༄༅། །ཕྱི་ལོ་༢༠༡༣ ལོའ ་ི བཙན་བྱོལ་བོད་མིའི་གཞི་རིམ་སློབ་མའི་ ཕུལ་བྱུང་རྩོམ་ཡིག་དང་ཡིག་གཟུགས་ ཕྱོགས་བསྒྲིགས།།
འདོན་ཐེངས་བཅོ་བརྒྱད་པ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས་དཔར་ཏེ་བཀྲམ།
རྩོམ་སྒྲིག་པ།
འཇམ་དབྱངས།
ཞུ་དག།
བཀྲ་ཤིས་དོན་གྲུབ།
རྒྱབ་ཤ་ཇུས་འགོད།
འཇམ་དབྱངས།
ཐུགས་སྣང།
ཀློག་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་ www.sherig./tib ནས་ཕབ་ལེན་དང་བལྟ་ཀློག་ཐུབ།
བཙན་བྱོལ་བོད་མིའི་ཤེས་ལྷན་སྤྱི་ཁྱབ་ཡིག་ཚང་ནས་ཕྱོགས་བསྒྲིགས་བྱས། ཤེས་རིག་པར་ཁང་གིས་དཔར་ཏེ་བཀྲམ།
༢༠༡༣ལོར་ཐོག་མར་དེབ་གྲངས་༡༥༠༠དཔར།
Special Acknowledgement Funded by Danish Government, through Centre for International Cooperation in Education (CICE) - Copenhagen, Denmark
རྩོམ་ཡིག་འདེམས་སྒྲུག་གི་བརྒྱུད་རིམ
སྨྱུག་གསར་
༡༨
གཞི་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ ལས་རིམ་ངོ་སྤྲོད།
༡། རྩོམ་ཡིག་འདེམས་སྒྲུག་གི་དམིགས་ཡུལ།
གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་ ཤུགས་སྣོན་སླད། ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་ ལོ་རེར་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཁྲོད་རྩོམ་ཡིག་འགྲན་སྡུར་གྱི་ ལས་རིམ་སྤེལ་མུས་ལགས་ཤིང༌། རྩོམ་ཡིག་འགྲན་སྡུར་དེ་ནི་སློབ་གྲྭ་དང་ སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་ལ་གཟེངས་བསྟོད་གནང་རྒྱུ་ཙམ་མ་ ཡིན་པར། གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་གདེང་འཇོག་ དང་དཔྱད་ཞིབ་ཀྱི་གཞི་རྩར་འགྱུར་ཆེད་དང༌། འབྲེལ་ཡོད་དགེ་རྒན་རྣམས་ ལ་སློབ་མའི་རྩོམ་འབྲིའི་གནས་ཚད་དང་ཁ་ཕྱོགས། རྩོམ་འབྲིའི་སློབ་ཁྲིད་ ལ་ལམ་སྟོན་དང་དཔྱད་ཞིབ་ཀྱི་རིན་ཐང་མཁོ་སྤྲོད། སློབ་མ་རྣམས་ལ་དུས་ རྒྱུན་རྩོམ་འབྲིའི་ནུས་རྩལ་སྦྱོང་བརྡར་གྱི་དཔྱད་གཞིར་འགྱུར་བ་བཅས་ཀྱི་ ཕན་ནུས་ཐོན་པའི་དམིགས་ཡུལ་བཟུང་ཡོད། ༢། རྩོམ་ཡིག་འདེམས་སྒྲུག་གི་བརྒྱུད་རིམ། རྩོམ་ཡིག་འདེམས་སྒྲུག་བྱེད་སྟངས་ནི།
ཀ ཐོག་མར་འཛིན་རིམ་སོ་སོའ ་ི ནང་སྔོན ་འགྲོ འ ་ི རྩོ མ ་ཡི ག་འདེ མ ས་ སྒྲུག་བྱས་ཏེ་རྩེ་ཕུད་སློབ་མ་རེ་འདེམས་དགོས། ཁ ཤེས་ལས་ཀྱིས་རྩོམ་འདེམས་ཀྱི་དུས་ཚེས་དང༌། རྩོམ་ཡིག་གི་ཁ་བྱང་ I
སྨྱུག་གསར་
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བཅས་སློབ་ཁོངས་སོ་སོར་བསྐུར་རྒྱུ།
ག གཏན་འབེབས་དུས་ཚེས་སུ། སློབ་ཁག་སོ་སོས་འབྲེལ་ཡོད་བོད་དགེ་ དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འཐུས་མི། དགེ་རྒན་དང་ཕ་ མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱི་གཟིགས་རྟོག་འོག་ འདེམས་སྒྲུག་བྱ་རྒྱུ། ང འདེམས་སྒྲུག་དངོས་གཞིའི་སྐབས་དུས་ཡུན་སྐར་མ་ ༡༥ སྔོན་དུ་ཤེས་ རིག་ལས་ཁུངས་ཀྱིས་བསྐུར་བའི་རྩོམ་བྱང་ཁ་ཕྱེས་ཆོག ཅ འགྲན་ཞུགས་སློབ་མས་རྩོམ་ཡིག་བྲིས་ཚར་མ་ཐག་སློབ་མའི་རྩོམ་ ཡིག་སྟེང་གཟིགས་རྟོག་ཚོགས་ཆུང་གིས་རྟགས་ཐམ་བཀོད་དེ་ཉིན་ དེ་རང་ལ་ཤེས་ལས་སུ་སྦྲག་གཏོང་བྱ་དགོས། ༣། ཕུལ་བྱུང་རྩོམ་ཡིག་གདེང་ཞིབ་བྱེད་ཐབས།
ས་གནས་སློབ་ཁག་གིས་དུས་ཚེས་རྒྱས་བཅད་ནང་བསྐུར་འབྱོར་ བྱུང་བའི ་ རྩོ མ ་ཡི ག ་རྣམས་ལ་གདེ ང ་ཞི བ ་སླད། ཤེ ས ་རི ག ་ལས་ཁུངས་ ཀྱིས་འཛིན་རིམ་སོ་སོར་རྩོམ་ཡིག་གདེང་ཞིབ་པ་ཆེད་ལས་མཁས་པ་རེ་ བསྐོ་འཛུགས་གནང་སྟེ། འཛིན་རིམ་སོ་སོའ ་ི ཨང་རིམ་རྩེ་ཕུད་གསུམ་རེ་ འདེམས་སྒྲུག་གིས་བྱ་དགའ་གནང་བ་དང་ཆབས་ཅིག རྩོམ་ཡིག་རྣམས་ སྨྱུག་གསར་ཞེས་པའི་ལོ་འཁོར་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་གཞི་ རིམ་སློབ་གྲྭ་ཡོངས་སུ་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད།
II
རྩོམ་སྒྲིག་པའི་གཏམ
སྨྱུག་གསར་
༡༨
རྩོམ་སྒྲིག་པའི་གཏམ། བློ་རིག་གསལ་ཞིང་མྱུར་བའི་ལོ་ཆུང་རྩོམ་པ་པོ་གཙོས་ཀློག་པ་པོ་ཚང་
མའི་སྙན་ལམ་དུ།
༡། འདིར་བཀོད་རྩོམ་ཡིག་རྣམས་འགྲན་སྡུར་གྱི་དུས་བཅད་ཆུ་ཚོད་གསུམ་ནང་
སློབ་ཕྲུག་ཚོས་སྐབས་ཐོག་ཏུ་བྲིས་པ་ཡིན། རྩོམ་ཡིག་གི་གོ་རིམ་སྒྲིག་སྟངས་ ཐད་འཛིན་རིམ་གཞིར་བཟུང་བྱས་ཡོད།
༢། མ་རྩོམ་དུ་བྱུང་བའི་ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ་རེ་ཟུང་དགོས་དབང་
གིས་བཟོ་བཅོས་མི་རྒྱག་ཀ་མེད་རིགས་ཕུད། མ་རྩོམ་རང་སོར་འཇོག་ཐབས་ བྱས་ཡོད།
༣། རྩོམ་ཡིག་སོ་སོའ་ི མཇུག་ཏུ་རྩོམ་ཡིག་དཔྱད་མཆན་རེ་བྲིས་ཡོད།
དཔྱད་
མཆན་འབྲི་བའི་དམིགས་ཡུལ་ནི་སློབ་མ་ཚོར་རྩོམ་ཡིག་གི་ལེགས་ཉེས་ གསལ་སྟོན་བྱ་རྒྱུ་ཁོ་ནའི་ཆེད་དུ་ཡིན།
༤། ཐེངས་འདིའི་བྱེད་སྒོའ ་ི ཁྲོད་བྱ་དགའ་ཐོབ་པ་དེ་རྩོམ་འབྲིའི་གནས་ཚད་ མཐའ་འཁྱོལ་བྱུང་བའི་དོན་མ་ཡིན་པས།
གཙོ་བོར་སློབ་མའི་རྩོམ་རྩལ་
དང་རྩོ མ ་འབྲི འི ་ཤེ ས ་ཚད་གོ ང ་མཐོ ར ་གཏོ ང ་བ་ལ་སྐུལ་འདེ ད ་བྱ་རྒྱུ་དེ ་ ཡིན།
དེ་ལྟར་བྱེད་པར་རྩོམ་ཡིག་གང་མང་ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྦྱོང་
བརྡར་བྱེད་རྒྱུ་ཧ་ཅང་གལ།
རྒྱུ་མཚན་དེས་སློབ་ཕྲུག་གཞན་པར་ངན་
ཤན་མི ་ ཐེ བ ས་པའི ་ ཆེ ད ་དུ་འདི ར ་བཀོ ད ་རྩོ མ ་ཡི ག ་ལ་བཟོ ་ བཅོ ས ་ཕྲན་
ཙམ་བརྒྱབ་སྟེ་དེབ་གཟུགས་སུ་བགྱིས་པ་འདིས་ན་ཆུང་སློབ་མ་ཚོའི་རྩོམ་
འབྲིའི་བྱ་བར་སྐུལ་འདེད་དང། མ་འོངས་པར་རྩོམ་ཡིག་འབྲི་སྦྱོང་ལ་ལམ་ III
སྨྱུག་གསར་
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
སྟོན་དང་དཔྱད་གཞིའི་རིན་ཐང་ལྡན་པར་ཡིད་ཆེས་བྱེད་བཞིན་ཡོད།
༦། གཞན་ཡང་དེབ་ཆུང་འདིས་ལོ་ཆུང་སློབ་མ་དག་གི་རྩོམ་ཡིག་གི་གནས་
ཚད་ལ་རྒྱུས་ལོན་དང། ཕན་ཚུན་དཔྱད་གཤིབ། ལེགས་ཆ་སྡུད་ལེན། མ་ འོངས་པའི་ཁ་ཕྱོགས་དང་དམིགས་འབེན་གསར་འཛུགས་བཅས་ཀྱི་རྒྱུར་
འགྱུར་བའི་རེ་བའང་ཡོད།
མཇུག་མཐར་གཞི་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་
གི་བྱེད་སྒོའ་ི ནང་ཆ་ཤས་ལེན་མཁན་རྟོག་ཞིབ་པ་དང་ཞིབ་འཇུག་པ།
འབྲེལ་
མཐུད་པ་སོགས་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། རྒྱ་ཆེའི་ཀློག་ པ་པོ་རྣམས་ཀྱིས་དགེ་འདོན་སྐྱོན་བསལ་གྱི་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་ ཡོང་བའི་རེ་སྐུལ་བཅས།
རྩོམ་སྒྲིག་པས།
ཕྱི་ལོ་༢༠༡༢༣ ཟླ ༡༢་ ཚེས ༡༠ ཉིན་ངྷ་རམ་ས་ལར།
IV
རུས
དཀར་ཆག
་མ ི ང །
འཛིན་གྲྭ
འཛིན་གྲྭ་དྲུག་པ།
བསྟན་འཛིན་ཚེ་གཡང།
བདག་གི་པཱ་ལགས།
དཔེ་སྟོན་སློབ་གྲྭ། ༡
རིག་འཛིན་བསྟན་དགའ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སུ་ཇ་བོད་ཁྱིམ། ༥
མགོན་པོ་སྐྱབས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སུ་ཇ་བོད་ཁྱིམ། ༩
འཛིན་གྲྭ་བདུན་པ།
སློབ་མ་བཟང་པོ།
ངག་དབང་དར་རྒྱས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གོ་པལ་པུར་བོད་ཁྱིམ། ༡༣ བཀུར་འོས་པའི་དགེ་རྒན།
སྒྲོལ་མ་ལྷ་མོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སུ་ཇ་བོད་ཁྱིམ། ༡༧ བཀུར་འོས་པའི་བཤེས་གཉེན།
ཀླུ་མོ་སྒྲོལ་མ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཏི་ཛི་སློབ་གྲྭ། ༢༡
འཛིན་གྲྭ་བརྒྱད་པ།
བཀྲ་ཤིས་རྒྱན་མཚན།
མ་སུ་རི་བོད་ཁྱིམ། ༢༤
ངའི་རེ་སྨོན།
ཚེ་ཐར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སེ་ལ་ཀུའི་བོད་ཁྱིམ། ༢༩
བུ་ཡག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འཛིན་གྲྭ་དགུ་པ།
ཤ་བོ་རྡོ་རྗེ།
ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ།
སངས་རྒྱས་དོན་འགྲུབ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སུ་ཇ་བོད་ཁྱིམ། ༣༣
གོ་པལ་པུར་བོད་ཁྱིམ། ༣༧ གོ་པལ་པུར་བོད་ཁྱིམ། ༤༣
ངག་དབང་ལྷ་མོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ དཔེ་སྟོན་སློབ་གྲྭ། ༤༩
འཛིན་གྲྭ་བཅུ་པ།
སུ་ཇ་བོད་ཁྱིམ། ༥༥ རྟ་མགྲིན་དབང་རྒྱལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གཞིས་བཞུགས་མི་མང་གི་རེ་འབོད།
སེ་ལ་ཀུའི་བོད་ཁྱིམ། ༦༢ ཟླ་བ་ཚེ་རིང། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཡིད་ལ་ལྷང་ལྷང་དྲན་བྱུང།
ཉི་འོད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གཞིས་བཞུགས་མི་མང་གི་རེ་འབོད།
སེ་ལ་ཀུའི་བོད་ཁྱིམ། ༦༧
འཛིན་གྲྭ་བཅུ་གཅིག་པ།
སུ་ཇ་བོད་ཁྱིམ། ༧༥ ཡི་དམ་བཀྲ་ཤིས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སློབ་མཐར་ཕྱིན་པའི་ཉིན་མོ།
སུ་ཇ་བོད་ཁྱིམ། ༨༢ སྐལ་བཟང་ས་འཛིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གྱེས་ཁའི་འདུ་འཛོམས།
འཛིན་གྲྭ་བཅུ་གཉིས་པ།
སུ་ཇ་བོད་ཁྱིམ། ༩༠ ཤ་བོ་མཆོད་རྟེན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ སློབ་མཐར་ཕྱིན་པའི་ཉིན་མོ། གོ་པལ་པུར་བོད་ཁྱིམ། ༩༦ སེང་གདོང་སྐྱབས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བདེན་པའི་མེ་ལྕེ།
ནོར་ཚེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ དཔའ་བོའ ་ི ཁ་ཆེམས།
གོ་པལ་པུར་བོད་ཁྱིམ། ༡༠༤
སེ་ལ་ཀུའི་བོད་ཁྱིམ། ༡༡༡ མཁའ་མོ་སྐྱིད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བདེན་པའི་མེ་ལྕེ།
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
བདག་གི་པཱ་ལགས།
སྨྱུག་གསར།
༡༨
བསྟན་འཛིན་ཚེ་གཡང། དཔེ་སྟོན་སློབ་གྲྭ
ཨེ་མ། ནམ་མཁའ་གཡའ་དག་ཅིང་གནམ་གཤིས་ནི་བཟང། གངས་
རི་ནས་འབབ་པའི་ཆུ་བོ་ལྷུང་ལྷུང་དུ་འབབ་ཅིང་བྱ་བྱེའུ་རྣམས་ཀྱིས་གྲེ་
འགྱུར་སྒྲོག་བཞིན་དགའ་བདེའི་དཔལ་ལ་རོལ་ཅིང་མཆིས། དུས་དེར་བུ་ མོ་ང་དྲོད་འཇམ་ལྡན་པའི་མལ་ལས་ལངས་ནས་ག་ལེར་ནག་ཅིང་སྣུམ་
པའི་མིག་ཆུང་ཆུང་གཉིས་ཕྱེས་ཏེ་གང་སར་བལྟས་པ་ན། དམར་ཞིང་སྦོམ་
པའི་མཆུ་ཏོ་དེ་ལས་ཨ་ལ་ལ་ཞེས་པའི་སྒྲ་དེ་འདོན་དགོས་བྱུང་ལ་རང་ཉིད་ ལྡུམ་ར་ཆེན་པོ་ཞིག་གི་ནང་སླེབས་པའི་ཚོར་སྣང་དང་བཅས་དགའ་སྤྲོ་ དཔག་མེད་སྐྱེས། སྐབས་དེར་རྩིག་ངོས་སུ་བཀལ་བའི་ཆུ་ཚོད་དེར་བལྟས་ པའི་ཚེ། ཞོགས་པའི་ཆུ་ཚོད་བདུན་པ་ཟིན་འདུག་པས། མགྱོགས་མྱུར་ངང་ ཁ་ངོ་གཙང་མ་ཞིག་བཀྲུས་རྗེས་སེམས་སུ་སྨྲ་མི་ཤེས་པའི་གནས་ཚུལ་མང་ པོ་ཞིག་གསལ་ལྷང་ངེར་དྲན་བཞིན་བདག་སློབ་གྲྭར་སོང། 1
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དེ་རིང་གི་ཉིན་མ་འདིར་རྩོམ་ཡིག་འགྲན་སྡུར་བྱ་དགོས་པ་དྲན་
ནས་ངས་རྩོམ་བྱང་དུ་བདག་གི་པཱ་ལགས་ཞེས་པ་དེ་འབྲི་བར་སྣག་སྨྱུག་ དང་ཤོག་གདན་གྲ་སྒྲིག་བྱས།
སྤྱིར་གཟུགས་པོ་རིང་ཞིང་སྐམ་པོ་མེད་ལ་རྒྱགས་པ་ཡང་མེད་པར་
ཚད་དང་རན་པ་ཞིག་ཡོད། མིག་ཆུང་ལ་ཙི་ཙིའི་མིག་དང་ཁྱད་མེད། ད་ དུང་ཁོང་མི་གཞན་དང་གྲོགས་པོ་སྒྲིག་རྒྱུར་དགའ་ལ་གཞན་དང་མཐུན་ པོ་བྱ་རྒྱུར་དེ་བས་དགའ།
ཉིན་ལྟར་ཁོང་ཚོང་ཁང་དུ་ཕེབས་ཏེ་སྐུ་ལས་ཚད་མེད་བསྐྱོན་པ་
རྣམས་ཡིད་ལ་དྲན་དུས་མིག་གཉིས་ལས་མིག་ཆུ་མུ་ཏིག་གི་ཕྲེང་ཐག་ཆད་ པ་ལྟར་ས་ལ་ལྷུང་བ་དང། ཁོང་གི་མཚན་ལ་བཀྲ་ཤིས་ཕུན་ཚོགས་ཟེར་
ཞིང་ཁོང་ནི་ངས་དགའ་ཤོས་བྱེད་པའི་ཨ་ཕ་རེད། ཕྲན་ཆུང་དུས་ཨ་ཕས་ ཟས་ཞིམ་གོས་བཟང་རྣམས་ང་ལ་སྦྱིན་ནས་གཉོར་སྐྱོང་བྱས། གྱོན་གོས་ ཙོག་པར་བཟོས་པ་རྣམས་རྒྱུན་དུ་ཁོང་གིས་འཁྲུད་གནང་གི་ཡོད།
ཆུང་དུས་ཕ་མ་གཉིས་དང་ལོ་ཚད་མཉམ་པའི་མི་གཞན་དག་གིས་
གྱོན་གོས་རྫིག་པོ་དང་སྙིང་རྗེ་མོ་གྱོན་དུས་ཁོང་གཉིས་ནི་དེ་ལས་ལྡོག་སྟེ་ ང་ཚོར་ལྟ་སྐྱོང་གང་ལེགས་བྱས། ད་ལྟ་ནག་ཅིང་སྣུམ་པའི་སྐྲ་ལོ་རྣམས་
མེད་པར་ཆགས་ཤིང་ག་ལེར་སྐྲ་དཀར་སྐྱེས་འགོ་ཚུགས་ན་ཡང་སྐུ་ལས་
ཚད་མེད་སྐྱོན་གནང་གི་འདུག ད་དུང་ང་རྒན་ལགས་ཚོ་ནི་སེམས་ཤུགས་ གཅི ག ་ལས་གཅི ག ་ཆེ ་ བའི ་ དཔེ ་ སྟོ ན ་སློ བ ་གྲྭ་དེ ་ འདྲའི ་ ཡག་པོ ་ ཞི ག ་ཏུ་ བསྐྱལ་བྱུང།
2
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཕྲན་གྱི་པཱ་ལགས་ནི་ཁ་ལག་བཟོ་མཁས་ལ་སེམས་ཧ་ཅང་བཟང་
ཞིང་སྦྱིན་པ་གཏོང་རྒྱུར་ཡང་དགའ། གལ་ཏེ་པཱ་ལགས་དང་ཨ་མ་ལགས་
གཉིས་མེད་ན་ངས་འཇིག་རྟེན་འདི་མཐོང་ཐབས་མེད་པས། ངས་ཁྱེད་ གཉིས་ལ་དྲིན་ལན་དང་ཞབས་ཞུ་མ་ཞུས་ན་བདག་གསོན་ཡང་སྙིང་པོ་
གཅིག་ཀྱང་མེད་པ་རེད། ཨ་ཕ་ལགས། ང་ཁྱེད་ལ་ནམ་ཡིན་རུང་ཧ་ཅང་
དགའ་ལ་གལ་སྲིད་མི་གཞན་གྱིས་ངར་གསེར་སྤྲད་དེ་ཁྱོད་ཚོངས་ཟེར་ ཡང་ངས་ནམ་ཡང་འཚོང་མི་སྲིད་དོ། །
གཟུགས་ཅུང་རིང་ཞིང་སེམས་བཟང་ཅན། ། ཟས་ཞིམ་ཚང་མ་གུས་མོ་ང་ལ་སྦྱིན། །
ཁ་ལག་བཟོ་རྒྱུར་ཧ་ཅང་མཁས་པས་ན། །
ཉིན་ལྟར་ང་ཚོས་ཟས་ཞིམ་ལོངས་སུ་སྤྱོད། ། གཞན་དང་ལྷན་དུ་གྲོགས་པོ་སྒྲིག་རྒྱུ་དགའ། །
བུད་མེད་ཅིག་དང་འདྲ་བར་སེམས་པ་གཉོམ། །
ཆུང་ནས་ད་བར་བྱམས་སྐྱོང་ཚད་མེད་གནང། ། ང་ནི་པཱ་ལགས་ཁྱེད་ལ་གཏན་དུ་དགའ། །
3
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོ་ཡི་ཡུལ་ལྗོངས་བཀོད་འབྲི་དེ་དང། སྐབས་ཐོག་དེའི་སེམས་
ཚོར་གསལ་པོར་བྲིས་ཡོད་པ་དེ་ནི་ཅི་འདྲའི་གསོན་ཉམས་ལྡན་པ་ཞིག་རེད་ཨང། འོན་ཀྱང་ དེ་ཡིས་རྩོམ་གྱི་བརྗོད་དོན་གཙོ་བོ་སྟེ། པཱ་ལགས་ཀྱི་ཕྱི་ཡི་རྣམ་པ་དང་ནང་གི་ཁྱད་ཆོས་སོགས་
གསལ་པོར་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཐོན་མི་འདུག་སྙམ། དེར་བརྟེན། ངས་བསམས་ ན་ཡུལ་ལྗོངས་བཀོད་འབྲི་དེ་མེད་ཀྱང་མི་སྐྱོན། དུམ་ཚན་དེ་མེད་ན་རྩོམ་ཡིག་ཇེ་ཐུང་འགྲོ་སྲིད་ མོད། རྩོམ་ཡིག་ཅིག་ལེགས་འགྲུབ་འབྱུང་མིན་དེ་ཚིག་གི་མང་ཉུང་ལ་འབྲེལ་བ་མེད།
དེ་རྗེས་རང་གི་པཱ་ལགས་ཀྱི་ཕྱི་ཡི་རྣམ་པ་དང་གཤིས་རྒྱུད། ཕྱག་ལས་གནང་སྟངས།
བུ་ཕྲུག་སྐྱོང་སྟངས་སོགས་རང་གིས་གང་ཤེས་པ་གསལ་པོར་བཀོད་པ་དེར་མི་སེམས་སྒུལ་བའི་ ནུས་པ་འདུག འོན་ཀྱང། དེ་དག་ཚན་པ་མ་འདྲ་བ་འགར་བགོས་ཏེ་གོ་རིམ་བཞིན་བྲིས་ཡོད་ན། རྩོམ་ཡིག་འདིར་སྔར་བས་ཀྱང་མཛེས་ཆས་ཤིག་སྣོན་ཐུབ་པར་གོར་མ་ཆག།
ཆེས་མཇུག་གི་ཚིགས་སུ་བཅད་པ་གཉིས་པོ་དེ་སྡེབ་སྦྱོར་ཤིན་ཏུ་ལེགས་མོད། བརྗོད་
བྱ་གོང་གི་ལྷུག་པ་ལས་འདའ་མེད་ཕྱིར། ཁོ་བོས་བསམས་ན་དགོས་པ་ལྷག་པོ་ཞིག་མེད་ན་ ཚིགས་བཅད་དེ་མེད་ཀྱང་རྩོམ་ཡིག་འདིར་ཆད་ལྷག་གི་སྐྱོན་མི་འདུག་སྙམ།
སྤྱིར་ན་རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་ལ་ཀློག་བདེ་ཞིང་གོ་སླ་བའི་ཁྱད་ཆོས་
ལྡན། ལྷག་པར་དུ་རྩོམ་ཡིག་ཐུང་ཐུང་འདི་འདྲ་ཞིག་གི་ལམ་ནས་རང་གི་པཱ་ལགས་མཚམས་ སྦྱོར་ལེགས་པོ་བྱས་འདུག་པར་མ་ཟད། རང་ཉིད་ཀྱི་དུངས་སེམས་ཀྱང་མི་དམན་ཞིག་མཚོན་
འདུག། ལོ་རིམ་དྲུག་པའི་སློབ་མ་ཞིག་ལ་མཚོན་ན། འདི་འདྲའི་རྩོམ་ཡིག་ཅིག་འབྲི་ཐུབ་པ་ནི་ ཅི་འདྲའི་དགའ་འོས་པའི་དོན་དག་ཅིག་རེད་ཨང་སྙམ།
4
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
བདག་གི་པཱ་ལགས།
སྨྱུག་གསར།
༡༨
རིག་འཛིན་བསྟན་དགའ། སུ་ཇ་བོད་ཕྲུག་ཁྱིམ་སྡེ།
རང་རྒྱུ་ཚེ་རབས་སྔ་མར་བསགས་པའི་རྣམ་དཀར་དགེ་བ་ཡིས། །
ལས་རྐྱེན་དུ་མར་འཕྲད་པའི་འཇིག་རྟེན་འདི་རུ་མགྲོན་དུ་བོས། །
འཁྲུལ་བྲལ་བག་ཆགས་ཟབ་མོས་ཡོད་དགུ་སྦྱིན་པོ་པཱ་ལགས་སུ། ། དོན་ལྔ་སྣོད་དྲུག་ཀུན་ཚང་རྙེད་དཀའི་ལུས་འདི་རྩིས་སུ་ཕུལ།
སྐྱེས་ནས་རང་མགོ་ཐོན་པར་གཅིན་སྐྱག་ལ་སོགས་ཕྱག་གིས་ཕྱིས། ། རང་ནུས་ཡོད་དགུ་བཏོན་ཏེ་ཕྲན་གྱི་མ་འོངས་ཁ་ཕྱོགས་འཚོལ། །
ག་སྐྱིད་གང་བདེར་རོལ་ཕྱིར་ཡོད་ཚད་བྱིན་ཞིང་ད་དུང་འཚོལ། ། བླ་མེད་བྱམས་ཀྱིས་སྐྱོང་པོ་དྲིན་ཆེན་ཕ་ལ་གུས་ཕྱག་ཕུལ། །
འདོད་དགུ་ཕུན་ཚོགས་འབྱུང་གནས་ཤེས་རིག་སྐྱེད་ཚལ་ཡངས་པོ་རུ། ། འགྲིམས་པའི་གོམ་པ་དང་པོར་བསླབ་བྱ་ཟབ་མོས་སྐྱེལ་མ་བྱས། ། ཡོད་དགུ་ཕངས་མེད་སྦྱིན་ཏེ་ཕྲན་གྱི་འདོད་པ་གང་བར་བརྩོན། ། 5
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བརྗེད་བྲལ་ཡབ་ཆེན་དམ་པར་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ། ། བྱ་སྤྱོད་བཟང་ངན་གཉིས་ཚང་སློབ་ཕྲུག་ཁྱུ་ཚོགས་འདུ་ས་རུ། །
འགྲོ་སྡོད་གནས་སྟངས་མ་ཤེས་མར་སྟེང་སྤུ་བཞིན་ལུས་པའི་ཚེ། །
ཐུགས་ཡངས་པཱ་ཕའི་བསླབ་བྱ་ཡིད་ལ་གསལ་ལེར་འཚང་ཁ་རྒྱག། ། སྤོབས་པ་ཆེས་ཆེར་བསྐྱེད་དེ་ཚུལ་མཐུན་སློབ་མའི་གྲལ་དུ་ཕྱིན།
པཱ་ཕའི་བསླབ་བྱར་མཐུན་པའི་བཤེས་གཉེན་དམ་པའི་བསླབ་བྱ་དེས། ། མགོ་བོ་གཟེངས་སུ་ཐོན་པའི་འཁྲུལ་བྲལ་བློ་སྐྱེད་དུ་མ་རྙེད། །
ཕྲན་གྱི་ཡོད་དགུའི་བདག་པོ་པཱ་ལགས་ཁྱད་ཆོས་ཡོན་ཏན་ལ། ། སྔར་ལྷག་བསྔགས་འོས་ཡི་རང་བསོད་ནམས་དཔལ་དུ་ཆེ། །
བདག་གི་དྲིན་ཆེན་པཱ་ལགས་ཁྱེད་ནི་བཅོས་མིན་ལམ་ཞུགས་ཀྱི། །
བྱང་སེམས་ཞུམ་མེད་སེམས་དཔའ་མི་ཡུལ་བྱོན་འདྲའི་མཐུ་ལྡན་པའི། ། ང་གཙོས་ཀུན་ལ་ཕན་སེམས་ཆེ་བའི་བསྟོད་ཚིག་མེ་ཏོག་འཐོར། །
གང་ལྕོགས་རྗེས་སུ་འཇུག་པར་བརྩོན་པ་མི་ལྷོད་དམ་བཅས་ཡོད། ། ནང་མི་འཆམ་མཐུན་ཡོང་བ་ཁྱེད་ཉིད་བཀའ་དྲིན་ཉག་ཅིག་དང། ། ཚུལ་མཐུན་བསླབ་བྱ་ཟབ་མོས་ངེད་ཀྱི་རང་གཤིས་བརླན་པས་སོ། །
ད་དུང་བཅོས་མིན་སྙིང་རྗེའི་འཛུམ་ཞལ་དཀར་མོས་བདེ་སྐྱིད་སྟེར། །
ཡབ་ཆེན་དམ་པའི་སྐུ་ཚེ་བརྟན་ཞིང་བཞེད་དགོངས་འགྲུབ་གྱུར་ཅིག། ། 6
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
བཙན་པོ་ལས་ཀྱི་འཁོར་ལོས་གསོན་པོར་གྱེས་བྲལ་ལམ་བུར་དེད། །
༡༨
གྱེས་གདུང་ཚོར་བ་སྐྱུར་མོས་མཁུར་ཚོས་མཆི་མས་རབ་ཏུ་སྦངས། །
གཅིག་བྱམས་གཉིས་བརྩེའི་བསླབ་བྱར་གཞན་ཕན་ལས་ཀྱི་གྲུབ་འབྲས་སུ། ། གནའ་དེང་ཤེས་ཡོན་ཀུན་ལ་བརྩོན་ཅིག་ཨ་ཕའི་གཅེས་ཕྲུག་གསུངས། ། པ་ཕའི་རྔུལ་ཆུས་བསགས་པའི་རྙེད་དཀའི་ཀུན་དགའ་དོན་གྲུབ་དེ། ། ཕྲན་ཆུང་མི་ཡུལ་འགྲིམས་པའི་ཁྲིད་གླར་ཡོངས་སུ་བསྔོས་པ་དང། །
ཁྱེད་ཀྱི་བློས་གཏོང་འདི་དག་དམར་ཆུང་སེམས་ཀྱི་དབུས་སུ་བཅངས། །
རེ་འདུན་འགྲུབ་ཕྱིར་གནའ་དེང་རིག་པའི་གཞུང་ལ་བརྩོན་བཞིན་གདའ།། ཞུམ་མེད་སྙིང་སྟོབས་ཆེན་པོས་བསླུ་མེད་བསླབ་བྱའི་གདམས་ངག་འདི། ། ངེད་ཀྱི་རྣ་བར་བླུགས་པའི་གཡོ་མེད་གཞན་ཕན་ལྷག་བསམ་དེར། །
བསྔགས་པའི་ཡིད་སྨོན་ཤོར་ཞིང་ཐུགས་རྗེའི་བཀའ་དྲིན་བསམ་ཤེས་སུ། ། སྙན་པའི་དབྱངས་རྟ་འཁྱུག་ཅིང་ཕན་པའི་ལས་ལ་འབད་རྒྱུ་ཡིན། །
ད་ཆར་གྱེས་ཐག་རིང་ཡང་ལས་དང་བསོད་ནམས་འཁྲུལ་བྲལ་གྱིས། ། རང་རྒྱུད་ཤེས་བྱས་ཁེངས་ཤིང་རང་ཡུལ་ལོག་པའི་དུས་ལོས་ཡོད། ། དུས་དེར་ཁྱེད་ཀྱི་ལྟ་བ་གཞན་ཕན་ལྷག་བསམ་དཀར་མོ་ཡིས། །
ཕ་བུ་ལྷན་འཛོམས་ངང་ནས་ཀུན་ཕན་ལས་ལ་གེགས་མེད་ཤོག། ། རིག་པའི་གནས་ལྔར་བརྩོན་པའི་བོད་ཁྱིམ་སློབ་མའི་མིང་འཛིན་པའི། ། 7
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བསྟན་དང་འགྲོ་ཀུན་ཕན་པའི་བླ་མེད་༸རྒྱལ་བའི་བཀའ་དྲིན་འོག། ། དགའ་སྤྲོ་བརྗོད་མེད་ངང་ནས་ཤེས་ཡོན་སྦྱོང་རྒྱུའི་བགོ་སྐལ་ཐོབ། ། གོ་སྐབས་འདི་དག་བརྒྱུད་ནས་རང་དབང་མྱུར་དུ་རེག་གྱུར་ཅིག། རྩོམ་ཡིག་དཔྱད་མཆན། ཚིགས་བཅད་རྩོམ་ཡིག་འདི་ནི། བུ་ཕྲུག་གི་ཆེད་དུ་ཅི་ཡང་བྱེད་ནུས་པའི་ཕ་བཟང་
པོ་ཞིག་ལ་མངོན་པར་བསྟོད་པའི་དུངས་སེམས་ཀྱིས་མཚོན་པར་བྱས་པའི་སྙན་རྩོམ་ཡག་པོ་ ཞིག་རེད། རྩོམ་ཡིག་འདི་ལས་ཕ་བཟང་པོ་ཞིག་དང་བུ་ཕྲུག་ཅིག་གི་ལྷད་མེད་ཀྱི་ཕ་བུའི་བརྩེ་
འདང་མྱོང་ཐུབ་པར་མ་ཟད། བུ་ཕྲུག་ཅིག་འཚར་ལོངས་འབྱུང་ཕྱིར་ཕ་བཟང་པོ་ཞིག་གིས་ཡོད་ དགུ་བློས་བཏང་བའི་གཏམ་རྒྱུད་ཅིག་གི་བྱུང་རིམ་ཡང་ཝ་ལེར་མཐོང་ཐུབ། འདི་ལས་ལོ་ཆུང་
རྩོམ་པ་པོར་རྩོམ་རྩལ་མི་དམན་པ་མངའ་བ་རྟོགས་ཐུབ།རྩོམ་ཡིག་ཧྲིལ་པོའ་ི ཚིགས་བཅད་སྡེབ་ སྟངས་ནི་ནམ་རྒྱུན་རྒྱུགས་མི་ཆེ་བའི་འབྲི་སྟངས་ཤིག་སྟེ། ཅུང་ཟད་དཀའ་བའི་ཚོད་དུ་མཐོང་
མོད། རྩོམ་པ་པོས་དུས་ཡུན་ཐུང་ངུའི་ནང་ཚིག་གི་སྡེབ་སྦྱོར་མགོ་ནས་མཇུག་བར་གྲ་མ་ཉམས་་
གྲུ་མ་ཆག་པར་སྦྱར་ཡོད་པ་ནི་ངོ་མཚར་བའི་གནས་སུ་མཐོང། གང་ལྟར། ལོ་རིམ་དྲུག་པ་ཞིག་ གིས་བྲིས་པའི་རྩོམ་རེད་ཟེར་ན་རྣར་མི་འགྲོ་བ་ཞིག་རེད།
རྩོམ་ཡིག་ཅི་འདྲ་ཞིག་ཡིན་ཡང་སྐྱོན་མེད་པ་ཞིག་མེད་ལ། དེ་བཞིན་སྐྱོན་ཁོ་ནས་
སྦགས་པ་ཞིག་ཀྱང་ཤིན་ཏུ་ཉུང། དེར་བརྟེན། རྩོམ་ཡིག་འདིར་ཡང་སྐྱོན་ཏིལ་ཙམ་ཡང་མེད་ ཅེས་བརྗོད་ཁག་པོ་ཡིན། རྩོམ་འགོར་“འཁྲུལ་བྲལ་བག་ཆགས་ཟབ་མོས་ཡོད་དགུ་སྦྱིན་པོ་པཱ་ ལགས་སུ། དོན་ལྔ་སྣོད་དྲུག་ཀུན་ཚང་རྙེད་དཀའི་ལུས་འདི་རྩིས་སུ་ཕུལ། །”ཞེས་པ་སོགས་དེ་ འདྲའི་ཚིག་ལ་གོ་བ་ཇི་ལྟར་བླངས་ན་འགྲིག་མིན་བཤད་དཀའ་བར་སྣང། 8
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
བདག་གི་པཱ་ལགས།
སྨྱུག་གསར།
༡༨
མགོན་པོ་སྐྱབས།
སུ་ཇ་བོད་ཕྲུག་ཁྱིམ་སྡེ།
བདག་གི་པཱ་ལགས་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་རྟ་
ནོར་ལུག་གསུམ་དང་མཉམ་དུ་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཅིག་
ཡིན། ད་དུང་གཡང་དཀར་ལུག་གི་འབའ་སྒྲ་དང་ནོར་ནག་གི་ངུར་སྒྲ། འདོ་རིགས་རྟ་ཕོའ ་ི འཚེར་སྒྲ་དང་འགྲོགས་ཤིང། དགྲ་ནག་པོའ ་ི ཁ་གཏད་
བཅག་མྱོང་ཡོད་པའི་སྐྱེས་ཆེན་ཞིག་ཡིན། དེ་བས་བདག་ཁོང་གི་དཔའ་ མཛངས་གླེང་རྒྱུ་དགའ་ལ། ད་དུང་ཕྱི་འཇམ་རྒན་ཚུགས་ཀྱི་མི་གཤིས་གླེང་ རྒྱུ་དེ་བས་ཀྱང་སྤྲོ།
གནའ་བོའ ་ི ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་སྐྱེས་ཆེན་དམ་
པ་མང་པོ་ས་ལ་བརྡབས་ཤིང། ཡུགས་ས་མ་མང་པོའ ་ི ངུ་སྐད་ཀྱིས་རི་ལུང་ ཁྱབ་པའི་དུས་ཀྱི་བཙན་འཛུལ་གྱི་ཁྲོད་དུ་བདག་གི་པཱ་ལགས་ནི་བྱིས་པ་
བསམ་མེད་སྣབས་ལུག་ཅིག་ཡིན་འདུག། འོན་ཀྱང་རང་ཉིད་ཀྱི་སྣབས་ 9
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ལ་བདག་མི་ཐུབ་པའི་བྱིས་པ་དེ་ནི་ཁྱིམ་ཚང་གི་བདེ་སྡུག་ཕྲག་ཏུ་འཁུར་ མཁན་དང་ཉིན་མཚན་དབྱེར་མེད་དུ་རྟ་ནོར་ལུག་གསུམ་ལ་བདག་སྐྱོང་ བྱེད་མཁན་གཙོ་བོ་ཡིན་འདུག ཁོས་རང་ཉིད་ཀྱི་ཁྱིམ་ཚང་དེའི་ཆེད་དུ་ དཀའ་སྡུག་གི་རྔུལ་ཁྲག་ས་ལ་གཏོར་ཞིང་དགོང་འཕྱི་ཉལ་དང་ཞོགས་སྔ་
ལངས་ཀྱིས་ལས་ལ་བརྩོན་པས་ནོར་ལུག་གི་འཕེལ་ཁ་རྒྱས་ཤིང་རུ་སྐོར་ ཁྱི མ ་མཚེ ས ་ཀྱི ས ་བསྔགས་བརྗོ ད ་བྱེ ད ་སའི ་ ཕོ ་ གསར་ངར་བ་ཞི ག ་ཡི ན ་ འདུག།
ཁ་ལས་རླུང་རྟ་དབྱར་གྱི་མཚོ་མོ་ཇི་བཞིན་རྒྱས་ཤིང་ལང་ཚོ་དར་ལ་
བབས་པའི་ཕོ་ལོ་བཅོ་བརྒྱད་ཀྱི་ཐོག་ནས་ས་ཆེན་གྱིས་མི་ཐེག་པའི་སྡུག་ བསྔལ་ཞིག་མི་འདོད་བཞིན་ཐོག་ལ་བབས་པ་དེ་ནི་ཁོ་བོའ ་ི ཕ་དམ་པ་ཚེ་ ལས་འདས་པས་བརྒྱུད་རིམ་ཞིག་ཡིན་འདུག།
དུས་དེ་ནས་བཟུང་སྟེ་ཁོ་ནི་ཕ་མེད་པས་དྭ་ཕྲུག་གམ་བློ ་ འདྲི ་ ས་
མེད་པས་རྒོད་པོ་གཤོག་ཆད་བཞིན་དུ་གྱུར། ཕ་མེད་པའི་ལོ་ཟླའི་ནང་ཉིན་
ནི་ལོ་ལྟར་རིང་ཞིང་མཚན་ནི་ཟླ་ལྟར་འཁྱོལ་དཀའ་བས་སྡུག་གཏམ་གྱི་ དབུགས་རིང་མང་པོ་ཞིག་བདག་གི་རྣ་ལམ་དུ་ཡང་མང་པོ་སྒྲོག་མྱོང། ད་
སྐབས་ཕྱིར་འདང་རེ་རྒྱག་སྐབས། བདག་གི་པཱ་ལགས་ནི་དཀའ་སྡུག་གི་ ཁུར་བོ་ལྕི་མོ་རྒྱབ་ཏུ་ཁུར་ཞིང། སྡུག་ཡུས་ཀྱི་མིག་ཆུ་ཁོག་ཏུ་མིད་མཁན་ གྱི་སྐྱེས་ཆེན་ཞིག་ཡིན་པ་གཞི་ནས་ཤེས།
འོན་ཀྱང། ཆུ་ཚོད་ཀྱི་ཐག་སྒྲ་དང་ལྷན་དུ་ལོ་ཟླ་ནི་རིམ་གྱིས་ཡལ་
སོང། དུས་རབས་ཡང་འགྱུར་སོང། མི་རབས་ཡང་གསར་པ་ཞིག་སླེབས་ 10
འཛིན་གྲྭ་དྲུག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
