ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་། ༦༨
འགྲུལ་པ་དང་ལམ།
ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་ཞུས།
རྩོམ་སྒྲིག་འགན་འཛིན།
བསོད་ནམས་བཟང་པོ།
སྒྲུང་འབྲི་མཁན།
ཀུན་དཀའ་རྒྱལ་མཚན།
རྩོམ་སྒྲིག་པ། རི་མོ་བ།
ཇུས་འགོད་པ།
ཆོས་ཉིད་སྒྲོལ་མ།
བསྟན་འཛིན་བཀྲ་ཤིས། ཆོས་ཉིད་སྒྲོལ་མ།
Copyright © 2020 Department of Education All rights reserved First Edition 2020 Acknowledgement Financial support from ARTIC (Association For Rengein Tanjouji International Cooperation), Japan has made this publication possible. Published by: Publication Cell/Education Council Department of Education Central Tibetan Administration Gangchen Kyishong, Dharamshala -176215 Distt. Kangra (H.P.) INDIA Printed by: Sherig Parkhang Trust E-mail: shepardelhi@gmail.com
༄༅། །ནང་མི་ཞིག་སྒེར་གྱི་མོ་ཊ་ཁྲིད་ནས་ཉིན་ཤས་རིང་འཁྱམ་འཁྱམ་ལ་འགྲོ་ཡི་ཡོད་
ཅིང་། པ་ཉི་མ་ལགས་ཀྱིས་མོ་ཊ་གཏོང་གི་ཡོད་པ་དང་། དེའི་འགྲམ་དུ་ལོ་ན་བཅོ་ལྔ་ལ་སོན་ པའི་ཕྲུ་གུ་ཆེ་ཤོས་བུ་མོ་མཚོ་མོ་དང་། རྒྱབ་ཏུ་ཨ་མ་བཟང་མོ། ཕྲུ་གུ་འབྲིང་བ་བུ་དོན་གྲུབ། ཕྲུ་གུ་ཆུང་ཤོས་བུ་མོ་ལྷ་མོ་བཅས་བསྡད་ཡོད་པ་རེད། ཕྲུ་གུ་ཚོའི་དབར་ལ་ལོ་གསུམ་རེའི་ ཁྱད་པར་ཡོད་པ་རེད།
1
ལོ་ན་བཞི་བཅུ་ཡིན་པའི་ཕ་ཉི་མ་མོ་ཊ་གཏོང་རྒྱུར་དབྱིངས་འཕར་ཏེ་མགྱོགས་པོ་གཏོང་གི་ཡོད་
པ་རེད། ལམ་ནི་འགྲུལ་པའི་དཀའ་ངལ་སེལ་མཁན་ཡིན་པས། སྐབས་དེར་ལམ་གྱིས། གྲོགས་
པོ་འགྲུལ་པ་ནང་མི་ཚོ། །ཧ་ཅང་མགྱོགས་པོ་བཏང་ཆེ་ན། །གཅེས་པའི་སྲོག་ལ་ཉེན་ཁ་ཆེ། །དེར་ བརྟེན་རྐྱེན་ངན་མ་བྱུང་གོང་། །གཟབ་གཟབ་གནང་གལ་ཐུགས་འཇགས་ཞུ། །ཞེས་དྲན་སྐུལ་ཞུས་ པས། ཕ་ཉི་མས་མོ་ཊ་གཏོང་རྒྱུ་ཅུང་ལྷོད་དུ་བཏང་བ་རེད།
2
འགྲུལ་པ་ནང་མི་ཚོ་མོ་ཊ་བཏང་ནས་ཆུ་ཚོད་འགའ་ཤས་ཕྱིན་པའི་རྗེས་ལམ་ཟུར་གྱི་ཟ་ཁང་
