁས་པ་ཞི ག ་ཡི ན ་ལ་ཁོ ང ་ གི ས ་སློ བ ་ཚན་འདི ་ གཉི ས ་ཀ་ལོ ་ མང་བོ འ ི་ རི ང ་ ལ་ཁྲི ད ་མྱོ ང ་། གལ་སྲི ད ་ཁྱེ ད ་ལ་རང་ཉི ད ་ཀྱི ་ བོ ད ་སྐད་ཡི ག ་ གི ་ ཆུ་ཚད་མཐོ ར ་འདེ ག ས་གཏོ ང ་བའི ་ འདུན་པ་ ཡོ ད ་ཚེ ་ དཔེ ་ མཛོ ད ་ཁང་གི ས ་ད་ལོ འ ི་ སྟོ ན ་ཁར་ ཁ་སྣོ ན ་འཛི ན ་གྲྭ་ཚུགས་འཆར་ཡོ ད ། ངའི ་ སློ བ ་

གྲོ ག ས་གཅི ག ་སྟེ ། ཁན་ནཱ་ཊི ་ ཀེ ་ ཊི ་ དབུས་མའི ་ མངའ་སྡེ འ ི ་ སློ བ ་གྲྭ་ཆེ ན ་མོ འ ི་ སྐད་བརྡ་རི ག ་པ་ དང་ཕྱི ་ མི ར ་དབྱི ན ་ཇི ་ སློ བ ་ཁྲི ད ་ཀྱི ་ ཕྱག་རོ ག ས་ སློ བ ་དཔོ ན ་ལི ས ་སེ འུ ་ཧུན་ལགས་ཀྱི ས ་བཤད་རྒྱུར། “ཀུན་ཕན་ཐེ བ ས་རྩ་ཚོ ག ས་པའི ་ ཕ་སྐད་གླི ང ་དུ་ ཞུགས་པ་ནི ་ བོ ད ་ཀྱི ་ སྐད་ཡི ག ་ལ་ངོ ་ འཕྲོ ད ་པའི ་ ལམ་བུ་གལ་ཆེ ན ་ཞི ག ་རེ ད ། འདི འ ི ་ ནང་གི ་ དགེ ་ རྒན་ཚོ ས ་འཛི ན ་གྲྭའི ་ ནང་གི ་ སློ བ ་མ་ཡོ ང ས་ རྫོ ག ས་ཀྱི ས ་ཁྲི ད ་གཞི འ ི ་ རྒྱུ་ཆ་ཚང་མ་ཡོ ང ས་སུ་ ཤེ ས ་སུ་བཅུག་སྟེ ་ ཁོ ང ་ཚོ འ ི ་ བོ ད ་ཡི ག ་གི ་ ནུས་པ་ མཐོ ་ རུ་གཏོ ང ་བར་བྱེ ད །” ཇེར་མེ་བྷུར་ཁི་ནི་སྤྱི་ལོ་༢༠༠༦ལོར་ཀུན་ཕན་ཐེབས་རྩ་ཚོགས་ པར་ཕེབས་པ་ཡིན་ལ་ཁོང་གིས་ཐེབས་རྩ་ཚོགས་པའི་དངུལ་ རྩིས་ལས་ཁུངས་ཀྱི་འགན་འཁུར་ཡོད།.

གྲོང་ཁྱེར་གྱི་མཐོང་ཐོས། བསྐྱར་བཞེངས་བྱས་པའི་ལྷ།

འོད་མདངས་དབེན་པའི་གསེར་གྱི་ས་གཞིའི་སྟེང་དུ། མིག་ཟུང་དོང་ལ་ལྷུང་བའི་ ཐོད་སྐམ་ཞིག་གིས་མག་མོག་གི་འོད་ཕུང་ཁྲོད་ནས་གཅེར་གྱིས་གཟིགས། སངས་ རྒྱས་ཆོས་ལུགས་ཀྱི་གསང་སྔགས་ནང་གི་མཚོན་བྱེད་གལ་ཆེན་ཞིག་སྟེ། ཐོད་སྐམ་ དེ་གྲོང་ཁྱེར་ནེའུ་ཡོག་གི་རུའུ་བྷིན་འགྲེམས་སྟོན་ཁང་གི་འགྲེམས་སྟོན་ཁྲོད་དུ་སླེབས་ རྒྱུ་རེད། འགྲེམས་སྟོན་ཁང་འདི་ནི་ཧི་མ་ལ་ཡའི་སྒྱུ་རྩལ་ཅ་དངོས་ཉར་ཚགས་དང་ འགྲེམས་སྟོན་བྱེད་པར་ཆེད་བསྐྲུན་གྱི་ཚོགས་སྡེ་ཞིག་ཡིན། འོན་ཀྱང་། ཞིབ་ཏུ་ བལྟས་ཚེ་ང་ཚོས་མཐོང་ཡོང་བ་ནི། འདི་ནི་ཅི་ཡང་མ་ཡིན་པར་རྒྱུན་ལྡན་ཞིག་གོ། མཐོ་ཚད་ལ་དབྱིན་ཁྲེ་གསུམ་ཡོད་པའི་ཐོད་སྐམ་དེ་ནི་འཇའ་ཚོན་གྱི་ཁ་དོག་ལྡན་པའི་ ཐོད་སྐམ་ཆུང་ཆུང་སྟོང་ཕྲག་མང་བོ་ལས་གྲུབ་འདུག་ཅིང་། དེའི་མདུན་དུ་ལངས་ པའི་བྱང་ཆུབ་སེམས་དཔའ་གཉིས་ཀྱི་ཞི་ཞིང་དུལ་བའི་ཞལ་གཉིས་ཀ་དུག་འགོག་ གདོང་འབག་གིས་བཀབ་འདུག འདི་ནི་རུའུ་བྷིན་འགྲེམས་སྟོན་ཁང་གི་ཆེས་གསར་ པའི་འགྲེམས་སྟོན་ཏེ། རྣམ་པ་འགྱུར་བའི་སྲོལ་རྒྱུན་ཏེ། བོད་ཀྱི་སྒྱུ་རྩལ་པའི་ལན་ འདེབས་ཞེས་བྱ་བ་དེ་རེད། རྣམ་པ་འགྱུར་བའི་སྲོལ་རྒྱུན་ཞེས་པ་འདིས་གསར་གཏོད་ཀྱི་ཟུངས་ཁྲག་རྒྱས་པའི་ བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་འཇིག་རྟེན་ལ་རྟོག་ཞིབ་བྱས་ཡོད། ལྷ་ས་རུ་ཡོད་པའི་ དགེ་འདུན་ཆོས་འཕེལ་སྒྱུ་རྩལ་གླིང་གི་ཚོགས་མི་གཉིས་ཚུད་པའི་གོ་ལ་ཡོངས་ཀྱི་ སྟེང་གི་སྒྱུ་རྩལ་པ་དགུའི་བརྩམས་ཆོས་འགྲེམས་སྟོན་བྱེད་པ་བརྒྱུད། ད་ཐེངས་ཀྱི་ འགྲེམས་སྟོན་འདིས་སྒྱུ་རྩལ་པ་རེ་རེའི་དེང་རབས་སྤྱི་ཚོགས་ལ་གདོང་གཏད་པའི་ཐུན་