སོང། དེ་བས་སྐྱེས་ཆེན་གྱི་པཱ་ལགས། བདག་ཁྱེད་ཀྱིས་བསགས་པའི་རྒྱུ་ ནོར་ལོངས་སྤྱོད་ཀྱིས་མ་ཚིམས་པ་ཁྱོན་ནས་མིན། སྤང་ལྗོངས་སྔོན་མོའ ་ི མཛེས་སྡུག་ལ་སུན་སོང་བ་དེ་བས་ཀྱང་མིན། དུས་རབས་ཤིག་གི་འཁོར་
འགྲོ ས ་འགྱུར་སྐབས། བདག་ཀྱང་དུས་རབས་དང་བསྟུན་ནས་འགྱུར་ དགོས། དེ་བས་བདག་ཤེས་རིག་གི་ཞིང་ཁམས་འགྲིམས་འདོད་པ་ལས།
ཁྱེད་ཀྱི་གསུང་ལ་རྒྱབ་འགལ་བྱས་ནས་ས་མཐར་འཁྱམས་པ་ཁྱོན་ནས་ མིན། ཕུགས་འདུན་གསར་པ་ཞིག་སྙེག་སྐབས་བགྲོད་ལམ་ཡང་གསར་པ་ ཡིན་པས་སྐྱེས་ཆེན་གྱི་པཱ་ལགས་ཐུགས་བསམ་མཛད་རོགས།
ལོ་ཟླ་ཁད་ཀྱིས་འདས་སོང། ཁྱེད་ཀྱི་བུ་ཆུང་ཡང་རིམ་གྱིས་ཤེས་
རིག་གི་སྐྱེས་ཚལ་ན་འཚར་གྱིན་ཡོད། སྐྱེས་ཆེན་གྱི་པཱ་ལགས། ཁྱེད་ད་དུང་
རླུང་ཁའི་དར་ལྕོག་བཞིན་ནོར་ལུག་གི་རྫི་བོ་ཡིན་བསམ་སྐབས། བདག་ལ་ ན་ཟུག་དང་སེམས་ཁྲལ་ཅི་འདྲའི་ལྕི་མོ་ཞིག་ཡོད་པ་ཁྱོད་ཀྱིས་མཁྱེན་ནམ།
ཁ་བའི་འདབ་མ་དང་ལྷན་དུ་ཁྱེད་ཀྱི་དཀར་པོར་གྱུར་བའི་སྐྲ་ལོ་ཡི་ཉག་
མ་རེ་རེ་དང། རྒས་གཉེར་གྱིས་ཁེངས་པའི་ངོ་གདོང་སོགས་དགུན་གཞུང་ རིང་མོའ་ི གྲང་རླུང་ཁྲོད་ན་རྒ་བཞིན་པ་དྲན་ན། ས་མཐར་འཁྱམས་པའི་བུ་ ཆུང་ངའི་སྙིང་ཁོང་ན་ཟུག་གིས་ཁེངས། ཁྱེད་ཀྱིས་ཡིད་ཆེས་དང་རེ་འདུན་
རུམ་གང་ཁུར་ནས་ཨུ་ཚང་གི ་ རྒྱབ་རི ་ མཐོ ན ་པོ འ ་ི སྒང་ནས་ས་མཐར་
འཁྱམས་པའི་བུ་ཆུང་ང་ལ་སྒུགས་དང། བུ་ཆུང་ངས་ཤེས་རིག་གི་ལེགས་ སྐྱེས་དྲོན་མོ་ཞིག་ཁྱེར་ནས་མྱུར་དུ་སླེབས་ཡོང། སྐྱེས་ཆེན་གྱི་པཱ་ལགས། བདེ་བར་བཞུགས་ཤིག་ཀྱེ།
11
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བརྗོད་དོན་གྱི་ཆ་ནས་དུམ་ཚན་ཆེན་པོ་གཉིས་སུ་དབྱེ་ཆོག་སྟེ།
རྩོམ་གྱི་འགོ་ནས་རང་བྱུང་ཚན་པ་བཞི་པ་བར་ཚན་པ་གཅིག་དང། དེའི་བྱིངས་ཚན་པ་གཅིག་ ཡིན། ཚན་པ་དེ་གཉིས་ལས་སྔ་མས་རྩོམ་ཡིག་གི་ཁ་བྱང་སྟེ། བདག་གི་པཱ་ལགས་ཀྱི་སྐོར་མཚོན་
པ་བཟང་ལ་རྩོམ་གྱི་འགོ་བཙུགས་པ་དེ་བས་ཀྱང་ལེགས། འོོན་ཀྱང་ཚན་པ་གཉིས་པ་ནས་བཟུང་ རྩོམ་ཡིག་གི་བརྗོད་དོན་གཙོ་བོ་དང་ཁད་ཀྱིས་གྱེས་པས་མདོག་ཤོར་བའི་བཟོ་ཞིག་འདུག།
རྩོམ་ཡིག་ཅི་ཞིག་ཡིན་ཡང་མགོ་མཇུག་བར་གསུམ་དུ་བརྗོད་དོན་གཙོ་བོ་བོར་
མི་རུང། ལྷག་པར་རྩོམ་ཡིག་གི་མཇུག་བསྡུས་པ་འགོ་བཙུགས་པ་ལས་ཀྱང་ལེགས་དགོས། དེ་
མིན་ན། འགོ་བཟུང་བ་བཟང་ཡང་མཇུག་བསྡུས་པ་ངན་ཚེ། རྩོམ་ཡིག་ལེགས་པོ་མི་འཁྱོངས་ པའི་ཁར། ཀློག་པ་པོར་ཡང་ཡིད་ཕངས་པའི་དངན་པ་འཆོར་རུ་འཇུག
སྤྱིར་ན་རྩོམ་ཡིག་འདིའི་ནང་གི་དཔེ་འཇོག་ལ་སོགས་པའི་མཚོན་སྟངས་ལ་གསོན་
ཉམས་ཀྱིས་ཕྱུག་པ་དང། རྩོམ་གྱི་འགོ་ནས་མཇུག་བར་ཀློག་བདེ་ལ་གོ་སླ་བ་མ་ཟད། མི་སེམས་ སྒུལ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ཞིག་གིས་ཡོངས་སུ་འཁྱུད་འདུག ལོ་རིམ་དྲུག་པའི་སློབ་
མ་ཞིག་གིས་འགྲན་སྡུར་གྱི་དུས་ཡུན་ཐུང་ངུའི་ནང་རྩོམ་ཡིག་འདི་འདྲ་ཞིག་འབྲི་ཐུབ་པ་ནི། བསྟོད་བསྔགས་ཀྱི་ཡུལ་ཞིག་ཅི་ལ་མིན་ཨང།
12
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སློོོབ་མ་བཟང་པོོོ།
སྨྱུག་གསར།
༡༨
ངག་དབང་དར་རྒྱས། གོ་པལ་པུར།
ཨེ་མ། དུས་ཚོད་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་བང་རྩལ་དང་
བཅས་རྒྱུག་མཆོང་བྱེད་བཞིན་པའི་རྟ་མཆོག་རྒོད་པོ་དང་འདྲ་བས། བགྲང་ བྱ་དུ་མ་ཇི་ལྟར་འདས་པའང་མ་ཤེས།
བསམ་འགྲུབ་ལ་མཚོན་ན། དུས་ཡུན་དེ་དག་གི་ཁྲོད། ཁོས་གཡང་
དཀར་ལུག་དང་རྟ་ནོར་གྱི་རྗེས་སུ་འབྲངས་ཏེ་རི་སྒང་དུ། ཁེར་རྐྱང་གི་གླུ་ སྒྲ་དབྱངས་སུ་གྱེར་ནས་དུས་ཡུན་རིང་ཙམ་འདས།
དེར་བརྟེན། ཁོ་ད་ལྟ་སྔོན་ཆད་ཀྱི་བྱིས་པ་སྣབས་ལུག་དེ་དང་གཏན་
ནས་མི་མཚུངས་པར་ཕོ་ལོ་བཅོ་ལྔའི་ལང་ཚོ་དར་བས། འདབ་གཤོག་རྒྱས་
པའི་གཤོག་ཐོགས་བྱ་བཞིན། རྫ་རི་སྨུག་པོའ་ི མཁའ་དབྱིངས་སུ་འཕུར་ལྡིང་ གི་གར་ལ་རོལ་ནས་རྩྭ་ཐང་གི་གཞི་འཛིན་དཔའ་རྟུལ་ཞིག་དང་གཉིས་སུ་ 13
སྨྱུག་གསར།
མ་མཆིས།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
འཚོ་བ་དེ་མཇུག་སྒྲིལ་ནས་་ཁོ་རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་ཆེན་
མོ་འདི་རུ་ལས་དབང་གི་བཀོད་སྒྲིག་ལྟར་གོམ་ཁ་སྒྱུར་དུས། ཚེ་གཅིག་གི་ བྱམས་ལྡན་ཡབ་ཡུམ་གཉིས་ལ་མཐའ་མའི་གྱེས་ཕྱག་ཕུལ་ཏེ་གཉེན་མེད་ རྒྱུས་མེད་ཀྱི་ས་མཐའི་གྲུ་ཁ་འདི་རུ་སླེབས།
དུས་ཚོ ད ་ནི ་ ཐུར་ནས་ཐུར་དུ་བཞུར་གྱི ན ་པའི ་ རྒྱུན་རི ང ་བའི ་
གཙང་པོ་ཞིག་དང་ཀུན་ནས་མཚུངས། སློབ་གྲྭ་འདིར་འབྱོར་ཉིན་ནས་
བཟུང། ཁོར་རང་ཉིད་ཀྱི་ཕ་ཡུལ་དྲན་པའི་མངར་སྐྱུར་འདྲེས་མའི་ཚོར་
བ་དང། ཞེ་སྨྲེང་བའི་སྡུག་གླུ་དང་སྤྲོ་སེམས་ཀྱི་སྙིང་གཏམ་བརྗོད་ས་མེད་ པར་ཡུན་རིང་འགོར།
རྒྱུན་རིང་བའི་ལོ་ངོ་འདི་དག་གི་ཁྲོད། ཁོས་རང་ཉིད་ཀྱི་ཕ་ས་དང་
ཕ་མ་དྲན་པའི་སྒོར་ཟླུམ་གྱི་འདྲེན་བྱེད་གཉིས་ནས་ཡུན་རིང་ཚོད་འཛིན་
བྱས་པའི་མིག་ཆུ་དབང་མེད་དུ་ས་རུ་འཐོར་ཡང། ཁོས་འགྱུར་མེད་ཀྱི་
དམ་བཅའ་དང་བརྩོན་སེམས་བརྟན་པས་སློབ་གཉེར་ལ་འབད་པའི་གཤིས་ རྒྱུད་དེ་ལ། སློབ་གླིང་འདིའི་ཁྲོད་ནས་མཐེ་བོང་བསྒྲེངས་ནས་མི་བསྟོད་ མཁན་གཅིག་ཀྱང་མེད།
ཁོས་རང་ཉིད་ཀྱི་མེས་པོའ་ི ཤུལ་བཞག་སྟེ། གཞན་དུ་མ་མཆིས་པའི་
སྲོལ་རྒྱུན་བཟང་པོ་དེ་དང་དེ་ལ་བརྟེན་པའི་བཅུ་ཕྲག་རིག་པའི་གནས་ལ་
བརྩོན་སེམས་ཀྱི་ཆུ་བོ་རྒྱུན་མ་ཆད་པར་བརྟེན། ད་གཟོད་ཁོ་ནི་དངོས་བྱུང་
རྒྱལ་ཁབ་ཀྱི་དྲང་བདེན་སྐྱོང་བ་དང། རྒྱལ་ཁབ་ལ་གཅེས་སུ་འཛིན་པའི་ 14
འཛིན་གྲྭ་བདུན་པའི་ཕུལ་བྱུང་་རྩོམ་ཡིག
སྨྱུག་གསར།
༡༨
འཐབ་མོ་བ་ཞིག་དང་། དངོས་འབྲེལ་ཆེ་བཀུར་ཆུང་བྱམས་ཀྱི་གུས་ལུགས་
མངའ་བའི་སློབ་མ་བཟང་པོ་ཞིག་ཡིན་ལ། སློབ་གྲྭ་འདིའི་དགེ་སློབ་ཡོངས་ ཀྱི་རྒྱན་ཆ་ཞིག་ཡིན།
སློབ་མ་བཟང་པོ་ཞིག་ཡིན་ཕྱིར། གཞན་ལ་བརྩི་བཀུར་དང་མཐོང་
ཆེན་བྱེད་ལ། རྒྱལ་ཁབ་ལ་དེ་བས་ཀྱང་གཅེས་འཛིན་བྱེད་ངེས་རེད། འདི་
ལྟ་བུའི ་ སློ བ ་མ་ཚད་ལྡན་ཞི ག ་དགོ ས ་པ་ནི ་ འོ ་ སྐོ ལ ་ཚོ འི ་ དམི ག ས་ཡུལ་ དང་ཡོངས་སུ་འཚམས་པ་ཞིག་རེད། མི་རིགས་སྲུང་སྐྱོབ་དང་རྒྱལ་ཁབ་ འཛུགས་སྐྲུན་བྱེད་རྒྱུ་དེ་ནི་ང་ཚོའི་གཞི་རྩར་དམིགས་པའི་ལས་འགན་
དང་མི་རིགས་ཀྱི་དོན་ཆེན་རེད། དེ་ནི་ང་ཚོ་སློབ་མ་རེ་རེའི་ཕྲག་ཏུ་བབས་ པའི་ལས་འགན་རེད།
ང་ལ་མཚོན་ན་ཁྱེད་ཚོར་སློབ་གསོ་བྱེད་པའི་སློབ་དཔོན་སོགས་ཅི་
ཡང་མ་ཡིན་མོད། འོན་ཀྱང་རང་མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་དཀར་ པོའ་ི འདང་རྒྱག་མཁན་ཞིག་ཡིན་ཕྱིར། སེམས་ནས་བསམ་པ་ཁ་ནས་ཐལ་ ལོ། །
15
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ལྷུག་རྩོམ་གྱི་རྣམ་པས་བྲིས་ཡོད་ལ། བརྗོད་བྱ་ནི་སློབ་མ་ཞིག་སློབ་
གྲྭར་མ་ཞུགས་པའི་སྔོན་གྱི་འཚོ་བའི་གནས་སྟངས་དང། དེ་ནས་ཕ་ཡུལ་དང་ཕ་མ་སོགས་རྒྱབ་ ཏུ་བསྐྱུར་ཏེ་སློབ་གྲྭར་ཞུགས་པའི་སྐབས་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་འདུ། དེ་བཞིན་སློབ་
སྦྱོང་ལ་འབད་བརྩོན་དང་སློབ་མ་ཞིག་ལ་མཚོན་ན་འགན་འཁྲི་ཅི་ཡོད་སོགས་ཞིབ་འབྲི་བྱས་ ཏེ། སློབ་མ་བཟང་པོ་ཞེས་པ་དེ་ཇི་ལྟར་བྱ་དགོས་མིན་བཅས་གསལ་བར་བསྟན་འདུག།
རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་དུ་ཚིག་གི་སྦྱོར་སྡེབ་བབ་ཆགས་ལ་ལྷོད་
ཤས་ཆེ་བ། ཚིག་འགྲོས་མཉམ་པ། ཐ་སྙད་བཀོལ་སྤྱོད་སོགས་བདེ་ཞིང་ལེགས་པ་ཞིག་ཏུ་སྣང་བ་ ནི་རྩོམ་ཡིག་འདིའི་ཁྱད་ཆོས་གཙོ་བོ་ཞིག་ལགས་སོ། །འོན་ཀྱང། སྤྱིའི་ཆ་ནས་བཤད་ན་རྩོམ་
ཡིག་ཧ་ཅང་ཐུང་སྟབས། རྩོམ་གྱི་འགོ་རུ་དེ་སྔོན་གྱི་འཚོ་བའི་གནས་སྟངས་དང་ཕ་མ་དང་ཕ་ ཡུལ་རྒྱབ་ཏུ་བསྐྱུར་བའི་བརྒྱུད་རིམ་བཀོད་ཡོད་པ་དེ་དང། རྩོམ་ཡིག་གི་མཇུག་གི་དུམ་ཚན་
དེ་གཉིས་ནི་རྩོམ་ཡིག་འདིའི་ནང་གི་མི་སྣ་གཙོ་བོར་འབྲེལ་བ་ཆེར་མེད་པས་ཞན་ཆ་ཞིག་
སྟེ། དེའི་ཚབ་ཏུ་མི་སྣ་གཙོ་བོའ ་ི གཤིས་ཀའི་གྲུབ་ཆ་རེ་རེ་ནས་རྒྱས་ཙམ་གླེང་ཐུབ་ན། རྩོམ་གྱི་ ཁ་བྱང་སྟེ་སློབ་མ་བཟང་པོ་ནི་ཇི་ལྟ་བུ་ཞིག་ཡིན་པ་སྔར་ལྷག་གིས་མཚོན་ཐུབ་པས། རྩོམ་ཡིག་ འདི་སྔར་བས་ཇེ་ལེགས་སུ་འགྲོ་བར་སྙམ།
གང་ལྟར། འཛིན་རིམ་བདུན་པའི་སློབ་མ་ཞིག་ལ་མཚོན་ནས་བཤད་ན། རྩོམ་ཡིག་
འདིའི་མགོ་མཇུག་བར་གསུམ་ནས་རྩོམ་པ་པོར་རྩོམ་འབྲིའི་རྣམ་དཔྱོད་དང་རྩོམ་འབྲིའི་སྐྱེས་ སྦྱངས་ཀྱི་ཡོན་ཏན། རྩོམ་འབྲིའི་ཉམས་མྱོང་སོགས་གང་འཚམ་ཡོད་པ་གསལ་པོ་རྟོགས་ཐུབ་པ་ ཞིག་རེད།
16
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
བཀུར་འོས་པའི་དགེ་རྒན།
༡༨
སྒྲོལ་མ་ལྷ་མོ།
སུ་ཇ་བོད་ཁྱིམ་སློབ་གྲྭ།
གཟི་བརྗིད་སྙིང་སྟོབས་ཁེངས་པའི་སློབ་དཔོན་མཆོག། ། ཐུགས་སེམས་དཀར་ལ་གཤིས་རྒྱུད་དར་ལས་འཇམ། ། མ་འོངས་གངས་ཅན་ལྗོངས་ཀྱི་སོན་རྩའི་ཆེད། ། ཉིན་མཚན་དུས་དྲུག་རྟག་ཏུ་སྐུ་ལས་གནང། །
ལས་དང་སྨོན་ལམ་སོགས་ཀྱི་བཀོད་སྒྲིག་འོག། །
ཁྱེད་འདྲའི་བྱམས་སེམས་ཅན་དང་འཕྲད་པ་དེ། ། ང་དང་མཚུངས་པའི་མ་འོངས་སོན་རྩ་ཚོའི། །
ཚེ་སྔོན་བསགས་པའི་འབྲས་བུ་བཟང་པོ་རེད། ། 17
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཤེས་ཡོན་ནོར་གྱིས་ཕྱུག་པའི་བཤེས་གཉེན་མཆོག། ། ཁྱེད་ཀྱིས་གསུངས་པའི་བཀའ་སློབ་རེ་རེ་དེ། ། གུས་མོ་གནད་ལ་འཕྲད་པའི་དུས་སྐབས་སུ། །
སེམས་ལ་ཉར་ནས་དཀའ་ངལ་གདོང་ལེན་བྱས། ། ཡབ་ཡུམ་གཉིས་དང་མཚུངས་པའི་བཤེས་གཉེན་མཆོག། ། དཀའ་ལས་སྐུ་ངལ་འཛེམས་མེད་དང་ལེན་གྱིས། ། སྒྲུབ་པར་ང་ཚོ་སོན་རྩ་ཡོངས་རྫོགས་ཀྱིས། །
གོང་དུ་གུས་ཤིང་བཀུར་བའི་སློབ་དཔོན་ཡིན། ། སྐུ་ལ་སྙུང་གཞི་བྱུང་ཡང་འཛིན་གྲྭར་ཕེབས། །
ངག་ནས་ཚིག་རྩུབ་སྨྲ་ཡང་ཐུགས་སེམས་དཀར། །
ཡིད་སེམས་ཞི་བདེའི་ངང་ནས་བཀའ་སློབ་གནང། ། འདི་ལ་གུས་བཀུར་མི་བྱེད་སུ་ལ་བྱེད། །
རྒན་དང་འཕྲད་ན་བྱམས་སྐྱོང་གུས་བཀུར་ལྡན། །
བར་དང་འཕྲད་ན་འཆམ་མཐུན་གནང་ལ་མཁས། ། ཆུང་དང་འཕྲད་ན་དོན་ལྡན་བཀའ་སློབ་གནང། ། ཁྱོད་ལ་མི་བསྟོད་གཞན་པ་སུ་ལ་བསྟོད། ། 18
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
ཐུགས་སེམས་སྙིང་སྟོབས་ཁེངས་པའི་སློབ་དཔོན་ཁྱེད། །
༡༨
མ་རིག་མུན་པ་སེལ་བའི་སྒྲོན་མེ་བཞིན། །
ང་ཚོའི་རྨོངས་མུན་ཡོངས་རྫོགས་སེལ་གནང་མཛད། ། ཁྱེད་ལ་གུས་བཀུར་མི་བྱེད་སུ་ལ་བྱེད། །
གུས་མོ ་ སྐྱེ ས ་པ་ནས་ན་ནི ང ་བར་སོ ་ སོ འ ་ི རུས་མི ང ་འབྲི ་ མི ་ཤེ ས ་
ལ། ངག་ནས་ཚིག་ཀྱང་འདོན་མི་ཤེས། ཡིན་ཡང་ཐུགས་རྗེ་ཅན་གྱི་དཀོན་ མཆོག་གམ་ཡང་ན་ལས་དབང་གི་བཀོད་སྒྲིག་འོག་དྲིན་ཆེན་མ་དང་འདྲ་
བ་ཁྱེད་ཚོར་འཕྲད་སོང། དགའ་དགོས་པ་ཞིག་ལ་དུས་སྐབས་དེ་ནས་
བཟུང་ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་འོག་ངས་ཉིན་རེ་ནས་ཉིན་རེ་བཞིན་ འབྲི་ཀློག་ཤེས་པ་དང་ཅང་མ་འགོར་བར་ཡིག་རྨོངས་སེལ་ཐུབ་སོང།
བཤེས་གཉེན་ལགས། ཁྱེད་ནི་སྙིང་རྗེ་ཅན་གྱི་སྒྲོན་མེ་བཞིན་གཞན་
ལ་བདེ་སྐྱིད་དང་འོད་སྣང་སྤྲོ་བའི་ཆེད་སོ་སོའ ་ི སྐུ་གཟུགས་མཆོད་མེར་ འབུལ། སློབ་དཔོན་མཆོག། ཁྱེད་ནི་ངའི་ཡབ་ཡུམ་བཞིན་ཉིན་མཚན་
དབྱེ ར ་མེ ད ་དུ་ངའི ་ མ་འོ ང ས་པའི ་ མི ་ ཚེ འི ་ བགྲོ ད ་ལམ་ཆེ ད ་ཕྱག་ལས་ གནང། མཚམས་མཚམས་སུ་ངས་ཁྱེད་ཀྱིས་མདུན་དུ་སྤྱོད་ངན་ཁ་ཤས་ འཁྲབ་མྱོང་སྲིད། དེར་བརྟེན་དེ་རིང་གསེར་ལས་དཀོན་པའི་གོ་སྐབས་འདི་
བཟུང་ནས་ཁྱེད་ལ་དགོངས་དག་ཞུ། ཁྱེད་ཀྱིས་ངའི་ཆེད་གནང་བའི་ཚད་ མེད་བྱ་བཞག་རྣམས་སེམས་ལ་ཉར་ནས་སློབ་སྦྱོང་ལ་འབད་པ་བྱས་ནས་ དྲིན་ལན་འཇལ་རྒྱུའི་དམ་བཅའ་འཇོག།
དངོས་གནས་ཁྱེད་ནི་ངས་བཀུར་བར་འོས་པའི་དགེ་རྒན་དང་བླ་མ། 19
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཡབ་ཡུམ་ཡིན། ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན། དེར་བརྟེན། ངས་ སྙིང་ཁོང་རུས་པའི་གཏིང་ནས་ཁྱེད་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་ དག་ལྷུན་གྲུབ་དང་ཚེ་རིང་ནད་མེད་ཡོང་བར་སྨོན་ལམ་འདེབས་སོ། །
རྩོམ་ཡིག་དཔྱད་མཆན། རྩོམ་ཡིག་འདི་ནི་བཅད་མའི་སྐོར་ཚན་གཅིག་དང་ལྷུག་མའི་སྐོར་ཚན་གཅིག་སྟེ་
རྩོམ་ལུས་དུམ་ཚན་གཉིས་ཀྱི་ལམ་ནས་བྲིས་འདུག་ལ། བརྗོད་བྱ་ཡང་སློབ་མ་ཞིག་གི་སློབ་སྦྱོང་ གི་བརྒྱུད་རིམ་ནང་བཀུར་འོས་པ་དང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་དགེ་རྒན་ཡིན་པ་ གསལ་པོར་བསྟན་འདུག
དེ་ཡང་རྩོམ་ཡིག་འདིའི་ཁ་བྱང་དང་བརྗོད་བྱ་གཉིས་ཀྱི་འབྲེལ་བ་དམ་ཞིང་ཟབ་
པ། རྩོམ་ཡིག་གི་སྒྲིག་བཀོད་ལེགས་པ། ཐ་སྙད་ཀྱི་བཀོལ་སྤྱོད་འོས་འཚམ་ཡིན་པ། རྩོམ་གཤིས་ འཇམ་ལ་ལྷོད་བག་ཡོད་པ། དག་སྡེབ་ལེགས་པ་སོགས་ཕྱོགས་གང་ལ་བལྟས་ནའང་འཛིན་རིམ་ བདུན་པའི་སློབ་མ་ཞིག་གི་རྩོམ་འབྲིའི་གནས་ཚད་ཟིན་པའམ་དེ་ལས་བརྒལ་བའི་སྣང་བ་ཡང་
སྐྱེས་སུ་བཅུག་བྱུང་ལ། དེ་ཡང། རྩོམ་པ་པོར་རྩོམ་འབྲིའི་རྒྱུ་ཆའི་ཆ་དང་ཆ་ཤས་འདེམས་སྒྲུག་ བྱེད་སྟངས་དང་བརྗོད་བྱའི་ཐད་ནས་གནད་དོན་གཙོ་ཕལ་དགར་སྟངས་སོགས་ལ་བལྟས་ན། རྩོམ་འབྲིའི་ཉམས་མྱོང་མི་དམན་པ་ཞིག་ཡོད་པ་མཚོན་འདུག
རྩོམ་འགོའ ་ི ཚིགས་བཅད་དང་པོའ ་ི རྐང་པ་བཞི་པའི་ཉིན་མཚན་དུས་དྲུག་རྟག་ཏུ་
ཞེས་པའི་སྐབས་ཉིན་མཚན་དང་དུས་དྲུག དེ་བཞིན་རྟག་ཏུ་ཞེས་པ་ཀུན་དོན་དག་ཕལ་ཆེར་
གཅིག་ཏུ་སོང་བས་དགོས་པ་ཁྱད་པར་ཅན་ཡོད་ན་མ་གཏོགས་དེ་ལྟར་སྦྱར་ན་བསྐྱར་ཟློས་ཀྱི་ སྐྱོོན་དུ་མཐོང།
20
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
བཀུར་འོས་པའི་བཤེས་གཉེན། ཀླུ་མོ་སྒྲོལ་མ།
ཏི་ཛུ་ཉིན་སློབ།
བྱམས་བརྩེའི་དྲིན་གྱིས་སྐྱོང་བའི་དགེ་རྒན་ལགས། ཁྱེད་ནི་ང་ཚོ་
སློབ་མ་ཞིག་ལ་མཚོན་ན་བརྗེད་མི་སྲིད་པའི་བཀའ་དྲིན་ཅན་ཞིག་ཡིན།
ཀྱག་ཀྱོག་གི་མི་ཚེ་རིང་མོ་ལས་ཤེས་རིག་གི་འོད་སྣང་བསྩལ་ཅིང་རྨོངས་ པ་ཡི་མུན་པ་བཅོམ། དེའི་ཕྱིར་ངས་ཁྱེད་ལ་ཚིག་བཅད་ཀྱི་ལམ་ནས་བསྟོད་ པར་འདོད།
ཡོད་ཚད་དུངས་པའི་འཛུམ་གྱིས་བསུས་ཏེ་བྱམས་དང་བརྩེ་བས་
སྐྱོང་མཁས་པའི། །ལྷག་བསམ་དཀར་པོའ་ི ལྷད་མེད་མདངས་ལ་ཁ་དོག་སྟོང་
གི་འོད་སྣང་འཕྲོ། །བགྲང་ལས་འདས་པའི་སློབ་མའི་ཚོགས་རྣམས་རིག་
པའི་ལམ་ལ་འཁྲིད་པར་མཛད། །མཚན་དང་སྙན་གྲགས་ཉི་ཟླར་དོ་འགྲན་ 21
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བརྩེ་བའི་སློབ་མར་ཤེས་བྱ་བསྩལ། །
ལོངས་སྤྱོད་དྲགས་པའི་སྟོབས་ལ་མ་ཞེན་ཤེས་བྱ་རྣམ་མང་སྦྱངས་
བརྩོན་མཛད། །ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་སློབ་མའི་ཚོགས་འཁོར་ སྐྱོང་མཁས་པའི། །ཞལ་ནས་མུ་ཅོར་བསྙད་པ་སྤངས་ཏེ་ཤེས་བྱའི་ལམ་ལ་
འཁྲིད་པར་མཛད། །བཤེས་གཉེན་མཆོག་ལ་སེམས་ཀྱི་གཏིང་ནས་བཅོས་ མིན་གུས་པས་ཕྱག་འཚལ་ལོ། །
མེས་པོ་གོང་མས་བདག་གིར་མཛད་པའི་རང་ས་དྲོན་མོའ ་ི མཐའ་
མཚམས་དང། །མི་རིགས་ཤིག་གི་བདེན་དོན་གླེང་བའི་རྒྱལ་རབས་གཡུ་ ཡི་ཕྲེང་བ་སོགས། །རྨོངས་པའི་འཆིང་རྒྱ་གྲོལ་བར་མཛད་དེ་ཤེས་བྱའི་
འོད་སྣང་སྤྲོ་མཁས་པའི། །གངས་ལྗོངས་སྲོག་གི་ཀ་བ་བསླངས་པའི་བཤེས་ གཉེན་མཆོག་ལ་གུས་པས་འདུད། །
གནའ་དང་དེང་གི་སྐད་བརྡ་རིག་པའི་སྲོག་རྩ་ཕྲ་མོའ ་ི བརྡ་དག་
འདི། །རྣམ་དཔྱོད་རིག་པ་མཁའ་ལ་འཕྱུར་བའི་མེས་པོ་གོང་མ་རྣམ་པ་
དང། །བརྡ་དག་གཞུང་ལ་རྨོངས་རྒྱ་གྲོལ་བའི་རིག་པའི་དཔའ་བོ་ཁྱེད་
ཉིད་ལ། །ཏི་ཛུ་སློབ་གྲྭའི་སློབ་མ་ཡོངས་ཀྱིས་སྙིང་ནས་གུས་པས་ཁྱེད་ལ་ འདུད། །
22
རྩོམ་ཡིག་དཔྱད་མཆན།
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
དགེ་རྒན་ནི་མི་ཚེའི་ལམ་སྟོན་དང་རྨོངས་སེལ་གྱི་སྒྲོན་མེ། ཤེས་བྱའི་སྒོ་འཕར་
འབྱེད་པའི་ལྡེ་མིག་སོགས་ཡིན་པའི་ངེས་ཤེས་ལ་བརྟེན། དགེ་རྒན་གྱི་ཐུགས་རྗེ་བཀའ་དྲིན་ དྲན་པའི་སྒོ་ནས་རྩོམ་པར་དམ་བཅའ་བའི་ཚུལ་གྱིས་རྩོམ་འགོ་བཟུང་བ་ཤིན་ཏུ་ལེགས།
དེའི་འཕྲོར་རྩོམ་པར་དམ་བཅས་པ་བཞིན་ཚིགས་སུ་བཅད་པའི་ལམ་ནས་དྲིན་
ཆེན་གྱི་དགེ་རྒན་ལ་བསྟོད་པ་བྱས་པ་ལས། དགེ་རྒན་དེ་ནི་ཅི་འདྲ་ཞིག་ཡིན་པ་ཀློག་པ་པོའ ་ི ཡིད་ངོར་ངང་གིས་འཆར་ཡོང་བར་བྱས་པ་དེ་དངོས་གནས་རྩོམ་རྩལ་རང་རེད། ལྷག་པར་ཚེག་ བར་བཅོ་ལྔ་ཅན་གྱི་ལམ་ནས་ཤར་མར་རྩོམ་ཡིག་འདི་འདྲ་ཞིག་འབྲི་ཐུབ་པ་ནི་དེ་བས་ཀྱང་ བསྔགས་པའི་ཡུལ་དུ་འཁུམས།
རྩ་བའི་ཚིགས་བཅད་རྩོམ་ཡིག་འདིའི་འགྲོས་མཉམ་ལ་ཞི་འཇམ་གྱི་ཉམས་ཡོད་པ་
དང་ཀློག་སྤྲོ་བ་ཞིག་ཀྱང་རེད། རྩོམ་ཡིག་འདིར་བཀོལ་སྤྱོད་བྱས་པའི་ཐ་སྙད་དག་ཀྱང་དཀྱུས་
མའི་ལུགས་ཀྱིས་སྡེབ་སྦྱོར་བྱས་ཡོད་པ་འདི་ནི། སྙན་ངག་གི་སྒྱུ་རྩལ་ལ་བྱང་ཆ་མི་དམན་པ་ ཡོད་པའི་དན་རྟགས་རང་ཡིན་པར་བརྗོད་ཆོག
འོན་ཀྱང། ཆེས་མཐའ་མའི་ཚིགས་བཅད་གཉིས་པ་དེའི་ཚིག་རྐང་གོང་མ་གཉིས་
པོ་ཚིག་རྐང་ཕྱི་མ་གཉིས་དང་སྦྱར་ན་གོ་བདེ་བ་ཞིག་མ་རེད། དེ་འདྲའི་མཚོན་སྟངས་ཀྱི་རིགས་ ལ་ཞིབ་ཆ་བཏོད་དེ་སྦྱར་ཡོད་ཚེ་རྩོམ་ཡིག་འདིར་སྔར་བས་ཀྱང་སྒྱུ་རྩལ་གྱི་བྲོ་བ་ལྡན་ནམ་སྙམ།
23
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ངའི་རེ་སྨོན།
བཀྲ་ཤིས་རྒྱན་མཚན། མ་སུ་རི་བོད་ཁྱིམ།
༄༅། །མགོན་པོ་གང་གི་ཐུགས་སྐྱེད་སྨོན་ལམ་འབྲས་བུ་དུས་སུ་
སྨིན་པ་དང། །ས་ཡ་དྲུག་གི་སྙིང་སྟོབས་མེ་ལྕེའི་གདེངས་ཀ་གནམ་ལ་ འཕྱུར་བ་དང། །བཤེས་གཉེན་རྣམས་དང་སོན་རྩ་དག་གིས་ཕྱར་གྲུ་མཉམ་ དུ་བཏེགས་དང་ལྷན། །རང་དབང་བདེ་སྐྱིད་ཉི་མའི་འོད་ཟེར་གངས་ཅན་
ལྗོངས་སུ་ཤར་བར་སྨོན། །ཞེས་ང་ཚོ་མགོ་ནག་བོད་མི་ཡོངས་ཀྱི་རེ་སྨོན་ དེས་མདུན་བསུས་ནས་སྐབས་བབ་བརྗོད་གཞིའི་སྟེང་ཅུང་ཟད་འཆད་པར་ བྱའོ། །
དེ་ཡང་འགྲོ་བ་སེམས་ཅན་ཀུན་གྱི་ནང་ནས་སྨྲ་ཤེས་དོན་གོ་བའི་
མཚན་ཉིད་ཚང་བའི་སྐྱེས་བུ་ཞིག་ཡིན་ན། རང་ཉིད་ལ་ཚིམ་པ་མེད་པའི་
འདོད་སེམས་ཤིག་མེད་ཀྱང་དོན་སྙིང་ལྡན་པའི་རྨི་ལམ་ཞིག་ཡོད་པ་བརྗོད་ 24
འཛིན་གྲྭ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཅི་དགོས། དེར་བརྟེན། ཁོ་བོ་ཡང་མི་ཞིག་ཡིན་པ་གང་ཞིག་ལ། གཞན་ཡུལ་ དུ་སླེ བ ས་པའི ་ བོད་ཀྱི ་ན་གཞོན་བྱེ་བྲག་པ་ཞི ག ་ཡི ན ་དུས་རེ ་ སྨོ ན ་དང་
ཕུགས་བསམ། དམིགས་ཡུལ་སོགས་གང་ཡང་མེད་པ་ཞིག་ཅི་ལྟར་ཡིན་ སྲིད།
ཤེས་ལྡན་གྱི་གྲོགས་པོ་ལྷན་རྒྱས་ལགས། མི་ཡུལ་གྱི་དག་ཞིང་སྟེ། ང་
ཚོའི་ཕ་ཡུལ་བོད་ལྗོངས་ལ་ང་ཚོ་ལོག་འདོད་པ་དང། བོད་ཡུལ་ལ་སྨོན་ པ་ཡིན་ན་ང་ཚོས་ཅི་ཞིག་ལ་བརྩོན་པ་བྱེད་དགོས་སམ། ཁོ་བོས་བསམ་ན། དེ་ནི་ཞི་བདེ་ཡི་རྩ་བ་སྲོག་ཏུ་བཟུང་ནས་ཤེས་ཡོན་གྱི་ཁོ་ལག་རྒྱས་དགོས་
པར་འདོད། དེ་ཡང་སློབ་སྦྱོང་དེ་ཡང་དེང་རབས་ཀྱི་ཤེས་ཡོན་ཡོད་པ་གང་
ཞིག་ལ། བོད་པའི་རྣམ་པ་མ་ཡལ་བ་དགོས་རྒྱུ་དེ་ང་ཚོས་རེ་སྨོན་སྒྲུབ་པའི་ ལག་ཆ་ཨང་དང་པོ་དེ་ཡིན་པས། སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་ ནི་ངའི་རེ་སྨོན་དངོས་གནས་དེ་ཡིན།
ད་དུང་ང་ཚོའི་རང་དབང་རྒྱ་ལག་ལ་ཡོད་ཙ་ན། མི་རིགས་ཕན་
ཚུན་དབར་ལ་མཐུན་པོ ་ དགོ ས ་རྒྱུ་ནི ་ དགྲ་ལ་འཁོ ན ་ལན་སློ ག ་སྟངས་ ཡག་ཤོས་ཡིན་པས། ང་ཚོ་ཚང་མས་མཐུན་སྒྲིལ་གྱི་གོམ་སྒྲ་ལྷན་དུ་སྤོས་
ཏེ་ཚེ་སྲོག་གི་རྔུལ་ཆུ་ལ་བཞུར་མཚམས་མ་བཞག་པ་ཡིན་ན། ང་ཚོ་ལ་
རང་དབང་བདེ་སྐྱིད་ཀྱི་ཉི་མ་ཤར་བར་ཐེ་ཚོམ་སོམ་ཉི་ཅི་ཡང་མ་དགོས་
པས་། མཉམ་འགྲོགས་ཀྱིས་མདུན་སྐྱོད་བྱ་རྒྱུའང་ཁོ་བོའ ་ི རེ་སྨོན་ཉག་ གཅིག་ཡིན།
ང་ཚོར་ཆ་བཞག་ན། མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན། 25
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གང་ལྟར། འཇིག་རྟེན་ན་གནས་པའི་སེམས་ཅན་གྲོག་མ་གཙོས་དཔུང་
རོགས་མེད་ན། ཉམས་འགྲོ་བ་འདི་འཇིག་རྟེན་ཆོས་ཉིད་ཅིག་ཡིན། ང་རང་ ལ་ཤེས་ཡོན་ཡོད་མདོག་གིས་ཁ་མཁས་པོའ ་ི ངང་ནས་འཆལ་གཏམ་གླེང་ བ་ཙམ་མིན་པར་ཤ་ཁྲག་ལུས་གསུམ་འདི་རྩམ་ཟན་བོད་པ་ཚང་གི་མི་རྒྱུད་
ལས་ཆད་པས་སྙིང་ཁོང་གི་སྐད་ཆ་འདི་དག་ངའི་རེ་སྨོན་དང་ལྷན་དུ་ཞུས་ པ་ལགས། །
ཤེས་རིག་གི་རྣམ་དཔྱོད་རྒྱས་ལ་ཚན་རིག་གི་ འོད་མདངས་བཀྲ་
བའི་དུས་རབས་གསར་པ་འདིར། ང་ཚོ་ལ་འགྲོ་སའི་ཡུལ་དང་སྡོད་སའི་ གནས་མེད་པ་འདི། འདས་མ་ད་གསུམ་གང་ལ་གཞིགས་ཀྱང་མཐའ་དོན་ བོ ད ་པ་ཚང་ལ་ཤེ ས ་ཡོ ན ་གྱི ་ རྐང་ལག་ཐུང་དྲགས་པའི ་ རྐྱེ ན ་ཁོ ་ ན་ཡི ན ་
དུས། ང་ཚོ་སློབ་གྲྭ་ཁག་གི་ན་གཞོན་ཚང་མས་ཁ་ཞེ་གཉིས་མེད་ངང་ནས་
སློབ་སྦྱོང་ལ་འབད་བརྩོན་བྱས་པ་ཡིན་ན། དེ་རིང་གི་བརྗོད་བྱའི་དོན་དང་ མཚུངས་པ་དང་ངའི་རེ་སྨོན་དངོས་གནས་དེ་ཡང་གྲུབ་སོང་བ་རེད།
ང་ཚོས་འཐབ་རྩོད་འདི་མི་རིགས་ཤིག་གི་འཐབ་རྩོད་ཡིན་པ་ལས་
ཁྱིམ་ཚང་ཕལ་བ་ཞིག་གི་འཐབ་རྩོད་མིན་པས། དུས་ཚོད་ཀྱི་འགྲོས་དང་
བསྟུན་ནས་འགྲོ་དགོས་དུས། འཕྲལ་གྱི་དཀའ་ངལ་རྡོག་པས་བརྫིས་ནས་ ཕུགས་བསམ་གྱི་སླད་དུ་རྒྱང་རིང་གི་ལམ་ལ་འགྲོ་བ་ཡིན་ན། མི་འགྲུབ་ པའི་བྱ་བ་དེ་འདྲ་གནམ་འོག་ན་ཡོད་མི་སྲིད་དོ། །
གང་ལྟར། ཡོས་ལ་དཔག་པའི་རྩམ་པ་ཞེས་པ་ལྟར། ཁོ་བོ་ཆུང་ཨ་
མའི་པང་ནས་ནར་སོན་པའི་བརྒྱུད་རིམ་ནང་ཉིན་གྱི་དུས་སུ་དྲན་རྒྱུ་དང། 26
འཛིན་གྲྭ་བདུན་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
མཚན་གྱི་དུས་སུ་རྨི་རྒྱུ། ཉིན་མཚན་དབྱེར་མེད་བསམ་རྒྱུ་ནི། རང་མགོན་
རང་སར་བཞུགས་པ། རང་ས་རང་གིས་འཛིན་པ། རང་སྐད་རང་གིས་
བརྗོད་པ་འདི་དག་ཡིན་པས། འདི་དག་ཡོང་བ་ལ། བོད་མི་ས་ཡ་དྲུག་གིས་ ངལ་བ་ཚད་མེད་ཀྱི་བརྩོན་པ་བྱེད་དགོས་པ་འདི་ངའི་ཞེ་བསམ་པའི་སྐད་ ཆ་ཞིག་ཡིན། མཐའ་དོན་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ དང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན། །
བཅོས་མིན་སེམས་ཀྱིས་བྲིས་པའི་ཡིག་ཚོགས་འདི། ། ཉན་འདོད་དགོད་བྲོའ་ི མཚར་གཏམ་སྙན་མོ་མིན། ། གངས་ཕྲུག་ཅིག་གིས་སེམས་ཁོང་ཁྲག་རྒྱུན་ལས། ། བརྡོལ་བའི་མིག་ཆུ་དམར་པོའ་ི ཐིགས་པ་ཙམ། །
27
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན། སྤྱིར་རྩོམ་བྱང་ལ་གཞིགས་ན་སྒྱུ་རྩལ་རྩོམ་ལུས་ཤིག་ཡིན་ན་འོས་མོད། ལོ་ཆུང་རྩོམ་
པ་པོས་སྒྲུབ་པ་གཙོ་བོར་བྱས་པའི་དགག་སྒྲུབ་རྩོམ་ཡིག་བྲིས་འདུག རྩོམ་ཡིག་འདིའི་འགོ་ནི་
སྲོལ་རྒྱུན་གྱི་རྩོམ་སྟངས་དང་འདྲ་བར་ཚིགས་བཅད་གཅིག་དང་བཅས་ཏེ་དམ་བཅས་པའི་ ཚུལ་གྱི་རྩོམ་འགོ་བཟུང་བ་ལ་དཔྱད་རྩོམ་ཞིག་གི་གླེང་སློང་བ་དང་འདྲ།
རྩོམ་ཡིག་འདི་ཀློག་ཚེ་རྩོམ་པ་པོ་ཆུང་ཆུང་འདིར་རེ་བ་དང་སྨོན་འདུན་མང་པོ་
ཞིག་དང་ཡག་པོ་ཞིག་ཡོད་པ་ངང་གིས་རྟོགས་ཐུབ། འོན་ཀྱང་། རེ་བ་དང་སྨོན་འདུན་དེ་དག་གོ་
རིམ་མམ་མཚམས་སྦྱོར་ལེགས་པོ་ཞིག་བྱས་མེད་སྟབས། བལྟས་པ་ཙམ་གྱིས་ཡིད་དུ་འོང་བའི་ རེ་སྨོན་དེ་དག་གི་བར་ལ་འབྲེལ་བ་ཆེར་མེད་པ་ལྟ་བུའི་སྣང་བ་སྟེར། དེ་ལྟ་ནའང། བསམ་བློའ་ི ཆ་ལ་ངེས་པར་བསྟོད་པ་བྱ་རིན་ཞིག་འདུག
ངས་བསམས་ན། རྩོམ་གྱི་ཁ་བྱང་ལ་རེ་སྨོན་ཞེས་བརྗོད་ཡོད་ལ། རྩོམ་པ་པོས་ཀྱང་རེ་
བ་དང་སྨོན་ལམ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་འདུག འོན་ཀྱང། རེ་བ་རེ་བ་སར་དང་སྨོན་ འདུན་སྨོན་འདུན་གྱི་ཕྱོགས་ཏེ་དུམ་ཚན་ཆེན་པོ་གཉིས་སུ་དབྱེ་སྟེ། ནང་གསེས་སུའང་གཙོ་
ཕལ་གྱི་གོ་རིམ་ལྟར་བརྗོད་ཅིང། སྨོན་འདུན་ཡང་དེ་བཞིན་སྦྱར་ཏེ་རྩོམ་མཇུག་ཀྱང་གོ་རིམ་
