༡ མ་རྩོམ། ཡེ་སུའུ། (ཀེ་རི་སི།) སྤྱང་ཀི་སླེབས་བྱུང། ༄༅། །གནའ་སྔ་མོར་ས་ཆ་ ཞིག་ན། ལུག་རྫི་ཆུང་ཆུང་ཞིག་ ཡོད། ཁོས་ཉིན་རེ་བཞིན་ལུག་ ཁྱུ་དེ། རི་མགོར་དེད་ནས་འཚོ་ བཞིན་ཡོད།
༢ ལུག་ཁྱུ་རྣམས་རྩྭ་ཟ་བའི་སྐབས། ཁོ་ཤིང་སྡོང་ཞིག་གི་ འོག་ཏུ་གླུ་ལེན་པའམ་གཉིད་ལོག་ནས་སྡོད་པ་དང་། མཚམས་མཚམས་ལ་ཁོ་ཡུལ་པོ་ཡང་ཡོང་གི་ཡོད།
༣ ས་མཐོ་ས་ཞིག་ལ་ཕྱིན་ནས། སྤྱང་ཀི་སླེབས་བྱུང། སྤྱང་ཀི་སླེབས་བྱུང། ཞེས་སྐད་བརྒྱབ་པ་དང་། ཉིན་ཞིག་ཁོས་ཞིང་པ་ཚོ་ཞིང་ལས་བྱེད་བཞིན་ཡོད་པ་ མཐོང་བས།
ཁོ་ཚོར་རྩེད་མོ་ཞིག་རྩེ་དགོས་དྲན་ནས།
༤ ཞིང་པ་ཚོས་སྐད་དེ་ཐོས་མ་ཐག་ཏུ་ལས་ཀ་
འཇོར་དང་ཟོར་བ་ཁྱེར་ནས་མྱུར་དུ་ རིའི་སྒང་ལ་རྒྱུགས། རི་མགོར་སླེབས་ཚེ་ སྤྱང་ཀི་མེད།
མཚམས་བཞག་ནས།
༥ དེ་ནས་ཁོ་ཚོས་ལུག་རྫི་ཆུང་ཆུང་ལ་ སྤྱང་ཀི་གང་ན་འདུག་དྲིས་པར། ལུག་རྫིས་གད་མོ་དགོད་བཞིན་དུ་ སྤྱང་ཀི་སླེབས་མ་བྱུང་། ངས་ཁྱོད་ཚོར་རྩེད་མོ་ བརྩེས་པ་ཡིན། ཞེས་བཤད།
༦ རྗེས་མ་ནས་དེ་འདྲ་བྱེད་མི་རུང་ཞེས་བཤད། ལུག་རྫི་ ཆུང་ཆུང་གིས་ལགས་སོ་ཞེས་ཁས་ལེན་བྱས། ཞིང་པ་རྒན་པོ་ཁོང་ཁྲོ་ལངས་ནས། ཁྱོད་ཀྱིས་མི་ལ་མགོ་སྐོར་ འདི་འདྲ་གཏོང་ག་ལ་རུང་།
༧ ཉིན་འགའ་སོང་རྗེས། ལུག་རྫི་ཆུང་ཆུང་དེས་ཡང་ ཉི་མ་མ་འཁྱོལ་བས། བསྟན་བཤིག་གི་ལས་ཀ་ཞིག་བྱེད་ དགོས་དྲན་ནས། ཡང་བསྐྱར་རི་འདབས་ལ་ སྤྱང་ཀི་སླེབས་བྱུང།ཞེས་སྐད་ཆེན་པོ་བརྒྱབ།སྤྱང་ཀི་སླེབས་བྱུང་།
༨ ཞིང་པ་ཚོས་གོ་བ་དང་། བྲེལ་བ་འཚུབ་འཚུབ་ངང་ རིའི་སྒང་དུ་རྒྱུག་ཡོང་བ་ལ། ཡང་ལུག་རྫི་དེས་མགོ་སྐོར་ བཏང་བ་ཤེས། ཁོས་སྔར་བཞིན་གད་མོ་དགོད་བཞིན་དུ་ འདི་ན་སྤྱང་ཀི་ཡོད་པ་མ་རེད། ངས་རྩེད་མོ་བརྩེས་པ་ཡིན། ཞེས་བཤད།
༩ ད་ནས་བཟུང་ཁྱོད་ལ་ཡིད་ཆེས་བྱེད་ཀྱི་མིན་ཞེས། བཤད་དེ་ལོག་སོང་བ་རེད། ལུག་རྫི་ཆུང་ཆུང་གིས། མི་དེ་ཚོར་ག་རེད་བཤད་པ་ཡིན་ནའང་། ཉན་གྱི་འདུག་ བསམས་ནས། སྣང་བ་སྐྱིད་པོ་བྱུང་བ་རེད། ཞིང་པ་ཚོ་ཁོང་ཁྲོ་ལངས་ཏེ་ བུ་ཁྱོད་དེ་འདྲའི་སྡུག་པ་ལ།
༡༠ ཉིན་ཞིག རི་མགོར་སྤྱང་ཀི་ཞིག་ དངོས་སུ་སླེབས་ཏེ། ལུག་ཁྱུའི་ནང་ དུ་བརྒྱུགས་ནས་ལུ་གུ་ཟ་སྐབས། ལུག་རྫི་ཆུང་ཆུང་དངངས་སྐྲག་སྐྱེས་ ནས། སྤྱང་ཀི་སླེབས་བྱུང་། ཚང་མ་ཤོག་དང་། ཞེས་སྐད་བརྒྱབ།
༡༡ ཁ་ཡ་བྱེད་མཁན་གཅིག་ཀྱང་མ་བྱུང་བ་རེད།
ཡོད་པ་རེད་ཟེར་ནས།
རི་འདབས་ཀྱི་ཞིང་པ་ཚོས་ཁོའི་སྐད་ཐོས་ཀྱང ཡང་ཁོས་སྐྱག་རྫུན་བཤད་དེ། མགོ་སྐོར་གཏོང་གི་
༡༢ ལུག་རྫི་ཆུང་ཆུང་སྐྲག་ཐག་ཆོད་དེ་ བྲོས་ནས་རང་ཉིད་ཀྱི་སྲོག་ཐར་ཐུབ་ཙམ་བྱུང་ཡང། ར་ལུག་ཚང་མ་སྤྱང་ཀིས་བསད་པ་རེད།། །།