jun 11–oct 18, 2010

35

མིན་གྱི་ལན་འདེབས། འགྲན་རྩོད་རྒོད་ པའི་རྒྱལ་སྤྱིའི་སྟེང་གི་སྒྱུ་རྩལ་པའི་འཇིག་ རྟེན། དེ་བཞིན་བོད་ཀྱི་ཕུན་སུམ་ཚོགས་ པའི་སྒྱུ་རྩལ་རིག་གནས་ཀྱི་ཤུལ་བཞག་ བཅས་ངོམ་སྟོན་བྱས་ཡོད། ད་ཐེངས་ཀྱི་ ཕྱོགས་བསྡུས་འགྲེམས་དངོས་ཀྱི་ནང་དུ་ ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་བོད་མིའི་ཉིན་རེའི་འཚོ་བ་མཚོན་པར་བྱས་པའི་ བདེ་སྒྲོན་གྱི་བརྩམས་ཆོས་ནས་མཚམས་ལ་ལར་མི་རྣམས་ལ་ཧ་ལས་ཧོན་འཐོར་འཇུག་ པའི་བརྩམས་ཆོས་ལྡན་པའི་ལམ་བྲག་སྐལ་བཟང་ལགས་ཀྱི་བརྩམས་ཆོས་བར་འདུས་ ཡོད་མོད། འོན་ཀྱང་། བརྩམས་ཆོས་རེ་རེའི་མཐིལ་དུ་བག་ལ་ཉལ་བ་ནི་དེང་གི་ འཛམ་གླིང་འདིར་བོད་པ་ཞིག་ཡིན་པའི་དོན་སྙིང་ཐོག་གི་བསམ་གཞིག་ཟབ་མོ་དེ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པས་སྦྱིན་བདག་ཆ་ཤས་བྱས་པའི་འགྲེམས་སྟོན་ལམ་སྟོན་ དཔེ་དེབ་ཀྱི་ནང་དུ། ཐེབས་རྩ་ཚོགས་པའི་ཕྱི་འབྲེལ་དང་ལག་བསྟར་འགན་འཛིན་ ཕའོ་ལཱ་ལགས་ལ་བཅར་འདྲི་བྱས་པའི་ལེ་ཚན་ཞིག་ཡོད་ཅིང་། བཅར་འདྲི་འདིའི་ནང་ དུ་ལྷ་སའི་གླིང་གི་བོད་ཀྱི་སྒྱུ་རྩལ་ས་གནས་ཀྱི་སྔོན་ཆད་ཀྱི་རྣམ་པ་འགྲེལ་བཤད་བྱས་ཡོད། དེ་མིན་དེབ་འདིའི་ནང་དུ་ད་ཐེངས་ཀྱི་འགྲེམས་སྟོན་ནང་དུ་མ་ཚུད་པའི་སྒྱུ་རྩལ་པ་དང་ སྒྱུ་རྩལ་བརྩམས་ཆོས་ཀྱི་སྐོར་འདུས་ཡོད་ལ། དེབ་འདི་རུའུ་བྷིན་འགྲེམས་སྟོན་ཁང་དུ་ བཙོང་རྒྱུ་ཡོད། Tsherin Sherpa (b. 1968) Untitled, 2010 37 x 30 in.

Gouache, acrylic, and gold leaf on museum board Courtesy of the artist

རྣམ་པ་འགྱུར་བའི་སྲོལ་རྒྱུན་ཞེས་པ་འདི་གྲོང་ཁྱེར་ནེའུ་ཡོག་གི་ཆེལ་སེ་གྲོང་ཁུལ་གྱི་སྲང་ལམ་༡༧པ་དང་སྲང་ཆེན་༧པ་ གཉིས་ཀྱི་འདུས་མདོར་ཡོད་པའི་རུའུ་བྷིན་འགྲེམས་སྟོན་ཁང་དུ་སྤྱི་ཟླ་༡༠ཚེས་༡༨བར་དུ་འགྲེམས་སྟོན་བྱ་རྒྱུ་རེད། དུས་ ཚོད་བཀོད་སྒྲིག་ལ་བལྟ་བར་དྲ་ཚིགས་འདིར་ཕེབས་རོགས། www.rmanyc.org ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ཁྱབ་བསྒྲགས། ཀུན་ཕན་ཐེབས་རྩ་ཚོགས་པས་ བོད་ཀྱི་རིག་གནས་འཛིན་སྐྱོང་ སྤེལ་གསུམ་གྱི་ཆེད་དུ་དུས་ རྒྱུན་འཆད་ཁྲིད་དང་བགྲོ་གླེང། གླུ་དབྱངས་སྤྲོ་ཚོགས། འགྲེམ་ སྟོན་སོགས་རྩ་འཛུགས་བྱེད་ པ་དང་། དེ་དག་ལ་འཛུལ་ ཞུགས་བྱེད་པའི་མགྲོན་ཡོང་ ཚང་མར་འགྲོ་གྲོན་ཅི་ཡང་མི་ དགོས་པར་དགའ་བསུ་བྱེད་ བཞིན་ཡོད། འདིར་རེ་བ་ཞིག་ ཡོད་པ་ནི། ང་ཚོའི་བྱ་བ་དེ་ མ་འོངས་པར་ཡར་རྒྱས་གོང་ འཕེལ་དུ་གཏོང་ཆེད། ཁྱེད་ཀྱི་ དུས་ཡུན་སྐར་ཆ་འགའ་ཞིག་ བེད་སྤྱད་ནས་གཤམ་གྱི་དྲ་ཐོག་ གི་བསམ་འཆར་ཡིག་ཆ་དེའི་ ཁ་སྐོངས་རོགས་མཛོད། http://bit.ly/9KWNVz

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

དཔེ་མཛོད་གླིང་། འབྲུག་ཡུལ་གྱི་ཤེས་ དངོས་ཕྱོགས་བསྡུས།

འབྲུག་གི་ཤེས་དངོས་ཕྱོགས་བསྡུས་ཀྱི་ནང་དུ་དཔྱད་ གཞིའི་རྒྱུ་ཆ་དང་སྒྲ་གཟུགས་གཉིས་ལྡན་གྱི་རྒྱུ་ཆ། ལོ་ རྒྱུས་དང་བྱིས་པའི་ཀློག་དེབ་སྣ་ཚོགས་བཅས་ཡོད། འདས་པའི་ལོ་ངོ་གཉིས་ཀྱི་རིང་ལ། ཀུན་ཕན་ ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་འབྲུག་ ཡུལ་ནས་ཤེས་རིག་གི་ཅ་དངོས་རྣམ་གྲངས་༥༠༠ལྷག་ སྡུད་གསོག་བྱས་ཤིང་། ད་ཐེངས་སྡུད་གསོག་བྱས་པའི་ རྣམ་གྲངས་འདི་དག་གིས་རང་རེའི་དཔེ་མཛོད་ཁང་གི་ བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་གསུམ་གྱི་ཐོག་ཤེས་ དངོས་ཕྱོགས་བསྡུས་བྱས་པའི་རྣམ་པ་དེའི་སྟེང་དུ་རྫོང་ ཁའི་སྐད་རིགས་བསྣན་ཏེ་སྐད་རིགས་བཞིའི་ནང་དུ་རྒྱ་ བསྐྱེད་བྱས་ཡོད། འབྲུག་རྒྱལ་ཁབ་ཀྱི་གཞུང་སྐད་དེ། རྫོང་ཁ་སྐད་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་མཐའི་ཡུལ་ གྲུ་རུ་ཤོད་པའི་བོད་ཀྱི་ཡུལ་སྐད་ཉུང་ཉུང་ཁ་ཤས་ཤིག་མ་ གཏོགས་བོད་སྐད་དང་ཕན་ཚུན་བརྡ་མི་འཕྲོད། འོན་ ཀྱང་། སྐད་རིགས་དེའི་ཡིག་ཚུགས་ནི་བོད་ཀྱི་ཡིག་ ཚུགས་ཀྱིས་འབྲི་བཞིན་ཡོད་ལ་བོད་ཀྱི་དབུས་སྐད་དང་ འདྲ་བར་སྐད་རིགས་དེར་བོད་ཀྱི་སྲོལ་རྒྱུན་ཡིག་སྐད་ ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མིག་སྔར། རང་རེའི་དཔེ་མཛོད་ཁང་གི་རྫོང་ཁའི་ སྐད་རིགས་ཐོག་གི་ཤེས་དངོས་ཕྱོགས་བསྡུས་ལས་མང་ ཆེ་བ་བྱིས་པའི་ཀློག་དེབ་ཡིན། འདིར་འབྲུག་ཡུལ་ ནས་རྫོང་ཁའི་སྐད་ཀྱི་ཐོག་ཏུ་དཔར་སྐྲུན་བྱས་པའི་བྱིས་ སྒྲུང་དང་། ན་གཞོན་སློབ་མ་རྣམས་ཀྱི་རྫོང་ཁའི་ཆུ་ ཚད་མཐོར་འདེགས་གཏོང་བར་དམིགས་པའི་སློབ་སྦྱོང་ གི་རྒྱུ་ཆ་བཅས་ཕུན་སུམ་ཚོགས་པ་ཡོད། དེ་མ་ཡིན་ པའི་འབྲུག་ཡུལ་ནས་ཐོན་པའི་རྒྱུ་ཆ་གསར་པ་ཁག་