ཡོད་པའི་སྒོ་ནས་རེ་བ་དང་སྨོན་ལམ་གཉིས་ཡ་མ་བྲལ་བར་འབྲེལ་བ་ཟབ་མོ་ཡོད་པར་བྱས་ཏེ་ མཇུག་བསྡུས་པ་ཡིན་ན་ཅུང་ཟད་ལེགས་པར་མཐོང།
སྤྱིར་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཚིག་སྦྱོར་བདེ་མོ་འདི་འདྲ་ཞིག་གི་ལམ་
ནས་རང་གི་གང་བརྗོད་པར་འདོད་པ་དེ་ཇི་བཞིན་དུ་མཚོན་ཐུབ་པར་བྱས་པར་འདི་ཡང་རང་ ག་བའི་རྩེ་མོ་ཞིག་དང་གང་ནས་མཚུངས་ཏེ་མཚུངས་པ་མ་ཡིན་ནོ། །
28
འཛིན་གྲྭ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
ངའི་རེ་སྨོན།
སྨྱུག་གསར།
༡༨
ཚེ་ཐར།
སེ་ལ་ཀུའི་བོད་ཁྱིམ།
ཆབ་སྲིད་ཀྱི་ཟློས་གར་དང་ཚན་རིག་གི་འཕུར་སྐྱོད་རྩེན་པའི་དུས་
རབས་འདིའི་མཁའ་དབྱིངས་ན། ངས་མངོན་འདོད་དང་རེ་སྨོན་དུ་མའི་
ཀློང་ནས་རྨི་ལམ་རྨི་བཞིན་ཡོད། གསར་ཤོག་དང་བརྙན་འཕྲིན་ཁག་ནས་
དྲག་ཏུ་འབར་གྱི ན ་པའི ་ ཕུ་ནུ་མི ང ་སྲི ང ་ཚོ འི ་ ཚེ ་ སྲོ ག ་འདི ་ དག་མཐོ ང ་ ཐེངས་རེ་ལ་ངའི་རེ་སྨོན་ལ་ཟུངས་ཤུགས་གསར་པ་ཞིག་དང་ཁ་ཕྱོགས་ གསར་པ་ཞིག་བསྐྲུན་སོང།
དེ་ནི་བྱིས་པའི་བསམ་བློའ ་ི རང་བཞིན་ལྡན་པའི་རེ་སྨོན་ལ་རྡུང་
རྡེག་དྲག་པོས་རྩ་གཏོར་བཏང་ནས་རྒྱང་སྐྱོད་ཀྱི་སྤྱན་ཟུང་ལྡན་པའི་ཕུགས་ བསམ་རིང་ལུགས་ཀྱི་རེ་སྨོན་ཞིག་གི་ས་བོན་བཏབ་པ་དང། ལས་འབྲས་ ཀྱི ་ ཆར་ཆུ་དང་ལ་རྒྱའི ་ ཉི ་ འོ ད ་ཀྱི ་ བྱམས་སྐྱོ ང ་ལས་ལོ ་ འདབ་རྒྱས་ཤི ང ་ འབྲས་བུ་སྨིན་ལ་ཉེ་བ་དེ་རེད།
གྲོགས་པོ་ཚོ། ང་དང་ང་འདྲ་བའི་མི་རབས་གསར་པ་ཚོས་དུས་ནམ་ 29
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཡང་ལག་ཟུང་བྲང་ཁར་སྦྱར་ནས་རེ་སྨོན་བྱེད་མི་སྲིད། དེ་ལས་ལྡོག་སྟེ་ང་
ཚོའི་སེམས་ལ་ཆོད་སེམས་བརྟན་པོ་ཡོད། ང་ཚོས་གང་ཞིག་ཡིད་ལ་སྨོན་ པ་དེ་སོ་སོའ ་ི ཚེ་གང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལེགས་
འགྲུབ་ཐུབ་པ་བྱ་རྒྱུ་དེ་རེད། ང་ཚོའི་སེམས་ལ་དུས་དང་རྣམ་པ་ཀུན་ཏུ་
གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་ ལྷག་བསམ་ལ་ཕྱོགས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཡོད་ལ། མི་མང་གི་ དཀའ་སྡུག་སེམས་བཞིན་ཡོད། ང་ཚོས་ཚེ་གང་གི་དུས་ཚོད་བློས་བཏང་
ནས་ཁྱོད་ཅག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང། བསམ་ བློའ་ི རང་དབང་དང་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་པའི་རེ་སྨོན་ཡོད།
ངའི་རེ་སྨོན་ནི་ནམ་ཡང་འགྱུར་བ་མེད་པའི་ཆོད་སེམས་ལ་བརྟེན་
ནས་མི་མང་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་རེད། ང་ཁ་བ་རི་བའི་གདུང་རྒྱུད་ དུ་སྐྱེས་པ་ནི་ངའི་ལས་དབང་རེད། གངས་ཅན་པའི་མེས་པོ་གོང་མ་རྣམས་ ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བསྒྲུབས་པའི་རླབས་ཆེན་གྱི་
རིག་གནས་དང་ལོ་རྒྱུས་ཀྱི་མཁར་འདི་ནི་ངའི་ཚེ་སྲོག་ཡིན། ངའི་མིག་གི་ མཐོང་ས་དང་ལག་གི་སྙེག་ས་ནས་མེས་པོའ ་ི དུར་ཁང་གཏོར་མཁན་དང་
ཨ་མའི་མཛེས་རྒྱན་རྐུ་མཁན་འདི་དག་ནམ་ཡང་ཐར་པར་གཏོང་གི་མིན།
ངའི་རེ་བར་ངའི་ཕ་ཡུལ་གྱི་ས་ཞིང་དང་རྩྭ་ཐང་སྤུན་ཟླ་ཚོར་དབང་ན་སྙམ། ད་དུང། རྟ་བདུན་གྱི་འོད་མདངས་འཚེར་བའི་རིག་གནས་འདི་དག་ཐལ་ རྡུལ་དུ་འགྱུར་དུ་བཅུག་འདོད་མེད།
ཨེ་མ། ང་ནི་སྨོན་འདུན་སྟོང་ཕྲག་དུ་མ་དང་ལྷན་དུ་ཁ་བ་སྟུག་པོའ་ི 30
འཛིན་གྲྭ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
བཤུལ་ལམ་དུ། བར་ཆད་ཀྱི་རྡོ་ཆར་དང་དཀའ་སྡུག་གི་ལྷགས་རླུང་ཐམས་
ཅད་འཚེ་མེད་ཞི་བའི་ལག་ཟུང་གིས་གཏོར་ནས་ཤར་སྐྱོད་བྱེད་ཀྱིན་ཡོད། རེ་སྨོན་དང་ཕུགས་བསམ་གྱི་ཡུལ་ལྗོངས་འདི་ནས་ང་ལ་སྙིང་སྟོབས་ཀྱི་
གཤོག་ཟུང་བསྩལ་བྱུང། ང་ཧི་མ་ལ་ཡའི་ཕ་རོལ་དུ་འཕུར་ནས་སྤུན་ཟླ་ རྣམས་རང་དབང་དང་ཞི་བདེ་ཡི་ཡུལ་ལྗོངས་ཤིག་ཏུ་འཁྲིད་རྒྱུ་བྱུང་ན་སྙམ། འདི་ནི་ངའི་ཚེ་གང་གི་རེ་སྨོན་ཡིན།
བློ་འདུན་ཉ་མོ་འཁྱུག་པའི་མཚོ་འགྲམ་ནས། །
གཡོ་མེད་ལྷག་བསམ་དཀར་པོའ་ི རྦ་རླབས་འཕྱོ། ། ལ་རྒྱའི་བརྩེ་དུང་ནམ་མཁའི་མཐའ་ལ་རེག ། རེ་བའི་སྨོན་ལམ་ནོར་འཛིན་ཁྱོན་ལ་ཁྱབ། །
རླབས་ཆེན་ཕུགས་བསམ་འཁྲིགས་པའི་ཀུན་གསལ་དབྱིངས། ། ཐང་དཀར་རྒོད་པོ་ཇི་བཞིན་འཕུར་འདོད་ཅིང། ། མང་གཙོའི་ཉི་བྱེད་འོད་ཟེར་སྟོང་དང་བཅས། །
བསིལ་ལྡན་ལྗོངས་སུ་ཕྱིར་ལོག་ཐུབ་པར་སྨོན། །
31
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་ལ་སྙན་ཆ་ལྡན་ཞིང། གཙོ་བོར་གཟུགས་རྒྱན་
གྱིས་བཅིངས་པའི་ལྷུག་རྩོམ་སྙན་ངག་ཅིག་ཏུ་བགྲང་ཆོག་པ་འདྲ།
རྩོམ་གྱི་འགོ་བཙུགས་པའི་སྐབས་རྩོམ་པ་པོར་འཆར་ཡན་གྱི་ཁ་དབུགས་སྟུག་པོ་
ཞིག་གིས་དབང་སྒྱུར་བའི་སྣང་བ་སྟེར་བ་དང། མཇུག་བསྡུ་བའི་སྐབས་སུ་དུངས་སེམས་སྣུམ་ པོ་ཞིག་གིས་སིམ་ཡོད་པའི་ཚོར་བ་སྦྱིན་ཡོང། འོན་ཀྱང། བར་དུ་ཞེ་འཁོན་ལྟ་བུའི་སེམས་འགྱུ་
ཞིག་གི་དབང་དུ་སོང་སྟེ་རྗོད་བྱེད་ཚིག་གི་མཚོན་སྟངས་གློ་བུར་དུ་འགྱུར་བ་ཕྱིན་པས་རྩོམ་ ཡོངས་ཀྱི་རང་མདངས་གཞན་ཞིག་ཏུ་བསྒྱུར་འདུག་པ་ནི་ཁོ་བོས་ཞན་ཆ་ཞིག་ཏུ་མཐོང།
དེར་བརྟེན། རྩོམ་གྱི་འགོ་མཇུག་གི་མཚོན་སྟངས་དོ་མཉམ་པ་བཞིན་བར་དུ་ཡང་དེ་
ལྟར་སྦྱར་ཡོད་ཚེ་རྩོམ་ཡིག་འདི་སྔར་བར་ཀྱང་ཇེ་ལེགས་སུ་སོང་ལོས་ཡོད་འདོད།
མ་གཞི་རྩོམ་པ་པོའ ་ི ཚིག་གི་མཚོན་སྟངས་ལ་གཞིགས་ན། རེ་སྨོན་ཞེས་པ་དེ་རེ་
བ་དང་སྨོན་འདུན་གཉིས་སུ་དབྱེ་དགོས་པ་འདྲ། དེར་བརྟེན། དེ་གཉིས་གཞི་གཅིག་ཏུ་སྦྱར་ཏེ་ མཚོན་པར་བྱས་པ་ནི་ཞན་ཆའི་ཕྱོགས་སུ་གཏོགས་ཤིང། གཙོ་ཕལ་སོགས་སྒྲིག་གཞི་ཚགས་ ཚུད་པ་ཞིག་བྱུང་མེད་པའང་དེའི་རྐྱེན་མིན་ནམ་སྙམ།
སྤྱིར་ལོ་ན་ཆུང་ལ་ཤེས་ཡོན་དང་ཉམས་མྱོང་གི་ཁོ་ལག་ཡོངས་སུ་རྫོགས་མེད་པའི་
བྱིས་པ་ཞིག་གིས་འགྲན་སྡུར་གྱི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་རྩོམ་ཡིག་འདི་འདྲ་ཞིག་ འབྲི་ཐུབ་པ་ནི་རྗེས་སུ་ཡི་རང་བྱ་བའི་གནས་སོ་ཞེས་ཀྱང་བརྗོད་པར་འདོད་དོ། །
32
འཛིན་གྲྭ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ངའིིི་རེེེ་སྨོོོན། བུ་ཡག།
སུ་ཇ་བོད་ཁྱིམ།
མཐོ་གོ་ས་ཅན་གྱི་དཔོན་པོ་དང་གཅིག། །
གཡོ་ཝ་མོ་འདྲ་བའི་ཚོང་དཔོན་དང་གསུམ། །
སྲིད་འབྱོར་བ་ཅན་གྱི་མི་ཆེན་དང་གཉིས། ། དེ་དག་ང་ཡི་འདོད་པའི་རེ་སྨོན་མིན། །
རྨི ་ ལམ་ཡོ ད ་ན་རེ ་ སྨོ ན ་ཡོ ད ་ལ་རེ ་ སྨོ ན ་ཡོ ད ་ན་གྲུབ་འབྲས་ནི ་
ཡོད་ངེས་ཏེ། རྨི་ལམ་གྱི་ཞིང་ཁམས་སུ་ཆས་མགོ་བརྩམས་པ་ནས་རེ་སྨོན་ དེ་རྒྱས་མགོ་ཚུགས་པ་ཡིན་པས། ཀྱེ་ཀྱེ། མཐོ་གོ་ས་ཅན་གྱི་དཔོན་པོ་ནས་ དམའ་སློང་ལ་ཕྱིན་པའི་སྤྲང་ཚོགས་ཀྱི་བར་དུ་མི་རུ་འཚོ་བའི་སྐྱེ་བོ་སུ་
འདྲ་ཞིག་ལ་རྨི་ལམ་ཡོད་ན་རེ་སྨོན་དེ་རྒྱས་ངེས་པས། ཁྱེད་རྣམས་ཅི་ནས་ ཀྱང་རྨི་ལམ་གྱི་ཞིང་ཁམས་ནས་ཕྱི་བཤོལ་བྱ་མི་རུང།
དེ་བཞིན་དུ་ངའང་མི་རུ་འཚོ་བཞིན་པ་དང་ལྷག་པར་ཕ་ཡུལ་སྟོང་ 33
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བའི་མི་རིགས་ཕ་ཤུལ་ཆད་པའི་སྤྲང་ཕྲུག་ཅིག་གི་སྐྱེ་བ་བླངས་པའི་ཆ་
ནས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་དགོས་ལ་རེ་སྨོན་གྱི་གད་རྒྱངས་ ཀྱང་སྒྲོག་དགོས་ངེས་རེད། དེར་བརྟེན། འདི་ལྟར་བསམ་ཞིང་འདི་ལྟར་
དྲན་ཞོར་རྨི་ལམ་དང་རེ་སྨོན་གྱི་ལམ་ལ་ཆས་པ་ཡིན་ཀྱང། མི་ཟོག་པོ་
རེ་གཉིས་འོད་ཀྱི་ཁེངས་པའི་ངའི་རྨི་ལམ་གྱི་ཞིང་ཁམས་ལ་བཙན་གྱིས་ འཛུལ་ནས་གཏོར་བརླག་བྱེད་ཀྱིན་འདུག།
ང་དགུའི་ལོ་སྟོད་ལ་ངའི་ཕ་ཡུལ་ལ་གསབ་མི་ཐུབ་པའི་གོད་ཆག་
ཆེན་པོ་ཞིག་བྱུང་བ་རེད། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་
གདོང་དམར་བོད་པ་མགོ་ནག་ཐམས་ཅད་ཀྱི་ཚེ་སྲོག་ལ་རྡོག་བརྫིས་ཀྱིས་ མེ་མདའི་སོ་ཁ་ནས་ཚེ་ཡི་འདུ་བྱེད་སྟོང་ལ་ཁད་པའི་དུས་ངན་ཞིག་ཤར་
བ་རེད་ལ། སྐབས་དེར་ཕ་མེས་ཡང་མེས་རྣམས་ཀྱི་རྩ་ཆེན་ཤུལ་འཛིན་བྱ་ རྒྱུའི་དགོན་གནས་མཐའ་དག་རྩ་གཏོར་བཏང་བར་མ་ཟད། ཐ་ན། གསོལ་
འདེབས་ཞུ་སའི་འཇིག་རྟེན་གྱི་མིག་འབྱེད་དམ་རྩ་བའི་བླ་མ་དེའང་རང་
ཉིད་ལ་དབང་བའི་རང་ཡུལ་ནས་གྱེས་ཏེ་བྱེས་སུ་འཚོ་དགོས་པའི་གནས་ སྟངས་སྡུག་པོ་དེ་བྱུང་བ་རེད། དེ་ནི་ཅི་འདྲའི་བློ་ངོར་ཤོང་དཀའ་བའི་
གནས་ཚུལ་ཞིག་རེད་ཨང། ཡིན་ཡང་ད་དུང་ང་ཚོ་གཉའ་ཞུམ་ནས་མ་
བསྡད་པར་རང་ཉིད་ལ་དབང་བའི་རང་ཉིད་ཀྱི་ཚེ་སྲོག་གི་ཕྱིར་དུ་འཐབ་ རྩོད་ཀྱི་ལས་ལ་ཞུགས་ཏེ་བདེན་དོན་གླེང་ངེས་ཡིན།
ངས་བདེན་དོན་གླེང་སྟེ་དངོས་བྱུང་གི་གཏམ་རྒྱུད་དེ་ཨེ་ཤི་ཡ་ནས་
བརྩིས་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ལ་བསྒྲགས་ཏེ་བདེན་དོན་གྱི་གཏམ་ལ་ 34
འཛིན་གྲྭ་བརྒྱད་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
བདེན་དོན་གྱི་རྒྱབ་རྩ་ཐོབ་པར་བྱ་ངེས་ཡིན། ངས་བདེན་དོན་གྱི་གཏམ་
གླེང་དུས་མི་རྣམས་སྙིང་ལ་ཙག་ཤེད་ཡང་ནས་བསྐྱར་དུ་བརྒྱབ་བཅུག་སྟེ། མདོ་དབུས་མཐོ་སྒང་གི་གདོང་དམར་བོད་པ་རྣམས་ཀྱི་མྱངས་པའི་མནར་ གཅོད་རྣམས་མེ་ལོང་དུ་ཤར་བ་ལྟར་གསལ་ལྷང་ངེར་མངོན་དུ་བཅུག་ནས་
འཇིག་རྟེན་གྱི་མི་རྣམས་ལ་ངུ་འབོད་ཀྱི་སྐད་སྒྲ་གནམ་ས་བཀང་བར་བྱས་ ཏེ། སྒང་བ་བོད་པ་ཚང་གིས་ཡུན་རིང་སེམས་སུ་ཉར་བའི་སྡུག་དེ་འཇིག་ རྟེན་གྱི་མི་ཚོགས་ཐམས་ཅད་ཀྱི་མདུན་སར་མངོན་དུ་བཅུག་འདོད།
ངའི ་ བདེ ན ་དོ ན ་གྱི ་ གཏམ་གླེ ང ་སྟེ ་ སྒང་བ་བོ ད ་པ་ཚང་གི ་ ཇོ ་ མོ ་
གླང་མའི ་ དབུ་རྩེ་ནས་འོད་ཀྱི་ཐིག་ལེ་གསར་པས་མུན་ནག་གི་ ཡོ ལ ་བ་ ཅིག་ཅར་ཉིད་དུ་ཕྱེ་བར་འདོད། ངའི་གཏམ་གླེང་བྱས་ཏེ་འཇིག་རྟེན་གྱི་མི་
རྣམས་ནས་གོང་དུ་བཀུར་ཞིང་ས་ཡ་དྲུག་གི་སྙིང་དུ་གྱུར་བའི་༸གོང་ས་ སྐྱབས་མགོན་ཆེན་པོ་མཆོག་པོ་ཏ་ལའི་༸རྒྱལ་བ་གོང་མའི་བཞུགས་ཁྲི་ སྟེང་དུ་ཞབས་སོར་འཁོད་དུ་བཅུག་འདོད། མདོར་ན། ངའི་རེ་སྨོན་ནི་དེ་ རིང་གི་འཐབ་རྩོད་ཡིན་ལ་སང་ཉིན་གྱི་བདེན་དོན་ཡང་ཡིན་པས། འཐབ་ རྩོད་ཁྲི་ལོར་ཤོག བདེན་དོན་ཁྲི་ལོར་ཤོག ། །།
35
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོ་ཡི་ཚིགས་བཅད་གཅིག་པོ་དེ་ནི་རྩོམ་པ་པོའ་ི རང་གི་རེ་སྨོན་
གྱི་ལྡོག་ཕྱོགས་ནས་གླེང་སྟེ་རྩོམ་གྱི་འགོ་བཟུང་བ་ཞིག་ཡིན། ནང་དོན་གྱི་ཆ་ནས་ཤིན་ཏུ་ལེགས་ པོ་འདུག།
སྤྱིར་ན་རྗོད་བྱེད་ཚིག་གི་ཆ་ནས་དབྱེ་ན། རྩོམ་ཡིག་འདི་ནི་དུམ་མཚམས་ཆེན་
པོ་གཉིས་སུ་དབྱེ་ཆོག་སྟེ། རྩོམ་ཡིག་གི་མཇུག་ནས་བརྩིས་པའི་རང་བྱུང་ཚན་པ་གསུམ་དུམ་
མཚམས་གཅིག་དང། དེའི་གོང་གི་ཚན་པ་དག་གཅིག་ཏུ་བྱས་ན། རྩོམ་ཡིག་གི་སྟོད་ཕྱོགས་ལ་ སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་ལྡན་ཏེ། དུམ་ཚན་དེ་ལས་རྨི་ལམ་ཞེས་པའི་གཙོ་ཚིག་དེས་ཅི་ ཞིག་གབ་པའི་ཚུལ་གྱིས་བརྗོད་ཡོད། འོན་ཀྱང། རྩོམ་ཡིག་གི་སྨད་ཕྱོགས་ནི་གཏན་ཚིགས་ཀྱི་ རང་བཞིན་ཤེད་ཆེ་བས་སྒྱུ་རྩལ་གྱི་ཁོར་ཡུག་དང་རིང་དུ་གྱེས་འདུག།
རྩོམ་ཡིག་འདི་ལས་ཆེས་ལེགས་པའི་ཆ་ནི་རང་བྱུང་ཚན་པ་ཐ་མ་གཉིས་ཏེ། ཚན་པ་
དེ་གཉིས་ཀྱིས་རྩོམ་གྱི་ཁ་བྱང་གི་བླང་བྱ་གཙིགས་སུ་བཟུང་ནས་བརྗོད་ཡོད་ལ། རྗོད་བྱེད་དང་
བརྗོད་བྱ་གང་ཅིའི་ཐད་ནས་སྔོན་ཐོན་དུ་བགྲང་ཆོག་པར་སེམས། འོན་ཀྱང། རྩོམ་ཡིག་འདིའི་
སྟོད་ཕྱོགས་དང་སྨད་ཕྱོགས་གཉིས་མཚམས་སྦྱར་བ་འབྱོར་མོ་ཞིག་མིན་པའམ། ཡང་ན། ཚིག་ གི་མཚོན་སྟངས་རྩོམ་གྱི་འགོ་མཇུག་གཉིས་ཀ་དོ་མི་མཉམ་པ་དེ་ནི་ཁོ་བོས་ཞན་ཆ་ཞིག་ཏུ་
མཐོང། རྒྱུ་མཚན་ནི། མཚོན་སྟངས་མི་འདྲ་བ་གཉིས་ཀྱིས་རྗོད་དོན་གཙོ་བོར་གསལ་པོ་མཚོན་ པར་ཕན་ཚུན་ལ་རམ་འདེགས་དགོས་མོད། འདིར་སོ་སོར་གྱེས་འདུག་པས་ཡིན། དེའི་རྐྱེན་གྱིས་ རྩོམ་ཡིག་འདི་ནི་སྒྱུ་རྩལ་རྩོམ་རིག་རྐྱང་མ་ཞིག་མིན་ལ། དཔྱད་རྩོམ་དག་མོ་ཞིག་མིན་པར་བྱས་ པས། དེང་གི་འབོལ་རྩོམ་གྱི་མིང་བཏགས་ན་ཡང་འཚམ་པོ་རང་མེད་པ་འདྲ།
36
འཛིན་གྲྭ་དགུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ།
༡༨
ཤ་བོ་རྡོ་རྗེ།
གོ་པལ་པུར།
སྔོན་འགྲོའ ་ི གཏམ།
སྤྱིར་སྲིད་པ་ཆགས་ནས་འགྲོ་བའི་རིགས་བྱུང་བ་ནས་བཟུང་རིམ་
བཞི ན ་སྣོ ད ་བཅུད་ཀྱི ་ འཇི ག ་རྟེ ན ་ལའང་ཕྱི འི ་ རྐྱེ ན ་དུ་མའི ་ དབང་གི ས ་
འགྱུར་ལྡོག་ཕྱིན་ཏེ་ས་དབྱིབས་འདྲ་མིན་ཆགས་ཤིང་ནང་བཅུད་ཀྱི་སེམས་ ཅན་ལའང་རིགས་དྲུག་གི་དབྱེ་བ་སྟེ་ང་ཚོ་མིའི་རིགས་འདི་ནི་སྤྲེའུ་ཡི་ རིགས་རྒྱུད་ལས་བྱུང་བར་ཡོངས་སུ་གྲགས།
སེམས་ཅན་སྤྱིའི་ཆ་ནས་བཤད་ན་མི་ཞེས་པ་འདི་ནི་སྨྲ་ཤེས་དོན་
གོ་ལ་ལྷག་པར་དུ་རྣམ་དཔྱོད་དང་བློ་གྲོས་ལྡན་པ་ཞིག་རེད། འདི་ལྟར་མིའི་
རྣམ་དཔྱོད་དང་ལག་རྩལ་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་རྣམ་པ་དང་ ནང་བསམ་བློའ ་ི སྤུས་ཚད་དང་ཕྱིའི་དངོས་པོའ ་ི ཡར་རྒྱས་རིམ་གྱིས་བྱུང་
ཞིང་མི་རིགས་དང་རྒྱལ་ཁབ། ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་
གཤིས་དང་ཤེས་ཡོན་སོགས་ཀྱི་རྣམ་གྲངས་ཀྱང་དེ་མཚུངས་སུ་དར་བ་རེད། 37
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གནའ་མིའི་སྤྱི་ཚོགས་ལ་མཚོན་ན་དེང་ལྟ་བུའི་ཤེས་ཡོན་དར་མེད་ལ་རང་ ཉིད་ལ་རྒྱུ་དང་ལོངས་སྤྱོད། ལུས་ཤུགས་སོགས་ཡོད་ཚེ་འདང་རྒྱག་མེད་པ་ ཞིག་རེད།
ཡི ན ་ན་ཡང་མི འི ་ ནུས་པ་ཆ་ཚང་འདོ ན ་པ་ལ་ཤེ ས ་ཡོ ན ་ནི ་ མི ་
རིགས་ཤིག་གམ་རྒྱལ་ཁབ་ཅིག་ཡར་རྒྱས་དང་གོང་མཐོར་འགྲོ་བའི་ཆ་ རྐྱེན་ཨང་དང་པོ་དེ་ཡིན་ལ་མིའི་བསམ་བློ་དང་ཀུན་སྤྱོད། མི་ཚེ་བདེ་སྐྱིད་ བསྐྲུན་པའི་ཆ་རྐྱེན་གཙོ་བོ་དེ་ཡང་ཡིན། སྐབས་འདིར་ཤེས་ཡོན་སློབ་སྦྱོང་ གི་དགོས་དམིགས་འགའ་གླེང་ན།
དང་པོ། མིའི་བསམ་བློའ ་ི སྤུས་ཚད་དང་ཀུན་སྤྱོད་ཇེ་མཐོར་གཏོང་བ།
ནང་མི་ཞིག་དང་སྤྱི་ཚོགས་ཆུང་ཆུང་ཞིག་ལ་གཞིགས་ཏེ་བཤད་
ན་ཆུང་དུས་ནས་འཚར་ལོ ང ས་ཀྱི ་ བརྒྱུད་རི མ ་ནང་མི འི ་ བསམ་བློ འ ི་ འཁྱེར་སོ་དང་སྤུས་ཀ ཀུན་སྤྱོད་སོགས་ནི་ཆེས་མེད་དུ་མི་རུང་བའི་ཆ་
རྐྱེན་ཞིག་ཡིན་ལ་གལ་ཏེ་དེ་ལས་ལྡོག་སྟེ་མ་རབས་དང་རང་ཉིད་ཀྱི་ཁེ་
དབང་རྩོད་ལེན་དང་གཞན་ལ་ཐུབ་ཚོད་དང་བརྙས་བཅོས་ཀྱི་རང་བཞིན་
ལྡན་པའི་རིགས་ཤ་སྟག་བྱས་ཚེ་མིའི་ནང་གི་བསམ་བློའ ་ི སློབ་སྦྱོང་དང་
སློབ་གསོ་སོགས་ཀྱིས་མ་འདང་བའི་རྐྱེན་གྱིས་ནང་མི་ཁ་འཐོར་དང་སྤྱི་ ཚོགས་ལ་བརྡབ་གསིག་ཚད་མེད་བཟོ་བཞིན་པ་མ་ཟད། རང་ཉིད་ཀྱང་
མི་རྣམས་ཀྱི་ཆ་འཇོག་འཕེར་བའི་མི་ཞིག་ཏུ་ངོས་འཛིན་མི་བྱེད་ལ། རང་
བཞིན་གྱི་ཤེས་ཡོན་གྱི་བསྟི་གནས་སམ་ཚོགས་པ། ཐ་ན་མིའི་སྤྱི་ཚོགས་ཀྱི་ 38
འཛིན་གྲྭ་དགུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
གྲལ་དུའང་མ་ཚུད་པར་ལྷག་པར་ཐེ་ཚོམ་མེད། དེས་ན་ཉམས་མྱོང་ལྡན་
པའི་རྒན་རབས་དག་གིས་མར་གཞོན་སྐྱེས་ཚོར་དུས་རྟག་ཏུ་ཁ་ཏ་བསླབ་ བྱ་རྒྱག་པ་དང་སློབ་གསོ་གང་མང་གཏོང་བ། ཤེས་ཡོན་སློབ་སྦྱོང་ནི་འབྲི་
ཀློག་ཙམ་མིན་པར་གཙོ་བོ་མིའི་བསམ་བློའ ་ི ཆུ་ཚད་དང་ཕྱིའི་ཀུན་སྤྱོད་ སོགས་ནས་ཡར་རྒྱས་སུ་གཏོང་བ་དང། གཞོན་སྐྱེས་ཚོས་ཀྱང་རྒན་རབས་
དག་ལ་བརྩི་འཇོག་དང་ཁ་ཏ་བསླབ་བྱ་ལག་ཏུ་བསྟར་ཚེ་རང་གཞན་ཚང་ མའི་མི་ཚེ་དོན་ལྡན་དུ་འགྲོ་བ་ཡིན་ནོ། །
གཉིས་པ། མི་རིགས་དང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ།
མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ཡར་རྒྱས་དང་ཕན་ཚུན་ཚོང་
འབྲེལ་གྱི་འབྲེལ་བ་དང་ཆབ་སྲིད་ཀྱི་གནད་དོན་དེ་ཡང་མཐར་གཏུགས་
ན་ཤེས་ཡོན་སློབ་སྦྱོང་འདི་ཉིད་ལ་རག་ལས་ཡོད། སྤྱིར་འཛམ་གླིང་སྟེང་ ཤེས་ཡོན་སྙན་གྲགས་ཕྱོགས་ཀུན་རྒྱས་བཞིན་པའི་མཁས་དབང་དུ་མ་ཞིག་ ཡོད་ནའང་འདི་དག་ལས་རིགས་འགའ་ཞིག་གིས་རང་ལས་གཞན་གཅེས་
ཀྱི་འདུ་ཤེས་མེད་པའི་རྐྱེན་གྱིས་རྒྱལ་ཁབ་ཕན་ཚུན་བར་ཆབ་སྲིད་ཀྱི་རྩོད་
རྙོག་དང་དབྱེ་འབྱེད་ཀྱི་བསམ་བློ། གཉའ་གནོན་དང་བཙན་འཛུལ་གྱི་ གནས་སྟངས་ཀྱང་བྱུང་ཡོད།
ང་ཚོ་བོད་ལྟ་བུར་མཚོན་ན་རྒྱ་གཞུང་གིས་ཧམ་ཤེད་ཆེན་པོས་རང་
དབང་དོན་མེད་དུ་འཕྲོག་པ་མ་ཟད་བཙན་བཟུང་གིས་བོད་མི་སྟོང་ཕྲག་
མང་པོ་ དམར་གསོད་བཏང་བ་སོགས་ཀྱི་ལོ་ནག་ལྔ་དགུ་ལོ་ ནས་བཟུང་ 39
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
༸གོང་ས་མཆོག་གཙོས་པའི་བོད་མི་མང་པོ་ཞིག་ཡུལ་གྱར་བཙན་བྱོལ་ བ་ཞིག་ཏུ་གྱུར་པ་རེད། ཡིན་ནའང་རྒྱ་ནག་ལ་ཤེས་ཡོན་སློབ་སྦྱོང་མེད་པ་
མིན་ཏེ་ད་ལྟའི་ཆར་ཚན་རྩལ་གྱི་སྙན་གྲགས་རྒྱས་བཞིན་ཡོད། ཡིན་ནའང་ རང་ཉིད་ཁོ་ནའི་ཁེ་དབང་བརྩོན་ལེན་དང་ནང་གི་བསམ་བློའ ་ི ཀུན་སྤྱོད་
དང་། འདུ་ཤེས་འཛིན་སྟངས་ཁ་ཕྱོགས་ནོར་བའི་རྐྱེན་གྱིས་འདི་ལྟར་བྱུང་ བ་རེད།
ཤེས་ཡོན་སློབ་སྦྱོང་གལ་ཆེན་ཡིན་པ་རྟོགས་ཏེ་༸གོང་ས་མཆོག་
གིས་དང་པོ་ཉིད་ནས་ཤེས་ཡོན་སློབ་སྦྱོང་གཙིགས་སུ་བཟུང་ནས་རང་ཅག་
གི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས་དང་གནའ་དེང་གི་སློབ་ སྦྱོང་གི་བསྟི་གནས་ཏེ་སློབ་གྲྭ་བཙུགས་པ་རེད་ལ་ཤེས་ཡོན་གྱི་ཁོར་ཡུག་ ཅིག་ཀྱང་བསྐྲུན་པ་རེད། མི་རབས་རྒན་པ་རྫོགས་ལ་ཉེ་བའི་དུས་སྐབས་
འདིར་ང་ཚོ་གཞོན་སྐྱེས་ཚོས་གནའ་དེང་གི་ཤེས་ཡོན་གྱི་ཐད་ལ་ནུས་པ་ ཞིག་འདོན་མ་ཐུབ་ཚེ་དུས་རབས་ཀྱི་རྗེས་སྙེག་ཐུབ་ཀྱི་མ་རེད་ལ་རྒྱལ་ཁབ་
མཐུན་སྒྲིལ་གྱི་ཁྱད་ཆོས་ལྡན་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་ གཤིས་འདི་དག་ཀྱང་ཉམས་ཆག་འགྲོ་བར་གདོན་མི་ཟ།
གོང་གི་འདི་ལྟ་བུ་ང་ཚོ་ཙམ་མིན་པར་འཛམ་གླིང་ཕྱོགས་གང་སར་
འབྱུང་བཞིན་ཡོད་པས་གཙོ་བོ་ཕྱིའི་དངོས་པོའམ་དཔལ་འབྱོར་ཅི་ཙམ་ ཆེ་རུ་གཏོང་བ་མ་ཡིན་པར་ནང་གི་བསམ་བློ་སྤུས་ཚད་ཇེ་མཐོ་དང་ཀུན་ སྤྱོད་ལ་འགྱུར་བ་བཏང་སྟེ་ལས་དོན་སྒྲུབ་ཚེ་ཆབ་སྲིད་ཀྱི་རྩོད་རྙོག་ཀྱང་ཞི་
འཇམ་དུ་འགྲོ་བ་དང་རྒྱལ་ཁབ་ཕན་ཚུན་བར་གྱི་མཛའ་མཐུན་དང་མཐུན་ 40
འཛིན་གྲྭ་དགུ་པའི་ཕུལ་བྱུང་རྩོམ་ཡིག
སྒྲིལ་གྱི་ནུས་པ་དེ་ཡང་གཟེངས་སུ་ཐོན་པ་ཞིག་ཡོང་ཐུབ།
སྨྱུག་གསར།
༡༨
གསུམ་པ། འཛམ་གླིང་ཞི་བདེ་དང་འགྲོ་བར་བདེ་སྐྱིད་སྐྲུན་ཐབས།
འགྲོ་བ་རིགས་གང་འདྲ་ཞིག་ཡིན་ཡང་བདེ་སྐྱིད་འདོད་ཅིང་སྡུག་
བསྔལ་མི་འདོད་པ་ནི་གཅིག་མཚུངས་རེད། ང་ཚོས་ཉིན་མཚན་ལྟོས་མེད་ དུ་ཤེས་ཡོན་སློབ་སྦྱོང་བྱེད་བཞིན་པའི་དམིགས་ཡུལ་དེ་ཡང་འཕྲལ་སེལ་
གྱི་བདེ་བ་སྐྲུན་ཐབས་ཤིག་དང་རང་ཉིད་ཁོ་ནའི་མི་ཚེ་དོན་དང་ལྡན་པ་ ཡོང་བ་དང་རང་ཉིད་ལ་རྒྱུ་ལོངས་སྤྱོད་ཡར་རྒྱས་འགྲོ་བ་དང། ཕན་ཚུན་
བར་མཐུན་སྒྲིལ་ཡོང་བ་མ་ཟད། ཆབ་སྲིད་རྩོད་རྙོག་དང་བཙན་འཛུལ་གྱི་
རིགས་འདི་དག་ཀྱང་མི་ཡོང་བ་ནི་ངས་ཁས་ལེན་བྱས་ཆོག འཛམ་གླིང་ཞི་ བདེ་སྐྲུན་ཐུབ་ཚེ་འགྲོ་བ་ཀུན་གྱི་རེ་སྒུག་གི་ཉི་མ་དངོས་སུ་ཤར་བ་རེད། མཇུག་གཏམ་ཐོར་བུ།
གོང་གསལ་གྱི་བརྗོད་དོན་འདི་དག་ཀྱང་སྤྱི་ཚོགས་དངོས་གཞིར་
བཞག་སྟེ་དམར་རྗེན་དུ་བཏོན་པ་ཞིག་ཡིན་ལ་དེ་ཡང་ཁ་བཤད་ཆུ་ཡི་ལྦུ་ བ་ཙམ་ཡིན་པར་ལག་ལེན་གསེར་གྱི་ཐིགས་པ་བཞིན་དུ་བྱེད་ཐུབ་ཚེ་ང་ ཚོའི་ད་ལྟའི་གནས་སྟངས་ཛ་དྲག་པོ་འདི་ཡང་མེད་པར་འགྱུར་ལ། རང་
ཅག་ཁ་བ་གངས་ཅན་གྱི་ཐུན་མིན་གྱི་གོམས་གཤིས་འདི་ལ་བརྟེན་ནས་ རང་ཉིད་རང་དབང་ཙམ་མ་ཟད། ཤེས་ཡོན་སློབ་སྦྱོང་གི་འབྲས་བུར་གྱུར་ 41
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བའི་འཛམ་གླིང་ཞི་བདེ་དང་འགྲོ་ཀུན་བདེ་སྐྱིད་ཡོང་བའི་དུས་ཀྱང་ཤར་ མི་སྲིད་པ་ཞིག་མིན་ནོ། ། རྩོམ་ཡིག་དཔྱད་མཆན།
རྩོ མ ་ཡི ག ་འདི འི ་ ས་བཅད་དང་པོ ་ རུ་བཀོ ད ་པའི ་ རྒྱུ་མཚན་དང་གནས་ལུགས་
འཐད་ལྡན་དུ་སྣང་མོད། མཇུག་ཏུ་བསླབ་བྱའི་ཚུལ་དུ་སོང་བས་མིའི་བསམ་བློའ་ི སྤུས་ཚད་དང་ ཀུན་སྤྱོད་ཇེ་མཐོར་གཏོང་བ་ཞེས་པའི་ཁ་བྱང་དང་འཚམ་པོ་རང་མི་འདུག
ས་བཅད་གཉིས་པར་ཡང་རང་བྱུང་ཚན་པ་བཞི་ཡོད་པ་ལས་ཤེས་ཡོན་གྱི་ཆ་དང་
ལོ་རྒྱུས་ཀྱི་ཆ། དེ་བཞིན་ཆབ་སྲིད་ཀྱི་སྐོར་སོགས་མང་པོ་ཞིག་བརྗོད་ཡོད་པ་ཤིན་ཏུ་འཐད་ པར་མཐོང་མོད། ས་བཅད་དེའི་ཁ་བྱང་ལ་གཞིགས་ན་མི་རིགས་དང་རྒྱལ་ཁབ་བར་གྱི་མཐུན་
སྒྲིལ་ཞེས་པའི་སྟེང་འབབ་དགོས་པས་དུམ་ཚན་མཐའ་མའི་མཇུག་ཏུ་མ་གཏོགས་མཐུན་སྒྲིལ་ གྱི་སྐོར་མི་སྣང་བ་དེ་ནི་ཞན་ཆ་རུ་མཐོང། དེ་བཞིན་དུ་ས་བཅད་གསུམ་པར་བཀོད་པའི་རྒྱུ་
མཚན་དེ་ཚོའང་ཤིན་ཏུ་བདེན་མོད། ཁ་བྱང་གི་དམིགས་ཚད་ཆེ་བའི་ཚོད་ཀྱིས་མཚོན་སྟོབས་ ཞན་པའམ་ཉུང་བའི་སྣང་བ་སྟེར།
རྩོམ་ཡིག་འདིའི་གླེང་སློང་བའི་སྐབས་སུ་རྩོམ་པ་པོས་སྤྱི་ནས་རིམ་གྱིས་བྱེ་བྲག་
མཚོན་པའི་ཐབས་ཀྱིས་རྩོམ་འགོ་བཟུང་ཡོད། ནང་དོན་གྱི་ཆ་ལ་བལྟས་ན། རྩོམ་པ་པོ་ཆུང་ཆུང་ འདིར་རིག་ཚན་མང་པོ་ཞིག་ལ་ཐོས་རྒྱ་མི་དམན་པ་ཡོད་པ་རྟོགས་ཐུབ། གང་ལྟར་རྩོམ་ཡིག་
འདིར་བཀོད་པའི་གནས་ལུགས་དང་རྒྱུ་མཚན་ཡོད་དོ་ཅོག་བདེན་པར་འདུག འོན་ཀྱང། རྩོམ་
ཡིག་གི་ནང་དོན་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་དགོས་པར་མ་ཟད། ཁ་བྱང་གི་བླང་བྱ་དེ་བས་ཀྱང་ གཙིགས་སུ་འཛིན་དགོས། དེ་ལྟར་བྱས་ན་ད་གཟོད་རྩོམ་ཡིག་གི་མགོ་མཇུག་བར་གསུམ་ཡ་མ་
བྲལ་བར་གསོན་ཉམས་ལྡན་པ་ཞིག་ཡོང་ཐུབ། ལྟ་སྟངས་འདིའི་དབང་གིས་རྩོམ་ཡིག་འདིའི་གོ་ རིམ་སྒྲིག་སྟངས་སོགས་ལ་ཞན་ཆ་ཡོད་པར་ངོས་མི་འཛིན་ཐབས་མེད་ཡིན། 42
འཛིན་གྲྭ་དགུ་བའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ། སངས་རྒྱས་དོན་འགྲུབ།
གོ་པལ་པུར།
སྔོན་གླེང།
དེ་ཡང་ཚན་རྩལ་གྱིས་ཁ་ལོ་སྒྱུར་བཞིན་པའི་དེང་རབས་སྤྱི་ཚོགས་
འདིའི་ནང་ཤེས་ཡོན་སློབ་སྦྱོང་གི་གལ་ཆེན་རང་བཞིན་དང་དེའི་ཕན་
ནུས། ཤེས་ཡོན་སློབ་སྦྱོང་དེ་སྤྱི་ཚོགས་དང་མིའི་རིགས་ཀྱི་བསམ་བློ་འཕེལ་ རྒྱས་སོགས་ལ་དམ་ཟབ་ཀྱི་འབྲེལ་བ་ཅི་ཙམ་ཡོད་མེད་སོགས་དེང་སང་ ཤེས་ཡོན་སློབ་སྦྱོང་མེད་པར་སྤྱི་ཚོགས་ལས་ཕུད་གྲབས་ཡོད་པའི་རྒན་ རྒོན་དང་ཁྱིམ་སྐྱོང་གི་ཕ་མ་སོགས་ཀྱིས་ཀྱང་དཀའ་སྡུག་ལ་མ་འཛེམ་པར་ རང་ཉིད་ཀྱི་བུ་ཕྲུག་འབྲི་ཀློག་སྦྱངས་ཨེ་ཐུབ་ལ་ཧུར་ཐག་བྱེད་མཁན་མང་།
ཤེ ས ་ཡོ ན ་གྱི ་ ལྡུམ་རའི ་ ནང་དགེ ་ སློ བ ་གྱི ་ འབྲེ ལ ་ལམ་ཟབ་མོ འ ་ི
འོག་བཅུ་ཕྲག་རིག་པའི་གནས་སམ་གནའ་དེང་གི་ཤེས་ཡོན་སློབ་སྦྱོང་ལ་ འབད་པ་ཆུ་བོའ ་ི རྒྱུན་ལྟར་སློབ་གཉེར་བྱེད་མཁན་གྱི་བྱིས་པ་ན་གཞོན་ནི་
ཁོར་ཡུག་དང་ཆ་རྐྱེན་ཞན་པའི་གནས་སྟངས་འོག་གོ་སྐབས་མ་ཐོབ་པ་ 43
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ལས། ཧ་ལམ་ཕལ་ཆེ་བས་དེའི་དགོས་པའམ་ཕན་ནུས་སོགས་གསལ་རྟོགས་ ཡོད་པའི་ཐོག་ནས་རང་ཉིད་སྒེར་གྱི་ངོས་ནས་ལང་ཚོ་དར་མའི་སྐབས་ཀྱི་ རིན་ཐང་གཞལ་པར་དཀའ་བའི་དུས་ཚོད་ཀྱི་འགྲོ་གྲོན་གཏོང་བཞིན་ཡོད་ ལ། རྒྱལ་ཁབ་དང་སྲིད་གཞུང་གི་ངོས་ནས་ཀྱང་མ་དངུལ་འབོར་ཆེན་ཞིག་
ཕངས་མེད་ངང་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་སོགས་ལ་གཏོང་མུས་ ཡིན།
ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་ནང་འཚོ་བ་དང་ཁོར་ཡུག་གི་
འཕེལ་རྒྱས་དང་བསྟུན་ནས་བྱུང་བའི་ཤེས་ཡོན་སློབ་སྦྱོང་འདང་ངེས་ཤིག་ ཐོབ་མཁན་གྱི་གང་ཟག་སྒེར་པ་སུ་འདྲ་ཞིག་ཡིན་རུང་འཕེལ་རྒྱས་འགྲོ་
བཞིན་པའི་དུས་སྐབས་འདིའི་ནང་འཚོ་སྡོད་དུས། ཁོང་ཚོས་རང་ཉིད་
ཀྱིས་སྦྱངས་ཟིན་པ་དག་གནས་སྐབས་ཀྱི་དཀའ་ངལ་སེལ་ཆེད་སྤྱི་ཚོགས་ སྟེང་བེད་སྤྱོད་བཞིན་ཡོད་ལ། བེད་སྤྱོད་བྱས་ནས་རང་གཞན་གཉིས་ཀྱི་ བསྒྲུབ་བྱ་མང་པོ་ཞིག་འགྲུབ་བཞིན་ཡོད།
