བོད་ཀྱི་བྱིས་པའི་རྩོམ་རིག

Page 1


ཉམས་ཞིབ་དེབ་ཕྲེང་། ༢

བོད་ཀྱི་བྱིས་པའི་རྩོམ་རིག

སྐལ་བཟང་ཉི་མ།

ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས།


རྩོམ་སྒྲིག་འགན་ཁུར་བ།

ཚེ་རིང་བསམ་གྲུབ། (ཤེས་ལྷན་འགན་འཛིན།)

རྒྱབ་ཤ་ཇུས་འགོད་པ།

དགེ་འདུན་དོན་ཡོད།

རྩོམ་པ་པོ།

དེབ་གཟུགས་དང་།

སྐལ་བཟང་ཉི་མ།

དཔར་ལོ། ༢༠༡༩ དཔར་ཐེངས། དང་པོ། དཔར་གྲངས། ༡༠༠༠

བོད་ཀྱི་བྱིས་པའི་རྩོམ་རིག

Tibetan children’s literature Director Additional sec Tsering Samdup Author Kalsang Nyima Edition & Design Gedun Dhonyoe First edition 2019 Copies 1000 Published by: Department of Eductation, CTA Printed & Distribution by :Sherig parkhang/TCRPC www.bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།

© Department of Education, CTA ISBN 978-93-80091-87-7

དེབ་འདིའི་བརྗོད་དོན་རྣམས་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ཡིན་པ་ལས།

བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཀྱི་དགོངས་པ་ཡིན་ པས་མ་ཁྱབ།

Special Acknowledgement

Funded by DANIDA through CICED


DEPARTMENT OF EDUCATION Central Tibetan Administration

Cable: Phone: Fax: Email: Web:

SHERIG +91-1892-222572/222721 +91-1892-223481 Education@tibet.net www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད།

༄༅། །སྤྱི་ནོར་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་ རིགས་གཅིག་རྐང་འཛིན་པ་གང་མང་ཐོན་དགོས་པའི་བཀའ་དགོངས་དང་། སློབ་

ཡོན་མ་དངུལ་གསོལ་སྩལ་བཀའ་དྲིན་ཆེ་དོན་ལྟར། ཕྱི་ལོ་༢༠༠༣ ནས་འགོ་ འཛུགས་ཀྱིས་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ཁག་ནང་དེབ་སྐྱེལ་གྱི་ལམ་ ནས་ཉམས་ཞིབ་གནང་རྒྱུའི་གོ་སྐབས་མེད་པའི་རང་རིགས་ན་གཞོན་དང་། བོད་

སྐད་ཡི ག ་དང་རི ག ་གནས་ཐོ ག ་ཉམས་ཞི བ ་ཐུབ་པའི ་ གནས་ཚད་ཡོ ད ་རི ག ས་ རྣམས་ལ་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་ཡོན་

གྱི་ལས་འཆར་སྤེལ་སྟེ། ད་བར་སློབ་ཕྲུག་གྲངས་༤༣ ལ་ཉམས་ཞིབ་སློབ་གཉེར་ བའི་གོ་སྐབས་ཕུལ་དང་འབུལ་བཞིན་ཡོད།

རི ག ས་གཅི ག ་རྐང་འཛི ན ་ཉམས་ཞི བ ་སློ བ ་མ་རང་ཉི ད ་ཀྱི ས ་བདམས་

པའི་བརྗོད་གཞིའི་སྟེང་ཉམས་ཞིབ་བྱས་པའི་གྲུབ་དོན་རྣམས། ཤེས་རིག་ལས་

ཁུངས་ཀྱིས་བསྐོ་འཛུགས་བྱས་པའི་མཁས་པའི་ལྷན་ཚོགས་ལ་སྤྱན་འབུལ་ཞུ་བ་ དང་། ཉམས་ཞིབ་པ་རང་ཉིད་ཀྱིས་མཁས་པའི་ལྷན་ཚོགས་མདུན་ནས་དཔྱད་རྩོམ་

ཀྱི་བརྗོད་གཞིའི་སྟེང་བགྲོ་གླེང་དམ་བཅའ་ཕུལ་རྗེས། མཁས་པའི་ལྷན་ཚོགས་ཀྱི་


རྒྱབ་གཉེར་བྱུང་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱིས་ལོ་གསུམ་རིང་བརྗོད་

གཞི་བྱེ་བྲག་པ་ཞིག་གི་ཐོག་ཉམས་ཞིབ་ལེགས་ཐོན་བྱུང་བའི་ཕྱག་ཁྱེར་གནང་ བཞིན་ཡོད། ཉམས་ཞིབ་སློབ་ཐོན་པ་དེ་དག་གི་བྲིས་རྩོམ་ཁོངས་ནས་སྤྱི་ཚོགས་

དང་སློབ་ཁག་གི་དགོས་མཁོ་ལ་གཞིགས་ནས་མ་འོངས་པར་ཉམས་ཞིབ་དེབ་ཕྲེང་ གི་ངོ་བོར་པར་སྐྲུན་ཞུ་འཆར་ཡོད་པ་ལྟར།

ད་ལན་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་སྐལ་བཟང་ཉི་མའི་བྲིས་

རྩོམ། <<བོད་ཀྱི་བྱིས་པའི་རྩོམ་རིག>>ཅེས་པ་དེབ་ཕྲེང་གཉིས་པའི་ངོ་བོར་པར་

སྐྲུན་ཞུ་རྒྱུ་དང་། དེབ་འདིའི་ནང་སྲོལ་རྒྱུན་བྱིས་པའི་རྩོམ་རིག བྱིས་གླུ། བྱིས་སྒྲུང་།

ཁེད་བཅས་ལ་དཔྱད་ཞིབ་གནང་འདུག་པ་དང་། འདི་ཡིས་བྱིས་པའི་སྒྲུང་དང་རྩོམ་ ཡིག་འབྲི་བ་རྣམས་ལ་ཐུགས་ཕན་སོས་ངེས་ཤིང་། ལྷག་པར་དུ་རང་རེའི་སློབ་གྲྭ་ ཁག་གི་དགེ་རྒན་རྣམ་པས་སློབ་ཁྲིད་ཀྱི་རྒྱུ་ཆའི་གཞོགས་འདེགས་ལ་དམིགས་ ནས་པར་སྐྲུན་ཞུས་པ་ཡིན་པས་བེད་སྤྱོད་གནད་སྨིན་ཡོང་བ་ཞུ་རྒྱུ་དང་། ཉམས་

ཞིབ་པ་ལ་ལེགས་གསོལ་བསྔགས་བརྗོད་བཅས། ཤེས་རིག་ལས་ཁུངས་ནས། བོད་རྒྱལ་ལོ་༢༡༤༦། ཕྱི་ལོ་༢༠༡༩ ཟླ་༢ ཚེས་༢༥ ལ།

ཤེས་རིག་བཀའ་བློན་གྱིས།


དཀར་ཆག

ཆེད་བརྗོད།............................................................................................................. I

སྔོན་གླེང་།.............................................................................................................. 1

ས་བཅད་དང་པོ། བྱིས་པ་ངོས་འཛིན་སྐོར།

དང་པོ། མིང་བརྡ་ལ་བརྟག་པ།................................................................................. 5 གཉིས་པ། བྱིས་པ་ངོས་འཛིན་པ།............................................................................ 13

ས་བཅད་གཉིས་པ། བྱིས་པའི་རྩོམ་རིག་ངོས་འཛིན་སྐོར།

དང་པོ། བྱིས་པའི་རྩོམ་རིག་གི་ཁུངས་བསྟན་པ།...................................................... 21 གཉིས་པ། བྱིས་པའི་རྩོམ་རིག་གི་ཡ་ཐོག་བརྗོད་པ།.................................................. 26 གསུམ་པ། བྱིས་པའི་རྩོམ་རིག་གི་རིགས་དགར་ཚུལ་བརྗོད་པ།................................. 33

ས་བཅད་གསུམ་པ། བྱིས་གླུའི་སྐོར།

དང་པོ། བྱིས་གླུའི་གོ་དོན།...................................................................................... 36 གཉིས་པ། བྱིས་གླུ་ཡི་རིགས་བརྗོད་པ།.................................................................... 38 ཀ བྱིས་པའི་ན་ཚོད་ཀྱི་གོ་རིམ་ལྟར་དབྱེ་བ།........................................................... 39 ༡། ན་ཚོད་ཐོག་མའི་སྐབས་ཀྱི་གླུ།.......................................................................... 39 ༢། ན་ཚོད་བར་མའི་སྐབས་ཀྱི་གླུ།.......................................................................... 42 ༣། ན་ཚོད་མཐའ་མའི་སྐབས་ཀྱི་གླུ།...................................................................... 43

ཁ། བརྗོད་བྱའམ་བྱེད་ནུས་ཀྱི་སྟེང་ནས་རིགས་དབྱེ་བ།............................................ 48 III


༡། གཉིད་འགུག་པའི་གླུ།.................................................................................... 48 ༢། བློ་སྦྱོང་བྱིས་གླུ།............................................................................................ 52

ག རྩོམ་སྟངས་ཀྱི་ཐད་ནས་རིགས་དབྱེ་བ།.............................................................. 63 ༡། དམངས་གླུ་ཡི་ཤན་ཅན།.................................................................................. 63 ༢། དྲི་བ་དྲིས་ལན་ཅན་གྱི་གླུ།................................................................................ 65 ༣། སྨྲ་སྒོ་སྦྱོང་བའི་གླུ།......................................................................................... 67

གསུམ་པ། བྱིས་གླུའི་ཁྱད་ཆོས་བརྗོད་པ།.................................................................. 70 ཀ ཤེས་བྱའི་ནང་ཁོག་འཛོམས་པ།....................................................................... 70 ༡། རང་བྱུང་ཁམས་ཀྱི་སྣང་ཚུལ་ངོས་འཛིན་སྐོར་གྱི་ཤེས་བྱ།...................................... 71 ༢། མིའི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་དང་རྣམ་པ་ངོས་འཛིན་སྐོར་གྱི་ཤེས་བྱ།......... 73 ༣། སྲོག་ཆགས་ཀྱི་ལུས་ཁམས་གྲུབ་ཚུལ་དང་བྱ་བྱེད་ངོས་འཛིན་སྐོར་གྱི་ཤེས་བྱ།........ 76 ༤། རྒྱུན་ཤེས་སྣ་ཟིན་སྤུ་ཟིན།................................................................................ 81

ཁ། ཡུལ་ལུང་གི་རང་བཞིན་དུ་གནས་པ།............................................................... 85 ག རྩེད་འཇོ་ཡི་བག་དང་ལྡན་པ།......................................................................... 101

ས་བཅད་བཞི་པ། བྱིས་སྒྲུང་།

དང་པོ། བྱིས་སྒྲུང་གི་མཚན་ཉིད་བསྟན་པ།............................................................ 112 གཉིས་པ། བྱིས་སྒྲུང་གི་དབྱེ་བ་བཤད་པ།............................................................... 117 ཀ སྲོག་ཆགས་ལ་སྦྱར་བའི་སྒྲུང་།....................................................................... 119 ༡། སྲོག་ཆགས་ཁོ་ན་ལ་སྦྱར་བ།......................................................................... 119 ༢། སྲོག་ཆགས་ག་གེ་མོའི་ལུས་སམ་ཡན་ལག་གི་བྱུང་བ་བརྗོད་པ།.......................... 121 ༣། སྲོག་ཆགས་མི་གཤིས་ཅན་གྱི་སྒྲུང་།.............................................................. 122 ༤། སྲོག་ཆགས་དང་མི་གཉིས་ཀ་ཡོད་པའི་སྒྲུང་།.................................................. 124

ཁ། མི་ལ་སྦྱར་བའི་སྒྲུང་།................................................................................... 126 IV


༡། དབུལ་པོ་དང་ཕྱུག་པོའི་སྒྲུང་།......................................................................... 127 ༢། དཔོན་དང་འབངས་ཀྱི་སྒྲུང་།........................................................................... 130 ༣། ཁྱིམ་ཚང་གི་འགལ་བ་སྟོན་པའི་སྒྲུང་།............................................................. 132 ༤། དཀའ་སྤྱད་ཀྱི་འཚོ་བར་རོལ་བའི་སྒྲུང་།........................................................... 134 ༥། གླེན་ལྐུགས་སོགས་ཀྱི་སྒྲུང་།.......................................................................... 136 དཔྱད་འཇོག..................................................................................................... 138

ག ལྷ་ལ་སྦྱར་བའི་སྒྲུང་།.................................................................................... 138 ༡། ལྷ་དང་མི་ལ་སྦྱར་བའི་སྒྲུང་།........................................................................... 139 ༢། ལྷ་དང་སྲོག་ཆགས་གཉིས་ལ་སྦྱར་བའི་སྒྲུང་།.................................................... 141 ༣། ལྷ་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།......................................... 144 ༤། ལྷ་འདྲེ་གཉིས་ལ་སྦྱར་བའི་སྒྲུང་།.................................................................... 145

ང་། འདྲེ་སྒྲུང་གི་སྐོར།....................................................................................... 146 ༡། འདྲེ་དང་མི་ལ་སྦྱར་བའི་སྒྲུང་།......................................................................... 147 ༢། གནོད་སྦྱིན་དང་མི་ལ་སྦྱར་བའི་སྒྲུང་།............................................................... 149 ༣། འདྲེ་དང་། མི། སྲོག་ཆགས། ལྷ་བཅས་བཞི་ལ་སྦྱར་བའི་སྒྲུང་།............................ 153 ༤། འདྲེ་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།....................................... 155 ༥། བདུད་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།..................................... 158 ༦། སྲིན་པོ་དང་མི་ལ་སྦྱར་བའི་སྒྲུང་།.................................................................... 161

ཅ། ཅ་དངོས་ལ་སྦྱར་བའི་སྒྲུང་།.......................................................................... 166 ༡། ཅ་དངོས་དང་མི་ཡི་སྐྱིད་སྡུག་གི་འབྲེལ་བ་བརྗོད་པའི་སྒྲུང་།................................. 166 ༢། ཅ་དངོས་ཀྱི་བྱུང་འཕེལ་བརྗོད་པའི་སྒྲུང་།.......................................................... 172

གསུམ་པ། བྱིས་སྒྲུང་གི་ཁྱད་ཆོས་བཤད་པ།............................................................ 175 ༡། མི་སྣ་ཡི་ཁྱད་ཆོས་སྐོར་བརྗོད་པ།.................................................................. 175 ༢། བྱིས་སྒྲུང་གི་གྱ་ནོམ་པའི་བརྗོད་བྱའི་སྐོར།....................................................... 179 V


༣། བྱིས་སྒྲུང་གི་ཐབས་འཕྲུལ་སྐོར་བརྗོད་པ།....................................................... 186 ༤། བྱིས་སྒྲུང་གི་ཁྱད་ཆོས་གཞན་འགའ་བརྗོད་པ།................................................ 192

ས་བཅད་ལྔ་པ། བྱིས་པའི་ཁེད།

དང་པོ། ཁེད་བཤད་པ།........................................................................................ 196 གཉིས་པ། བྱིས་པའི་ཁེད་ཀྱི་རྣམ་དབྱེ་སྐོར།........................................................... 201 ཀ རྩོམ་ལུས་ཀྱི་དབྱེ་སྒོའི་སྐོར།.......................................................................... 201 ༡། ཚིགས་སུ་བཅད་པའི་རིགས།........................................................................ 201 ༢། ཚིག་ལྷུག་གི་རིགས།.................................................................................... 209

ཁ། ཁེད་ཀྱི་བརྗོད་བྱའི་སྟེང་ནས་རིགས་དབྱེ་ཚུལ།................................................. 210 ༡། སྐྱེ་དངོས་ལ་སྦྱར་བ།..................................................................................... 210 ༢། ལུས་ཀྱི་ཡན་ལག་གི་སྐོར་ལ་སྦྱར་བ།.............................................................. 210

༣། ཉེར་སྤྱོད་ཡོ་བྱད་ལ་སྦྱར་བ།.......................................................................... 211 ༤། སྲོག་ཆགས་ལ་སྦྱར་བ།................................................................................ 212 ༥། བྱ་བྱེད་ལ་སྦྱར་བ།........................................................................................ 212 ༦། རང་བྱུང་གི་སྣང་ཚུལ་ལ་སྦྱར་བ།.................................................................... 213 ༧། དོན་སྣ་ཚོགས་ལ་སྦྱར་བ།............................................................................. 214

གསུམ་པ། བྱིས་པའི་ཁེད་ཀྱི་ཁྱད་ཆོས་སྐོར།........................................................... 215 ༡། ལུས་ཀྱི་ཁྱད་ཆོས་སྐོར་བཤད་པ།.................................................................... 215 ༢། སྐད་ཆའི་ཁྱད་ཆོས་སྐོར་བཤད་པ།.................................................................. 217 ༣། ནང་དོན་གྱི་ཁྱད་ཆོས་སྐོར་བཤད་པ།.............................................................. 220 ༤། རྩེད་འཇོའི་ཁྱད་ཆོས་སྐོར་བཤད་པ།............................................................... 222

མཇུག་བྱང་།....................................................................................................... 225 ཞིབ་འཇུག་ལུང་ཁུངས་ཀྱི་དཔེ་ཐོ་འགའ།.............................................................. 227 VI


བོད་ཀྱི་བྱིས་པའི་རྩོམ་རིག

1

སྔོན་གླེང་།

མི་ལོ་གསུམ་གྱི་ཡར་སྔོན་དུ་ང་རང་སློབ་གྲྭ་མཐར་ཕྱིན་ཏེ་དགེ་རྒན་གྱི་ལས་གནས་

སུ་ཞུགས་ཤིང་རྩོམ་རིག་གི་རྨང་གཞིའི་ཤེས་བྱའམ། བྱིས་པའི་རྩོམ་རིག་སློབ་ ཁྲིད་བྱས་པ་ཡིན། སློབ་ཁྲིད་ཀྱི་བྱ་བའི་ཁྲོད་དུ་ང་ལ་དཀའ་ངལ་མི་ཉུང་བ་ཞིག་

འཕྲད་པ་ལས་དཀའ་ངལ་ཆེ་ཤོས་ཤིག་ནི་བྱིས་པའི་རྩོམ་རིག་སློབ་ཁྲིད་བྱེད་པར་

སློབ་ཁྲིད་ཀྱི་རྒྱུ་ཆ་མི་རག་པ་དེ་རེད། དེ་བས་ངས་བོད་ཀྱི་བྱིས་པའི་རྩོམ་རིག་ སྐོར་ལ་འཚོལ་ཞིབ་ཅིག་བྱ་འདོད་ཀྱིས་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་སྒྲིག་

ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་སློབ་ཡོན་གྱི་ཁོངས་ སུ་རྒྱུགས་སྤྲད་པ་ཡིན།

སྐབས་དེར་ངས་བོད་ཀྱི་རྩོམ་རིག་སྤྱི་ལ་རྒྱུས་ཡོད་འགའ་ཤས་ལ་བོད་ཀྱི་

བྱིས་པའི་རྩོམ་རིག་སྐོར་གྱི་དྲི་བ་ཁག་ཅིག་ཕུལ་བའི་ཁྲོད་ནས། གཅིག་ནི་ལ་རྩེ་

དཔེ་མཛོད་ཁང་གི་འགན་འཛིན་རྒན་པདྨ་འབུམ་ལགས་ཡིན། ཁོང་གིས་ང་ལ་ དྲིས་ལན་ཞིག་གི་སྐབས་སུ་“ངས་ཉིན་རེར་བོད་ཡིག་གི་དཔྱད་རྩོམ་ཉུང་མཐའ་

ཡང་གསུམ་རེ་ལ་ཀློག་ཞིབ་བྱེད་ཀྱིན་ཡོད། འདི་ནི་ངའི་ཉིན་རེའི་ལས་ཀའི་ཆ་ཤས་ ཤིག་རེད། ད་བར་དུ་ངས་ཉུང་མཐའ་ཡང་བོད་ཡིག་གི་དཔྱད་རྩོམ་སྟོང་ཕྲག་གཅིག་ ལ་ཉེ་བར་ཀློག་ཞིབ་བྱས་ཡོད། ཡིན་ན་ཡང་། བྱིས་པའི་རྩོམ་རིག་དང་འབྲེལ་བའི་

དཔྱད་རྩོམ་བདུན་ཙམ་མ་གཏོགས་ཐོན་མ་སོང་། སྤྱིར་བཏང་དེང་སང་བོད་ནང་གི་ གཞོན་སྐྱེས་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་བྱེད་རྒྱ་ཇེ་ཆེ་དང་། ཞིབ་འཇུག་


2

ཉམས་ཞིབ་དེབ་ཕྲེང་། ༢

བྱེད་ཐབས་ཀྱང་ཇེ་རྣོར་འགྲོ་བཞིན་འདུག མ་འོངས་པར་བྱིས་པའི་རྩོམ་རིག་གི་ སྐོར་ལ་ཞིབ་འཇུག་རྣལ་མ་བྱས་པའི་དཔྱད་རྩོམ་ཡག་པོ་འགའ་རེ་ཐོན་ན་ཐང་། ཡིན་ན་ཡང་། ད་ལྟའི་གནས་སྐབས་འདི་ལ་བོད་ཀྱི་བྱིས་རྩོམ་སྐོར་ལ་དཔྱད་རྩོམ་ ཉུང་བ་ནི་ཡིད་ཆེས་མི་ཐུབ་པ་ཞིག་རེད།” ཅེས་གསུངས་སོང་ལ། ཁོང་གི་སྐད་ཆ་ འདི་ཡིས་ངས་དཀའ་ལས་མང་པོ་ཞིག་ལ་གདོང་གཏད་མ་དགོས་པར་སྐབས་དེའི་

བོད་ཀྱི་བྱིས་པའི་རྩོམ་རིག་གི་གནས་སྟངས་ཤེས་སུ་བཅུག་པ་དང་། ངའི་འདོད་པ་

དེ་ཡི་ཁ་སྣོན་ལྟ་བུར་ཡང་གྱུར་སོང་། ཁོང་གིས་བཀའ་སློབ་འདི་ཕེབས་པའི་སྐབས་

སུ་ཕྱི་ལོ་ ༢༠༡༡ ལོའི་ལོ་སྟོད་ཡིན། སྐབས་དེར་བོད་ཀྱི་བྱིས་པའི་རྩོམ་རིག་ཞིབ་ འཇུག་གི་གནས་སྟངས་དེ་འདྲ་ཞིག་ཡིན་པ་མ་ཟད། བོད་ཀྱི་བྱིས་པའི་རྩོམ་རིག་ སློབ་ཁྲིད་དང་བྱིས་རྩོམ་གསར་རྩོམ་སོགས་མདོར་ན་རིག་ཚན་ཧྲིལ་བོ་འདི་འདྲའི་ ཡིད་ཆེས་མི་ཐུབ་པའི་གནས་སུ་ལྷག་ཡོད།

འཛམ་གླིང་རྒྱལ་ཁབ་དང་མི་རིགས་གཞན་ལ་བྱིས་པའི་རྩོམ་རིག་ཀྱང་རིག་

ཚན་ཆེན་པོ་ཞིག་ཏུ་གྱུར་ཏེ་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པ་

དང་། ཁོང་ཚོའི་སྤྱི་ཚོགས་ནང་བྱིས་པའི་རྩོམ་རིག་ཀྱང་ལས་ཀ་ཞིག་དང་འཚོ་

ཐབས་ཤིག་ཏུ་གྱུར་ཡོད་པ་གུས་པས་སྒྱུར་སྒྲིག་བྱས་པའི་<<ནུབ་ཕྱོགས་ཀྱི་བྱིས་ པའི་རྩོམ་རིག>>ཅེས་པ་བཀླག་ན་གསལ་ངེས།

སྤྱིར་དམངས་སྲོལ་གྱི་ཐད་ནས་བཤད་ན་རང་རེའི་མི་རིགས་འདིའང་མགོ་

འཕང་མཐོན་པོའི་གྲས་ཡིན་མོད། གནའ་ཤུལ་ལ་བདག་གཅེས་དང་ཞིབ་འཇུག

རྒྱུན་འཛིན་བཅས་ཀྱི་གལ་ཆེན་རང་བཞིན་ཤེས་རྟོགས་དང་ལག་ལེན་གྱི་ཐད་ནས་

བོད་ནི་ད་ལྟ་འགོ་འཛུགས་པའི་དུས་སྐབས་ན་ཡོད། དེ་བས་བོད་ཀྱི་དམངས་ཁྲོད་

རྩོམ་རིག་གི་ཆ་ཤས་སུ་གྱུར་པའི་བྱིས་པའི་རྩོམ་རིག་གི་ཞིབ་འཇུག་རྒྱུ་ཆ་རྣམས་


བོད་ཀྱི་བྱིས་པའི་རྩོམ་རིག

3

ཀྱང་རང་ས་ན་ལྷག་ཡོད་ཕྱིར། གུས་པའི་ཞིབ་འཇུག་གི་སྒྲོམ་གཞི་འདིའང་སྡེ་ཚོའི་ ལོ་རྒྱུས་ཁག་དང་། དམངས་སྲོལ་ཞིབ་འཇུག་ཁག དམངས་སྲོལ་རྩོམ་རིག་གཅེས་ བཏུས་དཔེ་དེབ་ཁག བྱིས་པའི་སློབ་གསོའི་སྐོར་གྱི་གཏམ་བཤད་དང་དཔྱད་རྩོམ།

བྱིས་པའི་རྩོམ་རིགས་བྱེ་བྲག་པའི་སྐོར་གྱི་དཔྱད་རྩོམ་སོགས་སྔོག་འདོན་གྱིས་ བསླངས་པ་ཞིག་ཡིན་ཞིང་། དེ་ལྟར་རྒྱུ་ཆ་རྣམས་མདུན་དུ་སྤུངས་པའི་སྐབས་སུ་

བོད་ཀྱི་བྱིས་པའི་རྩོམ་རིག་གི་ཆ་ཤས་བྱེ་བྲག་པ་རེ་རེའང་ཞིབ་འཇུག་གི་རིན་ ཐང་གཏིང་ཟབ་ཡོད་པའི་གནས་སུ་མཆིས་མོད། གུས་པས་འདིར་བོད་ཀྱི་བྱིས་ པའི་རྩོམ་རིག་གི་གཞི་རྐང་ལྟ་བུ་སྟེ། བྱིས་སྒྲུང་དང་བྱིས་གླུ། ཁེད་བཅས་རྩ་བར་

བཟུངས་ནས་བྱིས་པའི་རྩོམ་རིག་གི་ཁྱོན་ཡོངས་ཀྱི་རྣམ་པ་ཞིག་འདོན་ཐབས་བྱས་ ཡོད། ཅེས་རྩོམ་པ་པོས་ཕྱི་ལོ་ ༢༠༡༤ ཟླ་ ༥ཚེས་ ༢༥ ཉིན།



བོད་ཀྱི་བྱིས་པའི་རྩོམ་རིག

5

ས་བཅད་དང་པོ། བྱིས་པ་ངོས་འཛིན་སྐོར། དང་པོ། མིང་བརྡ་ལ་བརྟག་པ།

སྤྱིར་བོད་ཀྱི་སྐད་བརྡ་རིག་པའི་ཁོངས་སུ་མིང་བརྡ་ལ་དུས་ཀྱི་སྔ་ཕྱི་ལ་བལྟས་ཏེ་ གསར་རྙིང་གི་ཁྱད་པར་འཇོག་པ་དང་། སྤྱི་ཚོགས་ཀྱི་གྲལ་རིམ་གྱི་དབང་གིས་

ཞེ་ཚིག་དང་ཕལ་ཚིག་གི་ཤན་འབྱེད་པ། མིའི་མཛེས་དཔྱོད་ཀྱི་དགོས་མཁོ་དང་ བསྟུན་ནས་མངོན་བརྗོད་ཀྱི་རྣམ་གྲངས་མང་དུ་བྱུང་བ། འདོགས་ཚུལ་གྱི་དབང་ གིས་འདོད་རྒྱལ་དང་རྗེས་གྲུབ་ཀྱི་དབྱེ་བ་འབྱེད་པ་བཅས་ཀྱི་ཁྱད་པར་མི་འདྲ་བ་

འགའ་ཞིག་མཆིས་པ་ལྟར། “བྱིས་པ་”ཞེས་པའི་མིང་བརྡ་འདིའང་གོང་གི་དབྱེ་ གཅོད་ཀྱི་རྒྱ་འདི་དག་ལས་བརྒལ་ག་ལ་བཏུབ།

བྱིས་པ་ཞེས་པའི་མིང་བརྡ་འདི་བོད་སྐད་ཡིག་གི་གཞིས་ཁྱིམ་དུ་དུས་ནམ་

ཞིག་ལ་སླེབས་མིན་ཐག་བཅད་ནས་བཤད་ཚོད་མི་ཐུག་ཀྱང་། བྱིས་པ་ནི་བོད་ཀྱི་ གནའ་སྔ་མོའི་ཁ་རྒྱུན་དུ་གྲགས་ཆེ་བའི་ཐ་སྙད་ཅིག་ནི་ཅིས་ཀྱང་ཡིན་པར་སྙམ་

སྟེ༑ ༑དེ་ཡང་དུས་རབས་བདུན་པར་བརྩམས་པར་གྲགས་པའི་1<<ཆོས་རྒྱལ་སྲོང་ བཙན་སྒམ་པོའི་མ་ཎི་བཀའ་འབུམ>>དུ། བྱིས་པ་རྣམས་ཀྱི་སྙིང་དུ་ཐེ་བྲང་ཞུགས་ 1 མ་ཎི་བཀའ་འབུམ། པོད་དང་པོ། མཛད་པ་པོ། ཆོསརྒྱལ་སྲོང་བཙན་སྒམ་པོ། ཆོས་པར་ཁང་།


6

ཉམས་ཞིབ་དེབ་ཕྲེང་། ༢

ནས་ཆར་ཆུ་དུས་སུ་མི་འབབ་ཅེས་དང་། 2<<བཀའ་འཆེམས་ཀ་ཁོལ་མའི>>ལེའུ་

གསུམ་པ་སྤྲུལ་སྐུས་འདུལ་བ་རུ། གྲོང་ཁྱེར་སེར་སྐྱའི་རྒན་མོ་བྱིས་པ་རྣམས་ཀྱི་

རྩེད་མོ་རྩེ་བའི་མ་ལ་འདྲིའོ་ཟེར་སྟེ་དྲིས་པས་གྲོང་ཁྱེར་སེར་སྐྱའི་སྒོའི་སྐྱེས་བུ་ དང་མཉམ་ཟེར་ཙ་ན་ཞེས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་ཐོན་པ་ 3

<<ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ>>ལས། བྱིས་བའི་ཚིག་ཕྲན་

ཚེགས། །གྱང་གཏང་བའི་རིག་་་ཕར་མྱི་རྟོག་པར། །ཞེས་དང་། ཆོས་རྒྱལ་ཁྲི་རལ་

གྱི་སྐབས་སུ་བསྒྲིགས་པའི་4<<བྱེ་བྲག་རྟོགས་བྱེད་ཆེན་མོ>>རུ། ལེགས་སྦྱར་གྱི་ བཱལཿ། ཞེས་པར་བོད་སྐད་དུ་བྱིས་པར་གཏན་ལ་ཕབ་པ་བཅས་ཀྱིས་གོ་རིགས།

བོད་ཀྱི་ཡིག་ཁྱིམ་དུ་བྱིས་པ་དང་དོན་འདྲ་བའམ་དོན་གཅིག་མིང་གི་རྣམ་

གྲངས་སུ་བརྗོད་པའི་མིང་བརྡ་གཞན་ཡོད་པ་ནི། 5<<མ་ཎི་བཀའ་འབུམ>>ནང་

དུ༑ བྲམ་ཟེ འི ་ ཁྱེའུ་ཉི ་ མའི ་ སྙིང་པོ ་ ཞེ ས ་བྱ་བས་བྱང་ཆུབ་ཏུ་སེ མ ས་བསྐྱེད་པ་

དང་ཞེས་སོགས་ལས་བྱིས་པ་ལ་ཁྱེའུ་ཞེས་བསྙད་པ་མང་དུ་བྱུང་ལ། བོན་བན་ གཉི ས ་ཀྱི ་ ཆོ ས ་དཔེ་འགྱུར་དུ་བྱས་པའི་དཔེ་རྙིང་ཕལ་ཆེ་བའི་ཁྲོད་དུའང་བྱིས་པ་ ལ་ཁྱེའུ་ཞེས་བསྙད་ཡོད་དེ། །དུས་རབས་བརྒྱད་པ་ཙམ་ལ་འགོས་ལོ་ཙཱ་བ་ཆོས་

འགྲུབ་(བོད་རྒྱལ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་བྱོན་པའི་བོད་རིགས་ལོ་ཙཱ་བ་ཆེན་པོ་ཞིག)ཀྱིས་རྒྱ་ 2 བཀའ་འཆེམས་ཀ་ཁོལ་མ། མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༧

3 ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་རྩ་འགྲེལ། སྐྲུན་ཁང་། ཤོག་ངོས། ༢༢

མི་རིགས་དཔེ་

4 བྱེ་བྲག་རྟོགས་བྱེད་ཆེན་པོ་ཞེས་བྱ་བ་བཞུགས་སོ། །སྔོན་བྱོན་ལོ་པཎ་མཁས་པས་བསྒྲིགས་པ། བོད་གཞུང་ ཤེས་རིག་དཔར་ཁང་ནས། ཤོག་ངོས། ༡༥༡

5 མ་ཎི་བཀའ་འབུམ། པོད་དང་པོ། མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་སྤྱོད་པར་ཁང་།


བོད་ཀྱི་བྱིས་པའི་རྩོམ་རིག

7

ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་6<<མཛངས་བླུན་ཞེས་བྱ་བའི་མདོ>>རུ། ཁྱེའུ་ ཞེས་བཀོལ་ཡོད་པ་དང་། བདག་ཅག་ཁྱེའུ་སྤུན་གསུམ་མཆིས་པ་ནི། །གཅིག་ནི་ ཁྱེའུ་དག་པའོ། །གཅིག་ནི་ཁྱེའུ་གསལ་བའོ། །གཅིག་ནི་ཁྱེའུ་ཤེས་པའོ ། །ཞེས་ བོན་དཔེ་7<<མདོ་གཟེར་མིག>>ཏུ་འབྱུང་བ་དང་།

(དེབ་འདི་ནི་བོན་མཁས་རྣམས་ཀྱིས་

ཞང་ཞུང་ལས་བསྒྱུར་བ་ཕྱིས་སུ་ྋདྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན་པ་ཞིག་གོ།།)

བསྟན་འགྱུར་སྡེ་དགེ་པར་མ་མདོ་ཕྱོགས་པོད་སུ་པའི་ནང་སངས་རྒྱས་བཅོམ་ལྡན་ འདས་མྱ་ངན་ལས་འདས་ནས་ཀུན་དགའ་བོས་བསྟན་པ་སྐྱོང་བའི་སྐབས་ཁྱེའུ་ གསེར་མདོག་ལ་རྒྱལ་པོའི་བློན་པོ་ཞིག་གིས་ཕྲག་དོག་བྱས་པ་དང་། ཁྱེའུ་གསེར་

མདོག་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པ་སོགས་ཀྱི་ལོ་རྒྱུས་ཡོད་ཅེས་8<<དུང་ དཀར་ཚིག་མཛོད་ཆེན་མོ>>རུ་འཁོད་པ་བཅས་ཀྱིས་མཚོན་ཞིང་།

དེ་ནས་བོན་གཞུང་དང་ནང་པའི་བཀའ་བསྟན་གྱིས་མཚོན་པའི་གཞུང་ཆེན་

ཁག་ལ་སློབ་གཉེར་བྱེད་མཁན་དག་གི་འགྱུར་རྩོམ་དང་རང་རྩོམ། རྣམ་ཐར་དང་

གཏམ་རྒྱུད་ཁག་ཏུའང་མིང་བརྡ་འདི་ཉིད་ཆེ་ཚིག་ལྟ་བུར་བེད་སྤྱོད་གནང་ཡོད་ པ་ནི།9<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད>>དུ། སངས་རྒྱས་མར་མེ་ མཛད་ལ། བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ལུང་

6 མདོ་མཛངས་བླུན། སྟོན་པ་སངས་རྒྱས་ཀྱི་གསུང་། འགོས་ཆོས་འགྲུབ་ཀྱིས་བསྒྱུར། བོད་གཞུང་ཤེས་རིག་ དཔར་ཁང་།

7 མདོ་གཟེར་མིག ྋདྲང་རྗེ་བཙུན་པ་གསེར་མིག་གིས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས། ༥

8 དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས། ༣༣༩

9 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་ སྐྲུན་ཁང་། ཤོག་ངོས། ༡༩


8

ཉམས་ཞིབ་དེབ་ཕྲེང་། ༢

བསྟན་པ་ནི། བྲམ་ཟེའི་ཁྱེའུ་ཁྱེད་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བར་ཞེས་

འབྱུང་བ་དང་། གཞན་ཡང་<<ཁྱེའུ་པདྨ་འོད་འབར་གྱི་རྣམ་ཐར>>ཞེས་པ་རིག་

འཛིན་ཆེན་པོ་ཐེམས་ཀྱི་ལྡེམས་འཕྲུ་ཡིས་བཀའ་ཐང་ཟངས་གླིང་མ་ནས་ཟུར་དུ་ བཀོད་ཟེར་བ་ལྟ་བུས་མཚོན་ནོ། །

དེས་ན་ཁྱེའུ་ཞེས་པའི་མིང་བརྡ་འདི་ནི་ཐོག་མར་ལེགས་སྦྱར་སྐད་དོད་གར་

བྷ་རཱུ་པ་དང་དཱ་ར་ཀ ཤི་ཤུ་གང་རུང་བསྒྱུར་བ་ལས་བྱུང་བའི་ཆོས་ཚིག་ཅིག་ཏུ་ གདའ་སྟེ། 10<<བྱེ་བྲག་རྟོགས་བྱེད་ཆེན་མོ>>རུ། དཱརག་ལ་ཁྱེའུ་དང་གར་བྷ་རུ་

པ་ལའང་ཁྱེའུ་ཞེས་བྱུང་བས་མཚོན་ལ། ཕྱིས་སུ་ཆོས་འབྱུང་བོན་འབྱུང་དང་ཆོས་ གཞུང་བོན་གཞུང་། རྣམ་ཐར། བསྟོད་རྩོམ། རྟོགས་བརྗོད། བརྗོད་བྱ་ཆོས་ཕྱོགས་ ཀྱི་ནང་དོན་ལ་གཞོལ་བའི་གཏམ་རྒྱུད་ཁག་ཏུ་བྱིས་པའི་ཆེ་ཚིག་གམ་ཞེ་ས་ལྟ་བུར་

བཀོལ་སྤྱོད་མང་དུ་བྱས་པ་དང་། དེ་ནི་ད་ལྟ་ད་དུང་མཚམས་མ་ཆད་པར་ཡོད་ འདུག་སྟེ། ནམ་མཁའི་ནོར་བུའི་11<<བྱང་འབྲོག་ལམ་ཡིག>>ཅེས་པར། འབྲོག་

པའི་ཕ་མ་ཚོས་འབད་བརྩོན་ཆེན་པོའི་སྒོ་ནས་རང་གི་ཁྱེའུ་དག་ཆོས་པར་འགྱུར་

བའི་རེ་བ་ཆེན་པོར་བྱེད་ཅིང་། དེར་བརྟེན་ཁྱེའུ་དག་ནི་ལོ་ན་ཆུང་ངུའི་དུས་ནས་ བཟུང་རང་གི་མཆོད་གནས་སམ། ཞེས་བཀོད་འདུག་པ་ལྟར་ལ།

ཁྱེའུ་བྱིས་པའི་ཞེ་ཚིག་ཏུ་བཤད་པ་ནི་དེ་ཡི་བེད་སྤྱོད་ཁྱབ་ཁོངས་ཀྱི་མཐོང་

ཚུལ་ཙམ་ལས། བརྡ་དག་མིང་མཛོད་ཁག་ལ་ཐོ་གཏུག་ཐུབ་པ་ཞིག་མིན་ལ། ལྷག་ པར་དུ་མིང་མཛོད་ཁག་ཅིག་ཏུ་བྱིས་པའི་ཞེ་ཚིག་ཏུ་ཨ་ཝ་ཞེས་པ་བཀོད་འདུག་པ།

10 བྱེ་བྲག་རྟོགས་བྱེད་ཆེན་པོ་ཞེས་བྱ་བ་བཞུགས་སོ། སྔོན་བྱོན་ལོ་པཎ་མཁས་པས་བསྒྲིགས་པ། བོད་གཞུང་ ཤེས་རིག་དཔར་ཁང་ནས། ཤོག་ངོས། ༡༤༧

11 བྱང་འབྲོག་ལམ་ཡིག རྩོམ་སྒྲིག་པ། ནམ་མཁའི་ནོར་བུ། Shang_Shung Edizioni


བོད་ཀྱི་བྱིས་པའི་རྩོམ་རིག

9

དཔེར་ན། 12<<ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང>>ནང་ཨ་ཝའི་མཆན་

འགྲེལ་དུ་ཕྲུ་གུའི་ཞེ་ཚིག་ཅེས་གསལ་བ་དང་། 13<<བོད་ཀྱི་ཚིག་མཛོད>>ནང་

ཨ་ཝ་ལ་(ཡུལ་སྐད།)སྔར་བོད་ཀྱི་མི་དྲག་ཚོའི་ཕྲུ་གུའི་ཞེ་སའི་མིང་། ཨ་ཝ་འཁོར་ བ༑ ཨ་ཝ་སྲས། ཨ་ཝ་སྲས་མོ་ཞེས་འགྲེལ་ཡོད་པ་ལྟ་བུ་ཡང་། ཨ་ཝ་བྱིས་པའི་ ཞེ་ཚིག་ཏུ་བསྙད་པ་ལའང་བརྟག་པར་བྱ་བ་འདི་ཡོད་དེ། དེའང་ལྷ་སའི་ཁ་སྐད་ ཙམ་གྱི་ཟེར་སྒྲོས་ཤིག་ལས་སྔ་རབས་ཀྱི་བརྡ་དག་དང་མིང་མཛོད་ཁག་ཏུ་མ་བྱུང་

བ་དང་། ལྷག་པར་དུ་བོད་མདོ་ཁམས་ཀྱི་ས་རུ་མ་གྲགས་པའི་ཁ་སྐད་ཅིག་ཡིན་

པ་དེའོ། །མདོ་ཁམས་ཀྱི་ཡུལ་ལུང་ཕལ་ཆེ་བར་བྱིས་པར་ཞེ་སའི་བཏགས་མིང་

ཞིག་མ་བྱུང་བ་འདྲ་སྟེ། ཁོང་ཚོར་རང་གི་བྱིས་པར་བརྩེ་སེམས་དང་བརྩི་བཀུར་

ཡོད་པའི་སྒོ་ནས་འབོད་མིང་ཞིག་གདའ་བ་ནི་གཅེས་མིང་ཡིན་ལ། དེ་ཡང་མཁས་

དབང་ནམ་མཁའི་ནོར་བུའི་14<<བྱང་འབྲོག་ལམ་ཡིག>>ཏུ། འོན་ཀྱང་འབྲོག་མི་ དག་གིས་ནམ་རྒྱུན་དུ་བྱིས་པ་རང་གི་མིང་དངོས་ཀྱི་ཚིག་དང་པོར། ཚིག་འགོར་

ཨ་བཏགས་པ་དཔེར་ན། ཨ་རིག་ཅེས་པ་ལྟ་བུའམ། ཡང་ན་ཚིག་མཇུག་ཏུ་ལུ་ཞེས་ པའམ། དགའ་ཞེས་སམ། གཡང་ཞེས་བཏགས་པ་དཔེར་ན། རིག་ལུ། རིག་དགའ། རིག་གཡང་ཞེས་སོགས་གཅེས་མིང་དུ་འབོད་ཅིང་། མི་རྒན་པའི་དུས་སུའང་མིང་

དེ་བཞིན་དུ་ཆགས་ཀྱི་ཡོད་འདུག་པ་དེ་རིགས་ནི་ཕོ་མོའི་མིང་སོ་སོར་དབྱེ་འབྱེད་ བྱེད་དཀའ་བ་ཞིག་ཏུ་སྣང་ངོ་། །ཞེས་གསུངས་པ་ལྟར་ལ། དབུས་གཙང་ཕྱོགས་ 12 ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་། བསོད་ནམས་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང་། ཤོག་ངོས། ༦༠༢

13 བོད་ཀྱི་ཚིག་མཛོད་ཆེན་མོ།སྨད་ཆ། རྩོམ་སྒྲིག་པ།ངམ་རིང་བློ་བཟང་བསྟན་དར། བོད་གཞུང་ཤེས་རིག་ལས་ ཁུངས། ཤོག་ངོས། ༢༢༠༤

14 བྱང་འབྲོག་ལམ་ཡིག རྩོམ་སྒྲིག་པ། ནམ་མཁའི་ནོར་བུ། Shang-Shung Edizioni ཤོག་ངོས།༡༡༦


10

ཉམས་ཞིབ་དེབ་ཕྲེང་། ༢

སུ་བྱིས་པའི་གཅེས་མིང་ཡོད་པ་15<<མི་ལ་རས་པའི་རྣམ་ཐར>>དུ། དེ་ནས་ང་ ལོ་བཞི་ལོན་པའི་ཚེ། ཨ་མ་ལ་བུ་མོ་ཞིག་སྐྱེས་པ་མགོན་མོ་སྐྱིད་དུ་མིང་བཏགས།

གཅེས་མིང་པེ་ཏར་ཆགས་པས་པེ་ཏ་མགོན་སྐྱིད་དུ་གྲགས་ཏེ། ཞེས་གསུངས་ པས་ཤེས་སོ། །

གཞན་བོད་ཀྱི་སྐད་བརྡའི་ཁྱབ་ཁོངས་སུ་བྱིས་པའི་བརྡ་རྙིང་དུ་བུས་པ་རུ་

བསྙད་དེ།16 <<བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་

ཉེར་མཁོ>>རུ། བུས་པ་བྱིས་པ་བག་བྲོ་བ་ཞེས་དང་། 17<<ཚིག་མཛོད་བརྡ་དག་ ཀུན་གསལ་མེ་ལོང>>དུ། བུས་པ་ནི་བརྡ་རྙིང་དུ་བྱིས་པ་དང་། ཞེས་བཀོད་འདུག་

ལ༑ <<གསར་རྙིང་བརྡའི་རྣམ་དབྱེ>>ལས་བུས་པ་ནི་བྱིས་པ་ཞེས་དང་། 18<<བོད་

ཡིག་བརྡ་རྙིང་ཚིག་མཛོད>>དུ། བུས་པ། བྱིས་པའམ་བྱིས་པ་ཆུང་ཆུང་ཞེས་ གསལ་བ་བཅས་ཀྱིས་མཚོན་ནོ། །

བྱིས་པ་དང་དོན་གཅིག་པའི་མིང་བརྡ་གཞན་ཞིག་ཟེར་དུ་ཡོད་པ་ནི་ཕྲུ་གུ་

ཞེས་པ་ཡིན་ལ། དེ་ནི་ཚིག་གྲོགས་དང་སྐབས་ཐོག་གི་བསྟན་དོན་གྱི་ཐག་གཅོད་

ལ་བརྟེན་ནས་གོ་རྒྱུ་ཞིག་ལས་ཕྲུ་གུ་ཞེས་པའི་མིང་བརྡ་རང་སྟེང་གི་ཐག་ཆོད་ཀྱི་ 15 རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ སྟོན། Printed in Taiwan ཤོག་ངོས།༡༤

16 བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ཞེས་བྱ་བ། བཤད་གཏེར་མཛོད་ཁང་དུ་དཔར་འདེབས་མཛད། ཤོག་ངོས། ༧༧

ས་ར་ན་ཐའི་ལེགས་

17 ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་། བསོད་ནམས་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང་། ཤོག་ངོས། ༣༡༨

18 བོད་ཡིག་བརྡ་རྙིང་ཚིག་མཛོད་ཆེན་མོ། རྣམ་རྒྱལ་ཚེ་རིང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ ཁང་། ཤོག་ངོས། ༣༥༢


བོད་ཀྱི་བྱིས་པའི་རྩོམ་རིག

11

གོ་བ་མ་ཡིན་ཏེ། 19<<དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་ མིང་ཚིག་གསལ་བ>>རུ། ཕྲུ་གུ། ལུག་གི་ཕྲུ་གུ་ལུ་གུ་དང་ཕྲུག་གུ་ཞེས་སྣང་ཡང་

དགེ་སློབ་ཕྲུག་ལྟ་བུ་བསྡུས་ན་ག་ཡིག་ལྡན།ཞེས་དང་། 20<<བོད་རྒྱ་ཚིག་མཛོད་

ཆེན་མོ>>རུ། ཕྲུ་གུ། ལོ་ན་ཆུང་བ་འམ་ཕྲ་བའི་མི་དང་དུད་འགྲོ། སློབ་གྲྭའི་ཕྲུ་ གུ༑ ལུག་གི་ཕྲུ་གུ། བྱ་ཡི་ཕྲུ་གུ་ཞེས་དཔེ་བཀོད་ཡོད་པ་ལྟར་དང་། བརྡ་དག་མིང་

མཛོད་21<<དག་ཡིག་གསར་བསྒྲིགས>>སུ། ཕྲུག་གུ་ནི་མའི་མངལ་དང་སྒོ་ང་ནས་ ཐོན་ཏེ་ཡུན་རིང་མ་ལོན་པའི་སྲོག་ཆགས་ཀྱི་མིང་སྟེ། བྱ་ཡི་ཕྲུག་གུ། ཕག་གི་ཕྲུག་ གུ་ཞེས་པ་ལྟ་བུ། མིང་བསྡུས་ན་ཕྲུག་ཅེས་འབྲི་ཆོག་སྟེ། བྱ་ཕྲུག ཕག་ཕྲུག་ཅེས་པ་ ལྟ་བུ། ཞེས་དོན་འགྲེལ་གནང་འདུག་པ་བཅས་ཀྱིས་ཕྲུ་གུ་ཞེས་པའི་གཞི་རྩའི་བརྡ་

དོན་ནི་སྐྱེས་མ་ཐག་པའི་སྲོག་ཆགས་ཆུང་ཆུང་དག་གི་སྤྱི་མིང་ལྟ་བུ་ཞིག་ལ་གོ་ དགོས་པ་གསལ་བོར་བསྟན་འདུག

མངོན་བརྗོད་ཀྱི་ཐད་ནས་22<<མངོན་བརྗོད་མཁས་པའི་རྣ་རྒྱན>>དུ། བུ་རྒྱུད་

བདག་སྐྱེས་ལུས་ལས་འཕེལ། བྲང་སྐྱེས་ཁྱེའུ་བུས་པའོ། །ཞེས་དང་། 23<<གསེར་

གྱི་སྦྲམ་བུའི་མིང་ཚིག་མཆན་འགྲེལ་ནོར་བུའི་དོ་ཤལ>>དུ། སེའུ་བཅུ་པ་ནི་བྱིས་ 19 དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ། མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༦༤༡

20 བོད་རྒྱ་ཚིག་མཛོད་ཆེན་མོ། བར་ཆ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༧༧༢ 21 དག་ཡིག་གསར་བསྒྲིགས། ཤེས་རིག་དཔར་ཁང་། ཤོག་ངོས།༥༠༥ 22 མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ།

རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་

བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༢༡༥

23 གསེར་གྱི་སྦྲམ་བུའི་མིང་ཚིག་མཆན་འགྲེལ་ནོར་བུའི་དོ་ཤལ། བླ་བྲང་སྒྲོལ་མ་སྐྱབས་ཀྱིས་བསྒྲིགས། བོད་ ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༤༨༨


12

ཉམས་ཞིབ་དེབ་ཕྲེང་། ༢

པ་ཆུང་ཆུང་སྟེ།ཞེས་དང་། 24<<སྨོན་ལམ་གློག་རྡུལ་ཚིག་མཛོད>>དུ། སེའུ་བཅུ་ པ་(མངོན་བརྗོད།)བྱིས་པ་ཆུང་ཆུང་།ཞེས་དང་།

25

<<མངོན་བརྗོད་གསེར་གྱི་ལྡེ་

མིག>>ཏུ། བུས་པ་བུ་ཆུང་ཤེད་མ་བྱེ། །བཅུ་དྲུག་བར་གྱི་བྱིས་པའི་མིང་། །ཞེས་ བཀོད་པ་ལྟར་རོ། །

སྤྱིར་བྱིས་པ་ཞེས་པའི་ཐ་སྙད་འདི་ལ་བྱུང་བ་ལོ་རྒྱུས་ཀྱི་རྒྱུན་རིང་པོ་ཞིག་

དང་བེད་སྤྱོད་རིན་ཐང་གི་གོང་ཚད་མི་དམའ་བ་ཞིག་གདའ་བས། བོད་ཀྱི་གཞུང་

ལུགས་རིག་གནས་དང་དངོས་ཡོད་ལག་ལེན་གང་གི་ཁྲོད་དུའང་བརྟག་དཔྱད་ ཀྱི་ཁུངས་སྣེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་འདུག་ཅིང་། དེ་ལ་འདིར་ཁོ་ བོས་བརྗོད་བཏུབ་པའང་། བྱིས་པ་ཞེས་པའི་ཐ་སྙད་འདི་བོད་གདོད་མའི་སྐབས་

ནས་བོད་མིའི་ཁ་རྒྱུན་དུ་བྱུང་བ་དང་ཕྱི་ལོ་དུས་རབས་བདུན་པར་བོད་ཀྱི་ཁ་རྒྱུན་

རིས་སུ་འབྲི་སྲོལ་གྱི་ཡི་གེ་འདི་བྱུང་བ་དང་དུས་མཉམ་ཙམ་ནས་ཡིག་ཐོག་ལའང་ བཀོད་དེ་ད་བར་སྒྲ་ཙམ་ཡང་མ་དཀྲུག་མ་འགྱུར་བའི་མིང་བརྡ་ཞིག་རེད་འདུག་པ་

དེ་དང་། བོད་ལ་བྱིས་པ་དང་དོན་གཅིག་པའི་མིང་གི་རྣམ་གྲངས་ཡིག་ཐོག་ཏུ་འབྲི་

སྲོལ་ཡོད་པ་ཕྲུ་གུ་དང་ཁྱེའུ། མངོན་བརྗོད་དུ་སེའུ་བཅུ་པ་དང་། བུ་རྒྱུད། བདག་ སྐྱེས། ལུས་ལས་འཕེལ། བྲང་སྐྱེས། ཤེད་མ་བྱེ། བརྡ་རྙིང་དུ་བུས་པ་བཅས་ དང་། ངག་ཐོག་ཏུ་བྱིས་པ་དང་དོན་གཅིག་པར་འབོད་མིང་དུ་གྲགས་པ་ཞེ་ས་རུ་ ཨ་ཝ་དང་། དེ་མིན་ཨོ་ལོ་དང་ལོ་ལོ་ཟེར་བ་བཅས་སོ། །

24 སྨོན་ལམ་གློག་རྡུལ་ཚིག་མཛོད། བཟོ་སྐྲུན་དང་འགན་འཁུར་བ་བློ་བཟང་སྨོན་ལམ། ༢༠༡༠

25 མངོན་བརྗོད་གསེར་གྱི་ལྡེ་མིག བསྟན་འཛིན་རྒྱལ་མཚན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང་། ཤོག་ངོས། ༩༨


བོད་ཀྱི་བྱིས་པའི་རྩོམ་རིག

13

གཉིས་པ། བྱིས་པ་ངོས་འཛིན་པ།

ངོས་འཛིན་ནི་སྣ་མང་བའི་རིག་གནས་སྤྱི་ཁོག་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པ་

བསྙོན་མེད་དུ་སོང་། བོད་ཀྱི་བྱིས་པ་ངོས་འཛིན་ཐད་ལའང་རིག་གནས་ཀྱི་སྣ་སྒོ་ མོ་མི་འདྲ་བ་ནས་བརྟག་པ་དང་དཔྱད་པའི་ཁུངས་མི་འདྲ་བ་ཅི་རིགས་ཤིག་ཡོད་

ངེས་ལ། དེ་དག་ལས་གནད་དང་གཙོ་བོར་འཇུ་བར་རིགས་པ་ནི་བོད་ཀྱི་བརྡ་ དག་དང་མིང་མཛོད་ཁག་གི་དོན་འགྲེལ་དང་། བོད་ཀྱི་གསོ་བ་རིག་པའི་གཞུང་ གི་ངོས་འཛིན་ཚུལ། བོད་བརྒྱུད་ནང་བསྟན་རིག་པའི་གཞུང་གི་ངོས་འཛིན་ཚུལ་

དང་། ལྷག་པར་དུ་བོད་མི་དམངས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་གོམ་ཞེང་ཆེན་པོས་ ཡུན་དང་ཁད་ཀྱི ས ་བྱི ས ་པར་ངོ ས ་འཛི ན ་གྱི ་ ལྟ་ཚུལ་ཞི ག ་ཡོ ང ས་སུ་ཆགས་ བཅུག་གདའ་བ་དག་གོ། ། 26

དེ་ཡང་བོད་ཀྱི་བརྡ་དག་མིང་མཛོད་ཁག་ལས་ཆེས་ཐོག་མ་རུ་གྲགས་པའི་

<<བྱེ་བྲག་རྟོགས་བྱེད་ཆེན་མོ>>རུ། ན་ཚོད་ཀྱི་རིམ་པའི་མིང་རྒྱ་བོད་ཤན་

སྦྱར་དུ་བཀོད་པ་ལས། གརྦྷརཱུཔཿ། ཁྱེའུ་དང་། བཱལཿ། བྱིས་པ། ལཱཌིཀཿ། བུས་ པ་སོགས་བཀོད་ཡོད་པ་དང་།

27

<<དགེ་བཤེས་ཆོས་གྲགས་བརྡ་དག་གསལ་

བ>>རུ། བུ་ཆུང་ཆུང་དང་སོ་སོ་སྐྱེ་བོ་དང་སྐྱེས་ནས་འགྲོ་བར་མི་ནུས་པར་བྱིས་ 26 བྱེ་བྲག་རྟོགས་བྱེད་ཆེན་མོ། སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་པས་བསྒྲིགས་པ། བོད་གཞུང་ཤེས་རིག་དཔར་ ཁང་། ཤོག་ངོས།༡༥༡

27 དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ། མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༥༧༣


14

ཉམས་ཞིབ་དེབ་ཕྲེང་། ༢

པ་ཞེས་མཚོ་ཌཱིཀ་རུ་གསུངས་ཞེས་དང་། 28<<ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་

འགྲེལ>>དུ། ལོ་གཅིག་ནས་བརྒྱད་བར་ཕྲུ་གུ་ཞེས་དང་། 29<<ཚིག་མཛོད་བརྡ་

དག་ཀུན་གསལ་མེ་ལོང>>དུ། བྱིས་པ་ནི་ཕྲུ་གུ་སྟེ་བྱིས་པ་ལོ་བརྒྱད། བྱིས་པ་

བསམ་མེད། རྒན་བྱིས་དབྱེར་མེད་སོགས་ལྟ་བུ་ཞེས་དང་། 30<<བོད་རྒྱ་ཚིག་ མཛོད་ཆེན་མོ>>རུ། བྱིས་པ་ནི་ལོ་གཅིག་ནས་བརྒྱད་བར་གྱི་ཕྲུ་གུ་ཤེད་མ་བྱེ་ བ་ཞེས་དང་། 31<<དུང་དཀར་ཚིག་མཛོད་ཆེན་མོ>>རུ། བྱིས་པ་སྤྱིར་ན་ཕྲུ་གུའི་

མིང་ཡིན་ནའང་། སྐབས་རེ་བླང་དོར་ལ་རྨོངས་པའི་སོ་སོ་སྐྱེ་བོ་རྣམས་ལ་གོ་བ་

ཡིན་ཞེས་བོད་ཀྱི་མིང་མཛོད་ཁག་གི་གོ་ལུགས་ལྟར་བྱས་ན་བྱིས་པའི་བརྡ་དོན་ ནི་ལོ་བརྒྱད་བར་གྱི་མི་ལ་གོ་བར་བྱས་མོད།

32

<<མངོན་བརྗོད་གསེར་གྱི་ལྡེ་

མིག>>ཏུ། བུས་པ་བུ་ཆུང་ཤེད་མ་བྱེ། །བཅུ་དྲུག་བར་གྱི་བྱིས་པའི་མིང་ཞེས་ བཀོད་ཡོད།

གཞན་ཡང་བོ ད ་ཀྱི ་ གསོ ་ བ་རི ག ་པ་ལ་མཚོ ན ་ན་ 33<<བོ ད ་ལུགས་གསོ ་

རིག་ཚིག་མཛོད་ཆེན་མོ>>རུ། བྱིས་པ། སྐྱེས་པ་ནས་ལོ་བཅུ་དྲུག་ཏུ་མ་སླེབས་ 28 ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། དཔལ་ཁང་ལོ་ཙཱ་བས་མཛད། བསྟན་འཛིན་རྒྱལ་མཚན་གྱིས་འགྲེལ་ པ་མཛད། ཀུན་བཟང་རྣམ་རྒྱལ་གྱིས་ཡང་འགྲེལ་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༣༩༥

29 ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་། བསོད་ནམས་རྒྱལ་མཚན་གྱིས་བརྩམས། བོད་ལྗོངས་མི་དམངས་ དཔེ་སྐྲུན་ཁང་། ཤོག་ངོས། ༣༢༧

30 བོད་རྒྱ་ཚིག་མཛོད་ཆེན་མོ། བར་ཆ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༨༨༧

31 དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས།༡༤༨༨

32 མངོན་བརྗོད་གསེར་གྱི་ལྡེ་མིག བསྟན་འཛིན་རྒྱལ་མཚན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང་། ཤོག་ངོས། ༩༨

33 བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༥༥༦


བོད་ཀྱི་བྱིས་པའི་རྩོམ་རིག

15

པའི ་ བར་ནི ་ ལུས་སེ མ ས་གཉི ས ་ཀྱི ་ སྟོ བ ས་མ་རྫོ ག ས་པས་བྱི ས ་པའོ། །ཞེ ས ་ བཀོད་འདུག་ལ། བོད་ལུགས་གསོ་བ་རིག་པའི་གཞུང་34<<བདུད་རྩི་སྙིང་པོ་ཡན་ ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད>>དུ། ལུས་ཀྱི་དབྱེ་བ་རྟེན་དང་ན་ཚོད་

དང་། །རང་བཞིན་ནད་ཀྱི་སྒོ་ནས་དབྱེ་བ་བཞི། །རྟེན་གྱིས་དཔེ་ན་ཕོ་མོ་མ་ནིང་ གསུམ། །ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ། །ཞེས་ན་ཚོད་ཀྱི་འཕེལ་རིམ་ དབང་བཙན་པར་བྱས་ཏེ་བྱིས་པ་ནི་ལོ་ན་བཅུ་དྲུག་བར་གཏན་འཁེལ་འདུག་ལ།

གནའ་ནས་ད་བར་བོད་ཀྱི་བསམ་བློའི་གཞི་རྐང་དུ་ཆགས་པའི་ཟབ་མོ་ཆོས་

ཀྱི་གཞུང་དུ་སྤྱི་ཡོངས་ནས་བྱིས་པ་ཞེས་པ་སེམས་ཀྱི་སྟོབས་མ་རྫོགས་པའི་སྐྱེ་

བོ་སྟེ་སོ་སྐྱེས་སམ་བྱིས་བློ་ཅན་ལ་གོ་བ་ཤུགས་ཆེ་ཡང་། མིའི་ལུས་ཁམས་དང་

ན་ཚོད་ཀྱི་ཤན་སྟོབས་ཀྱིས་ཐག་གཅོད་པའི་སྤྱི་འགྲོས་ཀྱི་བྱིས་པ་ལ་ངོས་འཛིན་ གཏན་ནས་གནང་མེད་པའང་མིན་ཏེ།

35

<<ཕར་ཕྱིན་ཟུར་བཀོལ>>ལས་མིང་

གཟུགས་ཀྱི་རྟེན་འབྲེལ་བཤད་པའི་སྐབས་སུ། མི་ལ་གནས་སྐབས་བཅུ་ཡོད་པའི་

མངལ་གྱི་གནས་སྐབས་ཕྱེད་དང་ལྔ་ཡན་ཆད་མིར་ཆགས་པར་འཇོག་པའི་ཕྱིར། གནས་སྐབས་བཅུ་ཡང་ཡོད་དེ། མེར་མེར་པོ། ནུར་ནུར་པོ། ལྟར་ལྟར་པོ། འཁྲང་

འགྱུར། ཡན་ལག་འགྱུས་པ་སྟེ་མངལ་གྱི་གནས་སྐབས་ལྔ་དང་། བྱིས་པ། གཞོན་ ནུ༑ དར་མ། དར་ཡོལ། རྒན་པོ་སྟེ་བཙས་པའི་གནས་སྐབས་ལྔ་ཡོད་པའི་ཕྱིར། ཞེས་གསུངས་པ་ལས་མཐོང་ངོ་། །

དེ་ནས་བོད་ལ་གནའ་སྔ་མོ་ནས་བྱིས་པ་ཞེས་པ་གང་དང་ཅི་འདྲ་ཡིན་པ་

34 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། བཞུགས་སྒར་དབུས་སྨན་རྩིས་ཁང་། ༢༩

35 ཕར་ཕྱིན་ཟུར་བཀོལ། མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། སེར་བྱེས་ཀམ་པུ་ཊར་ཚོགས་པས་དཔར་ འདེབས་མཛད། ཤོག་ངོས། ༣༥༥


16

ཉམས་ཞིབ་དེབ་ཕྲེང་། ༢

ངོས་འཛིན་བྱེད་ཕྱོགས་ཐད་ཀྱི་ལྟ་ཚུལ་གཞན་ཞིག་ཆགས་ཏེ་གདའ་བ་ནི། བོད་ཀྱི་ གཞི་རིམ་སྤྱི་ཚོགས་ཀྱི་གོམ་འགྲོས་ལས་བྱུང་བའི་དམངས་ཁྲོད་ཀྱི་བྱིས་པའི་ངང་

ཚུལ་བརྗོད་སྟངས་དེ་ཡིན་ལ། བརྗོད་སྟངས་དེ་རིགས་ཀྱང་ང་ཚོ་རང་ཉིད་ཀྱི་མགྲིན་

ངག་ལས་བརྡོལ་དང་རྡོལ་བཞིན་པའི་དམངས་ཁྲོད་ཀྱི་ཁ་བརྡ་དང་དམངས་ཁྲོད་ རྩོམ་རིག་གི་ཁྱབ་ཁོངས་ལས་གཏམ་དཔེ། གླུ། མཛའ་གླུ་བཅས་དང་། དམངས་ཁྲོད་ ཁྱིམ་སྲོལ་བཅས་ལས་གཙོ་ཆེར་མངོན་ཡོད་དེ། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་

ནང་གསེས་གཏམ་དཔེ་ལས་བྱིས་པའི་ན་ཚོད་ངོས་འཛིན་བྱས་པ་ནི་36<<དམངས་

སྲོལ་རིག་པའི་སྤྱི་དོན>>དུ། ཕོ་ལོ་བཅོ་ལྔས་ཇག་ཐུབ། །མོ་ལོ་བཅོ་ལྔས་གནས་

ཐུབ། །ཅེས་བཀོད་པ་དང་།37 <<བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས>>ལས་ཕོ་ ལོ་ལྔ་གསུམ་བཅོ་ལྔ་ནས། །རྟ་འོལ་བའི་ཁ་ལོ་བསྒྱུར། །མོ་ལོ་དྲུག་གསུམ་བཅོ་ བརྒྱད་ནས། །ཞོ་འོ་མའི་ཚ་གྲང་འབྱེད། །ཅེས་དང་། 38<<ནག་ཆུའི་དམངས་ཁྲོད་

གཏམ་དཔེ>>ལས། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ནས། །དམག་འཁྲུག་པའི་རྒྱག་ སྟངས་ཤེས། །མོ་ལོ་ལྔ་གསུམ་བཅོ་ལྔ་ནས། །ཞོ་འོ ་མའི་གར་སླ་ཤེས། །ཟེར་བ་

དང་། 39<<བོད་ཀྱི་ཁ་དཔེའི་གཏེར་མཛོད>> ཕོ་ལོ་བཅོ་ལྔ་གཏམ་ཕ་ལ་མི་འདྲི། ། 36 དམངས་སྲོལ་རིག་པའི་སྤྱི་དོན། གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས།༢༤༣