གི་ནང་དུ་བརྡ་སྤྲོད་དང་སྐད་ཡིག་གི་དཔེ་དེབ། ལོ་ རྒྱུས་དང་སྲོལ་རྒྱུན་རིག་གནས་ཀྱི་དཔེ་དེབ་བཅས་ ཚུད་ཡོད། ཉིན་བཞིན་ཡར་རྒྱས་སུ་འགྲོ་བཞིན་པའི་ འབྲུག་ཡུལ་ནས་ཐོན་པའི་དབྱིན་ཡིག་ཐོག་གི་དཔེ་དེབ་ ཕྱོགས་བསྡུས་ཀྱི་ནང་དུ་པར་རིས་ལྡན་པའི་རྩོམ་དེབ་ སྣ་ཚོགས་དང་། རྒྱལ་པོ་གསར་པ་འཇིགས་མེད་གེ་ སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཁྲི་སྟོན་དང་འབྲེལ་ བའི་དཔར་སྐྲུན་སྣ་ཚོགས། དེ་བཞིན་ཁོར་ཡུག་དང་ རང་བྱུང་ཚན་རིག དེང་རབས་རྩོམ་རིག་དང་སྤྱིར་ བཏང་གི་ཤེས་བྱ་སོགས་ཀྱི་དཔེ་དེབ་ཚུད་ཡོད། རང་ རེའི་དཔེ་མཛོད་ཀྱིས་གློག་བརྙན་དང་ཟིན་ཐོའ་ི གློག་ བརྙན། བརྙན་ལྡན་གླུ་དབྱངས་སོགས་སྒྲ་གཟུགས་ གཉིས་ལྡན་གྱི་རྒྱུ་ཆ་མང་བོ་སྡུད་གསོག་བྱས་ཡོད་པ་མ་ ཟད། ད་དུང་འབྲུག་གི་བུད་མེད་ཀྱི་དུས་དེབ་ཐོག་མ་ ”Yeewong”དང་སྒྱུ་རྩལ་དང་གློག་བརྙན་གྱི་དུས་ དེབ་”Druk Trowa”གཉིས་ཀ་མངགས་ཉོ་བྱས་ཡོད། རང་རེའི་དཔེ་མཛོད་ཁང་གིས་མུ་མཐུད་དུ་འབྲུག་ ཡུལ་ནས་རྣམ་པ་རྒྱ་ཆེ་བའི་སྒོ་ནས་ཤེས་དངོས་སྡུད་ གསོག་བྱེད་པའི་འཆར་གཞི་ཡོད་ལ། རྒྱུ་ཆ་ཡོད་ཚད་ སྐུ་མགྲོན་རྣམས་ཀྱིས་ལོངས་སུ་སྤྱོད་ཆོག དེ་བས་རྣམ་པ་ ལྷན་རྒྱས་ཚོ་དཔེ་མཛོད་ཁང་དུ་ཕེབས་ཏེ་ཨ་སྔོན་འབྲུག་ གི་ཡུལ་གྲུ་ནས་ཐོན་པའི་ཡིད་དབང་འཕྲོག་པའི་ཕྱོགས་ བསྡུས་རྒྱུ་ཆ་གསར་པ་ཁག་གི་ནང་དུ་འཁྱམ་མྱུལ་གནང་ རོགས།


དཔེ ་ མཛོ ད ་ཁང་གི ་ དཀར་ཆག ༼ www. latse.org གཞི ་ གྲངས་མཛོ ད ་ཀྱི ་ འོ ག ་ན་ ཡོ ད །༽ ཀུན་ཕན་ཐེ བ ས་རྩ་ཚོ ག ས་པའི ་ ལ་རྩེ ་ དཔེ ་ མཛོ ད ་ཁང་གི ་ དཀར་ཆག་ཡོ ད ་ཚད།

དྲ་རྒྱའི་འཇིག་རྟེན། རྒྱུ་ཆ་གསར་པ།

འདིར་དགའ་འོས་པ་ཞིག་ལ་ང་ཚོས་༢༠༡༠ལོའ ་ི ཟླ་བ་ལྔ་ པའི་ནང་སྤེལ་པའི་རྒྱུ་ཆའི་སྡེ་ཚན་དེ་རྒྱ་ཆེ་རུ་བཏང་ནས། དྲ་ཐོག་ནས་ཐུན་མོང་མ་ཡིན་པའི་རྒྱུ་ཆ་སྣ་ཚོགས་མཁོ་ འདོན་བྱེད་བཞིན་ཡོད། དེ་ཡང་ཉེ་ལམ་ཀྲུང་གོའ ་ི ནང་ ཁུལ་གྱི་བོད་ས་གནས་ཀྱི་ཁུལ་དང་རྫོང་རིམ་པའི་ས་མིང་ བོད་སྐད་དང་རྒྱ་སྐད། དབྱིན་སྐད་བཅས་ཀྱི་ཐོག་ནས་ བཀོད་ཡོད། ལོ་རྗེས་མར་ཡང་མུ་འཐུད་དུ་འཐུས་སྒོ་ཇེ་ ཚང་དུ་གཏོང་རྩིས་ཡོད་པས་རྒྱུན་དུ་གཟིགས་པར་འཚལ། ངེད་ཅག་གི་དྲ་ཐོག་གི་བརྙན་ཆས་དང་ཡིག་ཚགས་འདི་ དག་ཁྱེད་ཅག་ལ་དཔྱད་གཞིའི་རིན་ཐང་དང་རྒྱུ་ཆ་བསྡུ་ གསོག་གི་དགོས་མཁོ་དང་མཐུན་པའི་རེ་བ་ཡོད་པ་མ་ ཟད་གཤམ་གྱི་དྲ་གནས་དེ་རུ་ང་ཚོ་ལ་ཟོལ་མེད་ཀྱི་བསམ་ འཆར་འདོན་པར་མཁྱེད། pressroom@trace.org.

བྱ་རའི ་ གཞི ་ གྲངས་མཛོ ད ། ༼ www. latse.org/byara/index.html༽ བྱ་ར་ ནི ་ ཀྲུང་གོ ་ ནས་པར་སྐྲུན་བྱས་པའི ་ བོ ད ་ཡི ག ་གི ་ དཔྱད་རྩོ མ ་སྟོ ང ་ལྷག་ཡོ ད ་པའི ་ དཔེ ་ ཆའི ་ དཀར་ ཆག་ཞི ག ཀུན་ཕན་ཐེ བ ས་རྩ་ཚོ ག ས་པའི ་ ལ་རྩེ ་ དཔེ ་ མཛོ ད ་ཁང་གི ་ གསར་འཕྲི ན ། ༼ www. latse.org/newsletter/index.html ༽ འདས་ཟི ན ་པ་དང་ད་ལྟའི ་ འདོ ན ་ཐེ ང ས་གཉི ས ་ ཀྱི ་ ཀློ ག ་རྡུལ་པར་གཞི ། སྤྱི ་ སྤྱོ ད ་བོ ད ་ཡི ག ་ཡི ག ་གཟུགས་བརྗེ ་ སྒྱུར། ༼ utfc.trace.org ༽ བོ ད ་ཡི ག ་གི ་ གཅི ག ་ གྱུར་ཨང་རྟགས་འདུས་པའི ་ ཡི ག ་ཆའི ་ སྒྲི ག ་ ཨང་དང་རྣམ་པ་མི ་ འདྲ་བ་ཕན་ཚུན་བརྗེ ་ སྒྱུར་ བྱེ ད ་པ། སྐད་གསུམ་ཚི ག ་མཛོ ད ། ༼ www.trace. org/resources/resources_tools_ lexicon.html ༽ དབྱི ན ་ཡི ག ་དང་བོ ད ་ཡི ག རྒྱ་ཡི ག ་སོ ག ས་ཀྱི ་ རྒྱུན་སྤྱོ ད ་བརྡ་ཆད་ཀྱི ་ ཕྱོ ག ས་ བསྒྲི ག ས་ཤི ག བོ ད ་ཡི ག ་ཡི ག ་གཟུགས་རྗེ ས ་མཐུན་རེ འུ ་ མི ག ༼ www.trace.org/resources/ resources_tools_font_compatibility.html ༽ ང་ཚོ འ ི ་ རྒྱུན་དུ་སྤྱོ ད ་པའི ་ སྤྱི ་ སྤྱོ ད ་བོ ད ་ཡི ག ་ཡི ག ་གཟུགས་དེ ་ ཀློ ག ་གླད་ མ་ལག་དང་ལེ ་ ཚན་འདྲ་མི ན ་ནང་དུ་ཇི ་ ལྟར་ འཆར་བའི ་ སྐོ ར ་གྱི ་ གཞི ་ འཛི ན ་ལག་ཆ་ཞི ག སྐད་གསུམ་ས་ཆའི ་ མི ང ་ཐོ ། ༼ knowledgebase.trace.org ༽ ཀྲུང་གོ འ ི་ ནང་ ཁུལ་གྱི ་ བོ ད ་ཀྱི ་ ས་མི ང ་དག་དབྱི ན ་ཡི ག ་དང་ བོ ད ་ཡི ག རྒྱ་ཡི ག ་བཅས་སྐད་རི ག ས་གསུམ་གྱི ་ སྒོ ་ ནས་གྲུབ་པའི ་ དཔྱད་གཞི འ ི ་ རྒྱུ་ཆ་ཞི ག ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