དེ་དང་མཉམ་དུ་ཁོང་ཚོས་གསར་བྱུང་གི་རིག་པ་ལ་བརྟེན་ནས་
གསར་བྱུང་གི་ཤེས་ཡོན་སློབ་སྦྱོང་སོགས་སྦྱོང་བཞིན་ཡོད། དཔེ་མཚོན་
རན་པ་ཞིག་བཞག་ན་དགེ་རྒན་ལྟ་བུ་རེད། དེས་ན་འདི་ལྟ་བུའི་གནས་ སྟངས་འོག་རྒན་དར་གཞོན་གསུམ་ཚང་མས་ཤེས་ཡོན་སློབ་སྦྱོང་གི་གལ་
ཆེ ན ་རང་བཞི ན ་དང་ཕན་ནུས་སོ ག ས་གསལ་བར་རྟོ ག ས་ནས་སྦྱངས་ བརྩོན་བྱེད་བཞིན་ཡོད་ན། དེ་ལ་དགོས་པའམ་དམིགས་ཡུལ་ངེས་ཅན་ ཞིག་ཅི་ནས་ཀྱང་ཡོད་དགོས་སོ། །
44
འཛིན་གྲྭ་དགུ་་པའི་ཕུལ་བྱུང་རྩོམ་ཡིག
༡༽ སྤྱི་ཚོགས་སྟེང་རང་རྐྱ་འཕེལ་ཐུབ་པ།
སྨྱུག་གསར།
༡༨
གོང་དུ་བརྗོད་ཟིན་པ་ལྟར་རྒན་དར་གཞོན་གསུམ་ཚང་མས་ཤེས་
ཡོན་སྦྱངས་བརྩོན་བྱེད་བཞིན་པ་དེ་དག་ཆུང་ས་ནས་མཐར་གཏུགས་ནས་
བཤད་ན་དུས་རབས་ཀྱི་འགྱུར་འགྲོས་དང་རྗེས་སྙེག་ཐུབ། རང་ཉིད་སྤྱི་ ཚོགས་ཀྱི་སྟེང་འགྲོ་འདུག་གི་འཚོ་བའི་དགོས་མཁོ་བསྐྲུན་ཐུབ་པ། དུས་
རབས་ཀྱི་ཡར་རྒྱས་ཀྱི་གྲུབ་འབྲས་ལ་ལོངས་སུ་སྤྱོད་ཐུབ་པ། ཁེར་རྐྱང་དུ་ ལུས་ནས་མགོ་སྒུར་སྒུར་དང་གཉའ་འཁུམ་འཁུམ་བྱས་ནས་སྡོད་མི་དགོས་ པར་གྲུབ་འབྲས་བཟང་པོ་བེད་སྤྱད་ནས་གཞན་དང་དཔུང་པ་མཉམ་གཤིབ་ བྱེད་ཐུབ་པ་སོགས་ཀྱི་དོན་དུ་ཡིན།
དེ་ཡང་དངོས་ཡོད་ཀྱི་གནས་སྟངས་འགའ་དྲངས་ནས་བཤད་ན།
ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོའ ་ི ནང་ཚན་རྩལ་རང་བཞིན་ཡར་རྒྱས་
ཤུགས་ཆེར་སོང་ནས་འཚོ་བའི་དགོས་མཁོ་གང་མང་ཞིག་གློག་དང་འཕྲུལ་ ཆས་ཀྱིས་སྐོང་བཞིན་ཡོད་ལ། གློག་དང་འཕྲུལ་ཆས། འབྲི་ཀློག་དང་སྤྱིར་
བཏང་གི་ཤེས་ཡོན་སློབ་སྦྱོང་སོགས་ནི་རྒྱལ་ཁབ་དེ་ཚོའི་ནང་མེད་ཐབས་
མེད་པའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། འཚོ་བའི་ཆ་ཤས་དེ་དག་ལ་
བརྟེན་ནས་མིའི་རིགས་ཀྱི་དཀའ་ངལ་དང་དགོས ་མཁོ་ མང་ཆེ ་ བ་དུས་ ཡུན་ཐུང་ཐུང་ཞིག་གི་ནང་ལས་སླ་པོའ ་ི ངང་འགྲུབ་བཞིན་ཡོད། དེས་ན་
ཅིའི་ཕྱིར་ང་ཚོས་ཤེས་ཡོན་སློབ་སྦྱོང་ལ་བརྟེན་ནས་ཚན་རྩལ་རང་བཞིན་ གྱི་འགྲན་སྡུར་ལ་ཁ་ཕྱོགས་ཏེ། འཕྲུལ་ཆས་ཀྱི་འཛུགས་སྐྲུན་སོགས་བྱས་
ནས་གནམ་གྲུ་སོགས་ལ་བསྡད་ནས་ལེ་དབར་ཁྲི་ཕྲག་གི་ལམ་ཐག་དུས་ 45
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཡུན་ཆུ་ཚོད་ཁ་ཤས་ནང་སླེབས་ཐུབ་བཞིན་དུ་ད་དུང་རྟ་དྲེལ་སོགས་ལ་ བཅིབས་ནས་ཅིའི་ཕྱིར་ལོ་ཟླ་གང་མང་གི་དཀའ་སྡུག་མྱངས་ནས་དུས་ ཚོད་ཆུད་ཟོས་སུ་གཏོང་དགོས་པ་རེད།
སྟེ ང ་གནམ་སྔོ ན ་པོ ་ དང་འོ ག ་སྤང་ལྗོ ང ས་ཀྱི ་ བར་མཚམས་ནས་
འཚོ ་ བ་འགྲི ག ་ཙམ་བྱུང་ནས་སྡོ ད ་བཞི ན ་པའི ་ འབྲོ ག ་པ་རྣལ་མ་ཞི ག འཕྲུལ་རྟ་སོགས་དེང་རབས་འཕྲུལ་ཆས་ཀྱིས་བཀང་བའི་ཕྱི་གླིང་བའི་གྲོང་
ཁྱེར་ཞིག་གི་ནང་སླེབས་ན་ཁོང་གིས་ཅི་ཞིག་བྱེད་ཐུབ། དེར་བརྟེན། ང་
ཚོས་ཤེས་ཡོན་སློབ་སྦྱོང་ནི་སྤྱི་ཚོགས་སྟེང་གི་དགོས་མཁོ་སྐྲུན་མཁན་གྱི་ ལག་ཆ་ཞིག་གི་ཚུལ་དུ་བཟུང་ནས་དུས་རབས་ཀྱི་འཕེལ་རྒྱས་དང་རྗེས་ སྙེག་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེའོ། །
༢༽ གོ་ལ་སྤྱི་ལ་ཞབས་འདེགས་བསྒྲུབ་པ།
དུས་རབས་ཉེ ར ་གཅི ག ་པ་འདི འི ་ ནང་མི འི ་ རི ག ས་ཀྱི ་ཤེ ས ་ཡོ ན ་
སློབ་སྦྱོང་ཚད་ཇེ་མཐོར་སོང་ནས་འཚོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་
ནའང། མིའི་རིགས་ལ་གནོད་པའི་རང་བཞིན་གྱི་འཇིགས་སྣང་དང་བརྡབ་ གསིག་གང་མང་ཞིག་ཡོང་བཞིན་ཡོད། དེ་ཡང་ང་ཚོ་ལ་ཤེས་ཡོན་སློབ་སྦྱོང་
མེད་པར་ཕན་པའི་རང་བཞིན་གྱི་དོན་ཆེན་ཞིག་བསྒྲུབ་རྒྱུ་ཕར་བཞག ཐ་ ན་གནོད་པའི་རང་བཞིན་གྱི་དོན་ཞིག་བསྒྲུབ་པ་ལའང་ཤེས་ཡོན་སློབ་སྦྱོང་
ནི་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན་མིའི་རིགས་ཀྱི་འཚོ་བའི་ཁྲོད་
གཏོར་བཅོམ་དང་ཁྲག་སྦྱོར་གྱི་ལས་འགུལ་རྩོམ་མཁན་ནམ་འཇིགས་སྐུལ་ 46
འཛིན་གྲྭ་དགུ་་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
པ་ཨོ་སི་མཱ་དང་འཛམ་གླིང་དམག་ཆེན་གཉིས་པ་སློང་མཁན་ཧི་ཐི་ལེར། རྒྱ་ནག་ནང་མུ་གེ་དང་རིག་གནས་གསར་བརྗེ་རྩོམ་མཁན་མོའ་ོ ཙེ་ཏུང་ལྟ་
བུ་རེད། ཁོང་ཚོར་ཚད་མཐོ་བའི་ཤེས་ཡོན་སློབ་སྦྱོང་ཞིག་ཡོད་བཞིན་དུ་ བེད་སྤྱོད་ལོག་པར་བཏང་ནས་མཐའ་མར་མིའི་རིགས་ལ་ཆག་བསླངས་པ་ རེད།
འོ་ན། ང་ཚོས་ཤེས་ཡོན་སློབ་སྦྱོང་བྱས་ནས་འཛམ་གླིང་འདིའི་ནང་
གནས་པའི་སྐྱེ་འགྲོ་དག་ལ་ཞབས་འདེགས་ཇི་ལྟར་བསྒྲུབ་དགོས་སམ། ཇི་ ལྟར་བསྒྲུབ་ཐུབ་བམ། ང་ཚོས་ངེས་པར་དུ་ཤེས་ཡོན་སློབ་སྦྱོང་ལ་བརྟེན་ ནས་མིའི་རིགས་ལ་ཕན་པ་བསྒྲུབ་རྒྱུ་ནི་སྨྲ་མི་དགོས་ལ། དེ་དང་མཉམ་དུ་
ང་ཚོས་ད་ལྟ་ང་ཚོར་འཕྲད་བཞིན་པའི་རང་བྱུང་གི་གནོད་འཚེ་གོ་ལའི་ ཚ་དྲོད་འཕེར་བ་དང། ས་འགུལ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ལ་ རྩད་ཞིབ་བྱས་ནས་དེ་དག་ཕྱིན་ཆད་སྔོན་འགོག་བྱེད་པར་ཐབས་ལམ་ཅི་
ཞིག་ཡོད་མེད་སོགས་ལ་བརྟག་ནས། ཆག་སྒོ་དང་གནོད་འཚེ་ལས་སྐྱོབ་རྒྱུ་ ནི་གལ་ཆེ་ལ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟར་འཛམ་
གླིང་སྐྱེ་འགྲོ་ཡོངས་ལ། དངོས་ཡོད་གནས་སྟངས་གཞིར་བཞག་ཐོག་སེམས་ ཁམས་ལ་ཤུགས་རྐྱེན་ཐེབས་པའི་ཁ་ཏ་བསླབ་བྱ་བསྩལ་ནས་ལེགས་པའམ་ བཟང་སྤྱོད་ཀྱི་ཕྱོགས་ལ་ལམ་འཁྲིད་རྒྱུ་ནི་ཤིན་ཏུ་ནས་ཆེ་ལ། དེ་ནི་གོ་ལ་
སྤྱི་ལ་ཞབས་འདེགས་བསྒྲུབ་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ཀྱང་ཡིན་ ནོ། །དེས་ན་དེ་ལྟ་བུའི་རླབས་ཆེན་གྱི་བྱ་གཞག་ཅིག་རྩོམ་པ་ལའང་ཤེས་ ཡོན་སློབ་སྦྱོང་ནི་ཆེས་མེད་དུ་མི་རུང་བའོ། ། 47
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དགག་སྒྲུབ་རྩོམ་ཡིག་གི་རིགས་ཤིག་ཡིན། སྔོན་གླེང་དང་ས་བཅད་
གསུམ་དུ་དབྱེ་ནས་རྩོམ་ཡོངས་གྲུབ་པར་བྱས་ཤིང། རྩོམ་ཡིག་ཏུ་བཀོད་པའི་རྒྱུ་མཚན་དང་ གནས་ལུགས་སྒྲུབ་སྟངས་གང་ལེགས་འདུག་པས་བསམ་བློའ་ི ཆ་ལ་བསྔགས་འོས་སུ་མཐོང།
རྩོམ་ཡིག་འདི་ཀློག་རྗེས་རྩོམ་པ་པོ་ཆུང་ཆུང་འདི་ལ་ལོ་རྒྱུས་དང་རིག་གནས་སོགས་
ཀྱི་ཐད་ནས་ཤེས་རྒྱ་མི་དམན་པ་ཡོད་པ་ངང་གིས་རྟོགས་ཐུབ། རྗོད་བྱེད་ཀྱི་ཚིག་ཀྱང་ཀློག་བདེ་ གོ་སླ་བར་འདུག་པ་ནི་དགག་སྒྲུབ་རྩོམ་ཡིག་གི་མཚོན་ཐབས་སུ་ལེགས་པར་མཐོང། ད་དུང་ རྩོམ་གྱི་འགོ་ནས་མཇུག་བར་ཁ་བྱང་གི་བླང་བྱ་གཙིགས་སུ་བཟུང་ནས་ཅི་ལྕོགས་ཀྱིས་མཚོན་ པར་བྱས་འདུག་པ་ནི་ལེགས་པའི་ཆ་རང་ཡིན།
ས་བཅད་བགོད་སྟངས་ལ་གཞིགས་ན་མཇུག་བསྡུ་བའི་གཏམ་ཞེས་པ་ཞིག་ཀྱང་
ཡོད་ན་འགྲིག་པར་མཐོང། རྗེས་སུ་རྩོམ་ཡིག་འབྲི་དུས་སྒྲིག་གཞིའི་ཐད་ལ་དོ་སྣང་བྱ་རྒྱུ་གལ་ ཆེར་མཐོང།
48
འཛིན་གྲྭ་དགུ་་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ། ངག་དབང་དབང་མོ། དཔེ་སྟོན་སློབ་གྲྭ།
སྔོ་བསངས་ལྡན་པའི་གཡུ་མདོག་གི་ཀུན་ཁྱབ་སྟེང་དུ་སྤྲིན་ཚོམ་
འགའ་ཞིག་འཐོར་བཞིན་འདབ་བཟང་རྣམས་ཀྱི་སྐད་གདངས་མཐོན་པོའ་ི འགྱུར་ཁུག་གི་གླུ་དབྱངས་ལེན། དེ་བཞིན་དྭངས་གཙང་གི་དལ་འགྲོ་ཤག་
སྒྲ་དང་བཅས་ག་ལེར་ཐུར་དུ་རྒྱུག་ཅིང། ལྗང་ལོ་ལྡན་པའི་རྩི་ཤིང་རྣམས་
ཕར་གཡོ་ཚུར་གཡོ་བྱེད་པ་དེས་དེ་རིང་གི་ཉིན་གསར་པར་བཀྲ་ཤིས་བདེ་ ལེགས་ཞུ་བ་དང་མཚུངས།
དུས་བཟང་འདི་དང་སྟབས་བསྟུན་ཚོགས་ཐེངས་གཉིས་པར་ངའི་
རྣ་བར་དེ་རིང་རྩོམ་ཡིག་འགྲན་སྡུར་ཡིན་པ་གསལ་ལྟང་ངེར་ཐོས་བྱུང་ བས། ངར་དགའ་སྐྱིད་ལྡན་པའི་ཚོར་སྣང་ཞིག་གིས་རྩོམ་ཡིག་གི་ས་བོན་
གསར་པ་ཞིག་འདེབས་འཛུགས་བྱེད་ཆེད་ཤོག་དཀར་སྟེང་དུ་ནག་ནོག་གི་ 49
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཡི་གེ་འགའ་འགོད་པར་སྤྲོ་བས་ཞུགས་སོ།།
སྤྱིར་ཤེས་ཡོན་ཞེས་པ་ནི་ཤེས་བྱ་ཡོན་ཏན་ལ་གོ་མོད། འོན་ཀྱང་
གཏིང་ཟབ་ངང་ཞུས་ན། མིའི་བསམ་བློའ ་ི ཆ་དང་ཆབ་སྲིད་ཀྱི་ཆ། སྲོལ་ རྒྱུན་གྱི་ཆ་སོགས་ལ་ཟེར།
བུ་མོ་ངར་མཚོན་ན། ཤེས་ཡོན་ཞེས་པ་ནི་ང་རང་མི་ལུས་རིན་པོ་
ཆེ་ཐོབ་པའི་ཕྱག་རྟགས་བཟང་ཤོས་དེ་ཡིན། ཤེས་ཡོན་ཞེས་པའི་ཚིག་རྐང་
གཉིས་པོ་དེའི་ཆེད་དུ་ད་ཆ་ང་མ་ཡུམ་དཔེ་སྟོན་སློབ་གྲྭ་ན་ནར་སོན་ནས་ ལོ་ན་བཅུ་གསུམ་ཙམ་སོན་ཡོད་ལ། འདས་པའི་མི་ཚེར་བདེ་སྐྱིད་ཐོབ་པ་
མཐའ་དག་ཤེས་ཡོན་ཁོ་ན་ལས་བྱུང་བ་ཡིན། མ་ཟད་ད་ཆ་ང་འཛིན་གྲྭ་
དགུ་པར་ལུས་སེམས་གཉིས་ཀ་བདེ་ཐང་ངང་ཤེས་ཡོན་སྦྱོང་བའི་དམིགས་ ཡུལ་གཙོ་བོ་ནི་རང་ཉིད་ཀྱི་མི་ཚེ་དོན་སྙིང་ལྡན་པ་ཞིག་དང། ཟང་ཟིང་ གི་སྤྱི་ཚོགས་ཞི་བདེ་བསྐྲུན་ཆེད། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་
གནས་ཀྱི་རིན་ཐང་ས་ཕྱོགས་གང་སར་ཁྱབ་སྤེལ་གཏོང་ཆེད་ཡིན། ད་དུང་ རྒྱ་ཆུང་ས་ནས་བཤད་ན་རང་ཉིད་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་སྲུང་ཆེད་ དང། རྒྱ་ཆེ་ས་ནས་བཤད་ན་གངས་ལྡན་གྱི་རྒྱལ་ཁབ་ཡུན་གནས་ཐུབ་
ཆེད། དེ་བཞིན་རིག་གནས་ཉམས་དང་ཉམས་བཞིན་པ་རྣམས་ཉམས་པ་ སླར་གསོའམ་མི་ཉམས་གོང་འཕེལ་གཏོང་ཆེད་ཡིན་པ་ནི་བཤད་ཅི་དགོས།
དེ་བས་བསམ་གཞིགས་ཀྱི་རི་ཀློང་ཞིག་འགྲིམས་ཚེ། ད་ལྟ་བཙན་
བྱོལ་ན་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་རིན་ཐང་སྤྲད་
རྒྱུ་དང་མཉམ་བསྲེས་མ་ཡིན་པར་ཆུ་བོ་དྭངས་མོ་བཞིན་བོད་སྐད་གཙང་ 50
འཛིན་གྲྭ་དགུ་་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
མ་བསྐྱོན་རྒྱུ་ནི་ང་ཚོའི་ཕྲག་ཏུ་འཁུར་བའི་འོས་འགན་རླབས་ཆེན་ཞིག་ ཡིན།
སྐད་ཡིག་གི་བྱམས་བརྩེའི་འོད་རླབས་འོག་ཏུ་ད་ཆ་བོད་པ་གོ་ལ་
འདིའི་སྟེང་གནས་ཐུབ་པ་རེད་ཅེས་སྨྲ་བར་སྤོབས། གལ་ཏེ་རྒྱལ་ཁབ་ཅིག་
ལ་སྐད་ཡིག་མེད་ན་དེ་ནི་བྱ་འུག་པ་དང་མཚུངས། ཅི་སྟེ་ཉིན་མོའ ་ི གུང་ འཛམ་གླིང་དེ་ཆེས་དཀར་ཞིང་མཛེས་སྡུག་ལྡན་པ་ཡོད་ནའང་བྱ་འུག་པས་ ཅི་ཡང་མི་མཐོང། དེ་བཞིན་རྒྱལ་ཁབ་ཅིག་ལ་སྐད་ཡིག་མེད་ཚེ་དེའི་གཟི་ བརྗིད་མཚོན་མི་ཐུབ།
བོད་ནང་གནས་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་མཚོན་ན་རང་
ཉིད་ཀྱི་སྐད་ཡིག་སྲུང་འདོད་ཀྱང་རྒྱ་དམར་གྱི་གདུག་རྩུབ་འོག་རང་དབང་ ཅི་ཡང་མེད་པར་བརྟེན། ད་ཆ་རང་ཉིད་ཀྱི་ཧ་ཅང་གཅེས་པའི་སྐུ་སྲོག་
ཕངས་མེད་དུ་མེར་སྲེག་གི་ཡོད། འོན་ཀྱང་ད་དུང་བཙན་བྱོལ་བ་ཚོར་ ཚོར་སྣང་མེད་ན་དངོས་གནས་ཡིད་སྐྱོ་བའམ་བློ་ཕམ་དགོས་པའི་གནས་
ཚུལ་ཞིག་མ་རེད་དམ། བཙན་བྱོལ་བོད་མི་ཚོར་རང་དབང་ཆ་ཚང་ལྡན་
པས་བོད་ཀྱི་སྐད་ཡིག་སྦྱངས་ནས་ཡུལ་གྲུ་གང་སར་ཁྱབ་སྤེལ་གཏོང་ཐུབ་ ཚེ། ཉིན་ཞིག་བཙོན་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས།
ཁོང་རྣམས་ཀྱིས་ང་ཚོར་རེ་བ་ཅི་ཙམ་བཅོལ་ཡོད་པ་དེ་བཞིན་བོད་པར་ རང་དབང་གི ་ ཉི ་ མ་མགྱོ ག ས་ནས་མྱུར་དུ་ཤར་ཐུབ་པ་བྱ་རྒྱུ་ནི ་ ང་ཚོ འི ་ གཡོལ་དུ་མེད་པའི་འོས་འགན་ཡིན།
དེ ་ ལས་ལྡོ ག ་སྟེ ་ཤེ ས ་ཡོ ན ་སློ བ ་སྦྱོ ང ་མེ ད ་པའི ་ མི ་ རབས་དག་ལ་ 51
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དམིགས་ཡུལ་མེད་ཚེ་མི་དེ་སྤྱི་ཚོགས་ཀྱི་གད་སྙིགས་ཡིན། དེར་བརྟེན་ཤེས་ ཡོན་སློབ་སྦྱོང་བྱེད་པའི་མི་ཞིག་ཡིན་ན་ངེས་པར་དུ་རང་ཉིད་ལ་དམིགས་ ཡུལ་ངེས་ཅན་ཡོད་དགོས།
མདོར་བསྡུས་ན། ཤེས་ཡོན་ནི་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་
ནི་ཤེས་ཡོན་གྱིས་ང་ཚོར་བདེ་སྐྱིད། ཞི་བདེ། ལྷིང་འཇགས། བག་ཕེབས་
སོགས་སྦྱིན་ཐུབ། ཤེས་ཡོན་སློབ་སྦྱོང་ལ་གཙོ་བོ་དམིགས་ཡུལ་བཞི་ཡོད། དེ་དག་ནི་གསར་གཏོད། རྒྱུན་འཛིན། རང་དབང། གཞན་ཕན་ཡིན།
གསར་གཏོ ད ་ལས་བསམ་བློ འ ་ི གསར་གཏོ ད ་དང་དཔལ་འབྱོ ར ་
གསར་གཏོད། རང་བྱུང་ཁོར་ཡུག་གི་གསར་གཏོད་སོགས་ཡིན། རྒྱུན་འཛིན་ ནི་ཕ་མེས་ཡང་མེས་རྣམས་ཀྱིས་བཞག་པའི་སྐད་ཡིག་རིག་གནས་རྣམས་
རྒྱུན་འཛིན་ཐུབ་རྒྱུ་དེ་ཡིན། རང་དབང་ནི་བསམ་བློའ་ི རང་དབང་དང་སྐད་ ཡིག་གི་རང་དབང་དང་ཆབ་སྲིད་ཀྱི་རང་དབང་སོགས་ཡིན། གཞན་ཕན་
ནི་སོ་སོའ་ི གྲོགས་པོ་གྲོགས་མོ་ལ་ཕན་པ་དང་ནང་མི་ལ་ཕན་པ། སྤྱི་ཚོགས་ ལ་ཕན་པ་རྒྱལ་ཁབ་ལ་ཕན་པ་རྣམས་ཡིན་པས་འདི་འདྲ་བའི་དམིགས་
ཡུལ་ཆེན་པོ་ཞིག་གི་སྟེང་ནས་མི་ཡག་པོ་ཤེས་ཡོན་ལྡན་པ། འཇོན་ཐང་ ཅན་དང་བསམ་བློ་ཅན་གྱི་མི་ཞིག་ཤེས་ཡོན་གྱིས་སྐྱེད་སྲིང་བྱེད་ཀྱི་ཡོད། ཤེས་ཡོན་སློབ་སྦྱོང་དགོས་དམིགས་གཙོ་བོ་ནི། །
རང་དབང་གཞན་ཕན་རྒྱུན་འཛིན་གསར་གཏོད་ཡིན། ། དེ་ལྟར་རྒྱུན་གཏན་འཚོ་བར་བེད་སྤྱད་ན། ། 52
འཛིན་གྲྭ་དགུ་་པའི་ཕུལ་བྱུང་རྩོམ་ཡིག
མི་སྣ་དོན་སྙིང་ལྡན་པ་འགྱུར་ངེས་ཡིན། །
མ་འོངས་ཕུགས་བསམ་མངོན་འགྱུར་ཐུབ་དགོས་ན། ། ཤེས་ཡོན་སློབ་སྦྱོང་ཁོ་ན་དགོས་གལ་ཆེ། །
དེ་བཞིན་སྐད་དང་རིག་གཞུང་གཅེས་ཐུབ་ན། །
རྒྱལ་ཁབ་ཡུན་གནས་ཐུབ་པར་བཤད་ཅི་དགོས། ། དེར་བརྟེན་མཐའ་མཇུག་ང་ཡི་ཞུ་འདོད་ལ། །
དེ་རིང་བཀོད་པའི་སྙན་རྩོམ་འདི་བརྒྱུད་ནས། ། རང་ཉིད་ཐོབ་པའི་གོ་སྐབས་མི་གཏོང་བར།།
ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་འོས་འགན་ཡིན། །
10
རྩོམ་ཡིག་དཔྱད་མཆན། 53
སྨྱུག་གསར།
༡༨
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་འདིའི་རང་བྱུང་ཚན་པ་དང་པོ་དང་གཉིས་པའི་སྐབས་སུ་ཡུལ་ལྗོངས་
དང་སེམས་ཁམས་རིམ་ཅན་དུ་ཞིབ་འབྲི་དང་བཅས་ཏེ་གནས་ཚུལ་བྱེ་བྲག་པ་ཞིག་མཚམས་ སྦྱར་བ་དེ་གླེང་སློང་བའི་ཚུལ་ཡག་པོ་ཞིག་ཏུ་འཁུམས། དེ་ནི་འཁྲབ་གཞུང་ཞིག་གི་ཡོལ་བ་ དལ་གྱིས་ཕྱེ་བ་དང་ཀུན་ནས་མཚུངས།
དེའི་མུ་མཐུད་ནས་རྩོམ་གྱི་མཇུག་བར་སྤྱི་དང་བྱེ་བྲག་གི་ལམ་ནས་ཤེས་ཡོན་ལ་
ངོས་འཛིན་དང། གཞུང་སྒེར་དང་རང་གཞན། རྒྱལ་ཁབ་དང་མི་རིགས་སོགས་སུ་དང་གང་ ཞིག་ཡིན་ཡང་ཤེས་ཡོན་དེ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་དཔེ་ལ་སོགས་པའི་ལུང་དང་
རིགས་པས་སྒྲུབ་གང་ཐུབ་བྱས་པ་ནི་དངོས་ནས་ཡག་པོ་འདུག། དེ་ལས་རྩོམ་ཡིག་གི་ཁ་བྱང་ དང་བརྗོད་དོན་གཙིགས་སུ་བཟུང་ཡོད་པ་རྟོགས་ཐུབ། འདི་ཁྱད་ཆོས་ཤིག་ཡིན། རྩོམ་གྱི་མཇུག་
གི་ཚིགས་སུ་བཅད་པ་དེའང་ཀློག་བདེ་ལ་གོ་སླ་བ། ནང་དོན་ཡང་ཕུན་སུམ་པར་སྣང་བས་ དགའ་འོས་པ་ཞིག་རེད།
དེ་ལྟ་ནའང། བཟང་ངན་གཉིས་ནི་མཚེ་མ་ཞིག་དང་འདྲ་བར་ནམ་ཡང་གཤིབ་
ནས་ཡོད་པ་བཞིན། རྩོམ་ཡིག་འདིས་དོན་དག་མང་དག་ཅིག་བརྗོད་ཡོད་པ་ལ། གོ་རིམ་སྒྲིག་ སྟངས་ཐད་ཞན་ཆ་ཡོད་པ། དཔེར་ན། ཤེས་ཡོན་ངོས་འཛིན་གྱི་སྐོར་དང་ཤེས་ཡོན་གལ་ཆེའི་
སྐོར། དེ་ནས་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་བཅས་སུ་གོ་རིམ་བསྒྲིགས་ཡོད་ན་རྩོམ་ཡིག་
འདི་སྔར་བས་ཀྱང་ལེགས་པོ་ཞིག་འཁྱོངས་ཡོད་ངེས་རེད་སྙམ། ད་དུང་ཞུ་འདོད་པ་ཞིག་ལ། རྩོམ་ཡིག་འདི་ནི་དགག་སྒྲུབ་རྩོམ་ཡིག་གམ་དཔྱད་རྩོམ་དུ་གཏོགས་པས། ནམ་རྒྱུན་དཔྱད་རྩོམ་
གྱི་འགོ་འཛུགས་སྟངས་དེ་འདྲ་ཞིག་ཡོང་དཀོན་པོ་ཡིན། རྩོམ་ཡིག་འདིའི་འགོ་གླེང་ཚུལ་དེ་ཇི་ བཞིན་བརྗོད་པའི་རྩོམ་ཡིག་གམ་སྒྲུང་གཏམ་ཞིག་གི་འགོ་དང་འདྲ། འོན་ཀྱང་། རྩོམ་བྱང་འདི་ ལྟ་བུ་ཇི་བཞིན་བརྗོད་པ་སོགས་ཀྱི་ལམ་ནས་བྲིས་མི་ཆོག་ཟེར་བའི་དོན་མིན།
54
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
གཞིིས་བཞུགས་མིི་མང་གིི་རེེ་འབོོད། རྟ་མགྲིན་དབང་རྒྱལ། སུ་ཇ་བོད་ཁྱིམ།
ཐོག་མའི་གླེང་བརྗོད།
མི་རིགས་ཤིག་གི་བདེ་སྡུག་གི་གནད་དོན་ལ་མི་རིགས་གང་དེའི་ལོ་
རྒྱུས་ཀྱི་རྒྱབ་ལྗོངས་གཞིར་བཞག་གིས་དཔྱད་པ་བྱེད་རྒྱུ་ནི་གལ་འགངས་ ཤིན་ཏུ་ཆེ་མོད། འཛམ་གླིང་ལོ་རྒྱུས་ཕྱི་ལྟ་ཞིག་བྱས་ན། གྲངས་མང་མི་ རིགས་ཀྱི་གྲངས་ཉུང་མི་རིགས་ལ་འཛིན་པའི་རྣོ་ངར་ཅན་གྱི་སྲིད་ཇུས་
དེ་ཡུན་རིང་རྒྱུན་འཁྱོངས་ཐུབ་མེད། དེ་ནི་ཕྱོགས་ཡོངས་ནས་གཡོ་འགུལ་ ཆེན་པོ་ཞིག་ཐེབས་ཏེ་གྲངས་ཉུང་མི་རིགས་མང་པོ་ཞིག་གིས་རང་སྲོག་ འབེན་དུ་བཙུགས་ཏེ་འཐབ་རྩོད་ཀྱི་འབོད་སྒྲའི་ཁྲོད་ནས་རང་དབང་དང་ རྒྱལ་ཁ་བླངས་པ་ལོ་རྒྱུས་ཀྱི་མེ་ལོང་དུ་ཟུར་བལྟས་ལེབ་མཐོང་ལགས། 55
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དྲག་པོའ ་ི བཙན་འཛུལ་དང་དྲང་བདེན་མ་ཡིན་པའི་སྲིད་ཇུས། སྤྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་གི་ཁྲིམས་མཐུན་མ་ཡིན་པའི་ངང་
རྒྱ་བོད་གཉིས་ཀྱི་ས་མཚམས་དང། ལྷག་པར་ཕྱོགས་གཉིས་ཀྱི་འདྲ་མཉམ་ གྱི་ཆེ་མཐོང་རྡོག་རོལ་དུ་བཏང་སྟེ། བོད་ལ་དྲག་པོའ ་ི བཙན་འཛུལ་གྱིས་
བོད་ས་ཡོངས་སུ་རྫོགས་པ་དབང་དུ་བསྡུས་ནས། བོད་མི་ས་ཡ་དྲུག་གིས་ལོ་
རྒྱུས་ཀྱི་ཕམ་ཁ་ཆེན་པོ་ཞིག་འཁུར་དགོས་བྱུང་ན་ཡང། བོད་མི་ས་ཡ་དྲུག་
གིས་ལོ་རྒྱུས་ཀྱི་བདེན་དཔང་མདུན་དུ་བསུས་ཏེ་རྒྱ་གཞུང་གི་བོད་ཐོག་ འཛིན་པའི་རྣོ་ངར་ཅན་གྱི་དྲག་པོའ་ི སྲིད་ཇུས་ལ་རྒོལ་བཞིན་ཡོད།
འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་རིང་གི་བོད་མིའི་ཆབ་སྲིད་ཀྱི་
འཐབ་རྩོད་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་སྟེ། རྒྱ་ནག་གཞུང་ལ་
དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལྷག་པར་ གཞིས་བཞུགས་རྒྱ་ཆེའི་མི་མང་གིས་སྙིང་སྟོབས་ཆེན་པོས་མི་རིགས་ལ་
བཅངས་པའི་ལ་རྒྱར་གཡོ་བ་མེད་པས། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་
བསྟན་རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་མི་ཉམས་གོང་འཕེལ་
དང་ཉམས་པ་སླར་གསོ་བྱེད་བཞིན་ཡོད། འདས་པའི་མི་ལོ་དུ་མའི་རིང་
གཞིས་བཞུགས་སྤུན་ཟླ་ཡོངས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཐབས་ ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་དམར་པོའ ་ི སྲིད་ཇུས་ལ་འཚེ་མེད་ཞི་བའི་
ལམ་ནས་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་བདེན་ དོན་གྱི་འབོད་སྒྲ་ཇེ་ཆེར་བསྒྲགས་ཡོད།
56
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
རེ་སྒུག་སྟོང་གི་ཁྲོད་དུ་ལུས་པའི་གཞིས་བཞུགས་སྤུན་ཟླའི་རེ་འབོད།
བོ ད ་རི ག ས་མི ་ མང་ནི ་ གནའ་ནས་ད་བར་ཆོ ས ་ལུགས་ལ་དད་
སེམས་ཆེ་ཞིང་ཞི་དུལ་བག་ཕེབས་ཀྱི་མི་རིགས་ཤིག་ཡིན། ལྷག་པར་ཆོས་
ལུགས་ཀྱི ་ དབུ་ཁྲི ད ་ལ་སེ མ ས་ཁོ ང ་ནས་དད་པ་ཆེ ་ ཞི ང ་། ཞི ་ བདེ འི ་ ཁ་ ལོ་བ་དང་བོད་མི་རིགས་ཧྲིལ་པོའ ་ི མགྲིན་ཚབ་ཅིག་ཏུ་ངོས་འཛིན་བྱེད་ བཞིན་ཡོད། རང་རིགས་གཞིས་བཞུགས་སྤུན་ཟླ་མང་པོ་ཞིག་གིས་སྐོམ་པ་ ཆུ་འདོད་ཀྱི་དཔེ་བཞིན་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་ རེ་སྒུག་དང་བོད་ནང་དྲང་བདེན་མ་ཡིན་པའི་སྲིད་ཇུས་འཛམ་གླིང་མི་
དམངས་ལ་གསལ་སྟོན་ཕྱིར་རང་སྲེག་ངོ་རྒོལ་རབས་དང་རིམ་པ་མང་པོ་ ཞིག་སྤེལ་བཞིན་ཡོད།
ད་ལྟའི་ཆར་བོད་ནང་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་མང་པོ་
ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་མཆོད་མེར་བསྒྲོན་ཏེ་མགྲིན་གཅིག་གི་ངང་ ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས། འདྲ་མཉམ་ཞི་བདེས་ཁེངས་པའི་བོད་ཅིག་བསྐྲུན་རྒྱུའི་རེ་འབོད།
བོད་ནང་དེང་སྐབས་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་
ཡོད། རྒྱ་གཞུང་གི་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་བསྒྲགས་ཀྱང་རྒྱ་བོད་ མི་རིགས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་མི་
མང་གི་སེམས་ཁམས་སུ་ཚད་ལས་འདས་པའི་བག་ཆགས་ངན་པ་ཞིག་ 57
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
འཇོག་བཞིན་ཡོད་ལ། ལྷག་པར་གཞིས་བཞུགས་མི་མང་ལ་དྲང་བདེན་མ་
ཡིན་པའི་ཁྲིམས་ལུགས་ལག་བསྟར་ཐོག་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ འཁོད་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་རྡོག་རོལ་བཏང་སྟེ་གཞིས་ བཞུགས་སྤུན་ཟླར་རྨ་ཁ་མེད་པའི་མནར་གཅོད་གཏོང་བཞིན་ཡོད།
གནས་སྟངས་དེ ་ ལྟ་བུའི ་ འོ ག ་ཡང་མ་འོ ང ས་བོ ད ་ཀྱི ་ དངོ ས ་ཡོ ད ་
གནས་སྟངས་ལ་བསམ་སྟེ། ལྷག་བསམ་དང་ཡིད་གཞུང་དྲང་མོས་བྲང་ཁ་ མེ་མདའི་རྩེ་མོར་བསྟན་ཏེ་འཇིགས་ཞུམ་སྤུ་ཙམ་ཡང་མེད་པའི་ངང་རྒྱ་
གཞུང་གི་ཚད་ལས་བརྒལ་བའི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལ་ངོ་ རྒོལ་དང། འགྲོ་བ་མིའི་ཐོབ་ཐང་སྟེ་ཆབ་སྲིད་རང་དབང་དང་སྨྲ་བརྗོད་
རང་དབང་། ཁྲིམས་མཐུན་རང་དབང་སོགས་མདོར་ན་མིའི་རིགས་ལ་ཡོད་
པའི་ཐོབ་ཐང་མཐའ་དག་འབོད་སྒྲའི་ཁྲོད་ནས་རྩོད་ལེན་བྱེད་བཞིན་ཡོད་ ལ། དེ་ལྟ་བུའི་རྩོད་ལེན་གྱི་ཁྲོད་ནས་བོད་རིགས་ཡོངས་གཅིག་གྱུར་དང་
མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཤིག་བསྐྲུན་རྒྱུའི་འབད་བརྩོན་ གནང་བཞིན་ཡོད།
བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བརྩི་བཀུར་དང་ཆེ་མཐོང།
བོད་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཆེད་བོད་ཀྱི་སྐད་དང་རིག་གཞུང་གི་ གལ་ཆེའི་རང་བཞིན་མཐོང་སྟེ། དེང་སྐབས་བོད་ནང་ལས་འགུལ་རབས་
དང་རིམ་པ་མང་པོ་ཞིག་སྤེལ་བཞིན་ཡོད། འདས་པའི་མི་ལོ་ལྔ་བཅུ་ལྷག་ ཙམ་ཞིག་གི་རིང་བོད་ཀྱི་རིག་གཞུང་ལ་ཆག་འཇིག་གི་ཉེན་ཁ་ཤིན་ཏུ་ཆེ་ ཞིང། བོད་ཕྱི་ནང་གཉིས་སུ་ཕྱིའི་སྐད་ཡིག་གི་ཤུགས་རྐྱེན་དང་ནུབ་ཕྱོགས་ 58
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
པའི་ཤན་ཤུགས་འོག་རང་མི་རིགས་ཀྱི་སྐད་ཀྱི་གོ་བརྡ་མ་འཕྲོད་པ་ལྟ་བུའི་ སྐྱི་གཡའ་བའི་གནད་དོན་མང་པོ་ཞིག་གི་ཁྲོད་རང་མི་རིགས་ཀྱི་སྐད་ཡིག་ ལ་ལར་ཞེན་ཆེ་བའི་སྤུན་ཟླ་མང་པོའ ་ི སེམས་ཁམས་སུ་ན་ཟུག་ག་ཚད་ ཙམ་སྤྲད་ཡོད་དམ། ལྷག་པར་རྒྱ་གཞུང་གི་བོད་མི་རིགས་ཧྲིལ་པོའ་ི གཅིག་
གྱུར་གྱི་སེམས་ཁམས་དང་དད་མོས་རང་བཞིན་གྱི་བསམ་པ་རྟོགས་ཏེ་བོད་
ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ ནས་ཚབས་ཆེའི་རྡོག་རོལ་བཏང་ཡོད།
བྱེས་འབྱོར་སྤུན་ཟླར་བཅངས་པའི་རེ་འབོད།
འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་རིང་གི་ཉམས་མྱོང་ལ་ཕྱིར་ལྟ་
བྱེད་སྐབས། བོད་ནང་ལུས་པའི་རྒྱ་ཆེའི་མི་མང་གིས་དངོས་ཡོད་བོད་ཀྱི་ བདེན་པའི་འཐབ་རྩོད་ལ་རང་སྲོག་འབེན་དུ་བཙུགས་ཏེ། འཇིགས་ཞུམ་
སྤུ་ཙམ་ཡང་མེད་པར་བོད་པའི་ངོ་བོ་ཉར་ཚགས་ཐུབ་ཡོད། ད་དུང་ཡང་
ཁོ་ཚོས་རང་ཅག་ཡུལ་གྱར་བའི་སྤུན་ཟླ་ཡོངས་ལ། རང་དབང་ལྡན་པའི་
ལུང་པ་ཞིག་གི་ནང་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རིག་པའི་གཞུང་ ལུགས་དང་སྐད་ཡིག མདོར་ན་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་བྱས་ཏེ་ ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་སྟེ། བོད་ནི་འཛམ་གླིང་
ལོ་རྒྱུས་ཀྱི་བང་མཛོད་ཁྲོད་བཀྲག་མདངས་ཆེ་བའི་ནོར་བུ་ཞིག་ཆགས་ རྒྱུའི་ཐུགས་རེ་འཆང་བཞིན་ཡོད།
ལྷག་པར་བོད་ནང་གི་གཞིས་ལུས་སྤུན་ཟླའི་དཀའ་སྡུག་དེ་འཛམ་ 59
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གླིང་མི་མང་ལ་གསལ་སྟོན་དང་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་དཔང་པོར་
བཞག་སྟེ་ཁྲིམས་མཐུན་གྱི་བོད་གསར་ཞིག་འཛུགས་སྐྲུན་ཐུབ་རྒྱུའི་རེ་བ་ སྒོ་ཀུན་ནས་འཆང་བཞིན་ཡོད་པས། རང་ཅག་བྱེས་འབྱོར་སྤུན་ཟླ་ཡོངས་ ཀྱི ས ་༸གོ ང ་ས་མཆོ ག ་གི ་ ལམ་སྟོ ན ་གཞི ར ་བཟུང་གཞི ས ་བཞུགས་སྤུན་
