སྦྱིན་པ་བཏང་བ།

Page 1

༄༅་། ། སྦྱིིན་པ་བཏང་བ་། པཱ་ལགས་ བུུ་མོོ་ཉིི་མ་ཨ་མ་ལགས་སྒྲུུང་རྩོོམ་པ་པོོ་བུུ་མོོ་ལྷ་མོོ་ ཀུུན་དགའ་རྒྱལ་མཚན་ རིི་མོོོ་བ་ ངག་དབང་རྡོོ་རྗེེེ་

Printed by: The SherigDirectorParkhang Trust R-27 & R-28 Ramesh Park Laxmi Nagar, New Delhi-110092

Copyright © 2018 Department of Education

All rights reserved First Edition 2018

Published by: Publication Cell/Edu. Council Department of Education Central Tibetan Administration Gangchen Distt.DharamshalaKyishong-176215Kangra(H.P.)INDIA

Email: education@tibet.netphayulshezod@tibet.net

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་བསམ་གྲུབ། རྩོམ་སྒྲིག་པ། ཀུན་དགའ་རྒྱལ་མཚན། རྩོམ་སྒྲིག་ལས་རོགས། ངག་དབང་བསྟན་འཛིན། ཇུས་འགོད་པ། ཀུན་དགའ་རྒྱལ་མཚན། སྒྲུང་འབྲི་མཁན། ཀུན་དགའ་རྒྱལ་མཚན། རི་མོ་བ། ངག་དབང་རྡོ་རྗེ། བསྐྱར་ཞིབ་པ། ཝཱ་ཎ་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་། དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་བྲག་སྣེ་མིང་ཆུང་། ཤེས་རིག་རྩོམ་སྒྲིག་ཚན་པའི་རྩོམ་སྒྲིག་པ་ཀུན་དགའ་རྒྱལ་མཚན། བསྐྱར་སྐྲུན་བདག་དབང༌། པ ཤེས་རིག་ལས་ཁུངས། པར་གཞི་དང་པོ། ༢༠༡༨ པར་སྐྲུན་བྱེད་པོ། ཤེས་རིག་པར་ཁང་།

Phone: 011-22453672, 22455634 E-mail: shepardelhi@gmail.com

Disclaimer

This children’s story book is made possible by the support of the american people through the United states agency for international Development (UsaiD). The contents of this book are the sole responsibility of Department of education, central Tibetan administration and do not necessar ily reflect the views of USAID or the United States Government. ༄༅། །བྱིས་སྒྲུང་འདི་ཉིད་ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་ཀློག་རྩལ་ཡར་རྒྱས་ལས་གཞིའི་ཁོངས་ཀྱི་བྱིས་སྒྲུང་གསར་རྩོམ་ལས་གཞིའི་འོག་ནས་པར་སྐྲུན་དང་འགྲེམས་སྤེལ་ཞུས།།

༄༅་། གུང་སེང་སྐབས་སུ་ཕ་མས་ཕྲུ་གུ་གཉིས་ཕྱིི་ལ་འཁྲིིད་ཀྱིིི་ཡོོོད་པ་རེེད་། 1

ཕ་མས་ལམ་བར་ལ་སྤྲང་པོ་ཐུག་ན་དངུལ་སྤྲོད་རྐྱང་བྱེད་ཀྱིི་ཡོོོད་པ་རེེད་། 2

ཕྲུུ་གུུ་གཉིས་ཀྱིིས་ཀྱང་ཕ་མའི་འཁྲིིས་ནས་དངུལ་བླངས་ནས་སྤྲང་པོ་ལ་སྤྲོད་ཀྱིི་ཡོོོད་པ་རེེད་། 3