37 བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།

ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་ཕྱོགས་བསྒྲིགས་

བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༢༤༢

38 ནག་ཆུའི་དམངས་ཁྲོད་གཏམ་དཔེ། ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་ སྒྲིག་ཁང་ནས་བསྡུ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༠༥

39 བོད་ཀྱི་ཁ་དཔེའི་གཏེར་མཛོད། གར་གྱི་ཉི་མས་བདམས་བསྒྲིགས་བྱས། མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༢༩༧


བོད་ཀྱི་བྱིས་པའི་རྩོམ་རིག

17

མོ་ལོ་བཅོ་ལྔ་ཟས་མ་ལ་མི་སློང་། །ཞེས་དང་། 40<<བྱིས་པ་ཉེར་སྤྱོད་ཀྱི་འབེལ་ གཏམ>>ལས། ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་ནས། །དྲུག་གསུམ་བཅོ་བརྒྱད་ལྟག་

གར་བཞག་ན། །ཕར་བློ་མི་འདྲི་ལ་མར་བྲོ་མི་སློང་། །ཞེས་སྤྱི་དམངས་ཀྱི་འཚོ་བའི་ མྱོང་བ་དང་སྦྱར་ནས་སྡོམ་ཚིག་མང་དུ་བཀོད་ཡོད་ལ།

བོ ད ་མི འི ་ དམངས་སྲོ ལ ་ལས་ཁྱིམ་སྲོ ལ ་གྱི ་ བྱི ས ་པའི ་ ནར་སོ ན ་པའི ་ ཆོ ་

གའམ་ལ་ཤས་ཀྱིས་ལང་ཚོ་དར་ལ་བབ་པའི་མཛད་སྒོ་རུ་འབོད་པ་འདི་ལས་ཀྱང་ བྱིས་པ་ཞེས་པ་མི་ཚེའི་ཚད་ག་ཙམ་ཞིག་བར་དུ་ངོས་འཛིན་བྱེད་ཀྱིན་ཡོད་མེད་ བརྗོད་བཏུབ་པ་འདུག་སྟེ། 41<<དམངས་སྲོལ་རིག་པའི་སྤྱི་དོན>>ལས། ཆོ་ག་ འདི་ནི་རང་རེའི་བོད་པ་རྣམས་ལ་མཚོན་ན་སྤེལ་མི་སྤེལ་གཉིས་ཀ་ཡོད་ལ། མང་

ཆེ་ཤོས་ཀྱིས་མི་སྤེལ་བའོ ། །ཡིན་ཡང་ཆོ་གའི་རིམ་པ་འདི་ནི་བོད་ལ་གནའ་སྔ་

མོ་ནས་མེད་པ་ཞིག་མིན་ཏེ། བོད་ཀྱི་ཁ་དཔེར། ཕོ་ལོ་བཅོ་ལྔ་བུད་ན་གཏམ་ཕར་ མི་འདྲི། །མོ་ལོ་བཅོ་ལྔ་བུད་ན་ཟས་མར་མི་སློང་། །ཞེས་སྔོན་ཆད་ལོ་བཅོ་ལྔ་བུད་

པ་ན་ད་ལྟའི་ལོ་བཅོ་བརྒྱད་དུ་བུད་པ་དང་གཅིག་མཚུངས་སུ། ཚོགས་སུ་གཏམ་ གླེང་བའི་དབང་ཆ་དང་། ཡིན་མིན་གྱི་ལྟ་བ་གླེང་བའི་དབང་ཆ། རང་ཁྱིམ་ལ་དོ་

དམ་བྱེད་པའི་དབང་ཆ་ཡོད་པ་དང་། ཕོ་ལོ་བཅོ་ལྔས་ཇག་ཐུབ། མོ་ལོ་བཅོ་ལྔས་ གནས་ཐུབ། ཅེས་ཕོ་མོ་གང་ཡིན་རུང་ལོ་བཅོ་ལྔ་བུད་པ་ན་ནར་སོན་པའི་གྲས་སུ་ འཇོག་ལ་དེའི་མཛད་སྒོ་ལ་བུ་མོ་རྣམས་ལ་སྐྲ་ཕབ་པ་ཞེས་(དབུས་གཙང་ཁུལ་དུ་པང་

གདན་དཀྲིས་པ།)གཡུ་བྱུར་ཁ་གྲངས་མང་དུ་འདོགས་པའི་ཆོ་ག་ཞིག་སྤེལ་སྲོལ་ཡོད་ 40 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོས་བརྩམས། ཤོག་ངོས། ༤༦༤

41 དམངས་སྲོལ་རིག་པའི་སྤྱི་དོན། གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༤༣


18

ཉམས་ཞིབ་དེབ་ཕྲེང་། ༢

ལ་རྣམ་པ་རྒྱ་ཆེ་མིན་ནི་ཁྱིམ་གྱི་འཁོས་ཀ་དང་དབུལ་ཕྱུག་གི་ཁྱད་པར་ལ་རག་ ལས་ཞེས་དང་། 42<<བོད་ལུགས་ཀྱི་མི་ཚེ་གཅིག་ལ་རྟེན་འབྲེལ་གྱི་མཛད་སྒོ་གང་

དག་ཡོད་དམ>>དུ་ལང་ཚོ་དར་བའི་མཛད་སྒོའི་སྐོར་བརྗོད་སྐབས། བྱིས་པ་ཕོ་

མོ་གང་ཡིན་རུང་ཕོ་ལོ་ན་བཅུ་དྲུག་དང་། མོ་ལོ་ན་བཅོ་ལྔ་ལ་སླེབས་ཚེ་ད་གཟོད་ གཉེན་སྒྲིག་གི་ཆང་ས་རྒྱག་ཆོག་པ་དང་། ཁ་དཔེ་ལའང་། ཕོ་ལོ་བཅོ་ལྔར་བུད་ ན་བློ་ཕ་ལ་མི་འདྲི། མོ་ལོ་བཅོ་ལྔར་བུད་ན་ཟས་མ་ལ་མི་སློང་། ཞེས་ན་ཚོད་དར་

ལ་བབ་ཡོད་པའི་དོན་གྱི་གནད་ཆེ་བའི་གཏམ་འདི་འདྲ་ཞིག་བརྗོད་སྲོལ་ཡོད་ལ།

ལྷག་པར་དུ་བུ་མོ་ཚང་མ་ལ་མཚོན་ན་ཉིན་འདི་ནས་བཟུང་སྐྲ་ཕབ་པ་དང་། དར་ སྟོན་བྱེད་པ་མ་ཟད། ཡང་གཅིག་བཤད་ན་རྒྱ་ཆེའི་མང་ཚོགས་ཀྱི་སྙན་ལམ་དུ་ཁོང་

ཚང་གི་བུ་མོ་གནས་ལ་སློང་ཆོག་པའི་བརྡ་རྟགས་ཤིག་ཀྱང་ཟུར་ཞིག་ནས་བསྟན་ ཡོད་པས། ཕོ་ཡིན་ན་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་མ་ཟད། ད་དུང་སྡེ་བ་གྱོད་ དང་གྲོས་མོལ་སོགས་ཡོད་ཚེ་གང་བྱུང་དུ་ཚོགས་གྲལ་དུ་ཞུགས་ཆོག་ལ་ཐ་ན་ བཟའ་ཚང་ཡང་བསྒྲིག་ནས་བཟའ་མགོ་བསྐྱང་ཆོག་པ་ཞིག་ཡི​ིན། ཞེས་དང་། ཡང་ བོད་ལུགས་ཀྱི་ཁྱིམ་སྲོལ་ལས་སྐྲ་སྟོན་ཞེས་སྐྱེས་མ་དག་བྱིས་པའི་ན་ཚོད་ལས་

ཡོངས་སུ་བརྒལ་བའི་ཆོ་ག་ཞིག་སྒྲུབ་ཚུལ་ཡོད་པ་འདི་ལས་ཀྱང་བུ་མོ་དག་བྱིས་ པ་ཡིན་མིན་གྱི་ས་མཚམས་གསལ་བོར་མཐོང་བཏུབ་སྟེ། 43<<བྱིས་པ་ཉེར་སྤྱོད་

ཀྱི་འབེལ་གཏམ>>ལས། སྐྲ་སྟོན་ཞེས་པ་ནི་བུ་མོ་ལ་དབང་བའི་ལང་ཚོའི་མཛེས་ སྡུག་ངོམ་བྱེད་ཀྱི་དུས་སྟོན་ཁྱད་པར་ཅན་ཞིག་ཡིན་ལ། དེ་ནི་མོ་ཡི་རིགས་ཀྱི་མི་

ཚེའི་ནང་དུ་མདུན་ལམ་གསར་བའི་སྡིངས་ཆ་ལ་སྙེག་བྱེད་ཀྱི་གོམ་པ་དང་པོ་དེ་ 42 མང་ཚོགས་སྒྱུ་རྩལ། ༢༠༠༧ ལོའི་འདོན་ཐེངས་༢ ཤོག་ངོས། ༤༡

43 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོས་བརྩམས། ཤོག་ངོས། ༤༣༡


བོད་ཀྱི་བྱིས་པའི་རྩོམ་རིག

19

ཡང་ཡིན། དེས་ན་རྟེན་འབྲེལ་གྱི་དུས་རིམ་ལའང་ཚད་ངེས་ཅན་ཞིག་ཡོད་པ་ནི་

ལུས་སེམས་ཀྱི་རྩལ་སྟོབས་རྫོགས་ཏེ་ལུས་ཀྱི་ཉམས་འགྱུར་གྱི་ལང་ཚོའི་དཔལ་ ཡང་སྤང་ལྗོངས་སྔོན་མོའི་སྟེང་དུ་ཤེའུ་རྩེན་པ་དང་འདྲ་བའི་མོ་ལོ་ལྔ་གསུམ་བཅོ་ ལྔའི་ལུས་ཀྱི་ལང་ཚོའི་མཛེས་སྡུག་གི་དཔལ་དང་ལྡན་པ། དབྱར་དུས་ཀྱི་ནམ་ མཁའི་མཐོངས་ན་གློག་ཞགས་ཀྱི་གྱ་གྱུ་འགྱུ་བ་ལྟ་བུའི་བསམ་བློ་བཞི་གསུམ་བཅུ་

གཉིས་ཀྱི་རྩལ་སྟོབས་མྱུར་བའི་དུས་ལ་སླེབས་པ་སྟེ་མོ་ལོ་བཅོ་ལྔ་ལ་སླེབས་པའི་

སྐབས་སྐྲ་སྟོན་གྱི་མཛད་སྒོ་སྤེལ་གྱི་ཡོད། ཅེས་བཀོད་པའི་སྐྲ་སྟོན་གྱི་ཆོ་ག་རྒྱ་ མི་ཆུང་བ་ཞིག་སྒྲུབ་སྲོལ་ཡོད་པ་འདིས་འཐུས་ལ། 44<<བོད་སྤྱི་བཤད>>ཅེས་པ་

ལས་ནར་སོན་ཆོ་གའི་སྐོར་ལ། འབྲོག་ཁུལ་ས་ཆ་མང་ཤོས་སུ་བུ་མོ་རྣམས་ཀྱི་རྣ་ བ་ཕུག་པ་དང་རྣ་ལུང་འདོགས་པའི་ལོ་ཚོད་དེ་ནར་སོན་པའི་དན་རྟགས་སུ་འཇོག ཕོ་རྣམས་ལ་དེ་འདྲའི་མཛད་སྒོ་རྒྱ་ཆེན་པོ་ཞིག་བྱ་སྲོལ་མེད་ཀྱང་ཉིན་བཟང་སྐར་ བཟང་ཞིག་འདེམས་པའམ་ཕལ་ཆེ་ཤོས་ཀྱིས་ལོ་གསར་ཚེས་གཅིག་གི་ནངས་མོ་ གློ་གྲི་འདོགས་པ་དང་། མི་དར་མའི་ལུས་གཟུགས་ཀྱི་ཚད་གཞི་ལྟར་འཚེམ་བཟོ་

བརྒྱབ་ཡོད་པའི་ཕྲུག་ཚར་གྱོན་པ་སོགས་ནི་ནར་སོན་པའི་དན་རྟགས་སུ་འཇོག་ སྲོལ་ཡོད། དུས་དེ་ནས་བཟུང་བུ་བུ་མོའི་སྒེར་གྱི་འཇིག་རྟེན་བྱ་བའི་འཚོ་བ་ལ་ཕ་

མས་ཐེ་རྟོགས་མི་བྱེད་པར། སེམས་མཐུན་པར་གྲོགས་དང་། གཉེན་གྱི་རྟགས་ཀྱང་

བཀོད་ཆོག་པའི་བརྡ་རྟགས་སྒྲོན་པའི་ཆོ་གའམ་སྲོལ་ཞིག་རེད། ཅེས་བཀོད་འདུག་

པ་བཅས་ལས། ང་ཚོས་བོད་ཀྱི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཁྲོད་ཀྱི་ བྱིས་པ་ངོས་འཛིན་གྱི་ཚད་གཞི་དེ་གསལ་བོར་རྟོགས་ཐུབ་བོ། །

འདི་དག་ལ་བརྟག་ན་བྱིས་པའི་ན་ཚོད་ཀྱི་རབ་དབྱེ་དེ་ལ་དུས་རབས་བརྒྱད་

44 བོད་སྤྱི་བཤད། བཀྲ་ཤིས་ཚེ་རིང་སོགས་ནས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༤༧༦


20

ཉམས་ཞིབ་དེབ་ཕྲེང་། ༢

པ་ཙམ་ལ་བསྒྲིགས་པའི་བོད་ཀྱི་མིང་མཛོད་45<<བྱེ་བྲག་རྟོགས་བྱེད་ཆེན་མོ>>རུ་ ཁྱེའུ་དང་བྱིས་པ། བུས་པ་བཅས་སུ་གོ་ཕྱེས་ཡོད་པ་ལས། བརྡ་དག་མིང་མཛོད་

དང་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་བོད་མིས་ཀྱང་ཡུལ་ལུང་གཞན་ལྟར་ལོ་ཚད་ནི་

ལོ་བརྒྱད་ལ་ངོས་འཛིན་པ་དང་། ཕོ་མོ་གཉིས་ཀ་ལོ་བཅོ་ལྔ་དང་བཅུ་དྲུག་བར་དུ་ ངོས་འཛིན་པ། ཕོ་ལོ་བཅོ་ལྔ་དང་མོ་ལོ་བཅུ་དྲུག་བར་དུ་ངོས་འཛིན་པ། ཕོ་ལོ་བཅོ་

ལྔ་དང་མོ་ལོ་བཅོ་བརྒྱད་བར་དུ་ཚད་འཇོག་པ་བཅས་བྱུང་འདུག་པའང་བོད་ཡུལ་

གྱི་ས་ཁུལ་སོ་སོའི་སྤྱི་ཚོགས་དང་རང་བྱུང་སྐྱེ་ཁམས་ཀྱི་རྣམ་འགྱུར་དང་བསྟུན་ ངོས་འཛིན་ཅི་རིགས་ཤིག་བྱས་ཡོད་པ་གསལ་བོར་རྟོགས་ཐུབ་པ་འདི་ལ།

གཞན་ཡང་དེང་དུས་ཀྱི་སེམས་ཁམས་རིག་པ་བ་དང་། སློབ་གསོ་སྨྲ་བ།

སྐྱེ་ལུགས་རིག་པ་བ་བཅས་ཀྱིས་བྱིས་པའི་དུས་སྐབས་ངོས་འཛིན་དང་བྱིས་པའི་ ན་ཚོད་ལ་རབ་དབྱེའི་བསྡོམས་ཚིག་བཞག་སྟངས་ལྟར་ན། བྱིས་པའི་དུས་སྐབས་

རིམ ་པ་གསུམ་དུ་དབྱེ ་བ་ནི། ནུ་ཞོ་ བསྣུན་པའི་ སྐབས་དང་ཕྲུ་གུ་ཆུང་ཆུང་གི་

སྐབས། ན་ཆུང་གི་སྐབས་བཅས་ཡིན་ཞིང་། ལོ་ཡི་ཚད་བཀག་ནི་གཅིག་ནས་བཅོ་

ལྔ་བར་ཡིན། དེ་ཡང་ཐོག་མའི་ཕྲུ་གུའི་དུས་ལོ་གསུམ་ནས་བདུན་བར་དང་། བྱིས་ པའི་དུས་ལོ་བདུན་ནས་བཅུ་གཅིག་བར། ན་ཆུང་དུས་ལོ་བཅུ་གཉིས་ནས་བཅོ་ལྔ་

བར་བཅས་སུ་རིམ་པར་དབྱེ་ཚུལ་གཅིག་དང་། གཞན་དམར་འབྱར། ན་གཞོན་གྱི་ སྐབས། དར་མ་བཅས་དུས་སྐབས་གསུམ་དུ་དབྱེ་ཚུལ་ཞིག་ཀྱང་ཡོད་ལ། བྱིས་ པའི་སློབ་གསོ་མྱོང་སྟངས་ཀྱི་གོ་རིམ་ལ་བསམ་ནས་གོག་འགྲོས་ཀྱི་དུས། སློབ་ ལོ་མ་སོན་པའི་དུས། སློབ་འགོ་ཚུགས་པའི་དུས། བཅུ་ལོ་སོན་ཙམ་གྱི་དུས་བཅས་ སྐབས་བཞི་རུ་དབྱེ་བའང་ཡོད་དོ། །

45 བྱེ་བྲག་རྟོགས་བྱེད་ཆེན་མོ། སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་པས་བསྒྲིགས་པ། བོད་གཞུང་ཤེས་རིག་དཔར་ ཁང་། ཤོག་ངོས། ༡༥༡


བོད་ཀྱི་བྱིས་པའི་རྩོམ་རིག

21

ས་བཅད་གཉིས་པ། བྱིས་པའི་རྩོམ་རིག་ངོས་འཛིན་སྐོར། དང་པོ། བྱིས་པའི་རྩོམ་རིག་གི་ཁུངས་བསྟན་པ།

བྱ་བ་དང་དངོས་པོ་གང་ཅི་ཡང་རུང་། དེ་ཡི་ཁུངས་མཐའ་གཅིག་ཏུ་གཏན་ཁེལ་ བྱེད་རྒྱུ་ནི་ཧ་ཅང་རྙོག་འཛིང་ཆེ་ཞིང་དཀའ་ཚེགས་ཆེ་བ་ཞིག་རེད་མོད། ལྟོས་

འཇོག་གི་ཚད་གཞི་ཞིག་དགོས་པའང་འཇིག་རྟེན་རིལ་མོ་འདི་འཁོར་བསྐྱོད་ཀྱི་ བགྱི་བ་འགངས་ཆེན་ཞིག་ཏུ་སོང་། མཚམས་འདིར་བྱིས་པའི་རྩོམ་རིག་གི་ཁུངས་ ཙམ་སྟོན་པར་ཤུགས་སྣོན་བྱ་རྒྱུ་ཡིན།

བྱི ས ་པའི ་ རྩོ མ ་རི ག ་ནི ་ དམངས་ཁྲོ ད ་རྩོ མ ་རི ག ་གི་ ཁོ ངས་སུ་གཏོ གས་པ་

ཞིག་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཀུན་གྱི་དམངས་ཁྲོད་རྩོམ་རིགས་མ་ལུས་

པ་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་། སྤྱི་ཚོགས་ འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་གསར་གཏོད་བྱས་ཏེ་དམངས་ཁྲོད་དུ་ཁྱབ་པ་

དང་། ངག་ཐོག་ནས་བརྒྱུད་དེ་ཡོང་བའི་གཏན་ཆགས་རང་བཞིན་གྱི་རྩོམ་རིག་གི་

རྣམ་གྲངས་ཤིག་ཏུ་བརྗོད་པ་ལྟར། བོད་ཀྱི་བྱིས་པའི་རྩོམ་རིག་གིས་གནའ་ནས་ བརྒྱུད་པའི་ལམ་ཡང་དེ་ལས་གཞན་མ་མཆིས་ལ། བརྒྱུད་ལམ་དེ་ཡི་ཁྲོད་ནས་ད་ ལྟའི་ཆར་ངོམ་རུང་བའི་གྲུབ་འབྲས་ཤིག་བླངས་ཡོད་པ་ནི། བྱིས་པའི་རྩོམ་རིག་

ཉིད་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཞན་གང་ལའང་མ་བརྟེན་


22

ཉམས་ཞིབ་དེབ་ཕྲེང་། ༢

མ་འདྲེས་པར་རྩོམ་རིགས་རང་རྐྱ་བ་ཞིག་གི་རྣམ་པར་འཕོས་འདུག་པ་དེའ ོ། །

དེ་ཡང་ནུབ་ཕྱོགས་པའི་བྱིས་པའི་རྩོམ་རིག་ལོ་རྒྱུས་སུ་བྱིས་པའི་རྩོམ་རིག་

ནི་ཕྲུ་གུ་ཚོར་སྐུལ་སློང་གི་ཁྱད་ནུས་འདོན་ཞིང་བོངས་ཆེ་བའི་རྩོམ་རིག་གི་ཕུང་བོ་ ཞིག་ཏུ་གྲུབ་ཡོད་ལ། ད་ལྟའི་ཆར་ན་ཆུང་ཀློག་པ་པོ་རྣམས་ཀྱིས་རང་ཉིད་ཀྱི་ཕྱིར་

རྟོག་བཟོ་བྱས་པའི་ཆེད་ལས་བརྩམས་ཆོས་སྟོང་ཕྲག་དུ་མར་གདམ་ང་བྱས་ཆོག་ ཅིང་། བརྩམས་ཆོས་དེ་དག་གི་ཁོངས་སུ་དམངས་ཁྲོད་རྩོམ་རིགས་གཅེས་བཏུས་ དང་། སྙན་ཚིག་གཏམ་རྒྱུད། མི་སྣའི་ལོ་རྒྱུས་ཁག གཞན་ཡང་སྤྱི་ཚོགས་ཚན་

རིག་དང་། ཚན་རིག་སྒྱུ་རྩལ་སྐོར་གྱི་གནས་ཚུལ་ངོ་སྤྲོད་དཔེ་དེབ་བཅས་འདུས་ པའི་1<<ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག>>ཅེས་པར་བཀོད་ཡོད་མོད། བོད་ཀྱི་ རྩོམ་རིག་ལོ་རྒྱུས་སུ་ཕྱིར་མིག་བལྟས་ན་བོད་ཀྱི་གནའ་རབས་རྩོམ་རིགས་ལས་ དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྱིས་པའི་རྩོམ་ཡིག་ཙམ་ལས་རྩོམ་ཡིག་དེ་དག་

གི་རྣམ་པ་དང་རིགས། རྩོམ་གྱི་ལོ་རྒྱུས་སོགས་དམིགས་སུ་བཀར་ནས་བརྗོད་པ་ མེད་ལ། ལྷག་པར་དུ་བྱིས་པའི་རྩོམ་རིག་གི་ངོ་བོ་ངོས་འཛིན་གྱིས་བརྗོད་པའི་རྩོམ་

རིག་ནི་མེད་རྐྱེན། བོད་ཀྱི་གནའ་རབས་རྩོམ་རིག་ལས་བྱིས་པའི་རྩོམ་ཡིག་གི་ངོ་

བོ་ངོས་བཟུང་དུ་བརྗོད་པ་འདིར་འདྲེན་རྒྱུ་དཀའ་ཡང་། 2<<བཀའ་འཆེམས་ཀ་ཁོལ་ མ>>ལས། དེ་ལ་སྒྲུང་ནི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱང་ཟེར། རྒྱལ་བོ་སྤྱི་བོ་

སྐྱེས་ཀྱིས་གཏམ་རྒྱུད་ལ་སོགས་པ་དང་། བྱིའུ་སྒྲུང་དང་སྤྲེའུ་སྒྲུང་། དེ་ལ་སོགས་ པའི་གཏམ་རྒྱུད་མང་དུ་གསུངས་པའི་བྱིའུ་སྒྲུང་དང་སྤྲེའུ་སྒྲུང་ཞེས་དང་། 3<<ཆོས་ 1 ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག འཕྲུལ་དེབ། ཕྲན་གྱིས་སྒྱུར་སྒྲིག་བྱས། ཤོག་ངོས། ༨

2 བཀའ་འཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལེའུ་དང་པོ། ལོངས་སྤྱོད་རྫོགས་པའི་སྐུས་ འདུལ་བ། ཤོག་ངོས། ༦

3 ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་


བོད་ཀྱི་བྱིས་པའི་རྩོམ་རིག

23

འབྱུང་མཁས་པའི་དགའ་སྟོན>>ལས། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་

དར། །རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་པའི་

སྒྲུང་སོགས་ཉན་བཤད་དང་། ཞེས་གསུངས་པ་དེ་ལ་4<<སྒྲུང་ལྡེའུ་བོན་གསུམ་གྱི་

གཏམ་ཨེ་མ་ཧོ>>རུ། མཆིལ་པའི་སྒྲུང་ནི་ནམ་རྒྱུན་<<བྱ་དཔེ་བྱེའུའི་སྒྲུང>>ཞེས་ གྲགས་པ་བོད་མི་རྒན་གཞོན་ཀུན་གྱི་ངག་ནས་ཤོད་ཆོག་ཆོག་ཏུ་ཡོད་པ་དེ་རིགས་ ཀྱི་ནང་ནས་གནའ་བོའི་དུས་སུ་ཆེས་གྲགས་པ་ནི། མཆིལ་རྒན་རྒྱ་བོའི་སྒྲུང་དེ་

རིགས་ཡིན་པར་ངེས་ལ། དེའི་རྒྱུ་མཚན་གྱིས་ཆོས་འབྱུང་མཁས་པའི་དགའ་སྟོན་ དུ་<<མཆིལ་པའི་སྒྲུང>>ཞེས་བཀོད་པ་ཡིན། བྱ་དཔེ་བྱེའུའི་སྒྲུང་ཞེས་པ་དེ་ནི་བྱ་ དང་བྱེའུ་ཁོ་ནར་མ་ཟད། སྒྲུང་དེའི་ཁོངས་སུ། སྤྲེའུ་དང་། རི་བོང་སོགས་རི་དྭགས་

ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་སོགས་གཅན་གཟན་གྱི་རིགས་དང་། བུང་བ་དང་

ཕྱེ་ལེབ་སོགས་འབུ་རིགས་ཀྱི་སྒྲུང་སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ ཞིག་ཚུད་ཡོད། ཅེས་འགྲེལ་ཡོད། འདི་ཉིད་ཁོངས་སུ་བྱས་ཏེ་5<<བོད་ཀྱི་དམངས་ ཁྲོད་རྩོམ་རིག་གི་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས>>ཞེས་བྱ་བ་རུ། བྱིས་

སྒྲུང་། དེ་ལ་བྱ་དཔེ་བྱིའུ་སྒྲུང་ཡང་ཟེར་ཏེ། སྒྲུང་ཚོགས་ཤིག་ལ་གོ་དགོས། དེའི་

ནང་བྱ་བྱིའུ་ཁོ་ནར་མ་ཟད། སྤྲེའུ་དང་རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་ གེ ་ དང་ཝ་མོ ་ སོ ག ས་གཅན་གཟན་གྱི ་ སྒྲུང་། བུང་བ་དང་ཕྱེ ་ ལེ བ ་སོ ག ས་འབུ་

རིགས་ཀྱི་སྒྲུང་སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་འདུས། དེ་དག་ལ་ འཕྲུལ་སྣང་དང་སྒྲོ་བཏགས། འུད་བརྗོད་མང་བ་ནི་བྱིས་པའི་བསམ་བློ་དང་མཐུན་ ཁང་། ༡༦༤

4 སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། ནམ་མཁའི་ནོར་བུ། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། ༦༨ 5 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༨༣

འབའ་སྟོད་པདྨ་དབང་


24

ཉམས་ཞིབ་དེབ་ཕྲེང་། ༢

པས། བྱིས་པ་རྣམས་ལ་ཀུན་སྤྱོད་དང་ཤེས་རིག་བཅས་ཀྱི་སློབ་གསོ་གཏོང་བའི་

བྱ་ཐབས་ཤིག་ཡིན་ཞེས་གསུངས་ཏེ། དོན་ལ་སྔར་གྱི་<<བཀའ་འཆེམས་ཀ་ཁོལ་ མ>>ཡི་ནང་བཀོད་བྱེའུ་སྒྲུང་དང་སྤྲེའུ་སྒྲུང་དང་། <<ཆོས་འབྱུང་མཁས་པའི་དགའ་

སྟོན>>གྱི་ནང་དུ་བཀོད་པའི་མཆིལ་པའི་སྒྲུང་། དེ་ནས་<<སྒྲུང་ལྡེའུ་བོན་གསུམ་གྱི་

གཏམ་ཨེ་མ་ཧོ>>རུ་མཆིལ་པའི་སྒྲུང་ནི་ནམ་རྒྱུན་བྱ་དཔེ་བྱེའུའི་སྒྲུང་དུ་གསུངས་ པ་བཅས་བོད་ཀྱི་གནའ་སྔ་མོའི་བྱིས་སྒྲུང་དུ་ངོས་བཟུང་ཞིང་། བོད་ཀྱི་བྱིས་སྒྲུང་ གི་རྣམ་པ་དང་ནང་དོན། རིགས་སོགས་ཟུར་འདོན་གྱིས་ངོས་འཛིན་བྱས་པར་

སྣང་ཡང་། དོན་ལ་ང་ཚོས་བོད་ཀྱི་གནའ་བོའི་བྱིས་པའི་རྩོམ་རིག་གི་ངོས་འཛིན་ དུའང་བསྙད་ཆོག་སྟེ། 6<<བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ>>རུ། ལར་ བོད་མི་རིགས་ནི་ཆུང་བྱིས་པ་སོ་དཀར་ཡན་ནས། རྒན་ན་ལོན་དབུ་དཀར་མན་ ཆད་ཚང་མ་སྒྲུང་འཆད་ཉན་བྱེད་པ་ལ་ལྷག་པར་དགའ་བའི་མི་རིགས་ཤིག་ཡིན་

པ་དང་། ཁོམ་དུས་ཡོད་རིགས་སུ་སྒྲུང་འཆད་ཉན་ལ་བརྟེན་ནས་རང་གི་འཚོ་བ་ འཁྲུག་ཏུ་གཏོང་བ་དང་སྤྲོ་བ་འཕེལ་བར་བྱེད་པའི་གོམས་གཤིས་ངོ་མཚར་ཅན་ ཞིག་ཡོད་པར་བརྟེན་སྔར་ནས་ད་བར་དུ་དུས་རབས་མི་འདྲ་བ་སོ་སོར་སྒྲུང་རྒྱུད་ ནམ་མཁའི་སྐར་ཚོགས་བཞིན་བགྲང་གིས་མི་བཟོད་པ་གསར་རྩོམ་མཛད་པར་

རྦད་དེ་ཡིད་ཆེས་བྱེད་ཆོག་ཅེས་གསུངས་པ་ལྟར། སྤྱིར་བོད་མི་སྒྲུང་ལ་དགའ་བ་ དང་། ལྷག་པར་དུ་མི་རྒན་པས་གཞོན་པ་ཚོར་སྒྲུང་ཤོད་པ། ཕ་མས་དགོང་མོ་ཉལ་

མ་ཐག་བྱིས་པ་ཚོར་སྒྲུང་བཤད་པའི་གནའ་སྲོལ་མ་ཉམས་པར་ཡོད་པ་མ་ཟད། བོད་ཀྱི་གནའ་རབས་ཀྱི་བྱིས་པའི་རྩོམ་རིགས་ལ་མཚོན་ན་རྣམ་པ་བྱིས་གླུ་དང་ 6 བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ། སྟོད་ཆ། ལྷག་པ་ཆོས་འཕེལ་གྱིས་བརྩམས། བོད་ལྗོངས་མི་ དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༢༠༢


བོད་ཀྱི་བྱིས་པའི་རྩོམ་རིག

25

ཁེད་ལའང་ནང་དོན་གྱི་ཆ་ནས་སྒྲུང་ཤེད་ཆེ་བ་རྐྱང་ཡིན་པ་ནི་བྱིས་གླུ། <<ཨ་བུ་བྱིའུ་ཆུང་>>

7

ཨ་བུ་བྱིའུ་ཆུང་། ཁྱོད་ཀྱི་ཨ་མ་བྲག་གན་གི་ཕར་ནང་ན་ཡོང་གོ་ཀི ཨ་བུ་བྱིའུ་ཆུང་། ཁྱོད་གྲང་དུས་ཚེར་མའི་མགོ་ནས་སྡོད་དང་། ཨ་བུ་བྱིའུ་ཆུང་། ཁྱོད་ལྟོགས་དུས་ཐང་གི་རྒུན་འབུ་ཐུས་དང་། ཨ་བུ་བྱིའུ་ཆུང་ལྟ་བུ་དང་། 8

<<ཨ་འགུག་འགུག་དྲུག>>

འདོ་རིག་རྟ་བོ་སྲབ་ཀྱིས་འགུག ། བོང་ཚེ་ཀ་མ་ཆས་ཀྱིས་འགུག །

ཐང་དཀར་རྒོད་པོ་ཐེད་ཀྱིས་འགུག ། རི་སྤྱང་སྔོན་མོ་གཟན་གྱིས་འགུག །

ཐུལ་དཀར་འབྲི་མོ་སྐད་ཀྱིས་འགུག །

ཁྱུང་དཀར་མཛོ་ཆུང་སྣ་ཡིས་འགུག །

ཅེས་པ་སོགས་ཀྱིས་མཚོན་ལ། བྱིས་པའི་རྩོམ་རིགས་ལས་གཏོས་ཆེ་བ་

དང་། ཁྱབ་ཆེ་བ། དར་སྔ་བ་བཅས་ཀྱང་བྱིས་སྒྲུང་ཡིན་ལ། བྱིས་སྒྲུང་ནི་ལོ་རྒྱུས་

ཡིག་ཐོག་གི་བོད་ཀྱི་བྱིས་པའི་རྩོམ་རིག་གི་མ་རྐང་དང་ཁུངས་སུ་བགྲང་ཆོག་སྙམ། 7 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༤ ལོའི་དེབ་དང་པོ། ཤོག་ངོས། ༧༤

8 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༨


26

ཉམས་ཞིབ་དེབ་ཕྲེང་། ༢

གཉིས་པ། བྱིས་པའི་རྩོམ་རིག་གི་ཡ་ཐོག་བརྗོད་པ།

བོད་ཀྱི་བྱིས་པའི་རྩོམ་རིག་ནི་ཕ་མ་དང་བུ་ཕྲུག་བྱུང་བའི་དུས་མཉམ་དུ་བྱུང་བ་

རེད་ཅེས་བརྗོད་ཀྱང་འུར་དང་ཤོབ་ཏུ་ཨེ་འགྱུར་སྙམ། དེ་ཡང་བོད་ཡུལ་སྟོད་སྨད་ བར་གསུམ་གྱི་ཁྱིམ་སྒོ་རེ་རེ་ན་འགུག་དང་སྒྲ་མི་འདྲ་བ་ཙམ་ལས། བྱིས་པ་གཉིད་ འགུག་པའི་གླུ་གདངས་ཁོ་ན་ཅན་ཏེ། ལོ་ལོ་་་ལོ་་་འོ། ཟེར་བ་དང་། ཡོ་ཡོ་་་ཡོ་་

་འོ། ཟེར་བ། འུམ་འུམ་་་འུམ་་འུམ་སོགས་ལྟ་བུ་དོན་ཅི་ཡང་མེད་པའི་གདངས་

ཙམ་བསྐྱར་ཟློས་ཀྱིས་རིང་འཐེན་བྱེད་པ་དུས་ད་ལྟའང་གོ་རྒྱུ་འདུག་པས་ཤེས་ལ། འདི་ནི་ཕ་མ་དང་བུ་ཕྲུག་བྱུང་སྐབས་ནས་ཕ་མས་བྱིས་པའི་སེམས་རྒྱ་ཡན་དུ་མི་

འགྲོ་བར་ནང་དུ་བསྡུས་ཏེ་གཉིད་ཁུག་ཆེད་གསར་རྩོམ་བགྱིས་པའི་དབྱངས་ཀྱི་

འདེགས་འཇོག་གི་མགོ་མཇུག་ཡོངས་སུ་ཚང་བའི་གདངས་གླུ་རིང་མོ་ཞིག་ཡིན་ པ་དང་། བོད་ཀྱི་བྱིས་པའི་རྩོམ་རིག་གི་ཐོག་མའི་རྣམ་པ་རང་རྐྱ་བ་དེ་རུ་བགྲང་ ཆོག་སྟེ། རྒྱ་ནག་གི་མཁས་པ་ཆེན་པོ་ལུའུ་ཞུན་གྱིས་ཧང་ཡོ་ཧང་ཡོ་ཞེས་པ་དེ་

རྩོམ་རིག་གི་ཐོག་མའམ་འབྱུང་ཁུངས་སུ་འདོད་པ་དང་། བོད་ཀྱི་མཁས་པ་ལ་ལ་ ཞིག་གིས་ཀྱང་རྩོམ་རིག་གི་ཐོག་མ་སྙན་ངག་ནས་དབུ་བརྙེས་པའི་སྤྱི་འགྲོས་ལྟར་

བོད་ལའང་ཡིད་ཀྱི་འགྱུར་བ་བརྗོད་པའི་སྙན་ངག་ཀི་ཀི་བསྭོ་བསྭོ་ལྟ་བུ་ཡོད་པར་ འདོད་དེ་སྙན་ངག་གམ་རྩོམ་རིག་གི་ཐོག་མ་སྒྲ་ཙམ་མམ་སེམས་ཀྱི་ཚོར་འདུ་ཙམ་

མཚོན་པའི་གདངས་དབྱངས་ལ་བཤད་པ་དེས་ན། བོད་ཀྱི་བྱིས་པའི་རྩོམ་རིག་ གི་ཐོག་མའི་རྣམ་པའང་རྩོམ་རིག་གི་སྤྱི་འགྲོས་ཀྱི་ཐོག་མ་དང་མགོ་མཚུངས་བྱས་ ཆོག་པ་ཞིག་ཅིས་ཀྱང་རེད་སྙམ།


བོད་ཀྱི་བྱིས་པའི་རྩོམ་རིག

27

གོང་དུ་བརྗོད་པ་ལྟར་ད་ལྟ་ཡིག་ཐོག་ཏུ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་

དག་ཏུ་བོད་ཀྱི་རྩོམ་རིག་གི་འགོ་ཁུངས་བསྙད་དེ་ཡོད་པ་དང་བསྡུར་ཏེ་བཤད་ན། 9

<<བཀའ་འཆེམས་ཀ་ཁོལ་མ>>རུ་དེའི་སྐབས་སུ་རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་གཏམ་

རྒྱུད་དང་། བྱའི་སྒྲུང་། སྤྲེའུ་སྒྲུང་དང་། དེ་ལ་སོགས་པའི་གཏམ་རྒྱུད་མང་བར་

བཤད་པ་དང་། 10<<ཆོས་འབྱུང་མཁས་པའི་དགའ་སྟོན>>ལས། མདོ་སྡེ་འབྱུང་ བའི་སྔ་ལྟས་སུ་སྒྲུང་རྣམས་དར། །རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་

ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་ ལྟས་ལྡེའུ་སྤྲོད། སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ ཅིང་རྒྱགས་ཅི་ཡིན། ཞེས་འདྲི་བ་སོགས་སྟེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་

གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་ཡིས་བོད་རྣམས་ཅུང་ཙམ་བློ་ཁ་ཕྱེ། ། རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས། །ཞེས་དང་། 11<<ལ་དྭགས་རྒྱལ་ རབས>>སུ། དེའི་སྲས་དེ་ཤོ་ལེགས། འདིའི་རིང་ལ་གླུ་དང་བྲོ་དར། གཉིས་ནི་བོད་

ཀྱི་རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་བྱུང་བ་ཡིན་ཟེར་ཡང་། ཏུན་ ཧོང་ཡིག་ཚང་དུ་བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་རིང་ལ་བྱུང་བའི་ མགུར་ཡོད་པས། གླུ་བྱུང་བའི་དུས་སྐབས་ནི་དེ་དག་ལས་ཀྱང་ཤིན་ཏུ་སྔ་བ་རིག་ པས་གྲུབ་འདུག་ཅེས་དང་།

12

<<བཀའ་ཐང་སྡེ་ལྔའི>>ནང་། རྗེ་གཅིག་གཉའ་

9 བཀའ་འཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༦

10 ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། ༡༦༤

11 ལ་དྭགས་རྒྱལ་རབས། རྩོམ་སྒྲིག་འགན་འཁུར་བ་ཆོས་འཛོམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༢༩

12 བཀའ་ཐང་སྡེ་ལྔ། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༡༡༥


28

ཉམས་ཞིབ་དེབ་ཕྲེང་། ༢

ཁྲི་བཙན་པོའི་སྐུ་རིང་ལཿ ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་ཿཞེས་བཀོད། 13

<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད>>དུ། བོད་ཀྱི་རྒྱལ་པོ་ལ་སྔ་བ་

རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་ཀུགས་དང་། བྲོ་གར་དང་། གླུ་གཞས་དང་། ཤོན་རྩེད་

དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ། །ཞེས་བོད་ཀྱི་རྗེ་བོ་ཐོག་མ་གཉའ་

ཁྲི་བཙན་པོ་བར་དུ་གཏུགས་ཡོད་པའི་སྒྲུང་དག་འཇོག་དགོས་མོད། མིའི་རིགས་

ཀྱི་སྐྱེ་འཕེལ་གྱི་གོ་རིམ་གྱི་དབང་དུ་བྱས་ན་ཆེས་ཐོག་མར་ངག་ནས་བརྡོལ་བའི་ གླུ་དང་རྩོམ་ཡིན་དགོས་ཏེ། དེ་ཡང་བོད་ཀྱི་རྩོམ་རིགས་ཀྱི་ཆུ་མགོ་རུ་གྱུར་པའི་ དམངས་ཁྲོ ད ་རྩོ མ ་རི ག ་གི ་ ཁྱབ་ཁོ ང ས་སུ་ཡི ག ་ཐོ ག ་ཏུ་ཐོ ན ་པ་ 14<<ཨ་ཆགས་ ཆགས་ལ་ཆགས་དགུ>>

མཚོ་ཡི་ཐོག་ལ་རྡུལ་ཆགས། ། རྡུལ་གྱི་ཐོག་ལ་ཆུ་ཆགས། ། ཆུ་ཡི་ཐོག་ལ་དར་ཆགས། །

དར་གྱི་ཐོག་ལ་ས་ཆགས། ། ས་ཡི་ཐོག་ལ་རྟ་ཆགས། ། རྟ་ཡི་ཐོག་ལ་སྒ་ཆགས། །

སྒ་ཡི་ཐོག་ལ་མི་ཆགས། །

13 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

ཉང་ཉི་མ་འོད་ཟེར་གྱིས་བརྩམས།

ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། ཁང་ནས་བསྐྲུན། ཤོག་ངོས། ༡༦༠

བོད་རང་སྐྱོང་ལྗོངས་སྤྱི་

བོད་ལྗོངས་མི་དམངས་དཔེ་སྐྲུན་

14 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་གཉིས་ཀྱིས་གཙོ་སྒྲིག་ བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༨༣


མི་ཡི་ཐོག་ལ་ཞྭ་ཆགས། །

བོད་ཀྱི་བྱིས་པའི་རྩོམ་རིག

29

ཞྭ་ཡི་ཐོག་ལ་ཏོག་ཆགས།། ཞེས་དང་།

<<ཨ་མཚར་མཚར་ལ་མཚར་དགུ>>

15

རི་འདི་བརྩིག་ནི་མེད་ལ་མཐོ་ནོ་ལྟོས་དང་ཨ་མཚར་མཚར། །

ཆུ་འདི་འདེད་ནི་མེད་ལ་མགྱོགས་ནོ་ལྟོས་དང་ཨ་མཚར་མཚར། ། རྡོ་འདིར་ཕ་མ་མེད་ལ་མང་ནོ་ལྟོས་དང་ཨ་མཚར་མཚར། །

གནམ་འདི་འགྱོག་ནི་མེད་ལ་མཐོ་ནོ་ལྟོས་དང་ཨ་མཚར་མཚར། ། ཐང་འདི་བརྡལ་ནི་མེད་ལ་བདེ་ནོ་ལྟོས་དང་ཨ་མཚར་མཚར། །

རྩྭ་འདི་འདེབས་ནི་མེད་ལ་སྐྱེས་ནོ་ལྟོས་དང་ཨ་མཚར་མཚར། །

རླུང་འདི་སྤུར་ནི་མེད་ལ་གཡུག་ནོ་ལྟོས་དང་ཨ་མཚར་མཚར། །

མཚོ་འདི་སྐྱིལ་ནི་མེད་ལ་འཁྱིལ་ནོ་ལྟོས་དང་ཨ་མཚར་མཚར། ། མེ་འདི་སྒྲོན་ནི་མེད་ལ་འབར་ནོ་ལྟོས་དང་ཨ་མཚར་མཚར། །

སོ ག ས་ད་ལྟ་བོ ད ་ཀྱི ་ དམངས་རྩོ མ ་ཞི བ ་འཇུག་པ་དག་གི ས ་བྱི ས ་གླུ་རུ་

བགྲངས་པ་དག་ནི་བོད་གངས་ཅན་གྱི་ཡུལ་དུ་འཚོ་བ་རོལ་བའི་གདོད་མའི་མི་ རྣམས་ཀྱི་ཐུན་མོང་གི་བློ་གྲོས་ལས་བྱུང་བ་ཡིན་ལ། ནང་དོན་ལ་གཞིགས་ན་གོང་ གི་ལོ་རྒྱུས་ཡིག་ཚང་གི་དཔེ་འཇོག་རྩོམ་རིགས་དེ་དག་ལས་ཀྱང་སྔ་བའི་གནའ་སྔ་

མོའི་མིའི་རིགས་འཚོལ་རྟོག་གི་བསམ་བློའི་སྤྱི་སྒྲོམ་དུ་གོ་ཐུབ་པ་གསལ་ལ། བོད་ གདོད་མའི་མིའི་བློ་ཚད་དུ་འཇོག་པའི་<<སྲིད་པ་ཆགས་གླུ>>དང་<<སྲིད་པའི་བ་ ཆུང་བཤའ་གླུ>>སོགས་གནས་དུས་གཅིག་ཏུ་བྱུང་བའང་གོ་བ་དང་། བོད་གནའ་ 15 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་གཉིས་ཀྱིས་གཙོ་སྒྲིག་ བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༦


30

ཉམས་ཞིབ་དེབ་ཕྲེང་། ༢

བོའི་བྱིས་སྒྲུང་སྟེ། བྱ་དཔེ་བྱིའུ་སྒྲུང་ཞེས་པ། 16<<བོད་ཀྱི་དམངས་ཁྲོད་རྩོམ་རིག་

སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས>>ཞེས་བྱ་བ་རུ་དེ་ལ་བྱ་དཔེ་བྱིའུ་སྒྲུང་

ཡང་ཟེར་ཏེ། སྒྲུང་ཚོགས་ཤིག་ལ་གོ་དགོས། དེའི་ནང་བྱ་བྱིའུ་ཁོ་ནར་མ་ཟད། སྤྲེའུ་ དང་རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་སོགས་འབུ་རིགས་

ཀྱི་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་འདུས། དེ་དག་ལ་འཕྲུལ་སྣང་དང་ སྒྲོ་བཏགས། འུད་བརྗོད་མང་བ་ནི་བྱིས་པའི་བསམ་བློ་དང་མཐུན་པས། བྱིས་པ་ རྣམས་ལ་ཀུན་སྤྱོད་དང་ཤེས་རིག་བཅས་ཀྱི་སློབ་གསོ་གཏོང་བའི་བྱ་ཐབས་ཤིག་ ཡིན་ཞེས་གསུངས་པ་འདི་དག་ཐམས་ཅད། ནང་དོན་དང་རྣམ་པ་གཉིས་ཐད་ནས་

ལོ་རྒྱུས་ཡིག་ཚང་དང་རྩོམ་རིག་ལོ་རྒྱུས་སུ་བོད་ཀྱི་དར་མ་དང་རྒན་པའི་རྩོམ་རིག་ གི་ཐོད་དུ་བཞག་པའི་ཡིག་ངག་གཉིས་ཐོག་གི་རྩོམ་གྱི་གོང་དུ་མ་བཞག་རུང་ལྷན་

དུ་བཞག་ཆོག་ལ། དཔལ་དོན་གྲུབ་རྒྱལ་གྱིས་17བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ། བོད་ གངས་ཅན་གྱི་ཡུལ་དུ་སྤུར་རྒྱལ་གོང་དུ་མངའ་མཛད་ཆེན་པོ་དྲུག་སོགས་བྱུང་མྱོང་

བར་བཤད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ཆབ་སྲིད་སྒྲུང་ དང་ལྡེའུ་གཉིས་ཀྱིས་བསྐྱངས་པ་ཡིན་ཟེར། སྒྲུང་དང་ལྡེའུ་གཉིས་ནི་བོད་གནའ་ རབས་ཀྱི་གདོད་མའི་ཆོས་ལུགས་གཉིས་ཡིན་ལ། བོད་གནའ་རབས་ཀྱི་གདོད་

མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་རྩོམ་རིག་རིགས་མི་འདྲ་ བ་གཉིས་ཀྱང་རེད། སྐབས་འདི་ལ་<<མ་སངས་ཀྱི་སྒྲུང>> དང་<<མཆིལ་པའི་ སྒྲུང>>སོགས་ཡོད་པར་མ་ཟད། ད་དུང་<<སྲིད་པ་ཆགས་གླུ>> དང་<<ཨ་ཆགས་ 16 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་པར་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༠༦

འབའ་སྟོད་པདྨ་དབང་

17 དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་གསུམ་པ། དཔྱད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༣༢༣


བོད་ཀྱི་བྱིས་པའི་རྩོམ་རིག

31

ཆགས་ལ་ཆགས་དགུ>> <<ཨ་མཚར་མཚར་ལ་མཚར་དགུ>>སོགས་ཀྱི་གླུ་ཡང་ ཡོད་ཅེས་གསུངས་པ་ལས་ཀྱང་གོ་ནུས་སོ། ། 18

གཞན་བོ ད ་ཀྱི ་ རྩོ མ ་རི ག ་སྨྲ་བ་གྲགས་ཅན་ཡི ་ དམ་ཚེ ་ རི ང ་ལགས་ཀྱི ས ་

<<སྙན་ངག་གི་བླ་སྲོག་བཤད་པ>>ལས། སྙན་ངག་ནི་མིའི་རིགས་ཀྱི་སེམས་

གཏིང་ནས་ཐོན་པའི་གདངས་དབྱངས་ཤིག་ཡིན་ཏེ། མ་ཡིས་བུ་ལ་ནུ་ཞོ་བསྣུན་

པའི་དུས། སྤྲོ་སེམས་དབང་མེད་འཁོལ་བའི་སྙན་གླུ་ལེན། བྱིས་པ་བདེ་མོ་གཉིད་

ལ་ཡུར་བའི་ཚེ། རེ་ལྟོས་སྣ་གླུ་སྙན་མོས་ཡིད་སེམས་གསོ། ཞེས་གསུངས་པའི་ བོད་མིའི་ངག་རྒྱུན་དུ་ཡོད་པའི་བྱིས་པ་གཉིད་འགུག་པའི་གླུ་ནི་བོད་ཡུལ་སྟོད་ སྨད་ཀུན་ཏུ་གནའ་སྔ་མོ་ནས་ཨ་མ་བྱམས་སེམས་ཅན་དག་གི་ངག་ལས་བརྡོལ་བ་

ཞིག་སྟེ། 19<<བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ>>ལས་ད་དུང་རྒྱུན་དུ་བྱིས་པའི་

མིག་ལ་གཟུགས་མཛེས་པོ་བསྟན་པ་དང་། གཏམ་དང་གཞས་ལྟ་བུའི་ངག་སྙན་མོ་ དག་ཀྱང་རྣ་བར་བསྒྲགས་ན་ཕན་པ་ཡིན་པས། སྔ་མོའི་ལུགས་སྲོལ་དུ་བྱིས་པའི་ ཆེ་ཆུང་དང་དོན་གོ་མིན་ལ་མ་ལྟོས་པར་དུས་རྒྱུན་དུ་རྣ་རུ་སྐད་ཆ་བཤད་པ་དང་།

ལུས་ཀྱིས་ཀྱང་རྣམ་འགྱུར་འདྲ་མིན་གྱིས་བག་བྲོ་བར་བྱེད་པ་ཡིན། ད་དུང་གཞས་ ཚིག་ཀྱང་ཡོད་པ་ནི། བོད་དབུས་གཙང་སྟོད་ཕྱོགས་སུ། ཨོ་ལོ་ཨོ་ལོ། ཕྲུ་གུ་འདི་ལ་གཉིད་ཅིག་སྟེར། ། གཉིད་ཅིག་བརྔན་པ་རྟ་ཞིག་སྟེར། ། རྟ་བོ་ཐོང་དཀར་དར་གྱིས་བརྒྱན། །

18 ཁ་བའི་ལྗོངས། ཡི་དམ་ཚེ་རིང་གིས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༢༨

19 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོ། ཤོག་ངོས། ༢༣༦


32

ཉམས་ཞིབ་དེབ་ཕྲེང་། ༢

དར་ནག་གཡུ་ཆུང་འཕྱོ་རོ་རོ། །

ལྕགས་ཐག་རག་ཐག་སི་ལི་ལི། །

ཞེས་སོགས་མང་དུ་ཡོད་པ་དང་། མདོ་སྨད་ཕྱོགས་སུའང་དེ་འདྲ་མང་དུ་

ཡོད་དེ།

ལོ་ལོ་མ་ངུ་གཉིད་ལ་སྡོད། །

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

སྲབ་མདའ་དར་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

བག་མ་ཡོང་ན་དུང་ཞིག་སྟེར། །

དུང་ལ་དར་ཞིག་འདོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་བྱེའུ་འཛིན་ན་སྟེར། ། བྱེའུའི་རྔ་མ་གཅོད་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ཚོང་པ་ཡོང་ན་མཛོ་ཞིག་སྟེར། །

མཛོ་ལ་ཁལ་ཞིག་འགེལ་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ར་ཐོང་ཁྲ་རིལ་བཤའ་ལ་སྟེར། །

མཁལ་མ་ཚིལ་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །


གནམ་གྱི་སྐར་མ་འཛིན་ལ་སྟེར། །

བོད་ཀྱི་བྱིས་པའི་རྩོམ་རིག

33

ས་ཡི་མེ་ཏོག་འཐོག་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད། །

ཅེས་པས་མཚོན་ལ། འདི་ལྟ་བུའི་བྱིས་གླུ་དག་ནི་བོད་ཡུལ་ས་ཁུལ་རེ་འགའ་

ཙམ་མིན་པར་བོད་པ་ཡོངས་ལ་ནང་དོན་ཙམ་ལས་རྣམ་པ་དང་སྤྱོད་ཚུལ་སོགས་ ཕྱོགས་ཀུན་ནས་ཐུན་མོང་དུ་གྲགས་པ་ཞིག་དང་། དེའང་ཁ་སང་དེ་རིང་གསར་དུ་

དར་ཁྱབ་འགྲོ་བ་ཞིག་གཏན་ནས་མིན་པར། བྱིས་གླུ་འདི་དག་གི་རང་སྟེང་གི་ཁྱད་

ཆོས་དང་འཚོ་བའི་ཁྲོད་ཀྱི་བཀོལ་སྤྱོད་སོགས་ཕྱོགས་ཀུན་ནས་གནའ་སྔ་མོའི་ བོད་མི་ཡོངས་ཀྱི་ངག་རྒྱུན་དུ་གྲགས་པ་ཞིག་ཏུ་གསལ་ལོ། །

གསུམ་པ། བྱིས་པའི་རྩོམ་རིག་གི་རིགས་དགར་ཚུལ་བརྗོད་པ།

བོད་ཀྱི་བྱིས་པའི་རྩོམ་རིག་ཀྱང་གཅིག་ཁོ་ན་མ་ཡིན་པར་རྣམ་པ་དང་ནང་དོན་

གཉིས་ཀའི་ཐད་ནས་དུ་མ་ཞིག་ཏུ་འཕེལ་འགྱུར་བྱུང་ཡོད། ལྷག་པར་དུ་བོད་ཀྱི་ བྱིས་པའི་རྩོམ་རིག་གི་ནང་དོན་ནི་རྩོམ་རིག་གི་དབྱེ་སྒོ་གཞན་དང་འགྲན་ནུས་པའི་

རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ལགས་ན། བོད་ཀྱི་བྱིས་པའི་རྩོམ་རིག་གི་རྣམ་པ་དང་ ནང་དོན་གྱི་རིགས་བརྗོད་པའང་གལ་དང་དོན་ཆེ་བ་ཞིག་ཅི་ལ་མིན།

བྱི ས ་པའི ་ རྩོ མ ་རི ག ་གི ་ རི ག ས་དགར་ཚུལ་དང་དེ ་ དག་ལ་མི ང ་འདོ ག ས་

སྟངས་བཅས་ཀྱི ་ ཐད་ལ་ད་ཕན་གཅི ག ་གཅོ ད ་ཀྱི ས ་གཏན་འཁེ ལ ་བ་ཞི ག ་བྱུང་


34

ཉམས་ཞིབ་དེབ་ཕྲེང་། ༢

མེ ད ་ལ། དེ ་ ཡང་ 20<<བོ ད ་ཀྱི ་ བྱི ས ་པའི ་ རྩོ མ ་རི ག ་གི ་ རྩོ མ ་ལུས་སྐོར་གླེ ང ་ བ>>ཞེས་པ་རུ། བོད་ཀྱི་བྱིས་པའི་རྩོམ་རིག་གི་རྩོམ་ལུས་ཚིགས་བཅད་དང་

ཚིག་ལྷུག་གཉིས་སུ་དབྱེ་ཆོག ཚིགས་བཅད་ལ་དབྱེ་ན་བྱིས་གླུ་དང་ཁེད། བྱིས་

པའི་དམངས་གླུ་སོགས་དང་། ཚིག་ལྷུག་ལ་ཡང་བྱིས་སྒྲུང་དང་སྲོག་ཆགས་ཀྱི་ གཏམ་རྒྱུད། ཁ་མཚར། ལྷ་སྒྲུང་སོགས་རིགས་མང་པོ་མཆིས་སོ། །ཞེས་འཁོད་ ཡོད་ལ། 21<<བོད་ཀྱི་བྱིས་པའི་རྩོམ་རིག་གི་སྐོར་རགས་ཙམ་བརྗོད་པ>>ཞེས་ པ་རུ། སྤྱིར་བོད་རིགས་བྱིས་པའི་རྩོམ་རིག་དེ་ལྷ་སྒྲུང་དང་། བཤད་རྒྱུན། གཏམ་

རྒྱུད། རབ་བཏགས་ཀྱི་གཏམ་རྒྱུད། བྱིས་སྒྲུང་། དགོད་གཏམ། བྱིས་གླུ། ཁེད་ ལ་སོ ག ས་རིག ས་བཅུ་ཕྲག་ཁ་ཤས་ཡོད། ཅེས ་གསུངས་པ་དང་།

22

<<བོ ད་

ཀྱི ་ བྱི ས ་པའི ་ རྩོ མ ་རི ག ་རྒྱུན་འཛི ན ་དང་འཕེ ལ ་རྒྱས་ཐད་ཀྱི ་ ཐོ ག ་མའི ་ བསམ་ གཞིག>>ཅེས་པ་རུ། དེ་ལ་རྩོམ་ལུས་ཀྱི་སྒོ་ནས་དབྱེ་ན། བྱིས་པའི་སྙན་ངག་

དང་། བྱིས་པའི་ཁེད། བྱིས་པའི་གླུ། བྱིས་པའི་སྒྲུང་། བྱིས་པའི་གར། བྱིས་

པའི་དགོད་གཏམ་སོགས་རིགས་མང་ཞིང་། ཚིག་གི་ལུས་ལ་བཅད་ལྷུག་སྤེལ་ མ་ཅི ་ རི ག ས་ཀྱི ས ་བྱི ས ་པའི ་ སྐད་ཆའི ་ ཉམས་གཙི ག ས་སུ་བཟུང་། ཞེ ས ་དང་། 23

<<བོད་ཀྱི་བྱིས་གླུའི་ཁྱད་ཆོས་དང་སྒྱུ་རྩལ་རིན་ཐང་སྐོར་རགས་ཙམ་གླེང་བ>>

20 མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠༧

21 དཔྱད་རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་ལོ་འཁོར་ ༢༠ དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༣

22 བོད་ལྗོངས་ཞིབ་འཇུག བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས། ༢༠༠༧ ལོའི་དེབ་༣ ཤོག་ངོས། ༤༩

23 བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། ཕག་མོ་དོན་གྲུབ། དྲ་བྱང་། http://www.tibetanms.cn/zzwh/chchwh/gw/2012-10-20/13338_4.html


བོད་ཀྱི་བྱིས་པའི་རྩོམ་རིག

35

ཞེས་པ་རུ། སྤྱིར་བྱིས་པའི་རྩོམ་རིག་ཅེས་པ་ནི་ཁྱབ་ཤིན་ཏུ་ཆེ་ཞིང་། དེ་ལའང་

ནང་གསེས་སུ་སྙན་ངག་དང་། གནའ་གཏམ། གཏམ་རྒྱུད། བྱིས་གླུ་བཅས་འདུས། ཞེས་དབྱེ་བ་བཅས་ལ་རགས་ཙམ་བལྟས་པས་རྟོགས་མོད། དབྱེ་སྒོ་མི་འདྲ་བ་ འདི ་ དག་ཐོ ་ གཏུགས་ན་བོ ད ་ཀྱི ་ བྱི ས ་པའི ་ རྩོ མ ་རི ག ་གི ་ རྩོ མ ་ལུས་ཀྱི ་ ཐད་ནས་

ཚིགས་བཅད་དང་ཚིག་ལྷུག སྤེལ་མ་བཅས་གསུམ་དུ་དགར་ཆོག་པ་ནི། བྱིས་ པའི་རྩོམ་རིག་གི་རྩོམ་ལུས་ཚིགས་བཅད་ཡིན་པ་བྱིས་གླུ་དང་། ཁེད། རྩོམ་ལུས་

ཚིག་ལྷུག་དང་སྤེལ་མ་ལ་བྱིས་སྒྲུང་ལྟ་བུས་མཚོན་ལ། དེ་ནས་བྱིས་པའི་རྩོམ་

གྱི་རིགས་ལ་རྩོམ་ལུས་ཙམ་མིན་པར་གོང་གི་རིགས་དགར་ཚུལ་གྱི་འདོད་ཚུལ་ མི་འདྲ་བའི་བྱིས་པའི་རྩོམ་རིགས་ཀྱི་ངོ་བོའི་དབྱེ་སྒོ་ཧ་ཅང་མང་བར་བལྟས་ན།

བོད་ཀྱི་བྱིས་པའི་རྩོམ་རིགས་ལ་ལྷ་སྒྲུང་དང་། བཤད་རྒྱུན། གཏམ་རྒྱུད། བྱིས་ སྒྲུང་། དགོད་གཏམ། བྱིས་གླུ། ཁེད། གནའ་གཏམ། སྙན་ངག བྱིས་པའི་གར།

གཏམ་དཔེ། ཁ་མཚར་བཅས་རིགས་ཤིན་ཏུ་མང་ཞིང་། དབྱེ་སྒོ་འདི་དག་རེ་རེ་ ཡང་ནང་དོན་དང་རྣམ་པ་མི་འདྲ་བའི་དབྱེ་ཚན་སྣ་ཚོགས་པ་ཞིག་ཏུ་གྲུབ་པ་ཞིག་

གོ་ཡང་། དབྱེ་སྒོ་འདི་དག་ལ་ཞིབ་ཏུ་བརྟག་ན་བོད་ཀྱི་གནའ་རབས་ཀྱི་བྱིས་པའི་ རྩོམ་རིག་ལ་སྒྲུང་དང་གླུ། ཁེད་གསུམ་ལས་མི་འདའ་བ་གོ་དགོས་སོ། །


36

ཉམས་ཞིབ་དེབ་ཕྲེང་། ༢

ས་བཅད་གསུམ་པ། བྱིས་གླུའི་སྐོར། དང་པོ། བྱིས་གླུའི་གོ་དོན།

དེ ་ སྔ་བོ ད ་ཀྱི ་ རྩོ མ ་རི ག ་གཞུང་ལུགས་ཁྲོ ད ་དུ་བྱི ས ་གླུའི ་ མཚན་ཉི ད ་བཀོ ད ་པ་ དང་མཚན་གཞི་བཞག་པ་མ་མཆིས་ལ། ད་ལྟའི་བོད་ཀྱི་བྱིས་རྩོམ་ཞིབ་འཇུག་

པ་དག་གིས་བྱིས་གླུ་ཡི་རྣམ་པ་བརྗོད་ཚུལ་མི་འདྲ་སྟེ། 1<<དམངས་སྲོལ་རིག་ པའི་སྤྱི་དོན>> ལས། བྱིས་གླུ་ནི་བྱིས་པ་རྣམས་ཀྱི་ལོ་ཚོད་དང་ཤེས་རིག་གི་ ཆུ་ཚད། སེམས་ཁམས། མཛེས་དཔྱོད་ལྟ་བ། སེམས་ཀྱི་དགའ་ཕྱོགས། བསམ་

གཞིག་བྱེད་སྟངས་སོགས་ཀྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་ནས་གསར་ རྩོམ་བྱས་ཤིང་། ཁོ་ཚོའི་རིག་པའི་བློ་སྒོ་ཕྱེ་བ་དང་ལྕེ་རྩལ་སྦྱོང་བ། ཀུན་སྤྱོད་ ཡང་དག་སྲུང་སྐྱོབ་བྱེད་ཆེད་དང་མཉམ་དུ་རྩེད་འཇོ་སྒྱུ་རྩལ་གྱི་སྤྲོ་སྐྱིད་ལ་རོལ་ ཐབས་ཤིག་ཡིན། ཞེས་དང་། 2<<བོད་རིགས་བྱིས་པའི་རྩོམ་རིག་གི་སྐོར་རགས་ ཙམ་བརྗོད་པ>>ཞེས་པ་རུ་བྱིས་པའི་གླུ་ནི་ཁ་ཧ་ཅང་གསལ་བ་དང་། ཕུན་སུམ་

ཚོགས་པའི་རྟོག་བཟོའི་ནུས་པ་དང་ལྡན་པའི་བྱིས་པའི་རྩོམ་རིག་གི་རྣམ་པ་ཞིག་ 1 དམངས་སྲོལ་རིག་པའི་སྤྱི་དོན། གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༡༡

2 དཔྱད་རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས།༡༣


བོད་ཀྱི་བྱིས་པའི་རྩོམ་རིག

37

ཡིན། དེའི་ཚིག་རྐང་གི་མང་ཉུང་མི་འདྲ་ཞིང་། ཚིག་རྐང་རེ་རེའི་ཚེག་བར་ཡང་ མི་འདྲ་བ་སྣ་ཚོགས་ཡོད་མོད། འོན་ཀྱང་བཀླགས་ཚེ་ཁ་ལ་བདེ་ཞིང་དབྱངས་སུ་

གྱེར་ཆོག་ཅེས་དང་། 3<<བོད་དམངས་ཁྲོད་རྩོམ་རིག་གི་བྱིས་པའི་སློབ་གསོའི་

ཕན་ནུས>>ཞེས་པ་རུ། བྱིས་གླུ་ནི་བྱིས་པའི་སེམས་ཀྱི་འཆར་སྒོ་གླུ་རུ་བཀུག་ ནས་འཆར་སྣང་ལ་ཁ་ལོ་བསྒྱུར་བའི་གླུ་ལ་ཟེར། དེར་ཁ་གསལ་གོ་བདེ། ལྷད་

མེད་དྭངས་གཙང་། གདངས་མཚམས་གསལ་བ། ཐུང་ཞིང་ལེན་བདེ་བ་སོགས་ ཀྱི་ཁྱད་ཆོས་མངོན་པར་ལྡན་པས་བྱིས་པའི་སྤྲོ་བ་ཅིག་ཅར་དུ་འདྲེན་ཐུབ་ཅེས་

དང་། 4<<བོད་ཀྱི་བྱིས་གླུའི་ཁྱད་ཆོས་དང་སྒྱུ་རྩལ་རིན་ཐང་སྐོར་རགས་ཙམ་གླེང་ བ>>ཞེས་པ་ལས། བྱིས་གླུ་ནི་ཉམས་དང་འགྱུར་བས་གཏམས་པའི་ལུས་ཀྱི་འགུལ་