ཟླའི་རེ་བཞག་གསོན་པོ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཟིན་དགོས་ གལ་ཆེ།
མཇུག་བསྡུའི་གཏམ།
བོད་མི་རིགས་ཧྲིལ་པོའ ་ི མཐར་ཐུག་གི་བདེ་སྐྱིད་དེ་བོད་མི་རྩམ་
ཟན་ཡོད་དོ་ཅོག་ལ་འཁྲི་བའི་ལས་འགན་ཁོ་ན་ཉིད་ལས། གཞིས་བཞུགས་ སྤུན་ཟླ་ཁོ་ནའི་འགན་འཁྲི་ཙམ་མིན་པ་ངོས་འཛིན་གསལ་པོ་བྱེད་དགོས།
དེས་ན་རླབས་ཆེན་གཞིས་བཞུགས་སྤུན་ཟླའི་རེ་འབོད་སྙིང་ལ་བཅངས་ ཏེ་འགན་རང་འཁུར་གྱིས་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཀྱི་བདེ་
སྡུག་ལ་ཡང་ཡང་མནོ་བསམ་གཏོང་རྒྱུ་དེ་རང་ཅག་ཀུན་ལ་དཀྲི་བའི་ལས་ འགན་གཤའ་མ་དེ་ཡིན།
དམར་པོའ་ི རིང་ལུགས་རྟག་ཏུ་རྒྱུན་འཁྱོངས་མི་ཐུབ་ལ། །
བོད་མིའི་དཀའ་སྡུག་མྱུར་དུ་ཟད་པའི་དུས་ཤིག་འབྱུང། །
60
རྩོམ་ཡིག་དཔྱད་མཆན།
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
རྩོམ་ཡིག་འདི་ནི་དགག་སྒྲུབ་རྩོམ་ཡིག་ཏུ་གཏོགས་པས་གླེང་སློང་བའི་གཏམ་ལ་
ཡང་དེ་ཡི་ཁྱད་ཆོས་ཚང་མོད། འོན་ཀྱང་རྩོམ་བྱང་དེ་གཞིས་བཞུགས་མི་མང་གི་རེ་འབོད་ཅེས་ པ་དེ་ཡིན་པས།། དེའི་སྐོར་ནས་གླེང་བསླངས་ཏེ་རྩོམ་གྱི་འགོ་བཙུགས་ན་དེ་བས་ཡག་པོ་ཡོད།
ས་བཅད་དང་པོ ར་བརྗོད ་ཡོ ད ་པ་དེ ་ དག་ཀྱང་བདེན་པའི་གཏམ་ཉག་གཅིག་ཏུ་
སོང་བས། འདི་ལས་རྩོམ་པ་པོས་རང་གི་མི་རིགས་ལ་རྒྱུས་ལོན་དང་ཐུགས་འཁུར་ཅི་འདྲ་ཡོད་ པ་ཚོད་དཔག་བྱེད་ཐུབ་ཅེས་བརྗོད་ཆོག་པར་སེམས། འོན་ཀྱང་། ས་བཅད་འདིའི་བསྟན་དོན་
གཙོ་བོ་དེ་དྲག་པོའ ་ི བཙན་འཛུལ་དང་དྲང་བདེན་མ་ཡིན་པའི་སྲིད་ཇུས་ཞེས་པ་དེ་ཡིན་ཕྱིར། མཚོན་ཤུགས་ཞན་པར་འདུག།
ས་བཅད་གཉིས་པ་འདི་ནི་རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོའང་ཡིན། འདིར་
བཀོད་པའི་དོན་དག་དེ་ཚོའང་ང་ཚོས་མཐོང་ཐོས་མྱོང་གསུམ་བྱེད་ཐུབ་པའི་གཞིས་བཞུགས་མི་ མང་གི་རེ་བ་དང་འབོད་སྐུལ་ཡིན་པར་གོར་མ་ཆག ངས་བསམ་ན། འོག་ནས་འབྱུང་བའི་འདྲ་ མཉམ་ཞི་བདེས་ཁེངས་པའི་བོད་ཅིག་བསྐྲུན་རྒྱུའི་རེ་འབོད་ཅེས་པ་དང་བྱེས་འབྱོར་སྤུན་ཟླར་
བཅངས་པའི་རེ་འབོད་ཅེས་པའི་ས་བཅད་འདི་གསུམ་གཅིག་ཏུ་བྱས་ནས་གོ་རིམ་བསྒྲིགས་ན་ ལེགས་སྙམ། དེར་བརྟེན། རྩོམ་ཡིག་འདིའི་སྒྲིག་གཞིའི་ཐད་ན་ཞན་ཆ་ཡོད་པར་འདོད།
རྩ་བའི་ཆ་ནས་རྩོམ་ཡིག་ཏུ་བཀོད་པའི་དོན་དག་ཚང་མ་བདེན་པ་ཤ་སྟག་ཏུ་སོང་
བས་སེམས་འགུལ་ཐེབས་པ་ཞིག་རེད། འོན་ཀྱང་། རྩོམ་བྱང་འདི་ལྟ་བུ་ནི་ནམ་རྒྱུན་དུངས་ སེམས་མཚོན་པའི་ཐབས་ཀྱིས་བྲིས་ན་དེ་བས་ཀྱང་ཡག་སྙམ།
61
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཡིད་ལ་ལྷང་ལྷང་དྲན་བྱུང།
ཟླ་བ་ཚེ་རིང།
སེ་ལ་ཀུའི་བོད་ཁྱིམ།
རྒྱང་རིང་ཕ་ཡུལ་ཕྱོགས་ན་བཞུགས་པའི་དྲིན་ཆེན་ཨ་མ། ། མ་ནེའི་དབྱངས་རྟ་བཞག་སྟེ་བུ་ངའི་ངག་ལ་གསོན་དང། །
སྤང་ལྗོངས་གཡུ་ཡི་གདན་སྟེང་ཆུང་ཆུང་ལུ་གུ་འཚོ་བཞིན། ། ཁྱོད་ཀྱི་པང་ལ་བསྔས་ཏེ་གཉིད་དུ་ཡུར་བ་དྲན་བྱུང། ། སྦྲ་ནག་གྲུ་བཞིའི་ནང་དུ་ཤ་མར་ཐུད་ལ་རོལ་བཞིན། །
མགྲིན་པར་གསལ་ཁ་མེད་པའི་ཨ་མྱེའི་གནའ་གཏམ་དྲན་བྱུང། ། ཐོ་རེངས་སྐར་ཆེན་ཤར་མཚམས་རྩྭ་མགོ་བ་མོས་བཀླུབས་ཀྱང། ། འགྲོས་བཟང་རྟ་ཕོར་བཅིབས་ཏེ་ཕྱུགས་རྫིར་ཆས་པ་དྲན་བྱུང། ། 62
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
དྲན་པའི་མིག་ཆུའི་ཐིགས་པས་ཉལ་སའི་སྔས་མགོ་བརླན་ཡང། ། མ་ཁྱེད་དྲན་ཐེངས་རེ་ལ་བློ་ཡིད་ཚིམ་རྒྱུ་མི་འདུག། །
ས་མཐའ་མི་ཡུལ་འདི་ཡི་མཉམ་འགྲོ་མ་བུ་མཐོང་དུས། །
བཞིན་བཟང་ཨ་མ་ཁྱེད་ཀྱིས་བྱམས་བརྩེའི་ཡིིད་ལ་འཆར་བྱུང། ། འདི་རུ་མ་སྨད་འགའ་ཡིས་ཁ་བརྡ་བྱེད་པ་མཐོང་ཚེ། །
ཁྱེད་ཀྱིས་བུ་ངར་བསྩལ་བའི་གྱེས་ཁའི་གདམས་ངག་དྲན་བྱུང། ། སྐབས་རེར་ཟ་ཁང་དག་ལ་ཁ་ལག་ཟ་བར་བཅར་དུས། ། ཁྱེད་ཀྱིས་གཡོས་པའི་བཅུད་ལྡན་ཟས་དེ་དྲན་ཨང། །
དགོན་སྡེ་ཆོས་ར་ཁག་ལ་ཆོས་མཇལ་ཞུ་རུ་འགྲོ་དུས། ། ངག་ལ་རྒྱུན་ཆད་མེད་པའི་ཁྱེད་ཀྱི་མ་ནེ་དྲན་བྱུང། །
གློག་གི་བརྙན་འཕྲིན་ནང་དུ་གཞས་པའི་མགྲིན་གླུ་ཐོས་དུས། ། གནས་དེར་བྲག་ཆར་འཁོར་བའི་ཁྱེད་ཀྱི་གླུ་སྐད་དྲན་བྱུང། །
དྲན་པའི་ངང་ཚུལ་འདི་ལ་བཤད་ཀྱང་རྫོགས་མཐའ་མེད་པས། ། དེ་ལས་སེམས་པའི་སྙིང་གཏམ་འགའ་ཞིག་འདི་ནས་ཞུ་ཆོག། ། 63
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བུ་ང་ས་མཐའ་འདི་རུ་རྒྱལ་བའི་བཀའ་དྲིན་འོག་ལ། །
རང་དགོས་ཤེས་བྱའི་གནས་ལ་ཧུར་བརྩོན་བྱེད་བཞིན་ཡོད་དོ། ། བརྩེ་བའི་ཡུམ་ཆེན་ཁྱེད་ཀྱིས་བུ་ངར་ཐུགས་ཁྲལ་མེད་པར། །
ཉིད་ཀྱི་སྒྱུ་ལུས་དེ་ལ་བདག་གཅེས་ལེགས་པར་གནང་རོགས། །
བུ་ངའི་མ་འོངས་མདུན་ལམ་བཟང་ངན་ཅི་འདྲར་གྱུར་ཀྱང། ། ཨ་མ་ཁྱེད་ཉིད་མེད་ན་བཟང་ཡང་དགོས་པ་མི་འདུག །
ཁྱེད་ཉིད་སྐུ་བཞུགས་ཐོག་ལ་མདུན་ལམ་བཟང་པོ་གྲུབ་ན། ། བུ་ངའི་མི་ཚེའི་རེ་འདུན་ཡོངས་སུ་གྲུབ་པ་འདྲ་འདུག །
དགུང་སྔོན་ལྷ་བྱ་དཀར་མོ་བུ་ཆུང་བདག་ལ་གསོན་དང། །
ཕ་ཡུལ་ཕྱོགས་སུ་བསྐྱོད་ན་བུ་ངའི་འཕྲིན་འདི་ཁྱེར་རོགས། ། འཕྲིན་ཡིག་འདི་ནི་དམར་པོ་ཁྲག་གིས་བྲིས་ཏེ། །
མ་བུའི་དམར་ཆུང་སྙིང་གི་ཁྲག་རྒྱུན་དྲོན་མོས་མཆོད་ཡོད། ། འཕྲིན་ཡིག་འདིའི་ནང་དྲན་པའི་གདུང་བ་མཆིས་ཤིང། །
ཤོག་བུ་མིག་ཆུས་བརླན་ནས་ལྗིད་ཚད་དཔག་པར་དཀའ་འོ། ། 64
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
ཁྱེད་ཉིད་ལྷ་བྱ་ཡིན་ན་གཤོག་ཟུང་ཆེས་ཆེར་བརྐྱངས་ནས། །
༡༨
བུ་ངའི་མ་རྒན་དེ་ལ་འཕྲིན་པ་ཅིས་ཀྱང་འཁྱེར་རོགས། །
གཉོམ་ལག་རྒྱས་པའི་བུ་ང་ཕ་ཡུལ་མཇལ་བར་འདོད་ཀྱང། ། བློ་ཡིས་བུམ་པ་ཤེས་བྱས་མ་ཁེངས་ཨ་མར་ངོ་ཡང་ཚ་བ། །
བུ་ངའི་སེམས་ཀྱི་དབུས་སུ་སློབ་སྦྱོང་མཐར་རུ་སོན་རྗེས། །
རྒྱལ་ཁའི་ལེགས་སྐྱེས་འཁྱེར་ནས་ཕ་ཡུལ་ཕྱོགས་ལ་ལོག་འདོད། ། གཞན་ཡང་དྲིན་ཆེན་ཨ་མའི་མཇུག་མཐའི་མི་ཚེ་དེ་ལ། ། སྲི་ཞུ་ཞབས་ཏོག་བསྒྲུབ་སྟེ་བློ་ཡིད་ཚིམ་པ་བཟོ་འདོད། །
ནམ་མཁའི་བླ་མ་དཀོན་མཆོག་ཐུགས་རྗེས་མ་བུར་གཟིཊ་རོགས། ། ངེད་ཀྱི་བསམ་པའི་འདུན་པ་གེགས་མེད་མྱུར་འགྲུབ་གནང་རོཊ། ། ལྷག་པར་ཐག་རིང་ཡུལ་གྱི་བྱམས་ལྡན་བུ་ངའི་ཨ་མར། །
ཚེ་ལ་བར་ཆད་མེད་པར་བདེར་གནས་མགོན་སྐྱབས་མཛོད་ཅིག། ། དམར་ཆུང་སེམས་ཀྱི་གཏམ་ལ་ཟད་མཐའ་རྫོགས་པ་མེད་ཀྱང། ། མྱུག་གུའི་རྩེ་མོ་བརྡོལ་ནས་འབྲི་བའི་ཐབས་ཡང་མི་འདུག ། 65
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ལྷང་ལྷང་དྲན་པའི་འཕྲིན་ཡིག་འདི་ནས་མཇུག་ཙམ་བསྡུས་ནས། ། མ་འོངས་ལྷན་འཛོམས་ཉིན་མོར་རེ་སྒུག་བྱས་ནས་བསྡད་ཡོད། ། ལྷ་བྱ་ཁྱེད་ཉིད་སྐུ་མཁྱེན་འཕྲིན་ཡིག་འཕྲོད་པ་གནང་རོགས། ། ཁྱེད་ཉིད་ལམ་ལ་འགྲོ་བའི་ལམ་རྒྱགས་ང་ཡི་བརྫངས་ཆོག། ། བདེ་མོར་དེངས་ཤིག་ལྷ་བྱ་འཕྲིན་ཡིག་བདེ་མོར་འཕྲོད་པར།
ཉམ་ཆུང་བུ་ཆུང་ང་ཡིས་གསོལ་བ་སྙིང་ནས་འདེབས་ཆོག། །
རྩོམ་ཡིག་དཔྱད་མཆན། རྩོམ་ཡིག་འདི་ནི་དུངས་སེམས་མཚོན་པའི་བཅད་རྩོམ་ཞིག་ཡིན། བྱེས་པ་ཞིག་
གིས་གཙོ་བོར་གཞིས་སུ་ལུས་པའི་དྲིན་ཆེན་མ་ལོ་གཙོ་བྱས་པའི་འདས་སོང་གི་འཚོ་བ་ལ་ཕྱི་
དྲན་བྱེད་པའི་སྒོ་ནས་རང་གིས་དྲིན་ཆེན་གྱི་མ་ལོར་བཅངས་པའི་དུངས་སེམས་རྨ་མེད་པ་དེ་ མཚོན་ཐབས་བྱས་འདུག་པ་ནི་ཅི་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང།
སྤྱིར་ན་རྩོམ་ཡིག་འདིའི་ཚིག་གི་སྡེབ་སྦྱོར་ཤིན་ཏུ་ལེགས་པས་ཀློག་བདེ་གོ་སླ་ཡི་
ཁྱད་ཆོས་ལྡན། ནང་དོན་ནམ་བསམ་བློའ ་ི ཆ་ལའང་ཡར་ཐོན་གྱི་ཆ་མི་དམན་པ་འདུག། འོན་ ཀྱང། རྩོམ་པ་པོས་འཕྲིན་ཡིག་གི་ཚུལ་དུ་བྲིས་པ་ཡིན་ཞེས་མཇུག་ཏུ་གླེངས་འདུག། དེས་ན། སྒྲིག་གཞིའི་ཐད་ནས་འཕྲིན་ཡིག་འབྲི་སྟངས་ཀྱི་གོ་རིམ་འཛོལ་མེད་པའི་སྒོ་ནས་བྲིས་ཡོད་ཚེ། རྩོམ་ཡིག་འདི་ལ་ལེགས་པའི་ཆ་སྔར་ལས་ཀྱང་མང་བར་གོར་མ་ཆག་སྙམ། 66
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
གཞིིས་བཞུགས་མིི་མང་གིི་རེེ་འབོོད།
སྨྱུག་གསར།
༡༨
ཉི་འོད།
སེ་ལ་ཀུའི་བོད་ཁྱིམ།
སྤུན་ཟླ་ཚོ། གསོན་དང། ཧི་མ་ལ་ཡའི་རི་རྒྱབ་ཀྱི་དཔའ་བོའ ་ི གད་
རྒྱངས་ལ་གསོན་དང། ཡར་ཀླུང་གཙང་པོའ ་ི འགྲམ་རྒྱུད་ཀྱི་གདོང་དམར་
བའི་འབོད་སྒྲ་ལ་གསོན་དང། ཁྲི་ཤོར་རྒྱལ་མོའ ་ི ཉེ་འདབས་ཀྱི་གངས་ ཅན་པའི་སྐད་སྒྲ་ལ་གསོན་དང། མེ་རུ་འཐིམ་པའི་དཔའ་རྒོད་ཚོའི་ཞལ་
ཆེམས་ལ་གསོན་དང། བཙོན་དུ་ཚུད་པའི་གླུ་བ་ཚོའི་གླུ་ཚིག་ལ་གསོན་
དང། སློབ་ལ་བརྩོན་པའི་ན་ཟླ་ཚོའི་འབོད་ཚིག་ལ་གསོན་དང། མེ་མདའ་ འོག་གི་མི་རིགས་འདིའི་ངུ་སྒྲ་ལ་གསོན་དང། འདི་ཚང་མ། སྨྲ་བརྗོད་རང་ དབང་དང་སྐད་ཡིག་རང་དབང། ཆོས་ལུགས་རང་དབང་སོགས་འགྲོ་བ་
མིའི་རང་དབང་མཐའ་དག་དང་བྲལ་ཞིང་འགྲོ་འདུག་ཉལ་གསུམ་ལ་རང་ དབང་བྲལ་བའི་གཞིས་བཞུགས་མི་མང་གི་རེ་འབོད་རེད།
རེ་འབོད་འདི་དག་ལ་ཞིབ་མོར་དཔྱད་ན་ད་གཟོད་གུང་ཁྲན་དམར་ 67
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
པོ འ ་ི སྲི ད ་གཞུང་ཅི ་ འདྲའི ་ གདུག་རྩུབ་ཆེ ་ བ་དང་གང་འདྲའི ་ མཁྲེ ག ས་
འཛིན་ཡིན་པ་ཤེས་ཐུབ། མི་མང་གི་རང་དབང་གཙུག་ཏུ་བཀུར་ཞིང་མི་ མང་གི་བདེ་སྡུག་སྲོག་ལྟར་སྲུང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཚེ། གཞིས་ བཞུགས་བོད་མིའི་རེ་འབོད་དེ་ཆོས་དད་རང་དབང་དང་སྐད་ཡིག་རང་
དབང། མི་རིགས་འདྲ་མཉམ། ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་འདུན་གནང་
བ་མཐའ་དག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་འབྱུང་ངེས་རེད་ལ། རེ་ འབོད་འདི་དག་གི་ཆེད་དུ་རྒྱལ་གཅེས་དཔའ་བོ་བརྒྱ་ཕྲག་ལྷག་གིས་སྐུ་ ལུས་མེ་རུ་བསྒྲོན་མི་སྲིད། སྟོང་ཕྲག་ལྷག་གིས་བཙོན་དུ་སྡུག་བསྔལ་མྱོང་
དགོས་དོན་མེད། རེ་འབོད་འདི་དག་དོན་ངོ་མར་འགྲོ་བ་མི་ཞིག་ལ་ངེས་
པར་དུ་དགོས་ངེས་ཅན་ཞིག་དང་རྒྱལ་ཁབ་དང་སྲིད་གཞུང་གིས་ཀྱང་ངེས་ པར་དུ་སྲུང་དགོས་ངེས་ཡིན།
དང་པོ། ཆོས་དད་རང་དབང་གི་རེ་འབོད།
ལོ་རྒྱུས་སྟེང་བོད་འདི་ཆེས་སྔ་མོ་ནས་བཟུང་ཆོས་ལྡན་རྒྱལ་ཁབ་
ཅིག་ཡིན་པ་དང། ཆོས་ཀྱི་བསླབ་བྱ་ལ་བརྟེན་ནས་བོད་མི་ཚོ་རང་བཞིན་
གྱིས་གཤིས་རྒྱུད་དྲང་ཞིང་སྙིང་རྗེ་ཆེ་བ། གཞན་ལ་ཕན་འདོགས་ཀྱི་བསམ་
པ་ཡོ ད ་མཁན་གྱི ་ མི ་ རི ག ས་ཐུན་མོ ང ་བ་ཞི ག ་ཡི ན ་ལ། ལྷག་པར་ཆུང་ བྱིས་པ་སོ་དཀར་ནས་རྒན་མགོ་དཀར་བར་ཆོས་ཀྱི་བག་ཆགས་ཟབ་མོ་ ཡོད་མཁན་གྱི་མི་རིགས་འདི་འདྲ་ཞིག་ལ། རྒྱ་ནག་གིས་དགོན་སྡེ་གཏོར་
བཤིག། སྐུ་རྟེན་བཙན་འཕྲོག རྒྱལ་བའི་སྐུ་པར་འགྲེམས་འཇོག་བྱེད་པར་ 68
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
དམ་དྲག་བྱེད་པ། དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་
འགོ་བཙུགས་ཏེ་གྲྭ་པའི་གྲངས་ཚད་ལ་ཚད་བཀག་བྱེད་པ། དགོན་པར་ དམ་དྲག་དང་གྲྭ་པར་གཉའ་གནོན་བྱེད་པ། ཐ་ན་བར་སྐོར་ནང་དུ་མ་ཎིའི་
ལག་འཁོར་དང་ཕྲེང་བ་འཛིན་མཁན་ལའང་དོན་མེད་སུན་གཙེར་བྱེད་ པ་སོགས་ཆོས་དད་རང་དབང་ཀུན་ནས་འཕྲོག། དེར་བརྟེན་བོད་མི་ཚོ་འུ་ ཐུག་ཐབས་ཟད་ཀྱི་སྒོ་ནས་རང་གི་སྲོག་ལའང་མ་འཛེམས་པར་༸རྒྱལ་བ་
རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མིར་ཆོས་དད་རང་ དབང་དགོས་པའི་རེ་འབོད་བྱེད་པ་དེ་རྒྱ་ནག་ལ་ཁྱོད་ཤི་ང་གསོན་གྱི་རེ་བ་
ཧམ་ཆེན་ཞིག་བཏོན་པ་རྩ་ནས་མ་ཡིན་པར་འགྲོ་བ་མིའི་གཞི་རྩའི་ཐོབ་ ཐང་ཞིག་རྩོད་ལེན་བྱས་པ་རེད།
གཉིས་པ། སྐད་ཡིག་རང་དབང།
རྒྱ་ནག་གིས་བོད་མིའི་སྐད་ཡིག་གི་ཐོག་ལ་ངན་ཇུས་བཤམས་པ་
དེ་དག་ལས་རྒྱ་ནག་གིས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མི་རིགས་འདི་རྩ་མེད་
གཏོང་རྒྱུའི་བསམ་ངན་བཅངས་པ་དམར་རྗེན་ད་ུབསྟན་ཡོད། སློབ་གྲྭ་ ཁག་གི་སློབ་གཞི་མཐའ་དག་རྒྱ་སྐད་དུ་བསྒྱུར་བ་དང། རྒྱ་ཡིག་རྒྱ་སྐད་མ་
གཏོགས་བོད་ཡིག་ཤེས་མཁན་ལ་གཞུང་གིས་ལས་ཀ་མི་སྤྲོད་པ་དང། ལས་ ཀ་ཞིག་རེག་ཀྱང་གླ་ཕོགས་དང་བརྩི་མཐོང་ཆུང་བ་སོགས་མི་རིགས་དང་ སྐད་ཡིག་དབྱེ་འབྱེད་ལ་བརྟེན། རང་བཞིན་གྱིས་མི་རིགས་དབྱེ་འབྱེད་བྱེད་
པ་དང་བོད་མིའི་སྐད་ཡིག་ཉམས་རྒུད་གཏོང་བ་འདི་ལ་སློབ་མ་སྟོང་ཕྲག་ 69
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
མང་པོས་དྲག་གནོན་གྱི་འོག་ཏུ་སྒེར་ལངས་བྱས་ཏེ། སྐད་ཡིག་སྦྱོང་རྒྱུའི་
རང་དབང་དགོས་པའི་རེ་འབོད་བྱས་པ་ཡང་ངལ་བ་དོན་མེད་ལྟར་རྒྱ་ནག་ གིས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་སྤྲད་པར་སློབ་མ་བཙོན་འཇུག་
དང། རྡུང་རྡེག་བྱེད་པ་སོགས་མི་ཆོས་ལས་འདས་པའི་མནར་གཅོད་གཏོང་ བཞིན་ཡོད།
གསུམ་པ། མི་རིགས་འདྲ་མཉམ་མམ་མི་རིགས་རང་དབང་གི་རེ་འབོད།
བོ ད ་ཀྱི ་ ཆོ ས ་དང་རི ག ་གཞུང་སྐད་ཡི ག ་སོ ག ས་རྒྱུན་འཛི ན ་བྱེ ད ་
རྒྱུའི་རང་དབང་འཕྲོག་པའི་ཁར། བོད་མི་ཚོར་ཉེས་མེད་བཙོན་འཇུག་
བྱེད་པ་དང། སྨྲ་བརྗོད་རང་དབང་འཕྲོག་པ། བོད་རྒྱ་མི་རིགས་དབར་དབྱེ་ འབྱེད་བྱེད་པ། བོད་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་ ནས་བོ ད ་མི འི ་ འགྲོ ་ འདུག་སྤྱོ ད ་གསུམ་གྱི ་ རང་དབང་ཡོ ང ས་སུ་འཕྲོ ག ་
པ། བུད་མེད་ཚོའི་སྐྱེ་སྒོ་འགོག་པ། གཞོན་སྐྱེས་ཚོ་ངན་ལང་དུ་གཏོང་བ།
བྱིས་པ་ཚོར་ལྟ་ལོག་སློབ་པ། རྒན་པ་ཚོར་ནང་འཁྲུག་སློང་བ་སོགས་བོད་ མི་རིགས་ཀྱི་ལུས་ཐོག་ལ་རྨ་ཁ་མཐོང་རྒྱུ་མེད་པའི་ན་ཟུག་བཟོད་དཀའ་
བ་ཞིག་སྦྱིན་བཞིན་པ་འདི་དག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ མ་ཟད། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ཏེ་མི་མང་གི་བདེ་སྡུག་ལ་རྒྱལ་ཁབ་ ཀྱིས་འགན་ཁུར་ངེས་ཡིན་ཞེས་རྔམ་བརྗིད་ལྡན་པའི་ཟིན་བྲིས་དེ་ལ་ཡང་
རྒྱབ་འགལ་བྱས་པ་རེད། གཡོ་སྒྱུ་ཧམ་ཆེན་དང་ངོ་ཚ་ཁྲེལ་མེད་ཀྱི་སྲིད་
གཞུང་ཞིག་མིན་ན་ཐེངས་འདིར་རྒྱ་ནག་གིས་བོད་མིའི་རེ་འབོད་ལ་བརྩི་ 70
འཛིན་གྲྭ་བཅུ་པའི་ཕུལ་བྱུང་རྩོམ་ཡིག
འཇོག་དང་ཡ་ལན་སྤྲོད་འོས་པ་ཞིག་རེད།
སྨྱུག་གསར།
༡༨
བཞི་པ། ཁོར་ཡུག་སྲུང་སྐྱོབ་དང་འཚོ་ཐབས་རང་དབང་གི་རེ་འབོད།
རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་དོན་ཡང་བོད་དུ་རང་བྱུང་
གཏེར་རྫས་གསེར་དངུལ་ཟངས་ལྕགས་དང་ས་ཆུ་ཤིང་ནགས་ཀྱི་ཆ་རྐྱེན་ འཛོམས་པར་མ་ཟད། ས་ཆ་རྒྱ་ཁྱོན་ཆེ་ཞིང་མི་འབོར་ཉུང་བའི་རྒྱུ་མཚན་ རེད།
རྒྱ་ནག་གིས་བོད་ས་སྟོད་སྨད་བར་གསུམ་ཀུན་ཏུ་གཏེར་ཁ་སྔོག་
འདོན་དང་ཤིང་ནགས་གཅོད་འབྲེག། གཙང་ཆུ་བཀག་འགོག་སོགས་ལས་
གཞི་སྣ་མང་སྤེལ་ཏེ་བོད་ཀྱི་སྣོད་བཅུད་ལ་བསམ་ཡུལ་ལས་འདས་པའི་ གནོད་ཚབས་བཏང་དང་གཏོང་བཞིན་པ་མ་ཟད། མཚོ་བོད་ལྕགས་ལམ་ སོགས་བོད་དུ་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་ཏེ་རྒྱ་རིགས་འབོར་ཆེན་
བོད་དུ་གནས་སྤོ་བྱེད་རྒྱུར་སྐུལ་མ་གཏོང་བ། བོད་རིགས་འབྲོག་པ་ཚོའི་རྩྭ་ ས་ཡོངས་རྫོགས་ལ་ལྕགས་རྭ་བསྐོར་ཏེ་འབྲོག་པ་ཚོ་གྲོང་པར་སྒྱུར་བཞིན་
པ་དང། ཞིང་པའི་ས་གཞིར་ཤིང་སྣ་འདེབས་འཛུགས་དང་གཏེར་ཁ་སྔོག་ འདོན་བྱས་ཏེ་ཞིང་འབྲོག་གི་འཚོ་བའི་གཞི་རྟེན་ཡང་མེད་པར་བཟོས་ནས་
བོད་དུ་ཉམ་ཐག་དང། འཚོ་རྟེན་མེད་པའི་སྤྱི་ཚོགས་གསར་པ་ཞིག་འགོ་ འཛུགས་ལ་ཉེ་བ་རེད།
འཚོ་རྟེན་གྱི་དོན་དུ་སྲོག་ཆགས་གྲོག་མ་ཞིག་ཡིན་ཡང་འཐབ་རྩོད་ 71
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བྱེད་སྲིད་ཀྱང། བོད་མི་ཚོས་འཚོ་རྟེན་གྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་དང་
ཞི ང ་འབྲོ ག ་གི་ འཚོ་ བར་བརྡབ་གསི ག་བྱེད་པར་ངོ ་ རྒོ ལ ་བྱས་ན་དམར་ གསོད་དང་བཙོན་འཇུག་སོགས་བྱས་ཏེ་དྲག་གནོན་ཁོ་ན་བྱེད་པ་ལས་བོད་ མིའི་རེ་འབོད་ལ་ཡ་ལན་ནམ་ཡང་སྤྲད་མེད།
འདི ་ ལྟ་བུའི ་ བཙན་གནོ ན ་ཞི ག ་གི ་ འོ ག ་གཞི ས ་བཞུགས་རྒྱལ་
གཅེས་མི་མང་གིས་ལོ་མང་བཟོད་སྲན་དང་གང་ཐུབ་ཀྱི་སྡུག་རུས་བྱས་ ཡོད། མགོ་མཁྲེགས་དང་སྒེར་གཅོད་རིང་ལུགས་པའི་སྲིད་གཞུང་འདིས་ བོད་མིའི་ཐོག་ཏུ་འཛིན་པའི་སྲིད་ཇུས་ཇེ་ངན་ཇེ་སྡུག་ཏུ་གྱུར་བར་བརྟེན། ལོ་མང་ཁོག་ཏུ་བཅུག་པའི་ན་ཟུག་དང་ཡུན་རིང་སྙིང་ལ་བཅངས་པའི་རེ་ འདུན་ཡོད་ཚད་ས་བྱི་ལོའ ་ི ཞི་བའི་སྒེར་ལངས་ནས་བཟུང་ཆོལ་གསུམ་
ཡུལ་གྲུ་ཀུན་ཏུ་ལྷང་ངེར་བུད་ཡོད་ལ། བདེན་པའི་རང་སྒྲ་དང་རང་དབང་ གི་འབོད་སྒྲའི་ཁྲོད་དུ་གཅེས་སྲོག་དམར་པོ་གྲངས་ལས་འདས་པ་ཤོར་ཡོད།
ད་དུང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འདི་འདྲའི་འོག་དཔའ་
བོ་བརྒྱ་ཕྲག་ལྷག་གིས་རང་ལུས་མེ་རུ་བསྒྲོན་ཏེ་འདི་ལྟར་རེ་འབོད་གནང་
ཡོད་ལ། དཔའ་བོ་བརྒྱ་ཕྲག་ལྷག་གིས་བྲང་ཁ་མེ་མདའ་ལ་གཏད་ནས་འདི་ ལྟར་རེ་འབོད་བྱས་ཡོད། རྒྱ་ནག་གི་དྲག་གནོན་དང་འཇིགས་སྐུལ་ཅི་ཙམ་
ཆེ་ཡང་གཞིས་བཞུགས་སྤུན་ཟླ་ཚོས་རང་དབང་དང་འདྲ་མཉམ་ལ་རེ་
འདོད་བྱེད་རྒྱུའི་སྙིང་སྟོབས་དང། རང་དབང་དང་འདྲ་མཉམ་སྲུང་ཆེད་
དུ་རྒྱ་ནག་གི་ངན་ཇུས་ལ་ངོ་རྒོལ་བྱེད་རྒྱུའི་སྙིང་སྟོབས་ལ་ཞུམ་པ་མེད་ པར་ལུས་སྲོག་ཀྱང་ཕངས་མེད་དུ་གཏོང་བཞིན་པ་འདིས། བྱེས་སུ་གྱར་བ་ 72
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ང་ཚོ་ལའང་འཇིགས་ཉེན་ཆེ་བའི་དུས་ཚོད་འདིར་བོད་མི་རིགས་ཀྱི་སྐད་
ཡིག་དང་རིག་གཞུང་སྲུང་སྐྱོབ་དང་བོད་མི་རིགས་འདིའི་ཆེད་དུ་ང་ཚོས་ འགན་འཁྲི་འཕར་མ་ཞིག་དང་ལེན་བྱེད་དགོས་པའི་བརྡ་ལན་བསྟན་ཡོད། གཞིས་བཞུགས་སྤུན་ཟླའི་རེ་འབོད་དོན་ཐོག་ཏུ་ཡོང་བར་ང་ཚོས་ཀྱང་ངེས་ པར་དུ་འགན་ཁུར་གང་ཡོད་དང་ལེན་བྱེད་དགོས་སོ། །
73
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོམ་ཡིག་དཔྱད་མཆན།
རྩ་བའི་ཆ་ནས་རྩོམ་ཡིག་འདིའི་ནང་བརྗོད་པའི་བོད་ནང་གི་གནས་སྟངས་སྡུག་
པོ་སྟེ། སྨྲ་བརྗོད་རང་དབང་སོགས་རང་དབང་གི་ཕྱོགས་མང་པོ་ཞིག་མེད་པ་དངོས་ཡོད་གནས་
སྟངས་རེད། རྩོམ་ཡིག་འབྲི་སྟངས་ཀྱི་ཆ་ནས་ས་བཅད་འགར་བགོས་ཤིང། ས་བཅད་རེར་ཁ་ བྱང་རེ་བཏགས་པ་སོགས་དགག་སྒྲུབ་རྩོམ་ཡིག་གམ་དཔྱད་རྩོམ་ཞིག་གི་ཉམས་འདུག། རྗོད་ བྱེད་ཀྱི་ཚིག་ལ་གོ་སླ་བ་དང་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་སྣང།
རྩོམ་ཡིག་འདིའི་གླེང་སློང་བའི་གཏམ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་
ནི། ཀློག་པའི་ཚེ་སྒྱུ་རྩལ་རྩོམ་རིག་གི་བྲོ་བ་ཞིག་གིས་བཅིངས་ཡོད་པ་དེ་ཡིན། ནང་དོན་གྱི་ཁྱབ་ ཁོངས་ཀྱང་ཅུང་ཟད་རྒྱ་ཆེ། འོན་ཀྱང། རྩོམ་གྱི་ཁ་བྱང་གི་འབབ་ས་གཙོ་བོ་དེ་རེ་འབོད་ཅེས་པ་ དེ་ཡིན་པས། གླེང་སློང་སྐབས་དེའི་སྐོར་ནས་གླེང་རྒྱུ་ཡིན་པར་གསལ་པོར་བསྟན་ན་གླེང་སློང་ གི་གཏམ་གྱི་ཉམས་ལྷག་པར་ཐོན་པ་ཡིན།
ལྷག་མའི་ས་བཅད་འགའི་ནང་གཞིས་བཞུགས་བོད་མིའི་རེ་འབོད་ཕྱོགས་མ་འདྲ་
བ་འགའ་ནས་གླེངས་ཡོད། འོན་ཀྱང་གླེང་སློང་སྐབས་ཀྱི་ཡོད་ཚད་འདུ་མེད་པ་འདྲ། དཔེར་ན། གཞས་པ་གཞས་མ་སུ་ཞིག་གིས་གཞས་ཀྱི་ལམ་ནས་རེ་འབོད་ཅི་འདྲ་ཞིག་དབྱངས་ལ་གྱེར་བ་ སོགས་ལ་བརྟེན་ནས་བཙོན་དུ་བཟུང་བའི་དཔེ་མཚོན། དེ་བཞིན་རེ་འབོད་བྱེད་མཁན་དག་ ཡུལ་ཁམས་གང་དུ་ཇི་ལྟར་བྱུང་བའི་ཚུལ་གླེང་སློང་བའི་སྐབས་དང་སྦྱར་ན་གསལ་པོ་ཞིག་མ་
རེད། དཔེར་ན། གླེང་སློང་བའི་སྐབས་ཧི་མ་ལ་ཡའི་རྒྱབ་དང་ཡར་ཀླུང་གཙང་པོ་སོགས་ཡུལ་ ཁམས་མང་པོ་ཞིག་བགྲང་ཡོད་ཀྱང་རྩོམ་གྱི་གཞུང་དངོས་སུ་སྤྱི་བབ་ཙམ་ཞིག་གླེང་བ་ལས་བྱེ་ བྲག་གི་གསལ་པོ་ཞིག་མེད་པ་ནི་ཞན་ཆ་ཞིག་མིན་ནམ་སྙམ།
གཞན་ཡང་མཇུག་བསྡུ་བའི་གཏམ་ཞིག་ཀྱང་ཡོད་པར་བྱས་ན། རྩོམ་ལ་ས་བཅད་
བགོས་ནས་མཚོན་ཐབས་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་སྙམ། 74
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
སློབ་མཐར་ཕྱིན་པའི་ཉིན་མོ།
ཡི་དམ་བཀྲ་ཤིས། སུ་ཇ་བོད་ཁྱིམ།
ཁུ་སིམ་སིམ་གྱི་མཚན་ལྗོངས་རིང་མོའ ་ི རུམ་ཁ་ནས། ངས་སླར་
ཡང་ཚོར་བ་གསོན་པོ་ཞིག་གི་སྙིང་པོ་ལ་འགྲམ་ལྕག་གཞུས། དེ་ནི་བདག་
སློབ་མཐར་ཕྱིན་པའི་ཉིན་མོ་སྟེ། ལོ་ཟླ་རིང་མོ་ཞིག་ལ་ཡིད་ལ་བཅངས་ པའི་རེ་འདུན་དང། མཚན་མོ་མང་པོ་ཞིག་ལ་རྨི་ལམ་དུ་རྨིས་པའི་ཉིན་
མོ་དེ་ཡིན་ལ། ཉིན་མོ་དེ་ནི་ངའི་མི་ཚེའི་མདུན་ལམ་གྱི་སྒོ་ཐེམ་ལ་གོམ་པ་ དང་པོ་སྤོས་པའི་ཉིན་མོའང་ཡིན།
འདི་ནི་ལྷོད་དལ་བག་ཕེབས་ཀྱིས་བསྐྲུན་པའི་ཉིན་མོ་ཞིག་མ་ཡིན་
པར། ལས་དང་སྦྱངས་བརྩོན་གྱིས་བྱིན་པའི་ཉིན་མོ་ཞིག་རེད། ཡང་གཅིག་ བཤད་ན། འདི་ནི་དུས་རིམ་སྔ་མ་ཞིག་མཇུག་རྫོགས་པ་རེད་ལ། དུས་རིམ་ རྗེས་མ་ཞིག་གི་འགོ་བརྩམས་པ་རེད།
75
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
འཚོ ་ བ་ནི ་ སང་ཉི ན ་ཤི ་ འགྲོ ་ བ་ལྟར་སྐྱེ ལ ་དགོ ས ་ལ། ཤེ ས ་ཡོ ན ་
ནི ་ ནམ་ཡང་ཤི ་ རྒྱུ་མེ ད ་པ་ལྟར་སྦྱངས་དགོ ས ་ཞེ ས ་པའི ་ གདམས་ངག་
བཞི ན ། བདག་སློ བ ་མཐར་ཕྱི ན ་པའི ་ ཉི ན ་མོ ་ འདི ས ་ང་ལ་ཤེ ས ་ཡོ ན ་
སྦྱངས་པའི ་ འདུན་པ་ཇེ ་ མཐོ ་ དང་ཇེ ་ དྲག་སྟེ ར ་གྱི ་ འདུག རྒྱུ་མཚན་ ང་ནི ་ གཞན་དང་གཏན་ནས་མི ་ འདྲ་སྟེ ། ང་ནི ་ མི ་ རི ག ས་ཤི ག ་གི ་ ཚབ་
མཚོ ན ་ཡི ན ། སུ་ཞི ག ་གི ་ མནར་གཅོ ད ་འོ ག ་ན་ཉི ན ་མཚན་གྱི ་ དབྱེ ་ བ་མི ་ཤེ ས ་པར་མྱོ ང ་བའི ་ ཕུ་ནུ་མི ང ་སྲི ང ་དེ ་ ཚོ ་ བརྗེ ད ་མེ ད ་ལ། གང་
ཞི ག ་གི ་ དྲག་གཅོ ད ་འོ ག ་ན་སྡུག་གི ་ མཆི ་ མ་ཁོ ག ་ཏུ་བཞུར་ཞི ང ་སྐྱོ ་
གདུང་གི ་ ངུ་བཤུམ་ས་ཆེ ན ་པོ འ ི་ ཡང་སྟེ ང ་ན་འཕྱོ ་ བའི ་ ཕ་ཡུལ་དང་
ཕ་ཡུལ་གྱི ་ གཉེ ན ་ཉེ ་ རྣམས་དེ ་ བས་ཀྱང་བརྗེ ད ་མེ ད ། དེ ་ བས་བདག་ སློ བ ་མཐར་ཕྱིན་པའི་ཉིན་མོ ་ ནི་འགན་འཁྲི་དང་དམིགས་འདུན་ སྟོ ང ་གི ས ་བསླངས་པའི ་ ཉི ན ་མོ ་ ཞི ག ་ཡི ན ། བདག་སློ བ ་མཐར་ཕྱི ན ་ པའི ་ ཉི ན ་ནི ་ རེ ་ བ་དང་ཡི ད ་ཆེ ས ་ཀྱི ་ མི ག ་འབྲས་གཏད་པའི ་ ཉི ན ་མོ ་
ཞིག་ཡིན། རྒྱུ་མཚན། ང་ནི་དྲིན་ཆེན་ཕ་མ་ཟུང་གིས་རེ་བའི་སྤྱན་ཟུང་
གཏོད་ས་གཅིག་པུ་དེ་ཡིན་ལ། ཕ་ཡུལ་དང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོའི་ བདེ་སྡུག་སྨྲ་བའི་སྨྲ་ལྕེ་དེ་ཡིན་པས་སོ། །
འཇིག་རྟེན་ཆུང་ནས་ཆུང་དུ་འགྲོ་དུས། བོད་ཁམས་ཆེ་ནས་ཆེ་
རུ་འགྲོ་ཞིང། འཛམ་གླིང་གཞི་གཅིག་ཏུ་འདྲེས་པའི་དེ་རིང། འུ་ཚང་ ལ་འགན་འཁྲི་དང་རྒྱུ་འབྲས་བློ་མིག་ལྡན་པའི་སྐྱེས་བུ་ག་ཙམ་ཞིག་ཡོད་ ཨང། བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་མི་རིགས་ཀྱི་བླ་འཚོང་སྟེ་ 76
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
བྱ་བ་ཙག་ཙིག་གི་སྣེ་མོར་འཇུ་རྒྱུ་དེ་མིན་ལ། བདག་སློབ་མཐར་ཕྱིན་པའི་ ཉིན་མོ་ནི་ཕ་སྐད་ཀྱི་འོ་དྲི་བོར་སྟེ་གཞན་ལྟ་གཞན་འཚོལ་གྱི་མཁས་པ་
མིང་སྟོང་ཞིག་བྱེད་རྒྱུ་དེའང་མ་ཡིན། རྒྱུ་མཚན་ནི་ཕ་སྐད་བོར་བའི་མི་ནི་ རྩྭ་མི་ཞིག་དང་ཀུན་ནས་མཚུངས།
རིག་པའི་དཔའ་བོ་དགེ་ཆོས་ཀྱིས་རང་གི་རིགས་ལ་ཞེན་པ་དཀར་
པོའ ་ི མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །རང་ཡུལ་ཁ་
བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །ཅེས་པ་ བཞིན། བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་རང་གི་ནུས་པས་རང་གི་ རིགས་ལ་སྲི་ཞུ་བསྒྲུབ་པར་སྟ་གོན་བྱེད་པའི་ཉིན་མོ་ཞིག་ཡིན།
ཡང་ན། བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་གསོན་ན་བོད་ཀྱི་