ཞིག་ཏུ་ཉིན་གུང་ཁ་ལག་བཟའ་རྒྱུར་ངལ་གསོ་བརྒྱབ་པ་རེད། དེར་ཁོ་ཚོས་ཁ་ལག་ཡག་ཐག་ ཆོད་བཟས་པ་མ་ཟད། ཨ་མས་ཤིང་ཏོག་ཁུ་བ་དང་ཕྲུ་གུ་ཚོས་འཁྱག་པ་བྱི་རིལ་དང་རྔན་པ་
སོགས་ཀྱང་བཟའ་བཏུང་བྱས་པ་རེད། འོ ན་ཀྱང་ཕ་ཉི་མས་ཤིང་ཏོག་ཁུ་བའི་ཚབ་ལ་ཨ་རག་ བཏུངས་པ་རེད།
3
དེ་ནས་ཁོ་ཚོ་བསྐྱར་དུ་མོ་ཊ་བཏང་ནས་ཕྱིན་པ་དང་། ལམ་གྱིས་པ་ལགས་དེས་ཨ་རག་བཏུངས་
ཡོད་པ་ཤེས་ནས་སེམས་ཀྱིས་མ་བཟོད་པར། གསོན་དང་འགྲུལ་པ་ནང་མི་རྣམས། །མགྱོགས་ ཚད་ཆེ་དང་ཁུར་པོ་ཆེ། །ཆང་བཏུང་གསུམ་ནི་ལམ་དགྲ་ཡིན། །དེ་གསུམ་འགྲུལ་པས་རྟག་ ཏུ་སྤོངས། །ཞེས་སློབ་གསོ་བརྒྱབ།
4
དེ་ནས་ཕ་ཉི་མས་ལམ་ལ། ཚུར་ལ་གསོན་དང་བརྩེ་བའི་ལམ། །ང་ཡིས་ཆང་ཕོར་འགའ་
བཏུངས་ཀྱང་། །མོ་ཊ་བརྡབས་པའི་ཉེན་ཁ་མེད། །དེ་འདྲའི་ལོ་རྒྱུས་བཞག་མྱོང་མེད། །ཅེས་ གདེང་ཚོད་ཆེ་མདོག་གིས་ལན་འདེབས་བྱས་ནས་མོ་ཊ་མུ་མཐུད་བཏང་བ་རེད།
5
ཡང་ལམ་གྱིས། ནང་མི་ལྷན་དུ་འཁྲིད་པའི་འགྲུལ་པ་ལགས། །མྱོས་གྱུར་ཆང་དང་ཨ་རག་ བཏུངས་པའི་རྗེས། །མོ་ཊ་གཏོང་བ་ཉེན་ཁ་ཤིན་ཏུ་ཆེ། །དེས་ན་ནང་མིར་བསམ་བློ་གཏོང་
གལ་ཆེ། །ཞེས་ནན་ཏན་ཞུས་པ་དང་། པ་ལགས་དེས་བསམ་བློ་མ་གཏོང་ཐབས་མེད་ཆགས་ པ་མ་ཟད། ནང་མི་ཚོས་ཀྱང་པ་ལགས་ལ་ལམ་གྱི་ལམ་སྟོན་བཞིན་གནང་དགོས་པར་བཤད་ དེ། ར་མ་དྭངས་བར་ལམ་དུ་ཡོད་པའི་ཟ་ཁང་ཞིག་ཏུ་ངལ་གསོས་པ་རེད།
6
ཆུ་ཚོད་གཅིག་ཙམ་རྗེས་ལ་ཕ་ཉི་མ་ར་དྭངས་ནས་ནམ་རྒྱུན་ལྟར་གྲུང་ཧྲིལ་ཧྲིལ་ཆགས་པ་
དང་། མོ་ཊའི་ནང་གཞས་སྐད་ཆེན་པོ་བཏང་ཕྱིན་པ་རེད། ཨ་མ་དང་ཕྲུ་གུ་ཚོས་ཀྱང་དེ་དང་
མཉམ་དུ་གཞས་གཏོང་གིན་གཏོང་གིན་ཕྱིན་པ་རེད། པ་ལགས་ཀྱང་གཞས་ལ་དབྱིངས་ཞུགས་ ནས་ལམ་གྱི་ཀྱོག་མཚམས་ལ་དོ་སྣང་སྤྲོད་རྒྱུར་འཐུས་ཤོར་འགྲོ་ཡི་ཡོད་པ་རེད།
7
དོ་སྣང་སྤྲོད་རྒྱུར་འཐུས་ཤོར་འགྲོ་བ་དེ་ལམ་གྱིས་ཤེས་འཕྲལ། གྲོགས་པོ་འགྲུལ་པ་ནང་མི་ ཚོ། །ཁྱེད་ཚོའི་མདུན་དུ་ཀྱོག་ལམ་མང་། །མོ་ཊ་གཟབ་གཟབ་མ་བཏང་ན། །བརྡབ་སྐྱོན་
དཀའ་ངལ་བཟོས་ཡོང་ཨང་། །ཞེས་དང་། གྲོགས་པོ་འགྲུལ་པ་ནང་མི་ཚོ། །དུས་ཚོད་ཅེས་ པ་རྩ་ཆེ་ཡང་། །ཚེ་སྲོག་དེ་བས་རྩ་ཆེ་བས། །ཐུགས་ལ་བཞག་ནས་ཕེབས་རོགས་གནང་། །ཞེས་ནན་ཏན་བཤད།