སྐྱོད་དང་ངག་གི་དབྱངས་རྟ་དང་ཡིད་ཀྱི་འཆར་སྒོ་ལྷན་དུ་འདྲེས་ཡོད་སྟབས། བྱིས་ པས་དང་ལེན་བྱེད་སླ་བ་དང་མི་རབས་ནས་མི་རབས་བརྒྱུད་དེ་བྱིས་པ་རྣམས་བདེ་ ཐང་ངང་འཚར་ལོངས་ཡོང་བར་སྐུལ་བའི་སློབ་གསོ་ཅན་དང་སྒྱུ་རྩལ་ཅན་གྱི་ངེས་ པ་ཡང་ལྡན་ཞེས་བཀོད་པ་བཅས་ཀྱིས་མཚོན་ནོ། །

གོང་གི་ཁ་ཅིག་དག་གི་ནང་དུ་མ་ཐེ་བའི་བྱིས་གླུ་ཡི་ཟུར་གཞན་ཞིག་ནི་བྱིས་

པ་རང་གིས་ལེན་པ་དང་། ཕ་མའམ་རྒན་པ་ཞིག་གིས་བྱིས་པར་ལེན་པའི་བྱིས་གླུ་

རིགས་གཉིས་མཆིས་པ་ཡིན་ལ། ཕྱི་མའི་རིགས་ཀྱི་ནང་དོན་ནམ་བརྗོད་བྱ་ནི་བྱིས་

པ་དག་གིས་ཤེས་དགོས་པ་དང་བྱིས་པར་ཕན་པ་ཙམ་མ་ཡིན་པར་ཕ་མ་རྣམས་ཀྱི་ རེ་བ་དང་ཁ་གཡང་། རྩེད་མཚར་བཅས་ཀྱིས་གཏམས་ལ། དེ་ཡང་བྱིས་པས་གླུ་ 3 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༤ ལོའི་དེབ་༡ ཤོག་ངོས། ༧༣ 4 བོད་ཀྱི་སློབ་འབྲིང་དྲ་བ།

ཕག་མོ་དོན་གྲུབ།

gw/2012-10-20/13338.html

དྲ་ཤོག

http://www.tibetanms.cn/zzwh/chchwh/


38

ཉམས་ཞིབ་དེབ་ཕྲེང་། ༢

ལེན་མི་ཐུབ་པའི་སྐབས་སུ་ཕ་མའམ་མི་རྒན་པ་ཞིག་གིས་བྱིས་པའི་ལྷོད་གཡེང་

གི་ཕྱིར་ལེན་པ་ཞིག་ཡིན་ཞིང་། འདི་ནི་བྱིས་གླུའི་རིམ་པ་ཐོག་མའི་གླུ་སྐད་ཡིན་ པར་འདོད།

མདོར་ན་བོད་ཀྱི་སྲོལ་རྒྱུན་གྱི་བྱིས་གླུ་ནི་ཧ་ཅང་ཁ་གསལ་ཞིང་གོ་བདེ་བའི་

ལམ་ནས་དྲང་འཁྱོག་ཅི་རིགས་ཀྱིས་བྱིས་པའི་བློ་སྒོ་འབྱེད་པ་དང་ཀུན་སྤྱོད་བདེ་ ཐང་ཡོང་བ། ལུས་ཀྱི་གཉོམ་ལག་རྒྱས་པ། ཕ་མའི་རེ་བ་དང་སྨོན་པ། བརྩེ་སེམས་

བཅས་མཚོན་པའི་ནང་དོན་གང་ཞིག་གདངས་མཚམས་གསལ་བོས་དབྱངས་ལ་ བཀུག་པ་ཞིག་ལ་ཟེར་དགོས་པར་འདོད། །

བོ ད ་ཀྱི ་ སྲོ ལ ་རྒྱུན་གྱི ་ བྱི ས ་གླུ་ནི ་ བརྗོ ད ་བྱ་གོ ་ བདེ ་ ལ། རྗོ ད ་བྱེ ད ་ཁ་

གསལ། རྩོ མ ་ཐབས་དྲང་འཁྱོག་ཅི ་ རི ག ས་ཀྱི ས ་ལུས་དང་ངག་གི ་ ཉམས་འགྱུར་དང་བསྟུན་ཏེ། བྱིས་པའི་བློ་སྒོ་འབྱེད་པ་དང་ཀུན་སྤྱོད་

བདེ་ཐང་ཡོང་བ། ལུས་ཀྱི་གཉོམ་ལག་རྒྱས་པ། ཕ་མའི་བརྩེ་སེམས་ དང་རེ ་ སྨོ ན ་མཚོ ན ་པ་བཅས་ལ་དམི ག ས་པའི ་ ནང་དོ ན ་གང་ཞི ག ་ གདངས་མཚམས་གསལ་བོས་དབྱངས་ལ་བཀུག་པ་ཞིག་ཏུ་འདོད།

གཉིས་པ། བྱིས་གླུ་ཡི་རིགས་བརྗོད་པ།

བྱིས་གླུ་ལ་བྱིས་པའི་ན་ཚོད་ཀྱི་བབ་དང་བསྟུན་ནས་ལེན་པའི་གོ་རིམ་ལྟར་སྒྲིག་ པ་དང་། བརྗོད་བྱའི་སྟེང་ནས་རིགས་དབྱེ་བའམ་བྱེད་ནུས་ཀྱི་སྟེང་ནས་མི་འདྲ་ བར་བགྲང་བ། རྩོམ་སྟངས་ཀྱི་ཐད་ནས་རིགས་དགར་བ་བཅས་སྣ་ཚོགས་སུ་སྣང་


བོད་ཀྱི་བྱིས་པའི་རྩོམ་རིག

39

ཞིང་། དོན་དངོས་སུའང་བོད་ཀྱི་བྱིས་པའི་སྙན་དབང་གསོ་བའི་གླུ་ནི་དེ་འདྲའི་ཁ་ ཚང་ཞིག་དང་ཡོངས་འདུ་ཞིག་ཡིན་ཏེ།

ཀ བྱིས་པའི་ན་ཚོད་ཀྱི་གོ་རིམ་ལྟར་དབྱེ་བ།

༡། ན་ཚོད་ཐོག་མའི་སྐབས་ཀྱི་གླུ།

བྱིས་པའི་ན་ཚོད་ཐོག་མའི་དུས་སུ་ལེན་པའི་གླུ་ལ་གདངས་ཁོ་ན་ཅན་དང་

དོན་གོ་རྒྱུ་ཡོད་པ་གཉིས་ཡོད་པ་ལས། 5<<བྱིས་པ་གཉིད་འགུག་པའི་གླུ>>ལྟ་བུ་ ནི་དོན་གོ་རྒྱུ་ཡོད་པའི་རིགས་ཡིན།

དེ་ཡང་བོད་དབུས་གཙང་སྟོད་ཕྱོགས་སུ།

ཨོ་ལོ་ཨོ་ལོ། ཕྲུ་གུ་འདི་ལ་གཉིད་ཅིག་སྟེར། ། གཉིད་ཅིག་བརྔན་པ་རྟ་ཞིག་སྟེར། ། རྟ་བོ་ཐོང་དཀར་དར་གྱིས་བརྒྱན། ། དར་ནག་གཡུ་ཆུང་འཕྱོ་རོ་རོ། །

ལྕགས་ཐག་རག་ཐག་སི་ལི་ལི། །ཞེས་དང་།

བོད་ཡུལ་མདོ་སྨད་ཕྱོགས་སུ། 6

ལོ་ལོ་མ་ངུ་གཉིད་ལ་སྡོད། །

5 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོ། ཤོག་ངོས། ༢༣༦

6 དཔྱད་རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༥༩


40

ཉམས་ཞིབ་དེབ་ཕྲེང་། ༢

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

སྲབ་མདའ་དར་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

བག་མ་ཡོང་ན་དུང་ཞིག་སྟེར། །

དུང་ལ་དར་ཞིག་འདོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་བྱེའུ་འཛིན་ན་སྟེར། ། བྱེའུའི་རྔ་མ་གཅོད་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ཚོང་པ་ཡོང་ན་མཛོ་ཞིག་སྟེར། །

མཛོ་ལ་ཁལ་ཞིག་འགེལ་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ར་ཐོང་ཁྲ་རིལ་བཤའ་ལ་སྟེར། །

མཁལ་མ་ཚིལ་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་སྐར་མ་འཛིན་ལ་སྟེར། ། ས་ཡི་མེ་ཏོག་འཐོག་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད། །ལྟ་བུ་དང་།


ལོ་ལོ་མ་ངུ་གཉིད་ལ་སྡོད། །

7

བོད་ཀྱི་བྱིས་པའི་རྩོམ་རིག

41

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

རྟ་མགོ་སྲབ་ཅིག་འཇོག་ལ་སྟེར། །

རྟ་རྔ་གཡུ་ཞིག་བརྒྱུས་ནས་སྟེར། ། གནམ་གྱི་སྐར་མ་འཛིན་ལ་སྟེར། ། ས་ཡི་མེ་ཏོག་བཏོགས་ལ་སྟེར། ། ཚོང་པ་ཡོང་ན་བོའུ་ཞིག་ཉོ། །

མགར་བ་ཡོང་ན་གྲི་ཞིག་རྡུང་། །

ཨབ་བྲ་སྣ་གཅུ་འཇོག་ལ་སྟེར། །

ཨ་ཐུང་ར་ཐུང་བཤས་ནས་སྟེར། །

མཁལ་མ་ཚིལ་གྱིས་བཏུམས་ནས་སྟེར། ། ཙིག་རྔ་རྡོ་རིལ་བཏགས་ནས་སྟེར། །

ལྟ་བུ་དག་ཡིན་ལ། བྱིས་གླུ་འདིའི་རིགས་ནི་ཤིན་ཏུ་ནས་མང་ལ་བྱིས་པའི་

ན་ཚོད་ཀྱི་ཆ་ནས་བྱིས་པས་རང་ངོས་ནས་འགུལ་བསྐྱོད་དང་འཕག་འཚག་རྒྱག་

མི་ཐུབ་པ་དང་། ངག་ནས་སྨྲ་བརྗོད་མི་བཏུབ་པའི་སྐབས་སུ་ཕ་མ་དང་གཅེན་པོ་ གཅེན་མོ། མི་རྒན་གཞན་དང་གཞན་གྱིས་བྱིས་པའི་རྣམ་རིག་ལྷོད་གཡེང་དང་ གཉིད་འགུག་གི་སླད་ལེན་པ་ཡིན་པས། ནང་དོན་སྨོན་པ་དང་རེ་བ། ཁ་གཡང་

བཅས་ཀྱིས་གཏམས་ཤིང་། རྣམ་པ་སྒྲོ་འདོགས་དང་རབ་བཏགས། འཆར་ཡན་གྱི་ 7 ཨ་མདོའི་ཡུལ་སྲོལ་གོམས་འདྲིས་ཉུང་བསྡུས། ཚེ་བརྟན་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༢༢༡


42

ཉམས་ཞིབ་དེབ་ཕྲེང་། ༢

བཀོད་པ་ལྷུག་པོར་བཤམས་པ་ཞིག་ཏུ་གདའ་ལ། འདི་ནི་ནང་དོན་གྱི་ཆ་ལ་རང་ རང་གི་ཡུལ་གྱི་ཁྱད་ཆོས་ཚང་ཞིང་བོད་ཡུལ་ཧྲིལ་པོར་ཁྱབ་པ་ཞིག་གོ། ། ༢། ན་ཚོད་བར་མའི་སྐབས་ཀྱི་གླུ།

བྱིས་པའི་ན་ཚོད་རིམ་པ་བར་མའི་སྐབས་སུ་ལེན་པའི་གླུ་ནི་8<<མཛུབ་གུའི་

བྱེད་ནུས་སྟོན་པའི་གླུ>>ལྟ་བུ་སྟེ།

མི་ལ་ངོ་དགའ་བྱེད་སྤྱད་པོ། ། ཟ་རྒྱུ་ཞིམ་པོ་ལྡག་བྱེད་པོ། །

དངུལ་གྱི་མཛུབ་དཀྲིས་འདོགས་བྱེད་པོ། ། ལྷ་ལ་མཆོད་པ་འབུལ་བྱེད་པོ། །

ལྟས་ངན་མིག་ལ་སྟོན་བྱེད་པོ། །ཡང་ན། 9

མི་ལ་མཐེ་བོང་སྟོན་སྤྱད།

སྐྱུ་གེ་ཡོག་གེ་ལྡག་སྤྱད།

ལྕག་ཚན་སྦ་ལུང་བསྐོན་ས།

གསེར་དཀྲི་དངུལ་དཀྲི་རྒྱག་ས། མི་ལ་མི་སྐྲག་ཟླ་སྤྱད། །

8 བོད་ཀྱི་བྱིས་པའི་རྩོམ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཀྱི་ཐོག་མའི་བསམ་གཞིག བོད་ལྗོངས་ཞིབ་འཇུག ༢༠༠༧ ལོའི་དེབ་གསུམ་པ། ཤོག་ངོས། ༥༡

9 བོད་ཀྱི་བྱིས་པའི་རྩོམ་རིག་གི་རྣམ་བཤད། བཀྲ་བས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༡༠༤


བོད་ཀྱི་བྱིས་པའི་རྩོམ་རིག

43

ལྟ་བུ་དག་ནི་བྱིས་པའི་ལབ་རྡོལ་དང་གོག་བགྲོད་ཀྱི་རྩལ་ཡོངས་སུ་རྫོགས་

པའི ་ དུས་སུ་ཕ་མ་ལྟ་བུ་མི ་ རྒན་ཚོ ས ་བྱི ས ་པའི ་ མཐེ ་ བོ ང ་ནས་རི མ ་གྱི ས ་རེ ་ རེ ་ བཞིན་འཇུས་ཏེ་བྱིས་པར་གླུ་འདི་དག་གིས་རྩེད་མཚར་སློང་བ་དང་། ཡང་ན་བྱིས་ པ་ཕན་ཚུན་དབར་ལ་དེ ་ ལྟར་ལེ ན ་རེ ས ་ཀྱི ས ་རྩེ ད ་འཇོ ་ རོ ལ ་བ་སོ ག ས་བྱེ ད ་ལ། བྱིས་གླུ་རིམ་པ་གཉིས་པའི་རིགས་ཀྱི་ནང་དོན་གྱི་ཐད་ནས་འཚོ་བ་དང་ཁ་ཐག་ཉེ་

རུ་ཕྱིན་ཏེ་བྱིས་པའི་བློ་སྒོ་འབྱེད་པའི་ཤེས་བྱ་སློབ་པའི་དགོས་པ་ཚང་ལ། བྱིས་གླུ་

འདི་བྱིས་པའི་ན་ཚོད་རིམ་པ་གཉིས་པར་འཇོག་པའང་ནང་དོན་གྱི་ཐད་ནས་བྱིས་ པའི་འཚོ་བ་དང་ཤེས་བྱ་དངོས་ལ་ཞུགས་པ་དང་། ལེན་སྟངས་ཀྱི་ཐད་ནས་རྩེད་

འཇོ་ཡི་ལམ་ལ་ཞུགས་པ་བཅས་ཀྱིས་བྱིས་པའི་ན་ཚོད་རིམ་པ་དང་པོའི་གླུ་ལས་ ཐོད་བརྒལ་བྱས་པ་དེའོ། །

༣། ན་ཚོད་མཐའ་མའི་སྐབས་ཀྱི་གླུ།

བྱིས་པའི་ན་ཚོད་རིམ་པ་མཐའ་མའི་དུས་སུ་ལེན་པའི་གླུ་ནི་10<<ཨ་ཁུ་རྒྱལ་

པོ་ཚང་གི་ཁང་ཐོག་ན>>ཞེས་པའི་གླུ་འདྲ་བ་ཡིན་ལ། ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན། ། གྱོ་(གྲོ)འབྲུ་ནས་འབྲུ་ཐ་ར་ར། ། གྱོ་གྱོ་མ་ཟེར་དང་། །

གྱོ་བྱི་ཏིས་(བྱིའུས)ཟ་ལ་ཁད། །

10 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༡༩༨

འབའ་སྟོད་པདྨ་དབང་


44

ཉམས་ཞིབ་དེབ་ཕྲེང་། ༢

བྱི་ཏི་བྱི་ཏི་མ་ཟེར་དང་། །

བྱི་ཏི་བྱི་ལས་བཟུང་ལ་ཁད། ། བྱི་ལ་བྱི་ལ་མ་ཟེར་དང་། །

བྱི་ལ་གྱམ་པ་(གྲམ་པ)འགྲོ་ལ་ཁད། ། གྱམ་པ་གྱམ་པ་མ་ཟེར་དང་། །

གྱམ་པ་ཆུ་ལོག་ཡོང་ལ་ཁད། །

ཆུ་ལོག་ཆུ་ལོག་མ་ཟེར་དང་། །

ཆུ་ལོག་བྲག་ལ་རྒྱག་ལ་ཁད། ། བྲག་རི་བྲག་རི་མ་ཟེར་དང་། །

བྲག་ལ་རྩ་སྔོན་སྐྱེས་ལ་ཁད། ། རྩ་སྔོན་རྩ་སྔོན་མ་ཟེར་དང་། ། རྩྭ་སྔོན་ར་མས་ཟ་ལ་ཁད། ། ར་མ་ར་མ་མ་ཟེར་དང་། །

ར་མ་སྤྱང་ཀིས་ཟ་ལ་ཁད། །

སྤྱང་ཀི་སྤྱང་ཀི་མ་ཟེར་དང་། ། སྤྱང་ཀི་སྒང་ལ་འགྲོ་ལ་ཁད། ། རི་སྒང་རི་སྒང་མ་ཟེར་དང་། ། སྒང་ལ་ཁ་བ་འབབ་ལ་ཁད། ། ཁ་བ་ཁ་བ་མ་ཟེར་དང་། །

ཁ་བ་ཉི་མས་བཞུ་ལ་ཁད། ། ཉི་མ་ཉི་མ་མ་ཟེར་དང་། །


ཉི་མ་ཚང་ལ་བཞུད་ལ་ཁད། །

བོད་ཀྱི་བྱིས་པའི་རྩོམ་རིག

45

ཞེས་དང་། བོད་དབུས་གཙང་ཁུལ་གྱི་བྱིས་གླུ་ སྒྲུང་གཞས་ཞེས་པ་ནི། 11

སྒྲུང་སྒྲུང་སྒྲུང་། རྡོ་རྗེ་བྲག་ལ་བུ་ཞིག་སྐྱེས་ཡོད། སྒྲུང་སྒྲུང་སྒྲུང་། བུའི་མིང་ལ་ག་རེ་ཟེར།

སྒྲུང་སྒྲུང་སྒྲུང་། བུའི་མིང་ལ་ལྷ་བུ་དར་པོ་ཟེར། སྒྲུང་སྒྲུང་སྒྲུང་། ལྷ་བུ་དར་པོ་ག་པར་ཡོད།

སྒྲུང་སྒྲུང་སྒྲུང་། ལྷ་བུ་དར་པོས་ཆང་བཏུངས། སྒྲུང་སྒྲུང་སྒྲུང་། ཆང་བཏུངས་ནས་གང་བྱེད།

སྒྲུང་སྒྲུང་སྒྲུང་། ཆང་བཏུངས་ནས་སྐྱུག་པ་བསྐྱུགས་སོང་། སྒྲུང་སྒྲུང་སྒྲུང་། སྐྱུག་པ་ག་པར་ཡོད་ན།

སྒྲུང་སྒྲུང་སྒྲུང་། སྐྱུག་པ་ཁྱི་ཡིས་བལྡགས་སོང་། སྒྲུང་སྒྲུང་སྒྲུང་། ཁྱི་ག་པར་ཡོད་ན།

སྒྲུང་སྒྲུང་སྒྲུང་། ཁྱི་གཟན་པའི་འོག་ལ། སྒྲུང་སྒྲུང་སྒྲུང་། གཟན་ག་པར་ཡོད་ན།

སྒྲུང་སྒྲུང་སྒྲུང་། གཟན་བ་ཕྱུགས་ཀྱིས་བཟས་སོང་། སྒྲུང་སྒྲུང་སྒྲུང་། བ་ཕྱུགས་ག་པར་ཡོད་ན། སྒྲུང་སྒྲུང་སྒྲུང་། བ་ཕྱུགས་རིའི་སྒང་ལ། སྒྲུང་སྒྲུང་སྒྲུང་། རི་ག་པར་ཡོད་ན།

སྒྲུང་སྒྲུང་སྒྲུང་། རི་ཉི་མས་བཞུས་སོང་།

11 གངས་ལྗོངས་བྱིས་པའི་རྩེད་གཞས། མཱ་ཨ་ལུ་དང་། ཚེ་རིང་དོན་གྲུབ། དབང་འདུས་གསུམ་གྱིས་བསྡུ་སྒྲིག་ བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།


46

ཉམས་ཞིབ་དེབ་ཕྲེང་། ༢

སྒྲུང་སྒྲུང་སྒྲུང་། ཉི་མ་ག་པར་ཡོད་ན།

སྒྲུང་སྒྲུང་སྒྲུང་། ཉི་མ་རྒྱ་མཚོའི་གཏིང་ལ་ཡོད་དོ། །

གནམ་ལ་གནམ་གྲུ་འགྲོ་གི།

12

གནམ་ལ་གནམ་གྲུ་འགྲོ་གི། །

གསེར་གྱི་གནམ་གྲུ་འགྲོ་གི། ། གསེར་གྱི་གནམ་གྲུ་ནང་ལ། །

ྋཡིད་བཞིན་ནོར་བུ་ཕེབས་སོང་། ། ས་ལ་རླངས་འཁོར་འགྲོ་གི།

གཡུ་ཡི་རླངས་འཁོར་འགྲོ་གི།

གཡུ་ཡི་རླངས་འཁོར་ནང་ལ། །

ྋཔཎ་ཆེན་བླ་མ་ཕེབས་སོང་། ། ཆུ་ནང་གྲུ་གཟིངས་འགྲོ་གི། །

དངུལ་གྱི་གྲུ་གཟིངས་འགྲོ་གི། ། དངུལ་གྱི་གྲུ་གཟིངས་ནང་ན། ། བོད་མི་ཚང་མ་ཕེབས་བྱུང་། ། བོད་མི་ཚང་མ་ཕེབས་ནས། ། 12

རྒྱ་དམར་མཐར་སྐྲོད་གཏོང་དགོས། །

https://www.wildyaks.com/news/གནམ་ལ་གནམ་གྲུ་འགྲོ་གི།%20/


རྒྱ་དམར་མཐར་སྤྲོད་བཏང་ནས། །

བོད་ཀྱི་བྱིས་པའི་རྩོམ་རིག

རང་ཡུལ་ཕྱོགས་ལ་ཕེབས་འགྲོ།

རྩེད་ཐང་སྒང་ལ།

13

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་རྩེད་མོ་རྩེ་རྒྱུ་ཡོད་རེད། །

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། །

རྩེད་ཐང་སྒང་ལ་ཐག་མཆོང་རྒྱག་རྒྱུ་ཡོད་རེད། ། རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་རྒྱུག་ཤར་གློད་རྒྱུ་ཡོད་རེད། །

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་པོ་ལོ་རྒྱག་རྒྱུ་ཡོད་རེད། །

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་གླིང་བུ་གཏོང་རྒྱུ་ཡོད་རེད། །

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་ཐག་འཐེན་རྒྱག་རྒྱུ་ཡོད་རེད། །

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། ། རྩེད་ཐང་སྒང་ལ་འུར་རྡོ་འཕེན་རྒྱུ་ཡོད་རེད། ། 13

རྩེད་ཐང་སྒང་ལ་མེད་པ་གཅིག་ཀྱང་མེད་རེད། །

https://www.wildyaks.com/news/བྱིས་པའི་རྩེད་གཞས།1/

47


48

ཉམས་ཞིབ་དེབ་ཕྲེང་། ༢

རྩེད་ཐང་སྒང་ལ་སྒྲ་བརྙན་བརྡུང་རྒྱུ་ཡོད་རེད། །

ཞེས་པ་ལ་སོགས་པ་བྱིས་པ་ན་ཚོད་སྨིན་པའི་དུས་སྐབས་ཀྱི་བྱིས་གླུ་སྟེ་

རིམ་པ་གསུམ་པའི་ཚད་མང་དུ་མཆིས་ལ། རིམ་བཞིན་བྱིས་པའི་ན་ཚོད་དང་ བསྟུན་ནས་ནང་དོན་དང་རྣམ་པ་གཉིས་ཀ་བྱིས་གླུ་རིམ་པ་དང་པོ་དང་གཉིས་པ་

ལས་རྒྱ་ཆེ་རུ་སོང་བ་དང་། དེ་ཡང་ནང་དོན་གྱི་ཐད་ནས་འཚོ་བ་དངོས་ཀྱི་ཤེས་

བྱ་སྣ་ཚོགས་པ་ཞིག་དང་གཏམ་རྒྱུད་ཅིག་ནང་འཇུག་བྱས་ཡོད་ལ། གཏམ་རྒྱུད་དེ་ དང་འགྲོགས་པའི་དབྱངས་རྟའང་རིང་བ་དང་དལ་བུར་ལེན་པ་ཞིག་ཡིན་ནོ། །

ཁ། བརྗོད་བྱའམ་བྱེད་ནུས་ཀྱི་སྟེང་ནས་རིགས་དབྱེ་བ།

༡། གཉིད་འགུག་པའི་གླུ།

གཉིད་གླུ་ལ་མཚོན་ན་ཨ་མ་སོགས་ཀྱིས་རང་གི་བུ་དང་བུ་མོ་དག་གཉིད་

ཡུར་བའི ་ ཕྱི ར ་ལེ ན ་པ་ཡི ན ་པས། ཁ་གསལ་ཞི ང ་གོ ་ བདེ ་ བའི ་ ཚི ག ་འདི ་ དག་ དབྱངས་སུ་གྱེར་ཚེ། བྱིས་པ་རྣམས་ཀྱང་སྙན་ཞིང་འཇེབས་པའི་དབྱངས་ཀྱི་འགྱུར་

ཁུགས་དང་བསྟུན་ནས་ངུ་མཚམས་ཀྱང་ཆད་ནས་གཉིད་ལ་ཤོར་འགྲོ། ནང་དོན་ལ་

ཨ་མའི་བྱམས་བརྩེ་དང་རེ་སྨོན། ཁ་གཡང་བཅས་ཤུགས་ཆེ་བ་ཞིག་ལ། བོད་ས་ སྟོད་སྨད་བར་གསུམ་དང་རོང་འབྲོག་གཉིས་ཀྱི་འཚོ་བའི་ཁོར་ཡུག་དང་མི་རྣམས་ ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བའི་དབང་གིས།


ལ་ལས།

ལོ་ལོ་མ་ངུ་གཉིད་ལ་སྡོད། །

14

བོད་ཀྱི་བྱིས་པའི་རྩོམ་རིག

49

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

སྲབ་མདའ་དར་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

བག་མ་ཡོང་ན་དུང་ཞིག་སྟེར། །

དུང་ལ་དར་ཞིག་འདོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་བྱེའུ་འཛིན་ན་སྟེར། ། བྱེའུའི་རྔ་མ་གཅོད་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ཚོང་པ་ཡོང་ན་མཛོ་ཞིག་སྟེར། །

མཛོ་ལ་ཁལ་ཞིག་འགེལ་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ར་ཐུང་ཁྲ་རིས་བཤའ་ལ་སྟེར། །

མཁལ་མ་ཚིལ་གྱིས་གཡོགས་ནས་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་སྐར་མ་འཛིན་ལ་སྟེར། ། ས་ཡི་མེ་ཏོག་འཐོག་ལ་སྟེར། །

14 མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠༧


50

ཉམས་ཞིབ་དེབ་ཕྲེང་། ༢

ལོ་ལོ་མ་ངུ་གཉིད་ལ་སྡོད། །

ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད།། ཟེར་བ་དང་།

ཡུལ་ལུང་འགའ་ཤས་སུ།

ལོ་ལོ་མ་ངུ་གཉིད་ལ་སྡོད། །

15

གཉིད་ལ་སྡོད་དང་རྟ་ཞིག་སྟེར། །

རྟ་གཞས་སྒ་གཞས་བསྟོད་ལ་སྟེར། ། རྟ་རྔ་གཡུ་ཞིག་བརྒྱུན་ན་སྟེར། །

ནམ་མཁའི་སྐར་མ་འཛིན་ན་སྟེར། ། ས་ཡི་མེ་ཏོག་འབལ་ཡ་སྟེར། །

གོ་གོ་ཉུག་ག་ཕུག་ག་སྟེར། །ཟེར་ལ། ད་དུང་16ལོ་ལོ་མ་ངུ་གཉིད་ལ་སྡོད། ། གནམ་གྱི་སྐར་མ་འཛིན་ན་སྟེར། ། ས་ཡི་མེ་ཏོག་བཏོག་ལ་སྟེར། །

སྤྱང་ཀིའི་རྔ་མ་གཅོད་ལ་སྟེར། །

བོང་བུའི་རྣ་ཅོག་གཅོད་ལ་སྟེར། །ཟེར་བ་དང་། ལོ་ལོ་མ་ངུ་གཉིད་ལ་སྡོད། །

17

15 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༩༨

འབའ་སྟོད་པདྨ་དབང་

16 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༤ལོའི་དེབ་བཞི་པ། ༥༡༧

17 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོས་བརྩམས། ཤོག་ངོས། ༢༣༧


གཉིད་ལ་སྡོད་དང་རྟ་ཞིག་སྟེར། །

བོད་ཀྱི་བྱིས་པའི་རྩོམ་རིག

51

རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

ས་ཡི་མེ་ཏོག་འབལ་ལ་སྟེར། །

གནམ་གྱི་སྐར་མ་འཛིན་ན་སྟེར། ། བྱིའུ་ཆུང་ཁྲ་རིལ་འཛིན་ན་སྟེར། །

རྐང་བར་ཐ་གུ་བརྒྱབས་ནས་སྟེར། །

ཟེར་ནས་ལེན་སྲོལ་ཡང་དར་ཞིང་། བོད་ཡུལ་སྟོད་ཀྱི་ཕྱོགས་སུ། ཨོ་ལོ་ཨོ་ལོ། ཕྲུ་གུ་འདི་ལ་གཉིད་ཅིག་སྟེར། །

18

གཉིད་ཅིག་བརྔན་པ་རྟ་ཞིག་སྟེར། ། རྟ་བོ་ཐོང་དཀར་དར་གྱིས་བརྒྱན། ། དར་ནག་གཡུ་ཆུང་འཕྱོ་རོ་རོ། །

ལྕགས་ཐག་རག་ཐག་སི་ལི་ལི། །

ཟེར་ནས་ལེན་སྲོལ་གདའ་བ་གོང་དུ་བརྗོད་ཟིན་ལྟར། བྱིས་གླུ་<<ལོ་ལོ་མ་ངུ་

གཉིད་ལ་སྡོད>>ལྟ་བུ་ལ་གཅིག་ཏུ་ན་འདི་ཡིན་དང་དེ་མིན་ཞེས་གཏན་ཆགས་ཀྱི་ རང་བཞིན་མེད་པར་ཡུལ་ལུང་སོ་སོའི་འཚོ་བའི་ཁོར་ཡུག་དང་། ཡུལ་མི་རྣམས་

ཀྱི ་ རི ན ་ཐང་ལྟ་ཚུལ་དང་མཐུན་པར་སྐབས་འཕྲལ་སོ ་ སོ ར ་བཅོ ས ་བསྒྱུར་རམ་ གསར་རྩོམ་བྱས་ཆོག་པ་ཞིག་ཡིན། གོང་གི་གླུ་ཚིག་གི་ནང་དོན་མི་འདྲ་བ་དག་གི་

ཚིག་གི་དོན་ལ་བརྟགས་ན། ང་ཚོས་མི་མཐུན་པའི་ཁྲོད་ནས་ཐུན་མོང་གི་ཆ་ཞིག་

ཀྱང་མཐོང་ཐུབ་པ་ནི། རང་རང་གི་འཚོ་བའི་ཁྲོད་ཀྱི་ཆེས་རྩ་ཆེ་བ་དང་། ཆེས་

དཀོ ན ་པ། ཆེ ས ་མཛེ ས ་ཤི ང ་སྡུག་པའི ་ བྱ་དངོ ས ་རྐྱང་རྐྱང་བརྗོ ད ་བྱ་རུ་དྲངས་ 18 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོས་བརྩམས། ཤོག་ངོས། ༢༣༦


52

ཉམས་ཞིབ་དེབ་ཕྲེང་། ༢

ཡོད་དེ། དཔེར་ན། རྟ་ནི་དེ་སྔའི་བོད་ཀྱི་ཡུལ་ལུང་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ གལ་ཆེ ་བ་ཞིག་ཡིན་པས་མི་ རྣམས་རྟ་ལ་ཤིན་ཏུ་རྩིས ་ཆེ ་ སྟེ། སྲིད་པ་བོ ད་ཀྱི་ ཁ་དཔེར། “ཕ་ཞིག་ལ་བུ་ཞིག་མེད་ན། །བྱ་རྒོད་པོ་གཤོག་སྣེ་ཆད་འདྲ། །བུ་ ཞིག་ལ་རྟ་ཞིག ་མེ ད ་ན། །རྡོ་གོར་མོ་ འཁྱག་ལ་འབྱར་འདྲ། །”ཟེ ར ་བ་ལྟ་བུས་ མཚོན་ནོ། །

དེ་ཡང་གཙོ་བོ་བོད་ཀྱི་རླབས་ཆེན་གྱི་མ་ཡུམ་རྣམ་པས་རང་གི་ཤ་ལས་

མཆེ ད ་པའི ་ བྱི ས ་པར་རང་ཁྱིམ་དུ་ཡོ ད ་པའི ་ བྱ་དངོ ས ་ཙམ་མི ན ་པར། རང་ལ་ མེད་པའི་ནམ་མཁའི་སྐར་མ་ལྟ་བུ་འཛིན་མི་ཐུབ་པ་ཞིག་ཡིན་ཡང་བཟུང་ནས་

སྤྲོད་འདོད་ཀྱི་ཨ་མའི་མཐའ་མེད་པའི་བྱམས་བརྩེ་དང་། བློས་གཏོང་གི་བློ་རྒྱ་ དེ་གླུ་ངག་གི་རྩེད་འཇོའི་ཁྲོད་ནས་ཀུན་ལ་མཐོང་དུ་ཡོད་པར་བྱས་པའོ། ། ༢། བློ་སྦྱོང་བྱིས་གླུ།

བློ་སྦྱོང་བྱིས་གླུའི་རིགས་ནི་བྱིས་པ་རང་ཉིད་ཀྱིས་སྙན་མོ་ངག་ལ་གྱེར་བ་

དང་ཐད་ཀར་བཤད་དགོས་པའི་བྱིས་གླུའི་རིགས་ཤིག་ཡིན། དེ་ཡང་བྱིས་པ་ གཉིས་སམ་མང་པོ་ཁ་གཏད་དམ་ཁག་བགོས་བྱས་ཏེ་ལེན་རེས་སམ་བཤད་རེས་

བྱེད་པ་དང་། བཤད་མཁན་ལེན་མཁན་སུ་ཞིག་ཐོབ་ན་སྐྱེས་དང་། ཤོར་ན་ཉེས་ པའི་རྩེད་འཇོའི་རྣམ་པ་ཡིད་འཕྲོག་ཅིང་བློ་མགུ་བ་ཞིག་གི་ཁྲོད་ནས་བཤད་ལེན་ བྱེད་ཅིང་། ལྷག་དོན་དྲི་བ་དྲིས་ལན་གྱི་རིག་རྩལ་སྦྱོང་བའི་བྱིས་གླུ་ནི་བྱིས་གླུ་འདིའི་

རིགས་ཀྱི་རྐང་དུ་བདོ་ལ། མི་རིགས་དང་རྒྱལ་ཁབ་གཞན་ལ་མཚོན་ནའང་བྱིས་


བོད་ཀྱི་བྱིས་པའི་རྩོམ་རིག

53

པའི་རྩོམ་རིག་གི་ཐོག་མའི་རྣམ་པ་ཞིག་ཀྱང་ཡིན་གདའ་སྟེ། 19<<ནུབ་ཕྱོགས་ཀྱི་ བྱིས་པའི་རྩོམ་རིག>>ཅེས་པ་ལས། ཨིན་ཡུལ་གྱི་ཆེས་ཐོག་མའི་ཕྲུ་གུའི་དཔེ་དེབ་

ནི་ཕྱི་ལོ་ ༦༠༠ ནང་རྩོམ་བྲིས་བྱས་པའི་སློབ་དེབ་ཁག་ཡིན་ལ། སློབ་དེབ་འདི་དག་

གི་ཐོག་མ་དེ་ཕལ་ཆེར་ཤེར་བྷོ་ནེ་(Sherborne)ཡི་བླ་ཆེན་ཨལ་ཌི་ལམ(Aldhelm)

མཆོག་གིས་བརྩམས་ཤིང༌། ཁོང་གིས་ཚིགས་བཅད་ནང་དྲི་བ་དྲིས་ལན་གྱི་རྣམ་ པར་བྲིས་གནང་བ་དང༌། ལོ་ངོ་གཅིག་སྟོང་ལྷག་གི་རིང་ཨིན་ཡིག་ནང་གི་སློབ་ ཁྲིད་བཀོད་ཁྱབ་དཔེ་དེབ་མང་ཤོས་རྣམ་པ་འདིའི་ནང་བྲིས་ཡོད་ཅེས་བཀོད་པས་

མཚོན་ལ། རང་རེའི་བོད་ལ་མཚོན་ནའང་བྱིས་པའི་རྩོམ་རིག་བང་མཛོད་དུ་དྲི་བ་ དྲིས་ལན་གྱི་རྣམ་པར་བྱུང་བའི་བྱིས་གླུ་ནི་གྱ་ནོམ་པ་ཞིག་མཆིས་ལ། དེ་ལ་ཡང་

ནང་གསེས་སུ་གྲངས་འདྲེན། བྱ་དངོས་ངོས་འཛིན། ཀ་དང་ཁ་ཡི་དབར་གྱི་དྲི་བ་ དྲིས་ལན་སོགས་རྣམ་གྲངས་མོད་པོ་ཞིག་ཡོད། j གླུ་གྲངས་འདྲེན་ཅན།

<<ཨ་གཅིག་ཆ་གཅིག་གམ་ཨ་བཅུ་ཆ་བཅུ>>ཟེར་བ་ལྟ་བུ་དཔེར་ན།

20

ཨ་གཅིག་ཆ་གཅིག ། བསེ་རུ་རྭ་གཅིག །

ཨ་གཉིས་ཆ་གཉིས། ། ར་མ་ནུ་གཉིས། །

ཨ་གསུམ་ཆ་གསུམ། །

19 ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག འཕྲུལ་དེབ། སྐལ་བཟང་ཉི་མས་སྒྱུར་སྒྲིག་བྱས། ཤོག་ངོས། ༢༥

20 དཔྱད་རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་ལོ་འཁོར་ཉི་ཤུའི་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༡༣


54

ཉམས་ཞིབ་དེབ་ཕྲེང་། ༢

སྒྱིད་པུ་མགོ་གསུམ། ། ཨ་ལྔ་ཆ་ལྔ། །

མཛུབ་མོ་སྤུན་ལྔ། ། ཨ་དྲུག་ཆ་དྲུག །

སྐར་མ་སྨིན་དྲུག །

ཨ་བདུན་ཆ་བདུན། ། སྐར་མ་སྨེ་བདུན། །

ཨ་བརྒྱད་ཆ་བརྒྱད། ། ཤྭ་བོ་རྭ་བརྒྱད། །

ཨ་དགུ་ཆ་དགུ། །

སྲིན་པོ་མགོ་དགུ། ཨ་བཅུ་ཆ་བཅུ། ། ཁྱི་མོ་ནུ་བཅུ། །

ཞེས་པ་ལྟ་བུ་ཐོག་མར་བྱིས་པ་གཅིག་གིས་དྲི་བ་རེ་རེ་བཞིན་དྲིས་པའི་ལན་

དུ་བྱིས་པ་གཞན་དེ་ཡིས་གཅིག་ནས་བཅུ་བར་གྱི་གྲངས་གཅིག་ཀྱང་མ་ལྷག་མ་

ནོར་བར་བགྲང་དགོས། སྟོད་དབུས་གཙང་ཕྱོགས་སུ་བྱིས་པ་གསུམ་བཞི་མཉམ་

དུ་<<རྐྱང་དཀར་བརྒྱབ་པ>>ཞེས་པའི་རྩེད་མོ་རྩེ་སྐབས་མཉམ་དུ་ལེན་པའི་བྱིས་ གླུ་སྟེ།

21

སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

21 དམངས་རྩོམ་རྣམ་བཤད། མིག་དམར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༡༤


རྐྱང་དཀར་གཅིག་བྱས།

བོད་ཀྱི་བྱིས་པའི་རྩོམ་རིག

55

སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

རྐྱང་དཀར་གཉིས་བྱས། སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

རྐྱང་དཀར་གསུམ་བྱས། སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

རྐྱང་དཀར་བཞི་བྱས། སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

རྐྱང་དཀར་ལྔ་བྱས། སྤོ་བོ་རྡེའུ་ཀོང་།

ནང་ལ་འཛུལ་དུས།

རྐྱང་དཀར་དྲུག་བྱས། ལྟ་བུའོ། །

k བྱ་དངོས་ངོས་འཛིན་གྱི་གླུ།

བྱ་དངོས་ངོས་འཛིན་གྱི་སྐོར་ནི་བྱིས་པའི་མཚར་སྣང་གི་བློ་ངོར་གནམ་མཐོ་

བ་དང་སྐར་མདའ་ལ་རྐང་ལག་མེད་ཀྱང་མགྱོགས་པ་སོགས་འཇིག་རྟེན་ཕྱི་སྣོད་ ཀྱི་རྣམ་རིག་ངོས་འཛིན་པ་དང་། རི་སྐྱེས་སྲོག་ཆགས་ལ་སོགས་ནང་བཅུད་ཀྱི་


56

ཉམས་ཞིབ་དེབ་ཕྲེང་། ༢

སེམས་ཅན་ཆོས་ཉིད་དབྱངས་ཀྱིས་བཏེགས་ཏེ་བློ་རུ་དྲངས་པའི་གླུ་རིགས་ཧ་ཅང་ ཕུན་སུམ་ཚོགས་པ་ཞིག་ཡོད་པ་ལས་དཔེར་ན།

<<ཨ་མཚར་མཚར་དགུ>> ལྟ་བུ་དཔེར་ན།

22

གནམ་འདེག་ནི་མེད་ལ་མཐོ་བ་དེ་ཨ་མཚར་རོ། །

སྐར་མདའ་རྐང་ལག་མེད་ལ་མགྱོགས་པ་དེ་ཨ་མཚར་རོ། ། ཁངས་བཀྲུ་ནི་མེད་ལ་གཙང་བ་དེ་ཨ་མཚར་རོ། ། རི་རྩིག་ནི་མེད་ལ་མཐོ་བ་དེ་ཨ་མཚར་རོ། ། བྲག་རྡུང་ནི་མེད་ལ་སྲ་བ་དེ་ཨ་མཚར་རོ། ། རྡོ་ཕ་མ་མེད་ལ་མང་བ་དེ་ཨ་མཚར་རོ། །

ཚེར་མ་བརྡོར་ནི་མེད་ལ་རྣོ་བ་དེ་ཨ་མཚར་རོ། ། ཆུ་ཁྲིད་ནི་མེད་ལ་བཞུར་བ་དེ་ཨ་མཚར་རོ། །

ནགས་འཛུགས་ནི་མེད་ལ་སྐྱེས་པ་དེ་ཨ་མཚར་རོ། །ལྟ་བུ་དང་།

འཇིག་རྟེན་ཆགས་ཚུལ་གྱི་གནས་ལུགས་དོན་འདུས་མདོར་བསྡུས་ཀྱིས་

ཡིད་ལ་འཇོག་པའི་བྱིས་གླུ་23<<ཨ་ཆགས་ཆགས་དགུ>> མཚོ་ཡི་ཐོག་ལ་རྡུལ་ཆགས། ། རྡུལ་གྱི་ཐོག་ལ་ཆུ་ཆགས། ། ཆུ་ཡི་ཐོག་ལ་དར་ཆགས། །

22 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༧

23 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས། ༨༣


དར་གྱི་ཐོག་ལ་ས་ཆགས། །

བོད་ཀྱི་བྱིས་པའི་རྩོམ་རིག

57

ས་ཡི་ཐོག་ལ་རྟ་ཆགས། ། རྟ་ཡི་ཐོག་ལ་སྒ་ཆགས། །

སྒ་ཡི་ཐོག་ལ་མི་ཆགས། ། མི་ཡི་ཐོག་ལ་ཞྭ་ཆགས། །

ཞྭ་ཡི་ཐོག་ལ་ཏོག་ཆགས། །དང་།

<<ཨ་མེད་མེད་དགུ>>

24

ནམ་མཁའི་བྱ་ལ་གློ་བ་མེད། ། མགོ་ནག་མི་ལ་རྔ་མ་མེད། །

ཐུལ་དཀར་འབྲི་མོར་ཡ་སོ་མེད། ། གུ་རུ་རྟ་ལ་རྭ་ཅོ་མེད། །

ནག་པོ་ཁྱི་ལ་ཕྱི་རྟིང་མེད། །

ཙི་གུ་(ཙིད་བུ)ར་མ་སྐེ་འཛིན་མེད། །

གཡང་མོ་ལུག་ལ་ཁལ་འགེལ་མེད། ། རི་བོང་ཧར་ལོག་ལ་མཚེར་བ་མེད། ། སྐྱ་ཀ་ཁྲ་མོར་མཁལ་མ་མེད། །དང་།

<<ཨ་དཀའ་དཀའ་དགུ>>

25

24 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༣

25 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༣


58

ཉམས་ཞིབ་དེབ་ཕྲེང་། ༢

ཝ་དམར་པོ་གོན་ནས་མེ་འབུད་དཀའ། །

བོའུ་ཁྲ་རིང་ཁུར་ནས་ཞགས་འདེབས་དཀའ། ། ཁྲབ་དཀར་མོ་གོན་ནས་ཧྲག་འཛུལ་དཀའ། །

དུང་གོར་མོ་བཏགས་ནས་དར་ཤུད་དཀའ། །

རླུང་ཡར་གཡུག་སྔོན་ནས་མར་གཡུག་དཀའ། ། ཆུ་ཆེན་དཀྱིལ་ནས་མེ་འབུད་དཀའ། ། བྱེ་མའི་དཀྱིལ་ནས་སྦྲ་ཕུབ་དཀའ། །

ཆུ་ཐུར་འབབ་སྔོན་ནས་གྱེན་འབབ་དཀའ། །

དར་ཆབ་ཐོག་ཏུ་རྟ་རྒྱུག་དཀའ། །ལྟ་བུ་དང་།

ཡང་26<<ཨ་འབུམ་འབུམ་དགུ>>

ཐོད་པ་མེ་ལོང་ཡན་ཆད་ན། །

སྐྲ་ནག་པོ་སྐྱེ་ཚུལ་ཁྲི་མ་འབུམ། ། སྣ་ཁུང་བུ་གའི་ཡན་ཆད་ན། །

མིག་ཁྲ་རིལ་ལྟ་ཚུལ་ཁྲི་མ་འབུམ། ། མ་ནེ་ཅོག་རིལ་ཡན་ཆད་ན། །

ལྕེ་དར་མས་གླེང་ཚུལ་ཁྲི་མ་འབུམ། ། སྣ་ཁུང་བུ་གའི་གཡས་གཡོན་ན། ། རྣ་བས་ཐོས་ཚུལ་ཁྲི་མ་འབུམ། །

26 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༦


མིད་དག་འཕྲང་རུས་མན་ཆད་ན། །

བོད་ཀྱི་བྱིས་པའི་རྩོམ་རིག

59

ལག་ལས་ཀ་ལས་ཚུལ་ཁྲི་མ་འབུམ། ། ཡ་ཆུང་ལྷ་ཁང་དཀྱིལ་འཁོར་ན། །

སེམས་སྐྱ་མོ་འཆར་ཚུལ་ཁྲི་མ་འབུམ། ། རྒྱུ་མའི་བྱིའུ་ཚང་ཡན་ཆད་ན། །

དབུགས་རླངས་པ་གཏོང་ཚུལ་ཁྲི་མ་འབུམ། ། སྐེད་པ་ཕྲ་མོའི་ཡན་ཆད་ན། །

དཔྱི་འཁོར་ལོ་བསྐོར་ཚུལ་ཁྲི་མ་འབུམ། ། པུས་མོ་སྐྱ་རིལ་མན་ཆད་ན། །

འགྲོ་གོམ་པ་སྤོ་ཚུལ་ཁྲི་མ་འབུམ། །

ལྟ་བུ་མང་དུ་མཆིས་ལ།

l རོལ་རྩེད་ཅན་གྱི་གླུ།

བྱིས་པའི་རོལ་རྩེད་ཀྱི་གླུ་ནི་བྱིས་པ་རྣམས་རྩེད་མོ་རྩེ་བའི་སྐབས་སུ་ལེན་པ་

དང་། རྩེད་མོའི་རྣམ་པ་ཅན་ལ་དབྱངས་རྟ་ཡང་ངེས་ཅན་རེ་ཡོད་དེ། བྱིས་པ་རྣམས་ རྩེ ད ་མོ ་རྩེ ་བའི ་སྐབས་སུ་རེ ས ་མོས ་བྱས་ནས་ལེ ན ་པའམ་ཡང་ན་གཅིག་གིས ་

བླངས་ནས་གཞན་དག་གིས་ཉམས་སྟོན་པ་སོགས་རྣམ་པ་མང་པོ་འདུག དཔེར་

ན༑ བོད་ཀྱི་སྲིད་པའི་དང་རྩེ་ལྷོ་ཁ་ཁུལ་དུ་27<<བྱིས་རྩེད་རབ་འབྲིང་ཐ་གསུམ་སྨྲ་ བ>>ལྟ་བུར་མཚོན་ན། བྱིས་པ་ཀ་པས་གཞས་བཏང་ནས་གཞས་ཚིག་ཏུ་གཙོ་བོ་ བྱའམ་སྲོག་ཆགས་ཤིག་གི་འཚོ་བའི་ཆོས་ཉིད་འཇོག ཀ་པས་གཞས་བཏང་ཚར་ 27 བོད་ཀྱི་དམངས་སྲོལ་གཅེས་བཏུས།


60

ཉམས་ཞིབ་དེབ་ཕྲེང་། ༢

རྗེས་ཁ་པས་བྱའམ་སྲོག་ཆགས་དེའི་སྐད་ལན་གསུམ་བརྒྱབ་རྗེས་བྱའམ་སྲོག་

ཆགས་དེ་གང་ཡིན་ལམ་སང་ཤོད་དགོས། གལ་ཏེ་ཁ་པས་ལམ་སང་བྱའམ་སྲོག་ ཆགས་དེ་གང་ཡིན་གྱི་གསང་བ་ཤོད་ཐུབ་པ་མ་བྱུང་ཚེ། ཀ་པས། རབ་ལ་དཔོན་པོ་བཟང་པོ་ཤོད། །

འབྲིང་ལ་རྟ་བཞོན་བོང་བཞོན་ཤོད། །

མཐའ་མར་ལྷམ་ཀོག་སྒྲོག་མཁན་ཤོད། །

ཅེས་ཡང་ཡང་འདེད་ནས། ཁ་པས་ངོ་ཚ་དང་བཅས་རབ་གཏན་གྲོགས་ཞེས་

ཁྱིམ་ཚང་གི་དཔོན་གནས་བཟུང་མཁན་ཞིག་གི་བུ་དང་བུ་མོའི་མིང་ག་གེ་མོ་ཞིག་

གི་མིང་ཤོད་དགོས་པ་དང་། འབྲིང་ཞེས་གྲོང་ཚོའི་ནང་གི་ཁྱིམ་ཚང་། རྟ་དང་བོང་

བུ་སོགས་ཀྱི་ཆ་རྐྱེན་གང་འཚམས་ཡོད་པའི་བུའམ་བུ་མོའི་མིང་འབོད་དགོས། མཐའ་མར་ལྷམ་ཀོག་སྒྲོག་མཁན་ཞེས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པོ་ཡོད་པའི་ཁྱིམ་ ཚང་གི་བུའམ་བུ་མོའི་མིང་ལབ་དགོས། བྱིས་པ་ཀ་པས་བྱིས་པ་ཁ་པའི་ལན་ལ་ ཉན་རྗེས་གལ་ཏེ་འགྲིག་ན་གང་ཡང་མི་སྨྲ་ཞིང་མུ་མཐུད་གླུ་གཏོང་བ་དང་། གལ་ཏེ་

མ་འགྲིག་ན་ཁ་པས་ངོ་ཚ་དང་བཅས་རང་གི་སེམས་ནང་གི་མཛའ་གྲོགས་གསུམ་

གྱི་མིང་ལབ་རྗེས། བྱིས་པ་ཀ་པ་སོགས་བྱིས་པ་གཞན་རྣམས་ཀྱིས་ཧ་ཧ་ཞེས་འཕྱ་ དམོད་བྱེད། དཔེར་ན་བྱ་ཁུ་བྱུག་ལྟ་བུ་ཞིག་གཞས་ཚིག་ཏུ་བྱས་ནས་གླུ་བཏང་ན། ཕྲུ་གུ་ཀ་པས།

གཡས་རིའི་ལོགས་ནས་ཤུག་པ་བླངས། ། གཡོན་རིའི་ལོགས་ནས་སྤ་མ་བླངས། ། སྤ་མ་ཤུག་པ་རྒྱ་མ་བཀྱག །


རྒྱ་མ་གང་འགྲོ་འདི་འགྲོ་མེད། །

བོད་ཀྱི་བྱིས་པའི་རྩོམ་རིག

61

རེ་འགའ་རི་བོའི་རྩེ་ལ་ཕྱིན། །

རི་བོའི་རྩེ་ནས་རྩྭ་གཅིག་བཟས། །

རེ་འགའ་རྒྱ་མཚོའི་སྟེང་ལ་ཕྱིན། །

རྒྱ་མཚོའི་གཏིང་ནས་ཆུ་གཅིག་བཏུང་། ། བྱ་སྐད་གཅིག་གིས་ཐོན་པ་དགོས། ། བྱ་སྐད་གཅིག་གིས་མ་ཐོན་པ། །

རབ་ལ་དཔོན་པོ་བཟང་པོ་ཤོད། །

འབྲིང་ལ་རྟ་བཞོན་བོང་བཞོན་ཤོད། །

མཐའ་མ་ལྷམ་ཀོག་སྒྲོག་མཁན་ཤོད། །

ཅེས་གཞས་བཏང་རྗེས་བྱིས་པ་ཁ་པས། བྱ་ཡི་རྒྱལ་པོ་ཁུ་བྱུག ཀི་ཀོ། ཀི་ཀོ།

ཀི་ཀོ། ཞེས་ལན་ལམ་སང་འདེབས་མ་ཐུབ་ན། ཁ་པས་ངོ་ཚ་དང་བཅས་རབ་ལ་དཔོན་ པོ་བཟང་་་་ཡོད། །འབྲིང་ལ་རྟ་བཞོན་་་་་་ཡོད། །མཐའ་མར་ལྷམ་ཀོག་་་་་་་་ཡོད། །ཅེས་

ལན་འདེབས་དགོས་པ་གནའ་སྲོལ་ལྟར་ལ། དེང་སྐབས་བྱིས་པ་ཁ་པས་ལན་འདེབས་ མ་ཐུབ་ཚེ་བྱིས་པ་ཀ་པ་རྒྱབ་ལ་ཁུར་ནས་ཁང་པའི་ཀ་བ་སོགས་སུ་སྐོར་བ་ལན་

གསུམ་རྒྱག་དགོས་པ་སོགས་རྩེད་འཇོའི་རྣམ་པར་འགྱུར་ལྡོག་འབྱུང་བཞིན་པ་བཅས་ ཀྱིས་མཚོན་ལ།

བྱིས་གླུ་28<<མཛུབ་མོ་ལྔ་ཡི་བཤད་པ>>(བྱིས་གླུ་འདི་ཡི་མིང་ཁོ་བོའི་དྲན་ཚོད་ལྟར་

བཏགས་པ་ཡིན།)ཞེས་པ་ནི།

28 ཆར་ཟམ་ཟིམ། སྨུག་ལང་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བདེ་སྐྱིད་སྒྲོལ་མས་བརྩམས། ཤོག་ངོས། ༧༣


62

ཉམས་ཞིབ་དེབ་ཕྲེང་། ༢

མཐེབ་རྒན་ན་རེ། ཕར་ཁའི་རི་ན་གཡག་རྒན་ཞིག

གོང་མཛུབ་ན་རེ། དེད་ནས་ཡོང་སྟེ་བཤའ་ལ་འཇོག

དཀྱིལ་མཛུབ་ན་རེ། བཤའ་འེ་ཉན་མི་ཉན་སུས་ཤེས། སྲིན་མཛུབ་ན་རེ། ཨོང་བ་འཐུ་བཞིན་ལྟ་འདུག ཨ་ངན་ན་རེ། འོ་ཉོག་ཟོས་ནས་གཉིད་སྡོད།

ཟེར་ནས་ལག་པའི་མཛུབ་མོ་ལྔ་བོས་རིམ་བཞིན་མགོ་བོ་ཐུར་ལ་སྒུར་རྗེས་

ཁུ་ཚུར་དུ་གྱུར།

ལག་མཐིལ་གསེར་གྱི་གཞོང་བ་ཡིན། ། ལག་ཚིགས་དར་གྱི་མདུད་པ་ཡིན། ། གྲུ་ཁུག་ཁྱི་མོའི་ཉལ་ས་ཡིན། །

ཕྲག་མགོ་སོ་བའི་དེའི་མགོ་ཡིན། ། སྐེ་ཁུག་ཇག་པའི་སྐུང་ས་ཡིན།

ཟེར་བཞིན་བུ་བུ་མོའི་མཆན་ལ་བཞད་གད་སློང་བའི་རྩེད་མོ་བགྱི།

གཞན་ཡང་བོད་མདོ་ཁམས་སུ་བྱིས་པ་ཞིག་གི་ལག་པ་འཇུས་ཏེ་ལག་མགོ་

ནས་རིམ་བཞིན་བརྩིས་ནས། མཐེ་པོ་པོ།

29

ནེའུ་པོ་པོ་རྒྱལ་པོ། བསེ་རུའི་རྭ་ཅོ།

གླང་ཆེན་མཆེ་བ།

29 བོད་ཀྱི་བྱིས་གླུའི་ཁྱད་ཆོས་དང་སྒྱུ་རྩལ་རིན་ཐང་སྐོར་རགས་ཙམ་གླེང་བ། ཕག་མོ་དོན་གྲུབ། བོད་ཀྱི་སློབ་ འབྲིང་དྲ་བ། དྲ་ཤོག http://www.tibetanms.cn/zzwh/chchwh/gw/2012-10-20/13338.html


བོད་ཀྱི་བྱིས་པའི་རྩོམ་རིག

63

ཟེར་བའི་སྐབས་དཔུང་མགོར་ཐོན་པ་དང་། མཉམ་དུ “ཙི་གུ་ལི་གུ”ཞེས་ཕ་

རོལ་བའི་མཆན་འོག་ཏུ་ལག་པས་ཀྲབ་ཀྲབ་བྱས་ནས་དགོད་ཁའམ་ཟ་འཕྲུག་སློང་ ལ༑ ས་ཆ་ལ་ལ་ནས།

མཐེ་པོ་པོ། ནེའུ་པོ་པོ།

ནེའུ་བྱེའུ་རྒྱ་རིས་ཚང་ལ་འཛུལ། ཙི་གུ་ལི་གུ་་

ཞེས་ལེན་བཞིན་རྩེ་མོ་རྩེད་སྲོལ་ཡོད་པ་ལྟ་བུ་དང་།

ག རྩོམ་སྟངས་ཀྱི་ཐད་ནས་རིགས་དབྱེ་བ།

བོད་སྲོལ་རྒྱུན་གྱི་བྱིས་གླུ་ལ་རྩོམ་སྟངས་ཀྱི་ཐད་ནས་རྣམ་པ་མི་འདྲ་བ་མང་

བས་རེ་རེ་བཞིན་གཅིག་ཀྱང་མ་འདྲེས་པར་དབྱེ་འབྱེད་བྱེད་རྒྱུ་ཧ་ཅང་དཀའ་བར་

སོང་། འདིར་རེ་ཞིག་དམངས་གླུའི་ཤན་ཅན་དང་དྲི་བ་དྲིས་ལན་ཅན་གྱི་རྣམ་པར་

བཅིངས་པ། སྨྲ་སྒོ་སྦྱོང་བའི་འགྲོས་སུ་བརྩམས་པ་བཅས་རིགས་ཆེ་བ་གསུམ་གྱི་ སྒོ་ནས་བརྗོད་པར་བྱ།

༡། དམངས་གླུ་ཡི་ཤན་ཅན།

འདི་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ནས་ཆེ་བའི་དམངས་གླུ་ལ་

དཔེ་བླངས་ནས་བྱིས་པའི་རིག་སྒོ་དང་སྤྱོད་ལམ་སོགས་དང་མཐུན་པའི་གླུ་གཞས་


64

ཉམས་ཞིབ་དེབ་ཕྲེང་། ༢

ལ་ཟེར་ཞིང་། འདི་ནི་30ལད་མོ་དང་སློབ་སྦྱོང་བྱེད་པར་དགའ་བའི་བྱིས་པ་རྣམས་

ལ་མཚོ ན ་ན་ལོ ་ ན་ཆེ ར ་སོ ན ་པ་དང་བསྟུན་ནས་མི ག ་རྒྱང་ཡང་རི མ ་བཞི ན ་ཇེ ་ ཆེར་འགྲོ་བས། བྱིས་པའི་གླུ་ཡིས་ཀྱང་རིམ་བཞིན་དུ་ཁོ་ཚོའི་བསམ་པའི་འཚོ་བ་

ཚིམ་མི་ཐུབ་པས། དམངས་གླུ་ཞེས་པའི་རྩོམ་སྟངས་འདི་ཡང་ཁོ་ཚོའི་སྤྲོ་བ་སྐྱེད་

ཐུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྱུར་པ་རེད་ཅེས་བརྗོད་ཡོད་ལ། དཔེར་ན། 31

<<བྱིས་པའི་དམངས་གླུ>>

ང་རྟ་ཞིག་ཡོད་ནོ་རྟེའུ་ཡིན། །

ངའི་རྟེའུས་རྟ་རྗེས་མི་ཆོད་གི། ། མི་ཆོད་ན་ཡང་རྒྱུག་རྒྱུ་ཡིན། །

ང་མདའ་ཞིག་ཡོད་ནོ་མདའ་ཕྲན་(སྐྱ་ཚེར)ཡིན། །

མདའ་ཕྲན་མདའ་རྗེས་མི་ཆོད་གི། །(སྐྱ་ཚེར་བྲག་ལ་མི་ཟུག་གི།།) མི་ཆོད་(མི་ཟུག)ན་ཡང་འཕེན་རྒྱུ་ཡིན། ། ང་གླུ་ཞིག་ཡོད་ནོ་བྱིས་གླུ་ཡིན། ། བྱིས་པ་གླུ་བ་མི་ཉན་གི། །

མི་ཉན་ན་ཡང་ལེན་རྒྱུ་ཡིན། །

ལྟ་བུ་སྐད་ཆ་བཤད་སྟངས་གཅིག་དང་གླུ་གདངས་གཅིག་གིས་ནང་དོན་

མི་འདྲ་བ་གསུམ་གྱེར་བའམ། ཡང་ན་སྔ་མ་རྣམས་དཔེ་དང་ཕྱི་མ་དོན་ལ་འཇོག་

30 བོད་རིགས་བྱིས་པའི་རྩོམ་རིག་གི་སྐོར་རགས་ཙམ་བརྗོད་པ། གླིང་རྒྱའི་སྐལ་བཟང་རིན་ཆེན་རྒྱལ། དཔྱད་ རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་ལོ་འཁོར་ཉི་ཤུའི་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༥༩

31 མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠༨


བོད་ཀྱི་བྱིས་པའི་རྩོམ་རིག

65

པའི ་ བོ ད ་ཀྱི ་ དམངས་ཁྲོ ད ་ཀྱི ་ གླུ་ངག་དང་ཡོ ང ས་སུ་མཐུན་པར་བརྩམས་པར་ བརྗོད་དོ། །

༢། དྲི་བ་དྲིས་ལན་ཅན་གྱི་གླུ།

བྱིས་པ་ཀ་དང་ཁ་ཡིས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་ལམ་ནས་ལེན་རེས་

བྱེད་པའི་བྱིས་གླུ་ནི་དཔེར་ན།

ཀ ཁྱོད་ཀྱི་མ་ནེ་ནང་ན་ཅི་ཞིག་ཡོད།

32

ཁ ངའི་མ་ནེ་ནང་ན་གསེར་ཞིག་ཡོད། ཀ གསེར་གང་ལ་བུད་ཐལ།

ཁ གསེར་སྒམ་ནང་ལ་བསྡུས་ཐལ། ཀ སྒམ་གང་ལ་བུད་ཐལ།

ཁ སྒམ་རྩྭ་འོག་ལ་བསྡུས་ཐལ། ཀ རྩྭ་གང་ལ་བུད་ཐལ།

ཁ རྩྭ་འཛོ་མོས་ཟོས་ཐལ།

ཀ འཛོ་མོ་གང་ལ་བུད་ཐལ།

ཁ འཛོ་མོ་ལ་ལ་འགོས་ཐལ། ཀ ལ་གང་ལ་བུད་ཐལ།

ཁ ལ་གངས་ཀྱིས་གཡོགས་ཐལ།

32 བོད་ཀྱི་སློབ་འབྲིང་དྲ་བ།

ཕག་མོ་དོན་གྲུབ།

gw/2012-10-20/13338.html

དྲ་ཤོག

http://www.tibetanms.cn/zzwh/chchwh/


66

ཉམས་ཞིབ་དེབ་ཕྲེང་། ༢

ཀ གངས་གང་ལ་བུད་ཐལ།

ཁ གངས་ཉི་མས་ཁྱེར་ཐལ། ཀ ཉི་མ་གང་ལ་བུད་ཐལ།

ཁ ཉི་མ་ཚང་ལ་འགྱའ་ཐལ། ཀ ཚང་གང་ལ་བུད་ཐལ།

ཁ ཚང་བྱེའུས་གཏོར་ཐལ། ཀ བྱེའུ་གང་ལ་བུད་ཐལ།

ཁ བྱེའུ་སྡོང་མགོར་འཕུར་ཐལ། ཀ སྡོང་བོ་གང་ལ་བུད་ཐལ།

ཁ སྡོང་བོ་ཤིང་བཟོས་བཅད་ཐལ། ཀ ཤིང་བཟོ་གང་ལ་བུད་ཐལ།

ཁ ཤིང་བཟོ་ཆུ་ལོག་གིས་ཁུར་ཐལ།”

ལྟ་བུ་དང་། བོད་དབུས་ཕྱོགས་ཀྱི་བྱིས་གླུ་ཞིག་ཏུ། དཔེར་ན། 33

འབྲོག་མོ་ཐག་གཅོད་ཕྱག་ཕེབས་གནང་བྱུང་།

ག་ནས་ཕེབས་པཱ།

དཔལ་ལྡན་གཞུང་ནས། ག་རེ་གནང་ཀཱ།

གླ་རྩི་ཉོས་ཀཱ། ལྟ་བུ་དང་།

གཞན་34སྟེང་ལ་བྱ་ཕོ་ཚ་ལི་ཡོད་དམ། །

33 དམངས་རྩོམ་རྣམ་བཤད། མིག་དམར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༡༤ 34 དམངས་རྩོམ་རྣམ་བཤད། མིག་དམར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག༢༡༤