ཆེད་དུ་གསོན་ཞིང། ཤི་ན་བོད་ཀྱི་ཆེད་དུ་ཤི་ཐུབ་པའི་སྙིང་སྟོབས་དང་ རྒྱལ་ཞེན་གྱི་གཞི་རྐང་འཚོལ་བའི་ཉིན་མོ་ཞིག་ཡིན་དགོས་སོ།།
མི་ལ་ཤས་ཤིག་ཤི་སོང་རུང་ད་ལྟ་ད་དུང་ཡང་གསོན་ཡོད་པ་དང་
གཅིག་མཚུངས་རེད། མི་ཁ་ཤས་ཤིག་ད་ལྟ་གསོན་ཡོད་རུང་ཤི་ཚར་བ་དང་ གཅིག་པ་གཅིག་རྐྱང་རེད། འདི་ནི་ཚེ་སྲོག་གི་རིན་ཐང་རེད། བདག་གིས་
སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་བཙལ་ཞིང་རྙེད་པའི་གནས་ལུགས་དམ་པ་དེ་ རེད། བདེན་པ་དང་ལར་ཞེན་དེའི་རྐྱེན་གྱིས། བདག་སློབ་མཐར་ཕྱིན་པའི་ ཉིན་མོ་ནི་བདེན་པ་དང་གནས་ལུགས་གཙུག་ཏུ་བཀུར་བའི་མི་བུ་ཞིག་ བྱེད་པའི་ཉིན་མོ་ཡིན་ལ། མི་རིགས་དང་རྒྱལ་ཁབ་སེམས་ཀྱིས་སྐྱོང་བའི་
རྒྱལ་ཞེན་པ་ཞིག་བྱེད་པའི་ཉིན་མོ་ཡིན། ཡང་ན། བདག་གི་སློབ་མཐར་ 77
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ཕྱིན་པའི་ཉིན་མོ་ནི་“སྐྱེས་པ་རླབས་ཆེ་ཞིང། ཤི་བ་གཟི་བརྗིད་ལྡན་ ”པའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་ན་ནམ་ཡང་བསུབ་ཏུ་མེད་ པའི་སྐྱེས་ཆེན་ཞིག་བྱེད་པར་སྐུལ་སློང་དང་རམ་འདེགས་བྱེད་པའི་ཉིན་
མོ་ཞིག་ཡིན། མི་ཞིག་གི་རིན་ཐང་ནི་ཚེ་རིང་ཐུང་དེ་མ་ཡིན་པར་ཚེ་སྲོག་ ལ་རྩིས་ཐང་ཡོད་མེད་དེའོ། །
ལེ་ལོ་དང་སྒྱིད་ལུག་གི་ཁྲོད་ནས་ཉི་མ་རེ་རེ་བཞིན་རྫོགས་ཤིང།
སང་ཉིན་དང་སང་ཉིན་གླེང་བཞིན་མི་ལོ་ལྔ་གསུམ་འུད་ཀྱིས་ཤོར་བའི་དེ་
རིང་གི་ཉིན་མོ་འདིར། ངས་མིག་ཆུའི་ཀློང་ནས་འཆི་ལ་ཉེ་བའི་མི་རིགས་ འདིའི་འབྱུང་འགྱུར་ལ་མནོ་བསམ་རེ་གཏོང་དུས། རང་དབང་དང་འདྲ་
མཉམ། ཐོབ་ཐང་དང་ཁེ་དབང། ཐ་སྙད་འདི་དག་གིས་ང་ལ་ཅི་ཞིག་གསལ་
འདེབས་བྱེད་ཀྱིན་པ་ཚོར་བྱུང། དེའི་རྐྱེན་པས་ངའི་སློབ་མཐར་ཕྱིན་པའི་ ཉིན་མོ་ནི་མི་རིགས་འདིའི་ཁེ་དབང་རྩོད་པར་སྣེ་འཁྲིད་བྱེད་པའི་ཉིན་མོ་
ཞིག་ཡིན་ལ། ཆབ་སྲིད་ཀྱི་མདུན་ས་ནས་ལངས་ཏེ་རང་དབང་དང་འདྲ་ མཉམ་ཕྱིར་དུ་ཅི་ཞིག་འཇོན་ན་གང་ཡང་བྱེད་པར་བརྩོན་པའི་ཉིན་མོ་
ཞིག་ཡིན་པར་ངེས། འདི་ནི་ཡབ་མེས་ཀྱིས་སྤྲད་པའི་མགོ་བོ་མཐོན་པོ་སྟེ་ སུ་ཞིག་གི་མདུན་ནས་སྒུར་ཙམ་ཡང་བྱེད་མ་མྱོང་བའི་མགོ་ནག་བོད་པ་
ཚང་གི་དཔའ་སྙིང་རྡོག་རྡོག་དེ་ཡིན་ལ། རང་རྒྱལ་ལ་དུངས་ཤིང་རང་ཡིག་ ལ་དུངས་པའི་སེམས་པ་སྟེ་སུ་དང་གང་གིས་བཀག་ཀྱང་མ་ཁོགས་པར་ བཞུར་ཞིང་འཕྱོ་བའི་མི་རབས་གསར་པའི་སྙིང་གི་འཕར་ལྡིང་དེ་ཡིན།
སློབ་གྲྭ་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་བྱེད་སའི་བཟོ་གྲྭ་ཞིག་ 78
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཡིན་ན། སློབ་མཐར་ཕྱིན་པའི་མི་ནི་དེ་ནས་ཆེད་དུ་མངགས་པའི་ཆེས་
ཕུལ་དུ་བྱུང་བའི་ཡོ་བྱད་ཅིག་ཡིན་དགོས། འོན་ཀྱང། ཁ་སང་དེ་རིང་གི་ སྤྱི་ཚོགས་ཁྲོད་དུ་འུ་ཚང་གི་སློབ་མཐར་ཕྱིན་པའི་སློབ་བུ་ཚོས་མི་རིགས་ ཀྱི་ཆེད་དུ་ཅི་ཞིག་འཇོན་ནུས་སམ། ཐ་ན་བོད་སྐད་གཙང་མ་ཞིག་ཀྱང་ཤོད་
མི་ཤེས་པའི་ཚོད་རེད། དེ་བས་བདག་གི་སློབ་མཐར་ཕྱིན་པའི་ཉིན་མོ་ནི་ ཅིས་ཀྱང་མི་རིགས་ཀྱི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་པའི་ཡོ་བྱད་ཅིག་བྱེད་
ཐུབ་དགོས། མི་རིགས་ཀྱི་ཆེད་དུ་ཅི་ཡང་འཇོན་མི་ནུས་པའི་ཤེས་ཡོན་པ་ ནི་དོན་དངོས་སུ་ཤི་སོང་བ་དང་གཅིག་མཚུངས་ཡིན།
ང་ཚོས་མ་མཐར་ཡང་གནས་ལུགས་འདི་ཤེས་དགོས་ཏེ། རྒྱལ་ཁབ་
མེད་ན་མི་རིགས་མེད་ལ། མི་རིགས་མེད་ན་ཁྱིམ་ཚང་ག་ལ་ཡོད།
བདག་གི་རྨི་ལམ་ནི་བོད་མི་རིགས་ཀྱི་རྨི་ལམ་ཡིན་ལ། བོད་མི་
རིགས་ཀྱི་རྨི་ལམ་ནི་བདག་གི་རྨི་ལམ་ཡིན། ངས་ནམ་ཡང་བོད་མི་རིགས་
དང་རང་ཉི ད་ཀྱི་བར་ལ་བར་ཐག་ཅིག་བཞག་མ་མྱོ ང་བས། བདག་གི ་ སློབ་མཐར་ཕྱིན་པའི་ཉིན་མོ་ནི་བོད་མི་རིགས་ཀྱི་རང་དབང་གི་ཉི་ཟེར་
ལ་དཔལ་འབར་སྒྲོན་པའི་མེ་ལྕེ་ཞིག་འཁྲུངས་པའི་ཉིན་མོ་ཞིག་ཀྱང་ཡིན་ སྲིད།
སློབ་མཐར་ཕྱིན་པ་ཙམ་གྱིས་འོས་འགན་རྫོགས་སོང་བ་རེད་དམ།
སློབ་མཐར་ཕྱིན་པ་ཙམ་གྱིས་ཁྱེད་ཀྱི་མི་ཚེ་ལ་སྡོམ་ཚིག་བརྒྱབ་པ་ཡིན་ ནམ། ཡང་ན། སློབ་མཐར་ཕྱིན་པ་ཙམ་གྱིས་ཁྱོད་ཀྱིས་ཅི་ཡང་འཇོན་ཞིང་ གང་ཡང་བསྒྲུབས་པ་ཡིན་ནམ།
79
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
མིན། མི་ཚེ་འགོ་བརྩམས་མ་ཐག་རེད། དེ་ནི་དུས་རིམ་སྔ་མ་ཞིག་གི་
མཇུག་རྫོགས་ཤིང་དུས་རིམ་གསར་པ་ཞིག་གི་འགོ་བརྩམས་པ་རེད། རི་བོ་
ཞིག་གི་ཕ་རོལ་ན་སུ་ཞིག་གིས་ཉི་མ་ཤར་ཐེངས་རེ་དང་ཟླ་བ་འཆར་ཐེངས་ རེར་རེ་སྒུག་གི་མིག་ཟུང་ཁོ་བོ་ལ་ཅེར་འདུག་པར་བསམས་ན། གཙང་བོ་
འདི་ཡི་ཕ་མཐའ་ན་སུ་ཞིག་གིས་ན་ཟུག་གི་རྨ་ཁ་ཡིད་ལ་བརྣག་ཅིང་སྡུག་ གི་མཆི་མ་ཁོག་ཏུ་བཞུར་བཞིན་ཡིད་ཆེས་ཀྱི་སེམས་པས་སྒུག་འདུག་པ་
དྲན་ན། ཁོ་བོ་ནི་ཅི་ལྟ་བུ་ཞིག་ཡིན་འོས། ཁོ་བོ་སློབ་མཐར་ཕྱིན་པའི་ཉིན་ མོ་ནི་ཇི་ལྟ་བུ་ཞིག་ཡིན་ན་འགྲིག་ཨང།
དེ་བས། བདག་གི་སློབ་མཐར་ཕྱིན་པའི་ཉིན་མོ་ནི་འགན་འཁྲི་
ཞིག་ལག་ཏུ་ལེན་པའི་ཉིན་མོ་ཡིན་ལ། བདག་སློབ་མཐར་ཕྱིན་པའི་ཉིན་ མོ་ནི་རང་གི་ནུས་པས་རང་གི་རིགས་ལ་ཞབས་འདེགས་ཞུ་བའི་ཉིན་མོ་
ཡིན། བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་རིགས་ཞེན་གྱི་དཔལ་འབར་
བསྒྲོན་པའི་ཉིན་མོ་ཡིན་ལ། བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་རང་ དབང་གི་ཉི་ཟེར་བསུ་བའི་ཉིན་མོ་ཡིན། བདག་སློབ་མཐར་ཕྱིན་པའི་ཉིན་
མོ་ནི་དྲིན་ཅན་ཕ་ལོའ ་ི བྱམས་བརྩེའི་འོད་དཀར་འདྲ་བའི་མར་ལོ་བསུ་
བའི་ཉིན་མོ་ཡིན་ལ། དྲིན་མ་ལོའ ་ི དུངས་སེམས་མར་ཁུ་འདྲ་བར་དྲིན་ ལན་འཇལ་བའི་ཉིན་མོ་ཡིན། མདོར་ན། ང་སློབ་མཐར་ཕྱིན་པའི་ཉིན་མོ་ ནི་ཕ་ཡུལ་ཕ་ས་གོར་མོར་རང་དབང་གི་ཉེ་ཟེར་བསུ་བའི་ཉིན་མོ་དེའོ། །
80
རྩོམ་ཡིག་དཔྱད་མཆན།
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
རྩོམ་ཡིག་འདིའི་ནང་དུ་རྩོམ་པ་པོ་རང་ཉིད་སློབ་མཐར་ཕྱིན་པའི་ཉིན་མོ་ནི་རང་ག་
བའི་ཉིན་མོ་ཞིག་ཡིན་པ་ཕྱོགས་དང་ཟུར་མང་པོ་ཞིག་ནས་བསྒྲུབས་ཡོད་པ་དེ་ཅི་འདྲའི་ཡིད་ འགུལ་ཐེབས་པ་ཞིག་རེད་ཨང། དེ་ནི་རང་གི་མི་རིགས་ལ་བཅངས་པའི་བརྩེ་ཞེན་ཟབ་མོའ ་ི རང་མདངས་ཤིག་རེད་ཅེས་བརྗོད་ཆོག་ཆོག་ཡིན།
སྤྱིར་ན་རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་ལ་ཀློག་བདེ་གོ་སླ་བའི་ཁྱད་ཆོས་ཡོད་
མོད། རང་བྱུང་ཚན་པ་ལྔ་པའི་སྐབས་ཀྱི་བདག་སློབ་མཐར་ཕྱིན་པའི་ཉིན་མོ་ནི་རང་གི་ནུས་
པས་རང་གི་རིགས་ལ་སྲི་ཞུ་བསྒྲུབ་པར་སྟ་གོན་བྱེད་པའི་ཉིན་མོ་ཞིག་ཡིན། ཞེས་པ་དེ་དང་རང་ བྱུང་ཚན་པ་མཐའ་མར་ཡང་དེ་མཚུངས་སུ་བཀོད་པ་ནི་བསྐྱར་ཟློས་སུ་སོང་འདུག་སྙམ།
གཞན་ཡང་རྩོ མ ་ཡི ག ་འདི འི ་ འགོ ་ འཛུགས་སྟངས་དང་མཇུག་སྡུད་སྟངས་ཅུང་
ལེགས་པོ་འདུག། དེ་གཉིས་གང་ཡིན་ཡང་ཁ་བྱང་ངམ་བརྗོད་དོན་དང་འབྲེལ་བ་དམ་པོ་ཡོད་
པས་ཡིན། ཚིག་གི་མཚོན་སྟངས་ལའང་སྐབས་རེར་སྒྱུ་རྩལ་གྱི་ཉམས་དང་ལྡན་པས་ཚིག་
གཅིག་གི་རྒྱབ་ལོགས་ན་དོན་དག་གཞན་ཞིག་ལོས་ཡོད་སྙམ་པའི་ཚོར་སྣང་སྟེར་ལ། ལན་རེར་ ཐད་མཚོན་རང་བཞིན་ཤུགས་ཆེ་བས་གོ་སླ་བའི་ཁྱད་ཆོས་ཀྱིས་བཟུང་ཡོད། འོན་ཀྱང་། སྤྱིའི་ཆ་ ནས་དགག་སྒྲུབ་རྩོམ་ཡིག་གི་ཁོངས་སུ་གཏོགས་པས་མཚོན་སྟངས་དེ་ཡང་ཁ་གསལ་ལ་གོ་བདེ་ བའི་དཔྱད་རྩོམ་གྱི་འབྲི་ཐབས་ཁོ་ན་སྤྱད་ཚེ་དགེ་ཕན་ཆེ་བར་མཐོང།
81
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གྱེེེས་ཁའིིི་འདུ་འཛོོོམས། སྐལ་བཟང་ས་འཛིན། སུ་ཇ་བོད་ཁྱིམ།
དེ་ནི་གྲང་ངར་ཆེ་བའི་དགུན་དུས་ཤིག་རེད། ངས་རང་གི་ཕུགས་
བསམ་དང་རྨི་ལམ་ཞིག་གི་སླད་དུ། ནམ་རྒྱུན་ཚ་ལམ་ལམ་གྱི་ཁྱིམ་གཞི་
དེར་གྲང་ཤུར་ཤུར་གྱི་རྣམ་པ་རབ་རིབ་ཅིག་བསྐྲུན་སོང་བ་མ་ཡིན་ནམ།
སྐབས་དེ ་ དུས་ངས་བསམ་མྱོ ང ་ལ་ཡི ད ་ཆེ ས ་ཀྱང་བྱེ ད ་མྱོ ང ། ང་ཚོ ་ མི ་
ཙམ་དུ་མ་ཟད་འཇིག་རྟེན་དུ་འདུས་བྱས་ཀྱི་དངོས་པོ་མཐའ་དག་སྐྱེ་བའི་ མཐའ་མར་འཆི་རྒྱུ་དང། འཛོམས་པའི་མཐའ་མར་འབྲལ་རྒྱུ་རེད་ཅེས་པ་ དེ་རེད།
དེ་ཡང་རང་འདོད་ཆེས་ཆེ་བའི་བུ་མོ་ངས་རང་གི་མདུན་ལམ་དང་
རྨི་ལམ་ཞིག་གི་སླད་དུ་འཇིག་རྟེན་ན་གཅིག་ལས་མེད་ཅིང་ཡོད་པ་དེ་ ཆེས་རིན་ཐང་བྲལ་བའི་ཨ་མ་ལགས་དང་ཁ་གྱེས་རྒྱུའི་སྤོབས་པ་དེ་འདྲའི་ 82
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ཆེ་བ་ལ་ཨང། ངས་ངོ་མ་མི་ཤེས་ཡ། དེ་དུས་ངའི་སེམས་ཀྱི་རྩ་ལམ་ཡོད་ ཚད་ན་རང་གི་ཕུགས་བསམ་ཟེར་བ་དེ་ལས་ཅི་ཡང་མི་འདུག།
དེ་ཡང་དགུན་དུས་ཀྱི་ཉི་འོད་རི་རྩེ་ནས་བཞུད་ལ་ཉེ་བའི་དགོང་
མོ་ཞིག་རེད། ངས་རང་གི་སེམས་འདུན་དྲག་པོ་ཞིག་ཡིད་ལ་སྒོམ་སྟེ་ཨ་མ་ དང་གཅེན་པོ་གཉིས་ལ་གསང་བའི་ཐོག་ནས་ཕྱོགས་ལ་ཐོན་རྒྱུའི་སྐད་ཆ་ བཤད། སྐབས་དེ་དུས་ངའི་གཅེན་པོ་དང་ཨ་མ་ལགས་གཉིས་ཀྱི་གདོང་ན་ ཧ་ཅང་བཟོད་མི་ཐུབ་པའི་གདུང་བ་ཞིག་དང་ན་ཟུག་ཅིག་མངོན་འདུག
དེ་ཡང་ཕལ་ཆེར་ངས་ཆེས་གློ་བུར་བའི་སྐད་ཆ་ཞིག་དང་རང་གི་
ཐག་གཅོད་ཅིག་ཡིན་པས་ཀྱང་ཅི་ལ་མིན། ཡིན་ཡང། ངའི་གཅེན་པོས་ རང་གི་འཇོན་ནུས་ཀྱིས་བསགས་པའི་སྒོར་མོ་འགའ་ཁྱེར་འདུག་ལ། ཨ་
མས་ཀྱང་གྲོང་པ་ཁྱིམ་མཚེས་ནས་སྒོར་མོ་འགའ་གཡར་ནས་ངའི་ལག་
པར་བཞག་བྱུང་བས། ངའི་སེམས་ཁོང་དུ་ཧ་ཅང་བརྗོད་མི་ཤེས་པའི་ན་
ཟུག་ཅིག་དང་མིག་མཐའ་ནས་ཚ་ལམ་ལམ་གྱི་མཆི་མ་ལྷུང་སོང་ལ། ངའི་ གཅེ ན ་པོ ་ ཡང་ནམ་རྒྱུན་དེ ་ འདྲའི ་ ངུ་སླ་ཞི ང ་དགོ ད ་སླ་བའི ་ མི ་ བུ་ཞི ག ་ མིན་ཡང། དེ་དུས་ངས་མཐོང་བྱུང། ཕུ་བོའ་ི མིག་ཀོང་དམར་པོ་གྱུར་ཞིང་ དབུགས་རིང་དང་སྣ་ཆུ་ལས་མི་འདུག
ཡིན་ཡང། དྲང་པོར་བརྗོད་ན། སྐབས་དེ་དུས་ངའི་སེམས་དབུས་
ནས་ཆེས་ན་ཟུག་ཆེ་ཤོས་དང་མིག་ཆུ་མང་ཤོས་ཤོར་ས་ནི་ངའི་ཨ་མ་ལགས་ རེད། ཁོང་གི་ངོ་གདོང་ནས་ཆེས་གཏོང་མི་བཟོད་པའི་རྣམ་པ་དེ་དང། ད་
དུང་ངའི་མིག་མདུན་ནས་སྣང་དོགས་ཅི་ཡང་མེད་པའི་ཚུལ་གྱིས་འཛུམ་ 83
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དམུལ་དམུལ་གྱིས་ཁ་བརྡ་བྱེད་ཀྱིན། ཁུ་སིམ་པོས་རང་གི་མིག་ཆུ་ཕྱིས་པ་
དེ་མཐོང་དུས། ངས་ཨ་མ་ལགས་ཀྱི་མིག་ནང་ལ་བལྟས་ཏེ་སེམས་གཏམ་ མང་པོ་གླེངས་པ་ཡིན་ལ། དམ་བཅའ་ཡང་མང་པོ་ཞིག་བཞག་རྒྱུ་བྱུང། དགོང་མོ་དེར་ཨ་མས་ང་གླ་འཁོར་གྱི་འགྲམ་དུ་སྐྱེལ་ཞིང་ད་དུང་ལོག་འགྲོ་
ཁར་ཕྱི་ལྟས་ཐེངས་མང་བྱས་པ་སོགས་མཐོང་དུས། ངའི་ཨ་མའི་རྣམ་འགྱུར་ དང་བྱེད་སྟངས་དེ་མཐོང་བས། དེ་ནི་ཕལ་ཆེར་མི་ཡུལ་འདི་ནས་རང་ལ་
ཆེས་བརྩེ་ཤོས་དང་བྱམས་ཤོས་བྱེད་མཁན་གྱི་ཨ་མ་དེ་མཐོང་རྒྱུ་མཐའ་མ་ མིན་ནམ་སྙམ་མྱོང། དེ་བས། ངས་ཀྱང་རང་གི་ཨ་མའི་ལུས་ཀྱི་མགོ་མཇུག་ བར་གསུམ་ལ་ཡང་ཡང་བལྟས་ཤིང་ཁོང་གི་འཛུམ་མདངས་སོགས་ལ་སླར་
ཡང་བལྟས་པ་ན། ངའི་མིག་མཐའ་མཆི་མས་བརླན་དྲགས་པས་ཁོང་གི་ངོ་ གདོང་རབ་རིབ་ཙམ་ལས་མཐོང་མ་ཐུབ། དེ་ནི་འཇིག་རྟེན་ཐོག་འཛོམས་ པའི་མཐའ་མ་འབྲལ་རྒྱུ་དེ་ཅི་ལ་མིན།
དེ་ལ་ངས་སྐད་ཆ་ངོ་མ་ཞིག་བཤད་ན། འདུ་འཛོམས་དེ་ནི་ང་ལ་
མཚོན་ན་མི་ཚེའི་ནང་ཆེས་བརྗེད་མི་སྲིད་པའི་འདུ་འཛོམས་ཤིག་དང་
ནམ་ཡང་ཡལ་མི་ཐུབ་པའི་ན་ཟུག་ཅིག་ཏུ་གྱུར་སོང། རྒྱུ་མཚན། ངས་རང་
གི་མ་འོངས་པ་ཞིག་གི་དོན་དུ་རང་གི་ཁྱིམ་ཚང་དེའི་དྲོད་ཁོལ་བཅོམ་ཞིང་ མཐར་རང་གི་མི་ཚེའི་ནང་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཨ་མ་ལགས་
ཀྱང་མི་ཡུལ་འདི་ནས་སྐྱེལ་མ་བྱེད་མ་ཐུབ་པར་ལུས་སོང་བ་རེད་བསམས་ ན། ངས་ངོ་མ་མི་བཟོད་ཀི། ངས་རང་གི་ཨ་མ་ལགས་དང་ཆེས་མཐའ་ མཇུག་གི་ཁ་བརྡ་ཙམ་ཡང་བྱེད་ཁོམ་མ་བྱུང་བ་རེད། 84
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
དེ་ནི་ད་ལོའ ་ི དཔྱིད་ཀ་གྲང་རླུང་ཤུར་ཤུར་དུ་ལྡིང་ཞིང་ཉི་འོད་མི་
མཐོང་བའི་དུས་ཤིག་རེད། ངའི་འཇིག་རྟེན་ཆུང་ཆུང་ལ་སྨག་རུམ་གྱིས་ བཏུམས་པའི་དུས་ཤིག་རེད། ངའི་ཨ་མ་ཕེབས་སོང། ཟེར་བའི་སྒྲ་དེ་ཐོས་
མ་ཐག་ངའི་ལུས་ཡོངས་ནས་ན་ཟུག་བརྒྱབ་བྱུང་ལ་ཁ་ནས་སྐད་ཆ་ཐོན་ མ་ཐུབ། སྐབས་དེ་དུས་ངའི་མིག་ལམ་དུ་འཆར་ཡོང་བའི་གྱེས་ཁའི་འདུ་
འཛོམས་དུས་ཀྱི་ཨ་མའི་སྣང་བརྙན་དེ་དང་ཁོང་གི་སྐད་ཆ་དག་རེད། ངས་ ད་དུང་སེམས་གཏིང་ནས་ཡིད་ཆེས་བྱེད་མི་ཐུབ་པ་མ་ཟད། ཡིད་ཆེས་ཀྱང་ གཏན་ནས་བྱེད་ན་མ་འདོད། ངས་སྐད་ཤུགས་ཆེན་པོས་ཨ་མ་ཞེས་འབོད་
ན་འདོད་ཀྱང། ངའི་གཡས་གཡོན་ན་མི་ཚོགས་མང་ཞིང་ཡོད་ཚད་རང་ རང་གི་ལས་དོན་ལ་མགོ་འཁོར་ནས་ཡོད་རྐྱེན་ངས་དེ་དག་ལ་སུན་པོ་བཟོ་ མ་འདོད་ལ།
འཁོར་བ་ཟེར་བ་མ་གཞི་ནས་དེ་འདྲ་ཞིག་སྙམ་ནས་ཁུ་སིམ་སིམ་
མེར་ངས་རང་གི་ཨ་མ་ལགས་ཀྱི་དོན་དུ་ཅི་ཞིག་ཕན་མིན་གྱི་ལས་ལ་ཧུར་
བརྩོན་བྱས་ཀྱང། ངས་བསམ་བཞིན་བསམ་བཞིན་ད་དུང་ཡང་ངས་ཨ་ མས་སྔར་བཞིན་ངའི་ཁ་པར་ལ་རེ་སྒུག་བྱེད་ཀྱིན་པའི་སྣང་བ་ཞིག་དང། ད་དུང། ངའི་ཨ་མའི་གསུང་སྐད་ངའི་རྣ་ལམ་དུ་ཐོས་འོང་གི་འདུག
ཡིན་ཡང། ངས་ཞིབ་ཏུ་བསམ་བློ་བཏང་ཚེ། ཡོད་ཚད་བཞུད་ཟིན་
པ་འདྲ། ཅི་ཡང་ལྷག་མི་འདུག། མི་ཡུལ་ན་ཆེས་ཁེར་རྐྱང་དུ་ལྷག་པ་དེ་ང་ ཆགས་སོང་བ་འདྲ། དེ་ནི་ངས་གྱེས་ཁའི་འདུ་འཛོམས་སྐབས་ངའི་ཨ་མའི་
ངོ་གདོང་ལ་བལྟས་ཏེ་བསམ་པ་དང་བཤད་པའི་སྐད་ཆ་དེ་དོན་དངོས་སུ་ 85
སྨྱུག་གསར།
༡༨
གྱུར་སོང་བ་རེད།
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དེ་ནི་ངས་བཤད་མྱོང། ངས་ཨ་མའི་མིག་ནང་ལ་བལྟས་ཏེ། ཨ་མ།
ཁྱེད་བདེ་མོ་བྱོས། འདི་ནི་ངེད་གཉིས་མཉམ་འཛོམས་ཀྱི་མཐའ་མ་ཡིན་
སྲིད། ཡིན་ཡང། སྐྱོན་མེད། ཨ་མ་ཁྱེད་ཀྱིས་བསམ་རྒྱུ་དང་དྲན་རྒྱུ་ཡོད་
ཚད་ང་ཡིན་པས། ངས་ཀྱང་ཁྱེད་དང་བྲལ་དེ་རང་གི་ཕུགས་བསམ་འཚོལ་ དུ་འགྲོ་ཡི་ཡོད་ཅེས་ཡང་ཡང་བཤད།
ངས་དེ ་ ལྟར་འདས་དོ ན ་རེ ་ རེ ་ བཞི ན ་ཡི ད ་ལ་འཆར་འོ ང ་དུས།
འཁོར་བ་ངེས་མེད་ཟེར་བའི་སྐད་ཆ་དེར་ཡིད་ཆེས་སྐྱེ་འོང་ཞིང་ན་ཟུག་
དང་མིག་ཆུ་ཡང་རང་དབང་མེད་པར་ལྷུང་ཡོང་གི། ངས་དེ་ལྟར་དྲན་ཡོང་ དུས། ངས་མི་ཡི་ཚེའི་ནང་གྱེས་བྲལ་ཟེར་བའམ། གྱེས་ཁའི་འདུ་འཛོམས་ ཞེས་པ་དེ་ནམ་ཡང་མི་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། དེ་ཡོད་པས་མི་
རྣམས་ཀྱིས་འཁོར་བ་ལ་ཞེན་པ་ལོག་ཅིང་དེ་ཡོད་པས་འཇིག་རྟེན་འདིའི་ སྤྲོ་གར་ཡོད་ཚད་སྟོང་དུ་བཅུག་གི་ཡོད་པ་རེད། གལ་ཏེ་འཇིག་རྟེན་འདིར་
གྱེས་བྲལ་ཟེར་བའི་སྐད་ཆ་དེ་མེད་ཚེ། ད་གཟོད་ང་དང་ངའི་ཨ་མ་གཉིས་
ད་དུང་ཡང་དྲོད་ཁོལ་གྱི་ཁྱིམ་ཚང་ནང་ཞི་བདེ་བག་ཕེབས་ཀྱི་ངང་ནས་ གནས་ཡོད་ངེས་རེད། མ་ཟད། ངས་རང་གི་ཡུམ་ཆེན་ལགས་ཀྱི་རྒྱང་བཞུད་ ལ་སྐྱེལ་མ་བྱེད་ཐུབ་ངེས་རེད།
འོན་ཀྱང། ན་ཟུག་དང་མིག་ཆུ་མོད་པའི་གྱེས་ཁའི་འདུ་འཛོམས་
དེའི་རྗེས་ནས་བཟུང། ངས་རང་གི་ཕ་ས་དྲོན་མོའ་ི མཛེས་སྡུག་དེ་མཐོང་མ་ ཐུབ། མ་ཟད། རང་གི་ནང་མི་སྤུན་མཆེད་དང། ཐ་ན། མི་ཞིག་གི་མི་ཚེའི་ 86
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
ནང་གཅིག་ལས་མེད་པའི་གཅེས་ནོར་དེ་བོར་སོང་བ་རེད།
སྨྱུག་གསར།
༡༨
དེ་ལྟར། ངའི་ཡིད་ཀྱི་ཟབ་ས་ནས་དྲན་ཞིང་བསམ་བློའ་ི གཏིང་རིམ་
ཞིག་ནས་ཚོར་ཡོང་དུས། ངས་འཇིག་རྟེན་འདིར་ཕྱིའི་མཛེས་སྡུག་ཙམ་ ལས་དོན་ངོ་མའི་བདེ་སྐྱིད་ཟེར་བ་ཞིག་དང། ཡང་ན། སེམས་བསམ་པའི་ ཞི་བདེ་ཟེར་བ་ཞིག་ཅི་ཡང་མེད་པའི་སྣང་བ་སྐྱུར་མོ་ཞིག་སྐྱེས་བྱུང།
རེད་དེ། ཡང་བསམ་བློ་ནན་གྱིས་བཏང་ཚེ། ངས་རང་ཉིད་འཁོར་
བའི་འདམ་ན་ཡོད་བཞིན་དུ་འདོད་དགུ་ལོངས་སྤྱོད་ལ་ཞེན་པ་གཏིང་ནས་ ལོག་ཚེ། རང་གིས་སྤང་རྟོགས་ཀྱི་ཡོན་ཏན་དང་སྐྱེས་སྦྱངས་ཀྱི་རྣམ་དཔྱོད་ རབས་དང་རིམ་པ་ཞིག་ཡོད་པའི་ཐོག་ནས་ཁྱིམ་སྤངས་ཀྱི་རབ་བྱུང་བ་
ཞིག་བྱ་ཐུབ་ན་མ་གཏོགས་རང་ཉིད་ནམ་ཡང་འཇིག་རྟེན་གྱི་གྲུ་ཟུར་ཞིག་
ན་ཁེར་རྐྱང་དུ་ལྷག་མི་ཡོང་ངམ་སྙམ་ན་ང་ཞེད་ཀྱིན་འདུག། ཨ་ཙི། ངས་ འདི་ལྟར་བསམ་ཞིང་དྲན་ཡོང་དུས། ངས་རང་ཉིད་ཀྱི་ངོས་ནས་འཇིག་ རྟེན་གྱི་གནས་ལུགས་ཕྲ་མོ་ཞིག་རྟོགས་སོང་བའི་སྤོབས་པ་ཞིག་སྐྱེས་སོང།
ཧ་ཧ། དོན་ངོ་མར་ངས་ད་དུང་ཅི་ཡང་རྟོགས་མེད། ཡིན་ཡང། དུས་ཚོད་
ཀྱི་འགྱུར་འགྲོས་དང་ང་རང་ཉིད་ཀྱི་བསམ་བློའ་ི ནུས་ཤུགས་ཇེ་མཐོར་ཕྱིན་ པའི་དུས་སྐབས་འདིར། ངས་གཞི་ནས་སྤྱི་ཚོགས་ཀྱི་རང་གཤིས་ངོ་མ་དེ་
ཤེས་བྱུང་ལ། མི་ཚེའི་ཆོས་ཉིད་ཟེར་བའི་དོན་སྙིང་ངོ་མ་དེ་ཅུང་ཙམ་ཤེས་ བྱུང།
ང་དེ་དུས་སད་མི་འདུག ང་ད་དུང་རང་ཉིད་ཀྱི་འཇིག་རྟེན་ཆུང་
ཆུང་ཞིག་ལ་ཧང་སངས་ཧོན་ཐོར་ནས་ལུས་འདུག་པ་དེ་ཚོར་བྱུང། ངས་ 87
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གྱེས་ཁའི་འདུ་འཛོམས་སྐབས་ཀྱི་ཨ་མའི་སྐད་ཆ་དེ་སེམས་ལ་དྲན་ཞིང་ མི ག ་ཆུ་འདོ ན ་རྒྱུ་ཁོ ་ ན་ལས་དེ འི ་ ལག་ལེ ན ་དང་འགན་འཁྲི ་ སོ ག ས་ལ་ བསམ་གཞིགས་ཙམ་བྱས་མེད་པ་དེ་ཤེས་བྱུང་བས།
ངས་གཞི ་ ནས་རང་ཉི ད ་མི ་ བུ་ངོ ་ མ་ཞི ག ་གི ་ ཚུལ་གྱི ས ་རང་གི ་
འགན་འཁྲི་དང་ཕུགས་བསམ་དོན་དུ་གཉེར་བཞིན་ཡོད། དེ་བས། ང་ནི་ སུས་ཀྱང་སྐུལ་མི་དགོས་ལ་གང་གིས་ཀྱང་འདེད་མི་དགོས་པར། རང་གི་
སེམས་ཁོང་ནས་གཞན་སུས་ཀྱང་མཐོང་མི་ཐུབ་པའི་ཕུགས་བསམ་ཟེར་བ་ ཞིག་དང་འགན་འཁྲི་ཟེར་བ་ཞིག་ལ་འཇུས་ནས་ཡོད།
ངས་རང་གི་ཉེ་འགྲམ་གྱི་སློབ་བུ་ཅོལ་ཆུང་གི་བྱ་སྤྱོད་དང་ཕུགས་
བསམ་དང་འགན་ཅི་ཡང་མི་འཁུར་བར་ཡོད་ཚད་སྣང་མེད་འཇོག་མཁན་ རྣམས་ལ་སྡང་སེམས་སྐྱེ་ཞིང། ཕུགས་བསམ་དོན་དུ་གཉེར་མཁན་གྱི་སློབ་
བུ་དག་ལ་སེམས་གཏིང་ནས་ཡིད་སྨོན་འཆོར་ཞིང། རང་ཉིད་ཀྱི་བསམ་ པ་བཞིན་ཁོང་རྣམས་ཀྱི་ཕུགས་བསམ་དང་རེ་བ་མཐའ་དག་མངོན་འགྱུར་ ཡོང་བའི་སྨོན་ལམ་དང་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད།
རྒྱུ་མཚན། ངས་རྒྱུན་དུ་ལས་ཅི་བྱས་པར་འབྲས་བུ་ཡང་དེ་བཞིན་
ཡོང་ངེས་པར་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད། ལས་རྒྱུ་འབྲས་ཟེར་བ་དེ་ ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོའི་ཁས་ལེན་དམ་བཅའ་ཁོ་ན་
དེ་ཡིན་རྐྱེན། ངས་ཀྱང་ནམ་ཡང་དེ་ལ་ཡིད་ཆེས་བཞིན་ཡོད། མཐའ་མར་
ཆེས་བརྗོད་ན་འདོད་པ་ཞིག་ནི། ང་ལ་གྱེས་ཁའི་ན་ཟུག་སྐྱེས་པ་ནས་ངས་ རང་ཉིད་ཀྱི་རྨི་ལམ་རྙེད་བྱུང་ལ། ངས་རང་ཉིད་ཀྱི་ཨ་མའི་འཆི་རྐྱེན་ལས་ 88
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
འཇིག་རྟེན་འདིའི་གནས་ལུགས་དམར་རྗེན་མ་དུ་མ་ཞིག་རྟོགས་བྱུང།
༡༨
རྩོམ་ཡིག་དཔྱད་མཆན། རྩོམ་ཡིག་འདི་ནི་རང་གི་ཕུ་བོ་དང་དྲིན་ཆེན་གྱི་ཨ་མར་གྱེས་ཁ་མར་མཉམ་དུ་
འཛོམས་པའི་གཏམ་རྒྱུད་བརྗོད་བྱར་བྱས་པ་ཞིག་ཡིན། དེ་ནི་རྩོམ་ཡིག་འདིའི་སྟོད་ཕྱོགས་
ཁོ་ནར་བརྗོད་ཡོད་པ་ལས་མཇུག་ཏུ་དེའི་སྐོར་བཀོད་མེད། དེར་བརྟེན། རྩོམ་ཡིག་འདིའི་སྟོད་
ཕྱོགས་ནི་སྐྱོ་གར་འབའ་ཞིག་ཏུ་སོང་ཡོད། འོན་ཀྱང་རྩོམ་ཡིག་གི་སྨད་ཕྱོགས་ནི་རྗོད་བྱེད་ཀྱི་ ཚིག་དང་བརྗོད་བྱ་གཉིས་ཀ་རིམ་གྱིས་སྤྲོ་གར་གྱི་ཕྱོགས་སུ་སྤོས་པས་མཇུག་འབྲས་ལ་བསམས་ ནས་བཤད་ན། རྩོམ་ཡིག་འདི་སྤྲོ་གར་གྱི་ཁོངས་སུ་གཏོགས་པར་བྱས་འདུག
རྩོམ་ཡི ག ་འདི འི ་ རྗོ ད ་བྱེ ད ་ཀྱི ་ ཚིག ་སྟེ ་ སྡེ བ་སྦྱོར་གྱི་ཆ་དང། ཁྱད་ཆོས་ཀྱི ་མིང་
སོགས་ཀྱི་བཀོད་ལུགས་དང། དཔེ་འཇོག་སོགས་རྒྱན་སྦྱོར་སྟངས། ལྷུག་རྗོད་བྱེད་སྟངས་སོགས་ ཅུང་ཟད་ལེགས་པོ་འདུག། འོན་ཀྱང། གཏམ་རྒྱུད་ཀྱི་བྱུང་རིམ་མཐའ་དག་གློ་བུར་བ་ཡིན་ཆེ་ བ་འདྲ་ལ། རྩོམ་ཡིག་གི་སྨད་ཕྱོགས་རྩོམ་བྱང་གི་བླང་བྱ་ལས་རིང་དུ་གྱེས་མེད་དམ་སྙམ།
89
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
སློབ་མཐར་ཕྱིན་པའི་ཉིན་མོ།
སུ་ཇ་བོད་ཁྱིམ་སློབ་གྲྭ
ཤ་བོ་མཆོད་རྟེན།
ན་ནིང་ལོའ ་ི ལོ་མཇུག་གི་ཉིན་མོ་དེར། ཞོགས་པའི་ཉི་གཞོན་དང་
ལྷན་དུ་ང་རང་སློབ་ཁང་དུ་ཁ་ཕྱོགས་ནས་ཆེས་མཐའ་མཇུག་གི་ཚོགས་ ཐེངས་དེར་ཕྱིན་པ་ཡིན། སྐབས་དེར། རྒན་ངག་དབང་ལགས་ཀྱིས་ཡིག་ཆ་ འགའ་ཕར་སློག་ཚུར་སློག་གིས་རྐུབ་སྟེགས་སྟེང་བཞུགས་འདུག་ལ། ནམ་
རྒྱུན་དང་མི་འདྲ་བར། སློབ་མ་རྣམས་ཀྱང་འབྲི་དེབ་སོགས་ཅོག་ཙེའི་ཐོག་ ན་མེད་པར། གང་འདོད་ཀྱིས་སོ་སོའ ་ི སྡོད་རོགས་དང་ལྷན་དུ་ལབ་གླེང་ བྱེད་བཞིན་འདུག་པས། ང་རང་ཡང་ག་ལེར་རང་ཉིད་ཀྱི་སྡོད་གནས་སུ་ སོང་སྟེ་ཕར་ཚུར་ལ་མིག་ལྟ་ཡང་ཡང་བྱས་པ་ཡིན།
དེ་རིང་ནི་ཆེས་མཐའ་མཇུག་གི་ཚོགས་ཐེངས་དེ་ཡིན་པས། ཡང་
སྙིང་རྒན་ངག་དབང་ལགས་ཀྱིས་ཅི་ཞིག་འཆད་ཁྲིད་བྱ་རྒྱུ་ཡིན་ནམ། ད་
དུང་དེ་རིང་ནི་སློབ་མཐར་ཕྱིན་པའི་ཉིན་མོ་དེའང་ཡིན་པས། སེམས་ལ་ དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ངང་གིས་སྐྱེས། རྒྱུ་མཚན་ནི། ལོ་རིམ་ 90
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
དང་པོ་ནས་བཅུ་གཉིས་པ་བར་དུ། ཀྱག་ཀྱོག་དང་དཀའ་ཁག་ཅི་འདྲ་མང་
ནའང། དགེ་རྒན་གྱི་ལམ་སྟོན་དང་རང་ཉིད་གྱི་འབད་བརྩོན་ལ་བརྟེན་ ནས། དེ་རིང་གཞི་ནས་མི་ཚེའི་འགག་སྒོ་བརྒལ་ཐུབ་པ་བྱུང་བས། གནས་ སྐབས་སུ། འདི ་ ལས་སྤྲོ ་ སྣང་ལྡན་པ་ཞི ག ་གང་ན་ཡོ ད ་ཨང་སྙམ་པའི ་
མཚམས་དེར། རྒན་ངག་དབང་ལགས་ཀྱི་རྐུབ་སྟེགས་ཀྱི་“ཙིར”་སྒྲས་ ངའི་མིག་ཟུང་རང་དབང་མེད་པར་རྒན་ལགས་ཀྱི་ཕྱོགས་སུ་ཤོར།
ལྷུན་ཆགས་ཀྱི་ངོ་གདོང་དང་སྤྱང་གྲུང་ལྡན་པའི་མིག་ཟུང། ད་དུང་
དག་གཙང་གི་བོད་ལྭ་སོགས་ཀྱིས་ང་ལ་ནམ་རྒྱུན་དང་མི་འདྲ་བའི་ཐེ་ཚོམ་
འདྲ་མིན་སྐྱེས་སུ་བཅུག། དེ་རིང་གི་རྒན་ལགས་ནི་ཅི་འདྲའི་བབ་ཆགས་ ཤིང་ཅི་འདྲའི་སྒམ་ཞིང་བརླིང་བ་ལ་ཨང། སྐབས་དེར། སློབ་མ་རྣམས་
ཀྱང་རང་རང་ས་རུ་ཁ་ཁུ་སིམ་མེའི་ངང་ཅི་ཞིག་ལ་ངང་སྒུག་བྱེད་པ་དང་
མཚུངས། རྒན་ངག་དབང་ཡར་ལ་ལངས་ནའང་ཅི་ཡང་མི་སྨྲ་བར་སྐབས་ རེར་སྒེའུ་ཁུང་ཕྱི་རོལ་གྱི་ལོ་མའི་སྟེང་གི་ཆུ་ཐིགས་ཆུང་ཆུང་དེ་དག་ལ་
ལྟ་ཞིང། ལན་རེར། ང་ཚོ་ལ་ཞིབ་ལྟ་ཡང་ཡང་བྱེད་བཞིན་དུས་ཡུན་གང་ འཚམ་ཕྱིན་སོང།
གློ་ལུ་ཞིག་དང་ལྷན་དུ། རྒན་ལགས་ཀྱིས་ས་སྨྱུག་ལག་ཏུ་བཟུང་
སྟེ། ཤར་མར་སྒོ་སམ་སྟེང་དུ་བོད་སྐད་ཡིག་གི་རིན་ཐང་ཞེས་བྲིས་སོང།
རྒྱུན་ལྡན་དང་མི་འདྲ་བའི་ཡིག་གཟུགས་འདི ་ དག་ལས་ཀྱང་དེ ང་སང་ ཁོའ ་ི སེམས་ཁམས་དེ་འདྲའི་སྐྱིད་པོ་མེད་པ་མཚོན་ཐུབ་ལ། སྒམ་བརླིང་ གི་ཞལ་རས་དང་འབུར་ཚུགས་ཀྱི་སྤྱན་ཟུང་གིས་ག་ལེར་འཛིན་གྲྭ་ཡོངས་ 91
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
ལ་ཐེངས་གཅིག་གཟིགས་རྗེས། སྐད་ཤུགས་ཆེན་པོས་དེ་རིང་ནི་ཁྱེད་ཚོའི་ མི་ཚེའི་ནང་བོད་སྐད་ཡིག་གི་ཚོགས་ཐེངས་མཐའ་མ་དེ་ཡིན་ལ། དེ་རིང་
ནས་བཟུང་སྟེ། ཁྱེད་རང་ཚོ་བོད་ཁྱིམ་སློབ་གྲྭ་ནས་མཐར་ཕྱིན་སོང་བས།
སང་ཉིན་ནས་བཟུང་སྟེ་བོད་ཡིག་གི་ཚོགས་ཐེངས་ཤིག་ཁྱེད་ཚོའི་མི་ཚེའི་ ནང་གཏན་དུ་ཡོད་མི་སྲིད།
རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཆེ་ཁག་གང་དུ་ཕྱིན་ནའང། འདི་
འདྲའི་སློབ་ཚན་ཞིག་གཞར་ཡང་མེད་པས། དེ་རིང་ངས་ཁྱེད་ཚོར་བོད་ སྐད་ཡིག་གི་རིན་ཐང་དང་ཆེ་བ་བརྗོད་རྒྱུ་ཡིན་ཞེས་གསུངས་སོང། ད་
དུང་ཡང་མུ་མཐུད་དུ་ཁ་སང་དེ་རིང། མི་མང་པོ་ཞིག་གིས་བོད་ཡིག་ཤེས་
ཀྱང་ཡིག་རྨོངས་སུ་བརྩི་བ་ནི་ཤིན་ཏུ་ནས་ནོར་འཁྲུལ་ཆེ། རྒྱུ་མཚན་ནི་ བོད་སྐད་ཡིག་གི་ལམ་ནས་ང་ཚོས་སྐད་ཀྱི་གོ་བརྡ་ཅི་ཡང་སྤྲོད་ཐུབ། བོད་
པ་ཞིག་གིས་བོད་ཡིག་མ་ཤེས་ན། ཤ་ཁྲག་ཙམ་གྱི་བོད་མ་གཏོགས། བོད་པ་
