༡ ཟླ་བའི་ལྷ་མོ། (མ་རྩོམ། སུའི་ཡིན་མ་ཤེས།) ༄༅། །དབྱི་ཡིས་ལྷའི་དབང་པོའི་བུ་དགུ་བསད་དེ་ལྷ་ཡི་དབང་པོ་ལ་ ཕོག་ཐུག་བཏང་བས། ལྷའི་དབང་པོས་དབྱི་དང་ཁོའི་ཆུང་མ་ཟླ་བའི་ལྷ་མོ་ མི་ཡུལ་དུ་བསྐྲད་ནས་འཇིག་རྟེན་པར་ཕབ།
༢ དབྱི་མི་ཡུལ་དུ་སླེབས་ནས་ཉིན་ལྟར་རྔོན་པའི་འཚོ་བ་སྐྱེལ་བཞིན་ཡོད། ཁོང་གི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་ཀྱང་འགྱོད་པ་གཏན་ནས་ སྐྱེས་མེད། ཡིན་ན་ཡང་ཁོའི་ཆུང་མ་ཟླ་བའི་ལྷ་མོ་ནི། རྗེས་སུ་ འཇིག་རྟེན་པ་དང་འདྲ་བར་འཆི་ངེས་རེད་ བསམས་ནས། སེམས་སྐྱོ་ཞིང་ ཉིན་ལྟར་རང་གི་ཁྱོ་བོ་ལ་ སྡུག་བསྔལ་ཤོད་ཀྱི་ཡོད།
༣ ཉིན་ཞིག ཟླ་བའི་ལྷ་མོས་གློ་བུར་དུ་དབྱི་ལ། ནུབ་ཕྱོགས་ཁུ་ནུ་རི་བོ་ན་བདུད་རྩིའི་ ལྷ་མོ་ཡོད། ཁོ་མོ་ལ་འཆི་མེད་བདུད་རྩིའི་རིལ་བུ་ཡོད། འཆི་མེད་བདུད་རྩིའི་ རིལ་བུ་ཞིག་བཟའ་རྒྱུ་བྱུང་ན།
ཁྱོད་ཀྱིས་ བདུད་རྩིའི་ལྷ་མོ་ལ་འཆི་མེད་བདུད་རྩིའི་རིལ་བུ་གཉིས་སློང་དུ་ཕྱིན་ན། ངེད་གཉིས་ འཆི་མེད་ཚེ་རིང་ཡོང་གི་མ་རེད་དམ། ཞེས་བཤད།
འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཀྱི་རེད།
༤ དབྱི་ཡིས་ཆུང་མར་སེམས་གསོ་གཏང་ཡས་ཀྱི་ཆེད་དུ། ཉིན་རྗེས་མའི་ ཞོགས་པ་ཁུ་ནུ་རི་བོར་ཕྱིན་པ་རེད། ཁོས་རི་བོ་བརྒལ་ཞིང་བྱེ་ཐང་བརྒྱུད་དེ་ ཉིན་ཞག་གསུམ་ལ་དཀའ་སྡུག་ཆེན་པོས་ཕྱིན་པའི་མཐར། ཁུ་ནུ་རི་བོའི་འདབས་སུ་སླེབས་སོ། །
༥ དབྱི་ཡིས་བདུན་རྩིའི་ལྷ་མོ་ལ་རྒྱུ་མཚན་ཞུས། བདུད་རྩིའི་ལྷ་མོས་དབྱི་ནི་ འབངས་མི་སེར་གྱི་སྤྱི་དགྲ་འདུལ་མཁན་དཔའ་བོ་ཞིག་ ཡིན་པ་སྔར་ནས་གོ་མྱོང་ཡོད་པས། ཁོ་མོས་ འཆི་མེད་བདུད་རྩིའི་རིལ་བུ་གཉིས་དབྱི་ལ་ གནང་ནས། འདི་ནི་ལོ་སྟོང་གི་བདུད་རྩི་ ལས་བཟོས་པའི་འཆི་མེད་རིལ་བུ་ཡིན། གཅིག་བཟས་ན་འཆི་མེད་ཚེའི་ དངོས་གྲུབ་ཐོབ་ཐུབ་པ་དང་། གཉིས་བཟས་ན་ལྷ་ཡུལ་ལ་འཕུར་ཐུབ། བདག་པོ་ཡག་པོ་རྒྱོབ་ཅེས་གསུངས།