འོག་ལ་གཡང་དཀར་མ་མོ་ཡོད་དམ། །

བོད་ཀྱི་བྱིས་པའི་རྩོམ་རིག

67

སྟེང་ལ་བྱ་ཕོ་ཚ་ལུ་ཡོད་དོ། །

འོག་ཏུ་གཡང་དཀར་མ་མོ་ཡོད་དོ། །

རྒྱབ་ནས་རྒྱབ་འཐག་འཐེན་མཁན་ཡོད་དམ།

མདུན་ནས་སྣ་ལོང་དཀྱིལ་མཁན་ཡོད་དམ། ། རྒྱབ་ནས་རྒྱབ་ཐག་འཐེན་མཁན་མེད་དོ། །

མདུན་ནས་སྣ་ལོང་དཀྱིལ་མཁན་ཡོད་དོ། །

ལྟ་བུ་སོགས་བྱིས་པ་གཉིས་ཀྱི་བར་ལ་དྲི་བ་དྲིས་ལན་གྱི་ལམ་ནས་བྱིས་

པའི་སེམས་སུ་མཚར་སྣང་དང་དགོད་བྲོ་བའི་སྣང་བ་སྐྱིད་པོ་ཟད་མི་བཏུབ་པ་ཞིག་ སྦྱིན་པ་དང་ལྷན་དུ་གསེར་སྒམ་ནང་ལ་བསྡུས་པ་དང་སྒམ་རྩྭ་འོག་ལ་བསྡུས་པ་ སོགས་ཀྱི་ཁྱིམ་ཕྱི་ནང་གི་རྒྱུན་ཤེས་སྐོར་ཞིག་ངང་གིས་རྒྱུད་ལ་འཇགས་སུ་འཇུག་ པའི་ཁྱད་རྟགས་ཅན་གྱི་བྱིས་གླུ་རིགས་ཤིག་གོ། ། ༣། སྨྲ་སྒོ་སྦྱོང་བའི་གླུ།

འདི་ནི་བྱིས་པ་ཚོས་ངག་ནས་གོ་བརྡ་འཕྲོད་པའི་སྐད་ཆ་ཤོད་འགོ་ཚུགས་

པའི་ན་ཚོད་དང་བསྟུན་ནས་ངག་སྒོ་ཡངས་པ་དང་། གདངས་དག་པར་འབྱིན་པ།

ཚིག་གསལ་ཞིང་མགྱོགས་པོར་ཐོན་པ་བཅས་ཀྱི་ངག་རྩལ་སྦྱོང་སླད་ལེན་པའི་ བྱིས་གླུའི་རིགས་ཤིག་ཡིན་ལ། བྱིས་གླུ་འདི་ལའང་ཡུལ་ལུང་གི་དབང་གིས་རྩ་

བའི་སྒྲོམ་གཅིག་ལ་ནང་གི་བརྗོད་པ་རུ་དྲངས་པའི་བྱ་དངོས་རྣམས་མི་འདྲ་བ་ཐོན་ ཡོད་པས། རིགས་འགའ་ཡོད་དེ། དཔེར་ན།


68

ཉམས་ཞིབ་དེབ་ཕྲེང་། ༢

ཕ་རི་བྲག་ཁྲ་རིལ་མགོ་ནས།

35

ཁྲ་ཡི་མིག་ཁྲ་རིལ་རིལ།

ཚུར་རི་བྲག་ཁྲ་རིལ་མགོ་ནས། ཁྲ་ཡི་མིག་ཁྲ་རིལ་རིལ།

ཁྲ་གཉིས་བར་ནས་ཁྲ་ཡི་མིག་ཁྲ་རིལ་རིལ།

ཞེས་དང་།

ཕར་རི་རི་ལ་ར་ཡུ་ལུ་ཞིག

ཚུར་རི་རི་ལ་ལུག་ཡུ་ལུ་ཞིག

ཕར་རི་རི་ར་ཡུ་ལུ་ཡ་རབ་དང་།

ཚུར་རི་རི་ཡི་ལུག་ཡུ་ལུ་ཡ་རབ།

དེ་ཕ་རི་རི་ཡི་ལུག་ཡུ་ལུ་ལས་ཡ་རབ།

ཅེས་དང་།

ཤ་ཁྲབ་རྩིབས། གྲི་བཙའ་འཕྲོ།

རྩེ་ཆག་བཙུགས།

ཤ་ཁྲབ་རྩིབས་མགོ་ལ།

གྲི་བཙའ་འཕྲོ་རྩེ་བཙུགས།

ཞེས་དང་།

རྟ་དཀར་དཀར་གྱི་རྔ་མ་ནག་ནག

35 བོད་ཀྱི་བྱིས་པའི་རྩོམ་རིག་གི་རྣམ་བཤད། བཀྲ་བས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས།༩༧


རྔ་མ་དཀར་དཀར་གྱི་རྟ་ནག་ནག

བོད་ཀྱི་བྱིས་པའི་རྩོམ་རིག

69

རྟ་ནག་ནག་གི་རྔ་མ་དཀར་དཀར། རྔ་མ་ནག་ནག་གི་རྟ་དཀར་དཀར། རྟ་ནག་རྔ་དཀར་ཐང་ནས་རྒྱུག རྟ་དཀར་རྔ་ནག་ཐང་ནས་རྒྱུག

རྔ་ནག་ཐང་ནས་རྟ་དཀར་རྒྱུག རྔ་དཀར་ཐང་ནས་རྟ་ནག་རྒྱུག

ཅེས་པ་དང་།

རའི་རྭ་ཀོག་རིལ་རིལ་རེད།

ལུག་གི་རྭ་ཀོག་ལེབ་ལེབ་རེད།

རྩེ་ཞ་ལི་སྒང་ལ་བྱ་དེ་བཤར་ཤོར། ཞ་ལི་སྒང་ལ་སྲན་མ་བཀྲམ། སྲན་མའི་སྒང་ལ་བྱ་དེ་ཕྱིན། བྱ་དེ་འདྲེད་བདར་ཤོར།

ཞེས་པས་མཚོན་ལ། བྱིས་གླུ་འདི་དག་བྱིས་པ་ཚོས་ངག་ནས་ལེན་སྐབས་

ཐོག་མར་ག་ལེར་ལེན་པ་དང་། དེ་ནས་རིམ་བཞིན་རྗེས་མ་རྣམས་ཇེ་མགྱོགས་སུ་ བཏང་སྟེ་ལེན་པ་དང་། དེ་ཡང་བསྐྱར་ཟློས་ཡང་ཟློས་ཀྱིས་ལེན་ལ། བྱིས་གླུ་འདི་

དག་གི་ནང་ཚིག་ཆ་དང་ཡ་བྱས་ཏེ་ཟློས་པ་མང་བས་ལེན་པའི་སྐབས་སུ་ཚིག་གི་ རོལ་རྩེད་ཕུན་སུམ་ཚོགས་པ་ཞིག་ཉམས་སུ་མྱོང་བར་བྱས་སོ། །


70

ཉམས་ཞིབ་དེབ་ཕྲེང་། ༢

གསུམ་པ། བྱིས་གླུའི་ཁྱད་ཆོས་བརྗོད་པ།

ཁྱད་ཆོས་སམ་ཡོན་ཏན་བརྗོད་པ་ནི་བྱ་དངོས་གང་ལ་མཚོན་ནའང་བྱ་དཀའ་བ་

ཞིག་རེད་མོད། ཁྱད་ཆོས་ཀྱི་སྟེང་ནས་རྣམ་པ་འདོན་པ་ནི་གཏན་ཚིགས་ཀྱི་རྩ་བ་

བརྟན་པའི་ལམ་དུ་སོང་། གཤམ་དུ་བོད་ཀྱི་བྱིས་གླུ་ཡི་ཡོངས་ཁྱབ་དང་བྱིས་གླུའི་ རྩ་རྐང་ན་གནས་པའི་ཁྱད་ཆོས་ཏེ། ཤེས་བྱའི་ནང་ཁོག་འཛོམས་པ་དང་ཡུལ་

ལུང་གི་རང་བཞིན་དུ་གནས་པ། རྩེད་འཇོ་ཡི་བག་དང་ལྡན་པ་བཅས་ཀྱི་ཡོན་ཏན་ རིགས་འགའ་བརྗོད་པར་རིགས།

ཀ ཤེས་བྱའི་ནང་ཁོག་འཛོམས་པ།

བྱིས་གླུ་ནི་བྱིས་པའི་འཚར་ལོངས་ཀྱི་ཚད་དང་རན་པའི་ཤེས་བྱའི་བང་མཛོད་ ཅིག་ཡིན། འདི་ནི་གཙོ་བོ་བྱིས་གླུ་ཡི་ནང་དོན་གྱི་ཐད་ནས་བརྗོད་དགོས་པ་ཡིན་ ལ༑ སྲོལ་རྒྱུན་དུ་བོད་ཀྱི་བྱིས་གླུའི་ནང་གི་ཤེས་བྱ་ཡིས་བྱིས་པའི་རྒྱུད་ལ་ཆེས་

ཐོག་མར་འཇིག་རྟེན་གྱི་བབ་ཆགས་པར་བྱེད་པ་དང་། བྱིས་པའི་བསམ་བློ་དང་མི་ གཤིས་ཀྱི་རྨང་རྡོའང་ཤེས་བྱ་དེ་ཡིས་བསྐྱེད་པ་འབའ་ཞིག་གོ། །

དེ་ཡང་36<<དམངས་སྲོལ་རིག་པའི་སྤྱི་དོན>>ལས། བྱིས་གླུས་བྱིས་པའི་

བསམ་བློ་དང་རང་གཤིས་ཀྱི་གྲུབ་སྟངས་ལ་གཏིང་ཟབ་པའི་ནང་དོན་དང་། ཐུན་ མོང་མ་ཡིན་པའི་ཁྱད་གཤིས་རེ་བསྣན་ཡོད་སྙམ། གལ་ཏེ་མི་རིགས་ཤིག་གི་བྱིས་

གླུ་ལ་ཉེན་མཆོང་སྙིང་སྟོབས་ཀྱིས་ཁེངས་ཡོད་ན། མི་རིགས་དེ་ཡི་མི་མང་ཆེ་ཤོས་ 36 དམངས་སྲོལ་རིག་པའི་སྤྱི་དོན། གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༡༤


བོད་ཀྱི་བྱིས་པའི་རྩོམ་རིག

71

ཀྱི་རང་བཞིན་ནི་ཉེན་མཆོང་གི་རང་གཤིས་ཅན་དུ་འདུག་ལ། གལ་ཏེ་མི་རིགས་ ཤིག་གི་བྱིས་གླུ་ལ་སྒེར་སེམས་ཀྱི་བསམ་བློས་ཁེངས་ཡོད་ན། མི་རིགས་དེའི་མི་ མང་ཆེ་ཤོས་ཀྱི་རང་བཞིན་ནི་གཞན་དོར་བདག་གཅེས་ཀྱི་རང་གཤིས་སུ་མི་གྲུབ་

པའི་ངེས་པའང་མེད། དེ་ལྟར་བཤད་ན་བྱིས་པ་རྗེས་ཕྱོགས་ནར་སོན་པའི་སྐབས་ སུའང་སྔ་གཞུག་ཏུ་གྲངས་འབོར་མང་བའི་གོ་སླ་བའི་བརྩམས་ཆོས་དང་རྩོམ་རིག་

བརྩམས་ཆོས་གཞན་གྱིས་ཤན་ཤུགས་མ་ཐེབས་པ་མིན་མོད། འོ ན་ཀྱང་ཁོ་ཚོའི་ བསམ་བློའི་རྨང་གཞི་འདིང་བའི་རྐང་གཙོ་བོ་ནི་བྱིས་གླུའོ། །ཞེས་གདམས་པ་

ལྟར། བོད་ཀྱི་བྱིས་གླུའང་རྒྱ་ཆེ་བའི་འཇིག་རྟེན་ཁམས་ཀྱི་ཤེས་བྱ་སྣ་ཚོགས་ཤིག་

གིས་ཡོངས་སུ་གཏམས་པ་སྨོས་མེད་ཀྱང་། བྱིས་པའི་ཆེས་ཐོག་མའི་ཤེས་བྱ་སྔོག་ འདོན་གྱི་རིམ་པ་ནི་མིག་ཅེར་ཞིང་རྣ་ཀྲོང་ཀྲོང་གིས་དབང་པོ་ལྔ་ཡིས་རང་རང་གི་

མཐའ་སྐོར་གྱི་བྱ་དངོས་གང་ཞིག་གི་སྣང་ཚུལ་ཙམ་ངོས་འཛིན་ཐུབ་པར་བགྱི་བ་དེ་

ལ་བརྟེན། བོད་ཀྱི་བྱིས་གླུ་ནི་བྱིས་སྒྲུང་སོགས་དང་ཡང་མི་འདྲ་བར་བྱིས་པའི་ཆེས་

ཐོག་མའི་ངོས་འཛིན་གྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་གནས་ཚད་དང་རན་པའི་

ངོས་འཛིན་རིག་པའི་ཤེས་བྱ་ཇི་སྙེད་ཅིག་གི་མཛོད་དུ་གྱུར་པ་ལས་གཤམ་དུ་དཔེ་ མཚོན་རེ་རེ་འགའ་བགྲང་བར་བྱ།

༡། རང་བྱུང་ཁམས་ཀྱི་སྣང་ཚུལ་ངོས་འཛིན་སྐོར་གྱི་ཤེས་བྱ། བོད་ཀྱི་བྱིས་གླུ་37<<ཨ་ཆགས་ཆགས་དགུ>>སྟེ། མཚོ་ཡི་ཐོག་ལ་རྡུལ་ཆགས། །

37 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ༨༣


72

ཉམས་ཞིབ་དེབ་ཕྲེང་། ༢

རྡུལ་གྱི་ཐོག་ལ་ཆུ་ཆགས། ། ཆུ་ཡི་ཐོག་ལ་དར་ཆགས། །

དར་གྱི་ཐོག་ལ་ས་ཆགས། ། ས་ཡི་ཐོག་ལ་རྟ་ཆགས། ། རྟ་ཡི་ཐོག་ལ་སྒ་ཆགས། །

སྒ་ཡི་ཐོག་ལ་མི་ཆགས། ། མི་ཡི་ཐོག་ལ་ཞྭ་ཆགས། །

ཞྭ་ཡི་ཐོག་ལ་ཏོག་ཆགས། །

ལྟ་བུས་བྱིས་པའི་བློ་རིག་གི་ཚད་དང་རན་པའི་སྒོ་ནས་འཇིག་རྟེན་ཆགས་

རིམ་སྐོར་གྱི་ཤེས་བྱ་གྱ་ནོམ་པ་ཞིག་བསྟབས་པ་དང་། བྱིས་གླུ་38<<ཨ་མཚར་མཚར་དགུ>>སྟེ།

གནམ་འདེག་ནི་མེད་ལ་མཐོ་བ་དེ་ཨ་མཚར་རོ། །

སྐར་མདའ་རྐང་ལག་མེད་ལ་མགྱོགས་པ་དེ་ཨ་མཚར་རོ། ། ཁངས་བཀྲུ་ནི་མེད་ལ་གཙང་བ་དེ་ཨ་མཚར་རོ། ། རི་རྩིག་ནི་མེད་ལ་མཐོ་བ་དེ་ཨ་མཚར་རོ། ། བྲག་རྡུང་ནི་མེད་ལ་སྲ་བ་དེ་ཨ་མཚར་རོ། ། རྡོ་ཕ་མ་མེད་ལ་མང་བ་དེ་ཨ་མཚར་རོ། །

ཚེར་མ་བརྡོར་ནི་མེད་ལ་རྣོ་བ་ཨ་མཚར་རོ། ། ཆུ་ཁྲིད་ནི་མེད་ལ་བཞུར་བ་དེ་ཨ་མཚར་རོ། །

38 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༧


བོད་ཀྱི་བྱིས་པའི་རྩོམ་རིག

73

ནགས་འཛུགས་ནི་མེད་ལ་སྐྱེས་པ་དེ་ཨ་མཚར་རོ། །

ཞེ ས ་པས་བྱི ས ་པའི ་ མཚར་སྣང་གི ་ ཡི ད ་ཁམས་ཤི ག ་གླུ་རུ་གྱེ ར ་བ་འདྲ་

ཡང་། མཚར་སྣང་དེ་དག་ལ་ལན་འདེབས་ཀྱིས་རང་བྱུང་ཁམས་ཀྱི་ཤེས་བྱ་ཕུན་

སུམ་ཚོགས་པ་ཞིག་བརྗོད་ཡོད་པ་སྟེ། གནམ་མཐོ་བ་དང་སྐར་མདའ་མགྱོགས་ པ༑ ཁངས་གཙང་བ་དང་རི་མཐོ་བ། རྡོ་མང་བ་དང་ཚེར་མ་རྣོ་བ། ཆུ་བཞུར་བ་དང་ བྲག་སྲ་བ། ནགས་སྐྱེས་པ་དེ་དག་ཚང་མ་སུ་དང་གང་གིས་བྱས་པ་དང་བསྐྲུན་པ་

མ་ཡིན་པར་རང་བྱུང་ཡིན་པའི་རང་བྱུང་ཁམས་ཀྱི་ཤེས་བྱ་ཆ་ཚང་བ་ཞིག་དབྱངས་ སུ་གྱེར་བ་འདི་ལ།

༢། མིའི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་དང་རྣམ་པ་ངོས་འཛིན་སྐོར་གྱི་ཤེས་བྱ། བྱིས་གླུ་39<<ཨ་འབུམ་འབུམ་དགུ>>སྟེ། ཐོད་པ་མེ་ལོང་ཡན་ཆད་ན། །

སྐྲ་ནག་པོ་སྐྱེ་ཚུལ་ཁྲི་མ་འབུམ། ། སྣ་ཁུང་བུ་གའི་ཡན་ཆད་ན། །

མིག་ཁྲ་རིལ་ལྟ་ཚུལ་ཁྲི་མ་འབུམ། ། མ་ནེ་ཅོག་རིལ་ཡན་ཆད་ན། །

ལྕེ་དར་མས་གླེང་ཚུལ་ཁྲི་མ་འབུམ། ། སྣ་ཁུང་བུ་གའི་གཡས་གཡོན་ན། །

39 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༦


74

ཉམས་ཞིབ་དེབ་ཕྲེང་། ༢

རྣ་ཡིས་ཐོས་ཚུལ་ཁྲི་མ་འབུམ། །

མིད་དག་འཕྲང་རུས་མན་ཆད་ན། །

ལག་ལས་ཀ་ལས་ཚུལ་ཁྲི་མ་འབུམ། ། ཡ་ཆུང་ལྷ་ཁང་དཀྱིལ་འཁོར་ན། །

སེམས་སྐྱ་མོར་འཆར་ཚུལ་ཁྲི་མ་འབུམ། ། རྒྱུ་མའི་བྱིའུ་ཚང་ཡན་ཆད་ན། །

དབུགས་རླངས་པ་གཏོང་ཚུལ་ཁྲི་མ་འབུམ། ། སྐེད་པ་ཕྲ་མོའི་མན་ཆད་ན། །

དཔྱི་འཁོར་ལོ་སྐོར་ཚུལ་ཁྲི་མ་འབུམ། ། པུས་མོ་སྐྱ་རིལ་མན་ཆད་ན། །

འགྲོ་གོམ་པ་སྤོ་ཚུལ་ཁྲི་མ་འབུམ། །

ལྟ་བུས་མིའི་རིགས་ཀྱི་ལུས་ཀྱི་སྐྲ་སྐྱེ་ཚུལ་དང་མིག་གིས་ལྟ་ཚུལ་སོགས་

དང་། ངག་ནས་སྐད་ཆ་གླེང་ཚུལ་དང་ཡིད་སེམས་སྐྱ་མོར་འཆར་ཚུལ་བཅས་ལུས་

ངག་ཡིད་གསུམ་གྱི་ཤེས་བྱ་སྣ་ཚོགས་པ་ཞིག་གྲངས་གཅིག་ལ་ངེས་ཏེ་གོ་སླ་པོས་ བརྗོད་ཡོད་པ་དང་།

<<ལུས་ཁམས་ངོས་འཛིན་ཚུལ་གྱི་བྱིས་གླུ>>

40

མི་ཆེན་ངོ་དགའ་བྱེད་སྤྱད་པོ། ། རྩམ་པ་ཞིམ་པོ་ལྡག་བྱེད་པོ། །

མཛུབ་དཀྲིས་ཡག་པོ་གོན་བྱེད་པོ།

(མཐེ་བོང་།)

(མཛུབ་མོ།)

(གུང་མཛུབ།)

40 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ༣༢


ལྷ་ལ་མཆོད་པ་འཕེན་བྱེད་པོ།

ལྟས་ངན་ལྷང་ལ་འཕུད་བྱེད་པོ། གསེར་གྱི་གཤོང་བ། དར་གྱི་མདུད་པ། སྲེག་པ་སྐུང་ས།

ལུག་རྫི་འདུག་ས། ཁྱི་མོ་ཉལ་ས། སྐེ་ཏི་བུམ་པ།

མ་ནེ་སྒོག་ཇེའུ། འགྲམ་པ་ལོ་ཏུ།

རྣ་འབྱོག་འཁོར་ལོ། ཁ་བོ་འཕྲེད།

མིག་རྫི་ཁྲ་རིས། རྫི་མ་ནག་རིལ། ཐོད་པ་ལྒང་ལུ།

བོད་ཀྱི་བྱིས་པའི་རྩོམ་རིག

75

(སྲིན་མཛུབ།)

(མཛུབ་ཆུང་།)

(ལག་པའི་མཐིལ་སྟོན།) (ལག་པའི་སྐེ་སྟོན།)

(གྲུ་མོའི་ཁུག་སྟོན།) (ཕྲག་མགོ་སྟོན།)

(མཆན་ཁུང་སྟོན།)

(མགྲིན་པའམ་སྐེ་སྟོན།)

(མ་ནེ་སྟོན།)

(འགྲམ་པ་སྟོན།) (རྣ་བ་སྟོན།)

(མཆུའམ་ཁ་སྟོན།) (རྫི་མ་སྟོན།)

(སྨིན་མ་སྟོན།) (དཔྲལ་བ།)

ཞེས་ཚིག་རྐང་རེ་རེ་ངག་ནས་བརྗོད་པ་དང་མཉམ་དུ་དེའི་དོན་དག་གང་ཡིན་

གྱི་ལུས་ཀྱི་ཆ་ཤས་རེ་རེ་བཞིན་མཛུབ་མོས་སྟོན་བཞིན་ལེན་པ་དང་། དེ་ཡང་བྱིས་

པ་གཅིག་གིས་ཁ་ནས་ལེན་པ་དང་གཞན་གཅིག་གིས་དེ་ཡིས་བསྟན་པའི་དོན་ ངོས་འཛིན་པའམ། བྱིས་པ་གཅིག་གིས་ལེན་པ་དང་དོན་ངོས་འཛིན་པ་བཅས་ ལེན་སྲོལ་འདྲ་མིན་མཆིས།


76

ཉམས་ཞིབ་དེབ་ཕྲེང་། ༢

༣། སྲོག་ཆགས་ཀྱི་ལུས་ཁམས་གྲུབ་ཚུལ་དང་བྱ་བྱེད་ངོས་འཛིན་སྐོར་གྱི་ཤེས་བྱ། <<ཨ་མཚོ་མཚོ་དགུ>>

41

པགས་པ་བལ་གྱི་མཚོ། ། མགོ་བོ་ཀླད་པའི་མཚོ། ། ཡ་ཆུང་ཁྲག་གི་མཚོ། །

མཁལ་མ་ཚིལ་གྱི་མཚོ། །

རྒྱུ་ནག་གཉང་བའི་མཚོ། ། རུས་པ་རྐང་གི་མཚོ། །

རྒྱུ་དཀར་རིལ་མའི་མཚོ། ། རྭ་ཅོ་རྭ་སྙིང་གི་མཚོ། །

གྲོད་པུ་གཙོ་ཡི་མཚོ། །ལྟ་བུ་དང་།

<<རྒོད་པོའི་མཁོ་དྲུག>>

42

མིག་ཟུང་ཆུ་ཤེལ་དྭངས་མོ་དེ། །

ཐག་རིང་བྲོ་ཁ་འཚོལ་ཉིན་མཁོ། ། མཆུ་ལི་ལྕགས་ནག་སྦུ་གུ་འདི། །

རྩིག་གུའི་བར་ཚང་འདྲུ་ཉིན་མཁོ། ། ཡ་ཆུང་ཨ་མོ་འགུགས་ཡག་འདི། །

41 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས། ༨༣

42 ཨ་མདོའི་བྱིས་པའི་ངག་རྩོམ་འགའ། སྤང་རྒྱན་མེ་ཏོག ༢༠༠༥ལོའི་དེབ་བཞི་པ། ཤོག་ངོས། ༢༡


ཉྭ་ཤའི་རྒྱུས་པ་ལེན་ཉིན་མཁོ། །

བོད་ཀྱི་བྱིས་པའི་རྩོམ་རིག

77

མ་མཆུ་སྨུག་པོ་སྒྲོ་ཡག་འདི། །

ལུས་ཀྱི་ཟུངས་ཁྲག་འཇིབ་ཉིན་མཁོ། ། གཤོག་པ་སུམ་བརྒྱ་དྲུག་ཅུ་དེ། །

བར་སྣང་ཁམས་ལ་འཕུར་ཉིན་མཁོ། ། སྡེར་མོ་ནོར་བུ་སུམ་འཛོམས་དེ། ། ཤིང་གི་རྩེ་ལ་འབབ་ཉིན་མཁོ། །

<<ཨ་ཚུའུ་ཚུའུ་(ཚུལ་ཚུལ།)དགུ>>

43

ཐང་དཀར་གོས་དཀར་གོན་ནོ་དཔའ་བོའི་ཚུའུ། ། ཐང་ནག་གོས་ནག་གོན་ནོ་དཔའ་མོའི་ཚུའུ། ། ཕོ་རོག་གོས་ནག་གོན་ནོ་དཔོན་པོའི་ཚུའུ། ། ངང་པ་གསེར་བྱ་གྱོན་ནོ་བླ་མའི་ཚུའུ། །

ཕུ་བྱུག་སྟག་རོལ་(པུ་ཤུད་ལྟག་རིང)སྨྱུག་མ་ཁུར་ནོ་བྲིས་པའི་ཚུའུ། ། སྐྱ་ཀ་ཁྲ་མོ་དུང་ར་འདོགས་ནོ་བོད་མོའི་ཚུའུ། ། ཕུག་རོན་གོས་སྐྱ་གོན་ནོ་རྒྱ་མོའི་ཚུའུ། །

ཨོལ་སེར་འཇབ་རྒྱུགས་བྱེད་ནོ་རྐུན་མའི་ཚུའུ། །

<<ཐེས་ལ་ཐེས་དགུ>>

44

43 བོད་ལྗོངས་ཞིབ་འཇུག ༢༠༠༥ལོའི་དེབ་གསུམ་པ། ཤོག་ངོས། ༥༤

44 དཔྱད་རྩོམ་ཚངས་པའི་ཐིག་རིས། སྦྲང་ཆར་ལོ་འཁོར་ཉི་ཤུའི་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༦༥


78

ཉམས་ཞིབ་དེབ་ཕྲེང་། ༢

ཐེས་ཐེས་ཉིན་ལ་ཐེས། །

ཐེས་ཐེས་སྲིབ་ལ་ཐེས། །

སྤུ་མགོ་དཀར་པོ་ལུག་ལ་ཐེས། ། སྤུ་ཐུང་ནག་པོ་ནོར་ལ་ཐེས། ། གླ་སུག་ཕྲ་མོ་དགོ་ལ་ཐེས། །

གླ་ལྤགས་འཇམ་པོ་གོས་ལ་ཐེས། ། གླ་རྩི་དྲི་ཆེན་སྨན་ལ་ཐེས། །

གླ་མགོ་འཇོང་ནར་ཁྱི་ལ་ཐེས། །ལྟ་བུ་དང་།

<<ར་མའི་སྟེང་གི་མ་དགུ>>

45

ར་མ་ནུ་མ་འོ་མ་དང་། །

རྒྱུ་མ་རིལ་མ་རྔ་མ་དང་། །

མཁལ་མ་སྙག་མ་ཤ་མ་བཅས། །

ར་མའི་སྟེང་གི་མ་དགུ་ཡིན། །ལྟ་བུ་དང་།

<<ཨ་འགུགས་འགུགས་དགུ>>

46

འདོ་རིག་རྟ་ཕོ་སྲབ་ཀྱིས་འགུགས། །

རི་སྤྱང་སྔོན་མོ་གཟན་གྱིས་འགུགས། །

ཁྱུང་དཀར་མཛོ་བོ་སྣ་གཅུས་འགུགས། །

45 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས། ༨༤

46 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས། ༨༦


ཐང་དཀར་རྒོད་པོ་ཐེད་ཀྱིས་འགུགས། །

བོད་ཀྱི་བྱིས་པའི་རྩོམ་རིག

79

བོང་རྒན་སྐྱ་བོ་ཆས་ཀྱིས་འགུགས། །

ཐོད་(ཐུལ)དཀར་འབྲི་མོ་སྐད་ཀྱིས་འགུགས། ། ཕ་བཟང་བུ་མོ་ཚིག་གིས་འགུགས། ། སྐྱ་ཀ་ཁྲ་མོ་ཚིལ་གྱིས་འགུགས། །

ངང་པ་སེར་པོ་འདམ་གྱིས་འགུགས། །

<<ཨ་མེད་མེད་དགུ>>

47

ནམ་མཁའི་བྱ་ལ་གློ་བ་མེད། ། མགོ་ནག་མི་ལ་རྔ་མ་མེད། །

ཐུལ་དཀར་འབྲི་མོར་ཡ་སོ་མེད། ། གུ་རུ་རྟ་ལ་རྭ་ཅོ་མེད། །

ནག་པོ་ཁྱི་ལ་ཕྱི་རྟིང་མེད། །

ཙི་གུ་(ཙིད་བུ)ར་མ་སྐེ་འཛིན་མེད། །

གཡང་མོ་ལུག་ལ་ཁལ་འགེལ་མེད། ། རི་བོང་ཧར་ལོག་ལ་མཚེར་བ་མེད། ། སྐྱ་ཀ་ཁྲ་མོར་མཁལ་མ་མེད། །དང་།

<<གླ་ཡི་ཐེ་ཐེ་དྲུག>>

48

47 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༣

48 བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས། ༨༧


80

ཉམས་ཞིབ་དེབ་ཕྲེང་། ༢

གླ་མགོ་དྲེད་ལ་ཐེ། །

གླ་ལྤགས་གོས་ལ་ཐེ། ། གླ་རྩི་སྨན་ལ་ཐེ། །

གླ་ཚིལ་དུང་ལ་ཐེ། ། གླ་སྤུ་ཚེར་མ་ཐེ། །

གླ་ཁྲག་སྤྱིན་ལ་ཐེ། །

<<ཨ་ཀྲབ་ཀྲབ་དྲུག>>

49

འབུ་ནག་བལ་གསེང་ན་ཀྲབ་ཀྲབ་ཀྲབ། ། སྡོམ་གྱང་ངོ་ན་ཀྲབ་ཀྲབ་ཀྲབ། །

གྲོག་མ་ཁུང་སྒོ་ན་ཀྲབ་ཀྲབ་ཀྲབ། །

ར་མ་བྲག་མགོ་ན་ཀྲབ་ཀྲབ་ཀྲབ། །

བོང་བུ་དར་ཐོག་ན་ཀྲབ་ཀྲབ་ཀྲབ། ། རུལ་མ་ཐབ་རྩ་ན་ཀྲབ་ཀྲབ་ཀྲབ། །

ལྟ་བུ་སོགས་བྱིས་གླུ་འདི་དག་གི་སྤྱི་ཡོངས་ཀྱི་ནང་དོན་སྲོག་ཆགས་ཀྱི་

སྐོར་བརྗོད་པ་འདྲ་ཡང་། བྱེ་བྲག་གི་ནང་དོན་དང་བརྗོད་སྟངས་སོགས་ཀུན་ནས་

འདྲ་མཉམ་དུ་སོང་མི་འདུག་སྟེ། བྱིས་གླུ་གཅིག་གིས་སྲོག་ཆགས་མང་པོའི་ལུས་ ཁམས་གྲུབ་ལུགས་བརྗོད་པ་དང་སྲོག་ཆགས་གཅིག་གི་ལུས་ཁམས་གྲུབ་ཚུལ་

བརྗོད་པ། ལུས་ཀྱི་ཆ་ཤས་རེ་རེའི་བྱ་བྱེད་དང་བཀོལ་སྤྱོད་སྐོར་བརྗོད་པ། བྱིས་གླུ་

གཅིག་གིས་སྲོག་ཆགས་སྤྱི་དང་ཡོངས་མ་ཡིན་པར་འདབ་ཆགས་ཀྱི་རིགས་མང་ 49 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༧


བོད་ཀྱི་བྱིས་པའི་རྩོམ་རིག

81

པོའི་ངང་ཚུལ་ལྷན་དུ་བརྗོད་པ་དང་འདབ་ཆགས་གཅིག་ཁོ་ནའི་ལུས་ཀྱི་ལྷུ་ལག་

རེ་རེའི་དབྱིབས་དང་ཁ་དོག དེ་དག་གི་ངོས་འཛིན་དང་དཔེ་མཚོན་སྐོར་བརྗོད་པ། བྱིས་གླུ་གཅིག་གིས་སྲོག་ཆགས་མང་པོ་ཞིག་གི་དགའ་ཕྱོགས་དང་དེ་ལ་བརྟེན་ ནས་མི་རང་ཉིད་ཀྱི་ཕྱོགས་སུ་འགུག་སྟངས་བརྗོད་པ། སྲོག་ཆགས་རེ་རེའི་ལུས་

སྟེང་གི་མིང་མཐའ་མཚུངས་པའི་ཆ་ཤས་རྣམས་ངོས་བཟུང་གིས་བརྗོད་པ། ད་ དུང་བྱིས་གླུ་ཡིས་སྲོག་ཆགས་རྣམས་ཅི་ཞིག་ཡིན་པ་དང་སྲོག་ཆགས་ལ་ཅི་ཞིག་ ཡོད་པ་ཙམ་བརྗོད་པ་ཙམ་མིན་པར། སྲོག་ཆགས་རྣམས་ཅི་ཞིག་མིན་པ་དང་སྲོག་ ཆགས་ལ་ཅི་ཞིག་མི་ཚང་བའི་སྐོར་ཡང་བརྗོད་ཡོད་པས་མཚོན་ནོ། ། ༤། རྒྱུན་ཤེས་སྣ་ཟིན་སྤུ་ཟིན།

བྱིས་གླུ་50<<དངོས་པོ་ངོས་འཛིན་གྱི་བྱིས་གླུ>>ལྟ་བུ་དཔེར་ན། ཨ་གཅིག་ཆ་གཅིག་བསེ་རུ་རྭ་གཅིག ། ཨ་གཉིས་ཆ་གཉིས་ར་མ་ནུ་གཉིས། །

ཨ་གསུམ་ཆ་གསུམ་སྒྱེད་པུ་མགོ་གསུམ། ། ཨ་བཞི་ཆ་བཞི་མཛོ་མོ་ནུ་བཞི། ། ཨ་ལྔ་ཆ་ལྔ་མཛུ་གུ་སྤུན་ལྔ། །

ཨ་དྲུག་ཆ་དྲུག་སྐར་མ་སྨིན་དྲུག །

ཨ་བདུན་ཆ་བདུན་སྐར་མ་སྨེ་བདུན། །

50 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་ གཙོ་སྒྲིག་བྱས། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༥


82

ཉམས་ཞིབ་དེབ་ཕྲེང་། ༢

ཨ་བརྒྱད་ཆ་བརྒྱད་ཤ་བོ་རྭ་བརྒྱད། ། ཨ་དགུ་ཆ་དགུ་སྲིན་པོ་མགོ་དགུ། ། ཨ་བཅུ་ཆ་བཅུ་ཁྱི་མོ་ནུ་བཅུ། །

ལྟ་བུས་བསེ་རུ་ལ་རྭ་གཅིག་ཡོད་པ་དང་ར་མ་ལ་ནུ་མ་གཉིས་ཡོད་པ། སྒྱེད་

པུ་ལ་མགོ་གསུམ་ཡོད་པ། མཛོ་མོ་ལ་ནུ་མ་བཞི་ཡོད་པ། མཛུ་གུ་སྤུན་ལྔ་ཡོད་པ།

དེ་ནས་སྐར་མ་སྨིན་དྲུག་ཟེར་བ་དང་སྐར་མ་སྨེ་བདུན་ཟེར་རྒྱུ་ཡོད་པ། ཡང་ཤ་བོ་ ལ་རྭ་བརྒྱད་ཡོད་པ་དང་སྲིན་པོ་ལ་མགོ་དགུ་ཡོད་པ། ཁྱི་མོ་ལ་ནུ་མ་བཅུ་ཡོད་པ་ བཅས་ཀྱི​ི་བྱ་དངོས་མང་པོ་ཞིག་གི་གྲངས་ཀྱི་རྒྱུན་ཤེས་གསལ་བོར་བརྗོད་པ་དང་།

<< བོད་ཀྱི་བྱིས་གླུའི་ཁྱད་ཆོས་དང་སྒྱུ་རྩལ་རིན་ཐང་སྐོར་རགས་ཙམ་གླེང་

51

བ>>རུ།

ཀ ཁྱོད་ཀྱི་མ་ནེ་ནང་ན་ཅི་ཞིག་ཡོད། ཁ

ཀ ཁ

ངའི་མ་ནེ་ནང་ན་གསེར་ཞིག་ཡོད། གསེར་གང་ལ་བུད་ཐལ།

གསེར་སྒམ་ནང་ལ་བསྡུས་ཐལ།

ཀ སྒམ་གང་ལ་བུད་ཐལ།

ཁ སྒམ་རྩྭ་འོག་ལ་བསྡུས་ཐལ། ཀ ཁ

རྩྭ་གང་ལ་བུད་ཐལ།

རྩྭ་འཛོ་མོས་ཟོས་ཐལ།

འཛོ་མོ་གང་ལ་བུད་ཐལ།

51 བོད་ཀྱི་སློབ་འབྲིང་དྲ་བ།

ཕག་མོ་དོན་གྲུབ།

gw/2012-10-20/13338.html

དྲ་ཤོག

http://www.tibetanms.cn/zzwh/chchwh/


འཛོ་མོ་ལ་ལ་འགོས་ཐལ།

གངས་གང་ལ་བུད་ཐལ།

ཀ ཁ ཁ

ཀ ཁ

ཀ ཁ

ཀ ཁ

ཀ ཁ

ཀ ཁ

བོད་ཀྱི་བྱིས་པའི་རྩོམ་རིག

83

ལ་གང་ལ་བུད་ཐལ།

ལ་གངས་ཀྱིས་གཡོགས་ཐལ། གངས་ཉི་མས་ཁྱེར་ཐལ། ཉི་མ་གང་ལ་བུད་ཐལ།

ཉི་མ་ཚང་ལ་འགྱའ་(ནུབ)ཐལ། ཚང་གང་ལ་བུད་ཐལ།

ཚང་བྱེའུས་གཏོར་ཐལ། བྱེའུ་གང་ལ་བུད་ཐལ།

བྱེའུ་སྡོང་མགོར་འཕུར་ཐལ། སྡོང་བོ་གང་ལ་བུད་ཐལ།

སྡོང་བོ་ཤིང་བཟོས་བཅད་ཐལ། ཤིང་བཟོ་གང་ལ་བུད་ཐལ།

ཤིང་བཟོ་ཆུ་ལོག་གིས་ཁུར་ཐལ།

ཞེས་པས་བྱིས་པ་ཚོའི་རྒྱུད་ལ་གསེར་སྒམ་ནང་ལ་འཇུག་པ་དང་སྒམ་རྩྭ་

འོག་ལ་བསྡུ་བ། རྩྭ་འཛོ་མོས་ཟ་བ་དང་འཛོ་མོ་ལ་ལ་འགོ་བ། ལ་གངས་ཀྱིས་

གཡོགས་པ་དང་གངས་ཉི་མས་ཁྱེར་བ། ཉི་མ་ཚང་ལ་འགྱའ་བ་དང་ཚང་བྱིའུས་ གཏོར་བ། བྱིའུ་སྡོང་མགོར་འཕུར་བ་དང་སྡོང་བོ་ཤིང་བཟོ་ཡིས་བཅད་པ་བཅས་

བྱིས་པ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ལེན་རེས་བྱས་ཏེ་ཚིག་དོན་མུ་ འབྲེལ་དུ་ནང་དོན་གྱི་ཐད་ནས་གོ་རིམ་ངེས་ཅན་ལྡན་པའི་རྒྱུན་ཤེས་སྐོར་ཞིག་


84

ཉམས་ཞིབ་དེབ་ཕྲེང་། ༢

བརྗོད་ཡོད།

འདི་ལྟར་བྱིས་གླུ་ཡི་ནང་ཁོག་ལ་བསྙབས་ན་དེ་ནི་འཇིག་རྟེན་རིལ་མོ་འདིའི་

ཕྱི་སྣོད་དེ་རང་བྱུང་ཁམས་ཀྱི་ཆགས་རིམ་དང་སྣང་ཚུལ། རང་བྱུང་གི་གསང་

བའི་རྣམ་འགྱུར་ཆུང་ཚགས་རིགས་ཤིག་ལ་དོགས་སློང་གིས་སྔོག་འདོན་བྱས་པ་ བཅས་ཀྱི་ཤེས་བྱ་ཕྱི་ནས་ནང་དང་རགས་པ་ནས་ཞིབ་པར་བརྗོད་ཡོད་ལ། ནང་

བཅུད་ཀྱི་སེམས་ཅན་ལ་མཚོན་ནའང་མགོ་ནག་མི་ཡི་ལུས་ངག་ཡིད་གསུམ་གྱི་ བྱ་བྱེད་དང་ངང་ཚུལ་བཅས་ཀྱི་ཐད་ནས་བྱིས་པའི་བློ་མིག་གིས་ཐག་ཆོད་པའི་དོན་

རྣམས་བྱེ་བྲག་གིས་རེ་རེ་བྱས་ཏེ་ཁ་གསལ་དོན་གསལ་གྱིས་འགྲེལ་བརྗོད་བྱས་

པ་དང་། གཞན་བྱིས་པ་རང་རང་གི་ཁྱིམ་ན་ཡོད་པའི་སྒོ་ཕྱུགས་དང་། ཡང་ན།

བྱིས་པ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་མཐོང་ཐོས་སུ་གྱུར་པའི་སྲོག་ཆགས་གཞན་ དང་གཞན་བཅས་ཀྱི་ལུས་ཁམས་གྲུབ་ཚུལ་དང་བྱ་བྱེད། གཤིས་རྒྱུད། ངང་ཚུལ་ལ་ སོགས་པ་བྱིས་གླུ་ཚན་པ་རེ་རེས་བརྗོད་སྟངས་མི་འདྲ་བར་བརྗོད་ཡོད་དེ། བྱིས་གླུ་

ཚན་པ་གཅིག་གིས་སྲོག་ཆགས་སྤྱི་ལ་ཁྱབ་པའི་བྱ་བྱེད་དང་ངང་ཚུལ་བརྗོད་པའི་ རིགས་དང་། བྱིས་གླུ་ཚན་པ་གཅིག་གིས་སྲོག་ཆགས་རེ་རེའི་ལུས་ཁམས་ཀྱི་ཁྱད་

ཆོས་དང་གྲུབ་ཚུལ། སྲོག་ཆགས་ཀྱི་ལུས་ཀྱི་ཆ་ཤས་རྣམས་མིའི་འཚོ་བའི་ཁྲོད་

བེད་སྤྱོད་བྱེད་སྟངས་དང་དེ་དག་གི་རིན་ཐང་སྐོར། མི་དང་སྲོག་ཆགས་བར་གྱི་ འབྲེལ་བ་དང་སྲོག་ཆགས་དེ་དག་དང་མིའི་འཚོ་གནས་ཀྱི་འབྲེལ་བ་སོགས་བརྗོད་ ཡོད་ལ། ཡང་བྱིས་གླུ་ཚན་པ་གཞན་དང་གཞན་གྱིས་བྱིས་པའི་འཚོ་བའི་ཁྲོད་ཀྱི་བྱ་ བྱེད་དང་སྣང་ཚུལ། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ཕྱོགས་ཡོངས་ཀྱི་

རྒྱུན་ཤེས་མི་ཉུང་བ་རེ་ཕྱོགས་བསྡུས་ཀྱིས་སྤྲོས་ཡོད་ལ། དེ་ཡང་བྱིས་གླུ་ཚན་པ་ གཅིག་གི་ནང་དུ་བྱིས་པ་རང་རང་གི་ཁྱིམ་ཕྱི་ནང་གི་འཚོ་བའི་བྱེད་སྒོ་སྣ་རེ་དང་།


བོད་ཀྱི་བྱིས་པའི་རྩོམ་རིག

85

རང་བྱུང་ཁམས་ཀྱི་སྣང་ཚུལ་རེ་གཉིས། མིའི་ལུས་ངག་གི་བྱ་བྱེད་རེ་འགའ་སོགས་

རྒྱུན་ཤེས་མང་པོ་ལྷན་གཅིག་ཏུ་བསྡུས་པའང་མཆིས་པས། བྱིས་པའི་གླུ་ཚན་རེ་ རེས་ཀྱང་བྱིས་པའི་ལུས་ཀྱི་སྐྱེ་ཁམས་འཚར་ལོངས་དང་བློ་རིག་གོང་འཕེལ། ཀུན་ སྤྱོད་མཐོར་འདེགས་བཅས་ཕྱོགས་ཡོངས་ལ་ཕན་པའི་རྒྱུན་ཤེས་མི་ཉུང་བ་རེ་སློབ་ ཐུབ་པ་ཞིག་གོ། །

དེ་བས་བྱིས་གླུ་ནི་ངག་གི་འགྱུར་ཁུགས་ཙམ་གྱི་རྗེས་སུ་སོང་བ་མ་ཡིན་

པར། བྱིས་གླུ་རེ་རེའི་ནང་ཁོག་བྱིས་པའི་བློ་མིག་དང་རན་པའི་ཤེས་བྱ་སྣ་ཚོགས་ ཀྱིས་གཏམས་ཤིང་། གནའ་སྔ་མོའི་བོད་ཀྱི་སློབ་གསོའི་ཁོར་ཡུག་ཏུ་བྱིས་གླུ་ནི་ བྱིས་པ་དང་འཇིག་རྟེན་དབར་གྱི་ཆེས་ཐོག་མའི་འབྲེལ་ཟམ་དུ་གྱུར་ཡོད་དོ། །

ཁ། ཡུལ་ལུང་གི་རང་བཞིན་དུ་གནས་པ།

བྱི ས ་གླུའི ་ བརྗོ ད ་བྱའི ་ ཐད་ནས་གང་དྲན་དྲན་མ་ཡི ན ་པར་བྱི ས ་པའི ་ མི ག ་གི ས ་

མཐོང་ས་དང་རྣ་བའི་ཐོས་སའི་ཁོར་ཡུག་གི་ར་བ་ལས་མི་བརྒལ་བ་རེད། དེ་བས་ བྱིས་གླུ་ལ་འཆར་ཡན་གྱི་རིགས་ཤིག་འདྲེས་པ་ལྟ་བུར་སྣང་ཡང་། རྩོམ་པ་པོའི་

འཕྲོས་རྟོག་གི་ཡུལ་ནི་བྱིས་པའི་མིག་གིས་མཐོང་ཐུབ་པའི་མཐོ་བ་ནམ་མཁའི་ སྐར་མ་དང་དམའ་ས་ཡི་མེ་ཏོག་བར་གྱི་འཇིག་རྟེན་ཡིན་ལ། བྱིས་པའི་མིག་གིས་ མི་མཐོང་ཞིང་རྣ་ཡིས་ཐོས་མི་ཐུབ་པའི་བྱ་དངོས་དག་དཔེ་འཇོག་དང་འཆར་ཡན་ གྱི་སྣང་ཁམས་སུ་མ་དྲངས། དེ་ཡང་ཀུན་ལ་སྣང་བ་དང་སྤྱི་དངོས་དག་ཀུན་ལ་སྤྱད་

པའང་མིན་པར་བྱེ་བྲག་གི་ས་ཁུལ་གྱི་བྱ་དངོས་ཐུན་མིན་པ་མང་པོ་སྔོག་འདོན་

གྱིས་བཀོལ་སྤྱོད་བགྱིས་པ་དང་། ཁྱིམ་སྒོའི་ཕྱི་ནང་གི་ཁ་ཚིག(ཨ་མདོའི་ཡུལ་སྐད་དུ་


86

ཉམས་ཞིབ་དེབ་ཕྲེང་། ༢

ཁ་སྐད་ཀྱི་དོན།)དང་ཅ་ལག

ལས་ཀ སྒོ་ཕྱུགས། ཁོར་ཡུག་སོགས་ནང་དོན་དུ་དྲངས་

པའི་ཁྱད་ཆོས་ཡོད་པ་ནི། བོད་ཡུལ་གང་སར་གནའ་སྔ་མོ་ནས་ལེན་པའི་སྲོལ་དུ་ ཆགས་པའི་<<བྱིས་པ་གཉིད་འགུག་གི་གླུ>>ལྟ་བུར་མཚོན་ན། བྱིས་གླུ་འདི་ནི་

གནའ་སྔ་མོ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕ་མའམ་མི་རྒན་ཚོས་བྱིས་ པ་རྣམས་གཡུང་ལ་ཕབ་སྟེ་གཉིད་འགུག་པའི་ཕྱིར་བླངས་དང་ལེན་པ་ཡིན་ལ། ས་

ཁུལ་མི་འདྲ་བ་དེ་དག་ནས་ལེན་པའི་བྱིས་གླུ་འདི་ཡི་མགོ་མཇུག་བར་གསུམ་ལ་ ཞིང་འབྲོག་གཉིས་དང་ས་མ་འབྲོག་གི་ས་བབ་དང་འཚོ་བའི་རྣམ་པའི་དབང་གིས་

ཁྱད་པར་མང་པོ་ཡོད་པས། ལེན་སྲོལ་དང་སྤྱོད་སྒོ་འདྲ་ཡང་ནང་དོན་མི་འདྲ་བ་ འགའ་ཤས་ཡོད་དེ།

ལོ་ལོ་མ་ངུ་གཉིད་ལ་སྡོད། །

52

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

སྲབ་མདའ་དར་གྱིས་གཡོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

བག་མ་ཡོང་ན་དུང་ཞིག་སྟེར། །

དུང་ལ་དར་ཞིག་འདོགས་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་བྱེའུ་འཛིན་ན་སྟེར། ། བྱེའུའི་རྔ་མ་གཅོད་ལ་སྟེར། །

52 མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༠༧


ལོ་ལོ་མ་ངུ་གཉིད་ལ་སྡོད། །

བོད་ཀྱི་བྱིས་པའི་རྩོམ་རིག

87

ཚོང་པ་ཡོང་ན་མཛོ་ཞིག་སྟེར། །

མཛོ་ལ་ཁལ་ཞིག་འགེལ་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ར་ཐུང་ཁྲ་རིས་བཤའ་ལ་སྟེར། །

མཁལ་མ་ཚིལ་གྱིས་གཡོགས་ནས་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

གནམ་གྱི་སྐར་མ་འཛིན་ལ་སྟེར། ། ས་ཡི་མེ་ཏོག་འཐོག་ལ་སྟེར། ། ལོ་ལོ་མ་ངུ་གཉིད་ལ་སྡོད། །

ལོ་ལོས་སྐྱིད་ཅིག་རིག་རྒྱུ་རེད། །

ཟེར་བ་ནི། རྟ་ལ་སྒ་ཞིག་སྟོད་ནས་སྟེར་བ་དང་མཛོ་ལ་ཁལ་ཞིག་འགེལ་

ལ་སྟེར་བ། ར་ཐུང་ཁྲ་རིས་བཤའ་ལ་སྟེར་ཞེས་བྱིས་གླུ་འདི་ཡི་མགོ་བར་མཇུག་

གསུམ་ལ་བལྟས་ན། བོད་ས་མཐོའི་ཡུལ་གང་ཡིན་ཡང་། སྟོད་འབྲོག་དང་སྨད་ རོང་། བར་ས་མ་འབྲོག་ཡིན་པ་ལས། རྟ་དང་ར་གཉིས་ཀ་ཡོད་པ་ནི་ས་མ་འབྲོག་ གི་ས་ཁུལ་ཡིན་པས། ས་དེ་ཡི་འཚོ་བའི་སྣང་བརྙན་འབུར་དུ་ཐོན་ཡོད་ལ། འགའ་ཤས་ཀྱིས། 53ལོ་ལོ་མ་ངུ་གཉིད་ལ་སྡོད། ། གཉིད་ལ་སྡོད་དང་རྟ་ཞིག་སྟེར། །

རྟ་གཞས་སྒ་གཞས་བསྟོད་ལ་སྟེར། །

53 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༩༨

འབའ་སྟོད་པདྨ་དབང་


88

ཉམས་ཞིབ་དེབ་ཕྲེང་། ༢

རྟ་རྔ་གཡུ་ཞིག་བརྒྱུན་ན་སྟེར། །

ནམ་མཁའི་སྐར་མ་འཛིན་ན་སྟེར། ། ས་ཡི་མེ་ཏོག་འབལ་ཡ་སྟེར། །

གོ་གོ་ཉུག་ག་ཕུག་ག་སྟེར། །ཟེར་བ་དང་།

ས་ཆ་ཁ་ཤས་སུ།

ལོ་ལོ་མ་ངུ་གཉིད་ལ་སྡོད། །

གཉིད་ལ་སྡོད་དང་རྟ་ཞིག་སྟེར། ། རྟ་ལ་སྒ་ཞིག་བསྟོད་ལ་སྟེར། །

གོ་གོ་ཁ་རྩི་(བག་ལེབ་ཅིག)བསྲེགས་ལ་སྟེར། ། ནམ་མཁའི་སྐར་མ་འཛིན་ལ་སྟེར། ། ཐང་གི་མེ་ཏོག་འབལ་ལ་སྟེར། ། ཙི་གུ་རྔ་མ་འཛིན་ལ་སྟེར། །

ཟེར་བ་གཉིས་ནི་རྟ་གཞས་དང་སྒ་གཞས། གོ་གོ་བཅས་རིམ་བཞིན་རྟ་ཆུང་

ཆུང་རྟེའུ་དང་སྒ་ཆུང་ཆུང་། གོ་རེ་ཆུང་ཆུང་བཅས་ཀྱི་དོན་ཨ་མདོའི་ས་ཁུལ་གྱི་ བྱིས་པར་ཆེད་སྤྱོད་ཁ་ཚིག་གིས་བརྗོད་པ་དང་། དེ་ཡང་རོང་པའི་ས་ཁུལ་གྱི་འཚོ་ བའི་རྣམ་པ་ཤས་ཆེ་སྟེ། རྟ་ལ་སྒ་བསྟད་ནས་སྟེར་ཟེར་བ་དང་། ནམ་མཁའི་སྐར་ མ་འཛིན་ན་སྟེར་ཟེར་བ། ཐང་གི་མེ་ཏོག་འབལ་ལ་སྟེར་ཟེར་བ་བཅས་ནི་བྱིས་པ་ གཉིད་འགུག་པའི་གླུ་ལེན་སྲོལ་མི་འདྲ་བ་ཕལ་ཆེ་བའི་མགོ་བར་མཇུག་གསུམ་དུ་

ཡོང་གིན་ཡོད་མོད། ཚན་པ་འདི་གཉིས་ཀྱི་ནང་དུ་ཀུན་དང་མི་འདྲ་ས་ནི་གོ་རེ་ཡིན་ ཞིང་། གོ་རེ་ནི་རོང་པའི་ཁ་ཟས་གཙོ་བོ་ཡིན་པ་དེས་སོ། །


ད་དུང་། 54ལོ་ལོ་མ་ངུ་གཉིད་ལ་སྡོད། །

བོད་ཀྱི་བྱིས་པའི་རྩོམ་རིག

89

གནམ་གྱི་སྐར་མ་འཛིན་ན་སྟེར། ། ས་ཡི་མེ་ཏོག་བཏོག་ལ་སྟེར། །

སྤྱང་ཀིའི་རྔ་མ་གཅོད་ལ་སྟེར། །

བོང་བུའི་རྣ་ཅོག་གཅོད་ལ་སྟེར། །

ཟེར་ནས་ལེན་པའི་སྲོལ་འདི་ཡི་ཐ་མའི་ཚིག་རྐང་བོང་བུའི་རྣ་ཅོག་གཅོད་ལ་

སྟེར་ཞེས་པ་ནི་བྱིས་པ་གཉིད་འགུག་གི་གླུ་ལེན་སྲོལ་མི་འདྲ་བ་བཅུ་ཙམ་དུ་གནས་

པ་གཞན་ཀུན་དང་ཐུན་མིན་གྱི་ངག་ཚིག་ཅིག་སྟེ། ཡུལ་ལུང་གི་དབང་དུ་བྱས་ན་ རོང་གི་སྒོའི་ཕྱི་ནང་ཀུན་ན་བེད་སྤྱོད་ཆེས་ཆེ་བའི་སྒོ་ཕྱུགས་ཀྱི་མིང་ཡིན་པས། ང་ ཚོས་བོད་རོང་ཁུལ་གྱི་ས་བབ་ཧ་ཅང་དམའ་སའི་གླུ་ཡིན་པ་རྟོགས་ཐུབ། གཞན་ཁམས་ཕྱོགས་སུ་བྱིས་པ་གཉིད་འགུག་པའི་གླུ་ནི། 55

ཨོ་ལོ་ལོ་

པོ་ལོ་ལོ་

གཡུང་མོ་སྡོད་

ཨོ་ལོ་པོ་ལོ་གཉིད་པོ་ཆེ་

གཉིད་པོ་ཆེ་ལ་རྟ་ཞིག་བྱིན་

རྟ་ཡི་སྐེ་ལ་གཡུ་ཞིག་འདོགས་

གཡུ་ཡུ་ནོར་བུ་དར་གྱིས་བརྒྱན་

54 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༤ལོའི་དེབ་བཞི་པ། ༥༡༧

55 བོད་ཀྱི་བྱིས་པའི་རྩོམ་རིག་གི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བཀྲ་བས་བརྩམས། ཤོག་ ངོས། ༥༦


90

ཉམས་ཞིབ་དེབ་ཕྲེང་། ༢

གཡུང་མོ་སྡོད་ གཉིད་པོ་ཆེ།

ཟེར་ནས་ལེན་པ་ཡིན་ལ། བོད་དབུས་གཙང་གི་ཡུལ་དུ། 56

ཨོ་ལོ་ཨོ་ལོ།

ཕྲུ་གུ་འདི་ལ་གཉིད་ཅིག་སྟེར། །

གཉིད་ཅིག་བརྔན་པ་རྟ་ཞིག་སྟེར། ། རྟ་བོ་ཐོང་དཀར་དར་གྱིས་བརྒྱན། ། དར་ནག་གཡུ་ཆུང་འཕྱོ་རོ་རོ། །

ལྕགས་ཐག་རག་ཐག་སི་ལི་ལི། །

ཞེ ས ་པ་ནི ་ འགོ ་ བཙུགས་མ་ཐག་ནས་ཨོ ་ ལོ ་ ཨོ ་ ལོ ་ ཞེ ས ་བོ ད་གཙང་ཁུལ་

གྱི་བྱིས་པའི་ཁ་ཚིག་གིས་བོས་པས། ས་གནས་དེ་ཡི་ཁྱད་ཆོས་དང་ལྡན་པར་

བྱས་ལ། གླུ་འགྲོས་ལས་ཞིབ་བརྗོད་བྱེད་སྟངས་ཀྱི་ཐད་ནས་ཀྱང་རྟ་ཞིག་སྟེར་རྒྱུ་ ཀུན་དང་འདྲ་མོད། རྟ་ལ་སྒ་བསྟད་ནས་སྟེར་རྒྱུ་མ་ཡིན་པར་ཐོང་དཀར་དར་གྱིས་ བརྒྱན། དར་ནག་གཡུ་ཆུང་ཆུང་འཕྱོ་རོ་རོ་དང་ལྕགས་ཐག་རག་ཐག་སི་ལི་ལི་སྟེར་

རྒྱུ་བརྗོད་པ་ནི་ཡུལ་དེ་ཡི་བྱེ་བྲག་གི་སྲོལ་ཞིག་གམ་རིན་ཐང་ལྟ་ཚུལ་གྱི་ངོས་ཤིག་ བརྗོད་དེ་ཡུལ་གྱི་ཁྱད་ཆོས་མི་དམན་པ་ཐོན་པར་བགྱིས་པ་ལྟ་བུ་དང་། ལོ་ལོ་མ་ངུ་གཉིད་ལ་སྡོད། །

57

གཉིད་ལ་སྡོད་དང་རྟ་ཞིག་སྟེར། །

56 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། དགེ་འདུན་འཇམ་དབྱངས་རྒྱ་མཚོས་བརྩམས། ཤོག་ངོས། ༢༣༦

57 ཨ་མདོའི་ཡུལ་སྲོལ་གོམས་འདྲིས་ཉུང་བསྡུས། ཚེ་བརྟན་རྒྱལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ ངོས། ༢༢༡


རྟ་ལ་སྒ་ཞིག་སྟོད་ལ་སྟེར། །

བོད་ཀྱི་བྱིས་པའི་རྩོམ་རིག

91

རྟ་མགོ་སྲབ་ཅིག་འཇོག་ལ་སྟེར། །

རྟ་རྔ་གཡུ་ཞིག་བརྒྱུས་ནས་སྟེར། ། གནམ་གྱི་སྐར་མ་འཛིན་ལ་སྟེར། ། ས་ཡི་མེ་ཏོག་འཐོག་ལ་སྟེར། ། ཚོང་པ་ཡོང་ན་བོའུ་ཞིག་ཉོ། །

མགར་བ་ཡོང་ན་གྲི་ཞིག་རྡུང་། །

ཨབ་བྲ་སྣ་གཅུ་འཇོག་ལ་སྟེར། །

ཨ་ཐུང་ར་ཐུང་བཤས་ནས་སྟེར། །

མཁལ་མ་ཚིལ་གྱིས་བཏུམས་ནས་སྟེར། ། ཙིག་རྔ་རྡོ་རིལ་བཏགས་ནས་སྟེར། །

ཞེས་པ་འདིས་འབྲོག་པའི་འཚོ་བའི་ཁྲོད་ཀྱི་དགོས་མཁོ་དང་རེ་བ་རྣམས་

གཙོ་བོར་བཞག་སྟེ་བླངས་པ་ཞིག་ཡིན་པས། འབྲོག་ཁུལ་གྱི་འཚོ་བའི་ནང་དོན་ གྱིས་ཡོངས་སུ་ཕྱུག་འདུག བྱུང་།

བོད་དབུས་ཕྱོགས་ཀྱི་བྱིས་གླུ་58འབྲོག་མོ་ཐག་གཅོད་ཕྱག་ཕེབས་གནང་ ག་ནས་ཕེབས་པཱ།

དཔལ་ལྡན་གཞུང་ནས། ག་རེ་གནང་ཀཱ། གླ་རྩི་ཉོས་ཀཱ།

58 དམངས་རྩོམ་རྣམ་བཤད། མིག་དམར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༢༡༤


92

ཉམས་ཞིབ་དེབ་ཕྲེང་། ༢

ལྟ་བུ་ལ་མཚོན་ན་བོད་དབུས་ནི་བོད་སྲིད་པ་ཆགས་པ་ནས་བཟུང་རྒྱལ་ས་

ཡིན་པས། ས་དེའི་སྤྱི་ཚོགས་ལ་བོད་ཡུལ་མདོ་སྟོད་སྨད་ཀྱི་ས་ཆ་གཞན་ལས་

མཐོ་དམན་བར་གསུམ་གྱི་གོ་རིམ་ངེས་ཅན་ལྡན་པས། ཞེ་ས་ནི་བོད་དབུས་ཕྱོགས་ ཀྱི་མི་མང་གི་ཁ་སྐད་ལྟ་བུ་ཡིན་ལ། གླུ་ཚིག་ལས་ཀྱང་ཕྱག་ཕེབས་དང་གནང་ བྱུང་། ཕེབས་པཱ། དཔལ་ལྡན། གནང་ཀཱ་ལྟ་བུ་ཞེ་ཚིག་དང་ཆེ་ཚིག་གི་ཁ་སྐད་

རིམ་པར་ཕྲེང་དུ་བསྟར་བ་ལས་ང་ཚོས་ཤར་མར་བཀླགས་པ་ཙམ་གྱིས་ས་དེའི་ སྐད་གདངས་ཀྱི་ཁྱད་ཆོས་ཡོངས་སུ་གོ་ཐུབ་པ་དང་། གཞན་གླུ་ཚིག་འདི་ཡི་ནང་ གཞུང་དང་གླ་རྩི་ལྟ་བུ་མཐོན་པོ་ཞིག་དང་གོང་ཆེན་ཞིག་བརྗོད་ཀྱིན་པའང་གནས་ ཀྱི་དབང་དུ་སོང་བའི་བྲོ་བ་དམིགས་བསལ་བ་ཞིག་ཅི་ལ་མིན།

ད་དུང་བོད་ཞིང་གྲོང་གི་བྱིས་གླུ་<<ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན>>

འམ་<<ཨ་ཁུ་ཚང་གི་ཁང་ཀླད་ན>>ལྟ་བུ་ལ་མཚོན་ན་རྩ་བའི་སྒྲོམ་གཞི་གཅིག་ ལ་རང་རང་གི་ས་གནས་ཀྱི་ཕྱིའི་རང་བྱུང་ཁོར་ཡུག་གི་རྣམ་པ་དང་འཚོ་བའི་ལག་

ལེན་གྱི་དབང་གིས་མིང་དང་ནང་དོན་ཅུང་མི་འདྲ་བའི་ཁྱད་ཆོས་ལྡན་པར་བྱས་ ཡོད་དེ། དཔེར་ན། མིང་ལ་59<<ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན>>ཞེས་བཏགས་ པའི་བྱིས་གླུ་ནི།

ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན། ། གྱོ་(གྲོ)འབྲུ་ནས་འབྲུ་ཐ་ར་ར། ། གྱོ་གྱོ་མ་ཟེར་དང་། །

གྱོ་བྱི་ཏིས་ཟ་ལ་ཁད། །

59 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༡༩༨

འབའ་སྟོད་པདྨ་དབང་


བྱི་ཏི་བྱི་ཏི་(བྱིའུ)མ་ཟེར་དང་། ། བྱི་ཏི་བྱི་ལས་བཟུང་ལ་ཁད། ། བྱི་ལ་བྱི་ལ་མ་ཟེར་དང་། །

བྱི་ལ་གྱམ་པ་(གྲམ་པ)འགྲོ་ལ་ཁད། ། གྱམ་པ་གྱམ་པ་མ་ཟེར་དང་། །

གྱམ་པ་ཆུ་ལོག་ཡོང་ལ་ཁད། །

ཆུ་ལོག་ཆུ་ལོག་མ་ཟེར་དང་། །

ཆུ་ལོག་བྲག་ལ་རྒྱག་ལ་ཁད། ། བྲག་རི་བྲག་རི་མ་ཟེར་དང་། །

བྲག་ལ་རྩ་སྔོན་སྐྱེས་ལ་ཁད། ། རྩ་སྔོན་རྩ་སྔོན་མ་ཟེར་དང་། ། རྩྭ་སྔོན་ར་མས་ཟ་ལ་ཁད། ། ར་མ་ར་མ་མ་ཟེར་དང་། །

ར་མ་སྤྱང་ཀིས་ཟ་ལ་ཁད། །

སྤྱང་ཀི་སྤྱང་ཀི་མ་ཟེར་དང་། ། སྤྱང་ཀི་སྒང་ལ་འགྲོ་ལ་ཁད། ། རི་སྒང་རི་སྒང་མ་ཟེར་དང་། ། སྒང་ལ་ཁ་བ་འབབ་ལ་ཁད། ། ཁ་བ་ཁ་བ་མ་ཟེར་དང་། །

ཁ་བ་ཉི་མས་བཞུ་ལ་ཁད། །

བོད་ཀྱི་བྱིས་པའི་རྩོམ་རིག

93


94

ཉམས་ཞིབ་དེབ་ཕྲེང་། ༢

ཅེས་ཟེར་ནས་ལེན་ཞིང་། ཡང་<<བྱིས་གླུ་རིགས་བསྒྲེ་མ>>60ཞེས་མིང་དུ་

བཏགས་པའི་བྱིས་གླུ་ནི།

ཨ་ཁུ་ཚང་གི་ཁང་ཀླད་ན། ། གྲོ་འབྲུ་ནས་འབྲུ་ཐ་ར་ར། །

གྲོ་འབྲུ་ནས་འབྲུ་མ་ཟེར་དང་། ། གྲོ་ནས་བྱེའུས་འཐུ་ལ་ཁད། ། བྱེའུ་བྱེའུ་མ་ཟེར་དང་། །

བྱེའུ་ཁྲ་ཡིས་འཛིན་ལ་ཁད། ། ཁྲ་ཁྲ་མ་ཟེར་དང་། །

ཁྲ་བྲག་ལ་འབབ་ལ་ཁད། ། བྲག་བྲག་མ་ཟེར་དང་། །

བྲག་ལ་འཇག་མ་སྐྱེས་ལ་ཁད། །

འཇག་མ་འཇག་མ་མ་ཟེར་དང་། །

འཇག་མ་ར་མས་བཏོག་ལ་ཁད། ། ར་མ་ར་མ་མ་ཟེར་དང་། །

ར་མ་སྤྱང་ཀིས་གསོད་ལ་ཁད། ། སྤྱང་ཀི་སྤྱང་ཀི་མ་ཟེར་དང་། །

སྤྱང་ཀི་ནགས་ལ་འབྲོ་ལ་ཁད། ། ནགས་ནགས་མ་ཟེར་དང་། །

60 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་ གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།