དངོས་མ་ཞིག་མིན་ལ། མ་འོངས་པ་ན་ཆེད་ལས་ཅི་ཞིག་སྦྱང་ནའང་བོད་ དང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཆེད་ལས་ཤིག་མ་སྦྱངས་ན། རིག་ གཅིག་རྐང་འཛིན་ཐོན་ནའང། བོད་པའི་རིག་གཅིག་རྐང་འཛིན་མིན་
ལ། དེང་སང་ཕྱི་གླིང་མགོ་སེར་དག་གིས་ཀྱང་བོད་ཀྱི་རིག་གཞུང་འདིའི་
རིན་ཐང་རྟོགས་ནས། རྒས་འཁོགས་སྐྲ་དཀར་འགས་ཀྱང་ཨུ་ཚུགས་ཀྱིས་ ཐོག་མ་གསལ་བྱེད་སུམ་ཅུ་ནས་མིང་ཚིག་སོགས་ཚེག་བརྡར་གྱིས་འདོན་
ཀློག་སྦྱོང་གི་ཡོད་ཚུལ། གཞིས་ལུས་སྤུན་ཟླའི་ཁྲོད་དུ་བོད་ཀྱི་སྐད་དང་ཡི་
གེའི་ཆེད་དུ། མུན་ནག་གི་ཁྲིམས་སྒོ་འགྲིམས་བཞིན་ཡོད་པའི་བོད་རིགས་ 92
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
ན་ཟླ་མང་ཚུལ། ད་དུང་ཡང་བོད་ཡིག་ཤེས་མཁན་ཞིག་དང་མི་ཤེས་མཁན་ གཉིས་ཀྱི་བར་དུ་སྐད་ཆ་ཞིག་བཤད་ནའང་ལྗིད་ཁོག་ལ་ལྕི་ཡང་གི་ཁྱད་
པར་ཆེ་ཚུལ་སོགས་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་རིན་ཐང་ རྣམས་རེ་རེ་བཞིན་བགྲངས་སོང།
འཛིན་ཁང་ནི་སྔར་ལས་ལྷིང་འཇགས་སུ་གྱུར་ཞིང། སློབ་མ་རྣམས་
ཀྱིས་ཁུ་སིམ་མེར་མགོ་བོ་སྨད་ནས་སྡོད་པ་ནི། རྒྱལ་པོའ ་ི བཀའ་ཆད་ཕོག་ པའི་ཉེས་ཅན་སྐོར་ཞིག་གིས་རང་གི་བྱས་ཉེས་ལ་འགྱོད་པ་སྐྱེ་བཞིན་པ་ དང་མཚུངས། མ་གཞི་ངའི་འཛིན་གྲོགས་རྣམས་ནི་ནམ་རྒྱུན་སྐད་ཅོར་ཚ་ ཞིང། ཉམ་ཆུང་ལ་ཞི་ཞིང་དུལ་བའི་བོད་ཡིག་རྒན་ལགས་ལ་ཧམ་བཤད་
དང་གཡོ་བྱེད་མཁས་ནའང། དེ་རིང་ཁོ་ཚོས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ རྒན་ལགས་ལ་ཉན་ཚུལ་འདི་ཡང་གཅིག་བཤད་ན་རྒྱུན་དུ་བོད་སྐད་ཡིག་
ལ་དོ་སྣང་བྱས་མེད་པས། འགྱོད་གདུང་དྲག་པོ་སྐྱེ་བཞིན་ཡོད་སྲིད་ལ། དེ་
མི ན ་ན། རྒན་ངག་དབང་ལགས་ཀྱི་སྒམ་བརླི ང་ཞལ་དཀྱི ལ ་ན་འཛུམ་
མདངས་ཀྱི་ཟུར་ཙམ་མེད་ཞིང། སྦོམ་ཞིང་ཆེ་བའི་སྐད་མགོ་འདིའི་ངར་ ཤུགས་ཀྱིས་ཡིན་ཡང་སྲིད།
དུས་ཡུན་གང་ཙམ་ཕྱིན་རྗེས། སློབ་མཐར་ཕྱིན་པའི་ལག་འཁྱེར་ང་
ཚོར་རེ་རེ་བཞིན་གནང་སོང། དེ་རྗེས། སྐད་མགོ་དམའ་མོས། སྐད་ཡིག་
བརླགས་པའི་ཉིན་དེ་ནས་བཟུང་སྟེ། མི་རིགས་ཟེར་བ་གཏན་དུ་བརླགས་ ཚར་བ་མ་བརྗེད་རོགས། ད་ཁྱེད་ཚོ་ཕྱིན་ན་འགྲིག་ཞེས་ལབ་རྗེས་རང་གི་ རྐུབ་སྟེགས་སུ་བསྡད་སོང། འཛིན་གྲོགས་རྣམས་ལུག་བཤར་བཤར་བཞིན་ 93
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
སློབ་ཁང་ཕྱི་ལོགས་སུ་གང་མགྱོགས་མགྱོགས་ཀྱིས་སྐྱོད་བཞིན་འདུག། ང་ རང་ལ་འགྱོད་པ་རྨ་མེད་པ་ཞིག་སྐྱེ་བའི་མོད་ལ། ངའི་འཛིན་གྲོགས་རྣམས་ ནམ་རྒྱུན་དུ་བོད་ཡིག་འཛིན་གྲྭར་དགའ་སྣང་མེད་ཚུལ་དང་སེམས་བཟང་
གི་རྒན་ངག་དབང་ལགས་ལ་ཐབས་བརྒྱ་ཇུས་སྟོང་གིས་མགོ་སྐོར་བཏང་ ནས་བོད་ཡིག་འཛིན་གྲྭར་གཡོལ་ཚུལ། ད་དུང་ནང་ལས་རྣམས་མི་གཞན་
ལ་འབྲི་རོགས་ཞེས་རེ་བ་བཅོལ་བ་སོགས་གཅིག་རྗེས་གཉིས་མཐུད་དུ་ བསམ་པའི་རྩིག་ལྡེབས་ངོས་སུ་རེ་རེ་བཞིན་དྲན་པའི་མོད་ལ། རང་དབང་
མེ ད ་པར་ངས་བོ ད ་ཡི ག ་མི ་ཤེ ས ་པའི ་ སོ ན ་རྩ་འགའ་འཚར་ལོ ང ས་བྱུང་ བཞིན་འདུག་ཅེས་ཁ་ནས་ཤོར་སོང།
ཕར་ཚུར་ལ་ལྟ་དུས། འཛིན་ཁང་དུ་ང་དང་རྒན་ངག་དབང་གཅིག་
པུ་ལས་གཞན་རྣམས་སྔ་ས་ནས་རང་ཁྱིམ་དུ་ལོག་ཚར་འདུག ང་རང་ཡང་
ཡར་ལངས་ནས་འགྲོ་རྒྱུར་སྟ་གོན་བྱེད་དུས། རྒན་ངག་དབང་ད་དུང་ཡང་ སྔར་བཞིན་ཧད་ནས་བསྡད་འདུག
94
རྩོམ་ཡིག་དཔྱད་མཆན།
འཛིན་གྲྭ་བཅུ་གཅིག་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
རྩོམ་ཡིག་འདི་ནི་མཐར་ཕྱིན་པའི་ཉིན་མོར་ཆེས་མཐའ་མཇུག་གི་སྐད་ཡིག་ཚོགས་
ཐེངས་སུ་བཅར་བའི་མཐོང་ཐོས་མྱོང་གསུམ་བརྒྱུད་ནས་རང་གི་སྐད་དང་ཡི་གེ་ལ་དུངས་པ་ ཟབ་པའི་དགེ་རྒན་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད། མི་སྣ་གཙོ་བོ་བཞེངས་སྐྲུན་བྱེད་
པར་སེམས་ཁམས་ཞིབ་འབྲི་དང་ཡུལ་ལྗོངས་བཀོད་འབྲི། རྒྱས་བཤད་སོགས་ཀྱི་ཐབས་རྩལ་
བཀོལ་བ་གཅིག་ལས་གཅིག་བཟང། རྗོད་བྱེད་ཀྱི་ཚིག་ནི་ཅི་འདྲའི་ཀློག་བདེ་ལ་གོ་སླ་ཞིང་ ཡིད་ངོར་བདེ་བླག་གིས་འཇགས་ཐུབ་པ་ཞིག་ཡིན་པས་ཉི་མ་དེར་བྱུང་བ་མཐའ་དག་ཀློག་པ་ པོའ་ི ཡིད་ངོར་ངང་གིས་འཆར་ཐུབ་པ་རེད།
འོན་ཀྱང། ཡ་མཚན་པ་གཅིག་ལ་བོད་སྐད་ཡིག་ལ་དུངས་པ་མེད་ཅིང་སྦྱངས་པ་
ཞན་པའི་སློབ་བུ་སྐོར་ཞིག་ལ་མཐར་ཕྱིན་ལག་འཁྱེར་རེག་སོང་བ་དེ་རེད།
རྗོད་བྱེད་ཀྱི་ཚིག་
གི་ཆ་ལ་ཞིབ་ཆ་བཏོད་དགོས་པ་འགའ་ཡོད་པ་འདྲ་སྟེ། རྩོམ་འགོ་ཡི་ལོ་མཇུག་གི་ཉིན་མོ་ཞེས་ པ་དེ་ཉི་མ་གང་ཡིན་མི་གསལ། ལོ་མཇུག་གི་ཉིན་མོ་དེ་ཟླ་བ་གང་གི་ཉི་མ་གང་ཡིན་གཏན་ལ་
ཁེལ་ན་ཡག་པོ་འདུག། ད་དུང་རྒན་ལགས་ཀྱི་གསུང་བཤད་གནང་སྐབས་ཁུ་སིམ་མེར་གནས་
པ་དེ་དང། མཇུག་མཐར་ལུག་བཤར་བཤར་བཞིན་སོང་བ་གཉིས་འགལ་བར་སོང་འདུག གོང་ དུ་བརྗོད་པའི་ཞན་ཆ་འདི་དག་གིས་བསྟན་དོན་ལ་རྨ་ཕབ་ཡོད་པར་འདོད།
གལ་སྲིད་མི་སྣ་གཙོ་བོས་དུས་ཡུན་ཅི་ཙམ་ལ་བོད་སྐད་ཡིག་གི་དགེ་རྒན་བྱས་ཏེ་
སློབ་མ་ག་ཚོད་ཅིག་བསྐྱངས་པ་དང་མཇུག་མཐའི་ཉིན་མོ་དེར། དེར་འདུས་ཀྱི་སློབ་མ་ཚོར་ ཡང་སྔར་གྱི་བྱས་ཉེས་ལ་འགྱོད་གདུང་ཡོད་ཚུལ་དང་དེང་ཕྱིན་གཞར་ཡང་བོད་སྐད་ཡིག་གི་
དོན་དུ་ཡོད་ཚད་འབུལ་ཐུབ་པའི་སྣང་བརྙན་ཞིག་བཞེངས་སྐྲུན་བྱ་ཐུབ་ཡོད་ཚེ། རྩོམ་ཡིག་ འདི་ནི་ཧྥ་རན་སིའི་སྒྲུང་ཐུང་གྲགས་ཅན་མཇུག་མཐའི་སློབ་ཐུན་གཅིག་གི་སྤུན་ཡར་གྱུར་སོང་ བ་མིན་ནམ་སྙམ།
95
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བདེན་པའི་མེ་ལྕེ།
སེང་གདོང་སྐྱབས།
གོ་པལ་པུར་བོད་ཁྱིམ་སློབ་གྲྭ
རིག་གཞུང་སྲོག་གི་ཀ་བ་དམར་པོས་བཅོམ་དུས་སུ། །
གཅེས་ནོར་ཕོ་བྲང་དམར་པོ་མུན་པས་གཡོགས་དུས་སུ། ། ཐུ་བྷོད་གྱད་མིའི་སྙིང་སྟོབས་དགུང་ལ་འཕྱོ་དང་ལྷན། །
བདེན་པའི་མངའ་ཐང་སྲུང་ལ་ཚེ་སྲོག་མེ་ལྕེར་བསྒྲོན། ། ཆབ་སྲིད་དཔོན་པོས་རྫིག་གཏམ་གནམ་ལ་བརྗོད་ནའང། ། ཆོས་ལུགས་བླ་མས་གཞན་གཅེས་ངག་ལ་བགྲང་ནའང། །
དོན་དམ་གནས་ལུགས་དམར་རྗེན་སྙིང་ལ་འབབ་དུས་སུ། ། ཚེ་སྲོག་མེ་ལྕེར་བསྒྲོན་ལ་སུས་ཀྱང་འགྲན་དུ་མེད། ། 96
འཛིན་གྲྭ་བཅུ་གཉྀས་པའི་ཕུལ་བྱུང་རྩོམ་ཡིག
ལོ་རྒྱུས་སྨྲ་བས་སྨྱུ་གུ་ལན་གསུམ་བརྡར་ནའང། །
སྨྱུག་གསར།
༡༨
སྙན་ངག་པ་ཡིས་སེམས་ཚོར་ཐེངས་གསུམ་བྲིས་ནའང། ། གཉའ་གནོན་ཁྲག་གིས་བོད་ས་ཡང་ཡང་སྒུལ་དུས་སུ། །
བདེན་པའི་རང་གཟུགས་འོད་དུ་བསྐྱེད་འདི་རྨད་ཅིང་མཚར། ། སྒྱུ་རྩལ་པ་ཡིས་དཔྱད་སྡུར་ལན་མང་བྱས་ནའང། །
གཞས་པ་གཞས་མས་སྐྱོ་བ་ཐེངས་གསུམ་བཀུག་ནའང། ། བློས་གཏོང་བ་ཡི་མེ་ལྕེ་དགུང་ལ་མཆེད་ཚུལ་དེ། །
གནས་ལུགས་གཤའ་མའི་མདུན་ན་བརྗིད་ཀྱང་བརྗིད་པ་ལ། ། ང་ནི་དཔའ་འོ་ཟེར་བའི་ཀུ་གསུམ་བཏབ་ན་ནའང། །
ཁོ་ནི་མཁས་སོ་ཟེར་བའི་གཏམ་གསུམ་སྨྲས་ནའང། །
དམར་པོའ་ི མེ་ལ་མཆོང་བའི་སྙིང་སྟོབས་ཞུམ་མེད་དེ། ། ཆོས་ཉིད་བདེན་པའི་མདུན་ན་འོད་ཀྱི་གོང་བུ་ཞིག། ། ཁྲག་མེ་ལྷབ་ལྷབ་འབར་བའི་གཟི་འོད་འདི་ཡིས་ནི། ། བོད་ས་ཕྱི་ནང་བར་གསུམ་འོད་ཀྱིས་དཀྲི་བའི་དུས། ། 97
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
བདེན་པའི་མངའ་ཐང་སྤྲིན་བྲལ་ཉི་མའི་ཟོལ་གྱི་མདངས། །
སྟོང་གསུམ་ནོར་བུས་གཞལ་བར་བརྩམས་ཀྱང་ཆ་ཤས་ཙམ། ། རིགས་ཞེན་ཁྲག་རྩར་འཐིམ་པའི་ལ་རྒྱའི་མཐུ་ཡིས་ནི། །
རེ་བའི་སྤྱན་ཟུང་གཞན་ཕྱིར་བཙུམ་པའི་མཛད་མཆོག་གང། ། སྒྱུ་རྩལ་རྩོམ་གྱིས་ཇི་བཞིན་འགྲེལ་བའི་ངལ་བརྒྱས་ཀྱང། ། རྨད་བྱུང་དོན་གྱི་རྡུལ་ཕྲན་ཙམ་ཡང་འཁྱོངས་མི་འགྱུར། །
སྒེར་གཅོད་ཁྲིམས་ཀྱི་ལྕགས་སྒྲོག་དམར་པོ་སིལ་ལེ་གཏོར། ། སྲིད་ཇུས་ནག་པོའ་ི བཤུ་གཞོག་ན་ཟུག་འུར་སེ་བསྒྲགས། །
ཚེ་སྲོག་རིན་ཆེན་བྱུར་བུར་གཏམས་གང་ཚག་སེ་བསྲེགས། ། བདེན་པའི་སྐྱེ་བོ་མིག་ཅན་དག་ལ་བརྡ་ཞིག་བཏང། ། མེ་སྟག་འདི་ཡི་མཆེད་སྟངས་ཤིག་གི་གོང་ཁ་ནས། །
བདག་གིས་མཇལ་སོང་བཙན་པོའ་ི སྙིང་སྟོབས་མཇལ་སོང་བ། ། བདག་གིས་མཐོང་སོང་མི་རབས་གསར་པ་མཐོང་སོང་བ། ། དགའ་ཡང་དགའ་ལ་སྤྲོ་ཡང་ལོས་སྤྲོ་རབ་ཏུ་སྤྲོ། ། 98
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
འདི་ནི་གངས་སེང་དཀར་མོས་ངར་སྒྲ་སྒྲོག་སྟངས་ཡིན། །
༡༨
འདི་ནི་བྲེ་སར་འབྲོང་གིས་རྭ་ཞགས་འཕེན་སྟངས་ཡིན། ། འདི་ནི་རྒྱ་སྟག་ངར་མ་ནགས་ལ་མཆོང་ལུགས་ཡིན། །
འདི་ནི་རྟུལ་ཕོད་དཔའ་བོའ་ི བློས་གཏོང་བྱ་ཚུལ་ཡིན། ། དུངས་ཞེན་ཁྲག་རྩར་འཐིམ་པའི་དཔའ་སྙིང་སྤོབས་པ་གཅིག ། ཕུགས་རྒྱང་རིང་ལ་གཏད་པའི་རྒྱང་གི་འདུན་པ་གཉིས། ། སྐྱེ་བ་ཡོད་ཚད་ལས་ཀྱང་ཤི་བ་ངོ་མཚར་བའི། །
བཙན་པོའ་ི བུ་རྒྱུད་ཟེར་ན་ཁྱེད་ལས་སུ་ཞིག་འཇོག། ། བལྟས་ཀྱིན་བལྟས་ཀྱིན་ཁྱེད་ནི་གསེར་གྱི་ལྷུན་པོ་ཞིག། །
ཉན་གྱིན་ཉན་གྱིན་ཁྱེད་ནི་ཡིད་འགུག་རོལ་དབྱངས་ཤིག། ། འབྲི་བཞིན་འབྲི་བཞིན་ཁྱོད་ནི་ཚོར་བའི་ཕུང་པོ་ཞིག། ། བརྟག་ཅིང་དཔྱད་ན་ཁྱོད་ནི་ལོ་རྒྱུས་དཔང་པོ་ཞིག། །
ཁྱབ་བསྒྲགས་རྫུན་མ་ཞིག་གི་གདོང་འབག་བྲད་ནས་ཡོད། །
བཀག་སྡོམ་གསར་འགྱུར་ཞིག་གི་ས་མཚམས་བརྒལ་ནས་ཡོད། ། 99
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྒྱ་དཔོན་སྡར་མ་ཞིག་གི་གཅིན་སྐྱག་བཙུར་ནས་ཡོད། །
དལ་འབྱོར་ལས་སྐལ་ཞིག་གི་ཞབས་རྗེས་བཞག་ནས་ཡོད། ། ཆོལ་གསུམ་ཆིག་སྒྲིལ་དར་སྐུད་ཁྱེད་ཀྱིས་སྦྲེལ་ནས་སོང། །
གཞིས་བྱེས་ལྷན་འཛོམས་འདུན་མ་ཉིད་ཀྱིས་སྒྲིལ་ནས་བཞུད། །
མི་རབས་གསར་རྙིང་བག་འཁུམས་གང་གིས་དཀྲོཊ་ནས་ཕེབས། ། འཛམ་གླིང་ཡང་རྩེར་ལོ་རྒྱུས་ཟིན་ཐོ་གསར་པ་བྲིས། །
གཞིས་བྱེས་བོད་པའི་གཏན་དུ་ཁྱེད་ཉིད་གཙུག་ཏུ་བཀུར། ། ཆོལ་གསུམ་སྤུན་ཟླས་ཆོས་ཀྱི་རྫོངས་པ་ཁྱེད་ལ་ཕུལ། །
བུ་ཆུང་བདག་འདྲས་སེམས་ཀྱི་སྙན་ངག་ཁྱེད་ལ་འབྲི། །
ས་དགེ་བཀའ་རྙིང་ལྷན་འདུས་བསྔོ་སྨོན་ཁྱེད་ཕྱིར་འདེབས། ། མཐོང་ན་ལོས་འཇིགས་ཐོས་ཀྱང་མི་བཟོད་མེ་ལྕེ་གང། །
བདེན་པའི་སྟོབས་ཀྱི་མངའ་ཐང་བསྐྱེད་དེ་འབར་ནས་ཡོང། ། རྒྱལ་ས་ལྷ་ས་རེ་བས་དཀྲོགས་ཏེ་ཁད་ཀྱིས་ཁྱབ། །
རྨི་ལམ་གསར་པར་རྫོགས་ལྡན་བཀྲ་ཤིས་རེ་ཁ་དགོད། ། 100
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
སྐྱབས་མགོན་རྒྱལ་བ་བོད་ལ་གདན་འདྲེན་ཞུ་དགོས་ཟེར། །
༡༨
རིགས་ཀྱི་ཀ་བ་སྐད་ཡིག་རང་དབང་སྤྲོད་ཅིག་ཟེར། །
བསམ་པའི་དཔལ་ཡོན་ནང་ཆོས་སྒེར་གཅོད་མ་བྱེད་ཟེར། །
འདི་གསུམ་འཛམ་གླིང་ཞི་བདེར་འགོད་པའི་རྨང་གདན་ཡིན། ། འདི་ལྟར་འབར་སོང་འོད་ཀྱིས་ས་གཞི་ཁེབས་ནས་ཐལ། ། འདི་ལྟར་བཞུད་སོང་ཁ་ཆེམས་ང་ལ་བཞག་ནས་ཐལ། །
འདི་ལྟར་གཤེགས་སོང་གསེར་གྱི་ཞབས་རྗེས་བཞག་ནས་ཐལ། ། སྟག་མོ་ལུས་སྦྱིན་རྣམ་ཐར་འདི་ཡིས་དམན་སར་བཀོད། ། དགེ་ཆོས་དམ་པས་རིང་ནས་ལུང་དུ་བསྟན་པ་ཡི། །
མཐོང་ན་འཇིགས་པའི་བདེན་པ་གཅེར་བུའི་རང་གཟུགས་ལ། ། རང་མགོ་བསྐོར་བའི་གོས་ཀྱིས་སྒྲིབ་གཡོགས་མ་བྱས་པར། །
གཅེས་པའི་སྲོག་གིས་གནས་ལུགས་སྲུང་ལ་རབ་ཏུ་འཚེངས། ། ཀླ་ཀློའ་ི བརླང་སྤྱོད་དྲག་པོའ་ི གཉའ་གནོན་གྱི་གཤིས་ལ། །
འཚེ་མེད་སྙིང་རྗེ་ཆེན་མོའ་ི བཏང་སྙོམས་ལ་བཞུགས་ཏེ། ། 101
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གཞན་འཚེ་ཏིལ་ཙམ་མ་བྱས་རང་ཉིད་ཀྱི་ལུས་ཕུང། །
ཕངས་མེད་གཞན་ཕྱིར་བསྒྲོན་འདི་པུར་རྒྱལ་གྱི་དཔའ་བོ། ། རྒྱུ་འབྲས་རྒྱ་མར་ཡོ་འཁྱོག་མེད་ལ་ཁྱོགས་ཤིག་ཀྱེ། ། སྐྱབས་ཡུལ་ལྷ་ལ་སྤྱན་ཟུང་ཡོད་ན་དྲོངས་ཤིག་ཀྱེ། །
བདེན་པ་སྐྱོང་བའི་སྐྱེ་བོ་མཆིས་ཚེ་ལོངས་ཤོག་ཀྱེ། །
ད་ནི་གནས་ལུགས་དམར་རྗེན་གནམ་གྱིས་ཁེབས་གྲབས་མེད། ། སྨོན་པའི་ཕྱག་རྒྱ་དཔྲལ་བར་རབ་ཏུ་དཔར་ནས་ནི། ། རྗེས་དྲན་ཟིན་ཐོ་ལོ་རྒྱུས་གླེགས་བམ་ལ་ཕབ་ཡོད། །
སེམས་ཀྱི་མཆོད་མེ་བསྟུད་མར་ཁྱེད་ལ་བསྒྲོན་ནས་ཡོད། ། སྐྱེ་ནས་སྐྱེ་བར་ཁྱེད་ཉིད་བདེ་ནས་བདེར་བགྲོད་ཤོག། །
བསྐལ་སྟོང་རྙེད་དཀའི་དལ་བརྒྱད་འབྱོར་བཅུའི་མི་ལུས་གང། །
རྒྱལ་ཞེན་སྤོབས་པས་ཕངས་མེད་བསྲེགས་པའི་བྱིན་རླབས་མཐུ། ། ས་ཡ་དྲུག་གི་བདེན་དོན་ཕྱིར་ཏུ་རབ་འབར་བ། །
གྲུ་འཛིན་མགོན་པོ་༸ཏཱ་ལའི་བླ་མས་རྗེས་འཛིན་མཛོད། ། 102
རྩོམ་ཡིག་དཔྱད་མཆན། པོ་འདུག
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
རྩོམ་ཡིག་འདིའི་ཚིག་སྦྱོར་ཡིད་དུ་འོང་བའི་ཁར་མཚོན་སྟོབས་ཀྱང་ཤིན་ཏུ་ལེགས་
ཀློག་ཡོང་ཚེ་དུངས་སེམས་ཀྱིས་ཡོངས་སུ་ཕྱུག་པ་ངང་གིས་རྟོགས། གཙོ་བོར་
གཟུགས་རྒྱན་དང་སྒྲ་རྒྱན་གྱིས་བཅིངས་པའི་དུངས་སེམས་མཚོན་པའི་སྙན་རྩོམ་ཞིག་ཡིན་ ཞེས་བཤད་ཆོག
འགྲན་སྡུར་གྱི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཚིགས་བཅད་ཉི་ཤུ་ལྷག་ཅིག་
ཤར་མར་རྩོམ་ཐུབ་པ་འདི་གཅིག་པུའི་སྟེང་ནས་ཀྱང་ལོ་ཆུང་རྩོམ་པ་པོ་འདི་ལ་རྩོམ་རྩལ་ཁྱད་
དུ་འཕགས་པ་ཞིག་ཡོད་པ་རྟོགས་ཐུབ། ལྷག་པར་དབྱངས་འགྲོས་དོ་མཉམ་པའི་སྡེབ་སྦྱོར་གྱིས་ བཅིངས་ཐུབ་ཡོད་པ་ནི་རྨད་བྱུང་གི་དགེ་མཚན་ཉིད་དོ་ཞེས་བརྗོད་འདོད།
103
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དཔའ་བོའ་ི ཁ་ཆེམས།
ནོར་ཚེ།
གོ་པལ་པུར་བོད་ཁྱིམ།
རང་ལུས་བསྲེ ག ས་པའི ་ མེ ་ ལྕེ འི ་ རླབས་ཀྱི ས ་ཉི ་ ཟླའི ་ གཟི ་ བྱི ན ་
སྐྱེངས་པར་བྱས། །བདེན་པའི་ང་རོ་ལན་གསུམ་བསྒྲགས་པས་ཡངས་པའི་ འཛིན་མ་དངངས་ཤིང་འདར། །འཆི་ལ་ཉེ་བའི་བསྟན་སྲིད་སྲོག་ལ་སྐྱེས་ སྟོབས་འབུམ་གྱི་དབུགས་རྒྱུན་བསྩལ། །ས་ལ་འགྱེལ་བའི་བཙན་པའི་རྡོ་
རིང་མི་ཚོགས་འབུམ་གྱི་མདུན་དུ་བསླངས། །ཁྲང་ཨན་གནམ་ས་ཁ་ལོ་ བསྒྱུར་བའི་བཙན་པའི་དཔའ་སྟོབས་བསྐྱར་དུ་བསྐྲུན། །ཁྱོད་ཀྱི་མཛད་རྗེས་
ཡིད་ལ་དྲན་ན་རི་བོ་ས་རྡོ་མིག་ཆུ་ཤོར། །བསྐལ་བརྒྱར་མི་ནུབ་དཔའ་བོའ་ི ཚོགས་ལ་སྒོ་གསུམ་གུས་པས་སྙིང་ནས་འདུད། ། 104
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
ཐོག་མའི་གླེང་བརྗོད།
སྨྱུག་གསར།
༡༨
སྒེར་གཅོད་སྲིད་དབང་གིས་ཁྲིམས་མེད་ལུགས་མེད་ཀྱི་བསམ་སྦྱོར་
རྩུབ་མོས་རང་གི་ཁེ་དབང་གི་སླད་དུ། ཚེ་སྲོག་འབུར་འཇོམས་དང་མི་སེར་
ཁྲག་ལ་སྦྱོར་བ་ནི་མཐོང་ན་ཡིད་མུག་སྐྱེས་ཤིང། བསམ་ན་སྐྱོ་བ་འཕེལ་
བའི་གདུག་རྩུབ་ཚད་མེད་ཀྱི་སྤྱོད་ཚུལ་དང་འདོད་རྔམ་ཧམ་བཟུང་གི་སྲིད་ ཇུས་ཤིག་ལས་ཅི་ཡང་མིན། འགྲོ་བ་མིའི་རང་དབང། ཐོབ་ཐང། མི་རིགས་ མཐུན་སྒྲིལ། སྐད་ཡིག་ལེགས་བྱང་དང་རླབས་ཆེ་བའི་དམངས་གཙོ་ཡི་
ཕྱིར་དུ་རང་སྲོག་ཕངས་མེད་འདོར་བ་ནི་མཐོང་བ་ཀུན་སྨོན་གྱི་གནས་སུ་ གྱུར་ཞིང། འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མིག་གི་དཔྱིད་དང་ལེགས་བཟང་ དཔེ་མཚོན་གྱི་རྟགས་སུ་གྱུར་ཡོད་པ་བདེན་ལུགས་ཀྱི་མེ་ལོང་དུ་གསལ་ བར་ངེས།
དེ་བས། རང་རེའི་ཁ་བ་གངས་ཅན་གྱི་རང་དབང་གི་ཕྱིར་དུ་ཡོད་
ཚད་བློས་བཏང་བའི་དཔའ་བོ་དཔའ་མོའ ་ི མཛད་རྗེས་དུས་གསུམ་ཀུན་ཏུ་
སྙིང་ལ་རྡོ་བརྐོས་རི་མོ་བཞིན་བཅངས་ནས་ཆོད་སེམས་བརྟན་པོས་ཆོལ་ གསུམ་བོད་མིའི་མ་འོངས་བདེ་སྐྱིད་ཀྱི་ཕྱིར་དུ་དཀའ་བ་བརྒྱ་ཕྲག་དང་
འབད་པ་ཁྲི་ཕྲག་གིས་རང་གི་སྐད་ཡིག་རྒྱུན་འཛིན་དར་སྤེལ། ཆོས་དང་
རིག་གཞུང་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། ༸གོང་ས་མཆོག་གི་བཀའ་ སྲུང་བརྩི་དང་རང་དབང་རྩོད་ལེན་བྱ་རྒྱུ་ནི་འདས་སོང་གི་དཔའ་བོ་དང་ དཔའ་མོའ ་ི ཁ་ཆེམས་དང་འཚོ་བཞུགས་བོད་མིའི་ལས་འགན་ཡིན་པས། དཔའ་བོའ་ི ཁ་ཆེམས་དང་མ་འོངས་རེ་སྨོན་དག་གཤམ་དུ་འགོད་རྒྱུ་ཡིན། 105
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
༸གོང་ས་རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་བྱ་དགོས་པའི་ཁ་ཆེམས།
འཛམ་གླིང་དུ་མཚན་སྙན་འབྲུག་སྒྲ་ལྟར་གྲགས་ཤིང་གཟི་བྱིན་ཉི་
འོད་ལྟར་འཕྲོ་བ་ནི་རང་རེའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་ ཡིན་པ་དང། ཁོང་གི་བྱིས་དུས་ཀྱི་ལོ་ཟླ་ཡང་བོད་མི་དམངས་ཀྱི་བདེ་སྐྱིད་
ཀྱི་ཕྱིར་དུ་པོ་ཏ་ལའི་སྒེའུ་ཁུང་བརྒྱུད་ནས་ཁེར་རྐྱང་གིས་བསྐྱལ་དགོས་
བྱུང་ཡོད་ལ། ཚལ་བ་བརྒྱ་དང་དུམ་བུར་སྟོང་དུ་གས་བའི་སྒེར་འཛིན་
དམར་པོའ ་ི གནས་སྟངས་ཀྱི་འོག་ཏུ་འདི་ལྟར་མི་ཡུལ་ས་མཐར་མི་ཕེབས་ ཀ་མེད་བྱུང།
འོན་ཀྱང། ཁོང་གིས་ཚད་མེད་ཀྱི་ཡོན་ཏན་དང་མཐའ་མེད་ཀྱི་
བྱམས་བརྩེ་ཡི་དྲོད་ཁོལ་འོག་ང་ཚོར་གནམ་བྱེའུ་མགོ་ཙམ་དང་ས་ལག་
མཐི ལ ་ཙམ་ཡང་མེ ད ་པའི ་ རྒྱ་གར་གྱི ་ ས་ཐོ ག ་ཏུ་དམངས་གཙོ ་ ཡི ་ སྲི ད ་ གཞུང་བཙུགས། བཅའ་ཁྲིམས་གཏན་འབེབས། གཞུང་གི་འཛིན་སྐྱོང་ཕྱི་
གསལ་ནང་གསལ། གཞི་ཆགས་ཁག་གསར་འཛུགས། གནང་དེང་ཟུང་ འབྲེལ་གྱི་དགོས་དམིགས་གཞིར་བཟུང་ཐོག་དགོན་སྡེ་དང་སློབ་གྲྭ་ཁག་ འཛུགས་སྐྲུན། རྒྱ་བོད་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་དབུ་མའི་ལམ་ བཅས་ནི་མཐོང་བ་ཀུན་སྨོན་དང། བླ་མེད་ལམ་སྟོན་འཁྲུལ་མེད་ཡིན་ཕྱིར་ ཆོས་ལྡན་བོད་མི་ཀུན་གྱིས་བརྩི་སྲུང་བྱ་དགོས་པ་དང། འདི་ཕྱི་དུས་གསུམ་
ཀུན་ཏུ་ཁོང་ལས་ལྷག་པའི་ལམ་སྟོན་མཁན་དང་སྐྱབས་གནས་སུ་ཡང་
མེད་པས་ཆོལ་གསུམ་བོད་མི་ཚང་མ་རྒྱལ་བའི་བཀའ་དགོངས་ཐོག་ཤར་
སྐྱོད་དང་། དཔའ་གདེང་སྤོབས་གསུམ་དང་དོགས་མེད་ཡིད་ཆེས་བརྟན་ 106
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
པོས་མདུན་སྐྱོད་བྱ་དགོས་སོ། །
སྨྱུག་གསར།
༡༨
སྐད་ཡིག་རིག་གནས་མི་ཉམས་རྒྱུན་འཛིན་དགོས་པའི་ཁ་ཆེམས།
སྐད་དང་ཡི་གེ་ནི་མངལ་ལྡན་མ་བུའི་ལས་དབང་ལྟར་གཅིག་ལ་
གཅིག་བརྟེན་དུ་གནས་ཤིང། མི་རིགས་ཤིག་གི་འཚོ་གནས་འཇིག་གསུམ་ ནི་སྐད་དང་ཡི་གེ་ལ་རག་ལས་ཕྱིར། སྐད་ཡིག་འཇིག་ཚེ་མི་རིགས་ཀྱི་ངོ་བོ་
ཡལ་བ་ཆོས་ཉིད་དུ་གྲུབ་པས་སྐད་ཡིག་ལ་ཁོག་པའི་སྙིང་དང་དཔྲལ་བའི་ མིག་ལྟར་བརྩི་སྲུང་དགའ་ཞེན་དང། དར་སྤེལ་རྒྱུད་འཛིན་བྱ་རྒྱུ་ནི་ཆོལ་ གསུམ་བོད་མིའི་འོས་འགན་ཡིན།
སྐད་ཡིག་གིས་ང་ཚོ་རྒྱ་མི་དང་ཁ་ཁ་ཡིན་པ་ར་སྤྲོད་བྱ་ཐུབ་ལ། བོད་
མི་ཡོངས་རྫོགས་མཛུབ་མོ་ལྔ་བཅིངས་ཁུ་ཚུར་བཞིན་རྡོ་རྩ་གཅིག་ཏུ་སྒྲིལ་
ཐུབ། མི་རིགས་ཆག་འཇིག་གི་སྐབས་སུ་ཉེན་ཁ་ལས་སྐྱོབ་ཐུབ་ལ། བརྟན་ བརླི ང ་བབ་གསུམ་གྱི ་ སྲི ད ་གཞུང་འཛུགས་སྐྲུན་དང་མ་འོ ང ས་བོ ད ་ཀྱི ་ མངོན་འདོད་སྐོང་ཐུབ། དེ་བཞིན་བོད་ཀྱི་ངོ་བོ་སྲུང་སྐྱོང་དང་ནང་ཁུལ་
འཆམ་མཐུན་ཕུ་ནུ་མིང་སྲིང་བཞིན་བསྐྲུན་ཐུབ་ཕྱིར། སྐད་ཡིག་ནི་ང་ཚོའི་
གཅེས་པའི་སྲོག་དང་བོད་མི་རིགས་ཀྱི་བླ་སྲོག་ངོ་མ་ཡིན། དེར་མ་ཟད། རང་རེའི་སྐད་ཡིག་ནི་མཉམ་མེད་ཐུབ་པའི་ལྟ་གྲུབ་དང་སྤྱོད་པ་ཡོངས་སུ་ ཚང་བའི་ངོ་མཚར་རིག་གནས་རྨད་དུ་བྱུང་བ་ཞིག་ཡིན་ལ། རྟེན་འབྱུང་གི་ ལྟ་གྲུབ། འཚེ་མེད་ཞི་བའི་སྤྱོད་པ། ཟབ་མོ་སྟོང་ཉིད་ཀྱི་རྣམ་བཞག བྱམས་
དང་སྙིང་རྗེའི་འབྱུང་ཁུངས། འགྲོ་མིའི་རིགས་ལ་འདོད་དགུ་སྐོང་བའི་ 107
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དཔག་བསམ་ལྗོན་ཤིང་དུ་གྱུར་ཡོད་ལ། ལྷག་པར་དུ་བཟང་སྤྱོད་ཀྱིས་ཕོངས་
ཤིང་རྡུལ་མཚོན་གྱི་གཡུལ་འགྱེལ་རྒོད་པའི་དུས་འདིར་ཆེས་ཕན་རླབས་ ཆེ་བའི་ནད་བརྒྱ་སྨན་གཅིག་གི་རིན་ཆེན་རིལ་བུ་ཞིག་ཡིན། རིག་གནས་
འདིས་རྒན་བཀུར་གཞོན་སྐྱེས། རང་ལས་གཞན་སྐྱེས། གཅིག་ཕན་གཅིག་ གྲོགས། རང་གཞན་གཉིས་ཕན། སྤྱི་ཚོགས་འཆམ་མཐུན། རང་དབང་འདྲ་ མཉམ། རིགས་རུས་དབྱེ་མེད། འགྲོ་ཀུན་ཁྱིམ་གཅིག་གི་འདུ་ཤེས་འཛིན་
ཞིང་ཐམས་ཅད་མ་རུ་ལྟ་བའི་དཀྱེལ་ཡངས་དགེ་མཚན་ལྡན་པའི་རིག་ གནས་རྨད་དུ་བྱུང་བ་ཞིག་ཡིན།
རིག་གཞུང་འདི་ནི་འཛམ་གླིང་ཞི་བདེ་ཡི་སྲོག་རྩ་དང། འཛམ་
གླིང་མི་རིགས་མཉམ་གནས་ཐུབ་པའི་གཞི་མ། ཐམས་ཅད་ཀུན་གྱི་འདོད་ བློ ་ སྐོ ང ་བའི ་ ཡི ད ་བཞི ན ་དབང་གི ་ རྒྱལ་པོ ་ འོ ད ་ཟེ ར ་སྟོ ང ་ལྡན་གྱི ་ རི ག ་
གནས་ཤིག་ཡིན་ཕྱིར། རང་མི་རིགས་ཀྱི་གཅེས་ནོར་ལ་དུས་གསུམ་ཀུན་ ཏུ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་ཆོས་ལྡན་བོད་མི་ཀུན་གྱི་འོས་འགན་ བྱོལ་མེད་ཅིག་ཡིན་ནོ། །
མི་རིགས་མཐུན་སྒྲིལ་གྱི་དགོས་དམིགས་ལ་བཞག་པའི་ཁ་ཆེམས།
ཉམ་ཆུང་མི་རིགས་མགོ་བོ་འདེགས་པ་ལ། མེད་དུ་མི་རུང་བ་ནི་
མཐུན་སྒྲིལ་ཡིན། ཞེས་གསུངས་པ་ལྟར། མཐུན་སྒྲིལ་ནི་མ་འོངས་གངས་ ལྗོངས་འཛུགས་བསྐྲུན་བྱ་བའི་སྔོན་འགྲོའ ་ི ཆ་རྐྱེན་མེད་དུ་མི་རུང་བ་དེ་
ཡི ན ། མཐུན་སྒྲི ལ ་མེ ད ་ན་བྱེ ་ མའི ་ ཆངས་བུ་བཞི ན ་བརྟན་བརླི ང ་བབ་ 108
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
གསུམ་གྱི་སྤྱི་ཚོགས་འཛུགས་བསྐྲུན་དང་རྒྱ་ཆེའི་བོད་མིའི་མངོན་འདོད་ སྐོང་མི་ནུས། མ་ཟད། རྩྭ་ཟ་རྩོད་གླེང། ཆོས་ལུགས་ཀྱི་ཕྱོགས་རིས། ཆོལ་
ཁའི་འཐེན་འཁྱེར། གྲུབ་མཐའི་འགལ་ཟླ། ནང་ཁུལ་དམར་འཛིང་གི་ མི་འདོད་འཁྲུག་རྐྱེན་དང་དོན་མེད་རྙོག་ཟིང་གི་འཁྲུག་རྐྱེན་འབྱུང་བས། འདས་མ་ད་གསུམ་ཀུན་ཏུ་མཐུན་སྒྲི ལ ་གོ ང ་བུ་གཅི ག ་ཏུ་སྒྲི ལ ་ན་དགེ ་ མཚན་ཆེ་བས་མཐུན་སྒྲིལ་བྱ་རྒྱུ་རབ་ཏུ་གལ་ཆེ།
རང་དབང་རྟོགས་སད་ཀྱི་ཡོ་ལང་རྦ་རླབས་ལྟར་འཕྱུར་ཞིང། རྒྱལ་
ཁབ་ཀྱི་འདུ་ཤེས། ས་ཁོངས་ཀྱི་འདུ་ཤེས། རང་དབང་འདྲ་མཉམ་གྱི་འདུ་ ཤེས། རྒྱལ་ཞེན་གྱི་འདུ་ཤེས། དམངས་གཙོ་ཐོབ་ཐང་གི་འདུ་ཤེས། མི་
རིགས་སྐད་ཡིག་གི་འདུ་ཤེས་སོགས་འདུ་ཤེས་ཀྱི་གོ་རྟོགས་ཆར་རྗེས་ཀྱི་ཤ་ མོ་ལྟར་བརྡོལ་བའི་ཤེས་ཡོན་པ་སྟོང་ཕྲག་མང་པོ་རང་མི་རིགས་ཀྱི་དོན་དུ་
མུན་པའི་བཙོན་དུ་བཅུག དམྱལ་བའི་སྡུག་བསྔལ་མྱོང། ཁྲག་གི་རྒྱ་མཚོ་ བསྐྱིལ། བེམ་པའི་རི་བོ་བརྩིགས། མཆི་མའི་གཙང་བོ་བཞུར། འོ་དོད་དང་
འབོད་སྒྲ་སྒྲོག ཤ་ཟད་རུས་ལ་ཐུག་ཀྱང་དཔའ་མ་ཞུམ་པར་མདུན་ནས་
མདུན་དུ་བསྐྱོད་ཅིང་དཔའ་གདེང་སྤོབས་གསུམ་གྱི ས ་རང་དབང་རྩོད ་ ལེན་དང་ཚེ་སྲོག་བློས་གཏོང་བྱེད་པ་ནི་རྟོགས་པར་ཤོག། དཔའ་བོའ ་ི རེ་ སྨོན་རྣམ་པ་ཀུན་ཏུ་འགྲུབ་པར་སྨོན། །
བདེན་བཟང་མཛེས་གསུམ་དཔའ་བོའ ་ི མཛད་བཟང་ཡངས་པའི་
གོ་ལར་ཁྱབ་པར་ཤོག །བདེན་དོན་རྩོད་ལ་ཐབས་ཀྱི་རྒྱལ་པོ་འཚེ་མེད་ཞི་ བ་དར་བར་ཤོག །འགྲོ་བ་ཀུན་གྱི་རེ་བའི་སྨོན་འདུན་རང་དབང་དམངས་ 109
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
གཙོ ་ ཐོ བ ་པར་ཤོག །སྐྱེ་ བ་ངོ་ མཚར་ཤི ་ བ་དོན ་ལྡན་དཔའ་བོ འ ་ི ཐུགས་ དགོངས་འགྲུབ་པར་ཤོག། །སྲིད་གསུམ་མཚུངས་མེད་རྒྱལ་བའི་སྐུ་ཚེ་འགྲོ་
དོན་བསྒྲུབ་ལ་བརྟན་པར་ཤོག། །མ་རུངས་སྲིད་ཇུས་སྒེར་འཛིན་ལོག་ལྟ་
དམངས་ཀྱི་དགྲ་བོ་འཇོམས་པར་ཤོག། །འགྲོ་ཀུན་འཆམ་མཐུན་འཛམ་ གླིང་ཞི་བདེ་བོད་དོན་བདེན་མཐའ་སེལ་བར་ཤོག །
རྩོམ་ཡིག་དཔྱད་མཆན། རྩོམ་ཡིག་འདིའི་འགོ་མཇུག་གི་ཚིགས་བཅད་གཉིས་ནི་རྗོད་བྱེད་དང་བརྗོད་བྱ་
གཉིས་ཐད་ནས་ལེགས་པོ་འདུག། ཐོག་མའི་གླེང་བརྗོད་ཀྱང་དཔྱད་རྩོམ་ཞིག་གི་གླེང་བརྗོད་དུ་ འོས་མོད། རྩོམ་ཡིག་འདིར་ཁ་ཆེམས་གཙོ་བོར་བརྗོད་དགོས་སྟབས། གླེང་བརྗོད་དུ་མ་འོངས་རེ་ སྨོན་ཞེས་པའི་སྐོར་བཀོད་པ་ནི་སྦྲུལ་ལ་རྐང་ལག་བྲིས་པའི་རྗེས་སུ་སོང་བ་འདྲ།
རྩོམ་ཡིག་འདིའི་གཞུང་དངོས་ལ་ཁ་ཆེམས་ཀྱི་རིགས་གསུམ་བཀོད་པའི་ཚུལ་གྱིས་
བརྗོད་པའི་དོན་དག་ཚང་མ་དངོས་ཐོག་བདེན་འཆོལ་རང་དུ་འདུག་པས་དངོས་གནས་ཡི་རང་
བའི་གནས་སུ་འཁུམས། འོན་ཀྱང། རྩོམ་རིག་ནི་ནམ་ཡང་རྗོད་བྱེད་དང་བརྗོད་བྱ། དེ་བཞིན་ བསྟན་དོན། ད་དུང་རྩོམ་བྱང་བཅས་ཀྱི་འབྲེལ་བ་དམ་དུ་བཟུང་ཡོད་མེད་ལ་ཐུག་ཡོད་པས། རྩ་
བའི་ས་བཅད་གསུམ་པོར་བཀོད་པ་དག་ཚིག་ངོས་ནས་དཔའ་བོའ ་ི ཁ་ཆེམས་དང་རྩོམ་པ་པོའ ་ི དགོངས་དོན་གང་ཡིན་ཁ་མི་གསལ། དེར་བརྟེན། དཔའ་བོ་ཅི་འདྲ་ཞིག་གིས་ཁ་ཆེམས་ཅི་ལྟ་བུ་