37


“པར་ལེན་ནི་དངོ་གཉིས་ལྡན་པའི་མཚོན་ཆ་ཞིག་ ཡིན་ཞིང་། ཡུལ་འདི་དག་ཏུ་ལས་ཀ་འདི་ལག་ལེན་དུ་ འདེབས་པ་ནི་ཉེན་ཁ་ཆེ་བའི་བྱ་བ་ཞིག་ཡིན།” ཞེས་ཧྥོ་ སི་ཁོ་མཱ་རེན་ནིས་ལགས་ཀྱིས་སྤྱི་ལོ་༡༩༤༨ལོར་སྐབས་ དེར་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་འབྲས་ལྗོངས་ བརྒྱུད་ནས་ལྷ་སར་འགྲོ་བའི་ལམ་བར་ནས་འདི་ལྟར་ བརྗོད་མྱོང་། འདི་ནི་རང་ལོ་སོ་དྲུག་ལ་ཟིན་པའི་དབྱི་ ཏ་ལིའི་པར་ལེན་མཁན་འདི་ཉིད་དབྱི་ཏ་ལིའི་བོད་རིག་ པ་ཞིབ་འཇུག་པ་རྒྱལ་སྲས་ཐུགས་རྗེ་ལགས་དང་ལྷན་ དུ་བོད་དུ་ཕྱིན་པའི་འགྲུལ་བཞུད་ཐེངས་གཉིས་པ་དེ་ ཡིན་ལ། བོད་འགྲུལ་ཐེངས་དང་པོ་དེ་སྤྱི་ལོ་༡༩༣༧ལོར་ བྱས་པ་ཡིན། འགྲུལ་བཞུད་འདི་གཉིས་ཀྱི་སྐབས་སུ་ མཱ་རེན་ནིས་ལགས་ཀྱིས་འདྲ་པར་༣༥༠༠ལྷག་བླངས་པ་ ཡིན་ལ། འདྲ་པར་དེ་ལས་མང་བོ་ཞིག་ནི་རྗེས་མའི་ལོ་ རབས་ཁག་གི་ནང་དུ་གཏོར་བཤིག་བཏང་བའི་ཁང་བ་ དང་སྒྱུ་རྩལ་དངོས་པོ་ཁག་གི་ད་ཡོད་ཀྱི་ཟིན་ཐོ་ཁོ་ན་དེ་ ཡིན། ཐུན་མོང་མ་ཡིན་པའི་བོད་ཀྱི་འདས་པའི་རྣམ་ པ་དེ་མང་ཚོགས་ལ་སྤྱན་བསྟར་བྱ་ཐུབ་ཆེད། ཀུན་ ཕན་ཐེབས་རྩ་ཚོགས་པས་དབྱི་ཏ་ལིའི་དཔེ་མཛོད་ཁང་ དང་རིག་གནས་སྡེ་ཁག་སྟེ། རྒྱལ་སྲིད་ལྷན་ཁང་གི་

འཕོ་འགྱུར་འགྲོ་བཞིན་པའི་ལས་ཀ མཱ་རིན་གྱི་པར་མཛོད།

G.P. ཝིའེ་སེའོ་ཚི་ཚན་རིག་རྩོམ་རིག་དཔེ་མཛོད་དང་ མཉམ་ལས་བྱེད་ཀྱི་ཡོད། མཱ་རེན་ནིས་ནི་དབྱི་ཏ་ལིའི་རྐོས་རིས་པ་ཞིག་པ་ དབྱིན་ཇིའི་རྩོམ་པ་བོ་གཉིས་ཀྱི་བུ་ཡིན་ལ་ཁོང་གིས་ ཨེ་ཤ་ཡ་དབུས་མ་དང་ཤར་མའི་ཡུལ་གྲུ་ཁག་ཏུ་འགྲུལ་ བཞུད་རྒྱ་ཆེན་བྱས། ཁོང་གིས་སྤྱི་ལོ་༡༩༣༧ལོ་དང་ ༡༩༤༨ལོ་གཉིས་ལ་བོད་དུ་འགྲུལ་བཞུད་ཐེངས་གཉིས་ བྱས་ཤིང་ཐེངས་གཉིས་ཀའི་འགྲུལ་བཞུད་ལམ་ཐིག་ ཕལ་ཆེར་གཅིག་མཚུངས་ཡིན། འགྲུལ་བཞུད་འདི་ གཉིས་ཀྱི་སྐབས་སུ་ཁོང་གིས་ལམ་དུ་ཐུག་པའི་བོད་མིའི་ ཁྱིམ་ཚང་མང་བོའ་ི ནང་དུ་མཱེ་རྫས་ཀྱི་འབར་གས་ལ་ བརྟེན་ནས་འོད་སྐྱེད་པ་དང་སྤྱིན་ཤོག་འཁྲུད་པའི་བརྒྱུད་ རིམ་ཁྲོད་ནས་འདྲ་པར་སྟོང་ཕྲག་མང་བོ་བླངས། མཱ་རེན་ནིས་ཀྱིས་མི་རིགས་རིག་པའི་ཆེད་སྦྱོང་ཐོག་ ནས་སློབ་མཐར་ཕྱིན་རྗེས། སྤྱི་ལོ་༡༩༣༨ལོར་ཧོག་ཁའེ་

ཏོའ་ི ཨཱ་ནུའི་མི་རིགས་ལ་ཞིབ་འཇུག་བྱེད་པའི་དོན་ དུ་འཇར་པན་དུ་གནས་སྤོ་བྱས། ཁོང་འཇར་པན་དུ་ བཞུགས་རིང་ཁོང་གིས་འཇར་པན་གྱི་ཤིང་དཔར་ལག་ རྩལ་སྦྱངས་ཤིང་ཁོང་གི་པར་ལེན་ཐད་ལ་སློབ་དཔོན་ ཧོ་ཀུའུ་སའེ་ཡི་བརྩམས་ཆོས་ཀྱིས་ཤུགས་རྐྱེན་ཆེན་པོ་ ཐེབས་ཡོད། སྤྱི་ལོ་༡༩༤༣ལོར་ཁོང་གིས་དབྱི་ཏ་ལིའི་ཧྥ་ ཤི་སི་རིང་ལུགས་ཀྱི་སྲིད་གཞུང་ལ་བློ་དཀར་བའི་དམ་ བཅའ་འབུལ་བར་ངོས་ལེན་མ་བྱས་རྐྱེན་ཁོང་དང་ཁོང་ གི་མི་བཟའ་མི་རྣམས་ལོ་གཉིས་ཀྱི་རིང་ལ་འཇར་པན་ གྱི་གཅིག་བསྡུས་བཙོན་ར་ཞིག་ཏུ་བཅུག དམག་འཁྲུག་ མཇུག་རྫོགས་རྗེས་མཱ་རེན་ནིས་ཕྱིར་དབྱི་ཏ་ལི་ལ་ལོག་ ཅིང་དེ་ནས་ཁོང་གིས་མུ་མཐུད་དུ་འགྲུལ་བཞུད་དང་ པར་ལེན་གྱི་བྱ་བའི་སྣེ་བསྐྱངས། ཁོང་གིས་རང་ཉིད་ བོད་དུ་བསྐྱོད་པའི་འགྲུལ་བཞུད་ཀྱི་ཟིན་ཐོ་དེ་སྤྱི་ལོ་ ༡༩༥༡ལོར་དཔར་སྐྲུན་བྱས་ཤིང་ཁ་བྱང་དུ་<<ལྐོག་གྱུར་ གྱི་བོད་ཡུལ>>ཞེས་བཀོད་ཡོད། སྤྱི་ལོ་༢༠༠༤ལོར་ཁོང་སྐུ་གྲོངས་རྗེས་ཁོང་གི་ཕྱོགས་ བསྡུས་འདྲ་པར་རྣམས་རྒྱལ་སྲིད་ལྷན་ཁང་གི་ཝིའེ་སེའོ་ ཚི་དཔེ་མཛོད་ཁང་ལ་ཕུལ། རྒྱལ་སྲིད་ལྷན་ཁང་དཔེ་ མཛོད་ནི་ཇེ་ནེ་ཝ་ཡི་ཚོང་པ་ཇིའོ་ཝན་པིའེ་ཏི་རོ་ཝིའེ་ སེའོ་ཚི་ཡིས་སྤྱི་ལོ་༡༨༡༩ལོར་མཱ་རེན་ནིས་ཀྱི་ཕ་ཡུལ་ཧྥི་ ལོ་རན་སི་ནས་བཞེངས་པ་རེད། རྒྱལ་སྲིད་ལྷན་ཁང་ དཔེ་མཛོད་ནི་ཐོག་མར་ཡོ་རོབ་གླིང་གི་དུས་དེབ་ཀློག་ ཁང་ཞིག་ནས་རིམ་བཞིན་དབྱི་ཏ་ལིའི་ནང་གི་རིག་ གནས་སྡེ་ཁག་གལ་ཆེན་ཞིག་ཏུ་གྱུར་ཏེ། དབྱི་ཏ་ལིའི་ རིག་གནས་དེ་ཡོ་རོབ་གླིང་གི་གཙོ་རྒྱུགས་རིག་གནས་ དང་སྦྲེལ་བར་ཕན་ནུས་ཐོན་ཡོད་པ་མ་ཟད། དཔེ་ མཛོད་ཁང་འདིས་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་གི་ ཡུལ་གྲུ་ཁག་གི་ཤེས་ལྡན་པ་དང་རྩོམ་པ་བོ་འགུག་པར་ ཕན་འབྲས་ངེས་ཅན་ཐོན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྲིད་ལྷན་ཁང་ གི་ཝིའི་སེའོ་ཚི་དཔེ་མཛོད་དང་མཉམ་འབྲེལ་བྱེད་པ་ བརྒྱུད་ནས་མཱ་རེན་ནིས་ལགས་ཀྱི་བརྩམས་ཆོས་འདྲ་ པར་ཡོངས་རྫོགས་གྲངས་གནས་ཅན་དུ་སྒྱུར་བར་འབད་ ཀྱི་ཡོད། ཧྥོ་སི་ཁོ་མཱ་རེན་ནིས་ཀྱི་བརྩམས་ཆོས་ཕྱོགས་ བསྒྲིགས་དེ་སྤྱི་ལོ་༢༠༡༡ལོར་སྒོ་འབྱེད་བྱ་རྒྱུ་ཡིན་ཞིང་། ཕྱོགས་བསྒྲིགས་དེའི་ནང་དུ་མཆན་འགྲེལ་ཞིབ་རྒྱས་ ལྡན་པའི་བོད་དང་བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་ཁང་གི་ འདྲ་པར་༧༠༠༠ལྷག་འདུས་ཡོད་ལ། འདིས་གཟིགས་ མཁན་རྣམ་ལ་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོང་ཆོས་ ཅན་ཞིག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་འབུལ་རྒྱུ་ རེད།