ནགས་ལ་མེ་ཆེན་ཤོར་ལ་ཁད། །

བོད་ཀྱི་བྱིས་པའི་རྩོམ་རིག

95

མེ་མེ་མ་ཟེར་དང་། །

མེ་ཁ་བས་གནོན་ལ་ཁད། ། ཁ་བ་ཁ་བ་མ་ཟེར་དང་། །

ཁ་བ་ཉི་མས་ཞུ་ལ་ཁད། ། ཉི་མ་ཉི་མ་མ་ཟེར་དང་། །

ཉི་མ་སྤྲིན་གྱིས་གཡོག་ལ་ཁད། ། སྤྲིན་སྤྲིན་མ་ཟེར་དང་། །

སྤྲིན་བསེར་བུས་འདེད་ལ་ཁད། །

བསེར་བུ་བསེར་བུ་མ་ཟེར་དང་། །

བསེར་བུ་ཕྱོགས་སུ་འགྲོ་ལ་ཁད། །

ཅེས་ཟེར་ནས་ལེན་པ་གཉིས་ཀྱི་ནང་དོན་གྱི་ཐད་ནས་གྲོ་འབྲུ་ནས་འབྲུ་དང་

བྱེའུ། བྲག་དང་ར་མ། སྤྱང་ཀི་དང་ཁ་བ། ཉི་མ་བཅས་མཐུན་ཆོས་མང་དུ་ཐོན་ འདུག་མོད། ཀུན་ནས་འདྲ་བ་མ་ཡིན་པར་སྔ་མར་བྱི་ཏི་བྱི་ལས་བཟུང་ལ་ཁད། །

ཅེས་ལབ་འདུག་པ་དང་ཕྱི་མར་བྱེའུ་ཁྲ་ཡིས་འཛིན་ལ་ཁད། །ཅེས་བླངས་པ། ཡང་ སྔར་མར་བྱི་ལ་གྱམ་པ་འགྲོ་ལ་ཁད། །ཅེས་དང་། ཕྱི་མར་ཁྲ་བྲག་ལ་འབབ་ལ་ ཁད། །ཅེས་སོགས་རིམ་བཞིན་བྱི་ལ་དང་ཁྲ། གྲམ་པ་དང་ཆུ་ལོག རྩྭ་སྔོན་དང་

འཇག་མ། ནགས་དང་རི་སྒང་། མེ་དང་ཚང་། སྤྲིན་པ་དང་བསེར་བུ་བཅས་རང་

རང་གི་ས་གནས་ཀྱི་མཐོང་ཆོས་མི་འདྲ་བ་མང་པོས་ཁ་བསྒྱུར་བྱས་པ་དང་། རང་ རང་གི་ས་གནས་རང་བཞིན་གྱི་མི་དང་སྲོག་ཆགས། ཡང་ན་རང་བྱུང་ཁོར་ཡུག་

བཅས་ཀྱི་བྱ་བྱེད་དང་རྣམ་འགྱུར་རྣམས་བཏུས་ཏེ་བྱིས་པའི་མིག་གིས་མཐོང་ཐུབ་


96

ཉམས་ཞིབ་དེབ་ཕྲེང་། ༢

པ་དང་རྣ་ཡིས་གོ་ཐུབ་པ། ཡིད་ལ་འཆར་ནུས་པའི་ནང་དོན་ཚང་བར་བྱས་པའི་ ཁྱད་ཆོས་མཐོང་ཐུབ།

གཞན་མདོ་སྨད་61རེབ་གོང་ཁ་སོག་ཕྱོགས་སུ་བྱིས་པ་ཀ་པས་ཁ་པའི་མ་ནེ་

བཟུང་སྟེ་ཁྱོད་ཀྱི་མ་ནེ་ནང་དུ་ཅི་ཞིག་ཡོད། ཅེས་དྲིས་ཚེ། ཁ་པ་དེས་གསེར་ཡོད་ ཟེར། དེ་བཞིན་དུ།

ཀ་པས། ཁ་པས།

གསེར་ག་རེ།

གསེར་སྣེའུ་ཏོའི་ནང་དུ་ཡོད།

ཀ་པས། སྣེའུ་ཏོ་ག་རེ།

ཁ་པས། སྒམ་གྱི་ནང་དུ་ཡོད། ཀ་པས། སྒམ་ག་རེ། ཁ་པས།

རྩྭ་ཡི་འོག་ཏུ་ཡོད།

ཀ་པས།

མཛོ་མོ་ག་རེ།

ཀ་པས། ཁ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས།

རྩྭ་ག་རེ།

མཛོ་མོས་ཟོས་ཐལ། ལ་འགོས་ཐལ། ལ་ག་རེ།

ཁངས་ཀིས་གཡོགས་དང་ཐལ། ཁངས་ག་རེ།

ཉི་མས་ཞུས་ཐལ། ཉི་མ་ག་རེ།

61 རེབ་གོང་ཁ་སོག་གི་ལོ་རྒྱུས་མེས་པོའི་ཞལ་ལུང་། རྫོང་དཀར་བློ་བཟང་དར་རྒྱས་ཀྱིས་བརྩམས།


ཁ་པས།

ཚང་ལ་བཞུད་ཐལ།

ཀ་པས།

བྱིའུ་ག་རེ།

ཀ་པས། ཁ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས། ཁ་པས།

ཀ་པས།

བོད་ཀྱི་བྱིས་པའི་རྩོམ་རིག

97

ཚང་ག་རེ།

བྱིའུས་གཏོར་དང་ཐལ།

སྡོང་མགོར་བབས་དང་ཐལ། སྡོང་བོ་ག་རེ།

མགར་བས་བཅད་དང་ཐལ། མགར་བ་ག་རེ།

མགར་ཁང་ནང་དུ་བུད་ཐལ། མགར་ཁང་ག་རེ། ཆུས་ཁུར་ཐལ། ཆུ་ག་རེ།

རྨ་ཆུར་འདྲེས་ཐལ། རྨ་ཆུ་ག་རེ།

འབྲི་ཆུར་འདྲེས་ཐལ། འབྲི་ཆུ་ག་རེ།

ཁ་པས། ཁྱོད་བྱིའུ་ཞར་མ་ཞིག་མ་དགོས། བྱ་རྒོད་པོ་ཞིག་གིས་ཀྱང་རྗེས་ཆོད་ས་མ་རེད།

ཅེས་ལེན་པ་ལ། ཡང་གཞན་དུ།

ཀ ཁྱོད་ཀྱི་མ་ནེ་ནང་ན་ཅི་ཞིག་ཡོད།

62

62 བོད་ཀྱི་བྱིས་གླུའི་ཁྱད་ཆོས་དང་སྒྱུ་རྩལ་རིན་ཐང་སྐོར་རགས་ཙམ་གླེང་བ། ཕག་མོ་དོན་གྲུབ། བོད་ཀྱི་སློབ་


98

ཉམས་ཞིབ་དེབ་ཕྲེང་། ༢

ཀ ཁ

ངའི་མ་ནེ་ནང་ན་གསེར་ཞིག་ཡོད། གསེར་གང་ལ་བུད་ཐལ།

གསེར་སྒམ་ནང་ལ་བསྡུས་ཐལ།

ཀ སྒམ་གང་ལ་བུད་ཐལ།

ཁ སྒམ་རྩྭ་འོག་ལ་བསྡུས་ཐལ། ཀ

རྩྭ་གང་ལ་བུད་ཐལ།

མཛོ་མོ་ལ་ལ་འགོས་ཐལ།

ཀ ཀ ཁ

ཀ ཁ

ཀ ཁ

ཀ ཁ

ཀ ཁ

རྩྭ་མཛོ་མོས་ཟོས་ཐལ།

མཛོ་མོ་གང་ལ་བུད་ཐལ། ལ་གང་ལ་བུད་ཐལ།

ལ་གངས་ཀྱིས་གཡོགས་ཐལ། གངས་གང་ལ་བུད་ཐལ།

གངས་ཉི་མས་ཁྱེར་ཐལ། ཉི་མ་གང་ལ་བུད་ཐལ།

ཉི་མ་ཚང་ལ་འགྱའ་(ནུབ)ཐལ། ཚང་གང་ལ་བུད་ཐལ།

ཚང་བྱེའུས་གཏོར་ཐལ། བྱེའུ་གང་ལ་བུད་ཐལ།

བྱེའུ་སྡོང་མགོར་འཕུར་ཐལ། སྡོང་བོ་གང་ལ་བུད་ཐལ།

འབྲིང་དྲ་བ། དྲ་ཤོག http://www.tibetanms.cn/zzwh/chchwh/gw/2012-10-20/13338.html


སྡོང་བོ་ཤིང་བཟོས་བཅད་ཐལ།

བོད་ཀྱི་བྱིས་པའི་རྩོམ་རིག

99

ཤིང་བཟོ་གང་ལ་བུད་ཐལ།

ཤིང་བཟོ་ཆུ་ལོག་གིས་ཁུར་ཐལ།”

ལྟ་བུར་ལེ ན ་པས། བྱིས ་རྩོམ་འདི་ གཉིས ་ཀྱི་ རྩོ མ ་སྒྲོ མ ་དང་ལེ ན ་སྟངས་

གཅིག་ཀྱང་བྱ་དངོས་མང་པོ་ཞིག་གི་མིང་འབོད་སྟངས་མི་འདྲ་བར་རང་རང་གི་

ཡུལ་ལུང་གི་ཁ་ཚིག་མང་པོ་ཐོན་ཡོད་པ། དཔེར་ན། ཁངས་ཀིས་གཡོགས་དང་ ཐལ། གངས་ཉི་མས་ཁྱེར་ཐལ། ཉི་མ་ཚང་ལ་འགྱའ་ཐལ། གང་ལ་བུད་ཐལ་སོགས་

རྩོམ་སྔ་ཕྱི་གཉིས་ཀའི་ནང་དུ་ཐོན་པ་དང་། རྩོམ་ཕྱི་མའི་ནང་མེད་པའི་སྣེ་ཏོའུ་དང་

རྨ་ཆུ། འབྲི་ཆུ། མགར་བ་ལྟ་བུ་རྣམས་ས་གནས་གྱི་ཁྱད་ཆོས་ལ་སྦྱར་བ་བཅས་ ཀྱིས་རྩོམ་སྔ་ཕྱི་གཉིས་ལ་རང་རང་གི་ནང་དོན་དང་ཡོན་ཏན་ཚང་བར་བྱས་ཡོད།

དེ ་ བཞི ན ་བྱི ས ་གླུ་<<ཨ་ཀྲབ་ཀྲབ་དྲུག>>ལྟ་བུ་ལ་མཚོ ན ་ན་མི ང ་གཅི ག ་

ལ་ཚན་པ་དབྱེ་སྟངས་དང་ནང་དོན་མི་འདྲ་བ་ཡོད་དེ། དཔེར་ན། 63<<ཨ་ཀྲབ་ ཀྲབ་དྲུག>>

ཁག་དང་པོ།

གོ་ལྡིང་བྲག་ངོ་ན་ཀྲབ་ཀྲབ་ཀྲབ། །

བོང་བུ་དར་ཐོག་ན་ཀྲབ་ཀྲབ་ཀྲབ། །

རུལ་མ་ཐབ་མགོ་ན་ཀྲབ་ཀྲབ་ཀྲབ། ། གྲོག་མ་ས་ཐོག་ན་ཀྲབ་ཀྲབ་ཀྲབ། །

སྡོམ་ནག་གྱང་ངོ་ན་ཀྲབ་ཀྲབ་ཀྲབ། །

63 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༡༠


100

ཉམས་ཞིབ་དེབ་ཕྲེང་། ༢

རྔ་མོང་བྱེ་ཐང་ན་ཀྲབ་ཀྲབ་ཀྲབ། །དང་།

ཁག་གཉིས་པ།

མི་རྒན་གྲལ་མཐའ་ན་ཀྲབ་ཀྲབ་ཀྲབ། ། ཁྱི་རྒན་སྒོ་ཁ་ན་ཀྲབ་ཀྲབ་ཀྲབ། །

རྟ་རྒན་ལྷས་ར་ན་ཀྲབ་ཀྲབ་ཀྲབ། །

འབྲོང་རྒན་གཡའ་གསེབ་ན་ཀྲབ་ཀྲབ་ཀྲབ། ། བྱ་རྒན་ཐེད་ཐོག་ན་ཀྲབ་ཀྲབ་ཀྲབ། །

མཛོ་རྒན་ཞིང་གཉའ་ན་ཀྲབ་ཀྲབ་ཀྲབ། །

ལྟ་བུ་ཚན་པ་གཉིས་ཅན་ལ་ནང་དོན་གྱི་ཐད་ནས་ཚན་པ་དང་པོས་གོ་ལྡིང་

དང་བོང་བུ། རུལ་མ། གྲོག་མ་སོགས་ཀྱི་སྤྱིར་བཏང་གི་དངོས་པོ་དྲུག་གི་ངང་

ཚུལ་བརྗོད་པ་དང་། ཚན་པ་གཉིས་པས་མི་རྒན་དང་ཁྱི་རྒན། རྟ་རྒན། འབྲོང་རྒན་ སོགས་དམིགས་བསལ་གྱི་རྒན་པ་ཁྱུ་ཞིག་གི་ངང་ཚུལ་བརྗོད་ཡོད་པའི་ཁྱབ་རྒྱ་ཆེ་ བ་ཅན་དང་།

<<ཨ་ཀྲབ་ཀྲབ་དྲུག>>

64

འབུ་ནག་བལ་གསེང་ན་ཀྲབ་ཀྲབ་ཀྲབ། ། སྡོམ་གྱང་ངོ་ན་ཀྲབ་ཀྲབ་ཀྲབ། །

གྲོག་མ་ཁུང་སྒོ་ན་ཀྲབ་ཀྲབ་ཀྲབ། །

ར་མ་བྲག་མགོ་ན་ཀྲབ་ཀྲབ་ཀྲབ། །

བོང་བུ་དར་ཐོག་ན་ཀྲབ་ཀྲབ་ཀྲབ། །

64 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ཤོག་ངོས། ༧


རུལ་མ་ཐབ་རྩ་ན་ཀྲབ་ཀྲབ་ཀྲབ། །ལྟ་བུ།

བོད་ཀྱི་བྱིས་པའི་རྩོམ་རིག

101

ཚན་པ་གཅིག་གིས་སྲོག་ཆགས་རྐྱང་རྐྱང་གི་སྤྱིར་བཏང་གི་ངང་ཚུལ་བརྗོད་

ཡོད་ལ། དེ་ཡང་བྱིས་པ་ཚོར་རྒྱུས་ཡོད་ཀྱི་སྲོག་ཆགས་སྐོར་ཞིག་སྟེ་ཁྱིམ་ཚང་ ཞིག་གི་སྒོ་ཕྱི་ནང་གི་མཐོང་ཆོས་རིགས་ཤིག་བརྗོད་བྱ་བྱས། རྩོམ་ཕྱི་མའི་བརྗོད་ བྱ་ལས་ང་ཚོས་ར་མ་དང་བོང་བུ་ལྟ་བུ་རོང་བ་ཚོའི་འཚོ་བའི་རྣམ་པ་ཞིག་ཀྱང་ངང་

གིས་མཐོང་བ་དང་། རྩོམ་སྔ་མའི་ནང་དེ་དག་གི་སྟེང་དུ་འབྲོང་རྒན་དང་བྱ་རྒན། རྟ་ རྒན། ཁྱི་རྒན་སོགས་བསྣན་ཏེ་ས་མཐོའི་འཚོ་བ་ཞིག་ཡིད་ལ་འཇོག་པས། རྩོམ་སྔ་ ཕྱི་གཉིས་ཀྱི་ནང་དོན་ལ་ས་གནས་བྱེ་བྲག་པའི་ཁྱད་ཆོས་ལྡན་པར་བྱས་ཡོད།

འདི་ལྟར་བོད་ཀྱི་བྱིས་གླུ་ནི་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་ཁྱིམ་གྱི་ཁྱད་

ཆོས་ལྡན་པ་ཞིག་ཡིན་ལ། བྱིས་པ་ཚོའི་དབང་པོ་ལྔ་དང་ཁ་ཐག་རིང་དུ་མ་སོང་ བར་ཐག་ཉེ་རུ་བཅར་བ་དང་། ཉིན་མཚན་དབྱེར་མེད་དུ་བྱིས་པ་ཚོ་དང་ཁ་མ་

བྲལ་བར་བྱིས་གླུའི་ནང་དོན་རྣམས་ཇི་བཞིན་དུ་འཚོ་བའི་ལག་ལེན་ཁྲོད་མཐོང་ ཐོས་མྱོང་གསུམ་གྱིས་ར་འཕྲོད་པས། བྱིས་པ་ཚོའི་སྣང་བ་འགུག་ཐུབ་པ་དང་བློ་

ལ་འཇགས་སླ་བ། བྱིས་པ་རྣམས་བྱིས་གླུ་ལེན་པར་སྤྲོ་སྣང་གིས་ཁེངས་པ་ཞིག་ བཟོས་ཡོད་པ་རེད།

ག རྩེད་འཇོ་ཡི་བག་དང་ལྡན་པ།

བྱིས་གླུ་ནི་གནའ་སྔ་མོ་སྔ་མོ་ནས་སྲིད་པ་རྒན་པོ་ཟེར་བའི་བྱིས་པའི་ལུས་

ངག་ཡིད་གསུམ་གཉོར་སྐྱོང་དང་གཅེས་སྐྱོང་གནང་མཁན་ཉམས་མྱོང་ཅན་དག་ གིས་བྱིས་པའི་རྩེ་དགའ་ཡི་ན་ཚོད་དང་སྤྱོད་པ། སེམས་ཁམས་བཅས་ཀྱི་ཆོས་ ཉིད་གཞིར་བཟུང་སྟེ་བླངས་པའི་གླུ་ཡིན་པས། ཁོང་ཚོའི་ངག་ལས་འཁྲུངས་པའི་


102

ཉམས་ཞིབ་དེབ་ཕྲེང་། ༢

བྱིས་གླུ་ཡི་ནང་དོན་དང་ཚིག་གི་སྒྲིག་སྦྱོར། ལེན་སྟངས་བཅས་ཀྱི་ཆ་ཤས་རེ་རེར་

རྩེད་འཇོ་ཡི་བག་དང་ལྡན་ཞིང་། བྱིས་གླུ་ཡི་རྩེད་འཇོ་ཡི་ཁྱད་ཆོས་དེ་དག་ནི་བྱིས་ པ་བསམ་མེད་རྩེད་འཇོ་རྐྱང་རྐྱང་ལས་གང་དང་ཅི་ཡང་མི་དྲན་པ་རྣམས་སྤྱང་ཀི་ཤ་

ལ་འཕྲད་པ་ལྟ་བུ་ཡིན་པས། བྱིས་པ་རྣམས་བྱིས་གླུ་ཡི་རྩེད་འཇོའི་རང་བཞིན་གྱིས་ འགུག་པ་དང་། རྩེད་འཇོ་ནི་བྱིས་གླུ་ཡི་བསླུ་བྲིད་ཀྱི་ཇུས་རྒྱ་མི་ཆུང་ཞིག་ཡིན་ལ།

བྱིས་གླུ་ཡིས་རྩེད་འཇོ་ཡི་བསླུ་བྲིད་བར་ནས་བྱིས་པའི་བློ་རིག་གི་གཏེར་ཁ་སྔོག་ འདོན་དང་། བྱིས་པ་ཚོའི་ཁ་དང་ལག་པའི་རྩལ་གོང་འཕེལ། བྱིས་པ་དག་གི་ལུས་ ངག་གི་སྤྱོད་པ་རྣམ་དག་ཏུ་གཏོང་བ་ཡིན།

དེ་ཡང་། བྱིས་གླུ་ཡི་ཚིག་སྦྱོར་གྱི་ཐད་ནས་བྱིས་པའི་ཁ་སྐད་ཀྱིས་བྱ་དངོས་

གང་དང་ཅི་ཡང་ཆེན་པོ་དང་བརྗིད་པོ་སོགས་བྱིས་པའི་སེམས་ལ་མི་རན་པའི་སྣང་

བརྙན་མཐོང་གཟུགས་སུ་འདྲེན་པ་མ་ཡིན་པར། བྱ་དངོས་དག་གི་དབྱིབས་རྣམ་

སྐད་ཆ་ཡིས་ཆུང་ངུ་དང་བྱིས་པའི་ཡིད་ལ་འཐད་པ། བློ་ལ་འཇུག་པ། བྱིས་པའི་

སྣང་བར་སྙིང་རྗེ་བ་ཞིག་འདྲེན་པ་དག་བཀོལ་ཡོད་དེ། རྟ་གཞས་སྒ་གཞས་བསྟོད་

ལ་སྟེར། །གོ་གོ་ཉུག་ག་ཕུག་ག་སྟེར། །ཟེར་བ་ལས་རྟ་གཞས་དང་སྒ་གཞས། གོ་ གོ་བཅས་ནི་བྱིས་པའི་ཡིད་ཁམས་ལ་འཇུག་བདེ་བའི་སླད་དུ་བཀོལ་སྤྱོད་བྱེད་པའི་

བྱིས་པའི་ཁ་ཚིག་ཡིན་ལ། བྱིས་གླུ་ཡི་སྐད་བརྡའི་བྱེད་ཐབས་ཀྱི་ཐད་ནས་བོད་ཀྱི་

སྲོལ་རྒྱུན་སྙན་གཞུང་ལས་སྒྲ་རྒྱན་དུ་བཏགས་པའི་ཚིག་སྦྱོར་ཏེ། བྱིས་གླུ་ཚན་པ་ གཅིག་གམ། ཡང་ན། ཚན་པ་གཅིག་གི་ཚིག་རྐང་རེ་རེའི་མགོ་བར་མཇུག་གསུམ་ གང་རུང་གི་ཚིག་སྒྲ་མཚུངས་པའི་རིགས་ཡིན་ལ། སྒྲ་མཚུངས་སམ་བསྐྱར་ཟློས་

ཀྱི་སྒྲ་ཡི་འདེགས་འཇོག་འདི་ནི་བྱིས་པའི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ ཚིག་གི་སྦྱོར་བ་ཐུན་མིན་པ་ཞིག་སྟེ། འདི་ཡིས་ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག་


བོད་ཀྱི་བྱིས་པའི་རྩོམ་རིག

103

གི་རོ་བྲོ་དང་འགུག་ཤུགས་གང་གི་ཐད་ནས་ཀྱང་གོ་གནས་གལ་ཆེན་བཟུང་འདུག་

པ་ནི་65<<ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག>>ཅེས་པ་ལས་བུ་གསོ་ཁང་གི་སྙན་ རྩོམ་ཐུང་ངུའི་རིགས་ཀྱིས་ཕྲུ་གུ་ཚོ་ཆེས་ཐོག་མར་རྩོམ་རིག་དང་འབྲེལ་འདྲིས་ བྱེད་པའི་མཐུན་རྐྱེན་སྦྱར་བ་རེད་ལ། དེ་ལྟའི་སྙན་རྩོམ་ཐུང་ངུ་དག་ནི་བྱིས་པའི་

རྩོམ་ཡིག་གི་རྩོམ་འགྲོས་རྙིང་ཤོས་ཤིག་ཏུ་བགྲང་ཞིང༌། ལོ་ངོ་བརྒྱ་ཕྲག་མང་པོའི་

རིང་དར་མ་ཚོས་སྙན་རྩོམ་འདིའི་རིགས་གྱེར་འདོན་བྱས་ཏེ་ཕྲུ་གུ་ཚོར་སྤྲོ་སྣང་ འཕེལ་བར་བྱས་པ་མ་ཟད། བྱིས་པ་རང་ཉིད་ཀྱིས་ངག་ལས་སྙན་རྩོམ་གྱེར་འདོན་ བྱས་ཏེ་སེམས་ཀྱི་སྤྲོ་སྣང་མཚོན་པར་བྱེད་པ་རེད།

བུ་གསོ་ཁང་གི་ཚིག་མཐའི་དབྱངས་མཚུངས་ཅན་གྱི་སྙན་རྩོམ་འེ་ཀྲི་སི་ཁེ་

ཁྲེ་ འེ་ཁྲ་སི་ཁེ་ཁྲེ་(Itisket Itasket)ཡིས་མཚོན་པའི་རིགས་འགའ་ཤས་སྔོན་ཆད་

བྱིས་པའི་རྩེད་མོའི་ཆ་ཤས་ལྟ་བུར་གསར་རྩོམ་བྱས་པའི་ཁོངས་སུ་འདུ་ལ། གཞན་ རྣམས་ནི་མི་དངོས་དོན་དངོས་གཞིར་བཞག་གིས་བརྩམས་པར་སྣང༌། དེང་གི་

གཞོན་སྐྱེས་མང་པོ་ཞིག་གིས་བུ་གསོ་ཁང་གི་ཚིག་མཐའི་དབྱངས་མཚུངས་ཅན་

གྱི་སྙན་རྩོམ་གྱི་ངོ་གདོང་གི་དོན་སྟོན་ཚུལ་སྐོར་ཅུང་ཙམ་རྟོགས་ཐུབ་མོད། སྙན་ རྩོམ་དེ་དག་ལ་ཕྲུ་གུ་ཚོར་སྤྲོ་སྣང་འཕེལ་བའི་དམིགས་བསལ་བརྗོད་གཞི་གང་མང་ དང༌། དགོད་བྲོ་བའི་རྣམ་འགྱུར་དང་སྤྲོ་སྣང་འཕེལ་བའི་རྐྱེན་དབང་དུ་མ་འདུས་པ་

དང༌། ཕལ་ཆེར་ལ་བྱིས་པ་ཚོར་ཆེས་གལ་ཆེ་བའི་དབྱངས་ཀྱི་འདེགས་འཇོག་

གི་སྐད་ཆ་བཅས་ཀྱིས་ཁེངས་པར་བྱས་ཡོད། གཞན་བུ་གསོ་ཁང་གི་ཚིག་མཐའི་

དབྱངས་མཚུངས་སྙན་རྩོམ་གྱིས་ཕྲུ་གུ་ཚོར་གྲངས་བརྩི་ཚུལ་དང་གསལ་བཤད་ཡི་ གེ༑ ལོ་འཁོར་ཟླ་བ་བཅུ་གཉིས་དང་གཟའ་འཁོར་གཅིག་གི་ཉིན་གྲངས་བདུན་གྱི་ 65 ནུབ་ཕྱོགས་ཀྱི་བྱིས་པའི་རྩོམ་རིག འཕྲུལ་དེབ། སྐལ་བཟང་ཉི་མས་སྒྱུར་སྒྲིག་བྱས། ཤོག་ངོས། ༡༡


104

ཉམས་ཞིབ་དེབ་ཕྲེང་། ༢

མིང་སོགས་སློབ་པ་ལ་རོགས་འདེགས་བྱེད་པ་རེད་ཅེས་བརྗོད་པ་ལས་གོ་ནུས་ ཤིང་། ནུབ་ཕྱོགས་པའི་བྱིས་པའི་རྩོམ་རིག་ནི་བུ་གསོ་ཁང་གི་ཚིག་རྐང་རེ་རེའི་ མཐའ་ཡི་དབྱངས་མཚུངས་གླུ་གཞས་ནས་འགོ་བཟུང་བ་ཡིན་ན། བོད་ཀྱི་བྱིས་པའི་ རྩོམ་རིག་ཀྱང་བྱིས་པ་གཉིད་འགུག་པའི་གླུ་ལྟ་བུ་དང་ཚིག་གི་མགོ་སྔ་གང་རུང་གི་ སྒྲ་མཚུངས་ཀྱི་བྱིས་གླུ་ནས་འགོ་བཟུང་བའི་གོ་རིམ་ཞིག་ཅིས་ཀྱང་ཡོད། བོད་ཀྱི་ སྒྲ་མཚུངས་བྱིས་གླུ་ཚིག་དུམ་བསྐྱར་ཟློས་བྱས་པ་66<<ཨ་མཚར་མཚར་དགུ>>ལྟ་ བུ་དཔེར་ན།

རི་འདི་བརྩིག་ནི་མེད་ལ་མཐོ་ནོ་ལྟོས་དང་ཨ་མཚར་མཚར། །

ཆུ་འདི་འདེད་ནི་མེད་ལ་མགྱོགས་ནོ་ལྟོས་དང་ཨ་མཚར་མཚར། ། རྡོ་འདི་ཕ་མ་མེད་ལ་མང་ནོ་ལྟོས་དང་ཨ་མཚར་མཚར། །

གནམ་འདི་འགྱོག་ནི་མེད་ལ་མཐོ་ནོ་ལྟོས་དང་ཨ་མཚར་མཚར། ། ཐང་འདི་བརྡལ་ནི་མེད་ལ་བདེ་ནོ་ལྟོས་དང་ཨ་མཚར་མཚར། །

རྩྭ་འདི་འདེབས་ནི་མེད་ལ་སྐྱེས་ནོ་ལྟོས་དང་ཨ་མཚར་མཚར། །

རླུང་འདི་སྤུར་ནི་མེད་ལ་གཡུག་ནོ་ལྟོས་དང་ཨ་མཚར་མཚར། །

མཚོ་འདི་སྐྱིལ་ནི་མེད་ལ་འཁྱིལ་ནོ་ལྟོས་དང་ཨ་མཚར་མཚར། ། མེ་འདི་སྒྲོན་ནི་མེད་ལ་འབར་ནོ་ལྟོས་དང་ཨ་མཚར་མཚར། །

ཞེ ས ་བྱི ས ་གླུ་ཚན་པ་གཅི ག ་གི ་ ཚི ག ་རྐང་ཚང་མའི ་ མཐའ་རུ་ཚི ག ་དུམ་

གཅིག་བསྐྱར་ཟློས་ཀྱིས་སྒྲ་མཚུངས་པ་དང་གདངས་ཀྱང་མཚུངས་པར་བྱས་པས། བྱིས་པ་ཚོའི་བློ་ལ་འཇུག་བདེ་བ་དང་ཁ་སྐད་ཙམ་པོ་ཡང་གསར་དུ་སློབ་ཀྱིན་པའི་ 66 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་ གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༦


བོད་ཀྱི་བྱིས་པའི་རྩོམ་རིག

105

བྱིས་པ་ཚོའི་ངག་ནས་སྒྲ་ཐོན་སླ་བའི་ཚིག་གི་རོལ་རྩེད་ཁྱད་པར་བ་ཞིག་ཡིན་ལ། བྱིས་གླུ་ཚན་པ་གཅིག་གི་ཚིག་རྐང་རེ་རེའི་བར་དང་མཐའ་གཉིས་ཀྱི་ཚིག་རེ་རེ་ བསྐྱར་ཟློས་ཡང་ཟློས་བྱས་པའང་ཡོད་འདུག་སྟེ། དཔེར་ན། 67<<ཨ་བརྩེགས་དགུ་ བརྩེགས>>

ཆུས་ཟམ་པ་འཁུར། ། ཟམ་པས་རྟ་འཁུར། ། རྟས་སྒ་འཁུར། །

སྒས་མི་འཁུར། ། མིས་ཞྭ་འཁུར། །

ཞྭས་ཏོག་འཁུར། །

ཏོག་གིས་སྤྲིན་འཁུར། །

སྤྲིན་གྱིས་གནམ་འཁུར། །

གནམ་གྱིས་སྐར་མ་འཁུར་རོ། །

ལྟ་བུས་ཚིག་རྐང་སྔ་མ་དག་གི་དཀྱིལ་དང་མཐའ་ཡི་ཚིག་གཅིག་རེ་ཚིག་

རྐང་ཕྱི་མ་ཕྱི་མ་དག་གི་མགོ་དང་མཐའ་རུ་བསྐྱར་བསྐོར་གྱིས་ཚིག་སྔ་མ་སྔ་མས་ ཚིག་ཕྱི་མ་དག་ཁ་ལ་ལེན་སླ་བ་དང་མགོ་ནས་མཇུག་བར་གདངས་འགྲོས་གཅིག་

གིས་འཁྱོལ་ཐུབ་པ་ལྟ་བུ་སོགས་ཚིག་དུམ་བསྐོར་བ་དང་ཚིག་གཅིག་དང་ཚིག་ གཉིས་རེ་བསྐོར་བ་སོགས་མང་ལ། དེ་ཡང་བོད་ཀྱི་སྲོལ་རྒྱུན་སྙན་གཞུང་གི་བར་

ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལྟ་བུ་དང་། བྱ་དཀའ་བ། ཐོག་མཐའ་སྦྱར་བའི་ཟུང་ 67 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་ གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༦


106

ཉམས་ཞིབ་དེབ་ཕྲེང་། ༢

ལྡན། ཀུན་ཏུ་ཟུང་ལྡན་བཅས་མ་ཚང་བ་མེད་པའི་ཁྱད་ཆོས་ལྡན་ལ། ད་དུང་གྲངས་

ཀ་བསྐྱར་ཟློས་ཀྱི་སྒོ་ནས་རོལ་རྩེད་ཀྱི་རྣམ་པ་ཁྱད་པར་བ་ཞིག་ཐོན་དུ་བཅུག་ཡོད་ པ་ནི་68<<དངོས་པོ་ངོས་འཛིན་གྱི་བྱིས་གླུ>>ལྟ་བུ་དཔེར་ན། ཨ་གཅིག་ཆ་གཅིག་བསེ་རུ་རྭ་གཅིག ། ཨ་གཉིས་ཆ་གཉིས་ར་མ་ནུ་གཉིས། །

ཨ་གསུམ་ཆ་གསུམ་སྒྱེད་པུ་མགོ་གསུམ། ། ཨ་བཞི་ཆ་བཞི་མཛོ་མོ་ནུ་བཞི། ། ཨ་ལྔ་ཆ་ལྔ་མཛུ་གུ་སྤུན་ལྔ། །

ཨ་དྲུག་ཆ་དྲུག་སྐར་མ་སྨིན་དྲུག །

ཨ་བདུན་ཆ་བདུན་སྐར་མ་སྨེ་བདུན། ། ཨ་བརྒྱད་ཆ་བརྒྱད་ཤ་བོ་རྭ་བརྒྱད། ། ཨ་དགུ་ཆ་དགུ་སྲིན་པོ་མགོ་དགུ། ། ཨ་བཅུ་ཆ་བཅུ་ཁྱི་མོ་ནུ་བཅུ། །

ཞེས་གྲངས་ལ་ངེས་པའི་དངོས་པོ་རྣམས་བར་བཅུག་གིས་ཚིག་རྐང་གཅིག་

གི་མགོ་དང་བར། མཇུག་བཅས་ལ་དངོས་པོ་གཅིག་གི་གྲངས་བསྐྱར་བསྐོར་གྱིས་

བརྗོད་པས། འདི་ནི་གྲངས་ཀྱི་སྒོ་ནས་བྱིས་པ་རྣམས་ཀྱི་རྩེད་འཇོའི་དང་བ་ཀུན་ ནས་འདྲེན་པའི་བྱིས་གླུ་ཁྱད་པར་བ་ཞིག་ཡིན་ལ། བྱིས་གླུའི་སྐད་བརྡ་ཙམ་མ་ཡིན་

པར་བྱིས་གླུའི་ནང་དོན་ལ་རྩེད་འཇོ་ཡི་རྐང་ཆགས་པ་ནི། 69<<ཨ་ཁུ་རྒྱལ་པོ་ཚང་ 68 བྱིས་པའི་རབ་བྱེད། བློ་འབྱེད་ཀློག་དེབ་དཔེ་ཚོགས། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་ གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༧༥

69 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༡༩༨

འབའ་སྟོད་པདྨ་དབང་


གི་ཁང་ཐོག་ན>>ཞེས་པའི་གླུ་འདྲ་བ་ཡིན་ལ།

ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན། ། གྱོ་འབྲུ་ནས་འབྲུ་ཐ་ར་ར། ། གྱོ་གྱོ་མ་ཟེར་དང་། །

གྱོ་བྱི་ཏིས་ཟ་ལ་ཁད། །

བྱི་ཏི་བྱི་ཏི་མ་ཟེར་དང་། །

བྱི་ཏི་བྱི་ལས་བཟུང་ལ་ཁད། ། བྱི་ལ་བྱི་ལ་མ་ཟེར་དང་། །

བྱི་ལ་གྱམ་པ་འགྲོ་ལ་ཁད། །

གྱམ་པ་གྱམ་པ་མ་ཟེར་དང་། །

གྱམ་པ་ཆུ་ལོག་ཡོང་ལ་ཁད། །

ཆུ་ལོག་ཆུ་ལོག་མ་ཟེར་དང་། །

ཆུ་ལོག་བྲག་ལ་རྒྱག་ལ་ཁད། ། བྲག་རི་བྲག་རི་མ་ཟེར་དང་། །

བྲག་ལ་རྩྭ་སྔོན་སྐྱེས་ལ་ཁད། ། རྩྭ་སྔོན་རྩྭ་སྔོན་མ་ཟེར་དང་། ། རྩྭ་སྔོན་ར་མས་ཟ་ལ་ཁད། ། ར་མ་ར་མ་མ་ཟེར་དང་། །

ར་མ་སྤྱང་ཀིས་ཟ་ལ་ཁད། །

སྤྱང་ཀི་སྤྱང་ཀི་མ་ཟེར་དང་། ། སྤྱང་ཀི་སྒང་ལ་འགྲོ་ལ་ཁད། །

བོད་ཀྱི་བྱིས་པའི་རྩོམ་རིག

107


108

ཉམས་ཞིབ་དེབ་ཕྲེང་། ༢

རི་སྒང་རི་སྒང་མ་ཟེར་དང་། ། སྒང་ལ་ཁ་བ་འབབ་ལ་ཁད། ། ཁ་བ་ཁ་བ་མ་ཟེར་དང་། །

ཁ་བ་ཉི་མས་བཞུ་ལ་ཁད། ། ཉི་མ་ཉི་མ་མ་ཟེར་དང་། །

ཉི་མ་ཚང་ལ་བཞུད་ལ་ཁད། །

ཅེས་བྱ་དངོས་མང་པོ་ཞིག་གི་རང་བྱུང་གི་འབྲེལ་བ་མུ་འབྲེལ་གྱིས་བརྗོད་

པས་གཏམ་རྒྱུད་ཅིག་བཤད་པ་ལྟ་བུའི་ཉམས་ཐོན་པ་དང་། ནང་དོན་འཕོ་འགྱུར་

གྱི་བར་མཚམས་རེ་རེ་ནས་བྱིས་པ་དག་གི་སེམས་ལ་ཨ་ཧོ་སྙམ་པའི་མཚར་སྣང་ དང་རྗེས་མ་རྗེས་མ་རྣམས་ལ་ཉན་འདོད་དམ་ཤེས་འདོད་ཀྱི་ཧེབ་ཆེན་པོ་ཞིག་སློང་ བ་འདི་ལ།

ཤར་འབྲོང་འབྲོང་སེ་མ་ལ་གཅིག་བྱས།

70

ཤར་འབྲོང་འབྲོང་སེ་མ་ལ་གཉིས་བྱས།

ཤར་འབྲོང་འབྲོང་སེ་མ་ལ་གསུམ་བྱས། ཟོམ་ལེབ་མ་གཅིག་བྱས། ཟོམ་ལེབ་མ་གཉིས་བྱས།

ཟོམ་ལེབ་མ་གསུམ་བྱས།

གསུམ་བྱས་ནས་རྟིང་མ་གཅིག་བྱས། རྟིང་མ་གཉིས་བྱས། རྟིང་མ་ལ་གསུམ།

70 གངས་ལྗོངས་བྱིས་པའི་རྩེད་གཞས་ལས་དྲངས།


གསུམ་བྱས་ནས་སྣ་ཁུག་མ་གཅིག་བྱས།

བོད་ཀྱི་བྱིས་པའི་རྩོམ་རིག

109

སྣ་ཁུག་མ་གཉིས་བྱས། སྣ་ཁུག་མ་ལ་གསུམ།

གསུམ་བྱས་ནས་བཅོ་ལྔ་ལན། བཅུ་དྲུག་ལན།

བཅུ་བདུན་ལན།

བཅོ་བརྒྱད་ལན། བཅུ་དགུ་ལན། ཉི་ཤུ་ལན།

འདི ་ དག་ནི ་ གཞུང་ལུགས་ཀྱི ་ སྐད་ཀྱི ས ་བརྗོ ད ་ན་སྒྲ་ཡི ་ ཉམས་དང་དོ ན ་

གྱི་ཉམས་ཟེར་བ་དེ་ཡང་ཅི་ལ་མིན། བྱིས་གླུ་ལེན་སྟངས་ཐད་ནས་རྩེད་འཇོ་དང་ སྦྲགས་ཏེ་ལེན་པའི་བྱིས་གླུ་རིགས་སྣ་མང་དུ་མཆིས་ལ། དེ་ཡང་དཔེར་མཚོན་ཙམ་ བཀོད་ན། བྱིས་གླུ་71<<མཛུབ་མོ་ལྔ་ཡི་བཤད་པ>>ཞེས་པ་ནི། མཐེབ་རྒན་ན་རེ། ཕར་ཁའི་རི་ན་གཡག་རྒན་ཞིག

གུང་མཛུབ་ན་རེ། དེད་ནས་ཡོང་སྟེ་བཤའ་ལ་འཇོག དཀྱིལ་མཛུབ་ན་རེ། བཤའ་འེ་ཉན་མི་ཉན་སུས་ཤེས། སྲིན་མཛུབ་ན་རེ། ཨོང་བ་འཐུ་བཞིན་ལྟ་འདུག ཨ་ངན་ན་རེ།

འོ་ཉོག་ཟོས་ནས་གཉིད་སྡོད།

ཟེར་ནས་ལག་པའི་མཛུབ་མོ་ལྔ་བོས་རིམ་བཞིན་མགོ་བོ་ཐུར་ལ་སྒུར་རྗེས་

71 ཆར་ཟམ་ཟིམ། སྨུག་ལང་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བདེ་སྐྱིད་སྒྲོལ་མས་བརྩམས། ཤོག་ངོས། ༧༣


110

ཉམས་ཞིབ་དེབ་ཕྲེང་། ༢

ཁུ་ཚུར་དུ་གྱུར།

ལག་མཐིལ་གསེར་གྱི་གཞོང་བ་ཡིན། ། ལག་ཚིགས་དར་གྱི་མདུད་པ་ཡིན། ། གྲུ་ཁུག་ཁྱི་མོའི་ཉལ་ས་ཡིན། །

ཕྲག་མགོ་སོ་བའི་དེའུ་མགོ་ཡིན། ། སྐེ་ཁུག་ཇག་པའི་སྐུང་ས་ཡིན། །

ཟེར་བཞིན་བུ་བུ་མོའི་མཆན་ལ་བཞད་གད་སློང་བའི་བྱིས་གླུ་ལྟ་བུ་དང་།

གཞན་ཡང་བྱིས་པ་ཀ་པ་དང་ཁ་པས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ལེན་

རེས་བྱེད་པ། རྒྱན་འཇོག་པ། ར་མ་འགལ་བ། རུ་འགལ་བ། རྩེད་མོ་དང་སྦྲགས་ ནས་ལེན་པ་སོགས་ཅི་རིགས་སུ་སྣང་།

འདི་ལྟར་བོད་ཀྱི་བྱིས་གླུ་ལ་ཟུར་དང་སྣེ་མི་འདྲ་བ་རེ་རེ་ནས་མཇལ་དུ་ཡོད་

པའི་ཡོན་ཏན་སྣ་མང་ཞིག་བདོག་ངེས་མོད། ཁོ་བོས་བོད་ཀྱི་བྱིས་གླུ་ལ་ཤེས་བྱའི་

ནང་ཁོག་འཛོམས་པ་དང་ཡུལ་ལུང་གི་རང་བཞིན་དུ་གནས་པ། རྩེད་འཇོ་ཡི་བག་

དང་ལྡན་པ་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་གྱི་སྒོ་ནས་བལྟས་པ་ཡིན་ལ། ཁྱད་ ཆོས་འདི་དག་ནི་བོད་ཀྱི་སྲོལ་རྒྱུན་བྱིས་གླུ་ཡི་མེད་མི་རུང་གི་ཆ་ཤས་ཁག་ཡིན་

པ་དང་། བོད་ཀྱི་སྲོལ་རྒྱུན་བྱིས་གླུ་ཡི་མ་རྐང་གི་ཁྱད་ཆོས་འདི་དག་གི་སྟེང་ནས་ ཡར་བསླངས་པ་ཡིན་པས། བོད་ཀྱི་བྱིས་གླུ་རྡོ་དང་ཤིང་དང་ཤོག་ངོས་དང་ཤེལ་ ངོས་སོགས་གང་ལའང་མ་རྐོས་མ་བྲིས། མ་གཏགས་ཏེ། མ་ཉམས་མ་ཆད་མ་སུབ་

པར་ཉེ་བའི་ལོ་ཤས་བར་ངག་ཐོག་ཁོ་ན་ནས་རྒྱུན་བསྲིང་ཐུབ་པ་བྱུང་བ་ཡིན་ལ། ང་ ཚོས་ད་བར་དུ་བྱིས་གླུ་ལ་དམིགས་ཡུལ་དང་གྲ་སྒྲིག་མཆིས་ལ། སྒྲིག་གཞི་དང་


བོད་ཀྱི་བྱིས་པའི་རྩོམ་རིག

111

གོ་རིམ་ལྡན་པའི་བདག་པོ་མ་བྱས་མོད། དུས་ད་ལྟ་བར་བོད་ཀྱི་གནའ་བོའི་བྱིས་ གླུ་ཡི་གླུ་སྐད་མ་ཉམས་པར་གྲེ་བ་མཐོ་རུ་བཏེགས་སོང་བའི་རྒྱུ་མཚན་ཆེན་པོ་ལ་ བརྟེན། རྟིང་སོར་ཡང་ང་ཚོས་བྱིས་གླུ་ཡི་སྡོར་ལྟ་བུའི་ཁྱད་ཆོས་འདི་དག་གི་སྟེང་ ནས་རྒྱུད་འཛིན་དང་གོང་སྤེལ་གཏང་དགོས་པའང་ཐག་གིས་ཆོད་དོ། །


112

ཉམས་ཞིབ་དེབ་ཕྲེང་། ༢

ས་བཅད་བཞི་པ། བྱིས་སྒྲུང་།

དང་པོ། བྱིས་སྒྲུང་གི་མཚན་ཉིད་བསྟན་པ།

གོང་དུ་བརྗོད་པ་ལྟར་བོད་ཀྱི་བྱིས་པའི་རྩོམ་རིག་དང་ལྷག་པར་དུ་བོད་ཀྱི་བྱིས་ སྒྲུང་གི་ཁུངས་ནི་གནའ་སྔ་མོ་སྔ་མོ་ནས་བོད་མིའི་བཤད་རྒྱུན་དུ་རླུང་ལྟར་གྲགས་

པའི་སྒྲུང་ལྡེའུ་བོན་གསུམ་གྱི་སྒྲུང་དང་། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། མ་སང་ གི་སྒྲུང་། མཆིལ་པའི་སྒྲུང་བཅས་ཀྱི་ཕྱི་མོ་རུ་འདོད་པས། མཆིལ་པའི་སྒྲུང་གི་ ངོས་འཛིན་དང་འགྲེལ་བཤད་སོགས་ནི་བྱིས་སྒྲུང་གི་མཚན་ཉིད་དུ་གོ་བར་རིགས་ ཤིང་། བྱིས་སྒྲུང་གི་མཚན་ཉིད་ཀྱང་ཐོག་མར་མཆིལ་པའི་སྒྲུང་གི་གོ་དོན་ནས་འགོ་ བཟུང་སྟེ་བརྗོད་དགོས།

དེས་ན་1<<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ>>རུ། མཆིལ་པའི་སྒྲུང་

ནི་ནམ་རྒྱུན་དུ་བྱ་དཔེ་བྱེའུའི་སྒྲུང་ཞེས་གྲགས་པ་བོད་མི་རྒན་གཞོན་ཀུན་གྱི་ངག་ ནས་ཤོད་ཆོག་ཏུ་ཡོད་པ་དེ་རིགས་ཀྱི་ནང་ནས་གནའ་བོའི་དུས་སུ་ཆེས་གྲགས་

པ་ནི། མཆིལ་རྒན་རྒྱ་བོའི་སྒྲུང་དེ་རིགས་ཡིན་པར་ངེས་ལ། དེའི་རྒྱུ་མཚན་གྱིས་ ཆོས་འབྱུང་མཁས་པའི་དགའ་སྟོན་དུ་མཆིལ་པའི་སྒྲུང་ཞེས་དཔེར་བཀོད་པ་ཡིན། བྱ་དཔེ་བྱེའུའི་སྒྲུང་ཞེས་པ་དེ་ནི་བྱ་དང་བྱེའུ་ཁོ་ནར་མ་ཟད། སྒྲུང་དེ་ཡི་ཁོངས་སུ། 1 སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། ནམ་མཁའི་ནོར་བུ། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས།༦༨


བོད་ཀྱི་བྱིས་པའི་རྩོམ་རིག

113

སྤྲེའུ་དང་། རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་སོགས་གཅན་

གཟན་གྱི་རིགས་དང་། བུང་བ་དང་ཕྱེ་ལེབ་སོགས་འབུ་རིགས་ཀྱི་སྒྲུང་སོགས་ སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཚུད་ཡོད་ཅེས་དང་། དེ་ཡི་མཚན་གཞི་

རུ་<<རྨ་བྱ་དྲང་སྲོང་ཁྲ་གསུམ་གྱི་བསྟན་བཅོས་བྱིས་པ་དགའ་བྱེད>>ཅེས་བྱ་བ་ དང་<<བྱ་སྤྲེལ་གཏམ་རྒྱུད་ཅེས་བྱ་བ>> <<བྱ་བརྒྱའི་བསྟན་བཅོས་བྱིས་པ་དགའ་

བྱེད>>སོགས་བཀོད་དེ་སྐབས་དེ་ཡི་བྱིས་སྒྲུང་གི་མཚན་ཉིད་དམ་མཆིལ་པའི་

སྒྲུང་གི་ངོས་འཛིན་སྐོར་གསུངས་ཡོད་པ་དང་། གནའ་སྔ་མོར་བྱིས་སྒྲུང་ལ་མཆིལ་

པའི་སྒྲུང་ཟེར་ནས་ཐོགས་དོན་ཡང་གནའ་བོའི་བྱ་དཔེ་བྱེའུའི་སྒྲུང་ཀུན་ལས་གྲགས་

ཆེ་བ་མཆིལ་རྒན་རྒྱ་བོའི་སྒྲུང་དེ་རིགས་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའང་ནན་ གྱིས་བསྟན་ཡོད།

དེ་ནས་2<<བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་

སྐྱ་རེངས་ཞེས་བྱ་བ>>རུ་གོང་གི་འདི་དང་དོན་མཐུན་པར། བྱིས་སྒྲུང་། དེ་ལ་བྱ་

དཔེ་བྱིའུ་སྒྲུང་ཡང་ཟེར་ཏེ། སྒྲུང་ཚོགས་ཤིག་ལ་གོ་དགོས། དེའི་ནང་བྱ་བྱིའུ་ཁོ་

ནར་མ་ཟད། སྤྲེའུ་དང་རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་ སོགས་གཅན་གཟན་གྱི་སྒྲུང་། བུང་བ་དང་ཕྱེ་ལེབ་སོགས་འབུ་རིགས་ཀྱི་སྒྲུང་ སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་འདུས། དེ་དག་ལ་འཕྲུལ་སྣང་དང་ སྒྲོ་བཏགས། འུད་བརྗོད་མང་བ་ནི་བྱིས་པའི་བསམ་བློ་དང་མཐུན་པས། བྱིས་པ་ རྣམས་ལ་ཀུན་སྤྱོད་དང་ཤེས་རིག་བཅས་ཀྱི་སློབ་གསོ་གཏོང་བའི་བྱ་ཐབས་ཤིག་

ཡིན། ཞེས་གནའ་རབས་སུ་བྱིས་སྒྲུང་ལ་བྱ་དཔེ་བྱིའུ་སྒྲུང་ཟེར་བ་དང་དེ་ལ་ཡང་ 2 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས། འབའ་སྟོད་པདྨ་དབང་རྒྱལ། བཅུད་ རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༣༠༦


114

ཉམས་ཞིབ་དེབ་ཕྲེང་། ༢

རིགས་སྣ་ཚོགས་ཡོད་པ། དེ་ཡང་བྱ་དཔེ་བྱིའུ་སྒྲུང་གི་འཕྲུལ་སྣང་དང་སྒྲོ་བཏགས། འུད་བརྗོད་བཅས་ཀྱི་རང་བཞིན་མདོར་བསྡུས་ཀྱིས་བཀོད་འདུག

<<སྤོ་ཡུལ་གྱི་དམངས་སྲོལ་རིག་གནས>>ཞེས་པར་གང་ཞིག་ལ་བྱིས་

3

པའི་སྒྲུང་གཏམ་ཟེར་རམ། བྱིས་པའི་སྒྲུང་གཏམ་ལ་སྟོང་བསམ་གྱི་སྒྲུང་གཏམ་ཡང་

ཟེར་ཞིང་། དེའང་ཡ་མཚན་ཆེ་བའི་སྟོང་བསམ་དང་དངོས་ཡོད་ཀྱི་འཚོ་བ་གཉིས་

ཟུང་དུ་སྦྲེལ་བའི་རྣམ་པའི་ཐོག་ནས་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྟོབས་ ཤུགས་ལ་འཐབ་རྩོད་བྱེད་པ་དང་། གཉའ་གནོན་ལ་འགོག་རྒོལ་བྱེད་པ། གཡོ་སྒྱུ་ ཁྲམ་གསུམ་བྱེད་མཁན་གྱི་མི་ངན་ཚར་གཅོད་གཏོང་བ། སྤྱི་ཚོགས་ཀྱི་གནས་བབ་

དམའ་བའི་ངལ་རྩོལ་བ་དཀྱུས་མའི་སྤྱང་གྲུང་དང་འཇོན་ཐང་བརྗོད་པ། དེ་བཞིན་

གཞོན་ནུ་ཕོ་མོའི་ལས་སྐལ་དང་། ཡ་མཚན་ཅན་གྱི་བྱིས་པ་ལ་སོགས་རྒྱས་བཤད་

བྱེད་པའི་སྒྲུང་གཏམ་ལ་ཟེར་བ་ཡིན། ཞེས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བྱིས་སྒྲུང་ གི་ངོས་འཛིན་ཞིག་བརྗོད་ཡོད་པ་མ་ཟད། བྱིས་སྒྲུང་ལ་སྟོང་བསམ་གྱི་སྒྲུང་གཏམ་ ཟེར་ཞེས་མིང་གི་འབོད་སྲོལ་མི་འདྲ་བ་ཞིག་ཀྱང་བྱུང་ཡོད།

<<བོད་ཀྱི་བྱིས་པའི་རྩོམ་རིག་གི་རྩོམ་ལུས་སྐོར་གླེང་བ>>ཞེས་པའི་དཔྱད་

4

རྩོམ་དུ་བྱིས་སྒྲུང་ནི་བོད་དམངས་ཁྲོད་ཀྱི་གཏམ་རྒྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་

ཡིན་ལ། བྱིས་སྒྲུང་དེ་མི་རྣམས་ཀྱིས་འཕྲུལ་སྣང་ལ་བརྟེན་ནས་བསྒྲིགས་པ་ཞིག་ ཡིན་མོད་ཀྱང་། འཕྲུལ་སྣང་དེ་ལ་གཞི་འཛིན་ས་སྤུ་ཙམ་ཡང་མེད་པ་ཞིག་མ་ཡིན་ 3 སྤོ་ཡུལ་གྱི་དམངས་སྲོལ་རིག་གནས། ཕུར་བུ་རྡོ་རྗེ། བཀྲ་ཤིས་ནོར་བུ། བསོད་ནམས་དབང་ཕྱུག བོད་ལྗོངས་ མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས།༢༢༩

4 མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༡༠


བོད་ཀྱི་བྱིས་པའི་རྩོམ་རིག

115

པར་དངོས་ཡོད་ཀྱི་འཚོ་བ་རྨང་གཞི་བྱས་པ་ཞིག་ཡིན་ཞིང་། དེའི་འགྲེལ་བཤད་ རྒྱག་སྟངས་དང་བརྗོད་ལུགས་མི་ཉུང་བ་ཞིག་བལྟས་ཚོད་ལ་ཧ་ཅང་དགོད་བྲོ་ཞིང་

སྙིང་པོ་མེད་པ་ཞིག་ཏུ་སྣང་ཡང་། དེ་ཡང་རྟོག་པའི་འགྱུ་བ་ཁོ་ན་ཙམ་མ་ཡིན་པར་

གཞི་གྲུབ་པའི་དོན་དངོས་དང་འཚོ་བའི་སྣང་ཚུལ་མཚོན་པ་ཞིག་རེད། བྱིས་སྒྲུང་ དུ་ཤོད་པའི་འཕྲུལ་སྣང་རང་བཞིན་དེ་ལྷ་སྒྲུང་དང་མི་འདྲ་སྟེ། ལྷ་སྒྲུང་གི་མི་སྣ་གཙོ་

བོ་ལྷ་དང་འབྲེལ་བའི་རྫུ་འཕྲུལ་ཅན་དང་། བྱིས་སྒྲུང་གི་སྐབས་སུ་མིའི་ཤ་ཚུགས་ ཅན་རྣམས་མིར་འབྲེལ་ཞིང་། ཕན་གདགས་ཚུལ་བསྟན་པ་དང་ངག་རྒྱུན་ཁྲོད་ཀྱི་

མི་སྣ་ལས་ཅུང་རང་དབང་དུ་སྤྲོས་ཆོག་ལ་སྣ་འཛོམས་ཤིག་ཀྱང་ཡིན། ཞེས་བྱིས་ སྒྲུང་གི་འཕྲུལ་སྣང་གི་བར་སྟོང་དང་དངོས་ཡོད་འཚོ་བ་ཟུང་འབྲེལ་གྱི་ཆོས་ཉིད་ གཙིགས་སུ་བཟུང་ནས་བརྗོད་ཡོད།

མདོར་ན། བོད་གནའ་རབས་ཀྱི་སྐད་དུ་བྱིས་སྒྲུང་ལ་བྱ་དཔེ་བྱེའུའི་སྒྲུང་དུ་

འབོད་པ་དང་། བྱ་དཔེ་བྱེའུའི་སྒྲུང་གི་རིགས་ལས་ཀྱང་ཆེས་གྲགས་ཆེ་བ་མཆིལ་ རྒན་རྒྱ་བོའི་སྒྲུང་དུ་སོང་མི་རྣམས་ཀྱིས་མཆིལ་སྒྲུང་ཞེས་བོས་པ་ཡིན་འདུག་ལ།

མཆིལ་རྒན་རྒྱ་བོ་ཞེས་བྱ་བ་དྲན་འཕྲུལ་ཤིན་ཏུ་རྒོད་ཅིང་། བློ་ཁོག་བཀྲ་བ་ཞིག་

ཡོད་པ་དེས་བློ་ཐབས་ཡ་མཚན་པ་དུ་མ་བསྟན་པའི་སྐོར་གྱི་སྒྲུང་ཤོད་སྲོལ་ཡོད་ འདུག་ཅེས་མཁས་དབང་ནམ་མཁའི་ནོར་བུས་གསུངས་པ་ལྟར་དང་། ཁོ་བོ་ཆུང་ དུས་ཡུལ་མི་རྒན་རྒོན་དག་གིས་གནའ་གཏམ་(ཨམ་སྐད་ཀྱི་སྒྲ་ཇི་བཞིན་པར་ནི་གནག་ གཏམ་དུ་འདོན་པ་ཡིན་ལ། འདིར་ཡིག་སྐད་དང་མཐུན་པར་བཅོས་ཡོད།)ཞེས་འབོད་པ་ཨ་མ་

དྲེད་མོང་དང་དྲེད་ཕྲུག་རྒྱ་ལི་ལྟ་བུ་མང་དུ་གོ་མྱོང་བར་གཞིགས་ན་དམངས་ཁྲོད་ དུ་བྱིས་སྒྲུང་ལ་གནའ་གཏམ་ཟེར་བའང་ཡོད་འདུག་ཅིང་། དེང་གི་དུས་སུ་ཡིག་ ཐོག་ཏུ་བྱིས་སྒྲུང་དང་སྟོང་བསམ་གྱི་སྒྲུང་གཏམ་དུ་འབྲི་སྲོལ་ཡོད་པ་སོགས་གང་


116

ཉམས་ཞིབ་དེབ་ཕྲེང་། ༢

གི་སྒྲ་དོན་གྱི་གོ་བ་རྣལ་ལ་ཕབ་ཚེ། བྱིས་སྒྲུང་ནི་དངོས་ཡོད་འཚོ་བ་རྨང་དུ་བྱས་ ཏེ་མི་རྒན་གཞོན་བར་གསུམ་བརྗོད་བྱ་རུ་དྲངས་པའི་མི་གཤིས་ཅན་གྱི་སྒྲུང་དང་། འཆར་ཡན་དང་སྒྲོ་འདོགས། སྟོང་བསམ་དང་འཕྲུལ་སྣང་གི་བར་སྣང་དུ་བཞེངས་

པའི་ལྷ་གཤིས་དང་འདྲེ་གཤིས་ཅན་གྱི་སྒྲུང་། འཕྲུལ་སྣང་དང་འུད་བརྗོད། རབ་

བཏགས་བཅས་ཀྱི ་ སྒྲོ མ ་དུ་བཅུག་པ་སྲོ ག ་ཆགས་ཀྱི ་ སྒྲུང་བཅས་ཀྱི ་ རི ག ས་སྣ་

ཚོགས་སུ་འདུ་ཞིང་། བྱིས་སྒྲུང་མང་ཆེ་བའི་འཕེལ་རིམ་ནི་ཨ་ལོང་གཅིག་གིས་ གཅིག་ལ་དམ་པོར་སྦྲེལ་བ་ལྟར་ཚགས་དམ་པས། བྱིས་པ་ཚོས་ཡིད་ལ་འཇགས་

ཐུབ་པར་མ་ཟད། བཤད་པ་ཙམ་གྱིས་བྱིས་པ་ཚོས་ཉན་མཚམས་འཇོག་མི་འདོད་ པར་གཏམ་རྒྱུད་ཀྱི་འཕེལ་རིམ་ཇི་ལྟ་བུ་ཞིག་ཡིན་པའི་དྲི་བ་སྣ་ཚོགས་འདྲེན་ངེས་ པ་ཞིག་དང་། བྱིས་སྒྲུང་གི་ཕྱི་ཚུལ་སྤྲོ་དགའ་དང་རྩེད་འཇོ། བསླུ་བྲིད་བཅས་ཀྱི་ འོབས་སུ་བཅུག་ཡོད་ཀྱང་། དེ་དག་ནི་བྱིས་སྒྲུང་གི་བརྗོད་སྙིང་དུ་མི་འབབ་པར་

བྱིས་སྒྲུང་ལའང་དོན་གྱིས་བྱིས་པའི་སེམས་ཁམས་དང་མཐུན་པའི་སྒོ་ནས་གཞུང་

དྲང་དང་། གཡོ་ཟོལ་མེད་པ། ངང་ཚུལ་བརྟན་པ། བརྩོན་འགྲུས་ཡོད་པ། ཡར་སྐྱེད་

ཆེ་དགོས་པ། མཐུན་སྒྲིལ་བྱེད་དགོས་པ། རྒྱུ་འབྲས་སྲུང་དགོས་པ་སོགས་སློབ་

གསོའི་ནུས་པ་དངོས་བརྒྱུད་ཅི་རིགས་ནས་ཐོན་པ་ཞིག་ཡིན་གདའ་ལ། ལྷག་པར་ དུ་དེ་ལྟ་བུའི་བོད་ཀྱི་བྱིས་སྒྲུང་ནི་ལོ་རྒྱུས་ཀྱི་ཐད་ནས་གྲགས་སྔ་ཞིང་། དེ་ཡང་ཐོག་ མ་ནས་བྱ་དཔེ་བྱེའུའི་སྒྲུང་སྟེ་བྱིས་སྒྲུང་གི་ཁྱད་ཆོས་སམ་ཚད་འཛིན་དུ་བགྲངས་

པའི་སྲོག་ཆགས་ཀྱི་སྒྲུང་གིས་དབུ་ཚུགས་པ་ཞིག་རེད། འདི་ནི་འཛམ་གླིང་རྒྱལ་

ཁབ་གཞན་གྱི་བྱིས་པའི་རྩོམ་རིག་གམ་བྱིས་སྒྲུང་གི་ཁྲོད་དུ་མ་བྱུང་བའི་ངོ་མཚར་ རྨད་བྱུང་གི་ཁྱད་རྟགས་ཤིག་ཀྱང་ཡིན་སྲིད་དོ། །


བོད་ཀྱི་བྱིས་པའི་རྩོམ་རིག

117

གཉིས་པ། བྱིས་སྒྲུང་གི་དབྱེ་བ་བཤད་པ།

བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་ནི་བརྗོད་བྱ་གོ་བདེ་ཞིང་བརྗོད་སྙིང་ཁ་གསལ་ལ། འགོ་

འཛུགས་སྟངས་དང་བར་བསྲིང་སྟངས། མཇུག་བསྡུ་སྟངས་བཅས་སྒྲུང་ཕལ་ཆེ་

བའི་བྱུང་རིམ་མཚུངས་ཆོས་སུ་ཡོད་པ་སོགས་འདྲ་མོད། སྒྲུང་གི་མི་སྣའི་རིགས་སྣ་ ཚོགས་སུ་ཡོད་པ་དང་སྒྲུང་གི་བརྗོད་བྱ་དངོས་ཡོད་དང་རྟོག་བཟོ་སོགས་ཅི་རིགས་ འདུས་པ་བཅས་ཀྱི་ཐད་ནས་བྱིས་སྒྲུང་ནི་དེ་འདྲའི་ཆིག་རྐྱང་ཞིག་མ་ཡིན་པར་ཁྱབ་

ཆེ་བར་འདུག་ལ། དཔྱད་བརྗོད་པ་ལ་ཤས་ཀྱིས་དེ་ལ་བྱིས་སྒྲུང་དང་གཏམ་རྒྱུད། ལྷ་སྒྲུང་། དགོད་གཏམ། རབ་བཏགས་ཀྱི་གཏམ་རྒྱུད། ངག་རྒྱུན་བཅས་སུ་དབྱེ་

བར་མཛད་གནང་ཡོད་དེ། དཔེར་ན། <<སྤྱང་ཀི་དང་རི་བོང>>ཞེས་པར་རི་བོང་

ཞིག་ལམ་ཁ་ན་གཉིད་འདུག་པ་དེ་ལམ་འགྲོ་བུ་མོ་ཞིག་གིས་མཐོང་ཞིང་། རི་བོང་ ཤི་རོ་ཞིག་རེད་སྙམ་ནས་སླེ་བོའི་ནང་ལ་བཞག་སྟེ། ཡུལ་ལ་ལོག་ནས་ཤ་ཁུ་ཞིམ་ པོ་ཐུན་གཅིག་འཐུང་ན་བསམས་ཀྱང་། རྗེས་སུ་རི་བོང་དེ་གཉིད་ལས་སད་ཅིང་

སླེ་བོའི་ནང་དུ་ཡོད་པའི་ཀ་ར་བརྐུས་ནས་རྡོ་ཕ་བོང་ཞིག་གི་སྟེང་དུ་ཟ་བཞིན་པའི་

སྐབས་སུ། གདུག་རྩུབ་ཅན་གྱི་སྤྱང་ལྟོགས་ཤིག་ཡོང་ནས་ཁོ་འཆའ་རྩིས་བྱས་ པ་ལ། སྤྱང་གྲུང་ལྡན་པའི་རི་བོང་གིས་སྤྱང་ཀིའི་མིག་འབྲས་ཐབས་ཀྱིས་བྲུས་པ་ དང་། མཐར་སྤྱང་ལྟོགས་དེ་གཡང་དུ་འཕངས་པ་རེད། ཅེས་པ་ལྟ་བུ་གཏམ་རྒྱུད་