ཞིག་གནས་སྟངས་ཅི་འདྲ་ཞིག་གི་འོག་བཞག་ཡོད་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་བྲིས་ཡོད་ ཚེ། རྩོམ་ཡིག་འདི་དཔྱད་རྩོམ་གྱི་ཚུལ་དུ་བྲིས་པ་ལ་ལྷག་པར་གསོན་ཉམས་ལྡན་སྙམ། 110
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
བདེན་པའི་མེ་ལྕེ།
སྨྱུག་གསར།
༡༨
མཁའ་མོ་སྐྱིད།
སེ་ལ་ཀུའི་བོད་ཁྱིམ།
ཨ་མྱེ ས ་ཀྱི ས ་བཤད་པའི ་ གནའ་སྔ་མོ ་ སྔ་མོ འ ་ི གཏམ་རྒྱུད་ཁྲོ ད །
ངས་མི་རིགས་ཤིག་གི་འོད་སྟོང་འབར་བའི་ལོ་རྒྱུས་རྙེད་སོང། མི་རིགས་
ཤིག་གི་ཡ་ང་བའི་ཀྱག་ཀྱོག་གི་སྐྱོ་གར་ཐོས་བྱུང། གསོན་བཞིན་པའི་མི་ རིགས་ཤིག་གིས་རྩོད་བཞིན་པའི་བདེན་པའི་མེ་ལྕེ་མཐོང་བྱུང། ངས་ཨ་
མྱེས་ཀྱི་དུང་ལྟར་དཀར་བའི་དབུ་སྐྲ་རྐང་རེ་རེའི་ཁྲོད་མི་རིགས་འདིའི་
དགའ་སྐྱོ་ཆགས་སྡང་འདྲེས་མའི་ལོ་ཟླ་མཐོང་ཐུབ་ལ། ཙག་སེར་གྱིས་
བདས་པའི་དཔྲལ་བའི་གཉེར་མའི་ཁྲོད་ནས་མི་རིགས་འདིའི་འདས་མ་ད་ གསུམ་གྱི་གོད་ཆག་རྟོགས་ཐུབ།
ཡིན་ཡང་མག་མོག་གི་སྤྱན་ཟུང་གཉིས་ལས་རེ་བ་འབུམ་གྱི་འོད་
སྣང་ཞིག་དང་ལྷན་དུ་ང་ལ་བོད་མི་རིགས་འདིའི་འཆི་གསོན་ཆེད་ལོ་རྒྱུས་
ཀྱི་གླེགས་བམ་དཔང་དུ་བཙུགས་ནས་དཔེ་ཆ་དང་སྨྱུ་གུས་བོད་ཀྱི་བདེན་ 111
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
པའི་མེ་ལྕེ་དགུང་དུ་འདེགས་དགོས་ཟེར།
རེད་ཡ། ངས་ཨ་མྱེས་ཀྱི་གནའ་གཏམ་ཁྲོད་ནས་འདས་ཟིན་པའི་
ལོ་ངོ་མང་པོ་མང་པོ་ཞིག་གི་ཕ་རོལ་གྱི་བོད་མཐོང་བྱུང། གངས་རི་དཀར་
པོས་ཕྱི་ཡི་མཐའ་སྐོར་ཞིང། ལྗང་མདོག་གིས་བཀླུབས་པའི་རྩྭ་ཐང་དུ་འགྲོ་
དྲུག་ཐམས་ཅད་ཞི་བདེ་སོས་དལ་གྱི་དཔལ་ལ་རོལ་བའི་སྙན་འཇེབས་ཀྱི་ གཏམ་རྒྱུད་ཡོད། རྗེ་རྒྱལ་པོའ ་ི མངའ་ཐང་དར་ཞིང་འབངས་མི་སེར་འཚོ་ བ་སྐྱིད་པའི་ཚུལ་དེ་ཅི་འདྲའི་ཉམས་དགའ་བ་ལ་ཨང། འདི་དེང་སང་གི་
འདུ་འཛི་དང་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ནང་རྙེད་མི་སྲིད་པའི་འཇིག་ རྟེན་གསར་པ་ཞིག་ཅི་ལ་མིན།
ཡིན་ནའང་ཡིད་ཆེས་དང་དྲང་བདེན། རྒྱུ་འབྲས་དང་གཞུང་དྲང་
བའི ་ བཟང་སྤྱོ ད ་ལྡན་པའི ་ མི ་ རི ག ས་འདི ་ ཟང་ཟི ང ་དེ ང ་གི ་ སྤྱི ་ ཚོ ག ས་
འདིའི་ཁྲོད་ཇི་སྲིད་བར་འཚོ་ཐུབ་བམ། ལོ་ནག་པོ་ ༡༩༥༠ ལོའ ་ི ནང་རྒྱ་
ནག་པོ་འདྲེ་གསོན་པོ་ཞིག་དང་འདྲ་བར་བཙན་འཛུལ་གྱི་ཁ་ལོ་བོད་དུ་ བསྒྱུར་ཏེ་ཧམ་སེམས་ཀྱི་མཆེ་བ་དང་གདུག་རྩུབ་ཀྱི་སྡེར་མོ་བགྲད་པ་རེད།
དུས་དེ་ནས་བཟུང་ཧི་མ་ལ་ཡའི་ངུ་སྐད་ཀྱི་རྒྱུན་ད་བར་འཇགས་མ་མྱོང་ ལ་ཁྲི་ཤོར་རྒྱལ་མོའ་ི མིག་ཆུའི་རྒྱུན་ཆད་མྱོང་མེད།
སྤྱི་ལོ་༡༩༥༩ དང་དེའི་སྔོན་བོད་མིའི་ངོས་ནས་རྒྱ་དམར་པོའ ་ི དྲག་
སྤྱོད་ལ་གྱེན་ལོག་དང་རྒོལ་ལན་སློག་རུང། རིག་གནས་དང་ཆབ་སྲིད་ཀྱི་
གོ་རྟོགས། དཔའ་འབྱོར་གནས་སྟངས་ཞན་པ་སོགས་ཕྱོགས་མང་པོ་ཞིག་
གི་འགལ་རྐྱེན་ལ་བརྟེན་ནས་མཐར་༸གོང་ས་མཆོག་གཙོས་པའི་བོད་མི་ 112
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
མང་པོ་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་དགོས་བྱུང། དཀྱོགས་ མཚམས་འདི་ནི་བོད་མི་རིགས་ས་ལ་འགྱེལ་བའི་དུས་ནག་ཅིག་མ་ཡིན་
པར་དེ་ལས་ལྡོག་སྟེ་གཉིད་ཀྱི་སྦུབས་རྒྱ་ལས་གྲོལ་བའི་དཀྱོགས་མཚམས་ ཤིག་ཡིན། ༸མགོན་པོ་གང་གི་བཀའ་དྲིན་འོག་ཤེས་བྱའི་སློབ་གླིང་མང་ པོ་བརྒྱབ་སྟེ་མ་འོངས་པའི་བོད་དང་བདེན་པའི་འཐབ་རྩོད་ཀྱི་ཆེད་གསར་ སྐྱེས་ཀྱི་ཤེས་ཡོན་ཅན་སྐྱེད་སྲིང་བའི་ཕྱིར་སྐུ་ངལ་ཚད་མེད་བསྐྱོན་པ་རེད།
ཕྱོགས་གཞན་ཞིག་ནས་བོད་འདི་རྒྱ་དམར་པོའ་ི མཆེ་སྡེར་འོག་ནས་
སྐྱོབ་ཕྱིར་༸གང་གི་ཡང་དག་པའི་ལྟ་བའི་འོག་དྲང་བདེན་གྱི་འཐབ་རྩོད་
མང་པོ་བྱས་ཡོད་པ་རེད། འདས་པའི་ལོ་མང་པོའ ་ི རིང་རྒྱ་དམར་གྱིས་བོད་
ནང་གི་དགོན་སྡེ་མང་པོ་གཏོར་བཤིག་དང་བོད་མི་རིགས་ལ་བཤུ་གཞོག
སྲོལ་རྒྱུན་རིག་གནས་དང་གོམས་གཤིས་རྡོག་རོལ། རང་བྱུང་ཁོར་ཡུག་
ལ་སྦགས་ཙོག་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཡོད་པ་འཛམ་ བུའི་གླིང་ལ་མིག་ཞིག་ཡོད་ན་མཐོང་ཐུབ་གསལ་རེད།
ང་ཚོའི་དམིགས་ཡུལ་དབུ་མའི་ལམ་རེད་ལ་ང་ཚོའི་འཐབ་རྩོད་
ཀྱི་ངོ་བོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་རེད། ང་ཚོ་ལ་ཡོད་
པ་དྲང་བདེན་དང་གནས་ལུགས་ཡིན། ང་ཚོ་ལ་དགོས་པའང་དབུ་མའི་
ལམ་དང་གོ་ལ་གཅིག་པུ་འདིའི་སྟེང་གནས་པའི་རྒྱལ་ཁབ་དང་མི་རིགས་ རྣམས་ཀྱི་རྒྱབ་སྐྱོར་ཡིན། ཡིན་ནའང་ད་ལྟའི་བར་༸གོང་ས་མཆོག་གིས་ སྐུ་ངལ་ཚད་མེད་བསྐྱོན་པར་རྒྱབ་སྐྱོར་སྤྲད་མ་སོང་ལབ་ན་མི་འགྲིག་མོད། འོན་ཀྱང་འདོད་བློ་ཁེངས་པའི་མྱུ་གུ་ཞིག་འཁྲུངས་མི་འདུག 113
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
དེ་ཡང་ཚན་རྩལ་གྱི་གོམ་འགྲོས་མྱུར་བའི་དེང་གི་སྙིགས་མའི་དུས་
འདིར་ཚང་མ་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་ལ་བྲེལ་ཞིང། རྒྱ་ནག་པོའ ་ི
དཔལ་འབྱོར་གྱི་གྲིབ་གཟུགས་ཀྱིས་འཛམ་བུ་གླིང་མིག་འཕྲུལ་ཡོད་པས་ ཅི་ལ་མིན། དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་འཛམ་གླིང་ཧྲིལ་པོ་མནན་
ཡང་བོ ད ་མི ་ ས་ཡ་དྲུག་གི་ ཁྲག་རྣག་གིས་བསྒྲོ ན ་པའི ་ བདེ ན ་པའི ་ མེ ་ ལྕེ ་ གསོད་མི་ནུས།
ཅིའི་ཕྱིར་ཞེ་ན། མི་རིགས་ཤིག་གི་བཟང་སྤྱོད་མི་རབས་རྗེས་མར་
བཞག་པའི་རིན་ཆེན་ཡག་ཤོས་དེ་ཡིན་ལ། མི་རིགས་ཞིག་གི་ལོ་རྒྱུས་ནི་ ནག་ནོག་གི་དྲི་མས་གོས་ཐབས་བྲལ་བའི་དཔང་རྟགས་བླ་མེད་དེ་ཡིན། བྱས་ཙང་ངེད་ཚང་གི་འཐབ་རྩོད་འཇགས་མི་སྲིད་ལ་བདེན་པ་འཇིགས་
མི་སྲིད། འོན་ཀྱང་རྒྱ་ནག་ཚང་གི་བྱེད་སྟངས་ལ་གཟིགས་དང། དང་པོ་ རྒྱ་ནག་གི་ཆབ་སྲིད་ཉེན་ཁ་དེ་རེད། ཁ་སང་དེ་རིང་རྒྱ་ནག་གི་གཞུང་ནང་
དྲི་ངན་མང་པོ་ཞིག་ཁྱབ་ཡོད། དེ་ཡང་ལྐོག་ཟ་རུལ་སུངས་ཀྱི་དྲི་ངན། མགོ་ སྐོར་བསླུ་བྲིད་ཀྱི་དྲི་ངན། ཧམ་སེམས་སྨྱོ་སེམས་ཀྱི་དྲི་ངན། གཡོ་སྒྱུ་གདུག་ རྩུབ་ཀྱི་དྲི་ངན་སོགས་མང་པོ་ཁྱབ་ཡོད་པ་རེད།
རྒྱ་ནག་གིས་གདོང་ལ་ལྕགས་ཁེབས་གཡོགས་ནས་འདས་པའི་ལོ་
མང་རིང་གསང་ཅི་ཐུབ་བྱས་པ་རེད། ཡིན་ནའང་ཚན་རྩལ་དར་བའི་དུས་ འདིར་ག་དུས་བར་སྦས་ཐུབ་བམ། དེར་བརྟེན་ཆབ་སྲིད་ཀྱིས་སུན་གཙེར་
བྱེད་པའི་རྒྱ་ནག་གཞུང་གི་ཆབ་སྲིད་ལའང་རེ་བའི་འོད་ཟེར་ཉག་གཅིག་
མི་འཕྲོ་བའི་ངེས་པ་མེད། སྐབས་དེ་དུས་ང་ཚོའི་བོད་ལ་རེ་བ་ཞིག་ཡོད་ 114
དམ།
འཛིན་གྲྭ་བཅུ་གཉིས་པའི་ཕུལ་བྱུང་རྩོམ་ཡིག
སྨྱུག་གསར།
༡༨
གཉི ས ་པ། རྒྱ་ནག་དཔོ ན ་པོ ་ ཚོ ས ་མི ག ་ཆུང་ཆུང་བཙན་གྱི ས ་
གདངས་དེ་མཇིང་པ་ཐུང་ཐུང་ཤུགས་ཀྱིས་བཏེགས་ཏེ་འཛམ་གླིང་གི་རྐུབ་
བཀྱགས་གཉིས་པའི་སྟེང་བོད་ཀྱི་འབངས་མི་སེར་ས་ཡ་དྲུག་གི་བགོ་སྐལ་ རྡོག་རོལ་བཏང་ནས་སྡོད་ཀྱིན་པ་རེད། ཡུན་རིང་མ་འགོར་བའི་སྔོན་ཉི་
ཧོ ང ་གི ་ དཔལ་འབྱོ ར ་རང་བྱུང་གི ་ འཇི ག ས་པ་མང་པོ འ ་ི ཁྲོ ད ་འགྱེ ལ ་བ་ རེད། ད་ལྟ་བར་རྒྱ་ནག་གིས་བོད་ཀྱི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་ འབྲེག་གཅོད། བཅོས་སྒྱུར་སོགས་ཀྱི་གཏོར་སྐྱོན་མང་པོ་བཏང་ཡོད་པ་
རེད། དེར་བརྟེན་ཡུལ་ཤུལ་དུ་ས་ཡོམ་གནོད་འཚེ་ཚབས་ཆེན་ཕོག་པ་དང་ དེ་ནང་བཞིན་གྱི་ས་ཉིལ་བ་སོགས་རང་བྱུང་གནོད་འཚེ་འབྱུང་བཞིན་པ་ དག་ནི་ཉེན་ཁའི་བརྡ་རྟགས་ཆེན་པོ་ཡིན་ལ། དེ་ནང་བཞིན་རྒྱ་ནག་ནང་
རང་བྱུང་ཁམས་ཀྱི་འཇིགས་པ་མང་པོ་ཡོང་གི་ཡོད་པས། ཉིན་ཞིག་རྒྱ་ནག་
ཀྱང་རང་བྱུང་འཇིགས་པའི་ཁྲོད་འཇིག་སྲིད་པས། སྐབས་དེར་འཛམ་གླིང་ གིས་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་ངང་གིས་འགྱུར་སྲིད།
འདས་པའི་ལོ་ཟླ་མང་པོའ ་ི ནང་༸གང་གི་བཀའ་དྲི ན་དང་ལམ་
སྟོན་འོག་བོད་མི་རིགས་ཀྱི་དཔའ་ངར་མ་ཞུམ་པར་གཟི་བརྗིད་དང་ལྡན་
པའི་གོམ་སྟབས་མདུན་དུ་སྤོས་ཡོད་ལ། སྐྱི་གཡའ་བའི་སྡུག་བསྔལ་ཡང་ མང་པོ་མྱངས་ཡོད། འོན་ཀྱང་ང་ཚོའི་རེ་བ་ཤི་མེད་ལ་སེམས་ཤུགས་ཆག་
མེད། དེ་བས་ཀྱང་ཆོལ་གསུམ་ལག་རྡང་མཉམ་དུ་སྤྲེལ་ནས་རང་རིགས་
རང་སྐྱོང་དང་རང་སྐད་རང་གཅེས་ཀྱིས་བདེན་པའི་འཐབ་རྩོད་མུ་མཐུད་ 115
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་རྩོམ་ཡིག་ཕྱོགས་བསྒྲིགས།
རྩོད་ངེས་ལ། ཉིན་གཅིག་གངས་སེང་གི་རྒྱལ་དར་པོ་ཏ་ལའི་མདུན་ཐང་དུ་
གཟི་བརྗིད་དང་ལྡན་པའི་ངང་བསྒྲེངས་ཐུབ་པའི་ཡིད་ཆེས་ཡོད། བོད་རྒྱལ་ ལོ། བདེན་པ་ཉིད་རྒྱལ་གྱུར་ཅིག། རྩོམ་ཡིག་དཔྱད་མཆན། རྩོམ་ཡིག་འདིའི་འགོ་ནི་ཨ་མྱེས་ཀྱི་སྣང་བརྙན་རོབ་ཙམ་བཀོད་དེ་བདེན་པའི་མེ་
ལྕེ་ཡི་སྐོར་ནས་གླེང་འགོ་བརྩམས་པ་ནི་གློག་བརྙན་ཡག་པོ་ཞིག་གི་འགོ་བཙུགས་པ་དང་འདྲ།
རྩོམ་པ་པོས་འདིར་བཀོད་པའི་མེ་ལྕེ་ཞེས་པ་ནི་བདེན་པའི་གཟུགས་སུ་བཀོད་དེ་བརྗོད་ཡོད་པ་ འདྲ། གཞན་ཡང་རྩོམ་ཡིག་འདིའི་ནང་བཀོད་པའི་བྱ་བའི་མིང། དངོས་པོའ་ི མིང། ཁྱད་ཆོས་
ཀྱི་མིང་སོགས་བཀོད་པ་འོས་ཤིང་འཚམས་པ་ཞིག་རེད། སྐབས་ལ་རེར་ཚིག་ཁ་ཤས་ལ་བསྡུས་ བརྗོད་ཀྱི་ཉམས་ཀྱང་འདུག།
རྩོམ་ཡིག་འདིའི་བརྗོད་དོན་ནི་གཙོ་བོ་རྒྱ་བོད་གཉིས་བར་གྱི་འགལ་འདུ་མང་པོས་
བཟུང་ཡོད། རྒྱ་བོད་གཉིས་བར་ལ་འགལ་འདུ་མང་པོ་ཞིག་ཡོད་པ་བདེན་པ་རེད། འོན་ཀྱང།
བདེན་པ་འདི་ནི་མེ་ལྕེ་ཡི་གཟུགས་སུ་འགོད་ཐབས་མི་འདུག། ད་དུང་དེ་ལས་གཞན་པའི་དོན་ དག་ཀྱང་བདེན་པར་སྣང་ཡང་ཐམས་ཅད་མེ་ལྕེ་ཡི་གཟུགས་སུ་འགོད་ཐབས་བྲལ་སོང་བས་
མིན་ནམ་སྙམ། རྩོམ་ཡིག་གི་མཇུག་ཏུ་མེ་ལྕེ་ཟེར་བ་རིམ་གྱིས་འཇའ་ལྟར་ཡལ་ཟིན། ད་དུང་
ཨ་མྱེས་ཀྱང་གར་སོང་ཆ་མེད་དུ་གྱུར་པ་དེ་ཡིས་རྩོམ་འགོ་ཡག་པོ་ཞིག་བཟུང་བའང་དོན་མེད་ དུ་བྱས་འདུག དེར་བརྟེན་རྩོམ་བྱང་ཡང་ག་ལེར་རྒྱང་འཕུད་དུ་བཏང་འདུག་པའི་སྣང་བ་སྟེར།
ཡིན་ནའང། རྩོམ་པ་པོས་རྒྱ་བོད་བར་གྱི་འགལ་འབྲེལ་ལ་རྒྱུས་ལོན་བྱས་པ་ཅུང་བཟང་ཞིང།
རང་གི་དགོངས་ཚུལ་བཀོད་པ་ཁ་ཤས་ཀྱང་ལེགས་པར་སེམས། རང་གི་བརྗོད་པར་འདོད་པ་ གང་ཡིན་པ་དེ་ཚིག་གིས་མཚོན་པའང་ཅུང་བཟང། 116
༄༅། །བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་ཡིག་ གཟུགས་འགྲན་སྡུར་ཁྲོད་ཀྱི་ཕུལ་བྱུང་ཡིག་གཟུགས་ ཕྱོགས་བསྒྲིགས། །
(༢༠༡༣)
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང།
གླེང་བརྗོད། འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ། བཀའ་དྲིན་ཅན་གྱི་སློབ་
དཔོན་ཐོན་མི་ནས་ཁྱུང་བོ་གཡུ་ཁྲི་ལ་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་ ཕྱག་རྒྱུན་བཟང་པོ་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་གཏོང་ ཕྱིར་དང། དེང་རབས་མཛེས་རྩལ་གྱི་ལེགས་ཆར་ཡང་སློབ་སྦྱོང་དང་
སྡུད་ལེན་བྱ་ཆེད། ཕྱི་ལོ་༢༠༠༧ ལོ་ནས་བཟུང་འདི་ག་ཤེས་རིག་ལས་ ཁུངས་ཀྱིས་ཡིག་གཟུགས་འགྲན་སྡུར་གྱི་ལས་འགུལ་འདི་འདྲ་ཞིག་
རྒྱ་བལ་འབྲུག་གསུམ་གྱི་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཁྱབ་ཏུ་སྤེལ་འགོ་ བཙུགས་ཤིང༌། འདི་ལྟ་བུ་རེའི་སྒོ་ནས་རང་རེའི་བོད་ཀྱི་ཤེས་རིག་འདི་
ཕྱོགས་གང་ཅིའི་ཐད་ནས་འགྲོ་བ་མིའི་རིགས་ཀྱི་ བསམ་པའི ་ ལོངས་ སྤྱོད་ཟད་དུ་མེད་པ་ཞིག་ཏུ་འགྱུར་བར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
འདིར་སྡེ་ཚན་དྲུག་ཏུ་བགོས་ཏེ་སྡེ་ཚན་རེ་ལ་འཛིན་གྲྭ་གཉིས་
རེ་དང༌། སྡེ་ཚན་རེ་རེའི་སློབ་ཕྲུག་རྣམས་ཀྱི་ཡིག་གཟུགས་རྣམས་གདེང་ ཞིབ་ཚོགས་ཆུང་ལ་ཕུལ་ནས་སྡེ་ཚན་རེ་ལས་སློབ་ཕྲུག་རྩེ་ཕུད་གསུམ་ དང་ལེགས་གསོལ་གྱི་བྱ་དགའ་ལྔ་བཅས་བདམས་ཡོད་ལ། རྩེ་ཕུད་ཀྱི་
ཡིག་གཟུགས་རྣམས་འདིར་བདམས་བཀོད་བྱས་ཡོད།
ཡིག་གཟུགས་རྣམས་ཇུས་འགོད་བདེ་ཆེད་བཅད་གཏུབས་གང་
འཚམ་བྱས་ཡོད་མོད་མ་ཕྱི་སློབ་མ་རང་ཉིད་ཀྱི་ཡིག་རིས་དངོས་ཡིན་པར་ དགོངས་འཇགས་མཛོད།
མ་འོངས་པར་ལས་འགུལ་འདི་རྒྱུན་མཐུད་དེ་སྤེལ་རྒྱུ་ལགས་ན། ལས་
དོན་འདི་ཚགས་ཚུད་དང་སློབ་མའི་ཡིག་གཟུགས་ཡར་རྒྱས་ཡོང་བ་ལ་ དགེ་རྒན་གྱི་འབད་བརྩོན་ལ་ཁ་བྲལ་ཐབས་མེད་སྟབས། དགེ་རྒན་རྣམ་
པས་ལས་དོན་འདི་ལ་གཞོགས་འདེགས་དང་གལ་ཆེན་དོན་ཆེན་དུ་བརྩིས་ ཏེ་སློབ་ཕྲུག་ཚོར་སྐུལ་སློང་བྱེད་རྒྱུའི་རེ་བ་དང་བཅས།
ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས།
༢༠༡༣ ལོའ་ི ཟླ་༡༢ པའི་ཚེས་༡༠ཉིན།
འཛིན་རིམ་དང་པོ།
བློ་བཟང་བཀྲ་ཤིས།
སེར་བྱེས་སློབ་འབྲིང། 121
འཛིན་རིམ་དང་པོ།
བློ་བཟང་དཔལ་འབྱོར།
སེར་བྱེས་སློབ་འབྲིང། 122
འཛིན་རིམ་དང་པོ།
བློ་བཟང་བརྩོན་འགྲུས། སེར་བྱེས་འབྲིང་རིམ་སློབ་གྲྭ
123
འཛིན་རིམ་གཉིས་པ།
བློ་བཟང་གྲགས་པ།
སེར་བྱེས་འབྲིང་རིམ་སློབ་གྲྭ 124
འཛིན་རིམ་གཉིས་པ།
ཚེ་རིང་དབྱངས་སྐྱིད། བདེ་སྐྱིད་གླིང་སམ་བྷོ་ཊ་སློབ་གྲྭ། 125
འཛིན་རིམ་གཉིས་པ།
བསྟན་འཛིན་པདྨ། སམ་བྷོ་ཊ་དཔེ་སྟོན་སློབ་གྲྭ། 126
འཛིན་རིམ་གསུམ་པ།
སྐལ་བཟང་རྡོ་རྗེ།
སེར་བྱེས་འབྲིང་རིམ་སློབ་གྲྭ། 127
འཛིན་རིམ་གསུམ་པ།
ལྷུན་གྲུབ་ཐུགས་རྗེ། སེར་བྱེས་འབྲིང་རིམ་སློབ་གྲྭ
128
འཛིན་རིམ་གསུམ་པ།
ལྷུན་གྲུབ་དཔལ་འབར། སེར་བྱེས་འབྲིང་རིམ་སློབ་གྲྭ
129
འཛིན་རིམ་བཞི་པ།
བསྟན་འཛིན་ཆོས་རྒྱལ།
130
འཛིན་རིམ་བཞི་པ།
བསོད་ནམས་རྒྱ་མཚོ།
མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭ།
131
འཛིན་རིམ་བཞི་པ།
བསྟན་འཛིན་འོད་ཟེར། སྤོན་ཊ་སམ་བྷོ་ཊ་གཏན་སློབ།
132
འཛིན་རིམ་ལྔ་པ།
ཚེ་རིང་བསྟན་འཛིན།
གོ་པལ་པུར་བོད་ཁྱིམ།
133
འཛིན་རིམ་ལྔ་པ།
བློ་བཟང་ནོར་བུ། ཁ སེར་བྱེས་སློབ་འབྲིང། 134
འཛིན་རིམ་ལྔ་པ།
སྐལ་བཟང་ཟླ་བ། གོ་པལ་པུར་བོད་ཁྱིམ། 135
འཛིན་རིམ་དྲུག་པ།
སངས་རྒྱས་ཚེ་རིང།
མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭ།
136
འཛིན་རིམ་དྲུག་པ།
ཚེ་དབང་སྙན་གྲགས། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ།
137
འཛིན་རིམ་དྲུག་པ།
སྤེན་པ་ནགས་སངས།
ཅོན་ཏ་ར་བོད་ཁྱིམ།
138
འཛིན་རིམ་བདུན་པ།
འཕྲིན་ལས་རབ་བརྟན།
གོ་པལ་པུར་བོད་ཁྱིམ།
139
འཛིན་རིམ་བདུན་པ།
ཟླ་བ་ཆོས་སྒྲོན། ངྷ་སྟེང་བོད་ཁྱིམ།
140
འཛིན་རིམ་བདུན་པ།
བློ་བཟང་རབ་བརྟན།
སེར་བྱེས་འབྲིང་རིམ་སློབ་གྲྭ
141
འཛིན་རིམ་བརྒྱད་པ།
བློ་བཟང་ཡེ་ཤེས།
སེར་བྱེས་སློབ་འབྲིང།
142
འཛིན་རིམ་བརྒྱད་པ། པདྨ་རྣམ་རྒྱལ་རྒྱ་མཚོ། གོ་རི་མཕི་སློབ་གྲྭ། 143
འཛིན་རིམ་བརྒྱད་པ།
སངས་རྒྱས། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ། 144
འཛིན་རིམ་དགུ་པ།
ཨོ་རྒྱན་ཤར་པ།
སེར་བྱེས་འབྲིང་རིམ་སློབ་གྲྭ།
145
འཛིན་རིམ་དགུ་པ།
བསྟན་པ་ལྷུན་གྲུབ།
གོ་པལ་པུར་བོད་ཁྱིམ། 146
འཛིན་རིམ་དགུ་པ། བསྟན་འཛིན་དོན་གྲུབ། ར་ཇ་པུར་བོད་ཁྱིམ།
འཛིན་གྲྭ་དགུ་པ།
བློ་བཟང་དངོས་གྲུབ།
སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ།
147
འཛིན་རིམ་བཅུ་པ།
བྱམས་པ་མཐུ་སྟོབས། མ་སུ་རི་བོད་ཁྱིམ། 148
འཛིན་རིམ་བཅུ་པ།
ཟླ་བ་དབྱངས་ཅན། རྣམ་རྒྱལ་མཐོ་རིམ་སློབ་གྲྭ། 149
འཛིན་རིམ་བཅུ་པ།
བློ་བཟང་དཔལ་ལྡན། སེར་བྱེས་འབྲིང་རིམ་སློབ་གྲྭ 150
འཛིན་རིམ་བཅུ་གཅིག་པ།
བུ་ཆུང།
མ་སུ་རི་བོད་ཁྱིམ་སློབ་གྲྭ 151
འཛིན་རིམ་བཅུ་གཅིག་པ།
ངག་དབང་སྐལ་བཟང། རྣམ་རྒྱལ་མཐོ་རིམ་སློབ་གྲྭ། 152
འཛིན་རིམ་བཅུ་གཅིག་པ།
བསྟན་འཛིན་དབང་གྲགས། སྤོན་ཊ་སམ་བྷོ་ཊ་གཏན་སློབ། 153
འཛིན་རིམ་བཅུ་གཉིས་པ།
བསྟན་འཛིན་གཡུ་རྒྱལ། རྣམ་རྒྱལ་མཐོ་རིམ་སློབ་གྲྭ། 154
འཛིན་རིམ་བཅུ་གཉིས་པ།
ཚེ་རིང་དོན་གྲུབ། མ་སུ་རི་བོད་ཁྱིམ་སློབ་གྲྭ། 155
འཛིན་རིམ་བཅུ་གཉིས་པ།
ཀརྨ་འཕྲིན་ལས་རྒྱན་མཚན། སྤོན་ཊ་སམྦྷོཊ་གཏན་སློབ། 156
འཛིན་གྲྭ་བཅུ་གཉྀས་པའི་ཕུལ་བྱུང་ཡིག་གཟུགས།
སྨྱུག་གསར།
༢༠༡༣ ལོའ་ི གཞི་རིམ་སློབ་མའི་ཡིག་གཟུགས་བདམས་བཀོད་ ཀྱི་མིང་ཐོ། འཛིན་ གྲྭ
༡༨
ཕུལ་བྱུང་ཡིག་གཟུགས་ཀྱི་བྱ་དགའ་ཐོབ་མཁན། རུས་མང།
ས་གནས།
དང་པོ། གཉིས་པ།
བློ་བཟང་བཀྲ་ཤིས།
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་བརྩོན་འགྲུས།
སེར་བྱེས་འབྲིང་རིམ་སློབ་གྲྭ
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་དཔལ་འབྱོར།
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་གྲགས་པ།
བདེ་སྐྱིད་གླིང་སམྦྷོཊ་སློབ་གྲྭ
ཚེ་རིང་དབྱངས་སྐྱིད།
སམྦྷོཊ་དཔེ་སྟོན་སློབ་གྲྭ
གསུམ་པ།
བསྟན་འཛིན་པད་མ།
སེར་བྱེས་འབྲིང་རིམ་སློབ་གྲྭ
སྐལ་བཟང་རྡོ་རྗེ།
སེར་བྱེས་འབྲིང་རིམ་སློབ་གྲྭ
ལྷུན་གྲུབ་ཐུགས་རྗེ།
སེར་བྱེས་འབྲིང་རིམ་སློབ་གྲྭ།
ལྷུན་གྲུབ་དཔལ་འབར།
བཞི་པ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ
བསྟན་འཛིན་ཆོས་རྒྱལ།
མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭ
བསོད་ནམས་རྒྱ་མཚོ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ།
བསྟན་འཛིན་འོད་ཟེར།
ལྔ་པ།
གོ་པལ་པུར་བོད་ཁྱིམ།
ཚེ་རིང་བསྟན་འཛིན།
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་ནོར་བུ།
གོ་པལ་པུར་བོད་ཁྱིམ།
སྐལ་བཟང་ཟླ་བ། 157
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་ཡིག་གཟུགས་ཕྱོགས་བསྒྲིགས།
དྲུག་པ། བདུན་པ།
སངས་རྒྱས་ཚེ་རིང།
མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭ
སྤེན་པ་ནགས་སངས།
ཅོན་ཏ་ར་བོད་ཁྱིམ།
ཚེ་དབང་སྙན་གྲགས།
སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ། གོ་པལ་པུར་བོད་ཁྱིམ།
འཕྲིན་ལས་རབ་བརྟན།
ངྷ་སྟེང་བོད་ཁྱིམ།
ཟླ་བ་ཆོས་སྒྲོན།
སེར་བྱེས་འབྲིང་རིམ་སློབ་གྲྭ
བརྒྱད་པ།
བློ་བཟང་རབ་བརྟན།
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་ཡེ་ཤེས།
གོ་རི་མ་ཕི་སློབ་གྲྭ
པདྨ་རྣམ་རྒྱལ་རྒྱ་མཚོ།
ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ
སངས་རྒྱས།
དགུ་པ།
སེར་བྱེས་འབྲིང་རིམ་སློབ་གྲྭ
ཨོ་རྒྱན་ཤར་པ།
གོ་པལ་པུར་བོད་ཁྱིམ།
བསྟན་པ་ལྷུན་གྲུབ།
ར་ཇ་སྤུར་བོད་ཁྱིམ།
བསྟན་འཛིན་དོན་གྲུབ།
བཅུ་པ།
མ་སུ་རི་བོད་ཁྱིམ་སློབ་གྲྭ
བྱམས་པ་མཐུ་སྟོབས།
རྣམ་རྒྱལ་མཐོ་རིམ་སློབ་གྲྭ
ཟླ་བ་དབྱངས་ཅན།
བཅུ་གཅིག་པ།
སེར་བྱེས་འབྲིང་རིམ་སློབ་གྲྭ
བློ་བཟང་དཔལ་ལྡན།
མ་སུ་རི་བོད་ཁྱིམ་སློབ་གྲྭ
བུ་ཆུང། ངག་དབང་སྐལ་བཟང།
རྣམ་རྒྱལ་མཐོ་རིམ་སློབ་གྲྭ
བཅུ་གཉིས་པ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ།
བསྟན་འཛིན་དབང་གྲགས།
རྣམ་རྒྱལ་མཐོ་རིམ་སློབ་གྲྭ
བསྟན་འཛིན་གཡུ་རྒྱལ།
མ་སུ་རི་བོད་ཁྱིམ་སློབ་གྲྭ
ཚེ་རིང་དོན་གྲུབ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ།
ཀརྨ་འཕྲིན་ལས་རྒྱལ་མཚན། 158
ཕུལ་བྱུང་ཡིག་གཟུགས་ཀྱི་མིང་ཐོ།
སྨྱུག་གསར།
༢༠༡༣ ལོའ ་ི གཞི་རིམ་སློབ་མའི་ཡིག་གཟུགས་བདམས་བཀོད་ལས།
ལེགས་གསོལ་བྱ་དགའ་ཐོབ་མཁན།
རུས་མིང།
ས་གནས།
འཛིན་གྲྭ་དང་པོ།
ཟླ་བ་སྒྲོལ་མ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
བསྟན་འཛིན་དཔལ་འབར།
སམྦྷོཊ་དཔེ་སྟོན་སློབ་གྲྭ།
བསྟན་འཛིན་པ་སངས།
བསྟན་འཛིན་འབྱོར་ལྡན། བསྟན་འཛིན་རྡོ་རྗེ།
འཛིན་གྲྭ་གཉིས་པ།
བདེ་ཆེན།
བསྟན་འཛིན་རང་གྲོལ། བསྟན་འཛིན་པ་སངས། ངག་དབང་བློ་གསལ།
ཀུན་དགའ་སྒྲ་དབྱངས།
འཛིན་གྲྭ་གསུམ་པ།
ཚེ་རིང་སྒྲོན་དཀར།
བསྟན་འཛིན་ཚེ་གཡང། བསྟན་འཛིན་འོད་ལྡན།
བསྟན་འཛིན་ཆོས་མཚོ། ཉི་མ་བུ་འཁྲིད།
སྤོན་ཊ་སམྦྷོཊ་གཏན་སློབ། སམྦྷོཊ་དཔེ་སྟོན་སློབ་གྲྭ།
བདེ་སྐྱིད་གླིང་སམ་བྷོ་ཊ་སློབ་གྲྭ། སྦེབ་ཀོབ་ཨར་ལི་ཀུ་མ་རི།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ། སམ་བྷོ་ཊ་མ་ན་ལི་ཉིན་སློབ། མ་སུ་རི་བོད་ཁྱིམ་སློབ་གྲྭ། ལ་བྱང་ཉི་མ་སློབ་གྲྭ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
སམྦྷོཊ་མེས་དཔོན་དཔེ་སྟོན་སློབ་གྲྭ། བདེ་སྐྱིད་གླིང་སམྦྷོཊ་སློབ་གྲྭ།
བལ་ཡུལ་ཨེས་ཨོ་ཨེས་སློབ་གྲྭ
159
༡༨
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་ཡིག་གཟུགས་ཕྱོགས་བསྒྲིགས།
འཛིན་གྲྭ་བཞི་པ།
པདྨ་འཕྲིན་ལས།
ངྷ་སྟེང་བོད་ཁྱིམ།
ལྷ་འཛོམས།
སམ་བྷོ་ཊ་མ་ན་ལི་ཉིན་སློབ།
ཚེ་དབང་རྡོ་རྗེ།
བློ་བཟང་ཟླ་བ། ཀ སྤེན་པ་ཚེ་རིང།
འཛིན་གྲྭ་ལྔ་པ།
སྐལ་བཟང་རྒྱན་མཚན། སྐལ་བཟང་རྣམ་རྒྱལ། བདེ་ཆེན་སྒྲོལ་མ།
སྒྲོལ་དཀར་ཆོས་འཛོམས། ཟླ་བ་རྡོ་རྗེ།
སྤོན་ཊ་སམྦྷོཊ་གཏན་སློབ།
སེར་བྱེས་འབྲིང་རིམ་སློབ་གྲྭ།
རྣམ་རྒྱལ་འབྲིང་རིམ་གཏན་འཇཊ་སློབ་གྲྭ
གོ་པལ་པུར་བོད་ཁྱིམ།
སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭ སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭ ཤི་ལོངས་སམ་བྷོ་ཊ་ཉི་སློབ། སྲོང་བཙན་མཐོ་སློབ།
འཛིན་གྲྭ་དྲུག་པ།
ཕུན་རབ་བསྟན་འཛིན་འོད་ཟེར། ལོ་ལི་གྷལ་ཉིན་སློབ།
བསྟན་འཛིན་ཚེ་བརྟན།
གོ་པལ་པུར་བོད་ཁྱིམ།
བསོད་ནམས་སྟོབས་རྒྱལ།
ར་ཇི་སྤུར་བོད་ཁྱིམ།
རིན་ཆེན།
བློ་བཟང་དངོས་གྲུབ།
འཛིན་གྲྭ་བདུན་པ།
བསྟན་འཛིན་ཡེ་ཤེས།
བསོད་ནམས་ཚེ་རིང།
བསོད་ནམས་ཆོས་སྒྲོན། བློ་བཟང་བསྟན་དར། སངས་རྒྱས་ཚེ་རིང།
སྤོན་ཊ་སམ་བྷོ་ཊ་གཏན་སློབ། སེར་བྱེས་འབྲིང་རིམ་སློབ་གྲྭ། གོ་པལ་པུར་བོད་ཁྱིམ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ།
སེར་བྱེས་འབྲིང་རིམ་སློབ་གྲྭ། གོ་རི་མ་ཕི་སློབ་གྲྭ། 160
ལེགས་གསོལ་བྱ་དགའ་ཐོབ་མཁན་གྱི་མིང་ཐོ།
སྨྱུག་གསར།
འཛིན་གྲྭ་བརྒྱད་པ།
སྐལ་བཟང་རྒྱ་མཚོ།
མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭ
ཚེ་བཟང།
གོ་པལ་པུར་བོད་ཁྱིམ།
སྒྲོལ་མ་ལྷ་མོ།
དབྱངས་འཛོམས།
བཀྲ་ཤིས་བསམ་གྲུབ།
འཛིན་གྲྭ་དགུ་པ།
བྱམས་པ་ཚེ་རིང།
བྱམས་པ་མཁའ་འགྲོ། ནོར་ལྡན་ལྷ་མོ།
དཔལ་ལྡན་དབང་འཛིན། མིག་དམར་ཚེ་རིང།
འཛིན་གྲྭ་བཅུ་པ།
བསྟན་འཛིན་ཡོན་ཏན། ཚེ་རིང་ཟླ་བ།
བསྟན་འཛིན་ལྷ་སྐྱིད།
བསྟན་འཛིན་ནོར་འཛོམས།
འཛིན་གྲྭ་བཅུ་གཅིག་པ།
བསྟན་འཛིན་གསལ་སྒྲོན།
བདེ་སྐྱིད་དབྱངས་འཛོམས། ཚེ་རིང་ལྷ་མོ། དོན་གྲུབ།
རིག་འཛིན་དབང་མོ།
དཔལ་ལྡན་དོན་འགྲུབ།
ཅོན་ཏ་ར་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གོ་རི་མཕི་སློབ་གྲྭ།
གོ་པལ་པུར་བོད་ཁྱིམ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ
སྤོན་ཊ་སམ་བྷོ་ཊ་གཏན་སློབ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ། རྣམ་རྒྱལ་མཐོ་རིམ་སློབ་གྲྭ། མ་སུ་རི་གཏན་སློབ། མ་སུ་རི་གཏན་སློབ། མོན་གྷོ་གཏན་སློབ། མོན་གྷོ་གཏན་སློབ།
སེ་ལ་ཀུལ་བོད་ཁྱིམ།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ
སྤོན་ཊ་སམ་བྷོ་ཊ་གཏན་སློབ། མ་སུ་རི་བོད་ཁྱིམ་སློབ་གྲྭ།
རྣམ་རྒྱལ་མཐོ་རིམ་སློབ་གྲྭ། སུ་ཇ་བོད་ཁྱིམ། 161
༡༨
སྨྱུག་གསར།
༡༨
༢༠༡༣ ལོའ ་ི ཕུལ་བྱུང་ཡིག་གཟུགས་ཕྱོགས་བསྒྲིགས།
འཛིན་གྲྭ་བཅུ་གཉྀས་པ།
སྤེན་པ་དབང་འདུས་པུ་ནེལ།
མ་སུ་རི་གཏན་སློབ།
བསྟན་འཛིན་ཚེ་དབྱངས།
སྦེལ་ཀོབ་དབུས་ཉིན་སློབ།
བཀྲ་ཤིས་དཔལ་མོ། སྐལ་བཟང་རྡོ་རྗེ།
རིག་འཛིན་རྡོ་རྗེ།
སིམ་ལ་གཏན་སློབ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ། རྣམ་རྒྱལ་མཐོ་རིམ་སློབ་གྲྭ།
162