ཕྱོགས་བསྒྲིགས་འདི་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་ཚིགས་www.trace.orgའདི་དང་རྒྱལ་སྲིད་ལྷན་ཁང་གི་ཝིའི་སེའོ་ཚི་ དཔེ་མཛོད་ཀྱི་དྲ་ཚིགས་www.vieusseux.fi.itའདི་གཉིས་ཀྱི་ཐོག་ནས་སྤྱན་བསྟར་བྱེད་ཐུབ། ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


ལས་ཀའི་རིག་གཞུང།

Tenzin Gelek ༼དངོ ས ་སྦྱོ ང ་བ།༽ ནས།

གོ་ལ་ཧྲིལ་བོའ ་ི ཡུལ་གྲུ་སོ་སོ་ནས་ཕེབས་པའི་ཀུན་ ཕན་ཐེབས་རྩ་ཚོགས་པའི་དང་བླངས་པ་དང་དངོས་ སྦྱོང་མཁན་ཚོས་ཐེབས་རྩ་ཚོགས་པའི་བྱ་གཞག་ མདུན་ནས་མདུན་དུ་སྐྱོད་པར་མཐུན་རྐྱེན་སྒྲུབ་ཀྱི་ ཡོད།

ང་རང་ཐོག་མར་ཨ་རིའི་བྷོ་སི་ཋོན་གྱི་ཨེ་མེར་སོན་ མཐོ་སློབ་ཏུ་གོ་ལ་ཧྲིལ་བོའ་ི ཕྱིར་འཚོང་ཕྱི་འབྲེལ་དང་ ཁྱབ་བསྒྲགས་ཐོག་རབ་འབྱམས་པའི་སློབ་སྦྱོང་བྱེད་དུ་ ཡོང་དུས། “དངོས་སྦྱོང”ཞེས་པ་ནི་བདག་ལ་མཚོན་ ན་གོ་རྟོགས་གསར་པ་ཞིག་རེད། དེར་བརྟེན། ཀུན་ ཕན་ཐེབས་རྩ་ཚོགས་པས་ཕྲན་ལ་དངོས་སྦྱོང་བྱེད་པའི་ གོ་སྐབས་གནང་དུས་བདག་ལ་དགའ་སྣང་དང་འཚབ་ སྣང་གཉིས་ཀ་དུས་གཅིག་ཏུ་སྐྱེས། སྐབས་དེར་ཁོ་བོས་ ཀུན་ཕན་ཐེབས་རྩ་ཚོགས་པའི་སྐོར་དེ་འདྲ་ཤེས་ཀྱི་ མེད་ལ་ངའི་གྲོགས་པོ་ཨ་རི་པ་ཞིག་གིས་བདག་ཚོགས་ པ་འདི་ལ་ངོ་སྤྲོད་བྱས་པ་ཡིན། དེ་ལྟ་ནའང་། བདག་ གིས་ཀུན་ཕན་གྱི་དྲ་ཚིགས་ལས་ཚོགས་པ་འདིའི་སྐོར་ ཐོག་དང་པོར་བཀླགས་དུས། ཚོགས་པ་འདིའི་འདས་ པའི་བྱས་རྗེས་དང་མ་འོངས་པའི་དམིགས་འདུན་བཅས་ ཀྱིས་བདག་ལ་བག་ཆགས་ཟབ་མོ་བཞག ཁོ་བོ་ཀུན་ ཕན་གྱི་ནང་དུ་མ་ཡོང་སྔོན་ལ་དར་རྒྱས་ཆེ་བའི་ཧོ་ལེ་ ཝོས་ཌི་ཡི་དཔར་སྐྲུན་ཁང་ཞིག་ཏུ་དངོས་སྦྱོང་བྱས་པ་ ཡིན། ཁོ་བོས་དེར་བྱས་པའི་ལས་ཀ་ལ་མཐོང་ཆེན་ བྱེད་ཀྱི་ཡོད་ནའང་། ཀུན་ཕན་གྱི་ནང་དུ་དངོས་སྦྱོང་ བྱས་པ་དེ་ཁོ་བོས་ནམ་ཡང་ཐུན་མོང་མ་ཡིན་པའི་ཉམས་ མྱོང་ཞིག་ཏུ་བརྩི་བཞིན་ཡོད། སྤྱིར་དངོས་སྦྱོང་འདི་ལྟ་ བུ་ནི་ཧ་ཅང་དཀོན་པ་ཡིན་སྟེ། དངོས་སྦྱོང་འདིས་ཁྱེད་

39 ཀྱི་ཆེད་ལས་ཀྱི་མདུན་ལམ་ཐད་ཡར་རྒྱས་སུ་གཏོང་བ་ མ་ཟད། ད་དུང་འདིས་ཁྱེད་ལ་རང་ཉིད་ཀྱི་སྐྱེ་ཁུངས་ དང་རིག་གནས་བཅས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ སྤྲོད་ལ། བརྒྱུད་རིམ་འདིའི་ཁྲོད་དུ་ཁྱེད་ཀྱིས་བྱ་དངོས་ ཡོངས་ཀྱི་ཐོག་ཏུ་བཟུང་བའི་རྣམ་འགྱུར་ལ་འགྱུར་བ་ འགྲོ་ངེས། རྒྱུ་མཚན་དེའི་དབང་གིས་བདག་གིས་ཀུན་ ཕན་གྱི་ནང་དུ་དངོས་སྦྱོང་བྱས་པ་དེ་གལ་གནད་ཆེ་ བའི་བྱ་བ་ཞིག་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པ་ནི་ཚོགས་པ་ཆུང་ཡང་ དམིགས་འདུན་ཆེན་པོ་ཡོད་མཁན་ཞིག་ལ། དམིགས་ འདུན་འདི་དག་ངོ་བོ་མི་འདྲ་ཡང་གཞི་གཅིག་ཏུ་དམ་ པོས་འབྲེལ་བའི་རུ་ཁག་སྟེ། ལག་བསྟར་སྡེ་ཚན་ དང་ཕྱི་འབྲེལ་སྡེ་ཚན། ཞིབ་འཇུག་སྡེ་ཚན་དང་ཆ་ འཕྲིན་ལག་རྩལ་སྡེ་ཚན། དངུལ་རྩིས་སྡེ་ཚན་དང་ ལས་གཞིའི་སྡེ་ཚན། དེ་བཞིན་ལ་རྩེ་དཔེ་མཛོད་ཁང་ བཅས་བརྒྱུད་ནས་སྒྲུབ་ཀྱིན་ཡོད། གྲོང་ཁྱེར་ནེའུ་ཡོག་ ཏུ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་ ལས་ཁུངས་ཀྱི་སྡེ་ཚན་འདྲ་མིན་གྱི་ནང་དུ་དེང་སང་ དངོས་སྦྱོང་པ་བརྒྱད་དང་དང་བླངས་པ་གཉིས་ཡོད། ན་གཞོན་དངོས་སྦྱོང་པའི་ཚན་ཆུང་འདིའི་ནང་དུ་ཨེ་ཤ་ ཡ་དང་ཡུ་རོབ། ཨ་རི་བཅས་ཀྱི་ལྟ་བ་སྣ་ཚོགས་འདྲེས་ ཡོད། ངས་བལྟས་ན་སྣང་ཚུལ་འདི་རྒྱལ་སྤྱིའི་སྒྲིག་