དུ་བགྲངས་པ་དང་། <<སྐྱག་འབུས་གཡག་བརྐུས་པ>>ཞེས་པ་སྟེ། གནའ་སྔ་མོ་ ཞིག་ལ་སྐྱག་འབུ་གཅིག་དང་། སྤུ་ཉག་གཅིག་རྩྭ་སྔོན་རྐང་གཅིག་བཅས་གྲོས་བྱས་ ཏེ་གཡག་གཅིག་བརྐུས་པ་རེད། དེ་ནས་སྤུ་ཉག་གིས་ང་རང་གཡག་ལ་ཞོན་ཟེར།


118

ཉམས་ཞིབ་དེབ་ཕྲེང་། ༢

རྩྭ་སྔོན་གྱིས་ངས་སྔོན་ནས་འཁྲིད་ཟེར། སྐྱག་འབུས་ངས་རྗེས་ནས་འདེད་ཅེས་ཟེར་

ནས་ཁོ་ཚོ་ང་རྒྱལ་ཆེན་པོའི་ངང་ཟམ་པ་ཞིག་གི་འགྲམ་དུ་ཐོན་ཚེ། བསིལ་རླུང་ཞིག་

གཡུག་པས་སྤུ་ཆུ་ནང་དུ་ཁུར། གཡག་གིས་ཁ་ཞིག་གདངས་ནས་རྩྭ་སྔོན་ཟོས། ལྕི་ བ་ཆེན་པོ་ཞིག་བཏང་བས་སྐྱག་འབུ་མནན་ནས་ཤིའོ ། །རང་ཚོད་རང་གིས་མི་ཐུབ་ པའི་ལྟས་ངན་གསུམ་པོ་མེད་པར་བཏང་། ཞེས་པ་ལྟ་བུ་རབ་བཏགས་གཏམ་རྒྱུད་ ཀྱི་དཔེར་བཞག་ཡོད།

ཡང་། <<བུད་ཤིང་འཐུ་བའི་བྱིས་པ>>ཞེས་པ། ཉིན་ཞིག་བྱིས་པ་ཞིག་རི་

མགོར་བུད་ཤིང་འཐུ་རུ་སོང་ཚེ། འཇིགས་སུ་རུང་བའི་བདུད་མོ་ཞིག་དང་འཕྲད་དེ་

ཁོ་རང་འཆའ་བར་བརྩམས་པ་ལ། བྱིས་པས་ཞུ་བ་ཡང་ཡང་བྱས་པར་བརྟེན་ཉིན་ གཉིས་པར་འཆའ་བར་ཁས་བླངས། དོན་དེ་རི་བོང་བློ་དང་ལྡན་པ་ཞིག་གིས་ཤེས་

ཏེ་བྱིས་པ་དེ་ལ་སེམས་གསོ་བྱས་ཤིང་། ཐབས་ཤིག་བསླབས་པས་ཕྱི་ཉིན་ལྷ་ཆེན་ ཚངས་པ་བདུད་མོ་འདུལ་བའི་དཔའ་རྒོད་ཅིག་ཏུ་བརྫིས་ནས། བུད་ཤིང་འཐུ་བའི་

བྱིས་པ་དང་མཉམ་དུ་ཐབས་སྣ་ཚོགས་སྒོས་བདུད་མོ་དེ་བཏུལ། ཞེས་ལྷ་སྒྲུང་དུ་ བགྲང་རུང་བ་ལྟ་བུ་ཡིན་རུང་། བོད་ཀྱི་བྱིས་སྒྲུང་གི་མི་སྣ་སྣ་ཚོགས་སུ་གྲུབ་པ་ནི་ བྱིས་སྒྲུང་གི་ཁྱད་རྟགས་གཞན་དང་མི་འདྲ་བར་མཐོང་ཞིང་། མི་སྣ་ཡི་ཆགས་སྡང་

གི་རང་གཤིས་དང་མི་སྣའི་བར་གྱི་འགལ་ཟླའི་རྣམ་འགྱུར་མངོན་པར་གསལ་བ་ནི་ ཕལ་ཆེར་བྱིས་སྒྲུང་གི་རྟགས་སུ་མཐོང་བའི་ཀུན་མཐུན་གྱི་སྐད་ཆ་ཞིག་རེད་མོད། བྱིས་སྒྲུང་གི་མི་སྣ་ལ་ད་དུང་དེ་ལས་གཞན་པའི་མངོན་གསལ་གྱི་ཁྱད་ཆོས་ཤིག་

ཡོད་པ་ནི་བྱིས་སྒྲུང་ཁྲོད་ཀྱི་མི་སྣ་སྲོག་ཆགས་རྐྱང་ཡིན་པ་དང་། མི་ཁོ་ན་ཡིན་པ། མི་དང་སྲོག་ཆགས་མཉམ་བསྲེས་ཡིན་པ། ལྷ་མི་འདྲེས་མ་ཡིན་པ་དང་། སྒྲུང་གི་ མི་སྣ་ཅ་དངོས་ཡིན་པ་བཅས་མི་སྣའི་རིགས་སྣ་ཚོགས་སུ་གྱུར་པ་དེ་ལགས་ན།


བོད་ཀྱི་བྱིས་པའི་རྩོམ་རིག

119

གཤམ་དུ་མི་སྣའི་རིགས་མི་འདྲ་བའི་སྟེང་ནས་བྱིས་སྒྲུང་གི་དབྱེ་སྒོ་གླེང་བར་བྱ། །

ཀ སྲོག་ཆགས་ལ་སྦྱར་བའི་སྒྲུང་།

བྱིས་སྒྲུང་འདིའི་རིགས་ཀྱི་མི་སྣ་ནི་སྲོག་ཆགས་རྐྱང་གིས་གྲུབ་ཡོད་ལ། དེ་ཡང་ མི་སྣ་སྲོག་ཆགས་དང་འབྲེལ་ནས་སྲོག་ཆགས་ཀྱི་འགྲོ་འཆག་ཉལ་འདུག་གི་འཚོ་

བའི་གཏམ་རྒྱུད་བྲིས་པ་དང་མི་ཡི་སྤྱི་ཚོགས་ཀྱི་ཉམས་ཐོན་པར་བྱས་པའང་ཡོད་ ལ༑ རྩོམ་སྟངས་ཀྱི་ཐད་ནས་དངོས་ཡོད་འཚོ་བའི་ཁྱད་ཆོས་ཡོད་པ་དང་འཚོ་བའི་ རྨང་ལ་འཆར་ཡན་དང་འཕྲུལ་སྣང་གི་ ལས་སྣོན་གྱིས ་ཡིད་འཕྲོ ག་པར་བགྱིས ་ པའང་ཡོད། བྱིས་སྒྲུང་འདིའི་རིགས་ལའང་གཉིས་སུ་དབྱེ་རིགས། ༡། སྲོག་ཆགས་ཁོ་ན་ལ་སྦྱར་བ།

རི་བོང་དང་སྦལ་པའི་སྒྲུང་།

5

སྔར་སྤང་ཁ་ཞི ག ་ན་རི ་ བོ ང ་ཞི ག ་རྩྭ་ཟ་བར་འགྲོ་བ་དང་སྦལ་པ་ཆེ ན ་པོ ་

གཅིག་དང་ཐུག་པར་ཞེད་ནས། འོ་ཛི། མགོ་ཆེ་མིག་ཆེ་གྲོད་ཁོག་ཆེ། འབར་ཚག་ གཉེར་མས་གང་དེ་སུ་ཡིན་པ། ཞེས་ཟེར་བ་ལ། སྦལ་པ་ཚིག་པ་ཟས་པས་ངན་

སེམས་བསྐྱེད་ནས་སྨྲས་པ། མགོ་ཆེ་མིག་ཆེ་ཚེ་སྔོན་ལས་ཀྱི་ཡིན། གྲོད་ཁོག་ཆེ་

བ་འཚོ་བས་བརྒྱགས་པ་ཡིན། གཉེར་མ་མང་བ་རྒས་པའི་ཆོས་ཉིད་ཡིན། ཁྱེད་ རང་རྣ་བར་མི་གཙང་འགོས་ན་ཡང་། རང་གི་མི་མཐོང་གཞན་ལ་སྐྱོན་འདོགས་

5 རྒུད་མེད་ཡིད་ཀྱི་མེ་ཏོག་ཅེས་བྱ་བའི་སྒྲུང་། དེབ་དང་པོ། རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ། ༡༩༧༩ ཤོག་ངོས།༢༡


120

ཉམས་ཞིབ་དེབ་ཕྲེང་། ༢

ཞོག་ཟེར་བས།

རི་བོང་འདྲོགས་ནས་རྣ་ཅོག་ལ་བལྟས་ཀྱང་མ་མཐོང་ནས། ངའི་རྣ་ཅོག་ལ་

ཅི་འདུག་ཟེར། སྦལ་པས་ཁྱེད་ཀྱི་རྣ་བར་དུག་འགོས་འདུག་པས། ནམ་ཞིག་རྣ་བའི་

ནང་སོང་ན་ཤི་བ་ལས་འོ ས་མེད་ཟེར། རི་བོང་སྔར་བས་ཀྱང་དངངས་ནས་སྦལ་པ་ ལ་གུས་པ་དང་བཅས་ཏེ། དུག་སེལ་བའི་ཐབས་སྟོན་མཛོད་ཟེར་བ་ལ། སྦལ་པས་

འོ་ན་ཁྱོད་ང་དང་མཉམ་དུ་མཚོ་ཁ་ལ་ཤོག་དང་། ངས་བཀྲུའོ ་ཟེར་བ་ལྟར་ཕྱིན་པས།

ཁྱོད་ཀྱི་རྣ་ཅོག་གཉིས་ཆུ་ནང་དུ་ཆུགས་ཤིག་ངས་བཀྲུའོ ་ཟེར་ཏེ། སྦལ་པས་རི་བོང་ གི་རྣ་ཅོག་ལ་འཇུས་ནས་མཚོ་ནང་དུ་འཐེན་ཏེ་བསད་པར་གྲགས་སོ། ། 6

སེང་གེ་ནད་པ།

སེང་གེ་ནད་པ་རྒས་འཁོགས་ཤིག་སེམས་ཅན་གསོད་མ་ཐུབ་པར་ཁོའི་ཚང་

ནང་དུ་ཉལ་སྡོད་པ་དང་། ཁོ་ནགས་གསེབ་ཀྱི་རྒྱལ་པོ་ཡིན་པས་ན། སེམས་ཅན་ ཚོས་ཁོ་ཐུག་འཕྲད་ཆེད་ཁོའི་ཚང་ལ་ཡོང་བཞིན་ཡོད།

ཉིན་གཅིག་ཨ་ལྕེ་ཝ་མོ་ཡང་སེང་གེར་ཐུག་འཕྲད་ལ་ཡོང་། ཡིན་ནའང།

ཁོས་སེང་གེའི་ཚང་ལ་མ་འཛུལ་བར་སྒོ་རྩ་དེར་ལངས་ཏེ། “ཀྱེ་་་ རྒྱལ་པོ་ཆེན་པོ་ སེང་གེ་ལགས། སྐུ་ཁམས་གང་འདྲ་འདུག” ཅེས་དྲིས་པས། སེང་གེས་དེས། “ང་ ན་ཡི་འདུག ཡར་ནང་ལ་ཤོག་དང་། ནང་ལ་མ་ཡོང་བར་སྒོ་རྩ་དེར་ལངས་བསྡད་

ནས་ག་རེ་བྱེད་ཀྱི་ཡོད་”ཅེས་ཟེར། ཝ་མོས་“སེམས་ཅན་མང་པོས་ཁྱེད་རང་གི་ ནང་ལ་ཡར་ཐུག་འཕྲད་ལ་ཕྱིན་པའི་རྐང་རྗེས་མང་པོ་འདུག་ཀྱང་། སེམས་ཅན་དེ་

6 སྒྲུང་གཏམ་གསར་བུའི་དགའ་སྟོན། འབྲིང་དེབ་༣པ། བོད་གཞུང་ཤེས་རིག་ལྷན་ཁང་། ༡༩༨༨ ཤོག་ ངོས།༧


བོད་ཀྱི་བྱིས་པའི་རྩོམ་རིག

121

ཚོ་ཁྱེད་རང་གི་ནང་ནས་མར་ཡོང་བའི་རྐང་རྗེས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ ཚོ་ཁྱེད་རང་གིས་བསད་དེ་ཟ་གི་ཡོད་པ་ཐག་ཆོད། ང་ཡང་གསོད་ཀྱི་རེད། དེར་ བརྟེན། ང་ཁྱེད་རང་གི་ནང་ལ་ཡོང་གི་མིན་”ཞེས་ཟེར་ཞིང་། ཝ་མོ་བྲོས་ཕྱིན་འདུག ༢། སྲོག་ཆགས་ག་གེ་མོའི་ལུས་སམ་ཡན་ལག་གི་བྱུང་བ་བརྗོད་པ།

སྒྲུང་འདི ་ དག་གི ས ་སྲོ ག ་ཆགས་ག་གེ ་ མོ ་ ཞི ག ་གི ་ ལུས་ཀྱི ་ ཁ་དོ ག ་དང་།

དབྱིབས། ཡན་ལག་སོགས་སྲོག་ཆགས་གཞན་དང་མི་འདྲ་བའི་རིགས་ཇི་ལྟར་ བྱུང་ཚུལ་རྟོག་བཏགས་ཀྱི་གཏམ་རྒྱུད་ལ་བརྟེན་ནས་བརྗོད་པ་ཞིག་ཡིན་ཏེ། དཔེར་ ན༑ 7<<གྲོག་མའི་སྐེད་པ་ཕྲ་བ་དང་སྦལ་པའི་ཕོ་བ་ཆེ་བའི་གཏམ་རྒྱུད>>

གནའ་སྔ་མོར་གྲོག་མ་དང་སྦལ་པ་རི་བོང་གསུམ་སྤུན་བསྒྲིགས་ནས་མཉམ་

དུ་འཚོ་བ་རོལ་བ་ན། གྲོག་མ་དང་སྦལ་པ་གཉིས་ཟས་བཙལ་དུ་མི་འགྲོ་བས་ཉིན་ རྒྱུན་རི་བོང་གཅིག་པུ་ཟས་བཙལ་དུ་འགྲོ་དགོས་བྱུང་། རི་བོང་གིས་དཀའ་ཚེགས་

མྱངས་ཏེ་ཟས་ཁྱེར་ཡོང་ནའང་གྲོག་མ་དང་སྦལ་པ་གཉིས་ཀྱིས་ལྐོག་ནས་རི་བོང་ ལ་ངན་བརྗོད་པ་ལས་རྣམ་འགྱུར་བཟང་བོ་ཞིག་མ་བསྟན། དེ་བས་རི་བོང་གི་

སེམས་ལ་ངས་ཁོ་གཉིས་ཀར་གཡོག་ལས་ཅི་ཙམ་བྱས་ཀྱང་ངོ་ཅུང་ཟད་ཙམ་ཡང་ མེད་པས་ངེས་པར་དུ་འཁོན་ལན་ཞིག་སློག་དགོས་སྙམ། ཉིན་ཞིག་ལ། རི་བོང་སྔ་ མོ་ནས་ཟས་བཙལ་དུ་སོང་། མུན་རུབ་ཁར་ཤ་རྡོག་ཅིག་ཁྱེར་ཡོང་ནས་གྲོག་མ་

དང་སྦལ་པ་གཉིས་ལ་“ཁྱོད་གཉིས་སྡོད་དང་ངས་གཡོ་སྐོལ་བྱེད་”ཟེར་བཞིན་ཤ་ 7 བྱིས་སྒྲུང་དགའ་བའི་རྩེད་འཇོ། ཨ་མདོའི་དམངས་ཁྲོད་རྩོམ་རིགས་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་ སྐྲུན་ཁང་། ཤོག་གྲངས།༢༤༩


122

ཉམས་ཞིབ་དེབ་ཕྲེང་། ༢

ཐུམ་གསུམ་བཙོས། དེ་ནས་ཤ་ཐུམ་ཚོས་ལ་ཡོད་དུས་རི་བོང་གིས་“ཁྱོད་གཉིས་ ཀ་ཉོལ་དང་ངས་ཤ་ཚོས་ཡོད་མེད་ལ་བལྟ་”ཟེར་བཞིན་ཤ་ཐུམ་གཅིག་ཟོས། དེ་ ནས་ཅུང་ཙམ་བསྡད་རྗེས་ཡང་རི་བོང་གིས་ཁྱོད“གཉིས་ཀ་ཉོལ་དང་ངས་ཤ་ལ་ བྲོ་བ་ཨེ་ཡོད་བལྟ་”ཟེར་ནས་ཡང་ཤ་ཐུམ་གཅིག་ཟོས། དེ་ནས་ཤུལ་ན་ཤ་ཐུམ་

གཅིག་མ་གཏོགས་ལུས་མེད་པ་དེའང་རི་བོང་གིས་འདི་བདག་གི་སྐལ་ཡིན་ཟེར་

ནས་ཟོས་སོ། །རི་བོང་གིས་དེ་ལྟར་རང་གི་འདོད་པ་ལྟར་གྲོག་མ་དང་སྦལ་པ་

གཉིས་ལ་འཁོན་ལན་བསློགས་རྗེས་དགའ་སྤྲོའི་ངང་གནམ་ལྡིང་ས་ལྡིང་བྱེད་བཞིན་ བུད་སོང་། དེ་ནས་སྦལ་པས་“ང་ལ་ཁུ་བ་ཡོད་ནའང་ཆོག་”ཟེར་ནས་ཤ་ཁུ་བཏུང་ དྲགས་པས་ཕོ་བ་ཆེ་ཆེར་བསྐྱེད་ཅིང་། གྲོག་མར་ཤ་ཐུམ་ཕར་ཞོག་ཐ་ན་ཁུ་བ་ཡང་

མ་ཐེམས་པས་ཕོ་བ་མི་ལྟོགས་པའི་ཆེད་དུ་སྐེ་རགས་ཀྱིས་ལུས་བསྡམས་པས་ན་ གྲོག་མའི་སྐེད་པ་ཕྲ་བར་གྱུར་ཏོ། །ཞེས་པ་ལྟ་བུ་ཡིན་ལ། གཞན་ཡང་འདི་ལྟ་བུའི་

བྱིས་སྒྲུང་མང་པོ་ཡོད་པ་ནི། རི་བོང་ཁ་ཤོ་ཡིན་པའི་གཏམ་རྒྱུད། ས་འབུ་ནག་ རིང་དང་སྲིན་འབུ་མེ་འཁྱེར་གྱི་གཏམ་རྒྱུད། ཁྭ་ཏ་ནག་པོར་གྱུར་པའི་གཏམ་རྒྱུད།

པུ་ཤུད་ལྟག་རིང་ཁྲ་ཁྲ་རུ་གྱུར་པའི་གཏམ་རྒྱུད། ཤྭ་བའི་རྭ་བརྗེ་བའི་གཏམ་རྒྱུད། ཕུག་རོན་དང་སྲེག་པ་གོང་མོ་གསུམ་གྱི་གཏམ་རྒྱུད། སོགས་ཧ་ཅང་མང་ངོ་། ། ༣། སྲོག་ཆགས་མི་གཤིས་ཅན་གྱི་སྒྲུང་།

འདི་ནི་མི་སྣ་སྲོག་ཆགས་རྐྱང་རྐྱང་ཡིན་པ་ལ་སྒྲུང་གི་བརྗོད་བྱའི་ཐད་ནས་

མི་ཡི་དགྲ་འདུལ་གཉེན་སྐྱོང་གི་རྣམ་འགྱུར་དང་དགའ་སྐྱོ་ཆགས་སྡང་གི་ཚོར་ བ་དངོས་ཇི་བཞིན་རབ་གཏགས་དང་སྒྲོ་འདོགས་ཀྱི་སྒོ་ནས་བསྟན་པ་ཞིག་ཡིན་


བོད་ཀྱི་བྱིས་པའི་རྩོམ་རིག

123

པས། སྒྲུང་གི་མི་སྣ་ལ་མི་གཤིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་མ་ཟད་བྱིས་

པ་དང་ཐག་ཉེ་བའམ་བྱིས་པ་ལ་གོ་སྐོན་བློ་འགུག་གི་རིན་ཐང་མི་དམན་པའི་མིའི་ འཚོ་བའི་ཕྱོགས་དང་ངོས་རྒྱ་ཆེ་བ་ཞིག་མཚོན་པར་བྱས་ཡོད་དེ། དཔེར་ན། 8<<རྟ་ ཡིས་སྤྱང་ཀི་བཏུལ་བ>>ཞེས་པའི་སྒྲུང་ནི།

སྔོན་རྟ་རྒན་གཅིག་འདམ་ལ་ཟུག་པར། སྤྱང་ཀི་ཞིག་འོང་ནས་ཟ་གྲབས་

བྱས། རྟ་ཡིས་སྤྱང་ཀི་ལ་“ཁྱོད་ཀྱིས་ང་འདི་ལྟར་ཟོས་ན་བརྒྱག་མི་ཡོང་། དེ་བས་ ང་འདམ་ནས་བླངས་ཏེ་ཟོས་ན་བཟང་།”ཟེར་བར། སྤྱང་ཀིས་ཀྱང་བདེན་པར་སྙམ་ ནས་རྟ་རྒན་འདམ་ནང་ནས་བླངས་ཏེ་ཟ་བར་བརྩམས་ཀྱང་། རྟ་ཡིས་“ངས་ཉིན་

ཞག་འགར་རྩྭ་མ་ཟོས་པས། ཁྱོད་ཀྱིས་ཟོས་ན་འདམ་དྲི་མ་གཏོགས་ཤ་དྲི་མི་བྲོ་ བས། ང་ཉིན་ལ་སོང་ནས་རྩྭ་ཟ། སྲིབ་ལ་སོང་ནས་ཆུ་འཐུང་། ལུས་ཐོག་གི་འདམ་

ཚང་མ་སྐམ་རྗེས་ཟོས་ན་ཤ་ཚིལ་མཉམ་འདྲེས་ཡིན་པས་ཞིམ་པོ་འདུག་པར་མ་ ཟད་བརྒྱགས་ཐག་ཆོད་ཅིག་ཀྱང་ཟ་ཐུབ་”ཟེར་བར། སྤྱང་ཀིས་ཀྱང་བདེན་པར་ འདོད་དེ་བསྒུགས་ནས་བསྡད། རྟ་རྒན་ཉིན་སྲིབ་ལ་སོང་ནས་རྩྭ་ཆུ་རྒྱགས་ཐག་

ཆོད་པ་ཞིག་ཟ་འཐུང་བྱས་ཤིང་། ལུས་ཐོག་གི་འདམ་ཡང་བསྐམས་པས། སྤྱང་ ཀིའི་མདུན་དུ་སོང་ནས་“ད་ཁྱོད་ཀྱིས་བཞེས་ཆོག་ཆོག་ཡིན། འོན་ཀྱང་ངའི་རྐང་ མཐིལ་ན་གོང་མའི་བཀའ་ཡིག་ཅིག་ཡོད། དེ་ང་རང་གིས་བལྟ་མི་ནུས་པས་ཁྱོད་

ཀྱིས་བཏོན་ནས་ངས་ཐེངས་གཅིག་ལ་ཉན། དེ་བྱས་ན་ང་ཕྱི་མར་སོང་ནས་གཤིན་

རྗེ་རྒྱལ་པོ་ར་བཤད་རྒྱུ་ཞིག་འདུག་མ་གཏོགས། བཀའ་ཡིག་གི་དོན་མ་རྟོགས་ན་ང་ དམྱལ་བར་འཕེན་ངེས།”ཞེས་པར། སྤྱང་ཀིས་རྟ་ཡི་རྨིག་སྣེ་བཀྱགས་ནས་བལྟས་

8 གཏམ་རྒྱུད། མཚོ་བྱང་མི་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། ཚེ་རིང་མཁར་གྱིས་ འཚོལ་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།


124

ཉམས་ཞིབ་དེབ་ཕྲེང་། ༢

པར། རྟ་ཡིས་ཤུགས་ཡོད་ཚད་ཀྱིས་འཕྲས་བརྒྱབས་ནས་སྤྱང་ཀིའི་འགྲམ་རུས་

བཅག་པས་སྤྱང་ཀིའི་དབུགས་ཆད། རྟ་ཡིས་སྤྱང་ཀི་ལ་བལྟས་ནས་རྟ་རྒན་འདམ་

ནས་ལེན་པའི་སྤྱང་ཀི་ཤུགས་ཆེན་པོ། གོང་མའི་བཀའ་ཡིག་འདོན་པའི་སྤྱང་ཀི་ མཁས་པ་པོ། འགྲམ་པ་ཟུར་དུ་ལོག་པའི་སྤྱང་ཀི་ལས་ངན་པོ། ཞེས་ཁོང་དགོད་ ཅིག་བྱས་ཤིང་། རྔ་མ་འཕྱར་ནས་བུད་སོང་ངོ་། །ལྟ་བུ་དང་།

གཞན་ཡང་སྤྱང་གྲུང་འཛོམས་པའི་ལུ་གུ་དང་། རི་བོང་གིས་སྟག་བཏུལ་བ།

ཁྱི་དང་བྱི་ལའི་རྩོད་གླེང་། སེང་གེ་ནད་པ། སྤྱང་ཀི་དང་ར་མའི་གཏམ་རྒྱུད། ཁྭ་ཏ་

དང་སྐྱ་ཀ་གཉིས་མིག་ཤེལ་འགྲན་པ། བྱེའུ་མཆིལ་པ་དང་ཁུག་རྟ་སོགས་ཡོད་ལ། བོད་ཀྱི་བྱིས་སྒྲུང་ལས་ཆེས་མང་བ་དང་བྱིས་པ་ཚོས་ཧ་ཅང་དགའ་མོས་ཆེ་བའི་ རིགས་ཀྱང་འདིའོ། །

༤། སྲོག་ཆགས་དང་མི་གཉིས་ཀ་ཡོད་པའི་སྒྲུང་།

བྱིས་སྒྲུང་འདི་དག་གི་དམིགས་བསལ་གྱི་ཁྱད་རྟགས་ནི་མི་སྣ་མི་དང་སྲོག་

ཆགས་གཉི ས ་ཀ་ཡི ན ་པ་དེ ་ ཡི ན ་ལ། བརྗོ ད ་བྱའི ་ ཐད་ནས་འཁྲུལ་སྣང་དང་སྒྲོ ་

འདོགས། རབ་བཏགས་བཅས་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་སྲོག་ཆགས་ ཀྱིས་མི་ལ་དྲིན་ལན་འཇལ་བ་དང་། སྲོག་ཆགས་ཤིག་གིས་མིའི་ཚེ་སྲོག་སྐྱབས་ པ༑ མི་དང་སྲོག་ཆགས་གཉིས་གྲོགས་བསྒྲིགས་པ། མི་དང་སྲོག་ཆགས་གཉིས་

ཕན་ཚུན་ལ་དགྲ་ཤ་ལེ ན ་རེ ས ་བྱེ ད ་པ། ཕན་ཚུན་ལ་རོ ག ས་འདེ ག ས་བྱེ ད ་པ་

བཅས་སྣ་ཚོགས་ཡོད་ལ། དེ་ཡང་གཙོ་བོ་ཕྲུ་གུའི་བག་གཡེང་དང་གོ་སྐོན་སློབ་

གསོ། བློ་རིག་གོང་འཕེལ་བཅས་ལ་དམིགས་འཛིན་བྱས་ཡོད་དེ། དཔེར་ན།


9

<<བྱ་གླག་དང་ཕོ་རོག>>ཅེས་པ་ནི།

བོད་ཀྱི་བྱིས་པའི་རྩོམ་རིག

125

ལུག་ཁྱུ་ཞིག་སྤང་རྩྭ་ཟ་བཞིན་པའི་སྐབས། བྱ་གླག་ཅིག་ལུག་ཁྱུའི་ཐོག་ཏུ་

འཕུར་ལྡིང་གིས་ལུ་གུ་གཅིག་གློ་བུར་དུ་བཏེགས་ཏེ་འཕུར། དེ་ཕོ་རོག་ཅིག་གིས་

མཐོང་བས། ཁོའི་བསམ་པར་བྱ་གླག་ཁོ་བྱ་ཞིག་རེད། ང་ཡང་བྱ་ཞིག་ཡིན་པས།

ལུ་གུ་ཁྱེར་བཏེགས་བྱ་རྒྱུ་ངས་ཀྱང་བྱེད་ཐུབ་བསམ་པ་དང་། ཕོ་རོག་ལུ་གུ་ཞིག་ གི་ཐོག་ཏུ་མཆོངས་ཤིང་འཕུར་རྩིས་བྱས་ཀྱང་། ཁོའི་སྡེར་མོ་ལུག་ལྤགས་མཐུག་

པོར་འཁོན་ཏེ་ལུ་གུ་བཏེགས་འཁྱེར་མ་ཐུབ་པར་ལུས། ལུག་རྫིས་དེ་མཐོང་བ་དང་

ཡོང་སྟེ། བྱ་རོག་དེ་འཛིན་བཟུང་བྱས་ནས་ཁོའི་ཕྲུ་གུར་མིག་སྟོན་དུས། ཕྲུ་གུས། ཨ་ཕ། བྱ་འདི་ག་རེ་རེད། ཅེས་དྲིས་པས། ལུག་རྫིས་འདི་ཕོ་རོག་ཟེར་བའི་བྱ་སྐྱོ་བོ་ དེ་རེད། ཡིན་ནའང་། ཁོ་རང་བྱ་གླག་དང་གཅིག་པ་ཡིན་བསམས་པ་དེ་ནོར་འཁྲུལ་ རེད་ཅེས་སྨྲས་སོ། ། 10

སྤྱང་ཀི་དང་རི་བོང་།

རི་བོང་གཅིག་ལམ་གྱི་ཟུར་དུ་གཉིད་ཁུག་ནས་བསྡད་ཡོད་པ་རེད། ལམ་དུ་

འགྲོ་མཁན་ཞིང་པའི་བུ་མོ་ཞིག་གིས་མཐོང་ནས་རི་བོང་ཤི་བའི་རོ་རེད་བསམས་

ཏེ་སླེལ་པོའི་ནང་བླུགས་པ་རེད། བུ་མོ་དེས་ནང་དུ་སླེབས་ནས་རི་བོང་གི་སྤུ་

བཏོགས་ཏེ་བེད་སྤྱོད་བྱེད་དགོས་བསམ་བཞིན་འགྲོ་བའི་མུ་ལ་རི་བོང་དེ་གཉིད་ 9 དམངས་ཁྲོད་སྒྲུང་གཏམ་ཕྱོགས་བསྒྲིགས། དེབ་ཕྲེང་དང་པོ། ཕྱོགས་སྒྲིག་པ། ཆབ་མདོ་ངག་དབང་ཕུན་ ཚོགས། བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས། ཤོག་ངོས་༣༧

10 སྒྲུང་གཏམ་གསར་བུའི་དགའ་སྟོན། དམའ་རིམ་དེབ་༢པ། དྲུང་གཞོན་རྒྱལ་མཚན་བྱམས་པ། ཤེས་ལས་ནས་ དཔར་འདེབས་ཞུས། ཤོག་ངོས།༤


126

ཉམས་ཞིབ་དེབ་ཕྲེང་། ༢

ལས་སད་ཅིང་། སླེལ་པོའི་ནང་དུ་བུ་རམ་ཏོག་ཙམ་ཞིག་ཡོད་པ་དེ་འཁྱེར་ནས་རྡོ་ ཕ་བོང་ཞིག་གི་སྟེང་དུ་ཟ་བཞིན་པའི་སྐབས་སུ། སྤྱང་ཀི་ལྟོགས་པ་ཞིག་ཡོང་ནས་ རི་བོང་དེ་ཟ་རྩིས་བྱས་པ་ལ། སྤྱང་གྲུང་ལྡན་པའི་རི་བོང་གིས་སྤྱང་ཀིའི་ཐད་དུ་བུ་ རམ་ཟ་འཕྲོ་དེ་གཡུགས་ཏེ། ཤ་བཙོས་པ་འདི་ཞིམ་པོ་འདུག བཞེས་དང་ཞེས་ལབ་

པ་རེད། སྤྱང་ཀིས་ལྟོགས་རྔམ་གྱིས་བུ་རམ་གཡུགས་པ་དེ་ཤ་རེད་བསམས་ནས་ བཟའ་བར་ཕྱིན་པ་དང་། རི་བོང་དེས་ཕ་བོང་གི་སྟེང་ནས་མཆོངས་ཏེ་བྲོས་ཕྱིན་པ་ རེད། ལྟ་བུ་ཡིན་ལ།

གཞན་ཡང་རྫུ་འཕྲུལ་གྱི་རྡེའུ་དང་། སྦལ་པ་དང་སྲས་མོའི་གཏམ་རྒྱུད། ཁྱི་

དང་བྱི་ལའི་རྩོད་གླེང་། སྲོག་ཆགས་རྣམས་ཀྱིས་བུ་མོ་བསྐྱབས་པ། བྱི་ལ་དང་སྦལ་ པའི་གཏམ་རྒྱུད་སོགས་ཧ་ཅང་མང་ངོ་། །

ཁ། མི་ལ་སྦྱར་བའི་སྒྲུང་།

སྒྲུང་གི་མི་སྣ་མི་ངོ་མ་རྐྱང་གིས་གྲུབ་པའི་བྱིས་སྒྲུང་ནི་རྟོག་བཟོ་དང་སྒྲོ་འདོགས་

སོགས་ཀྱི་རྒྱ་རུ་དེ་ཙམ་མ་ཚུད་ཀྱང་། མི་དངོས་དོན་དངོས་(དངོས་ཡོད་གནས་ཚུལ་

དང་མཐུན་པ།)ཀྱི་ཀྱག་ཀྱོག་ཆེ་བའི་གཏམ་རྒྱུད་ལ་བརྟེན་ནས་བྱིས་པ་ཚོར་བློ་རྩལ་

འཕེལ་བ་དང་། མི་གཤིས་གསོ་བ། ལེགས་ཉེས་ཀྱི་བློ་མིག་འབྱེད་པ། ཕ་མའི་དྲིན་

གོ་བར་བྱེད་པ་སོགས་ཀྱི་བརྗོད་བྱ་དང་བརྗོད་སྙིང་ནི་མུ་ཏིག་གླིང་ཕྲན་ཞིག་ལྟར་ བྱིས་པའི་བསམ་བློའི་འཇིག་རྟེན་ན་འོད་འཚེར་འཚེར་དུ་ཡོད་པར་བྱས་ལ། དེ་ལྟ་

བུའི་བསླབ་བྱའི་ནང་དོན་མི་འདྲ་བའི་དགོས་དམིགས་ཀྱི་དབང་གིས་མི་སྣ་ལ་སྦྱར་ བའི་སྒྲུང་ལ་བརྗོད་བྱ་མི་འདྲ་བ་སྣ་ཚོགས་ཡོད་པས། གཤམ་དུ་དཔེ་མཚོན་རེ་


འགའ་ལ་བལྟ་བར་བྱ།

བོད་ཀྱི་བྱིས་པའི་རྩོམ་རིག

127

༡། དབུལ་པོ་དང་ཕྱུག་པོའི་སྒྲུང་།

སྒྲུང་འདི་དག་གིས་དབུལ་ཕྱུག་བར་གྱི་གསོན་ཉམས་དོད་པོའི་གཏམ་རྒྱུད་

སྣ་ཚོགས་ཀྱི་བྱུང་རིམ་སྟེ། ཕྱུག་པོ་ཞིག་གིས་རྒྱུ་འབྱོར་གྱི་སྟོབས་ལ་བརྟེན་ནས་ མི་གཞན་ལ་སྡུག་སྦྱོང་བཏང་བའི་སྐོར་རམ། དབུལ་བོ་དང་ཕྱུག་པོ་གློ་བ་ཉེ་བའི་

གྲོགས་སུ་གྱུར་པའམ། མི་དབུལ་བོ་ཞིག་གིས་ཐོག་མར་སྡུག་གི་ཁུར་བོ་འཁུར་ ནས་ཐ་མར་བདེ་མོ་ཐང་ལ་སླེབས་པའམ། ཕྱུག་པོ་རྣམས་འདོད་པའི་གཡང་གཟར་ ལ་ལྕེབས་པ་སོགས་བརྗོད་ཡོད་དེ། དཔེར་ན། བྱིས་སྒྲུང་11<<ལུག་རྫི་ལུང་རྟོགས་ གྲགས་པ>>ཞེས་པས།

གནའ་སྔ་མོ་ཞིག་ལ། རི་སྡེ་ཞིག་ན་དབུལ་བོ་མ་བུ་གཉིས་ཡོད་ལ། ཨ་མས་

གཞན་གྱི་གཡོག་བྱས་པ་དང་བུ་ཡིས་གཞན་གྱི་རྟ་རྫི་བྱས་ནས་འཚོ་བ་སྐྱེལ་གྱིན་ ཡོད། བུ་དེ་ཤིན་ཏུ་རིག་པ་རྣོ་ཞིང་ཐབས་ལ་མཁས་པས། དཀའ་གནས་ཅི་ལྟ་བུར་

འཕྲད་ཀྱང་ཁོས་ཁ་ཡ་བྱེད་མི་ཐུབ་པ་མེད། དུས་ཡུན་རིང་པོར་སོང་བ་ན། ཉེ་རིང་ ཀུན་གྱི་ཁ་བཙན་དྲག་གང་གིས་ཀྱང་དཀའ་གནད་ལ་ཐུག་དུས་དེ་ལ་བློ་འདྲི་བ་

ཞིག་བྱུང་། དེར་བརྟེན། ཁོ་ལ་ཀུན་གྱིས་ལུང་རྟོགས་གྲགས་པ་ཞེས་འབོད་ཀྱིན་ མིང་གྲགས་ཐག་ཉེ་རིང་ཀུན་ལ་ཁྱབ་སོང་།

རྒྱལ་པོས་ཀྱང་ལུང་རྟོགས་གྲགས་པའི་མིང་གྲགས་ཐོས་ནས་མི་མངགས་

ཏེ་ཁོ་རང་ཕོ་བྲང་དུ་བོས། རྒྱལ་པོ་ན་རེ། ཡ། གསར་བུ་གཞོན་ནུ། བདག་གིས་ 11 བྱིས་སྒྲུང་སྲིད་པའི་ཁ་མཚར། རིན་ཆེན་སྐྱིད་ཀྱིས་བསྒྱུར་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས།༡༢༨


128

ཉམས་ཞིབ་དེབ་ཕྲེང་། ༢

གོ་ཐོས་ལྟར་ན། ཁྱོད་རང་བློ་རིག་རྣོ་བས་མི་ཚད། ཐབས་ལ་མཁས་པ་ཞིག་རེད་ སྐད། དེ་རིང་བདག་གིས་ཁྱོད་ལ་གནད་དོན་གསུམ་འདྲི། ཁྱོད་ཀྱིས་ལན་འདེབས་

ནུས་ཚེ། བདག་གིས་ཁྱོད་བུ་སྐལ་ལ་བརྩིས་ནས་ང་ཡི་ཕོ་བྲང་དུ་འཚོ་བ་རོལ་ཆོག་ ཅེས་སྨོས། ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་གསུངས་ དང་། གནད་དོན་ཅི་ཡིན་ཞེས་དྲིས། རྒྱལ་པོ་ན་རེ། རྒྱ་མཚོའི་ཀློང་ན་ཆུ་ཐིགས་ཅི་

ཙམ་ཡོད་ཅེས་དྲིས། རྟ་རྫི་ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་

སྔོན་ན་རྒྱལ་མཚོར་བཞུར་བཞིན་པའི་གཙང་པོ་ཡོད་དོ་ཅོག་གི་བཞུར་རྒྱུན་བཅད་ ནས། ང་ཡིས་རྒྱ་མཚོའི་ཆུ་ཐིགས་མ་བརྩིས་གོང་། གཙང་ཆུའི་ཆུ་ཐིགས་གཅིག་

ཀྱང་རྒྱ་མཚོར་བཞུར་དུ་མ་འཇུག དེ་དུས་ངས་ཁྱེད་ལ་རྒྱ་མཚོའི་ཀློང་དུ་ཆུ་ཐིགས་ ཅི་ཙམ་ཡོད་པ་བཤད་ཅེས་སྨོས།

རྒྱལ་པོས་རྟ་རྫི་ཡི་ལན་ལ་ཡི་རང་བའི་བརྡ་ལ་འཛུམ་ཞིག་བསྟན་ནས་ན་རེ།

བདག་གི་གནད་དོན་གཉིས་པ་ནི། ནམ་མཁའི་དབྱིངས་སུ་ཡང་སྙིང་རྒྱུ་སྐར་ཅི་

ཙམ་ཡོད་ཅེས་དྲིས། རྟ་རྫི་ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ ཤོག་ལེབ་ཆེན་མོ་ཞིག་སྦྱིན་རོགས་གནང་ཟེར་ནས། ཁོས་སྨྱུ་གུ་ཞིག་གིས་ཤོག་ ལེབ་ཆེན་པོའི་སྟེང་མིའི་མིག་ཟུང་རབ་རིབ་ཏུ་གཏོང་བའི་ནག་ཐིག་ཕྲན་བུ་མང་ པོས་བཀང་བར་བྲིས་ཏེ་ན་རེ། རྒྱལ་པོ་རིན་པོ་ཆེ། ནམ་མཁའི་སྐར་མའི་གྲངས་ཀ་ ང་ཡིས་ཤོག་ལེབ་འདིའི་སྟེང་བྲིས་ཡོད། ཁྱེད་ཀྱིས་མི་ལ་བརྩི་རུ་ཆུག་ཅེས་བཤད།

རྒྱལ་པོའི་ཞལ་འཛུམ་གྱི་མེ་ཏོག་བཞད། ཡུད་ཙམ་ནས་རྒྱལ་པོ་མགུ་བའི་སྤྱན་གྱིས་ རྟ་རྫི་ལུང་རྟོགས་གྲགས་པར་ཅེ་རེར་གཟིགས་ཀྱིན་ན་རེ། བདག་གི་མཐའ་མཇུག་

གི་གནད་དོན་ནི། རྟག་བརྟན་ཟེར་བ་དེ་ཡང་སྙིང་ཆུ་ཚོད་ཅི་ཙམ་རེད་ཅེས་དྲིས། རྟ་ རྫི་ལུང་རྟོགས་གྲགས་པ་ན་རེ། རྒྱལ་པོ་རིན་པོ་ཆེ། རིའི་རྒྱལ་པོ་རི་རབ་ཀྱི་མཐའ་


བོད་ཀྱི་བྱིས་པའི་རྩོམ་རིག

129

ནས་རྩེ་མོ་བར་ཆུ་ཚོད་སྐར་ཆ་ཐེར་འབུམ་ཁྲི་ཡིས་ལམ་ཐག་ཡོད། དེའི་ཞེང་གི་ སྐོར་ཚད་ལ་ཆུ་ཚོད་སྐར་ཆ་ཐེར་འབུམ་སྟོང་གི་ལམ་ཐག་ཡོད། ལོ་ཁྲི་རེ་མཚམས་ ནས་བྱིའུ་ཞིག་གིས་རི་རབ་ཀྱི་རྩེ་མོ་ནས་ནས་རྡོག་འཐུ་བ་བཞིན་བཏུས་ནས་རི་

རབ་ཧྲིལ་པོ་ས་ཡི་རྡུལ་ཕྲན་ཙམ་ཡང་མ་ལུས་པར་ཡོངས་སུ་ཟོས་ཚར་བའི་དུས་ ཡུན་དེ་ནི་རྟག་བརྟན་གྱི་སྐར་ཆ་གཅིག་གི་ཡུན་རེད་ཅེས་ལན་བཏབ།

རྒྱལ་པོ་མགུ་བའི་གད་རྒྱངས་ཆེས་ཆེར་སྒྲོག་གིན་ན་རེ། ལགས་སོ། །གཞོན་

ནུ༑ ཁྱོད་ཀྱི་བློ་རིག་ཤིན་ཏུ་གྲུང་། མིང་དོན་མཚུངས་པར་འདུག བདག་ཀྱང་ཁ་ བཤད་ཚིག་ལ་ཕྱིར་ལྡོག་མེད་པར་ཚིག་ལ་གནས་པར་བྱ། དེ་རིང་ནས་བཟུང་། ཁྱོད་ཀྱིས་ཀྱང་བདག་གི་རྒྱལ་སྲས་དང་མཉམ་དུ་འཚོ་བ་རོལ་ཆོག་ཅེས་གསུངས།

ཉིན་དེ་ནས་བཟུང་། རྟ་རྫི་ལུང་རྟོགས་གྲགས་པས་རང་གི་ཨ་མ་དང་བཅས་

རྒྱལ་པོའི་ཕོ་བྲང་དུ་སྐྱིད་པོ་བདེ་མོར་འཚོ་བ་རོལ། གོ་ཐོས་ལྟར་ན་རྗེས་སུ་ཁོ་བློན་

ཆེན་དུ་བསྐོས་ནས་རྒྱལ་པོར་བློ་དཀར་བ་དང་སྲིད་ལ་མཁས་ཤིང་འབངས་ལ་ བྱམས་པའི་ཕུལ་དུ་བྱུང་བའི་བློན་ཆེན་ཞིག་ཏུ་གྱུར་སྐད།

ཅེས་དབུལ་པོ་རྟ་རྫི་ལུང་རྟོགས་གྲགས་པས་རང་གི་བློ་རིག་ལ་བརྟེན་ནས་

རྒྱལ་པོའི་ཕོ་བྲང་གི་འཚོ་བ་དང་བློན་ཆེན་གྱི་གོ་གནས་རག་པར་བྱས་པའི་སྐོར་ བརྗོད་ཡོད་ལ། གཞན་བློ་རིག་བཀྲ་བའི་ཕྱུག་པོའི་བུས་དབུལ་པོའི་བུའི་སྲོག་

བསྐྱབས་པ། ཕྱུག་པོས་བརྐུས་བྱས་པ། སྲས་ཟླ་བའི་གཞོན་ནུ་དང་སྤྲང་པོའི་བུ། ཧམ་སེམས་ཀྱི་སྡུག་འབྲས་ལྟ་བུ་མང་ངོ་། །


130

ཉམས་ཞིབ་དེབ་ཕྲེང་། ༢

༢། དཔོན་དང་འབངས་ཀྱི་སྒྲུང་།

བྱིས་སྒྲུང་འདི་དག་ནི་དཔོན་གྱིས་འབངས་ལ་བཙན་གྱིས་སྡུག་སྦྱོང་བཏང་བ་

དང་འབངས་ཀྱིས་དཔོན་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབས་ པ༑ གཞན་ཡང་དཔོན་གྱིས་འབངས་མི་སེར་བྱམས་ཀྱིས་བསྐྱངས་པ་དང་འབངས་

མི་ག་གེ་མོས་དྲིན་ལན་ལོག་འཇལ་བྱས་པ་སོགས་དངོས་ཡོད་འཚོ་བ་དང་ཐག་ཉེ་ བའི་གཏམ་རྒྱུད་སྣ་ཚོགས་རིས་སུ་ཕབ་པ་རྐྱང་ཡིན་ལ། བྱིས་སྒྲུང་འདི་དག་གི་ཐུན་

མིན་གྱི་གཤིས་ཀ་དེའང་དེ་ལྟ་བུའི་བརྗོད་བྱ་དང་བྱུང་རིམ་གྱི་སྟེང་ནས་མངོན་ཡོད། དཔེར་ན། 12<<སྲས་ཟླ་བའི་གཞོན་ནུ་དང་སྤྲང་པོའི་བུ>>ཞེས་པར་མཚོན་ན།

ཉིན་ཞིག་སྤྲང་པོའི་བུ་ཞོགས་པ་སྔ་ལངས་བྱས་ཏེ་ཟས་སློང་བར་ཕྱིན། ལམ་

དུ་སློང་གིན་སློང་གིན་སོང་བས་ཡུད་ཙམ་ཞིག་ལ་ཡུལ་དེའི་རྒྱལ་པོའི་ཕོ་བྲང་གི་ ཕྱིའི་སྒོ་འགྲམ་དུ་སླེབས། དེར་སློང་མོའི་སྐད་འབོད་པར་ཉེ་བའི་ཚེ་ཕོ་བྲང་ནང་ནས་ རྒྱལ་སྲས་ཟླ་བའི་གཞོན་ནུ་ཞེས་བྱ་བ་ཞིག་གཟུགས་མཛེས་ལ་བྱད་བཞིན་མཚར་ བ་བཅོ་ལྔའི་ཟླ་བ་ཚེས་པ་ལྟ་བུ་དེ་ཉིད་རྒྱན་གོས་ཕུན་སུམ་ཚོགས་པས་བརྒྱན་ཏེ་

ཕྱིར་འོང་བ་དང་འཕྲད་པས་ན། སྤྲང་པོའི་བུ་ཧ་ལས་ཤིང་ཧང་སང་ནས་ཟས་སློང་ བའི་སྐད་འབོད་བྱེད་རྒྱུ་བརྗེད་དེ་རྒྱལ་སྲས་དེར་མིག་ཅེ་རེར་ལྟ་བཞིན་དུ་བསྡད།

དོ ན ་དུ་སྤྲང་པོ འི ་ བུས་རྒྱས་སྲས་དེ འི ་ སྙན་གྲགས་རབ་རི བ ་གོ ་ མྱོ ང ་ཡོ ད ་

ཀྱང་། དངོས་སུ་མཐོང་བ་ནི་ད་ཐེངས་དང་པོ་ཡིན་པས། ཁོའི་བསམ་པར་ཐོས་པ་ བརྒྱ་ལས་མཐོང་བ་གཅིག་བདེན་ཞེས་པ་དེ་དངོས་འབྲེལ་རང་རེད་སྙམ། དེ་ལྟར་

རྨི་ལམ་རྨིས་པ་ལྟ་བུ་ཞིག་ལ་གློ་བུར་དུ་རྒྱལ་སྲས་དེའི་སྐུ་སྲུང་དམག་མི་ཞིག་ 12 སྤོ་ཡུལ་གྱི་དམངས་སྲོལ་རིག་གནས། ཕུར་བུ་རྡོ་རྗེ། བཀྲ་ཤིས་ནོར་བུ། བསོད་ནམས་དབང་ཕྱུག བོད་ལྗོངས་ མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༣༡༦


བོད་ཀྱི་བྱིས་པའི་རྩོམ་རིག

131

གིས། ཀྭ་ཡེ། ཕར་རྒྱུགས། ཅེས་རྡོག་རྒྱག་ཤུགས་ཆེར་གཞུས་པས་ཡ་ང་བའི་

སྤྲང་པོའི་བུ་དེ་དེ་མུར་ས་ལ་འགྱེལ། རྒྱལ་སྲས་ཟླ་བའི་གཞོན་ནུས་ཚུལ་དེ་མཐོང་

བས་སེམས་ལ་མི་བཟོད་པ་དྲག་པོ་ཞིག་བྱུང་ནས་སྐུ་སྲུང་དམག་མི་དེར། ཝ་ཡེ། དེ་འདྲ་བྱེད་རྒྱུ་ཡོད་པ་མ་རེད། སྙིང་རྗེ་ཡུལ་ཞིག་མ་རེད་དམ། ཁོ་ཡང་མི་འདྲ་འདྲ་ རེད། ཡར་སློངས་ཞེས་བཤད་ནས་རྒྱལ་སྲས་ཕྱིར་ཐོན་འགྲོ་ལ་ཁད་ཀྱང་མ་ཕེབས་ པར་སྤྲང་པོའི་བུ་དེ་འཁྲིད་ནས་ཡར་གཟིམ་ཆུང་ནང་དུ་བྱོན། དེ་ནས་ཁོ་གཉིས་

གཟིམ་ཆུང་ནང་དུ་བྱོན་ནས་གླེང་མོལ་གྱི་འགོ་ཚུགས། རྒྱལ་སྲས་ཟླ་བའི་གཞོན་ ནུས། རང་གི་མིང་ལ་ག་རེ་ཟེར་གྱི་ཡོད། ད་ལྟའི་སྡོད་གནས་གང་དུ་ཡིན་སོགས་ བཀའ་འདྲི་གནང་བས། བུ་དེས་ངའི་མིང་ལ་སྐྱ་བོ་ཟེར། ད་ལྟ་སྡོད་གནས་ངེས་མེད་

ཡིན་ཞེས་ལན་བཏབ། ཁྱོད་རང་གཅིག་པུར་ཡོང་ངམ། ཁྱོད་ལ་ཕ་མ་མེད་དམ་

ཞེས་དྲིས་པར། ང་ལ་ཕ་མ་ཡོད་པ་མ་ཟད། སྤོ་བོ་དང་རྨོ་བོ། གཅེན་གཅུང་སོགས་

མང་པོ་ཡོད་ཅེས་བཤད། འོ་ན་ཁྱོད་ཚོའི་ཁྱིམ་དུ་མི་མང་པོ་དེ་འདྲ་ཡོད་ན་ཏན་ཏན་

འཚོ་བའི་དཀའ་ངལ་ཡོད་ཀྱི་རེད་ཅེས་བཤད་པར། སྤྲང་པོའི་བུས་ང་ཚོའི་འཚོ་བ་

ཁག་པོ་རེད། ཡིན་ནའང་ང་ཚོ་གནས་བཟོད་བདེ་པོ་ཞེ་དྲག་འདུག རྒྱུན་ལྡན་ང་ཚོ་ མཉམ་དུ་རྩེད་མོ་རྩེ་བ་དང་། དབྱར་ཁ་ཆུ་ནང་དུ་ཆུ་རྐྱལ་རྒྱག་པ་དང་། ཆུ་རྩེད་བྱེད་ པ་སོགས་རྩེད་མོ་སྣ་ཚོགས་རྩེ་བ་ཡིན་ཞེས་བཤད།

དེ་ནས་ཁོ་གཉིས་ཕན་ཚུན་གླེང་མོལ་བྱས་ཏེ་གྲོས་འཆམ་པར། སྤྲང་པོའི་

བུས་ཉིན་ཤས་རྒྱལ་པོའི་ཕོ་བྲང་ནང་བསྡད་ནས་རྒྱལ་སྲས་ཀྱི་འཚོ་བར་ལོངས་སུ་ སྤྱོད་རྒྱུ་དང་། རྒྱལ་སྲས་ཟླ་བའི་གཞོན་ནུས་སྤྲང་པོའི་བུའི་ཚབ་ཏུ་ཁྲོམ་གཞུང་ནང་ འཁྱམས་རྒྱུར་ཐག་བཅད་དེ་སྤྲང་པོའི་བུས་རྒྱལ་སྲས་ཀྱི་ཆས་སྤྲས། རྒྱལ་སྲས་ཟླ་

བའི་གཞོན་ནུས་སྤྲང་པོའི་བུའི་གྱོན་པ་ཐིགས་རལ་འཕྲུལ་འཕྲུལ་དེ་གྱོན་ནས་ཕོ་


132

ཉམས་ཞིབ་དེབ་ཕྲེང་། ༢

བྲང་གི་ཕྱིར་ཐོན་ནས་ཁྲོམ་གཞུང་དུ་བསྐྱོད་དོ། །

ཞེས་རྒྱལ་སྲས་ཟླ་བའི་གཞོན་ནུ་ཡིས་སྤྲང་པོ་ཞིག་གི་བུ་ལ་བྱམས་སྐྱོང་

གནང་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བཞེངས་བསྐྲུན་གྱིས་བྱིས་པ་དག་ གི་བློ་ཡིད་ལ་མི་ཡག་པོ་ཞིག་གི་གསོན་དཔེ་ལྷམ་མེར་ཤར་ཐུབ་པར་བྱས་ལ། གཞན་ད་དུང་དཔོན་འབངས་བར་གྱི་བྱིས་སྒྲུང་ཤིང་བཟོར་དགའ་བའི་རྒྱལ་སྲས་

དང་། སོ་ནམ་པ་དང་རྒྱལ་པོ་གཏུམ་པོ། རྒྱལ་པོ་རྐུ་ལ་ཕེབས་པ། གཡོག་མོའི་བུ་ ཕྲུག་སོགས་མང་ངོ་། །

༣། ཁྱིམ་ཚང་གི་འགལ་བ་སྟོན་པའི་སྒྲུང་།

སྒྲུང་ཚན་འདིའི་ཁྲོད་དུ་ཕ་མས་བུ་ཕྲུག་བྱམས་ཀྱིས་བསྐྱངས་མཐར་བུ་ཕྲུག་

གཉོམ་ལག་རྒྱས་དུས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཕ་མ་ལ་དྲིན་ལན་ལོག་འཇལ་

བྱེད་པའི་གཏམ་རྒྱུད་མང་ཡང་། སྐབས་འགའ་རེར་དེའི་ལྡོག་ཕྱོགས་ཕ་མས་བུ་

ཕྲུག་ལ་སྡང་སྡིགས་སྣ་ཚོགས་བསྟན་ཡང་བུ་ཕྲུག་གིས་ཕ་མའི་བཀའ་དྲིན་བསམ་

སྟེ་ཚེ་མཇུག་ལ་ཕ་མར་བདེ་སྐྱིད་ཀྱི་འཚོ་བར་རོལ་དུ་བཅུག་པའི་ངོ་མཚར་བའི་ གཏམ་རྒྱུད་བརྗོད་པའང་ཡོད་ལ། སྐབས་རེར་ཕུ་ནུ་མིང་སྲིང་བར་གྱི་འགལ་འབྲེལ་ དང་། བཟའ་ཟླ་དང་ཁྱིམ་མཚེས་བར་གྱི་དཀའ་རྙོག་བརྗོད་པ་སོགས་མང་ཞིང་། དཔེར་ན། 13<<ཕུ་ནུ་གཉིས>>ཞེས་པ་མཚོན་ན།

དེ་ཡང་གནའ་སྔ་མོ་ཞིག་གི་དུས་ན། ཕ་མ་གཉིས་སྔ་མོ་ནས་ཚེ་ལས་འདས་

པའི་དྭ་ཕྲུག་ཕུ་ནུ་གཉིས་ཡོད། ཕུ་བོ་ནི་ཆུང་དུས་ནས་རྒྱུ་ངོ་ལས་སྤུན་ངོ་མི་ཤེས་ 13 ཆབ་འགག་རྡོ་རྗེ་ཚེ་རིང་གིས་བསྡུས། ༡༩༩༡ལོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ། དེབ་དང་པོ།


བོད་ཀྱི་བྱིས་པའི་རྩོམ་རིག

133

པའི་མི་སེམས་ནག་ཅིག་ཡིན། ནུ་བོ་ནི་ངང་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་ལ། དུས་

རྒྱུན་པར་སྔ་ལངས་འཕྱི་ཉལ་བྱས་ཏེ་སོ་ནམ་གྱི་ལས་ཁོ་ནར་བརྩོན་པའི་མི་ཡ་ རབས་གཞུང་དྲང་ཞིག་ཡིན་རུང་། བུ་ཡི་བཟང་ངན་རང་གི་ལག ལོ་ཡི་བཟང་ངན་

གནམ་གྱི་ལག ཅེས་པའི་དཔེ་ལྟར། ལོ་ངོ་དུ་མར་ཐན་སྐྱོན་བྱུང་བས་རིམ་བཞིན་ སྤྲང་ཁྱིམ་ཞིག་ཏུ་གྱུར་སོང་། ལོ་ཞིག་གི་དཔྱིད་ཀར་ནུ་བོ་ཚང་ལ་ས་བོན་མེད་པས་

ཕུ་བོ་ཚང་ལ་ས་བོན་བསྐྱི་རུ་སོང་བར་ཕུ་བོས་འདི་སྐད་དུ། ས་བོན་བསྐྱི་དགོས་ ན་སྔོན་ལ་ངའི་ཞིང་ཐོབས་ཟེར། ནུ་བོས་དེ་ལོས་ཆོག་ཅེས་སོང་ནས་ཕུ་བོ་ཚང་

གི་ཞིང་འདེབས་སྐབས། ཞིང་ནང་ནས་སྐྱི་ཁུག་རྙིང་པ་ཞིག་རྙེད། ནུ་བོས་སྐྱི་ཁུག་

ལག་ཏུ་བཟུང་ནས་འདི་སྐད་དུ། འདིའི་ནང་ན་རྩམ་པ་བཀང་ཡོད་ན་སྐྱིད་པ་ལ་ཞེས་ བཤད་པ་ན། གློ་བུར་དུ་སྐྱི་ཁུག་ནང་དུ་རྩམ་པས་བཀང་ཡོང་། ནུ་བོ་ཡ་མཚར་ཏེ་

སྐྱི་ཁུག་འདི་ཅི་ཡིན་ནམ་བསམས་ཞོར་ཡང་། མར་ལོག་ཅིག་ཡོད་ན་དགའ་བ་ལ་ ཞེས་བཤད་རྗེས། གློ་བུར་དུ་སྐྱི་ཁུག་ནང་ནས་མར་ལོག་ཅིག་ཡོང་། དེ་ནས་ནུ་

བོས་སྐྱི་ཁུག་དེ་ནི་དགོས་འདོད་ཐམས་ཅད་གནང་བའི་ནོར་བུ་ཞིག་ཡིན་པ་ཤེས་ ཏེ༑ ཁྱིམ་དུ་ཁྱེར་ཡོང་ནས་བདག་གཉེར་བྱས། ཉིན་ཞིག་ཕུ་བོས་ཤེས་ཏེ་ནུ་བོ་ཚང་ ལ་ཤོར་ཡོང་ནས་འདི་སྐད་དུ། ངའི་ཞིང་ནང་གི་རིན་པོ་ཆེ་ང་ལ་དབང་དགོས་ཞེས་

ནུ་བོའི་ཁྱིམ་གྱི་སྐྱི་ཁུག་བཙན་གྱིས་འཕྲོགས་རྗེས། སེམས་ནས་སྐྱི་ཁུག་འདི་ཡོད་ ཚེ༑ འཇིག་རྟེན་འདིར་ང་ལ་འགྲན་བཟོད་པའི་ཕྱུག་པོ་ཞིག་མེད་དོ་ཞེས་བསམས་

ཏེ་འདི་སྐད་དུ། ང་ལ་འབྲུ་རིགས་གྲོ་ནས་སྲན་གསུམ་གྱིས་རི་བོ་མཐོན་པོ་ཞིག་ སྤུངས་དགོས་ཞེས་བཤད་པ་ན། གློ་བུར་དུ་འབྲུ་རིགས་ཀྱི་རི་བོ་ཆེན་པོ་ཞིག་གྲུབ་

པ་དང་། འབྲུ་རིགས་ཀྱི་རི་བོ་མཐོ་དྲགས་པས་ཉིལ་ཡོང་ནས་ཕུ་བོ་འབྲུ་རིགས་ འོག་ཏུ་བཅུག་ནས་ཤིའོ ། །


134

ཉམས་ཞིབ་དེབ་ཕྲེང་། ༢

ཞེས་ཕུ་བོ་ཞིག་གིས་རྒྱུ་ངོ་ལས་མི་ངོ་མ་བསམས་པར་རང་གི་ནུ་བོ་ལ་ཁྲེལ་

མེད་བྱས་པས་ཐ་མར་རང་གི་ཚེ་སྲོག་རྒྱུ་ཡིས་འཕྲོགས་པའི་གཏམ་རྒྱུད་བརྗོད་ ཡོད་ལ། གཞན་ད་དུང་ཕ་མ་ཁྲེལ་མེད་ཀྱི་གཏམ་རྒྱུད་ཟེར་བ་དང་། ཕ་སེམས་བུ་

ཐོགས་དང་བུ་སེམས་རྡོ་ཐོགས། མ་ཡར་གྱི་གཏམ་རྒྱུད་ཅེས་པ་སོགས་སྣ་ཚོགས་ ཡོད་དོ། །

༤། དཀའ་སྤྱད་ཀྱི་འཚོ་བར་རོལ་བའི་སྒྲུང་།

བྱིས་སྒྲུང་འདི་རིགས་ཀྱི་མི་སྣ་ནི་མི་ཆེ་ཆུང་ཅི་རིགས་ཡིན་ལ། གཙོ་བོ་མི་

སྣ་དེ་ཡིས་རང་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ ནས་རང་ཉིད་ཀྱི་འཚོ་བའི་བགྲོད་ལམ་ཡངས་བར་ཕྱེས་ནས་དགའ་བདེ་ཡི་དཔལ་ ལ་རོལ་བ་བརྗོད་དེ། བྱིས་པ་རྣམས་འཚོ་བ་ལ་དགའ་ཞེན་དང་དཀའ་སྤྱད་སྡུག་

རུས་ཀྱི་སྙིང་སྟོབས་བསྐྱེད་པའི་བསླབ་བྱ་ཐུན་མོང་མ་ཡིན་པ་ཞིག་འཛོམས་པར་ བྱས་ཡོད། དཔེར་ན། 14<<ཤི་གསོན་བྱེ་མའི་ལ་ཁ>>ཞེས་པས།

སྔར་གྲོང་ཚོ་ཞིག་ན་བཟའ་ཚོ་གཉིས་ལ་བུ་གཅིག་ཁོ་ན་ལས་མེད་པས་དེ་

ནོར་བུ་ལྟ་བུར་བརྩིས་ནས་ལས་ཀ་རྩ་བ་ནས་བྱེད་དུ་འཇུག་གི་མེད། དེ་ནས་ཡུན་

རིང་མ་སོང་བར་ཕ་མ་གཉིས་སྔ་རྗེས་སུ་ཚེ་ལས་འདས་ཏེ་བུ་གཅིག་པུར་ལུས། བུ་

དེ་ནི་ཕ་མ་གཉིས་འཚོ་བཞུགས་སྐབས་བྱམས་ཐལ་དུ་སོང་བས་ལྟོ་བཟོ་མི་ཤེས་ ལ་གོས་ནི་དེ་བས་འཚེམ་ག་ལ་ཤེས། ཞིང་ལས་ནི་བྱེད་མྱོང་མེད།

14 སྤོ་ཡུལ་གྱི་དམངས་སྲོལ་རིག་གནས། ཕུར་བུ་རྡོ་རྗེ། བཀྲ་ཤིས་ནོར་བུ། བསོད་ནམས་དབང་ཕྱུག བོད་ལྗོངས་ མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས།༢༣༠


བོད་ཀྱི་བྱིས་པའི་རྩོམ་རིག

135

དེ་ནས་ཁོས་ཕ་མ་གཉིས་ཀྱིས་བཞག་པའི་ཟས་གོས་ལྷག་མ་རྣམས་སྤྱད་

རྗེས་ཐབས་ཤེས་མེད་པར་གང་སར་ལྟོ་སློང་བར་བསྐྱོད། གོས་ཧྲུལ་ལེར་སོང་ཡང་

ལྷན་པ་ཙམ་རྒྱག་ཤེས་ཀྱི་མེད། ཁོས་གྲོང་སྡེ་ཞིག་གི་ནང་དུ་ལྟོ་སློང་བའི་སྐབས་སུ་ བུད་མེད་སེམས་བཟང་ཞིག་གིས་མཐོང་བས་ཁོ་མོའི་བསམ་པར། ཕྲུ་གུ་འདི་སྤྱང་

གྲུང་ལྡན་པ་ཞིག་འདུག་ཀྱང་། ཕ་མས་བྱམས་དྲགས་པས་གང་ཡང་མ་ཤེས་པའི་

ཐོག་སྒྱིད་ལ་ཉེས་པོ་འདི་ལྟ་བུ་ཆགས་འདུག ངས་བྱ་ཐབས་ཤིག་བཟུང་སྟེ་ཁོ་རང་ ཁ་རང་གསོ་ཐུབ་པ་ཞིག་བཟོ་དགོས་སྙམ།

བུད་མེད་དེས་ཕྲུ་གུ་དེ་ཚུར་སྐད་བཏང་སྟེ། ཁྱོད་ཀྱིས་འདས་ཟིན་པའི་རང་

གི་ཕ་མ་གཉིས་དྲན་གྱི་འདུག་གམ་ཞེས་དྲིས་པས། བུ་དེས་ཕ་མ་ཧ་ཅང་དྲན་གྱི་ འདུག་ཅེས་བཤད། བུད་མེད་དེས་དེ་འདྲ་ཡིན་ན་ཤི་གསོན་བྱེ་མའི་ལ་ཁ་ཞེས་པའི་

ཡུལ་དེར་སོང་ན། འདས་ཟིན་པའི་ཁྱོད་ཀྱི་ཕ་མ་གཉིས་དང་འཕྲད་ཐུབ། ཁྱོད་ཡུལ་

དེར་འགྲོ་འདོད་དམ་ཞེས་དྲིས། བུ་དེས་རང་གི་ཕ་མ་འཕྲད་རྒྱུ་ཡོད་པར་དགའ་ཐག་ ཆོད་དེ། ང་ངེས་པར་དུ་འགྲོ་གི་ཡིན་ཞེས་བཤད།