༦ དབྱི་ནི་བདུད་རྩིའི་ལྷ་མོ་དང་ཞལ་གྱེས་ནས་ཉི་མ་ གསུམ་གྱི་རྗེས་སུ་ཁྱིམ་དུ་འབྱོར། ཁོས་འཆི་མེད་ རིལ་བུ་དེ་ཟླ་བའི་ལྷ་མོ་ལ་སྤྲད་པ་དང་། བདུད་རྩིའི་ལྷ་མོས་གསུངས་པ་ དེ་ཡང་ཁོ་མོར་བཤད། ཁོས་ད་དུང་ཟླ་བའི་ལྷ་མོ་ལ་ཁྱོད་ཀྱིས་རིལ་བུ་ཉར་ཚགས་གྱིས། མཚན་མོ་ཟླ་བ་མཁའ་དབྱིངས་སུ་འཆར་སྐབས། ང་གཉིས་ཀྱིས་ མཉམ་པོར་བཟའ་ཆོག་ཅེས་བཤད་རྗེས་ཁོ་འཕྲལ་དུ་གཉིད་ཉལ་བ་རེད།
༧ ཟླ་བའི་ལྷ་མོས་རིལ་བུ་གཉིས་ལག་ཏུ་ཉར་ཏེ་བསྒུགས་བསྒུགས་པའི་མཐར། ཟླ་བ་མཁའ་ལ་ཤར་བ་དང་། ཁོ་མོས་རིལ་བུ་གཅིག་ཁ་ནང་དུ་ བཅུག་ནས་མིད་པའི་རྗེས་ལ་སེམས་ནང་། རིལ་བུ་གཅིག་བཟས་ན་འཆི་མེད་ཚེའི་དངོས་གྲུབ་ཐོབ་ཐུབ་ཀྱང་། ད་དུང་མི་ཡུལ་དུ་སྡོད་དགོས་ལ། རིལ་བུ་གཉིས་པ་བཟས་ན་ལྷ་ཡུལ་དུ་ འགྲོ་ཆོག་བསམས་ནས། འཆི་མེད་རིལ་བུ་གཞན་པ་དེ་ཡང་བཟས་པ་རེད།
༨ ཡུན་རིང་མ་འགོར་བར། ཟླ་བའི་ལྷ་མོའི་ལུས་པོ་ནི་ ཡང་མོར་གྱུར་ཏེ། ག་ལེ་ག་ལེར་ནམ་མཁར་འཕུར་འགྲོ་ཡི་ཡོད། ཁོ་མོ་ཇེ་མཐོ་ཇེ་མཐོར་ཕྱིན་ནས་ལྷ་ཡུལ་དུ་སླེབས། འོན་ཀྱང་ལྷའི་ ཕོ་བྲང་དུ་ཁོ་མོར་སྡོད་ས་མེད་པས། ཟླ་བའི་ཐོག་མི་འགྲོ་ཐབས་མེད་བྱུང་།
༩ ཟླ་བའི་ཕོ་བྲང་ནང་དུ་སྨན་རྡུང་མཁན་རི་བོང་ཞིག་དང་། ཤིང་ཚ་ཞེས་པའི་སྨན་གྱི་ཤིང་སྡོང་ཞིག་མ་གཏོགས་ མེད་པས་ཁ་ཁུ་སིམ་བུ་ཡོད། ཟླ་བའི་ལྷ་མོ་ནི་གྲོགས་མེད་ཁེར་རྐྱང་ལ་དེ་རུ་ སྡོད་དགོས་བྱུང་བ་དང་། སེམས་ནང་འགྱོད་པ་ཚད་མེད་སྐྱེས། ཁོ་མོ་སླར་ཡང་ཟླ་བའི་གམ་དུ་འགྲོ་བསམས་ཀྱང་ད་ནི་འགྲོ་ཐབས་བྲལ།
༡༠ ཕྱིས་སུ། ཟླ་བའི་ཕོ་བྲང་དུ་སྟོབས་ཆེན་ཞེས་པ་ཞིག་སླེབས་པ་རེད། མི་དེ་ནི་ ཤིང་ཚ་སྡོང་པོ་གཅད་རྒྱུའི་ཉེས་ཆད་ཕོག་པ་ཞིག་རེད། ཤིང་ཚ་སྡོང་པོ་ དེའི་མཐོ་ཚད་ལ་མི་ཊར་ལྔ་བརྒྱ་ཙམ་ཡོད་པ་དང་། སྟ་རེས་ཐེངས་རེ་ཤིང་སྡོང་ལ་གཞུས་ནས་བཅད་མ་ཐག ཤིང་སྡོང་དེ་རང་བཞིན་གྱིས་ཁ་ཟུམ་འགྲོ་ཡི་ཡོད། སྟོབས་ཆེན་གྱིས་ ཟླ་བའི་ཕོ་བྲང་ལས་ཐར་ཆེད་ངལ་གསོ་རྒྱག་ལོང་མེད་པར་ཤིང་གཅོད་ཀྱིན་ཡོད།
༡༡ ཤོད་སྲོལ་ལ་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་མཚན་མོར། གལ་སྲིད་ གནམ་གཤིས་དྭངས་མོ་ཡིན་ན། ཟླ་བའི་ཕོ་བྲང་ནང་ཟླ་བའི་ ལྷ་མོ་དང་། རི་བོང་། ཤིང་ཚ་སྡོང་པོ་དང་དེ་བཞིན་དུ་ སྟོབས་ཆེན་བཅས་གསལ་པོར་མཐོང་ཐུབ་ཟེར་རོ།། །།