8
དེ་ནས་ལམ་གྱིས་ལམ་སྟོན་གནང་བ་སེམས་ལ་བཞག་ནས་རྒྱང་ཐག་ཀི་ལོ་མི་ཊར་འགའ་
ཤས་ཕྱིན་པའི་རྗེས་ལ། མི་མེད་ལུང་སྟོང་ཞིག་བརྒྱུད་ནས་འགྲོ་བའི་སྐབས། ལམ་ཁའི་གནས་ སྟངས་རྦད་དེ་འགྱུར་བ་ཕྱིན་པ་རེད། མི་མེད་ལུང་སྟོང་ཁུལ་དེའི་ལམ་གྱི་དཀྱིལ་ལ་ཀྱོང་ཀྱོང་ དང་། འབར་རེ་འབུར་རེ་མང་པོ་ཡོད་པས། འགྲུལ་པ་ནང་མི་ཚོ་ཨ་ར་དང་ཨུ་རུའི་སྐད་ངན་ ཤོར་བ་རེད།
9
ནང་མི་ཚོའི་སྡུག་སྐད་ལམ་གྱིས་ཐོས་ཏེ། ནང་མི་ལྷན་འཁྲིད་འགྲུལ་པ་ལགས། །ཁྱེད་ཚོ་
ཨ་ར་ཨུ་རུའི་ངང་། །འགྲུལ་བཞུད་བདེ་པོ་མ་བྱུང་བར། །བློ་འགྱོད་ཆེ་བས་དགོངས་སེལ་
ཞུ། །ཞེས་དགོངས་དག་ཞུས་པ་དང་། འགྲུལ་པ་པ་ལགས་ཀྱིས། སྐྱུར་མོ་ཞིག་དང་མ་འཕྲད་
ན། །མངར་མོ་ཐམས་ཅད་ཅང་ཅང་རེད། །འདི་འདྲའི་ལམ་དང་མ་འཕྲད་ན། །གཞུང་ལམ་བདེ་ པོའི་སྐྱིད་མི་ཚོར། །ཅེས་བཤད་དེ་མུ་མཐུད་ཕྱིན།
10
དེ་ནས་དུས་ཚོད་ཅུང་མ་འགོར་བར་ལམ་བདེ་པོར་སླེབས་པ་དང་། པ་ལགས་དེས་དགའ་སྣང་
དང་བཅས་མོ་ཊ་ཡང་བསྐྱར་མགྱོགས་པོ་བཏང་བ་རེད། དེའི་རྐྱེན་གྱིས་ལམ་ལ་སེམས་འཚབ་ བྱུང་སྟེ། ངར་ནས་འགྲོ་བའི་འགྲུལ་པ་ལགས། །ཚད་ལས་བརྒལ་བར་བཏང་ཆེ་ན། །ཚེ་སྲོག་ གཅོད་པའི་རལ་གྲི་ཡིན། །སྲོག་ལ་གཅེས་ན་བྲེལ་བ་སྤོངས། །ཞེས་ཉེན་བརྡ་ཞིག་བཏང་བ་རེད།
11
དེའི་རྗེས་ལ་པ་ལགས་དེས་མོ་ཊ་ཅུང་ལྷོད་དུ་བཏང་བ་རེད། འོན་ཀྱང་ལམ་བདེ་པོ་ཡིན་ཙང་ རྐྱེན་ངན་ཡོང་དོགས་མེད་བསམས་ཏེ། ནང་མི་ཚང་མས་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱིན་
ཕྱིན་པ་མ་ཟད། སྐབས་རེ་ཕྲུ་གུ་ཚོས་པ་ལགས་ལ་གནས་ཚུལ་མང་པོའི་ཐོག་སྐད་ཆ་དྲིས་ པས། པ་ལགས་ཀྱིས་རིག་པ་བསྒྲིམས་ནས་མོ་ཊ་གཏོང་རྒྱུར་དོ་ཕོག་འགྲོ་ཡི་ཡོད་པ་རེད།
12
འགྲུལ་པའི་གནས་སྟངས་དེ་ལམ་གྱིས་ཤེས་འཕྲལ། འགྲུལ་པའི་བཟའ་ཟླ་བུ་ཕྲུག་རྣམས། །ཅ་
ཅོའི་གཏམ་གྱིས་མགོ་མ་སྐོར། །ཁོ་པ་མོ་ཊ་གཏོང་དུ་ཆུག །དེ་མིན་ཆག་སྒོ་ཡོང་ཉེན་ཆེ། །ཞེས་ བརྡབ་སྐྱོན་མ་འབྱུང་སྔོན་ལ་སྔོན་འགོག་གི་ལམ་སྟོན་བྱས་པ་རེད།
13
དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ལམ་བདེ་ཞིང་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ལ་ སླེབས་པ་རེད། འོན་ཀྱང་པ་ལགས་དེས་མོ་ཊ་སྔར་བཞིན་མགྱོགས་པོ་གཏོང་གི་ཡོད་སྟབས། ལམ་གྱིས། ལམ་ལ་བཞུད་པའི་འགྲུལ་པ་ལགས། །སུ་མགྱོགས་འགྲན་སྡུར་གཏོང་དུས་
མིན། །མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དག །ལོངས་སུ་སྤྱོད་ཀྱིན་ཕེབས་ན་ལེགས། །ཞེས་ བཤད་པ་རེད།
14
ནང་མི་ཚོས་ཀྱང་ལམ་གྱིས་བཤད་པ་བཞིན་ཡུལ་ལྗོངས་སྙིང་རྗེ་མོ་དེ་དག་ལྟ་ཡིན་ལྟ་ཡིན་
འགྲོ་བའམ། སྐབས་རེ་ཁྱུག་ཙམ་བཀག་ནས་ཡུལ་ལྗོངས་ལ་ལྟད་མོ་ལྟ་ཞིང་དྲན་རྟེན་གྱི་པར་ བརྒྱབ་ན་ལེགས་པའི་བསམ་ཚུལ་བཤད་པར། པ་ལགས་ཀྱིས་ཀྱང་མོས་མཐུན་གནང་སྟེ།
ནང་མི་རྣམས་དུས་ཚོད་གང་འཚམ་ཡུལ་ལྗོངས་ལ་ལྟ་བཞིན་པར་བརྒྱབ་ནས་བསྡད་པ་རེད།
15
ཡང་འགྲུལ་པ་ནང་མི་དེ་དག་མོ་ཊ་བཏང་ནས་ཕྱིན་པས། པ་ལགས་དེས་ཏོག་ཙམ་མགྱོགས་ སུ་མ་བཏང་ན་དུས་ཐོག་མི་འབྱོར་བར་བཤད་དེ། མོ་ཊ་གང་མགྱོགས་བཏང་བ་རེད། དེ་ནས་
ཡང་བསྐྱར་ལམ་གྱིས། འགྲུལ་པ་ཁྱེད་ཉིད་གཏོང་ཕོད་ཅན་ཡིན་ན། །འགྲོ་བ་མི་རིགས་གཞན་ ལ་ཕན་པའི་ཕྱིར། །ཁྲག་མཛོད་ནང་ལ་ཁྲག་སྦྱིན་གཏོང་བ་ལས། །ལམ་གཞུང་ཁྲོད་དུ་ཁྲག་ གི་སྦྱིན་པ་སྤོངས། །ཞེས་བཤད་སྟབས་ཅུང་ལྷོད་དུ་བཏང་།
16
ལམ་གྱིས་དུས་ནས་དུས་སུ་གཟབ་གཟབ་གནང་དགོས་པ་དང་། ཚེ་སྲོག་གལ་ཆེ་ཡིན་ཚུལ་ སོགས་མང་པོ་བཤད་པ་ལ་བརྟེན་ནས་སོ་སོའི་འདོད་བློ་བཞིན་མགྱོགས་པོ་གཏོང་མ་ཐུབ་
སྟབས། འགྲོ་སའི་ཡུལ་དུ་མ་འབྱོར་སྔོན་ལ་ཉི་མ་ནུབ་འགོ་ཚུགས། དེ་ནས་པ་ལགས་དེས་ ཡང་བསྐྱར་མོ་ཊ་སྔར་བཞིན་མགྱོགས་པོ་བཏང་བ་རེད།
17
ལམ་གྱིས་ཕ་ཉི་མས་མགྱོགས་པོ་གཏོང་གི་ཡོད་པ་ཤེས་ནས། མཚན་ལ་སྐྱོད་པའི་འགྲུལ་
པ་ཚོ། །ཁྱེད་ཚོ་བདེ་བར་འབྱོར་དགོས་ན། །མགྱོགས་པོ་བཏང་སྟེ་འགྲོ་བ་ལས། །གཡས་
གཡོན་གཟིགས་ནས་ཕེབས་པ་ལེགས། །ཞེས་མཚན་ལ་མགྱོགས་པོ་གཏོང་རྒྱུ་མེད་པའི་དྲན་ སྐུལ་བཏང་བ་རེད། དེ་ལ་བརྟེན་ནས་འགྲུལ་པ་ནང་མི་ཚོ་འགྲོ་སའི་ཡུལ་དུ་ཕྱི་པོ་འབྱོར་ཡང་ བདེ་ཐང་ངང་འབྱོར་ཐུབ་པ་བྱུང་བ་རེད་དོ།། །།
18