དེ ་ ནས་བུད་མེ ད ་དེ ས ་ཁབ་དང་སྐུད་པ་ཆུན་པོ ་ གཅི ག ་བུ་དེ ར ་སྤྲད་རྗེ ས །

ཡུལ་དེའི་ཕུ་ཡི་རི་མགོ་མཐོ་ཤོས་ཤིག་ལ་མཛུབ་མོ་གཏད་དེ། ཁྱོད་ལ་རྩེར་སོང་

སྟེ་ཉིན་གཅིག་སྒུགས་དང་། ཕ་མ་གཉིས་དང་འཕྲད་ཡོང་ཞེས་བཤད། བུ་དེས་ བུད་མེད་དེའི་གཏམ་བདེན་པར་བཟུང་སྟེ། ཉིན་འགའ་ཤས་སོང་སོང་བས་ལ་རྩེར་

སླེབས། ཉིན་གཅིག ཉིན་གཉིས། ཉིན་གསུམ། ཉིན་བཞི་བསྒུགས་ཀྱང་ཕ་མ་གཉིས་ མཐོང་རྒྱུ་མེད་པ་དང་། དེ་ལས་ལྡོག་སྟེ་ལ་རྩེར་མདའ་ལྟར་རྣོ་བའི་གྲང་རླུང་གོས་ ཧྲུལ་སྲུབ་ནས་བརྒྱབ་ཡོང་བ་དེས་བཟོད་བརླག་བྲལ་བའི་ན་ཟུག་ཆེན་པོ་གཏོང་གི་ ཡོད་པས་གྲང་རླུང་འགོག་ཆེད་ཁབ་སྐུད་བཏོན་ཏེ་རལ་སྲུབ་རེ་རེ་བཞིན་ཚང་མ་


136

ཉམས་ཞིབ་དེབ་ཕྲེང་། ༢

བཙེམས་པས་སེམས་སུ་དྲོ་སྣང་སྐྱེས།

ཉིན་ཤས་སོང་སྟེ་ཕ་མར་མ་འཕྲད་པས། ཁྱོད་ཀྱི་ཕ་མ་འཕྲད་བྱུང་ངམ་ཞེས་

དྲིས་པས་བུ་དེས་ཕ་མ་འཕྲད་རྒྱུ་ཕར་བཞག་ང་རང་ཡང་ཁབ་དང་སྐུད་པ་དེ་མེད་

ན་འཁྱགས་ནས་ཤི་གྲབས་བྱས་བྱུང་ཞེས་བཤད། བུད་མེད་དེས་དགའ་ཚོར་ངང་ ཁྱོད་ཕ་མ་དང་འཕྲད་འདུག ཕ་མ་ནི་དེ་རང་རེད་ཅེས་བཤད་པས་བུ་དེ་ཡ་མཚན་

ཆེན་པོ་སྐྱེས། དེ་ལ་གང་འདྲ་ཕ་མ་འཕྲད་པ་ཟེར་ཞེས་འགྲེལ་བཤད་བྱས་པས་ཁོ་ ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་ཐུགས་རྗེ་ཆེ་ཞེས་ཞུས་རྗེས་རང་ཁྱིམ་དུ་ཕྱིར་ ལོག་གིས་རང་གི་ལག་པ་འགུལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་པ་བྱུང་བ་རེད།

ཅེས་ཕ་མ་གཉིས་ཀྱི་བྱམས་སྐྱོང་གི་ལག་ཟུང་འོག་ནས་སྒྱིད་ལུག་ཏུ་སོང་

བའི་བུ་ཆུང་ཞིག་གིས་མཇུག་མཐར་རང་གི་དཀའ་སྤྱད་ཀྱི་བྱ་བ་བསྒྲུབས་པ་ལ་

བརྟེ ན ་ནས་འཚོ ་ བ་གསར་བསྐྲུན་བགྱིས ་པའི ་ གཏམ་རྒྱུད་གྱི་ གོ ་ རིམ ་ཇི་ བཞིན ་ བརྗོད་པ་ལྟ་བུ་ཡིན།

༥། གླེན་ལྐུགས་སོགས་ཀྱི་སྒྲུང་།

སྒྲུང་འདི་དག་ནི་མི་སྣ་རྣམས་ཐོག་མ་ཉིད་ནས་རང་བཞིན་ལྷན་སྐྱེས་ཀྱིས་

གླེན་ལྐུགས་དང་། དབང་པོ་དང་ཡན་ལག་སོགས་སྐྱོན་ཅན་གྱི་རིགས་དང་། གཞན་ ཡང་རང་ལ་སྦྱང་སྟོབས་ཀྱི་ཡོན་ཏན་མེད་ལ། རང་གི་རྣམ་དཔྱོད་དང་བློ་གྲོས་ཀྱིས་

བྱ་བ་དང་གནས་ཚུལ་གང་ལའང་མ་བརྟག་མ་དཔྱད་པར་གཡམ་རྒྱུག་དང་འོལ་

ཚོད་ཀྱིས་འཇུག་མཁན་རྐྱང་བྱས་ཏེ། བྱིས་པ་རྣམས་ལ་དེ་ལྟར་གཞར་ཡང་བྱ་མི་


བོད་ཀྱི་བྱིས་པའི་རྩོམ་རིག

137

རུང་བའི་གོ་སླ་བའི་བསླབ་བྱ་འབྱོར་བར་བྱས་ཡོད་དེ། དཔེར་ན། 15<<བུ་བླུན་ པོས་ཕ་ཡི་ཀླད་པ་བཅོམས>>ཞེས་པར།

སྔོན་དུས་ཤིག་ན་ཕ་བུ་གཉིས་ཡོད། པ་ཕས་བུ་ལ་བྱམས་བརྩེའི་སྒོ་ནས་

གཅེས་སྐྱོང་གནང་གི་ཡོད་པ་རེད། བུ་དེས་ཀྱང་ཕ་ལ་གུས་བརྩི་ཆེ་ཞིང་། ལས་ ལ་བརྩོ ན ་པ། ཕ་ཡི ་ དོ ན ་དུ་རང་གི ་ སྲོ ག ་ཀྱང་འདོ ར ་དགོ ས ་ནའང་ཐེ ་ ཚོ མ ་མི ་ བྱེད་མཁན་བརྩེ་ཞེན་ཅན་ཞིག་ཡོད་པ་རེད། འོན་ཀྱང་། བུ་དེ་ལ་སྐྱེས་སྟོབས་ དང་། སྦྱང་སྟོབས་ཀྱི་ཤེས་བྱ་ཡོན་ཏན་གྱི་ཤེས་ཚད་གང་ཡང་མེད་པའི་བླུན་པོ་ ཞིག་ཡོད་པ་རེད།

ཉིན་གཅིག་ཕ་ངལ་གསོ་བའི་སྐབས་གཉིད་སྐྱིད་པོ་ཞིག་ཁུག་བསྡད་པའི་

དུས་ཤིག་ལ། སྦྲང་བུ་ཞིག་ཕའི་དཔྲལ་བའི་སྟེང་དུ་བབས་བསྡད་པ་བུ་དེས་མཐོང་ བ་རེད། བུའི་སེམས་པར་སྦྲང་བུ་འདིའི་སྦྲང་སྐད་ཀྱི་འུར་སྒྲས་ཕའི་གཉིད་དཀྲོག་

གི་རེད་བསམ་སྟེ་སེམས་ཁྲལ་བྱུང་བ་དང་། དེ་བས་སྦྲང་བུ་འདི་མེད་པར་བཟོས་ན་ ཕ་གཉིད་སྐྱིད་པོ་རང་འཇགས་ཁུག་ཐུབ་པ་ཡོང་གི་རེད་བསམས་ནས། རྡོ་གཅིག་ བླངས་ཏེ་ལམ་སང་སྦྲང་བུ་དེར་གཞུས་པ་དང་། སྦྲང་བུར་གནོད་སྐྱོན་གང་ཡང་མ་ བྱུང་བར་འཕུར་ཏེ་བྲོས་ཤོར་བ་རེད། འོ ན་ཀྱང་། རྡོ་ཕའི་མཚོག་མར་ཐེབས་ནས་

ཀླད་ཁྲག་འདྲེས་ཏེ་ཕ་རྒན་དེ་མ་ཐག་ཏུ་རྐྱེན་འདས་སུ་གྱུར་པ་རེད། ཅེས་བུ་གླེན་ རྨོངས་ཤིག་གིས་ཁེ་ཉེན་གྱི་གནད་ལ་བརྟག་མ་ཤེས་པར་རང་གི་ཕ་རྒན་བསད་

པའི་ཡ་ང་བའི་དོན་རྐྱེན་ཞིག་བརྗོད་ཡོད་པ་ལྟ་བུ་ཡིན་ལ། གཞན་ཡང་གླེན་པ་དང་ ཁྲམ་པ། བུ་གླེན་པ་དང་སྤྱང་པོ་སོགས་མང་ངོ་། །

15 སྒྲུང་གཏམ་གསར་བུའི་དགའ་སྟོན་ཕྱོགས་བསྒྲིགས། དེབ་ཕྲེང་གཉིས་པ། ཕྱོགས་སྒྲིག་པ། ཆབ་མདོ་ངག་ དབང་ཕུན་ཚོགས། བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས། ཤོག་གྲངས།༡༤


138

ཉམས་ཞིབ་དེབ་ཕྲེང་། ༢

དཔྱད་འཇོག

སྒྲུང་གི་མི་སྣ་མི་ཁོ་ན་ཡིས་གྲུབ་པའི་བྱིས་སྒྲུང་གི་བརྗོད་བྱ་ལ་དེ་ཙམ་ངོ་

མཚར་དང་ཡ་མཚན་མི་ཆེ་ཞིང་། བརྗོད་བྱའི་འཚོ་བའང་གཙོ་ཆེ་བ་མི་རྒན་པའི་ འཚོ་བ་ཚུར་ལེན་བྱས་པ་ཤུགས་ཆེ་ཡང་། དེ་ནི་དཔེ་མཚོན་གྱི་དགོས་དམིགས་

དང་བསྟུན་པ་ཡིན་འདུག་སྟེ། སྒྲུང་འདི་དག་གིས་གཙོ་བོ་བརྗོད་སྙིང་གི་སྟེང་ནས་ བྱིས་པ་ཚོར་ཁྭ་ཏ་བསླབ་བྱ་བྱས་ཡོད་པས། བྱིས་པའི་མི་གཤིས་དྲང་སྙོམ་ཡོང་

བར་མི་ངན་ལ་ཁོང་ཁྲོ་ཞིང་མི་བཟང་ལ་ཡིད་སྨོན་པའི་དྲང་ལྡོག་གི་མི་སྣ་བཞེངས་ བསྐྲུན་བྱས་པའི་འོས་བབ་གཙིགས་སུ་བཟུང་ཡོད། དཔེར་ན། གོང་གི་སྒྲུང་དག་

ལས་<<དབུལ་ཕྱུག་གི་སྒྲུང>>གི་མི་སྣ་ཕུ་ནུ་གཉིས་དང་། <<དཔོན་འབངས་ཀྱི་ སྒྲུང>>ལས་མི་སྣ་སྤྲང་བོའི་བུ་དང་རྒྱལ་སྲས་ཟླ་བའི་གཞོན་ནུ། <<གླེན་ལྐུགས་ སོགས་ཀྱི་སྒྲུང>>གི་མི་སྣ་བུ་གླེན་པ་དག་ལས། ནུ་བོ་དང་རྒྱལ་སྲས་ཟླ་བའི་

གཞོ ན ་ནུ་ལྟ་བུ་བྱི ས ་པ་ཚོ འི ་ མི ་ ཚེ འི ་ ཆེ ས ་བླ་ན་མཐོ ་ བའི ་ དཔེ ་ མཚོ ན ་མི ་ སྣ་རུ་ བདམས་པ་དང་། བུ་གླེན་པ་ལྟ་བུ་བྱིས་པ་ཚོར་གཟབ་ནན་གྱིས་མ་འོངས་པར་དེ་

འདྲ་བྱ་མི་འོས་པར་བརྗོད་པའི་མི་སྣ་ཡིན། འདི་ནི་མི་སྣ་མི་ཁོ་ན་ཡིན་པའི་བྱིས་ སྒྲུང་གི་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཡིན་ནོ། །

ག ལྷ་ལ་སྦྱར་བའི་སྒྲུང་།

མི་སྣ་ལྷ་ལ་སྦྱར་བའི་བྱིས་སྒྲུང་ལ་གྲངས་ཀ་དེ་ཙམ་མང་པོ་མཐོང་རྒྱུ་མི་འདུག་

ལ༑ གོ ང ་གི ་ མི ་ རྐྱང་པ་དང་སྲོ ག ་ཆགས་ཁོ ་ ན་ལ་སྦྱར་བའི ་ སྒྲུང་ལྟར་ཡང་མི ་


བོད་ཀྱི་བྱིས་པའི་རྩོམ་རིག

139

འདུག་པར། རྣམ་གྲངས་ཀྱི་ཐད་ནས་ཀྱང་མི་སྣ་ལྷ་མི་མཉམ་བསྲེས་བྱས་པ། ལྷ་

འདྲེ་གཉིས་ཀ་ཡོད་པ། ལྷ་འདྲེ་མི་གསུམ་འཛོམས་པ་བཅས་ཡོད། དེ་ཡང་གཙོ་ བོ་ལྷ་ཡི་རྫུ་འཕྲུལ་དང་མཐུ་སྟོབས། མཛེས་སྡུག རྣམ་འགྱུར་སོགས་བོངས་ཆེ་ ཞིང་དབང་བཙན་པའི་འཚོ་བ་བསྡུས་བརྗོད་དང་དངོས་འབྲི་བཅས་ཀྱི་ཐབས་ལ་

བརྟེན་ནས་བྱིས་པ་ཚོར་ཡ་རབས་དང་དགེ་བ། བདེན་པ་བཅས་དྲང་ཕྱོགས་ཀྱི་ མིག་དཔེ་སྟོན་ཐབས་བྱས་ཡོད། ༡། ལྷ་དང་མི་ལ་སྦྱར་བའི་སྒྲུང་།

ལྷ་མི་གཉིས་ལ་སྦྱར་བའི་སྒྲུང་<<སྤྱན་རས་གཟིགས་ཀྱིས་རྩམ་པ་འགམས་

པ>>16ཞེས་པ།

ཐེངས་གཅིག་ཨ་ཁུ་སྟོན་པའི་ཁྱིམ་གྱི་རྩམ་པ་བཟས་ཚར། འོན་ཀྱང་ཁོང་གི་

ཁྱིམ་མཚེས་ནི་མི་ཚང་ཕྱུག་པོ་ཞིག་ཡིན་པས་རྩམ་པ་རི་ལྟར་སྤུངས་ནས་བཟས་ མི་ཚར་བ་ཡོད་ཀྱང་ཨ་ཁུ་སྟོན་པར་སྟེར་ནུས་ཀྱི་མེད། དེར་བརྟེན་ཨ་ཁུ་སྟོན་ པས་ཐབས་ཤེ ས ་ཤི ག ་བཏང་སྟེ ་ གྲོད་ཁོ ག ་ལྟོགས་པར་སྡོ ད ་མི ་ དགོ ས ་པ་ཞི ག ་

བྱེད་དགོས་སྙམ། ཨ་ཁུ་སྟོན་པས་ཉིན་ཞིག་གི་མཚན་མོར་ཡར་ལངས་ཏེ་ཚེར་མ་ སྤུངས་ཏེ་མེ་སྤར་བས་མེ་ལྕེ་འུར་འུར་དུ་འབར་ཞིང་འོད་མདངས་ཀྱིས་ཁྱིམ་མཚེས་ མི་ཚང་ཕྱུག་པོ་དེའི་སྒོ་རྭའང་གསལ་ཐིང་ཐིང་ཆགས། མི་ཚང་དེའི་སྦྱིན་བདག་

གིས་ཨ་ཁུས་མེ་སྤར་དགོས་དོན་གང་ཡིན་མ་ཤེས་པར་ཨ་ཁུའི་ཁྱིམ་དུ་ཡོང་ནས་ 16 དམངས་ཁྲོད་གཏམ་ཚོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༤༤


140

ཉམས་ཞིབ་དེབ་ཕྲེང་། ༢

ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་ཁྱོད་ཀྱིས་མེ་སྤར་ནས་གང་བྱེད་རྩིས་ཡོད་

དམ་ཞེས་དྲིས་པར། ཨ་ཁུ་སྟོན་པས་ང་ཡི་གོ་ཐོས་ལ་ལྷ་སར་རྩམ་པར་གོང་ཆེན་ པོ་ཁུག་གི་ཡོད་པ་འདྲ། འབྲུ་ཁལ་ཁ་ཤས་བརྔོས་ནས་རྩམ་པ་སྒྱེ་མོ་འགའ་ཞིག་

བཏགས་ཏེ་འཚོང་བར་འགྲོ་རྒྱུ་ཡིན་ཞེས་བཤད། ཁྱིམ་མཚེས་ཀྱི་སྦྱིན་བདག་དེས་ སྐད་ཆ་དེ་དག་ཐོས་འཕྲལ་ཁོག་རྩིས་ཤིག་བརྒྱབ་སྟེ་འཛུམ་དམུལ་དམུལ་ངང་ཨ་ ཁུ་ལ། ཡག་པོ་འདུག ངེད་གཉིས་མཉམ་དུ་རྩམ་པ་འཚོང་བར་འགྲོ་ཞེས་བཤད།

ཕྱི་ཉིན་ཁྱིམ་མཚེས་ཀྱི་སྦྱིན་བདག་དེས་རྩམ་པ་རྒྱབ་ཆེན་པོ་གཉིས་རྟ་ལ་

བཀལ་བ་དང་ཨ་ཁུ་སྟོན་པར་རྩམ་པ་འགམ་ཐེངས་གཅིག་ཀྱང་མེད་པས་རྩྭ་སྒྱེ་མོ་

དོ་བོང་བུར་བཀལ་ཏེ་མཉམ་དུ་ལྷ་སར་རྡོག་ཐོན་བྱས། ལམ་དུ་འགྲུལ་བཞུད་ཉིན་ གང་བྱས་ཏེ་ས་རུབ་མཚམས་སུ་ཨ་ཁུ་སྟོན་པ་དང་ཁྱིན་མཚེས་ཀྱི་སྦྱིན་བདག་

གཉིས་པོ་ལྷ་ཁང་ཞིག་གི་ནང་བསྡད། ནམ་གུང་དུ་སླེབས་དུས་ངལ་དུབ་ཀྱིས་ རྐྱེན་པས་སྦྱིན་བདག་དེ་གཉིད་སྐྱིད་པོ་ཁུག དེའི་སྐབས་སུ་ཨ་ཁུ་སྟོན་པས་ཁ་ཁུ་

སིམ་པོའི་ངང་ཡར་ལངས་ཏེ་རང་ཉིད་ཀྱི་སྒྱེ་མོའི་ནང་གི་རྩྭ་བཏོན་ནས་བོང་བུར་ སྟེར། ཁྱིམ་མཚེས་སྦྱིན་བདག་གི་སྒྱེ་མོའི་ནང་གི་རྩམ་པ་དེ་རང་གི་སྒྱེ་མོའི་ནང་ དུ་བརྒྱངས། སྦྱིན་བདག་གི་སྒྱེ་མོ་སྟོང་པ་དེ་གཉིས་དགོན་པའི་ནང་གི་སྤྱན་རས་ གཟིགས་ཀྱི་ཕྱག་སྟེང་དུ་བཞག རྩམ་པ་སྦར་མོ་གང་ཁྱེར་ནས་སྐུའི་ཞལ་ལ་བྱུགས་ ནས་ལམ་སང་རང་སར་ལོག་སྟེ་སྔར་བཞིན་ཉལ།

ཕྱི ་ ཉི ན ་ཁྱིམ་མཚེ ས ་སྦྱི ན ་བདག་གི ས ་རྩམ་སྒྱེ ་ མེ ད ་པ་ཤེ ས ་ཏེ ་ ཨ་ཁུ་དང་

མཉམ་དུ་འཚོལ་བར་ཕྱིན་པས་ལྷ་ཁང་ནང་གི་སྐུའི་ཕྱག་ན་སྒྱེ་མོ་སྟོང་པ་གཉིས་

ཡོད་པ་མཐོང་སྟེ་ཡ་མཚར་ཆེན་པོ་བྱུང་། ཨ་ཁུ་སྟོན་པས་སྦྱིན་བདག་དེར་ལུང་ པའི་མི་རྣམས་ཀྱིས་དུས་ཡུན་རིང་པོར་ལྷ་ལ་མཆོད་འབུལ་མ་བྱས་པས་སྤྱན་རས་


བོད་ཀྱི་བྱིས་པའི་རྩོམ་རིག

141

གཟིགས་ཀྱང་བཀྲེས་ལྟོགས་ཀྱིས་མནར་ནས་ཁྱེད་ཀྱི་རྩམ་པ་དེ་མཆོད་པ་ཡིན་ ཤས་ཆེ་ཞེས་བཤད། ལག་པ་བཀྲེན་པའི་ཁྱིམ་མཚེས་ཀྱི་སྦྱིན་བདག་དེ་ཧོན་འཐོར་ ནས་མིག་ཆེན་པོར་གདངས་ཏེ་སྡོད་པ་ལས་གཞན་ཐབས་ཤེས་མ་བྱུང་ལྟ་བུ་དང་།

གཞན་ཡང་མནའ་མ་སྤྲེལ་གཟུགས་ཅན་གྱིས་དོ་བདག་བྱས་པ་དང་། བློ་སྣ་

མང་བའི་མི། ཤིང་གི་ལྷ་མོ། གཡོག་པོས་རྒྱལ་ས་བཟུང་བ་སོགས་མང་ངོ་། ། ༢། ལྷ་དང་སྲོག་ཆགས་གཉིས་ལ་སྦྱར་བའི་སྒྲུང་།

ལྷ་དང་སྲོག་ཆགས་ཀྱིས་གྲུབ་པའི་སྒྲུང་<<ལོ་སྐོར་བཅུ་གཉིས་ནང་བྱི་ལ་

མེད་པའི་རྒྱུ་མཚན་ཅི>>17 ཞེས་པ།

གནའ་དུས་ཀྱི་ལོ་ཞིག་གི་ལོ་མཇུག་ཏུ། ལྷས་སྲོག་ཆགས་ཡོངས་ལ་བཀའ་

བསྩལ་ཏེ་ཟླ་དང་པོའི་ཚེས་གཅིག་གི་ཞོགས་པར་བདག་ལ་ལོ་སར་གྱི་རྟེན་འབྲེལ་ ཞུ་བར་ཡོང་དགོས་ཤིང་། སུ་ཐོན་པ་སྔ་ན་དེ་ནས་འགོ་ཚུགས་ཏེ་རེ་རེ་བཞིན་ལོ་ རེའི་སྲོག་ཆགས་ཀྱི་རྒྱལ་པོར་བསྐོ་བ་ཡིན་ཞེས་གསུངས།

སྲོག་ཆགས་རྣམས་ཀྱིས་གསུང་དེ་ཐོས་པས་དགའ་སྤྲོ་རབ་ཏུ་སྐྱེས་ཤིང་རེ་

རེའི་སེམས་སུ་ཨང་དང་པོ་བརྩོན་ལེན་བྱེད་དགོས་སྙམ་ནས་ཉིན་དེ་སླེབས་པར་ རེ་སྒུག་བྱས་ནས་བསྡད། ཡིན་ནའང་། བརྗེད་ངས་ཆེ་བའི་བྱི་ལས་ལྷར་ལོ་སར་གྱི་

རྟེན་འབྲེལ་ཞུ་བར་འགྲོ་བའི་ཉིན་བཟང་དེ་བརྗེད་པས། ཁོ་བྱི་བ་སར་འདྲི་བར་ཕྱིན།

བྱི་བས་བྱི་ལ་ཡོང་དོན་ཤེས་ནས་ད་ལྟ་རང་ལ་འགྲན་ཟླ་གཅིག་ཇེ་ཉུང་དུ་སོང་ 17 ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། བྱིས་སྒྲུང་དགའ་བའི་རྩེད་འཇོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༡


142

ཉམས་ཞིབ་དེབ་ཕྲེང་། ༢

ནའང་མཐུན་རྐྱེན་ཞིག་ཡིན་བསམས་ནས་གཡོ་སྒྱུས་ངང་བཤད་རྒྱུར། འོ། དེ་འདི་ ལྟར་ཡིན། ཟླ་དང་པོའི་ཚེས་གཉིས་ཀྱི་ཞོགས་པར་ང་ཚོ་འགྲོ་དགོས་ཞེས་དྲང་པོར་ མ་བཤད་པར་བརྟེན་བྱི་ལ་ཉིན་གཅིག་དལ་འགོར་ཕྱིན་པ་རེད།

གནམ་གང་གི་དུས་དེ་དེ་མ་ཉིད་དུ་སླེབས། ཕྱི་ཉིན་གྱི་ཉི་མ་ཤར་བ་ན་ཚེས་

གཅིག་ཡིན། གླང་རྒན་གྱིས་རང་ཉིད་ཀྱི་གོམ་འགྲོས་དལ་བར་གཞིགས་ནས་སྲོག་

ཆགས་གཞན་ལས་སྔ་བར་འགྲོ་བའི་སྟ་གོན་བྱས་ཏེ་ནམ་མ་ལང་གོང་དུ་ལམ་ལ་ ཆས། བྱི་བས་གླང་རྒན་ཉལ་སའི་ར་བའི་ནང་ལྐོག་ལྟ་བྱས་ཏེ་གླང་རྒན་གྱི་བྱ་སྤྱོད་

རྣམ་འགྱུར་ཚང་མ་གསལ་བོར་མཐོང་། གླང་རྒན་ལམ་ལ་ཆས་པར་བརྩམས་པ་ ན་བྱི་བ་མཆོངས་ཐེངས་གཅིག་གིས་གླང་རྒན་གྱི་རྒྱབ་ཏུ་བབས། ཡིན་ནའང་། བྱི་ བ་ཆུང་ཞིང་ཡང་བས་གླང་རྒན་གྱིས་རང་གི་རྒྱབ་ཏུ་ཡོད་པ་མ་ཤེས། ཕོ་བྲང་དུ་

སླེབས་དུས་ད་དུང་སུའང་ཐོན་མེད། གླང་རྒན་གྱི་སེམས་སུ་བཟང་ངོ་། །བཟང་ ངོ་༑ ༑ད་ནངས་སྔ་བར་ཡོང་བ་བཟང་། ད་ནི་བདག་ཉིད་ལ་རྒྱལ་པོ་ཨང་དང་པོ་ཐོབ་

པ་ཐག་གིས་ཆོད་སོང་། ཞེས་སྙམ། ཅང་མ་འགོར་བར་ཙིར་ཟེར་བའི་སྐད་དང་

བཅས་སྒོ་ཡངས་པར་ཕྱེས། དེ་དུས་བྱི་བ་ནི་གླང་རྒན་གྱི་རྒྱབ་ནས་སར་མཆོངས་

ཏེ་བདེ་ཅག་འཁྱུག་པོའི་ངང་ལྷའི་མདུན་དུ་བཅར། གླང་རྒན་གྱིས་བསམ་ཡུལ་ འདས་པའི་བྱ་བ་དེ་མཐོང་མུར་འགྱོད་པ་དང་བྲེལ་འཚུབ་ལྷན་དུ་སྐྱེས་ཏེ་བྱ་བ་ལམ་

དུ་མ་སོང་བ་ཤེས་ནས། ཝ་ཡེ་་་ ཁྱོད་ཀྱིས་བདག་ལ་སྒུགས་ཤིག བདག་གིས་ཁྱོད་ ལམ་ཐག་རིང་མོ་ཞིག་ནས་ཁུར་འོང་བས་ཁྲེལ་མེད་ཀྱི་ལས་མ་བྱེད་ལགས། ཞེས་ འབོད་བཞིན་རྗེས་སུ་བསྙེགས་མོད། བདེ་མྱུར་ཅན་གྱི་བྱི་བའི་རྗེས་མ་ཟིན།

དེ་བས་བྱི་བ་དང་པོ་དང་གླང་རྒན་གཉིས་པ། རིམ་བཞིན་སྲོག་ཆགས་གཞན་

པ་རྣམས་ཀྱང་གཅི ག ་རྗེ ས ་གཉི ས ་མཐུད་དུ་སླེ བ ས་པའི ་ གོ ་ རི མ ་ལྟར་སྟག་དང་


བོད་ཀྱི་བྱིས་པའི་རྩོམ་རིག

143

ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་བཅས་ལོ་རེ་རེར་སྲོག་ཆགས་ ཀྱི་རྒྱལ་པོར་རེས་མོས་སུ་བསྡད།

ཚེས་གཉིས་ཀྱི་ཞོགས་པར་བྱི་ལའང་ཕོ་བྲང་དུ་སླེབས། སྒོ་སྲུང་གིས་སྐད་

ཆེན་པོས། ཧིན་་་ ཁྱོད་ནི་ཇི་འདྲའི་དལ་བྲེལ་མི་ཤེས་པའི་སྲོག་ཆགས་ཤིག་རེད་ ཨང་། ཟླ་དང་པོའི་ཚེས་གཅིག་ཉིན་ཡོང་དགོས་ཟེར་བ་ལས་ཚེས་གཉིས་ལ་སུས་

ཤོག་ཟེར་བ་ཡིན། ཁྱོད་ཕྱིར་སོང་ནས་ཞལ་གདོང་གཙང་མར་བཀྲུས་རྗེས་ད་

གཟོད་ཤོག་ཅེས་སྡིགས་གཏམ་བཏང་། བྱི་ལས་རང་ཉིད་ཉིན་གཅིག་གིས་འཕྱིས་ པ་ཤེས་ཤིང་སྲོག་ཆགས་བཅུ་གཉིས་པོ་ཚང་མ་ཚེས་གཅིག་ལ་འདུ་འཛོམས་བྱུང་ བས་རང་ཉིད་རྒྱལ་པོར་འདུག་པའི་སྐལ་བ་ཡེ་ནས་མེད་པར་གྱུར་པ་ཤེས།

ཕྱིར ་ལོ ག ་རྗེ ས་བྱི་ ལ་ཁོང་ཁྲོ་ མེ་ ལྟར་འབར་ནས་སྲོ ག་ཆགས་གྲས་ཀྱི་ ཐ་

ཤལ། ཁང་ཁྱིམ་བར་གྱི་རྐུན་པོ། གཞན་མགོ་བསླུ་བའི་ཆོམ་པོ། བྱི་བ་ཁྱོད་དང་ངེད་ གཉིས་བར་ཕ་མེས་ཡང་མེས་ནས་སྙིང་ནད་ཁྲག་སྐྱིན་ཅི་ཡང་མེད་མོད། ཁྱོད་ཀྱིས་ བདག་ལ་སྡུག་ཉེས་འདི་འདྲ་བཟོ་དགོས་དོན་ཅི། ངས་ད་ནས་བཟུང་ཁྱོད་ཀྱི་བུ་

རྒྱུད་རྣམས་གཅིག་རེ་མཐོང་ན་གཅིག་རེ་ཟ། གཉིས་རེ་མཐོང་ན་ཆ་རེ་ཟ། གསུམ་ རེ་མཐོང་ན་མ་བུ་ཟ་ཞེས་དམ་བཅས་ཤིང་བྱི་བའི་སྟེང་དུ་མཆོངས། དེ་ནས་བཟུང་

ད་ལྟའི་བར་དུ་བྱི་ལས་བྱི་བ་མཐོང་ཚེ་འཛིན་ངེས་ཡིན་པ་དང་བུ་རྒྱུད་རྣམས་ལ་ ཡང་མུ་མཐུད་དུ་ཡིད་སྐྱོ་བའི་བསླབ་བྱ་དེ་གནང་གིན་ཡོད། བྱི་བ་དང་བྱི་ལ་གཉིས་ བར་རུས་ལ་ཟུག་པའི་གྱོད་གཞི་ཟབ་མོ་ཡོད་པ་དེ་དུས་ནམ་ཞིག་ལ་འདུམ་འགྲིག་

ཡོང་བ་མི་ཤེས་མོད། གང་ལྟར་ད་ལྟའི་དུས་འདིར་ད་དུང་དགྲ་ཟླར་ལངས་ཡོད། བྱི་

ལས་ཀྱང་ནམ་ཞིག་ལྷས་ཡང་བསྐྱར་རྒྱལ་པོ་བསྐོ་འཇོག་བྱས་ཏེ་ཁོ་རང་ཡང་སྲོག་ ཆགས་བཅུ་གཉིས་པོ་དེའི་གྲལ་ལ་ཞུགས་སུ་འཇུག་པར་རེ་ནས། ལྷས་བཀའ་


144

ཉམས་ཞིབ་དེབ་ཕྲེང་། ༢

བསྩལ་བ་ཇི་བཞིན་ཉིན་མཚན་ཐུན་དྲུག་ལ་ཞལ་གདོང་ལེགས་པོར་བཀྲུ་བཞིན་

ཡོད་མོད། དུས་ནམ་ཞིག་ལ་སྲོག་ཆགས་ཀྱི་རྒྱལ་པོ་ཡང་བསྐྱར་བསྐོ་འཇོག་བྱ་རྒྱུ་ ཡིན་པ་སུས་ཤེས། གང་ལྟར་ང་ཚོའི་དུས་འདིར་ཁོ་ད་དུང་རྒྱལ་པོར་བཞུགས་མི་ ཐུབ་པ་འདྲའོ། །ཞེས་པ་ལྟ་བུ་དང་། གཞན་ཡང་མང་ངོ་། ། ༣། ལྷ་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།

ལྷ་དང་མི། སྲོག་ཆགས་གསུམ་གྱིས་གྲུབ་པའི་སྒྲུང་<<ནས་ཀྱི་ས་བོན་བྱུང་

ཚུལ>>18 ཞེས་པ།

གནའ་དང་པོ་ཙ་ན། མིང་ལ་ཨ་ཕྲུག་ཟེར་བའི་རྒྱལ་པོའི་བུ་ཞིག་ཡོད་པ་ནི།

བློ་གྲོས་ལྡན་ཞིང་དཔའ་ངར་འཛོམས་པ་དང་། སེམས་རྒྱུད་བཟང་བ་ཞིག་ཡིན་

པས་ཁོས་མི་རྣམས་ཀྱིས་འབྲུ་རིགས་ཟ་ཐུབ་པའི་ཆེད་དུ་ཀླུའི་རྒྱལ་པོའི་ཡུལ་ལ་ ནས་ཀྱི་ས་བོན་སློང་དུ་འགྲོ་བར་ཐག་བཅད་དེ། ཁོས་སྐྱ་མི་ཉི་ཤུ་ཁྲིད་ནས་དཀའ་

སྡུག་གང་ལ་མ་འཛེམས་པར་རི་ཆུ་མང་པོ་བརྒལ་ནས་བསྐྱོད། ཨ་ཕྲུག་གིས་ཁྲིད་

པའི་མི་རྣམས་ནི་ལ་ལ་དུག་སྦྲུལ་དང་། ལ་ལ་གཅན་གཟན། ལ་ལ་མི་རྒོད་བཅས་ ཀྱིས་བསད་པས། རི་དགུ་བཅུ་གོ་དགུ་དང་ཆུ་དགུ་བཅུ་གོ་དགུ་རིམ་གྱིས་བརྒལ་ བ་ན་ཨ་ཕྲུག་གཅིག་པུ་ལུས། འོན་ཀྱང་ཨ་ཕྲུག་དཔའ་ངར་གྱིས་མུ་མཐུད་མདུན་

དུ་བསྐྱོད་ཅིང་མཐར་གཞིས་བདག་ཅིག་གི་རོགས་རམ་ལ་བརྟེན་ནས་ཀླུའི་རྒྱལ་ པོའི་ཡུལ་དུ་ནས་ཀྱི་ས་བོན་བརྐུས་ནས་འོངས། ཀླུའི་རྒྱལ་པོས་དེ་ཤེས་པར་གྱུར་

ཅིང་དེ་ནི་གཏུམ་དྲག་དང་སེར་སྣ་ཆེ་བས་ཨ་ཕྲུག་ཁྱི་ལུས་སུ་བསྒྱུར་ཅིང་། དེ་བུ་ 18 བོད་ཀྱི་རྩོམ་རིག་ལོ་རྒྱུས། དེབ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༣༧


བོད་ཀྱི་བྱིས་པའི་རྩོམ་རིག

145

མོ་ཞིག་གི་འདོད་བརྩེ་མ་ཐོབ་བར་དུ་མི་རུ་འགྱུར་མི་ཐུབ་པ་བྱས། ཕྱིས་སུ་ཁྱི་དེ་

ལ་རྒྱལ་པོ་ཞིག་གི་བུ་མོའི་འདོད་བརྩེ་ཐོབ་པས་ཁྱི་སླར་མི་ལུས་སུ་གྱུར། ཁོ་ཚོས་ འབད་བརྩོན་གྱིས་སོ་ནམ་བྱས་པར་བརྟེན་ས་གཞི་ཆེན་པོ་ནས་ཀྱིས་གང་བར་གྱུར་ ཅིང་། མི་རྣམས་ཀྱིས་རོ་བཅུད་ལྡན་པའི་རྩམ་པ་ཟ་ཐུབ་པ་བྱུང་ལྟ་བུ་དང་། གཞན་ ཡང་མཚོ་ཁའི་རྒྱལ་པོ་དང་མཚོ་ནང་གི་རྒྱལ་པོ་སོགས་མང་ངོ་། ། ༤། ལྷ་འདྲེ་གཉིས་ལ་སྦྱར་བའི་སྒྲུང་།

ལྷ་འདྲེ ་ གཉི ས ་ཀ་ཡོ ད ་པའི ་ སྒྲུང་<<མེ ་ མདའ་དང་མདའ་གཞུའི ་ གཏམ་

རྒྱུད>>19ཞེས་པ།

གནའ་སྔ་མོའི་དུས་སུ། ལྷ་འདྲེ་གཉིས་ཀྱིས་མེ་མདའ་དང་མདའ་གཞུ་བཟོ་

བར་ཕན་ཚུན་རྩོད་རེས་བྱས་ནས་མཚམས་མ་བཞག མཐར་ལྷ་ཡིས་མེ་མདའ་

དང་འདྲེ་ཡིས་མདའ་གཞུ་བཟོ་རྒྱུའི་ཐག་བཅད། ལྷས་མེ་མདའི་ལྷུ་ལག་དང་བཟོ་ དབྱིབས་ཡོད་ཚད་བཟོས་ཚར་མོད། འོན་ཀྱང་མེ་མདའི་སྤོར་དོག་བཟོ་མ་ཤེས་ པས་སེམས་ཁྲལ་གྱི་གནས་སུ་ལྷུང་། འདྲེ་ཡིས་ཀྱང་ཁོང་དང་འདྲ་བར་མདའ་གཞུ་ བཟོས་ཚར་མོད། མདའི་ལྟོང་བཟོ་མ་ཤེས་པར་ལུས།

ཐབས་ཟད་འུ་ཐུག་གི་གནས་ཚུལ་འོག་ཁོང་གཉིས་ཀྱིས་མཉམ་དུ་ཕན་ཚུན་

ལ་ཉམས་ཚོད་ལེན་རེས་བྱས། ལྷ་ཡིས་འདྲེ་ལ། ངས་མེ་མདའ་བཟོས་ཚར། ཁྱོད་ ལ་ཤེས་རབ་ཀྱི་སྟོབས་དང་མངོན་མཁྱེན་གྱི་བློ་ཡོད་ན་ངས་བཟོས་པའི་མེ་མདའི་

19 བྱིས་སྒྲུང་དགའ་བའི་རྩེད་འཇོ། ཨ་མདོའི་དམངས་ཁྲོད་རྩོམ་རིགས་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་ སྐྲུན་ཁང་། ཤོག་ངོས། ༡༢༢


146

ཉམས་ཞིབ་དེབ་ཕྲེང་། ༢

སྤོར་དོག་ནི་ཇི་འདྲ་ཞིག་ཡིན་པར་ཚོད་དཔག་ཅིག་བྱོས་དང་ཞེས་དྲིས་པར། འདྲེ་ ན་རེ། དེ་ནི་ཚོད་དཔག་བྱེད་སླ་མོ་ཞིག་རེད། ཁྱོད་ཀྱིས་བཟོས་པའི་མེ་མདའི་སྤོར་

དོག་ནི་བག་ལ་ཉལ་བའི་རྔ་མོང་གི་སྐེ་དང་འདྲ། ཞེས་ལན་བཏབ་པ་ལས་ལྷ་ལ་ འཕྲལ་དུ་བློ་རིག་རྒྱས། དེ་ནས་འདྲེ་ཡིས་ལྷ་ལ། ངས་ཀྱང་མདའ་གཞུ་བཟོས་ཚར།

འོ་ན་ཁྱོད་ལ་ཤེས་སྟོབས་དང་མངོན་མཁྱེན་ཡོད་ན། ངས་བཟོས་པའི་མདའ་ལྟོང་ནི་ ཅི་འདྲ་ཞིག་ཡིན་ཞེས་དྲིས་པར། ལྷ་ན་རེ། དེ་ཧ་ཅང་སླ་སྟེ། དེ་ནི་རྐང་ངར་གྱི་རུས་ མགོ་དང་འདྲ་ཞེས་བཤད།

དེ་ལྟར་ཁོང་གཉིས་ལ་རང་རང་གིས་བླངས་པའི་ཉམས་ཚོད་ལས་རང་ཉིད་

ཀྱིས་བཟོ་མ་ཤེས་པ་དེའི་གསང་བ་བརྟོལ། ཕྱིར་ལོག་རྗེས་གསར་དུ་རྙེད་པའི་ གསང་བ་ལག་ལེན་དུ་བཏབ་ཚེ་ད་གཟོད་རང་ཉིད་ཀྱིས་བཟོ་མ་ཤེས་པ་དེ་ལེགས་

འགྲུབ་བྱུང་བ་རེད། མེ་མདའ་དང་མདའ་གཞུ་ནི་དེ་ལྟར་བཟོས་ནས་གྲུབ་པར་ བཤད། ཞེས་པ་ལྟ་བུ་དང་།

ང་། འདྲེ་སྒྲུང་གི་སྐོར།

འདྲེ ་ སྒྲུང་ནི ་ བྱི ས ་པའི ་ སྒྲུང་གི ་ དམི ག ས་བསལ་གྱི ་ སྐོར་ཚན་ཞི ག ་ཡི ན ་

ལ༑ དེ་ཡང་འདྲེ་ཁོ་ན་མིན་པར། བོད་མིའི་ངག་རྒྱུན་ན་རྒྱུག་ཆེ་བའི་སྲིན་པོ་དང་ བདུད། གནོད་སྦྱིན། ཐེའུ་རང་སོགས་རྣམ་རྟོག་གི་འཇིགས་པ་ཆེས་ཆེ་བའི་མི་སྣ་

སྣ་ཚོགས་དང་། དེ་དག་གི་རྣོ་ཞིང་རིང་བའི་མཆེ་བ་དང་རྭ་ཅོ། སྡེར་མོ། རྔམ་ཞིང་ འཇིགས་ལ། བརྣག་ཅིང་སྡང་བའི་སེམས་ཁམས་བཅས་ཀྱི་འོག་ཏུ་ཞེད་སྣང་གིས་ སྙིང་འགས་འགྲོ་བ་དང་། དཔའ་ངར་གྱིས་དགྲ་ཤ་ལེན་འགྲོ་བ། ཐབས་དང་བློ་གྲོས་


བོད་ཀྱི་བྱིས་པའི་རྩོམ་རིག

147

ལ་བརྟེན་ནས་འགྲན་ཟླ་སློང་མཁན་གྱི་མི་དང་སྲོག་ཆགས། བྱ་དངོས་བཅས་པའི་ དངོས་ཡོད་འཚོ་བ་དང་རྟོག་བཏགས་གཉིས་སྣོན་གྱིས་བཞེངས་བསྐྲུན་བྱས་ཤིང་།

བྱིས་པ་རྣམས་ལ་དངངས་སྐྲག་དང་སྙིང་རྗེ། ཞེ་སྡང་། རྩེད་མཚར་བཅས་ཀྱི་ཁྲོད་ ནས་ཡག་ཉེས་ཀྱི་ཡོན་ཏན་གྱ་ནོམ་པ་ཞིག་འབྱོར་བར་བྱེད་པ་ལ་ཟེར་རོ། ། ༡། འདྲེ་དང་མི་ལ་སྦྱར་བའི་སྒྲུང་།

འདྲེ་དང་མི་ཡིས་གྲུབ་པའི་སྒྲུང་<<ས་བོན་རྡོག་གཅིག>>20ཅེས་པ།

གནའ་སྔ་མོ་ཞིག་ལ་སྤུན་གཉིས་ཡོད་ཅིང་། ཕུ་བོས་མནའ་མ་བླངས་རྗེས་

ནུ་བོར་ཁང་མིག་ཆུང་ཆུང་ཞིག་བརྒྱབས་ནས་ཁེར་འདུག་བྱེད་དུ་བཅུག ལོ་དེའི་

དཔྱིད་ཀར་སྲུ་མོས་ཙེ་བོ་བྲེ་གང་བརྔོས་ནས་ནུ་བོ་ལ་ས་བོན་བྱེད་དུ་བཅུག ནུ་ བོས་ཙེ་བོ་བཏབ་པ་ན་ཞིང་ཐོག་ཏུ་ཙེ་བོ་རྡོག་གཅིག་ལས་མ་སྐྱེས། ཁོས་རྒྱུན་དུ་

དེ་ལ་ཆུ་ལུད་བཞག་ནས་བདག་བྱས་པ་ན། ཙེ་བོ་རྡོག་གཅིག་པོ་ཤིང་སྡོང་ལྟ་བུ་ ཞིག་སྐྱེས་པས་ནུ་བོས་གཞན་གྱིས་བརྐུ་བར་དོགས་ནས་ཉིན་མཚན་མེད་པར་ བསྲུང་། ཉིན་ཞིག་ཁོ་རང་ཁྱིམ་ལ་དགུང་ཚ་འཐུང་དུ་སོང་ཤུལ་ནས་ཙེ་སྡོང་གཞན་

གྱིས་བརྐུས། ཁོས་རྐུན་མའི་རྐང་རྗེས་དེད་ནས་སོང་བ་ན་འདྲེ་མོ་མ་བུ་གཉིས་ ཁྱིམ་ན་མེད་པས་ཁོ་རང་ཁྱིམ་དེའི་གདུང་མའི་བར་ལ་ཡིབ་ནས་བསྡད།

ཡུད་ཙམ་འགོར་ནས་འདྲེ་མོ་མ་བུ་གཉིས་ཐོན་ཏེ་བུ་མོས། ཨ་མ་དེ་རིང་འུ་

ཚང་ལ་མིའི་དྲི་མ་བྲོ་གི་ཞེས་བཤད། ཨ་མས་མི་དྲི་ལོས་བྲོ། ཁྱོད་མི་རེད་ང་ཡང་ 20 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས།༢༤༧


148

ཉམས་ཞིབ་དེབ་ཕྲེང་། ༢

མི་རེད། མེ་བསུར་ཚ་བསུར་ཞིག་བྱོས་དང་ཞེས་བཤད། བུ་མོས་མེ་བསུར་ཚ་ བསུར་བྱས་ཚེ་ཁོ་རང་གདུང་སྲུབ་ནས་མར་ལྷུང་ལ་ཁད་བྱས། བུ་མོས། ཨ་མ། དོ་

དགོང་གང་ནས་ཉལ་རྒྱུ་ཡིན་ཞེས་དྲིས་པར། ཨ་མས། དོ་དགོང་ལྕགས་ཀྱི་ཀྱ་ར་

ཀྱུ་རིག་ནང་ནས་ཉལ་ཞེས་ལྕགས་ཟངས་ནང་ནས་ཉལ། འདྲེ་མོ་མ་བུ་གཉིས་ཉལ་

རྗེས་བུ་མོས་ཨ་མ། འུ་ཚང་ལ་རྒྱུ་ནོར་རྩ་ཆེན་ཅི་ཡོད་ཅེས་དྲིས་པ་ན། ཨ་མས་ ཁྱིམ་སྒོའི་ཡ་ཐེམ་ན་གསེར་རྫ་མ་གང་ཡོད། མ་ཐེམ་ན་དངུལ་རྫ་མ་གང་ཡོད། དེ་ རིང་བརྐུས་ཡོང་བའི་ཙེ་སྡོང་ཁྱིམ་སྒོའི་འགྲམ་ན་ཡོད་ཅེས་ཁ་བརྡ་བྱས། བསྒུགས་

ནས་འདྲེ་མོ་མ་བུ་གཉིས་ལ་གྲགས་འགུལ་ཅི་ཡང་མེད་དུས་ཁོ་གདུང་མའི་ཐོག་ ནས་དལ་མོར་མར་བབས་ཏེ་ཁོ་གཉིས་ཉལ་ཡོད་པའི་ཟངས་ངའི་ཁ་ལེབ་རྡོ་ཆེན་པོ་

ཞིག་གིས་མནན་ནས་འོག་ལ་མེ་བུས། ཐོག་མར་འདྲེ་མོ་གཉིས་ཀྱིས། ཨ་་་ ཉལ་ ས་དྲོས་ནས་ཡོང་ཐལ། སྐྱིད་པ་ལ། འདི་འདྲའི་སྐྱིད་པོ་ད་སྔ་བྱུང་མ་མྱོང་། ཞེས་

བཤད། ཡུད་ཙམ་འགོར་བ་ན། ཨ་་་ ཚ་དྲགས་སོང་། བསྲེགས་དང་ཐལ། དྲིན་

ཆེན་པོ། ད་མེ་མ་འཇོག ཁྱོད་ཀྱི་ཙེ་སྡོང་སྒོ་འགྲམ་ན་ཡོད། ཁྱོད་ཀྱིས་ཁྱེར། སྒོའི་ ཡ་ཐེམ་མ་ཐེམ་གྱི་གསེར་དངུལ་ཡང་ཁྱེད་ཀྱིས་ཁྱེར། ཞེས་ཞུ་བ་བྱས་ཀྱང་ཁོས་མ་ གོ་བ་ལྟར་བསྒུར་ནས་མེ་བུས་ཏེ་འདྲེ་མོ་མ་བུ་གཉིས་བཏུལ།

དེ་ནས་ཁོས་གསེར་དངུལ་ཚང་མ་ཁྱེར་ནས་ཕྱུག་པོར་གྱུར་ནས་བསྡད་ཡོད་

དུས། ཕུ་བོས་ཁྱོད་ཕྱུག་པོར་ཅི་ལྟར་གྱུར་སོང་ཞེས་དྲིས་ཚེ། ནུ་བོས་རྒྱུ་མཚན་ ཇི་མ་ཇི་བཞིན་བཤད། ཕུ་བོས་ངས་ཀྱང་དེ་ལྟར་བྱེད་དགོས་སྙམ་ནས་ཙེ་བོ་རྔོས་

མ་བཏབ། ཙེ་བོ་གཅིག་སྐྱེས་པ་གཉོར་ཞིང་ཆེན་པོར་གྱུར། ཉིན་ཞིག་བརྐུ་ལ་ཤོར་ བ་རྗེས་དེད་ནས་སོང་བ་ན། འདྲེ་མོ་མ་བུ་གཉིས་ཀྱི་ཁྱིམ་ལ་ཐོན། ཁོ་གདུང་མའི་

སྲིབ་ལ་ཡིབ་ནས་བསྡད། འདྲེ་མོ་མ་བུ་གཉིས་ཡོང་ནས་བུ་མོས་ཨ་མ་ཁྱིམ་ལ་མི་


བོད་ཀྱི་བྱིས་པའི་རྩོམ་རིག

149

དྲི་ཞིག་བྲོ་གི་ཞེས་བཤད་པ་ན། ཨ་མས་མེ་བསུར་ཚ་བསུར་ཞིག་བྱོས་དང་ཞེས་ བཤད། བུ་མོས་མེ་བསུར་ཚ་བསུར་བྱས་པས། ཕུ་བོ་དེ་སྡོད་མ་ནུས་པར་གདུང་ མའི་སྲིབ་ནས་མར་ལྷུང་། མ་བུ་གཉིས་ཀྱིས་ཁོ་བཟུང་ཏེ་རྣ་ཅོག་འཐེན་འཐེན་ནས་

མདུད་པ་དགུ་རྒྱག་ཞོར་མདུད་པ་འདི་གྲོལ་འདོད་ན་འུ་ཚང་གི་མཛོད་ཁང་ནང་གི་ གསེར་གྱི་སྟ་རེ་དེས་རེ་རེ་བརྒྱབ་ན་གྲོལ་ཐུབ་ཅེས་བཤད་དེ་བཏང་། ཕུ་བོ་བྲོས་ ནས་ཡོང་ཁར་གསེར་གྱི་སྟ་རེ་བརྐུས་ནས་ཡུལ་ལ་ཐོན་དུས་ན་ཟུག་གིས་མ་བཟོད་

པར་ཆུང་མའི་ལག་ལ་སྟ་རེ་བཞག་ནས་རྣ་ཅོག་གི་མདུད་པའི་སྟེང་ལ་རྒྱོབ་ཅེས་ བཤད། ཆུང་མ་སྐྲག་དངངས་ཀྱིས་སྟ་རེས་བརྒྱབ་པས་མདུད་པའི་སྟེང་ལ་མ་ཁེལ་ བར་ཟ་འགྲམ་ལ་ཁེལ་ནས་ཤིའོ ། །

གཞན་ཡང་སྤྲང་པོའི་བུས་གདོན་འདྲེ་མི་གཟན་ལྟོགས་ཤིར་བཏང་བ་དང་།

སྟ་རེ་ཆུང་ཆུང་། མ་བུ་གསུམ་དང་འདྲེ་མོ་ཞིག འདྲེ་མོ་ལྕགས་ཀྱི་མཆུ་ཏོ། བུ་སྟག་ སྐྱེས་ཞེས་པ་ལྟ་བུ་མང་ངོ་། །

༢། གནོད་སྦྱིན་དང་མི་ལ་སྦྱར་བའི་སྒྲུང་།

གནོད་སྦྱིན་དང་མི་ཡིས་གྲུབ་པའི་སྒྲུང་<<གཅོད་པ་གསུམ་གྱིས་གནོད་སྦྱིན་

མོ་ཞིག་བཏུལ་བའི་སྒྲུང་>>21 ཞེས་པ།

སྔོན་ཨ་མདོ ་ ཡུལ་གྱི ་ འབྲོག་སྡེ ་ ཆེ ན ་པོ ་ ཞི ག ་ན་སྤུན་གསུམ་ཡོ ད ་པའི ་

ཁྱིམ་ཚང་ཞིག་ཡོད། བུ་སྤུན་གསུམ་ག་ཆོས་སེམས་ཆེན་པོ་ཡོད་པར་མ་ཟད་ སྒོ མ ་ཉམས་ལེ ན ་སོ ག ས་ལ་བརྩོ ན ་པ་བྱེ ད ་མཁན་ཤ་སྟག་རེ ད ། སྐབས་ཤི ག ་ 21 ཁ་བརྡ་དྲ་བ།http://www.khabdha.org/?p=53448


150

ཉམས་ཞིབ་དེབ་ཕྲེང་། ༢

ལུང་པ་དེ ར ་བླ་མ་རྩ་ཆེ ན ་ཞི ག ་ཡོ ད ་པ་དེ ས ་གཅོ ད ་ཀྱི ་ དབང་གནང་བཞི ན ་

འདུག་ཟེར་བ་ཞིག་སྤུན་ཟླ་གསུམ་གྱིས་ཐོས། དེ་ནས་ཁོང་གསུམ་པོས་གཅོད་ དབང་ཞུ་རུ་འགྲོ་རྒྱུ་ཡི ན ་མི ན ་གྲོས་བྱས་པས་གསུམ་ག་ཁ་འཆམས་ཏེ ་ ཞུ་རུ་

སོ ང ་། གཅོ ད ་དབང་ཐོ བ ་མཁན་ཚང་མ་རི ་ བརྒྱ་གཉན་བརྒྱ་དུར་བརྒྱ་སོ ག ས་ ལ་འགྲིམ་དགོ ས ་འདུག་ཀྱང་། ཁོ ང ་གསུམ་པོ ས ་ཁས་ལེ ན ་དམ་བཅའ་བྱས་

ཏེ ་ གཅོ ད ་དབང་ཟབ་མོ ་ དེ ་ ཐོ བ ་པར་བྱས། ད་ཁོ ང ་གསུམ་གྱི ས ་ཁས་བླངས་ པ་བཞི ན ་གཉན་ས་འགྲིམ་དགོ ས ་རྒྱུ་དེ ་ རེ ད ། འོན ་ཀྱང་གཉན་ས་འགྲིམ་རྒྱུ་ དེ ་ ལས་སླ་པོ ་ ཞི ག ་གཏན་ནས་མི ན ་པ་ཁོ ང ་གསུམ་གྱི ས ་ཤེ ས ་གསལ་རེ ད །

གཅོད་ཉམས་ལེན་བྱེད་སྐབས་གང་གི་གཉན་ས་དང་། བཙན་ས། གདོན་འདྲེ་གདུག་ པ་ཅན་སོ ག ས་གནས་སར་འགྲིམ་དགོ ས ་པ་ནི ་ གཅོ ད ་ཀྱི ་ ལུགས་སྲོ ལ ་ལྟ་བུར་

ལགས། ཁོང་གསུམ་དུས་གཅིག་ཏུ་སོང་ན་ཁྱིམ་ཚང་ལ་དཀའ་ངལ་ཡོད་སྟབས། སྤུན་ཟླ་གསུམ་པོས་དུས་གཅིག་ཏུ་མི་འགྲོ་བར་བྱས་ཏེ་རིམ་བཞིན་གཅིག་གིས་ གྲུབ་རྗེས་གཅིག་འགྲོ་རྒྱུ་ཐག་བཅད། གཞན་གཉིས་ཀྱིས་ཁོང་ལ་ཞབས་འདེགས་ བསྒྲུབ་རྒྱུ་བྱས། སྤུན་ཆུང་ཤོས་གཉིས་ཀྱིས་སྡོད་གུར་དང་བདུན་ཕྲག་གཅིག་ལ་

འདང་ངེས་ཀྱི་ཟ་མ་སྤུན་རྒན་པ་དང་མཉམ་དུ་གང་གི་ས་ཆ་གཉན་ས་ཞིག་ཏུ་སོང་ ནས་སྡོད་གུར་བརྒྱབ། གཞན་གཉིས་བདུན་ཕྲག་གཅིག་གི་རྗེས་ནས་ལྟ་རུ་ཡོང་ རྒྱུ་བྱས་ཏེ་རང་ཁྱིམ་ལ་ལོག བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་བ་དེ་རྒན་ པར་ལྟ་རུ་སོང་། ཁོ་ས་ཆ་དེ་ལ་སླེབས་དུས་སྔར་དང་མི་འདྲ་བར་འཇིགས་སྣང་

ཞིག་རང་བཞིན་གྱིས་སྟེར། ཡར་ག་ལེར་གུར་གྱི་འགྲམ་དུ་སླེབས། ཡིན་ནའང་

གྲགས་རྒྱུ་གོ་རྒྱུ་གང་ཡང་མེད་པར་ཁུ་སིམ་མེར་སྣང་། སྐད་ཆུང་ཆུང་ཞིག་གིས་ ངང་ནས་སྤུན་རྒན་པར། ང་འདིར་ཁྱོད་ལ་ཟས་སྐྱེལ་དུ་ཡོང་ཡོད་ཅེས་བརྗོད་ནའང་།


བོད་ཀྱི་བྱིས་པའི་རྩོམ་རིག

151

ཡ་ལན་གང་ཡང་སྟེར་མཁན་མེད། དེ་ནས་ཁོས་འཇིགས་སྣང་དང་བཅས་གུར་སྒོ་ ཕྱེས་ནས་བལྟས་པས། སྤུན་རྒན་པ་སྣ་ནས་ཁྲག་ཐོན་ཏེ་ཤི་ཡོད་པ་མཐོང་།

ད་ཞེ ད ་སྣང་སྐྱེ་དགོས ་རྒྱུ་ཞི ག ་ལ་སྤུན་རྒན་པ་ཤི་ སྟངས་དེ ་ ལྐོ ག་གྱུར་གྱི་

གནས་སུ་གྱུར། སྔར་ཁས་བླངས་པ་ནང་བཞིན་སྤུན་འབྲིང་བ་ཁོང་དེ་གར་འདུག་

རྒྱུ་ཐག་བཅད་དེ་བསྡད། ཆུང་བ་དེ་བདུན་ཕྲག་གཅིག་གི་རྗེས་ནས་སྤུན་འབྲིང་ བོར་ལྟ་རུ་སོང་། ཁོང་གུར་གྱི་ཉེ་འགྲམ་དུ་སླེབས་སྐབས་སྔར་དང་མི་འདྲ་བའི་

འཇིགས་སྣང་དང་སྐྲག་སྣང་བཟོད་མེད་ཅིག་སྟེར། ཁོས་གུར་གྱི་སྒོ་ཕྱེས་མ་ཕོད་ པར་སྐད་ཆེན་པོས་སྤུན་འབྲིང་བོ་མིང་གི་བོས། འོན་ཀྱང་ཨ་ལན་སྟེར་མཁན་གང་ ཡང་མེད། ད་ཁོང་དེ་བས་ཀྱང་འཇིགས་སྐྲག་ངང་གུར་སྒོ་ཧར་གྱིས་ཕྱེས་ནས་ལྟ་

དུས། སྤུན་འབྲིང་བོ་ཡང་རྒན་པ་ནང་བཞིན་སྣ་ནས་ཁྲག་ཐོན་ཏེ་གྲོངས་ཚར་འདུག ད་ཁོས་ཞིབ་ཏུ་བརྟག་དཔྱད་བྱས་དུས་གུར་གྱི་ངོས་སུ་ཡི་གེ་གསལ་ལ་མི་གསལ་

བ་ཞིག་ཁྲག་གིས་བྲིས་འདུག དེ་ནི་འོ་མ་དེ་འཐུང་མི་རུང་ཟེར་བ་ལས་གཞན་གང་

ཡང་མེད། འོན་ཀྱང་ནང་དོན་གང་ཡིན་ཤེས་མི་ཐུབ་པར་མ་ཟད་ཤིན་ཏུ་ལྐོག་གྱུར་ གྱིས་གནས་སུ་ལྷུང་། ད་ཆུང་ཤོས་དེ་རེ་ཞིག་ཅི་བྱ་འདི་བྱ་མེད་པར་ལུས། སྤུན་ རྒན་གཞོན་གཉིས་ཀ་གྲོངས་ཟིན་ཡང་། གྲོངས་སྟངས་དེ་ཤེས་འདོད་ཆེན་པོ་འདུག

ཡིན་ནའང་འོ་མ་དེ་མ་འཐུང་ཟེར་བ་ཙམ་ལས་གཞན་གང་ཡང་མེད་སྟབས་གྲོངས་ སྟངས་གསལ་བོ་ཞིག་ཤེས་ཐབས་བྲལ། ད་ཁོ་རང་དེ་ག་རང་དུ་གཅོད་ཀྱི་ཉམས་ ལེན་ལ་བསྡད། ཉིན་མཚན་དྲུག་ཏུ་བགོས་ཏེ། ཉིན་ཚར་གསུམ་དང་མཚན་མོ་ཚར་ གསུམ་བཏོན། ཉིན་དང་པོ་ནས་བདུན་པའི་བར་དུ་གྲགས་འགུལ་གང་ཡང་མེད་

པར་ཁུ་སིམ་མེར་སྣང་། ཉིན་བདུན་པའི་དགོང་མོ་ཉི་མ་ནུབ་རྗེས་གཅོད་ཀྱི་ཉམས་

ལེན་ལ་བརྩོན། ཐུན་མཚམས་རྫོགས་ནས་རྨི་ལམ་གྱི་རྣལ་འབྱོར་ལ་མཉམ་པར་


152

ཉམས་ཞིབ་དེབ་ཕྲེང་། ༢

བཞག་པའི་ངང་ནས་ཉལ། ཅུང་ཟད་ཅིག་གཉིད་ཁུག་པའི་མཚམས་ནས་བུད་མེད་ ཅིག་གིས་གླུ་ལེན་པ་ཞིག་ཐོས་ནས་གཉིད་ལས་སད། དེ་ནས་ཡར་ལངས་ནས་ལྟ་ དུས་ནམ་ལངས་པར་མ་ཟད་ཉིན་གུང་གི་ཚད་ཙམ་དུ་སླེབས་ཚར་འདུག འོན་ཀྱང་ གཉིད་ཐུན་གཅིག་མ་འགོར་བར་ནམ་ལངས་སོང་བར་ཡ་མཚན་སྙམ་བཞིན་ནམ་ རྒྱུན་བཞིན་གཅོད་ཀྱི་ཉམས་ལེན་ལ་བརྩོན།

ཅུང་ཞི ག ་ནས་སྐད་སྒྲ་དང་འུར་སྒྲ་ཞི ག ་གི ས ་ལུང་པར་བཀང་བ་ལྟ་བུ་

འདུག་པས། གུར་གྱི་ཕྱི་ལོགས་སུ་སོང་ནས་ལྟ་དུས་འབྲོག་པ་ཞིག་གིས་རུ་སྤོ་ བཞིན་འདུག བུད་མེད་ཧ་ཅང་གི་སྐད་སྙན་པ་ཞིག་གིས་གླུ་ལེན་ཞིང་ཟོག་ལུག་ འདེད་བཞིན་ཡོང་བ་མཐོང་། ཅུང་ཞིག་ནས་འབྲོག་ཁྱིམ་དེའི་སྦྲ་གུར་ཁོང་གི་གུར་

དང་ཐག་ཉེ་ཞིག་ནས་ཕུབ་སོང་། ཁོས་བསམ་བློར་ད་ང་ལ་ཁྱིམ་མཚེས་ཤིག་ སླེབས་སོང་བས་མི་ལེགས་པ་གང་ཡང་མི་འདུག སྤུན་རྒན་པ་གཉིས་ནི་གྲོངས་

ཚར་འདུག་པས་སྐྱོ་རོ ག ས་ཤི ག ་ཡོ ད ་ན་ཅི ས ་མི ་ ལེ ག ས་བསམ་བཞི ན ་ཉམས་ ལེན་ལ་བརྩོན། ཅུང་ཞིག་ནས་གླུ་ལེན་མཁན་བུད་མེད་དེ་ཁོང་གི་རྩར་སླེབས་

ནས། སྔགས་པ་ལགས། འོ་མ་འདི་ད་ལྟ་རང་བཞོས་པ་ཡིན་པས་བཞེས་རོགས་

མཛོད་ཟེར། དེ་ནས་ཁོ་དགའ་ཐག་ཆོད་ནས་འོ ་མ་དེ་ཚུར་བླངས་ནས་འཐུང་བར་ རྩོམ་དུས་གློ་བུར་དུ་འོ་མ་དེ་འཐུང་མི་རུང་ཟེར་བ་དེ་དྲན་ནས་བསམ་བློ་མང་པོ་ ཞིག་འཁོར། དེ་དུས་འོ་མ་སྟེར་མཁན་གྱི་བུད་མེད་དེ་ཅུང་ཟད་འཚབ་འཚུབ་བྱེད་ ཀྱིན་འདུག ཡ་ད་བུད་མེད་འདི་འདྲེ་མོ་ཞིག་ཡིན་ངེས་རེད་སྙམ་ནས་འོ་མ་དེ་ཕར་

བུད་མེད་དེའི་གདོང་ལ་སྟོར། བུད་མེད་དེ་ངུ་སྒྲ་ཆེན་པོ་དང་བཅས་གར་སོང་ཆ་ མེད་དུ་གྱུར། དེ་དུས་འདྲེ་མོ་དེའི་རྫུ་འཕྲུལ་ཉམས་ནས་ཕྱིར་མཚན་མོར་གྱུར་ནས་