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།


དང་བླངས་ལས་ཀ་དང་ དངོས་སྦྱོང་ལས་ཀ

ཀུན་ཕན་ཐེབས་རྩ་ཚོགས་པའི་དངོས་སྦྱོང་མཁན་ ཚོ་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རིག་ གནས་སྣ་ཚོགས་དང་མི་རིགས་སྣ་ཚོགས་ལྡན་པའི་ རུ་ཁག་ཅིག་གི་ཆ་ཤས་སུ་འགྱུར་ངེས་ཡིན་ལ། ཁེ་ གཉེར་མ་ཡིན་པའི་ཚན་པ་ཞིག་ཏུ་ལས་ཀ་བྱེད་པའི་ ཉམས་མྱོང་དང་མིག་རྒྱ་ཐོབ་ངེས། དངོས་སྦྱོང་མཁན་ ཚོས་ཀུན་ཕན་ཐེབས་རྩ་ཚོགས་པའི་དམིགས་འབེན་ གྱི་ཕྱོགས་སུ་ལས་ཀ་བྱེད་པ་དང་ཆབས་ཅིག ཁོང་ ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་དང་ ཤེས་བྱ་དེ་སྤྱི་ཚོགས་ངོ་མའི་ཁྲོད་དུ་ལག་ལེན་དུ་ འདེབས་པའི་གོ་སྐབས་ཐོབ་ངེས། ཐེབས་རྩ་ཚོགས་ པའི་ནང་དུ་ དཔེ་མཛོད་དོ་དམ་དང་ཞིབ་འཇུག ཕྱི་ འབྲེལ་དང་ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་སྣ་ ཚོགས་སུ་གཏོགས་པའི་དངོས་སྦྱོང་ལས་ཀ་ཡོད། • འདས་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ དངོས་སྦྱོང་མཁན་ཚོས་བསྒྲུབས་པའི་བྱ་བ་ ཁག་ནི། • ཚགས་དེབ་དང་སྙན་ཐོ། དྲ་ཚིགས་བཅས་ཀྱི་ ཆེད་དུ་རྩོམ་ཡིག་གི་བརྗོད་གཞི་འཚོལ་བ་དང་ རྩོམ་ཡིག་དངོས་སུ་འབྲི་བ། • དཔར་སྐྲུན་ཡིག་རིགས་དང་ང་ཚོའི་དྲ་ཚིགས་ ཀྱི་ཇུས་འགོད་ཐད་རོགས་རམ། • ཞིབ་འཇུག་དང་རིག་གནས་ཀྱི་ཚོགས་འདུ་སྣ་ ཚོགས་རྩ་འཛུགས་བྱེད་པར་རོགས་རམ། • སྐད་རིགས་སྣ་མང་ཅན་གྱི་ཞིབ་འཇུག་རྒྱུ་ཆ་ འདོན་སྤེལ་ཐད་ལ་རོགས་རམ། • སྨྱན་མང་འདོན་སྤེལ་དང་རྩོམ་སྒྲིག་བྱེད་པ། • དཔེ་མཛོད་རྒྱུ་ཆའི་དཀར་ཆག་སྐྲུན་པ་དང་ གྲངས་གནས་ཅན་དུ་སྒྱུར་བར་རོགས་རམ་ སོགས་སོ།། ཀུན་ཕན་ཐེབས་རྩ་ཚོགས་པས་ལོ་འཁོར་མོ་ ཡོངས་ལ་དངོས་སྦྱོང་ལས་ཀ་དང་དང་བླངས་ལས་ ཀའི་སྙན་ཞུ་ལེན་གྱི་ཡོད། གལ་སྲིད་ཁྱེད་རང་གིས་དངོས་སྦྱོང་ལས་ཀ་དང་ དང་བླངས་ལས་ཀ་གང་རུང་ལ་སྙན་ཞུ་འབུལ་འདོད་ ཚེ། ཁྱེད་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ དང་དགའ་ཕྱོགས་ངོ་སྤྲོད་ཀྱི་ཡི་གེ་བཅས་ཀུན་ཕན་ ཐེབས་རྩ་ཚོགས་པར་སྐུར་རོགས། བསྐུར་ཡུལ་གྱི་ཁ་ བྱང་། Volunteers & Interns, 132 Perry Street, Suite 2B, New York, NY 10014 དྲ་འཕྲིན་གྱི་ཁ་བྱང་། jobs@trace.org ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

འཛུགས་ཁྲོད་ཀྱི་ཀུན་ཕན་ཐེབས་རྩ་ཚོགས་པའི་བྱེད་ ནུས་དང་མཚུངས་སྙམ་སྟེ། འཛམ་གླིང་ཐོག་གི་རྣམ་པ་ སྣ་ཚོགས་པའི་ཉམས་མྱོང་རྣམས་སྤྱི་མཐུན་གྱི་དམིགས་ ཡུལ་ཞིག་འགྲུབ་ཆེད་ཕྱོགས་གཅིག་ཏུ་བསྡུས་ཡོང་བའོ།། དངོས་སྦྱོང་ཞིག་ལ་མཚོན་ན་དངོས་སྦྱོང་པ་དང་ སྦྱིན་བདག་ཚོགས་པ་གཉིས་ཀའི་བར་དུ་གཉིས་ཕན་ གྱི་འབྲེལ་ལམ་ཞིག་ཡོད་རྒྱུ་དེ་ཧ་ཅང་གལ་ཆེ། དངོས་ སྦྱོང་པ་ཞིག་གིས་ཚོགས་པའི་ནང་དུ་ལྟ་བ་གསར་པ་ དང་ནུས་པ་གསར་པ་འཁྱེར་ཡོང་ལ་ཚོགས་པས་དངོས་ སྦྱོང་པར་མི་ཚེའི་འཚོ་བ་དངོས་ཀྱི་ནང་དུ་འཕྲད་སྲིད་ པའི་དཀའ་ངལ་ཁག་ལ་ཅི་ལྟར་གདོང་ལེན་བྱེད་པའི་ ལམ་སྟོན་དང་གོ་སྐབས་སྩོལ་གྱི་ཡོད། རྒྱུ་མཚན་དེ་ ཁོ་ན་ཉིད་ཀྱི་དབང་གིས། ཞིབ་འཇུག་སྡེ་ཚན་ནང་དུ་ ཕྱག་ལས་གནང་བཞིན་པའི་ངའི་དངོས་སྦྱོང་གྲོགས་པོ་ ཐུབ་བསྟན་མགོན་པོས་ཀྱང་དངོས་སྦྱོང་བྱེད་ས་གཞན་ པ་ཞིག་དང་ཀུན་ཕན་ཐེབས་རྩ་ཚོགས་པ་གཉིས་ལས་ ཀུན་ཕན་ཐེབས་རྩ་ཚོགས་པ་བདམས། ཐུབ་བསྟན་ནི་ སི་ཁྲོན་ཞིང་ཆེན་ནས་ཡིན་ཞིང་བོད་རྒྱ་དབྱིན་གསུམ་ ལ་བྱང་ཆུབ་ཡོད། ཁོང་གིས་གྲོང་ཁྱེར་ནེའུ་ཡོག་གི་ བྷར་ཌི་ལྟེ་གནས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ ཐོག་རབ་འབྱམས་པའི་ཐོབ་ཐང་ལེན་བཞིན་ཡོད་ལ། ད་ལྟ་ཀྲུང་གོའ་ི བོད་ཁུལ་གྱི་ཁོར་ཡུག་ཉམས་ཞིབ་ཐོག་ རོགས་རམ་བྱེད་བཞིན་ཡོད། གཞུང་ལས་ཁང་དུ་ཚང་ མས་ཐུབ་བསྟན་ཞེས་འབོད་པ་ཁོང་གིས་དངོས་སྦྱོང་ འདི་འདི་ལྟར་འགྲེལ་བཤད་བྱེད། “འདི་ནི་ངའི་སྐད་ ཡིག་ནུས་པ་བེད་སྤྱོད་གཏོང་བའི་གོ་སྐབས་བླ་ན་མེད་པ་ ཞིག་ཡིན་པ་མ་ཟད། ཨ་རིར་སློབ་སྦྱོང་བྱེད་སྐབས་ང་ རང་གིས་ངོ་འཕྲད་མ་མྱོང་བའི་ཀྲུང་གོའ་ི ནང་གི་ཁོར་ ཡུག་གི་གནས་ཚུལ་དང་དེ་དང་འབྲེལ་བའི་སྲིད་ཇུས་ སྐོར་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ ཀྱང་རེད།” ཀུན་ཕན་ཐེབས་རྩ་ཚོགས་པར་དངོས་སྦྱོང་བྱས་ པའི་ཟླ་ངོ་བཅུ་ལྷག་གི་རིང་ང་རང་གིས་དངོས་སུ་ཤེས་ རྟོགས་བྱུང་བ་ནི་ཉིན་གཉིས་ཀྱི་ལས་ཀ་ནམ་ཡང་གཅིག་ མཚུངས་མིན་ལ། དངོས་སྦྱོང་པར་འགན་འཁུར་དུ་ འཇུག་པའི་ལས་གཞི་ཁག་དང་འབྲེལ་བའི་སྤྲོ་སྣང་གི་ས་ བོན་ནམ་ཡང་གནས། འདི་ནི་རིག་གཞུང་ཞིབ་འཇུག་ དེ་རང་ཉིད་ཀྱི་ཆེད་ལས་མདུན་ལམ་གྱི་ཚུལ་དུ་རྒྱ་སྐྱེད་ པར་རྩོམ་མཁན་སུ་ཞིག་ལ་མཚོན་ནའང་གོ་སྐབས་བླ་ ན་མེད་པ་ཞིག་ཡིན། ངས་བལྟས་ན་ཐུབ་མགོན་གྱིས། “ང་རང་ཉིད་བོད་ནང་ནས་སྐྱེས་པ་ཡིན་མོད། བོད་ཀྱི་ ས་ཁུལ་འདྲ་མིན་གྱི་བོད་མིའི་ཤེས་རིག་གི་འཇོན་ཐང་ དང་ཐོན་ཁུངས་འདི་འདྲ་མང་བོ་སྦྱོང་རྒྱུ་ཡོད་པར་ང་ ཡ་མཚན་སོང་། ཉིན་རེར་ལས་ཀར་ཡོང་སྐབས་ངའི་ སེམས་ནང་ནས་དེ་རིང་ཅི་ཞིག་སྦྱོང་རྒྱུ་ཡོད་ཨང་སྙམ་ ནས་སེམས་ལ་བྲེལ་སྣང་དང་དགའ་སྣང་གིས་ཁེངས།”