ཕྲུུ་གུུ་གཉིས་ཀྱིིས་ཕ་མའི་ལད་ཟློོས་བྱས་པ་དེ་གོོམས་གཤིས་ལ་འཇགས་པ་རེད་། 4

ཐེེངས་གཅིིག་གཟའ་ཉི་མའིི་ཉིིིན་ནང་མིི་ཚང་མ་ཁྲོམ་ལ་ཕྱིན་པ་རེད་། 5

ཁོ་ཚ ར་ལམ་བར་ལ་སྤྲང་པོ་ཞིིག་ཐུག་པ་རེད་། 6

ཕྲུ་གུུ་གཉིས་ཀྱིིས་ཕ་མ་ལ་སྤྲང་པོ་འདུག་ལབ་པ་རེད་། 7

པ་ལགས་ཀྱིས་འབའ་ཁུག་ནས་སྒོར་བཅུ་བཏོན་པ་རེད་། 8

བུ་མོ་ལྷ་མོས་སྒོོར་བཅུ་དེ་སྤྲང་པོོ་ལ་སྤྲད་པ་རེད་། 9

བུ་མོ་ལྷ་མོ་དགའ་ཐག་ཆ ད་པ་རེེད་། 10

བུུ་མོ་ཉིི་མས་ང་ལ་སྤྲང་པོ་ལ་དངུལ་སྤྲད་རྒྱུའིི་གོོ་སྐབས་རག་མ་སོང་ལབ་པ་རེད་། 11

ཨ་མས་རྗེས་ལ་སྤྲང་པོར་དངུལ་སྤྲོད་མཁན་ཁྱེད་རང་ཡིན་ད་ལབ་པ་རེད་། 12

བུུ་མོོ་ཉིི་མས་གཡས་གཡོན་ལ་སྤྲང་པོ་ཡོོད་མེེད་ལྟ་ཡིིན་ལྟ་ཡིིན་ཕྱིིན་པ་རེེད་། 13

ཏོག་ཙམ་རྗེས་ལ་སྤྲང་པོ་གཞན་ཞིིག་ཐུག་པ་རེད་། 14

བུུ་མོ་ཉིི་མས་སྤྲང་པོ་མཐོང་བ་དང་དགའ་ཐག་ཆ ད་པ་རེེད་། 15

བུུ་མོོ་ཉིིི་མས་ ཨ་མ་ལགས་ ཨ་མ་ལགས་ ད་ལན་ངའི་རེེེ་མོོོས་རེེད་ད་ ཞེས་ལབ་པ་རེད་། 16

ཨ་མས་འབའ་ཁུག་ནས་སྒོར་བཅུ་བཏོན་པ་རེད་། 17

བུ་མོ་ཉིི་མས་སྒོར་བཅུ་དེ་སྤྲང་པོོ་ལ་སྤྲད་པ་རེད་། 18

བུ་མོ་ཉིི་མ་དགའ་ཐག་ཆ ད་པ་རེེད་། 19

པ་ལགས་ཀྱིས་དགེེ་བ་ཆུང་ཆུང་ནས་བསག་དགོས་གསུངས་པ་རེད་། 20

ཨ་མ་ལགས་ཀྱིས་སྐྱོོ་པོོ་ལ་སྦྱིིན་པ་གཏང་དགོས་གསུངས་པ་རེད་། 21

ཡང་ཏོག་ཙམ་ཕྱིན་པའིི་རྗེེེས་ལ་ཕོ་གསར་ར་བཟི་བ་ཞིིག་ཐུག་པ་རེད་། 22

བུུ་མོོ་ལྷ་མོོ་དང་ཉིི་མས་ཕ་མ་ལ་མི་དེེེས་དངུལ་སློང་གིི་འདུག་ལབ་པ་རེད་། 23

ཕ་མས་ཕོ་གསར་དེ་ར་བཟིི་བ་ཤེེས་ནས་དངུལ་མ་སྤྲད་པ་རེད་། 24

ཕ་མས་དངུལ་གྱིས་ག་རེ་བྱེེད་ཀྱིི་ཡིིིན་ནམ་དྲིས་པ་རེེད་། 25

ཕོ་གསར་དེས་ཇ་བཏུང་གི་ཡིིིན་ལབ་པ་རེད་། 26

པ་ལགས་ཀྱིས་མིི་དེེེ་ཇ་ཁང་ལ་ཁྲིད་ནས་ཇ་དང་བག་ལེབ་སྤྲད་པ་རེད་། 27

བུུ་མོ་ལྷ་མོས་པ་ལགས་ལ་དངུལ་ག་རེ་བྱས་ནས་སྤྲད་མེད་དྲིིས་པ་རེེད་། 28

པ་ལགས་ཀྱིས་དངུལ་སྤྲད་ན་ཡང་བསྐྱར་ཆང་རག་བཏུང་གི་རེེེད་ལབ་པ་རེད་། 29

ཨ་མ་ལགས་ཀྱིས་ཆང་རག་བཏུངས་ན་གཟུགས་པོ་ལ་གནོད་ཀྱིི་རེེེད་ལབ་པ་རེད་ །། 30

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.