ཞེས་ཟེར་དུས་ཁོང་གིས་རང་ཉིད་ཀྱི་རྒྱལ་ཁའི་ཚོར་བ་ དེར་སྤྱི་སྡོམ་བྱེད་བཞིན་པ་རེད། སློབ་མ་ཚོར་མཚོན་ན་ཀུན་ཕན་ཐེབས་རྩ་ཚོགས་ པའི་ནང་དུ་དངོས་སྦྱོང་བྱེད་པར་རྒྱུ་མཚན་མང་བོ་ཡོད་ མོད། འོན་ཀྱང་། ཨིན་ཌི་ཡ་ཎ་སློབ་གྲྭ་ཆེན་མོ་ན་ རབ་འབྱམས་པའི་སློབ་སྦྱོང་བྱེད་པའི་བསྟན་འཛིན་ཚེ་ དཔག་ལ་མཚོན་ན་རྒྱུ་མཚན་ཡ་མཚན་པོ་ཞིག་ཡོད་ པ་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་ མཛོད་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་ཁོང་གིས་ བཤད་ན། ཁོང་འདིར་ཡོང་དོན་ནི་གཙོ་བོ་དཔེ་མཛོད་ ཁང་གི་འགན་འཛིན་དང་བོད་ཀྱི་རྩོམ་རིག་པ་གྲགས་ ཅན་སྐུ་ཞབས་པདྨ་འབུམ་གྱི་དབང་གིས་ཡིན་ཟེར། “ཁོང་གི་མིག་རྒྱང་གིས་བདག་ལ་སྤོབས་པ་སྐྱེ་རུ་བཅུག་ བྱུང་།” ཞེས་ཁོང་གིས་ཟེར་རྒྱུར། “དེ་བས་ཁོང་བརྒྱུད་ ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སྐོར་མང་བོ་ སྦྱོང་འདོད་བྱུང་།” ཚེ་དཔག་གིས་དེང་སང་ལ་རྩེའི་ངག་ རྒྱུན་ལོ་རྒྱུས་ལས་གཞིའི་གློག་རྡུལ་གཞི་གྲངས་ལེགས་ སྒྲིག་གི་ཐོག་ཏུ་ཕྱག་ལས་གནང་གི་ཡོད། ཀུན་ཕན་གྱི་ལས་ཀ་པའི་མི་སྣ་སྣ་མང་ཅན་དེའི་སྟེང་ དུ་ཁ་སྣོན་བྱེད་པའི་དངོས་སྦྱོང་པ་གཞན་པ་ཞིག་ནི་ཨེར་ མཱ་ཡིན་ལ། ཁོ་མོ་ནི་བོད་འདི་གསར་དུ་ངོ་ཤེས་མཁན་ གྱི་དབྱི་ཏ་ལིའི་སློབ་མ་ཞིག་རེད། ཉེ་ཆར་ཕྱི་འབྲེལ་ སྡེ་ཚན་དུ་དངོས་སྦྱོང་བྱས་རྗེས་དེང་སང་ཀུན་ཕན་གྱི་ ཚགས་དེབ་ཀྱི་ཐོག་ཏུ་ཕྱག་ལས་གནང་སྟེ་འདིའི་ཐད་ ལ་ལྟ་ཚུལ་གསར་པ་དང་བསམ་བློ་གསར་པའི་འབྱོར་བ་ འཁྱེར་ཡོང་བར་རེ་བ་བྱེད་ཀྱི་ཡོད། ངས་གོང་དུ་ངའི་དངོས་སྦྱོང་གྲོགས་པོ་འགའ་རེའི་ སྐོར་བརྗོད་ཡོད་མོད། འོན་ཀྱང་། ཚོགས་པའི་ ནང་དུ་མི་གཞན་པ་རྣམས་ཀྱིས་ཀྱང་གོང་བཀོད་དང་ མཚུངས་པའི་བསྔགས་བརྗོད་འོས་པའི་ཕྱག་ལས་གནང་ གི་ཡོད། སྤྱིར་ཀུན་ཕན་དུ་དངོས་སྦྱོང་པ་ཚང་མ་ཐུན་ མོང་མ་ཡིན་པ་ཤ་སྟག་ཡིན་ནའང་། ངས་ཁོང་ཚོ་རེ་ རེ་ལ་འབྲེལ་འདྲིས་བྱས་པ་བརྒྱུད་ཁོང་ཚོས་ཀུན་ཕན་ ཐེབས་རྩ་ཚོགས་པ་རུ་དངོས་སྦྱོང་བྱེད་པའི་ཐུན་མོང་ གི་དོན་སྙིང་ཞིག་རྟོགས་བྱུང་། དེ་ནི་རྩེད་དགོད་དང་ ཆེད་ལས་རང་བཞིན་ཡོངས་སུ་མཉམ་སྡེབ་བྱས་པ་དེ་ ཡིན་ཞིང་། དོན་དངོས་འདི་ཕྱོགས་མང་བོ་ཞིག་ནས་ མཚོན་ཡོད་དེ། དཔེར་ན། གུང་ཚིགས་བར་གསེང་ སྐབས་ཀྱི་མིག་རྒྱང་རིང་བའི་བགྲོ་གླེང་ནས་དངོས་སྦྱོང་ པ་རེ་རེར་བཀོད་སྒྲིག་བྱས་པའི་སྣ་མང་བའི་འགན་འཁྲི་ སོགས་སོ།།


ཁྱབ་བསྒྲགས། དཔེ་དེབ་འགྲེམས་སྤེལ་གྱི་གསལ་བསྒྲགས།

འདས་པའི་ལོ་ངོ་བཅོ་ལྔ་ལྷག་གི་རིང་ལ་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་གནའ་དཔེ་དང་ དེང་དཔེ་དཔེ་སྐྲུན་ཐད་ལ་རྒྱབ་སྐྱོར་བྱས་པ་ཡིན་ལ། དེ་རིང་ང་ཚོས་བོད་དང་བོད་མིའི་འཇིག་རྟེན་ ཁྲོད་དུ་མཁས་པའི་བྱ་བ་གོང་དུ་སྤེལ་བའི་རེ་བ་སྙིང་ལ་བཅངས་པའི་སྒོ་ནས། འཛམ་གླིང་ཡོངས་ ཀྱི་དཔེ་མཛོད་ཁང་དང་རིག་གནས་སྡེ་ཁག་ཁག་ལ་བརྩམས་ཆོས་རླབས་ཆེན་འདི་དག་གིས་རང་ ཉིད་ཀྱི་ཤེས་བྱའི་མཛོད་ཁང་རྒྱ་སྐྱེད་པའི་སྐལ་བཟང་འབུལ་གྱི་ཡོད།

རིག་གནས་ཀྱི་ཚན་པའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་རིག་གནས་ཤུལ་བཞག་གཅེས་ སྲུང་དང་ས་གནས་སྲོལ་རྒྱུན་རིག་གནས་ལ་རྒྱབ་སྐྱོར། དམངས་ཁྲོད་རིག་གནས་དང་ས་གནས་ལོ་ རྒྱུས་ཡིག་ཚགས་སུ་འགོད་པ། དེ་བཞིན་དེང་རབས་བོད་ཀྱི་སྒྱུ་རྩལ་དར་སྤེལ་གཏོང་བ་བཅས་ཀྱི་ ལས་སྒོ་སྣ་ཚོགས་སྤེལ་ཡོད། ལོ་ངོ་འདི་དག་རིང་ལ་ང་ཚོས་གནའ་དཔེ་དཀོན་གྲས་རིགས་གཅེས་ སྲུང་དང་འགྲེམས་སྤེལ་ལ་དམིགས་པའི་ལས་གཞི་ཆེ་ཁག་མང་བོ་སྤེལ་ཡོད་ལ། ད་བར་དུ་བོད་ཡིག་ ནང་དུ་གཞུང་ལུགས་དང་ནང་དོན་སྣ་ཚོགས་ཀྱི་ཐོག་དཔེ་གྲངས་འབོར་ཆེན་གྱི་དཔེ་སྐྲུན་ལ་རྒྱབ་ སྐྱོར་བྱས་ཡོད། ད་ལྟ་བར་དུ་དཔེ་སྐྲུན་འདི་དག་གི་དཔེ་ཆ་ཚར་ས་ཡ་གཅིག་ལྷག་ཀྲུང་གོའ ་ི ནང་དུ་ འགྲེམས་སྤེལ་བྱས་པ་ཡིན་ལ་ཀློག་མཁན་འབོར་ཆེན་ཞིག་ལ་དཔེ་དེབ་རིན་མེད་ཐོག་ནས་ཕུལ་བ་ ཡིན། ང་ཚོས་རྒྱབ་སྐྱོར་བྱས་པའི་དཔེ་སྐྲུན་སྐོར་ལ་ཞིབ་མོར་གཟིགས་འདོད་ན་ང་ཚོའི་དྲ་ཚིགས་ ཀྱི”རྒྱུ་ཆ”ཞེས་པའི་ཚན་པར་ཕེབས་རོགས། སྤྱིར་ང་ཚོས་དཔེ་དེབ་འདི་དག་རིན་མེད་ཀྱི་སྒོ་ནས་སྦྱིན་གྱི་ཡོད་མོད། འོན་ཀྱང་། དཔེ་དེབ་ བསྐུར་གླ་དང་དེ་འབྲེལ་གྱི་འགྲོ་སོང་རྣམས་དཔེ་དེབ་སྦྱིན་ཡུལ་ཕྱོགས་ཀྱིས་འགན་འཁུར་དགོས་པ་ ཡིན། དཔེ་དེབ་འགྲེམས་སྤེལ་བྱེད་སྟངས་ནི་སུ་སྔོན་དུ་ཡོང་ན་སུ་ལ་སྔོན་དུ་འཐོབ་པའི་རྩ་འཛིན་ ལྟར་ཡིན། གནས་ཚུལ་འདིར་དོ་སྣང་ཡོད་མཁན་རྣམས་ཀྱིས་ང་ཚོའི་དྲ་འཕྲིན་ཁ་བྱང་publications@trace.orgབརྒྱུད་ནས་ང་ཚོར་འབྲེལ་བ་བྱས་ཆོག མ་འོངས་པའི་དཔེ་སྐྲུན་ཐད་ཀྱི་ གནས་ཚུལ་དུས་ལྟར་དུ་ཤེས་ཆེད་ང་ཚོའི་དྲ་འཕྲིན་ཐོ་གཞུང་གི་ནང་དུ་ཞུགས་འདོད་ན་ང་ཚོ་ལ་ དེ་དོན་ཞུ་རོགས། ད་སྐབས་ང་ཚོས་འབུལ་སྤྲོད་བྱེད་བཞིན་པའི་ནང་དུ་གཤམ་གྱི་དཔེ་ཆ་འདི་གསུམ་ཚུད་པའི་ དཔེ་ཆ་སྣ་ཁ་བཅུ་གསུམ་ཡོད། • བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་འབུམ། (པོད་༡༠) • མི་བསྐྱོད་མཁས་གྲུབ་རྒྱ་མཚོའི་གསུང་འབུམ་ཕྱོགས་བསྒྲིགས། (པོད་༡) • རྒྱལ་རོང་དམངས་ཁྲོད་གཏམ་ཚོགས།

དཔེ་དེབ་ཀྱི་ཐོ་གཞུང་ཆ་ཚང་བ་ཞིག་དགོས་ན་ང་ཚོའི་དྲ་ཚིགས་སུ་ཕེབས་རོགས།

ཀུན་ཕན་གཏམ་གསར།

༢༠༡༠ དཔྱིད་ཀ་ — དབྱར་ཁ།

41


ཡུལ་ཤུལ་ས་ཡོ མ ་གྱི ་ བྱ་བ།

ཀུན་ཕན་ཐེབས་རྩ་ཚོགས་པས་ཡུལ་ཤུལ་གྱི་ རོགས་སྐྱོར་བྱ་བར་འབད་བརྩོན་བྱེད་བཞིན་ཡོད། ད་བར་ཨ་རིའི་སྒོར་མོ་ཁྲི་ལྔའི་རིན་བབ་ཀྱི་བཅའ་ དངོས་དང་གུར་སོགས་བརྡབ་གསིག་ཕོགས་པའི་ས་ གནས་ལ་སྤྲད་ཡོད། ཀུན་ཕན་ཐེབས་རྩས་དེ་མིན་ ཞལ་འདེབས་གཏོང་བར་མཐུན་རྐྱེན་ཡང་བསྒྲུབས་ ཡོད། བྱ་བ་འདི་ལ་རྒྱབ་སྐྱོར་ཡོད་ན། ངེད་ཚོར། pressroom@trace.org. ཐོག་འབྲེལ་བ་ གནང་རོགས། ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་ཀའི་ཐད་ མཁྱེན་འདོད་ཡོད་ན། གཤམ་གྱི་དྲ་སྦྲེལ་ལ་ གཟིགས་རོགས།

http://www.trace.org/news/ news_yulshulquake.html

འབྲེལ་གཏུག་བྱེད་ཐབས།

ང་ཚོར་ནམ་ཡང་གཞན་གྱི་ཟོལ་མེད་ཀྱི་བསམ་འཆར་ལ་ཉན་པར་འདུན་པ་ཆེན་པོ་ ཡོད་དེ། དྲ་གནས་pressroom@trace.org འདི་རུ་བསམ་འཆར་འདོན་པའམ། +1 (212) 367-7380 ལ་ཁ་པར་གཏོང་བ། ཡང་ན་ང་ཚོའི་སྤྱི་ཁྱབ་ལས་ཁུངས་ 132 Perry St., Suite 2B, New York, NY 10014 ལ་འཕྲིན་ཡིག་སྐུར་བ་ དང་། ཡང་ན་གཤམ་གྱི་དྲ་གནས་གང་རུང་ནས་གཟིགས་ཞིབ་གནང་བར་འཚལ།

www.trace.org

www.facebook.com/tracefoundation TM

www.twitter.com/tracefoundation www.youtube.com/tracefoundation www.livestream.com/tracefoundation www.issuu.com/tracefoundation

དུས་བཀག།

ཕྱི་གཏོང་རོགས་དངུལ་གྱི་རེ་ཞུ་ཡི་ གེ་ཡར་སྤྲོད་བྱེད་པའི་དུས་བཀག་ནི་ ༢༠༡༠ལོའ་ི ཟླ་༡༠ཚེས་༡༥ཉིན་ཡིན།

ཞིབ་འཇུག་གི་རོགས་རམ་བྱ་དགའི་རེ་ ཞུ་ཡི་གེ་ཡར་སྤྲོད་བྱེད་པའི་དུས་བཀག་ནི་ ༢༠༡༠ལོའ་ི ཟླ་༡༡ཚེས་༡ཉིན།

དེ་ལས་མང་པའི་བརྡ་འཕྲིན་དང་ ༢༠༡༠ལོའ་ི རེ་ཞུའི་རེའུ་མིག་ཕབ་ལེན་བྱེད་ པ་སོགས། ང་ཚོའི་དྲ་ཚིགས་ www.trace.org འདི་རུ་གཟིགས་ པར་འཚལ། ཡིན་ཡང་ཁྱེད་ཀྱིས་ཡིད་ འཇོག་བྱེད་དགོས་པ་ཞིག་ལ་རེ་ཞུ་ཡི་གེའི་ རེའུ་མིག་རྙིང་པ་སྤྱོད་མི་རུང་།

ཀུན་ཕན་གཏམ་གསར། ཀུན་ཕན་ཐེབས་རྩ་ཚོགས་པའི་དུས་དེབ།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.