ཁུ་སིམ་མེར་སྣང་། ད་གཟོད་ཁོའི་སྤུན་རྒན་པ་གཉིས་འདྲེ་མོ་དེས་བཀྲོངས་པ་


ཡིན་པ་གསལ་བོ་རྟོགས་པ་རེད།

བོད་ཀྱི་བྱིས་པའི་རྩོམ་རིག

153

༣། འདྲེ་དང་། མི། སྲོག་ཆགས། ལྷ་བཅས་བཞི་ལ་སྦྱར་བའི་སྒྲུང་།

འདྲེ་དང་། མི། སྲོག་ཆགས། ལྷ་བཅས་བཞི་ཡིས་གྲུབ་པའི་སྒྲུང་<<ཉི་མ་དང་

ཟླ་བ་བྱུང་ཚུལ>>22ཞེས་པ།

གནའ་སྔ་མོ་སའི་གོ་ལའི་སྟེང་ལ་ཉིན་དཀར་ནག་གི་དབྱེ་བ་མེད་པའི་དུས་

ཤིག་ལ་དགོ་དགོ་མ། རིས་རིས་མ། ཆུང་སྐྱིད་མ་ཟེར་བའི་བུ་མོ་སྤུན་གསུམ་ཡོད།

ཁོ་ཚོ་ཆུང་དུས་སུ་ཨ་ཕ་ཤི་བས་ཨ་མས་གཉོ ར་སྐྱོང་བྱས་ནས་ནར་སོན་དུ་བཅུག

ཉིན་ཞིག ཨ་མ་གྲོ་མ་བརྐོ་རུ་སོང་། ས་ཆ་དེ་ན་འདྲེ་མོ་ཞིག་ཡོད་པ་དེ་ཡང་གྲོ་མ་ བརྐོ་རུ་ཡོང་། གྲོ་མ་བརྐོ་བཞིན་ཡོད་དུས་འདྲེ་མོས་ངས་ཁྱོད་ཀྱི་མགོ་ལ་ཤིག་འཐུ་

ཟེར་བ་ན། ཨ་མས་ཁྱོད་ཀྱིས་ངའི་རྣ་འབྱོག་གཉའ་ཡི་སྨེ་བ་དེ་གཅར་མི་ཉན་ཞེས་ བཤད་ནས་ཤིག་འཐུ་རུ་བཅུག འདྲེ་མོས་ཤིག་འཐུ་ཁུལ་བྱས་ནས་རྣ་འབྱོག་གཉའ་

ན་ཡོད་པའི་སྨེ་བ་དེ་བཅར་ནས་ཨ་མ་བསད། འདྲེ་མོས་ཨ་མ་ཡིན་ཁུལ་བྱས་

ནས་ཡུལ་ལ་སོང་སྟེ་བུ་མོ་ཆེ་བ་ལ་དགོ་དགོ་མ། ཨ་མར་སྒོ་ཕྱེས་ཞེས་བཤད་པ་ ན༑ དགོ་དགོ་མ་ཡོང་ནས་སྒོ་སྲུབས་ནས་ཅིག་བལྟས་ཏེ་ངའི་ཨ་མ་ཁྱོད་འདྲ་ཞིག་ མིན། ངའི་ཨ་མ་ས་དམར་ནང་གི་དམར་རིས་ཤིག་ཡིན་ཞེས་བཤད་པས། འདྲེ་མོ་

སོང་ནས་ས་དམར་ནང་ནས་འགྲེ་ལོག་འགའ་བརྒྱབ་ནས་ཡོང་སྟེ་བུ་མོ་འབྲིང་བོ་ རིས་རིས་མ་ལ། རིས་རིས་མ་ཨ་མར་སྒོ་ཕྱེས་ཟེར་བ་ལ། རིས་རིས་མ་ཡོང་ནས་ 22 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༣


154

ཉམས་ཞིབ་དེབ་ཕྲེང་། ༢

སྒོ་སྲུབས་ནས་ཅིག་བལྟས་ཏེ་ངའི་ཨ་མ་ཁྱོད་འདྲ་བ་ཞིག་མིན། ངའི་ཨ་མ་ས་ནག་

ནང་གི་ནག་རིས་ཤིག་ཡིན་ཞེས་བཤད། དེ་ནས་ཡང་འདྲེ་མོ་སོང་ནས་ས་ནག་ ནང་ནས་འགྲེ་ལོག་འགའ་བརྒྱབ་ནས་ཡོང་སྟེ། འདྲེ་མོས་ཆུང་སྐྱིད་མ་བོས་ནས་ ཨ་མས་ཁྱོད་ལ་སྲན་མ་སྟེར་ཟེར་ནས་སྒོ་སྲུབས་ནས་ལག་པ་བསྲིང་དུ་བཅུག་སྟེ་ སྲན་མ་ཁོལ་མ་ལག་པའི་ནང་དུ་བླུགས་ནས་བསྡམས། ཆུང་སྐྱིད་མས་ཨ་ཚ་ཟེར་

ནས་ངུས། ཨ་ཅེ་གཉིས་ལ་ཡང་ཐབས་མེད་པར་སྒོ་ཕྱེས་པས་འདྲེ་མོ་ནང་ལ་ཡོང་། དགུང་མོ་ཉལ་ཁར་འདྲེ་མོས་སྔས་མགོར་སྲན་མ་དང་ཆུ་འཇོག་ཏུ་བཅུག་སྟེ། ཨ་ མའི་རུམ་ནས་སུ་ཉལ་རྒྱུ་ཡིན་ནམ་ཞེས་དྲིས་པས། ཆུང་སྐྱིད་མས་ང་ཉལ་རྒྱུ་ཡིན་

ཟེར་ནས་འདྲེ་མོ་དང་མཉམ་དུ་ཉལ། ནམ་གུང་ལ་འདྲེ་མོས་ཁྲག་ཉོག་ཉོག་ཉོག་ འཐུང་བ་ལ། དགོ་དགོ་མས་ཨ་མ་ཁྱོད་ཀྱིས་ཉོག་ཉོག་ཉོག་ཅི་ཞིག་འཐུང་བཞིན་ ཡོད་ཅེས་དྲིས་པ་ལ། འདྲེ་མོས། བླུན་མོ། ཁྱོད་ཀྱིས་ངའི་སྔས་མགོར་ཆུ་བཞག་པ་

མིན་ནམ་ཟེར། ཡང་ཅུང་ཙམ་མགོར་བ་ན་རུས་པ་ཧྲིག་ཧྲིག་ཧྲིག་འཆོས་པས་ཨ་

མ་ཁྱོད་ཀྱིས་ཅི་ཞིག་འཆའ་བཞིན་ཡོད་ཟེར་བ་ལ། འདྲེ་མོས། བླུན་མོ། ཁྱོད་ཀྱིས་ ངའི་སྔས་མགོར་སྲན་མ་བཞག་པ་མིན་ནམ་ཞེས་བསྡིགས། དེ་ནས་ཁོ་གཉིས་

ཀྱིས་ཆུང་སྐྱིད་མ་འཆའ་བཞིན་ཡོད་པ་ཤེས་ཏེ། ཨ་མ་ངེད་གཉིས་ལ་གཅིན་པ་ གཏོང་རྒྱུ་འདུག་ཟེར་བ་ལ། འདྲེ་མོས། ཟངས་ངའི་ནང་ལ་ཐོངས་ཞེས་བཤད། བུ་ མོ་གཉིས་ཀྱིས་ཟངས་ངའི་ནང་ལ་བཏང་ན་སང་ཉིན་ཨ་ཁུ་འགྲུལ་བ་ཡོང་ན་ཟངས་ གཅིན་མ་ཟེར་རྒྱུ་རེད། དེ་བས་ངེད་གཉིས་ཀྱི་ལག་པར་ཐིག་གུ་ཞིག་ཐོགས་དང་

འབྲོ་མི་ཐུབ་ཟེར་བ་ལ། འདྲེ་མོས་དེ་ཆོག་གི་ཞེས་ཁོ་མོ་གཉིས་ཀྱི་ལག་པར་ཐིག་ གུ་རེ་བཏགས་ནས་འགྲོ་རུ་བཅུག ཁོ་གཉིས་སོང་ནས་ཐག་སྣེ་གཅིག་ཕག་གི་

རྐང་མགོར་བཏགས། གཅིག་བྱ་ཕོའི་སུག་པར་བཏགས་ནས་བྲོས་སོང་། འདྲེ་


བོད་ཀྱི་བྱིས་པའི་རྩོམ་རིག

155

མོས་སྒུག་སྒུག་ནས་ཡུན་རིང་འགོར་རུང་ཁོ་གཉིས་ཕྱིར་ཡོང་རྒྱུ་མེད་པས་ཐག་སྣེ་

གཅིག་ནས་འཐེན་པ་ལ་ཧག་ཧག་ཟེར་བ་དང་། གཅིག་ནས་འཐེན་པ་ལ་ཀག་ཀག་ ཅེས་བྱ་ཕག་གིས་སྐད་རྒྱག་བཞིན་དྲུད་བྱུང་བས་འདྲེ་མོས་ཁོ་གཉིས་བྲོས་སོང་བ་ ཤེས་ནས་རྗེས་བསྙེགས་ནས་རྒྱུག

བུ་མོ་གཉིས་བྲོས་ནས་རི་གྲི་འདྲ་བ་ཞིག་གི་རྩེར་ཐོན་ནས་ཟླ་བའི་ལྷ་མོར་

གསོལ་བ་བཏབ་པས་ལྕགས་ཐག་ཅིག་བསྣར་བྱུང་བ་དེར་འཇུས་ནས་བར་སྣང་ན་

འགྲོ་སྐབས། འདྲེ་མོས་ནུ་མ་གཉིས་ཕྲག་པ་གཡས་གཡོན་དུ་འཕངས་ཏེ་རྒྱུགས་

ཡོང་ནས་ཁྱོད་གཉིས་ཅི་ལྟར་ཡར་ལ་སོང་བ་ཡིན་ཞེས་དྲིས་པ་ན། བུ་མོ་གཉིས་ ཀྱིས། ངེད་གཉིས་ཀྱིས་ཟླ་བའི་ལྷ་མོར་གསོལ་བ་བཏབ་ནས་བལ་ཐིག་ཅིག་བསྣར་ ཡོང་བ་དེར་འཇུས་ནས་ཡོང་བ་ཡིན་ཞེས་བཤད། དེ་ནས་འདྲེ་མོས་ཟླ་བའི་ལྷ་མོར་

གསོལ་བ་བཏབ་པས་བལ་ཐིག་ཅིག་བསྣར་ཡོང་། འདྲེ་མོ་དེར་འཇུས་ནས་བར་ སྣང་ལ་འགྲོ་སྐབས་བུ་མོ་གཉིས་ཀྱི་ལུས་ནས་འོད་མི་འདྲ་བ་གཉིས་མཆེད་དེ་བལ་

ཐིག་སྟེང་ཁེལ་བས་བལ་ཐིག་མེར་བསྲེགས་པས་འདྲེ་མོ་སར་ལྷུང་ནས་ཤི དུས་དེ་

ནས་བཟུང་བར་སྣང་དུ་ཉི་མ་དང་ཟླ་བ་བྱུང་། ཞེས་པ་ལྟ་བུ་ཡིན། དེ་བཞིན་བུ་ཆུང་ རིག་རྒོད། འདྲེ་སྲིན་ར་མགོ་ཅན་ཞེས་པ་སོགས་མང་ངོ་། ། ༤། འདྲེ་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།

འདྲེ་དང་། མི། སྲོག་ཆགས་གསུམ་གྱིས་གྲུབ་པའི་སྒྲུང་<<བློ་རྩ་བརྟན་པའི་

རྔོན་པས་འདྲེ་མོ་བཏུལ་བ>>23ཞེས་པ།

23 སྤོ་ཡུལ་གྱི་དམངས་ཁྲོད་རིག་གནས། བསྡུ་སྒྲིག་མཁན། ཕུར་བུ་རྡོ་རྗེ། བཀྲ་ཤིས་ནོར་བུ། བསོད་ནམས་


156

ཉམས་ཞིབ་དེབ་ཕྲེང་། ༢

གནའ་སྔ་མོའི་དུས་ཤིག་ན། སྟོད་ན་རྩྭ་ཐང་དང་། བར་ན་ནགས་ཚལ། སྨད་

ན་ཞིང་གྲོང་བཅས་ཡོད་པའི་ཡུལ་ལུང་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་

དང་། ཡུལ་ལུང་དེར་མིང་དོན་མཚུངས་པའི་རྔོན་པ་བློ་བརྟན་ཟེར་བ་ཞིག་ཡོད།

ཉིན་ཞིག་རྔོན་པ་བློ་བརྟན་ལུང་པའི་སྟོད་སྨད་མཚམས་ཀྱི་ནགས་ཚལ་ཁྲོད་དུ་རི་ དྭགས་རྔོན་དུ་བསྐྱོད་ནས་གླ་བ་ལ་སོགས་རི་དྭགས་གང་ཙམ་བསད། དེའི་ནུབ་

མོར་རྔོན་པ་ནགས་གསེབ་ཏུ་ཞག་སྡོད་བྱ་རྒྱུ་བྱས་ཏེ་བྲག་ཕུག་ཆར་པ་འགོག་ཐུབ་ ཙམ་ཞིག་བཙལ་བས་བྲག་ཕུག་ཧ་ཅང་སྐྱིད་པོ་ཞིག་རྙེད། ཁོས་རི་དྭགས་ཀྱི་ཤ་

པགས་རྣམས་བྲག་ཕུག་གི་སྦུག་ཏུ་བཞག བྲག་ཕུག་གི་མདོ་དེར་མེ་ཞིག་བཏང་། ད་དུང་མཚན་མོར་མེ་གཏོང་རྒྱུའི་མེ་ཤིང་སྐམ་པོ་མང་ཙམ་བསྒྲུགས་ནས་བཞག

ས་རུབ་གྲབས་ཡོད་པའི་སྐབས་སུ་ག་འོང་འདི་འོང་མི་ཤེས་པའི་བུད་མེད་

མཛེས་མ་ཞིག་དེར་འབྱོར་བ་དང་། རྔོན་པ་དེར་ཨ་ཇོ་རྔོན་པ་ལགས། ང་ལུང་པའི་ སྟོད་ཀྱི་འབྲོག་ར་ནས་ཡོང་བ་ཡིན་ཞིང་། མདའི་ཞིང་གྲོང་དུ་དོན་དག་བསྒྲུབ་པར་ འགྲོ་དགོས་མོད། ད་ནི་ས་རུབ་གྲབས་འདུག་པས་དོ་ནུབ་ང་ཡང་ཁྱེད་དང་མཉམ་

དུ་བྲག་ཕུག་གི་ནང་དུ་ཞག་སྡོད་བྱེད་དུ་འཇུག་རོགས་གནང་དང་ཞེས་བཤད། རྔོན་ པ་བློ་བརྟན་གྱིས་བུད་མེད་དེའི་གཏམ་བདེན་པར་བཟུང་སྟེ། ཁོ་དང་མཉམ་དུ་བྲག་ ཕུག་དེར་ཞག་སྡོད་བྱེད་དུ་བཅུག

ས་རུབ་རྗེས་ཁོ་གཉིས་མེ་བཏང་ནས་བསྡད་པས་མེ་འོད་ཆེ་བའི་སྐབས་སུ་

བུད་མེད་མཛེས་ཤིང་ཡིད་དུ་འོ ང་བ་ཞིག་ཏུ་མངོན་ཞིང་། རྔོན་པའི་འཁྲིས་སུ་ཇེ་ ཉེ་ཇེ་ཉེར་བཅར་ནས་མིག་གིས་ཆགས་པའི་མདངས་དང་ལུས་ཀྱིས་ཆགས་པའི་ རྣམ་འགྱུར་ཅི་ཡང་སྟོན། མེ་འོད་ཆུང་དུ་འགྲོ་བའི་སྐབས་བུད་མེད་མཛེས་མ་དེའི་ དབང་ཕྱུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། ༣༣༢


བོད་ཀྱི་བྱིས་པའི་རྩོམ་རིག

157

ངོ་གདོང་ལྕགས་ཀྱི་མདོག་ལྟར་སྔོ་ནག་ཏུ་གྱུར་ཅིང་ཁའི་གཡས་སུ་མཆེ་བ་སྦོམ་ ཞིང་རིང་བ་རེ་མངོན་ཏེ་མཆེ་བའི་རྩེ་ནས་ཁྲག་གི་ཐིགས་པ་འཛག་བཞིན་འཇིགས་

པའི་རྣམ་འགྱུར་ཅི་ཡང་སྟོན། རྔོན་པ་བློ་བརྟན་གྱིས་ད་གཟོད་བུད་མེད་དེ་འདྲེ་མོའི་ ཆོ་འཕྲུལ་ཡིན་པར་ཤེས་ནས་མེའི་ཐོག་ཤིང་མང་དུ་བསྣན་ཏེ་མེ་ལྕེ་དགུང་དུ་འཕྱུར་ བར་བྱས། མཐར་མེ་ཤིང་རྣམས་རྫོགས་གྲབས་བྱས་པས་རྔོན་པ་བློ་བརྟན་གྱིས་

སེམས་སུ་ད་ནི་ཐབས་ཤེས་ཤིག་བྱས་ནས་འདྲེ་མོ་འདི་བཏུལ་ན་མ་གཏོགས་དོ་

ནུབ་ང་རང་ཟ་རྒྱུ་ཉག་ཅིག་རེད་འདུག་སྙམ། རྔོན་པས་བསམ་བློ་བཞི་གསུམ་བཅུ་ གཉིས་བཏང་མཐར་ཐབས་ཤེས་ཡག་པོ་ཞིག་དྲན། ཁོས་དེ་ཉིན་བསད་པའི་གླ་བའི་ བཞི་ལིང་རྐང་པ་འབྱར་མ་ཞིག་གྲི་ཡིས་བྲེག་སྟེ་མེའི་ནང་དུ་བསྲེགས།

གླ་བའི་ཤ་མེས་འཚིགས་ནས་ས་ར་ར་ཞེས་འཚིག་སྒྲ་གྲགས་སྐབས་བུད་

མེད་དེས་ཡ་མཚན་པའི་ངང་ནས། ཨ་ཇོ་རྔོན་པ་ལགས། ས་ར་ར་ཞེས་སྐད་གྲགས་

པ་དེ་ཅི་ཞིག་རེད་དམ། ཞེས་དྲིས་པར། རྔོན་པས། ས་ར་ར་ཞེས་པའི་སྒྲ་ནི་ས་ར་ར་

རང་རེད་ཅེས་ལན་བཏབ། ཡང་གླ་ཤ་མེས་འཚིགས་ནས་སུ་རུ་རུ་ཞེས་འཚིག་སྐད་ གྲགས་སྐབས་བུད་མེད་དེས། ཨ་ཇོ་རྔོན་པ་ལགས། སུ་རུ་རུ་ཞེས་གྲགས་པ་དེ་ཅི་

ཞིག་རེད་དམ་ཞེས་དྲིས་པར་རྔོན་པས། སུ་རུ་རུ་ནི་སུ་རུ་རུ་རང་རེད་ཅེས་ལན་ འདེབས་བཞིན་གླ་བའི་ཤ་བཞི་ལིང་དེ་རྐང་རྩེ་ནས་བཟུང་སྟེ་མེའི་ནང་ཨ་སློག་ཕར་ རྒྱག་ཚུར་རྒྱག་བྱས་ནས་བསྡད། གླ་བའི་ཤ་དེ་ལེགས་པར་འཚིགས་རྗེས་ཡང་བུད་

མེད་དེས་མུ་མཐུད་ནས། ཨ་ཇོ་རྔོན་པ་ལགས། ས་ར་ར། ཞེས་གྲགས་པ་དེ་ཅི་ཞིག་ རེད་དམ། ཞེས་དྲིས་པ་དང་། རྔོན་པས་ཀྱང་སྔར་བཞིན་ས་ར་ར་ནི་ས་ར་ར་རང་

རེད་ཅེས་ལན་བཏབ། བུད་མེད་དེའི་སེམས་ཅུང་གཡེངས་པའི་སྐབས་ཤིག་དང་

བསྟུན་ནས་རྔོན་པ་བློ་བརྟན་གྱིས་སྐད་ཤུགས་ཆེན་པོ་འབྲུག་སྟོང་ལྡིར་བ་བཞིན་


158

ཉམས་ཞིབ་དེབ་ཕྲེང་། ༢

བསྒྲགས་ནས། ས་ར་ར་དེ་འདི་རེད་ཅེས་བརྗོད་ཅིང་མེས་འཚིགས་པའི་གླ་བའི་ཤ་ ལྡེབ་ཀྱི་རྐང་པ་ནས་བཟུང་སྟེ་བུད་མེད་དེའི་འགྲམ་པར་ཤུགས་ཀྱིས་བརྒྱབ་པས་ བུད་མེད་དེའི་སྐད་ངན་རི་ལུང་བཀང་ནས་གར་སོང་ཆ་མེད་དུ་བྲོས་ཕྱིན་པ་རེད།

ཕྱི ་ ཉི ན ་རྔོན་པ་བློ ་ བརྟན་རང་ཁྱིམ་དུ་ལོ ག ་ཡོ ང ་བའི ་ ལམ་བར་དུ་རི ་ བོ ང ་

འགྲམ་པ་མེས་འཚིག་པའི་རོ་ཞིག་མཐོང་བས་རྔོན་པས་དེ་ནི་འདྲེ་མོ་དེ་བཏུལ་བའི་ རྟགས་སུ་ཤེས་ནས་རི་བོང་གི་རོ་དེ་ས་ཆ་དེ་རང་དུ་མེར་བསྲེགས་ཏེ་ཁྲག་ཐིགས་

གཅིག་དང་སྤུ་རྐང་གཅིག་ཀྱང་མ་ལྷག་པར་གཙང་མ་བཟོས། དུས་དེ་ནས་བཟུང་ འདྲེ་མོ་དེས་མི་རྣམས་ལ་གནོད་འཚེ་བཏང་བའི་སྐད་གོ་རྒྱུ་མེད་པར་གྱུར། ཞེས་པ་ ལྟ་བུ་ཡིན་ལ།

གཞན་ཡང་མིང་སྲིང་གསུམ། རྒྱལ་པོའི་སྲས་མོ་དང་རྔོན་པ། སྲོག་ཆགས་

རྣམས་ཀྱིས་བུ་མོ་བསྐྱབས་པ། ཉི་ཤར་རྒྱལ་པོའི་རྟ་རྫི་བུ་ཆུང་ཞེས་པ་སོགས་ མང་ངོ་། །

༥། བདུད་དང་། མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་།

བདུད་དང་། མི། སྲོག་ཆགས་གསུམ་གྱིས་གྲུབ་པའི་སྒྲུང་<<ནེ་ཙོ་དང་རྒྱལ་

པོ>>24ཞེས་པ།

དང་པོ་ཞིག་ལ་རྒྱལ་པོ་རྒན་པ་ཞིག་ཡོད། རྒྱལ་སྲས་ནི་མེད། རྒྱལ་པོས་ནེ་

ཙོ་ཞིག་གསོས་ཡོད། རྒྱལ་པོ་ནེ་ཙོར་འདང་ཆེ་བ་དང་། ནེ་ཙོ་ཡང་རྒྱལ་པོ་ལ་འདང་ 24 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས། ༣༢༣


བོད་ཀྱི་བྱིས་པའི་རྩོམ་རིག

159

ཧ་ཅང་ཆེ། རྒྱལ་པོར་བློན་པོ་ཤིན་ཏུ་ཤ་ཚ་བ་ཞིག་ཡོད། རྒྱལ་པོ་གཉིད་ལོག་ནའང་

བློན་པོ་རྒྱལ་པོའི་མདུན་དུ་འགུལ་ཡང་མི་འགུལ་བར་བསྡད་ཡོད། རྒྱལ་པོས་འབོད་ དུས་ནེ་ཙོས་ཨ་ལན་སྟེར། ནེ་ཙོའི་སེམས་ལ་རྒྱལ་པོ་ལོ་ལོན་ཐལ། རྒྱལ་པོ་འདི་ཇེ་

གཞོན་ལ་འགྲོ་སྤྱད་ཀྱི་སྨན་ཞིག་ཡོད་སྙམ་མོད། དེ་ལེན་དུ་སོང་ན་ང་ཕྱིར་ཡོང་ཐུབ་ བམ་སྙམ་ནས་བདུད་བློན་ཞིག་ཡོད་པ་དེ་ལ་ནེ་ཙོ་ང་རྒྱལ་པོ་ཇེ་གཞོན་ལ་འགྲོ་སྤྱད་ ཀྱི་སྨན་ཞིག་བཙལ་དུ་འགྲོ་རྒྱུ་ཡིན། ཕྱིའི་རྒྱ་མཚོའི་ཕ་རོལ་ན་ཤིང་ཛམྦུ་པྲ�ཀྵ་ཞེས་

པའི་ལྗོན་ཤིང་ཞིག་ཡོད་པ་དེས་ཕན་པས་ང་དེ་ལེན་དུ་འགྲོ། རྒྱལ་པོས་བོས་ན་ ཁྱོད་ཀྱིས་ཨ་ལན་བྱིན། ནེ་ཙོ་གང་ལ་བུད་ཐལ་ཞེས་དྲིས་ན་རྒྱལ་པོ་ལོ་ན་ཇེ་གཞོན་

ལ་འགྲོ་སྤྱད་ཀྱི་སྨན་ལེན་དུ་བུད་ཐལ་ཞེས་ཤོད་ཟེར་ནས་ཉིན་འགའི་ཟ་མ་ཟོས་ཏེ་ ཕྱིའི་རྒྱ་མཚོའི་ཕ་རོལ་ལ་འཕུར་སོང་། ནེ་ཙོ་འཕུར་རྗེས་རྒྱལ་པོ་གཉིད་ལས་སད་

དེ་ནེ་ཙོ་ཞེས་བོས་པ་ན། བདུད་བློན་གྱིས་ཨ་ཞེས་ལན་བཏབ། རྒྱལ་པོས་ནེ་ཙོ་གང་

ལ་བུད་ཐལ་ཞེས་དྲིས་ཚེ། བདུད་བློན་གྱིས་ནེ་ཙོ་རྒྱལ་པོ་ཁྱོད་གསོད་སྤྱད་ཀྱི་དུག་ གི་རྗེས་སུ་བུད་ཐལ་ཞེས་བཤད་པ་ན། རྒྱལ་པོས་ཨེ་བདེན་མི་བདེན་བསམ་ནས་ ཁ་རོག་ལ་བསྡད། བདུད་བློན་དེས་རྒྱལ་པོ་ལ་ཤིན་ཏུ་ཤ་ཚ་ཁུལ་བྱས་ནས་བསྡད།

ནེ་ཙོ་དེ་ཕྱིའི་རྒྱ་མཚོའི་ཕ་རོལ་ལ་སོང་ནས་ཤིང་ཛམྦུ་པྲ�ཀྵའི​ི་ཡལ་ག་ཞིག་

ཁ་ནང་ལ་བཟུང་ནས་ཕྱིར་འཕུར་ཡོང་། ཉི​ིན་ཞག་མང་པོར་འཕུར་བས་ནེ་ཙོ་ཤི་ ལ་ཁད་བྱས་ཏེ་འཕུར་ནས་རྒྱལ་པོའི་མདུན་གྱི་ཅོག་ཙེའི་སྟེང་ལ་བབས་མ་ཐག་

དབང་བོར་ཤོར། བདུད་བློན་གྱིས་སྐབས་དེ་དང་བསྟུན་ནས་རྒྱལ་པོ་ཨེ་བདེན་ གི༑ ནེ་ཙོས་དུག་རང་གི་ལུས་ལ་ཕོག་ནས་ཤི་བ་འདི་རེད། མིག་གིས་དངོས་སུ་ མཐོང་བ་འདི་མིན་ན་ཁྱེད་ད་དུང་ཡིད་ཆེས་རྒྱུ་མ་རེད། ཁྱེད་ནེ་ཙོ་ཟེར་ནས་འདང་ ཆེ་བར་འདུག་ཅེས་བཤད་པ་ན། རྒྱལ་པོས་བློན་པོ་རྣམས་ལ་བཀའ་ཕབ་ནས་འདི་


160

ཉམས་ཞིབ་དེབ་ཕྲེང་། ༢

ལ་བདག་བྱོས་ཞེས་བཤད་པ་ན། བློན་པོ་རྣམས་ཀྱིས་ནེ་ཙོ་ཁྱེར་ནས་ས་དོང་ཞིག་

བརྐོས་ཏེ་དེའི་ནང་དུ་བཅུག ལོ་འགའ་འགོར་རྗེས་ནེ་ཙོ་བཅུག་ཤུལ་དེ་ནས་སྡོང་ བོ་ཞིག་སྐྱེས། བདུད་བློན་གྱིས་རྒྱལ་པོ་ལ་ནེ་ཙོ་བཅུག་ཤུལ་དུ་དུག་སྡོང་ཞིག་སྐྱེས་

བྱུང་ཞེས་ཞུས་པ་ན། རྒྱལ་པོས་དེར་ར་རྒྱོབས་ཞེས་བཀའ་བབས་ནས། སྡོང་བོ་ དེར་ར་བསྐོར་ནས་བཞག

རྒྱལ་པོ་དེའི་མངའ་འོ ག་ན་ཨ་མ་ལོ་ལོན་ཞིག་ལ་བུ་མོ་རྐང་པ་ཞ་བོ་མིག་

ཞ་ར་ཞིག་ཡོད། ཉིན་ཞིག་ཨ་མ་ལ་ནད་ཅིག་བྱུང་བས་བུ་མོས་ཨ་མ་ལགས་ཁྱོད་

ཤི་སོང་ན་ངས་སྡུག་མྱངས་རྒྱུ་རེད། དེ་ནས་ཁྱོད་མ་ཤི་གོང་ལ་ང་ཁྲིད་ནས་ཨ་ཁུ་

རྒྱལ་པོ་ཚང་གི་དུག་ར་ནང་ལ་འཕེན་ཨེ་ཐུབ་ལྟོས་ཞེས་ཞུ་བ་བྱས་པ་ན། ཨ་མས་ ཁུར་མིན་དྲུད་མིན་གྱིས་བུ་མོ་རྒྱལ་པོའི་དུག་ར་ནང་ལ་བཞག ར་དེའི་ནང་དུ་བུ་མོ་

ལྟོགས་ནས་མ་བཟོད་པར་ལག་མྱངས་བྱས་ཏེ་སིལ་ཏོག་ལག་ཏུ་ཚུད་པས་དེ་ཟོས་

པ་ན་བུ་མོས་མིག་གིས་མཐོང་ཐུབ་པ་དང་འགྲོ་ཡང་ཐུབ་པར་གྱུར། བུ་མོས་རང་ གི་ཨ་མར་ཁྱེར་བསམ་ནས་བལྟས་པ་ན་སྡོང་མགོ་ན་སིལ་ཏོག་གཉིས་མ་གཏོགས་

མེད་པས་དེ་གཉིས་བཏོག་ནས་ཕྱིར་ཡུལ་ལ་ལོག་སྟེ་ཨ་མ་ལ། ངས་ཨ་ཁུ་རྒྱལ་པོ་

ཚང་གི་དུག་སྡོང་མགོ་ནས་སིལ་ཏོག་ཟོས་པས་འདི་འདྲ་ཞིག་ཏུ་གྱུར་སོང་། ཨ་ མ་ཁྱོད་ལ་ཡང་ཅིག་ཁྱེར་ནས་ཡོང་ཡོད་འདི་ཟོ་ཟེར་ནས་ལག་ཏུ་བཞག་པ་ན། ཨ་

མས་འོ་ཡ་ཡ། གནམ་གྱིས་སྲུང་རྒྱུ་མ་ཟེར་ནས་གཅིག་ཟོས་པ་ན་ཨ་མའི་ནད་དྲག་ པ་མ་ཟད་ཇེ་གཞོན་ལ་སོང་། མ་བུ་གཉིས་ཀ་ཆེ་ཆུང་མེད་པ། འཛམ་བུ་གླིང་ན་ཁོ་ གཉིས་ལས་ལྷག་པའི་མཛེས་མ་མེད་པ་ཞིག་ཏུ་གྱུར། དེ་ནས་མ་བུ་གཉིས་ཀྱིས་འུ་

གཉིས་རྒྱལ་པོའི་ལྷ་ཁང་ལ་བསྐོར་བ་བྱེད་དུ་འགྲོ་ཟེར་ནས་སོང་བ་ན། རྒྱལ་པོས་

མཐོང་སྟེ་ཡ་མཚན་སྐྱེས་ཏེ་མོ་གཉིས་ཀ་གང་ནས་ཡོང་བ་ཡིན་ནམ། འཛམ་གླིང་ན་


བོད་ཀྱི་བྱིས་པའི་རྩོམ་རིག

161

འདི་ལྟ་བུའི་མཛེས་མ་ཡང་ཡོད་པ་རེད་དམ་ཟེར་ཞོར་སོང་ནས་ཨ་རོགས་གཉིས་ ཀ་གང་ནས་ཡིན་ཞེས་དྲིས་པ་ན། ཨ་མ་དེས། རྒྱལ་པོ་ལགས། འདི་ཁྱེད་ཀྱི་མངའ་

འོག་ན་བུ་མོ་ཞ་བོ་ཞིག་ཡོད་པ་དེ་རེད། ང་མོའི་ཨ་མ་ཡིན། ངེད་གཉིས་ཀྱིས་རྒྱལ་ པོ་ཁྱེད་ཚང་གི་དུག་ར་ནང་ནས་སིལ་ཏོག་ཟོས་པས་འདི་འདྲ་ཞིག་ཏུ་གྱུར་སོང་བ་

ཡིན། ད་དུང་ལག་ན་སིལ་ཏོག་གཅིག་ཡོད། རྒྱལ་པོ་ཁྱེད་ཀྱིས་བཞེས་ན་ཁྱེད་ལ་ འབུལ་ཟེར་ནས་ཕུལ། རྒྱལ་པོས་འོ་ཡ་ཟེར་ནས་བཞེས་པ་ན། རྒྱལ་པོ་ཇེ་གཞོན་ལ་ སོང་ནས་འཛམ་བུ་གླིང་ན་གསར་བུ་ཁོ་ལས་ལྷག་པ་མེད་པ་ཞིག་ཏུ་གྱུར།

དེ་ནས་རྒྱལ་པོས་མ་བུ་གཉིས་ཀ་བཙུན་མོར་བཞེས། བློན་པོ་རྣམས་ལ་

བཀའ་བབས་ནས་ནེ་ཙོ་དེ་ཁྱེར་མ་ཡོང་ན་སྲོག་གི་ཆད་པ་ཡོད་ཟེར་ནས་བཀའ་

བསྒྲགས་པ་ན། བློན་པོ་རྣམས་སོང་ནས་དུག་སྡོང་གི་མཐའ་བསྐོར་ནས་སློག་པས་

སྡོང་བོ་དེའི་རྩ་བ་རྒྱས་ནས་གུར་ཁང་ལྟ་བུ་ཕིབས་ཏེ་ནེ་ཙོ་མདངས་སྔར་ལས་ཇེ་ ཡག་ལ་སོང་ནས་ཡོད། དེ་ནས་ནེ་ཙོ་རྒྱལ་པོའི་མདུན་དུ་འཁྱེར་ཡོང་བ་ན་ནེ་ཙོ་

ངུས་ནས་རྒྱལ་པོ་ཁྱེད་ཀྱི་ཐུགས་ཁ་འདི་འདྲ་བཙན་པ་མ་ཤེས། ང་ཁྱེད་ཇེ་གཞོན་ ལ་འགྲོ་སྤྱད་ཀྱི་སྨན་ཞིག་གི་རྗེས་སུ་སོང་བ་ཡིན་ཞེས་བཤད་པས། རྒྱལ་པོས་

བཀའ་ཕབ་ནས་བདུད་བློན་བསད་དེ་ནེ་ཙོ་རྒྱལ་པོའི་བློན་པོར་བསྐོས་སོ། །ལྟ་བུ་ དང་། གཞན་ཡང་མང་དུ་གདའ་འོ ། །

༦། སྲིན་པོ་དང་མི་ལ་སྦྱར་བའི་སྒྲུང་།

སྲིན་པོ་དང་མི་གཉིས་ཀྱིས་གྲུབ་པའི་སྒྲུང་<<ཐབས་ལ་མཁས་པའི་བུ་ཨ་


162

ཉམས་ཞིབ་དེབ་ཕྲེང་། ༢

སྐྱོབ་ཀྱིས་བདུད་སྲིན་ལྦ་བ་ཅན་བཏུལ་བ>>25ཞེས་པ།

གནའ་སྔ་མོའི་དུས་སུ་ཡུལ་ཞིག་ལ་བདུད་སྲིན་ལྦ་བ་ཅན་ཞིག་སླེབས་ཏེ་སྐྱེ་

འགྲོ་མང་པོའི་སྲོག་བཅད་ཅིང་། རོ་ཡི་རྩིག་པ་བརྩིགས། ཁྲག་གི་ཡུར་བུ་འཐེན་ ནས་ཡུལ་དེར་ཉམས་ཉེས་ཧ་ཅང་ཆེན་པོ་བཟོས།

ནམ་ཞིག་ན་བུ་ཨ་སྐྱོབ་ཟེར་བ། ཡུལ་ངེས་མེད་དུ་འགྲོ་ཞིང་སྤྲང་ཟས་ལ་

བརྟེན་ནས་འཚོ་བ་སྐྱེལ་མཁན་ཁོ་ཡུལ་དེར་ཡོང་བས་སྲིན་པོ་ལྦ་བ་ཅན་གྱིས་སྐྱེ་

འགྲོ་ལ་འཚེ་བ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་རྣམས་ཐོས། བུ་ཨ་སྐྱོབ་ ཀྱི་ཕྱིའི་ལུས་ནི་སྤྲང་ཆས་ངན་ངོན་སྤྲས་མཁན་ཞིག་ཡིན་ནའང་ནང་གི་སེམས་ནི་

རྒྱ་ཆེ་ཞིང་དཀྱེལ་ཡངས་ལ་བློ་རྩ་བརྟན་པ། སྐྱེ་འགྲོ་ལ་བྱམས་དང་སྙིང་རྗེ་སྒོམ་

མཁན་ཞིག་ཡིན་སྟབས་གནས་ཚུལ་དེ་དག་ཐོས་རྗེས་སྲིན་པོ་ལྦ་བ་ཅན་གྱི་ཁར་

སོང་ཟིན་པའི་སྐྱེ་འགྲོ་རྣམས་ལ་སྙིང་རྗེ་མི་བཟོད་པ་སྐྱེས་ཤིང་། ད་རུང་སྲིན་པོའི་

ཁར་འགྲོ་ལ་ཉེ་བའི་སྐྱེ་འགྲོ་རྣམས་ལ་བརྩེ་བ་དང་གདུང་སེམས་ཆེས་ཆེར་སྐྱེས། སྲིན་པོ་ལྦ་བ་ཅན་དེ་མགྱོགས་མྱུར་མ་བཏུལ་ན་ཡུལ་འདིའི་སྐྱེ་འགྲོ་རྣམས་རྩ་མེད་

དུ་འགྲོ་ཉེན་འདུག་སྙམ་སྟེ་སྲིན་པོ་ལྦ་བ་ཅན་གསོད་རྒྱུའི་ཐབས་ཇུས་ལ་བསམ་བློ་ མང་པོ་བཏང་།

ཉིན་ཞིག་བུ་ཨ་སྐྱོབ་ཀྱིས་སྲིན་པོ་འཚོལ་དུ་ཕྱིན་པས་སྲིན་པོ་ལྦ་བ་ཅན་དང་

ཕྲད། སྲིན་པོ་ལྦ་བ་ཅན་གྱིས་བུ་ཨ་སྐྱོབ་མཐོང་བ་དང་མཆེ་གཙིགས་སྡེར་བགྲད་

ཀྱིས་བུ་ཨ་སྐྱོབ་ཟ་གྲབས་བྱས་པས་བུ་ཨ་སྐྱོབ་ཀྱིས་དལ་དལ་ལྷོད་ལྷོད་ཀྱིས་ངང་

ནས་སྲིན་པོ་ལྦ་བ་ཅན་དེར། སྲིན་པོ་ལགས། ཁྱེད་རང་ང་ཟ་རྩིས་མ་བྱེད་དང་། ང་ 25 སྤོ་ཡུལ་གྱི་དམངས་ཁྲོད་རིག་གནས། བསྡུ་སྒྲིག་མཁན། ཕུར་བུ་རྡོ་རྗེ། བཀྲ་ཤིས་ནོར་བུ། བསོད་ནམས་ དབང་ཕྱུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས།༢༧༦


བོད་ཀྱི་བྱིས་པའི་རྩོམ་རིག

163

ཁྱེད་རང་དང་ཤག་པོ་སྒྲིག་འདོད་ཡོད། ངས་ཁྱེད་རང་ཆེད་མངགས་ཀྱིས་གསོལ་ སྟོན་དུ་གདན་འདྲེན་ཞུ་བར་ཡོང་བ་ཡིན། ཞེས་བཤད། སྲིན་པོ་ལྦ་བ་ཅན་དེས་

བསམ་བློ་ཞིག་བཏང་སྟེ་ཁོས་ང་ལ་གསོལ་སྟོན་གང་ཞིག་བཤམ་རྒྱུ་ཡོད་དམ་སྙམ་

བཞིན། འོ་ན་ཁྱོད་ཀྱིས་ང་ལ་གསོལ་སྟོན་གང་ཞིག་བཤམ་རྒྱུ་ཡོད་དམ་ཞེས་དྲིས་ པས་བུ་ཨ་སྐྱོབ་ཀྱིས། ཁྱེད་རང་སང་ཉིན་ངའི་ཁྱིམ་ལ་ཕེབས་དང་། ངས་ཁྱེད་ལ་ གསོལ་སྟོན་རྒྱས་ཤིང་རྒྱས་པ་ཞིག་གཤོམ་རྩིས་ཡོད། ཅེས་བཤད་དེ་ལོག་ཕྱིན།

ཕྱི་ཉིན་བུ་ཨ་སྐྱོབ་ཀྱིས་སྤྲེལ་ཕྲུག་འགའ་རང་ཉིད་ཀྱི་མལ་སའི་ནང་བཅུག་

པ་དང་། ལུག་ཤ་ཤ་ཁོ ག ་ཆེ ་ ཤོ ས ་ཤི ག ་ལ་གོ ས ་བཀོ ན ་ཅི ང ་རྒྱན་ཆ་མང་པོ ་ བཏགས་ཏེ་ཐབ་ཀྱི་འཁྲིས་ལ་བསླངས་ནས་བཞག རང་ཉིད་ཀྱི་སྐེ་ལ་ཚིལ་གྲོད་

ཅིག་བཏགས་ནས་བསྡད། གང་ཙམ་ཞིག་ནས་སྲིན་པོ་དེ་བུ་ཨ་སྐྱོབ་ཀྱི་ཁྱིམ་དུ་ འཛུལ་ཡོང་བས་བུ་ཨ་སྐྱོབ་ཀྱིས་ཁྲི་ཞིག་བཅས་ཏེ་དེའི་ཐོག་འབོལ་གདན་མཐུག་

པོ་བཏིངས་ནས་སྲིན་པོ་དེར་སྡོད་དུ་བཅུག བུ་ཨ་སྐྱོབ་ཀྱིས་ལུག་གི་ཤ་ཁོག་དེ་ལ་ རང་གི་བཟའ་ཟླ་ཡིན་ཁུལ་བྱས་ཏེ། མོ་རེ། ངའི་ཤག་པོ་སླེབས་སོང་། ཁྱོད་ཀྱིས་

ཁོང་ལ་ཇ་དྲོངས་དང་ཞེས་བཤད་ཁུལ་བྱས། ལུག་ཤ་ཤ་ཁོག་དེ་འགུལ་ཙམ་ཡང་ མེད་སྟབས་བུ་ཨ་སྐྱོབ་ཀྱིས། མོ་རེ། ངའི་ཤག་པོ་ཡོང་དུས་ཁྱོད་མ་དགའ་བ་ཡིན་ ནམ། ཁྱོད་རང་ད་དུང་ངའི་ཤག་པོར་ཇ་མི་འདྲེན་པར་སྡིག་ཚིག་ཟ་བཞིན་བསྡད་ན།

ངས་ཁྱོད་རང་ཤག་པོར་ཟས་ལ་འབུལ་གྱི་ཡིན་ཞེས་བཤད་པས་ད་དུང་ཡང་འགུལ་

ཙམ་མེད་སྟབས་སྟ་རེ་བླངས་ཏེ་གོས་རྒྱན་གྱིས་གཡོགས་པའི་ལུག་ཤའི་ཤ་ཁོག་ དེར་བརྒྱབ་སྟེ་དེར་བསྒྲལ་བ་དང་། ཁོའི་མལ་ཆས་ནང་ནས་སྤྲེལ་ཕྲུག་རྣམས་སྐད་

ཅོར་རྒྱག་བཞིན་ཡར་དོན་གྲབས་བྱས་པས་ཡང་ཁོས། ད་ཁྱོད་རང་ཚོ་སྡིག་ཚོད་

བཟུང་ན་དགའ་ཡོང་མ་གཏོགས་ངས་ཁྱོད་རང་ཚོ་ཤག་པོར་ཤག་ཟས་ལ་འབུལ་


164

ཉམས་ཞིབ་དེབ་ཕྲེང་། ༢

གྱི་ཡིན་དཱ། ཞེས་ཡང་ནས་ཡང་དུ་བཤད། སྤྲེལ་ཕྲུག་རྣམས་ཀྱིས་མི་སྐད་མི་གོ་ལ་

བསྟན་བཤིག་ཧ་ཅང་ཚ་སྟབས་སྐད་ཅོར་ལུང་པ་གང་སྟེ་མལ་ཆས་ནང་ནས་ཡར་ དོན་ཞིང་ཕན་ཚུན་ལ་རྩེད་མོ་རྩེས། བུ་ཨ་སྐྱོབ་ཀྱིས། ཕྲུ་གུ་ཚོའང་ངའི་ཁ་ལ་ཉན་ པོ་གཏན་ནས་མི་འདུག་ཅེས་བརྗོད་བཞིན་རེ་རེ་བཞིན་དུ་ཚུར་བཟུང་སྟེ་སྐེ་བཙུར་ བཏང་ནས་བསད་པ་དང་། ལུག་ཤའི་ཤ་ཁོག་དང་སྤྲེལ་ཕྲུག་གི་རོ་རྣམས་མཉམ་

དུ་སྟ་རེས་གཙབ་བཞིན། ངས་དེ་རིང་ཤག་པོ་ལ་གསོལ་སྟོན་རྒྱས་ཤིང་རྒྱས་པ་ ཞིག་བཤམ་རྒྱུ་ཡིན། ཞེས་བརྗོད། ཤ་གཙབ་སྐབས་རང་ཉིད་ཀྱི་སྐེ་ལ་བཏགས་ པའི་ཚིལ་གྲོད་དེ་ཕར་གཡུག་ཚུར་གཡུག་བྱས་ནས་སྟ་རེ་གཞུ་སྟབས་མི་བདེ་བ་

བྱུང་སྟབས་ཡང་བུ་ཨ་སྐྱོབ་ཀྱིས་རང་གི་སྐེ་ལ་བཏགས་པའི་ཚིལ་གྲོད་དེར། སྡུག་

ལྦ་ཁྱོད་རང་ཡང་ཁ་རོག་སྡོད་མ་གཏོགས་ངས་མར་བཀོག་སྟེ་ཨ་ཅེ་དང་ཕྲུ་གུའི་ཤ་

དང་མཉམ་དུ་གཙབས་ཏེ་ངའི་ཤག་པོར་ཤག་ཟས་ལ་འབུལ་དགོས་པ་བྱས་ཡོང་ དཱ༑ ཞེས་གཤེ་གཤེ་གཏོང་ཁུལ་བྱས་ཀྱང་ལྦ་བ་ཡིན་ཁུལ་བྱས་པའི་ཚིལ་གྲོད་དེ་ ནི་ད་དུང་མུ་མཐུད་གཡུགས་གཡུགས་བྱས་ནས་བསྡད་སྟབས་ཁོས་སྐེད་པ་ནས་ གྲི་བཏོན་ཏེ་ཚིལ་གྲོད་དེ་མར་བཅད་ནས་ལུག་ཤའི་ཤ་ཁོག་དང་སྤྲེལ་ཕྲུག་གི་རོ་ རྣམས་བསྲེས་ཏེ་ཞིབ་མོར་གཙབས་ཤིང་། ཤ་ཁུ་རྫ་ཁོག་ཆེན་པོ་གང་བསྐོལ་ཏེ་

སྲིན་པོ་ལྦ་བ་ཅན་དེར་སྟེར་བས་སྲིན་པོ་ལྦ་བ་ཅན་དེ་ཞིམ་ཐག་ཆོད་པའི་སྒོ་ནས་ ཚང་མ་བཏུང་།

དེ་ནས་སྲིན་པོ་ལྦ་བ་ཅན་དེ་དགའ་ཐག་ཆོད་ནས་བུ་ཨ་སྐྱོབ་ལ། ངས་ཀྱང་

ཁྱོད་རང་ལ་སང་ཉིན་གསོལ་སྟོན་བཤམ་གྱི་ཡིན་པས་ཁྱེད་རང་ངེས་པར་དུ་ཕེབས་ དགོས། ཞེས་བཤད་པ་དང་བུ་ཨ་སྐྱོབ་ཀྱིས་ཀྱང་གསོལ་སྟོན་ལ་ཡོང་རྒྱུ་བྱས།

ཕྱི་ཉིན་ཨ་སྐྱོབ་སྲིན་པོའི་སར་ཕྱིན་པས། སྲིན་པོས་རང་གི་བཟའ་ཟླར་ངའི་


བོད་ཀྱི་བྱིས་པའི་རྩོམ་རིག

165

ཤག་པོ་སླེབས་སོང་། ཁྱོད་ཀྱིས་ཇ་དང་ཆང་དྲོངས་མ་གཏོགས་ངས་ཁྱོད་རང་

ཤག་པོར་ཤག་ཟས་སུ་འབུལ་གྱི་ཡིན་དཱ། ཞེས་བརྗོད། སྲིན་མོ་དེར་ཇ་ཆང་འདྲེན་ རྒྱུ་མེད་སྟབས་ཀ་ཀོར་བྱས་ནས་བསྡད་པས། སྲིན་པོ་ལྦ་བ་ཅན་དེས་རང་གི་བཟའ་

ཟླའི་མགོ་བོར་སྟ་རེས་གཞུས་ཏེ་དེ་འཕྲལ་བསད་པ་དང་། དེ་བསད་པ་མཐོང་ སྐབས་སྲིན་ཕྲུག་རྣམས་ཡར་ལངས་ཏེ་སྐད་ཅོར་དང་ངུ་འབོད་རྣ་བས་མི་བཟོད་

པ་བྱས་སྟབས་སྲིན་པོ་ལྦ་བ་ཅན་གྱིས་སྲིན་ཕྲུག་རྣམས་ལའང་སྟ་རེ་རེ་བརྒྱབ་སྟེ་ བསད། དེ་ནས་སྲིན་པོ་ལྦ་བ་ཅན་གྱིས་སྲིན་མོའི་རོ་དང་། སྲིན་ཕྲུག་གི་རོ་རྣམས་

སྟ་རེས་གཙབ་བཞིན་ཤག་པོར་འབུལ་རྒྱུའི་གསོལ་ཚིགས་བཟོ་བའི་སྐབས་རང་

གི ་ སྐེ་ཡི ་ ལྦ་བ་དེ ་ གཡུགས་གཡུགས་བྱས་ནས་ཁོ ་ རང་སྟ་རེ ་ གཞུ་མི ་ བདེ ་ བ་ བྱུང་སྟབས། ཁོས་ཚིག་པ་ཟ་བའི་སྒོ་ནས་སྡུག་ལྦ་ཁྱོད་རང་ཡང་ཁ་རོག་སྡོད་མ་

གཏོགས་ངས་ཤག་པོར་ཤག་ཟས་བཟོ་རྒྱུར་གཙབ་བཞག་གི་ཡིན་དཱ། ཞེས་བཤད།

ལྦ་བ་ད་དུང་མུ་མཐུད་ཕར་གཡུགས་ཚུར་གཡུགས་བྱས་སྟབས་སྲིན་པོ་དེས་ཡ་ ང་ཐེ་ཚོམ་མེད་པར་རང་གི་ལྦ་བ་ལ་གྲི་བརྒྱབ་ཏེ་བཀོག་པས་སྲིན་པོ་ལྦ་བ་ཅན་དེ་ ཁྲག་ཟད་ཕྱིན་ནས་དེར་ཤི་བ་རེད།

དེ་ནས་བཟུང་ཡུལ་དེར་སྲིན་པོའི་གནོད་འཚེ་མེད་པར་གྱུར་པས་ཡུལ་དེའི་

མི་རྣམས་ཀྱིས་བུ་ཨ་སྐྱོབ་སོ་སོའི་འགོ་དཔོན་དུ་བསྐོས་ཤིང་དགའ་བདེའི་དཔལ་ ལ་རོལ་ནས་བསྡད་དོ། །ཞེས་པ་ལྟ་བུ་དང་།

གཞན་ཡང་གླེན་པས་སྲིན་པོ་བཏུལ་བ། བུད་ཤིང་འཐུ་བའི་བྱིས་པ། ཨ་ཁུ་

དོན་གྲུབ་ཀྱི་བུ། རྒྱལ་པོ་མི་དོ་སོགས་མང་ངོ་། །


166

ཉམས་ཞིབ་དེབ་ཕྲེང་། ༢

ཅ། ཅ་དངོས་ལ་སྦྱར་བའི་སྒྲུང་།

ཅ་དངོས་ལ་སྦྱར་བའི་བྱིས་སྒྲུང་གི་ནང་དུ་མི་དང་ཅ་དངོས་བར་གྱི་བློས་བསླངས་ ཀྱི་གཏམ་རྒྱུད་དག་བརྗོད་ཡོད། དེ་ཡང་གཙོ་བོ་རབ་བཏགས་དང་སྒྲོ་འདོགས་བྱས་ པའི་ཅ་དངོས་དག་གིས་སྐད་ཆ་ཤོད་པ་དང་དོན་དག་ཡག་བཙོག་ཅི་རིགས་སྒྲུབ་

པ༑ ལྷ་དང་འདྲེ་ལྟར་ཆོ་འཕྲུལ་སྟོན་པ་སོགས། སྒྲུང་ནང་གི་མི་སྣ་རུ་གྱུར་པའི་ཅ་ དངོས་རྣམས་ལ་མི་གཤིས་དང་ལྷ་གཤིས། འདྲེ་གཤིས་བཅས་ཀྱི་རྒྱན་བཏགས་ཏེ་

སྒྲུང་གི་བརྗོད་བྱ་དངོས་ཡོད་འཚོ་བའི་ནང་འབྱུང་མི་ཐུབ་པའི་སྟོང་བསམ་གྱི་ཡུལ་ ཁོ་ན་ཡིན་ཡང་། འགལ་ཟླ་སྣ་ཚོགས་ཁ་འཐབ་ཀྱི་མིའི་འཚོ་བའི་ཁྲོད་གྱི་དགེ་སྡུག་

དང་མཛེས་བཙོག་གི་རྣམ་འགྱུར་དངོས་ཤུགས་གཉིས་ཀ་ནས་ཤུགས་ཆེར་མངོན་ ཐུབ་པ་བྱས་ཏེ། བྱིས་པ་རྣམས་ཀྱི་སེམས་ལ་བག་ཆགས་ཟབ་མོ་བཞག་པའི་སྒྲུང་ གི་རིགས་ཤིག་ཡིན་ལ། འདི་ལ་ཡང་རིགས་གཉིས་སུ་དབྱེ་ཆོག ༡། ཅ་དངོས་དང་མི་ཡི་སྐྱིད་སྡུག་གི་འབྲེལ་བ་བརྗོད་པའི་སྒྲུང་།

སྒྲུང་གི་ནང་མི་ཉམ་ཆུང་དང་དབུལ་བོ། འདོད་ཆུང་ཆོག་ཤེས་ཅན་སོགས་

ལ་རིན་ཆེན་ནོར་བུ་ལྟ་བུའི་ཅ་དངོས་ཅི་རིགས་པ་ཞིག་ཐོབ་པའམ་ཅ་དངོས་དེ་འདྲ་

ཞིག་དང་འཕྲད་པར་བྱས་ཏེ། དེ་དག་གི་ཉམ་ཆུང་དང་དབུལ་བོ་བཅས་ཀྱི་སེམས་

རྒྱུད་དང་གནས་བབ་བཅས་ལ་བརྟེན་ནས་ཅ་དངོས་དེ་དག་གིས་བློ་ཡིད་ལས་ འདས་པའི་རོགས་རམ་བྱས་ཏེ། མི་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་ཐོབ་པའི་

སྐོར་དང་། དེ་ལས་ལྡོག་སྟེ་མི་དྲག་པོ་དང་འདོད་རྔམ་ཅན། སེམས་རྒྱུད་མི་དྲང་ པའི་མི་རྣམས་དེ་འདྲ་བའི་ཅ་དངོས་དག་གིས་སྡུག་བསྔལ་གྱི་གཡང་ལ་ལྷུང་བར་


བོད་ཀྱི་བྱིས་པའི་རྩོམ་རིག

167

བྱས་ཡོད་ལ། སྒྲུང་འདི་དག་གི་ནང་དེ་ལྟ་བུའི་འཕྲུལ་སྣང་གི་ཀློང་ནས་དྲང་ལྡོག་གི་ རེ་བ་ནན་གྱིས་བཏོན་ཡོད་དོ། ། j སྡོང་པོ།

ཤིང་དང་མི་ཡི་སྒྲུང་<<རྒད་པོ་འདོད་རྔམ་ཅན>>26ཞེས་པ།

གནའ་སྔ་མོར་ཞིང་གྲོང་ཞིག་ན་ཞིང་པ་དབུལ་བོ་བཟའ་ཟླ་གཉིས་ཡོད། ཁོ་

གཉིས་ལ་ཞིང་ལས་མང་པོ་ཞིག་མེད་པས་ཞིང་བ་རྒད་པོ་རྒྱུན་དུ་རི་མགོར་བུད་

ཤིང་འཐུ་རུ་སོང་། ཉིན་ཞིག་ཁོ་རང་སྡོང་བོ་ཆེན་པོ་ཞིག་གི་རྩར་སོང་ནས་སྟ་རེ་ འཕྱར་བ་ན་སྡོང་བོ་དེས། ཀྭ་ཡེ་ཞིང་བ་རྒད་པོ་ལགས། ཁྱེད་ཀྱིས་ང་མ་གཅོད་དང་། ངས་ཁྱེད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་བྱེད་ཐུབ་ཅེས་བཤད། ཞིང་བས་ བཤད་རྒྱུར་ང་རང་ང་ཚོའི་སྡེ་བའི་སྡེ་དཔོན་བྱས་ན་འདོད། དེ་ན་དེ་ཁྱོད་ཀྱིས་

བསྒྲུབ་ཨེ་ཐུབ་ཅེས་ལན་བཏབ་པར་སྡོང་བོས་ཀྱང་དོན་དེ་ཁས་བླངས་ཤིང་རྒད་པོ་ ཕྱིར་རང་ཡུལ་དུ་ལོག་པ་ན་མི་རྣམས་ཀྱིས་ཁོ་ལ་སྡེ་དཔོན་ཞེས་བོས།

དེ་ནས་ལོ་འགའ་འགོར་རྗེས་ཁོ་རང་སྡེ་དཔོན་བྱེད་མ་འདོད་པར་ཕྱིར་སྡོང་

བོ ་ ཆེ ན ་པོ འི ་ མདུན་དུ་སོ ང ་ནས་ང་རང་དམག་དཔོ ན ་ཞི ག ་བྱས་ན་འདོ ད ་ཅེ ས ་

བཤད། སྡོང་རྒན་དེས་ཁྱོད་རང་ཕྱིར་ཡུལ་དུ་ལོག་དང་ཁྱོད་དམག་དཔོན་དུ་འགྱུར་

འགྲོ་ཟེར། དེ་ནས་ཁོ་རང་ཡུལ་དུ་ལོག་པ་ན་མི་རྣམས་ཀྱིས་ཁོ་ལ་དམག་དཔོན་ ཞེས་འབོད་པ་མ་ཟད། རྟ་དམག་ཁྲི་ཕྲག་ལྷག་ཁོ་ཚང་གི་སྒོ་ཁར་ཡོང་སྟེ་གུས་ བཀུར་བྱེད། དེའི་ཕྱི་ལོར་སླེབས་དུས། ཁོའི་ཆུང་མ་ཧམ་པ་ཅན་དེས་དམག་དཔོན་

26 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས།༤༡༢


168

ཉམས་ཞིབ་དེབ་ཕྲེང་། ༢

བྱས་ན་འཐབ་འཛིང་བྱེད་དགོས། དེ་བས་ཁྱེད་རང་རྒྱལ་བོ་བྱས་ན་ང་རང་ཁྱེད་ཀྱི་

བཙུན་མོར་འགྱུར་འགྲོ་བས་དེ་དུས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཅེས་ཧམ་སེམས་ བཅངས་ཏེ་ངན་སྐུལ་བྱས་པ་ན། རྒད་པོ་ཡང་བསྐྱར་སྡོང་རྒན་དེའི་རྩར་སོང་ནས་

སྟ་རེ་འཕྱར་ནས་དོན་དེ་བཤད་པ་ན་སྡོང་བོ་ཆེན་པོ་དེ་ཁོང་ཁྲོ་གཏིང་ནས་ལངས་ ཏེ་འདར་སིག་སིག་བྱེད་བཞིན་ཞིང་བ་དེའི་ཐོག་ལ་ལོག་པས། ཞིང་བ་རྒད་པོ་ གཅུར་ཏེ་ཤ་འཐོར་རུས་འཐོར་དུ་གྱུར་ཏོ། ། k <<ལ་ཕུག>>27

གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་དབུལ་ཕྱུག་མི་མཉམ་པའི་སྤུན་གཉིས་

ཡོད། ཕུ་བོ་ཚང་ལ་ཕྱི་ན་ཞིང་ས་ཆེན་པོ་མིག་གིས་མི་ཚུགས་པ་དང་ནང་ན་ནོར་

ལུག་མང་པོ་བགྲང་གིས་མི་ལང་བ། མཛོད་ན་རིན་ཆེན་གསེར་དངུལ་སྲང་གིས་མི་ གཞལ་བ་བཅས་ཡོད་པས་ཤིན་ཏུ་ཕྱུག་པོ་ཞིག་ཡིན། ཡིན་ནའང་། ཕུ་བོ་ནི་སེར་

སྣ་ཆེ་ཞིང་སེམས་ངན་ཞིག་ཡིན། ནུ་བོ་ནི་གཞུང་དྲང་སེམས་བཟང་ཞིག་ཡིན་ཡང་། ཕྱི་ན་ཞིང་ས་ཆུང་ཆུང་ཞིག་ཡོད་པ་ཙམ་ལས་མཛོད་དུ་གསེར་དངུལ་མེད་ལ། ནང་

དུ་ནོར་ལུག་ཀྱང་མེད་པས། ཁྱིམ་ཚང་ཤིན་ཏུ་དབུལ་བོ་ཞིག་ཡིན། ནུ་བོས་རང་

གི་ཁ་རྒྱབ་ཀྱི་དོན་ལ་ཉིན་གང་བོར་ལེ་ལོ་དང་མ་གཡེང་པར་རང་ཚང་གི་ཞིང་ས་ ཆུང་ཆུང་དེའི་སྟེང་སོ་ནམ་གྱི་ལས་ལ་རེམ། ལོ་ཧྲིལ་བོར་ལས་ཀ་ལས་དགོས་ མོད། སྡུག་པའི་སྣང་བ་མེད་པར་དགའ་དགའ་སྐྱིད་སྐྱིད་ངང་འཚོ་བ་རོལ། ནུ་བོ་ ནི་རིག་རྒོད་ཅིག་ཡིན་པས། ལོ་རེ་རེར་རང་ཚང་གི་ས་ཞིང་ཆུང་ཆུང་དེའི་སྟེང་ལོ་

27 བྱིས་སྒྲུང་སྲིད་པའི་ཁ་མཚར། རིན་སྐྱིད་ཀྱིས་སྒྲིག་བསྒྱུར་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ངོས། ༦༠


བོད་ཀྱི་བྱིས་པའི་རྩོམ་རིག

169

ཏོག་སྣ་ཚོགས་རེས་མོས་སྒོས་བཏབ་ནས་ལོ་རེར་ལོ་ལེགས་བྱུང་། ད་ལོ་ཁོས་ན་ ནིང་བཏབ་པའི་ཞིང་ཤུལ་དུ་ལ་ཕུག་བཏབ་པས། ལ་ཕུག་ཆེན་པོ་བྱིས་པ་ལོ་གཉིས་ གསུམ་ཅན་ལྟ་བུ་རེ་སྐྱེས། དེའི་ནང་ནས་ཀྱང་ལ་ཕུག་གཅིག་ནི་མི་དར་མ་འདྲ་བ་

ཞིག་སྐྱེས་པས་ཀུན་གྱིས་དེ་ལ་ལ་ཕུག་རྒྱལ་པོ་ཞེས་བསྔགས། ནུ་བོའི་སེམས་ལ་ ལ་ཕུག་རྒྱལ་པོ་འདི་ལྟ་བུ་འབངས་ཕལ་བ་ང་ལྟ་བུར་ཟ་བའི་བསོད་ནམས་ག་ལ་ ཡོད། གོང་མ་རྒྱལ་པོ་ལ་འབུལ་འོས་སྙམ་ནས། ལ་ཕུག་དེ་ཁ་བཏགས་དང་བཅས་

ཤིང་རྟའི་ནང་བཞག་ཅིང་། ཤིང་རྟ་དེ་གླང་རྒན་གཉིས་ཀྱིས་དྲུད་ནས་རྒྱལ་པོའི་ ཕོ་བྲང་དུ་བསྐྱལ། རྒྱལ་པོས་ངོ་མཚར་ཆེ་བའི་ལ་ཕུག་དེ་མཐོང་འཕྲལ་ཡིད་རབ་

ཏུ་མགུ་སྟེ་ཁྱོད་ཀྱིས་ལ་ཕུག་འདི་འདྲ་ཆེན་པོ་འདེབས་ཐུབ་པས་ངོ་མས་བསོད་

ནམས་ཆེ་བར་འདུག་ཅེས་གསུངས། ནུ་བོ་ན་རེ། རྒྱལ་པོ་རིན་པོ་ཆེ། འབངས་ང་ནི་ བསོད་ནམས་ཤིན་ཏུ་ཆུང་བའི་ཞིང་བ་དབུལ་བོ་ཞིག་ཡིན་ཞེས་ལན་བཏབ། རྒྱལ་ པོས་ཁོའི་འཚོ་བ་ཞིབ་འདྲི་བྱས། ཁོས་ཀྱང་ཇི་མ་ཇི་བཞིན་དུ་ལན་བཏབ། རྒྱལ་

པོས་ཁོ་རང་དབུལ་བོ་ཡིན་ཡང་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ་རྟོགས་ནས། ཁོ་ལ་གསེར་དངུལ་དང་ས་ཞིང་། ནོར་ལུག་བཅས་འབོར་ཆེན་ཞིག་གནང་། ནུ་བོ་ དེ་མ་ཐག་ཕུ་བོ་ལས་ཀྱང་ཕྱུག་པོར་གྱུར།

ཕུ་བོ་སེམས་ངན་དེས་ནུ་བོས་ལ་ཕུག་གཅིག་གིས་རྒྱུ་ནོར་མང་པོ་བརྗེས་

འོངས་པ་ཐོས་རྗེས་ཕྲག་དོག་སྐྱེས་ནས་བཟོད་གླགས་བྲལ། ཁོས་ཁྱོད་ཀྱིས་ལ་

ཕུག་གཅིག་གིས་རྒྱུ་ནོར་དེ་འདྲ་མང་པོ་བརྗེས་ཐུབ་ཚེ། ང་ཡིས་གསེར་དངུལ་ ཕུལ་ན། རིན་པོ་ཆེ་དང་རྒྱུ་ནོར་སྔར་ལས་མང་པོ་འཐོབ་ངེས་སྙམ་ནས། རྒྱལ་པོ་ ལ་གསེར་དངུལ་མང་པོ་ཕུལ། རྒྱལ་པོའི་སེམས་ལ། མི་འདིར་བདག་ལ་རིན་པོ་ཆེ་

མང་པོ་འབུལ་རྒྱུ་ཡོད་པར་བལྟས་ན་ཕྱུག་པོ་ཞིག་ཡིན་པས་གསེར་དངུལ་གྱི་མཁོ་


170

ཉམས་ཞིབ་དེབ་ཕྲེང་། ༢

བ་ཡོད་མི་སྲིད་སྙམ། བསམ་བློ་ཞིག་བཏང་རྗེས་གློ་བུར་དུ་ལ་ཕུག་དེ་དྲན་ནས་ཕུ་ བོ་ཕྱུག་པོ་ལ་ལ་ཕུག་དེ་གནང་། ཕུ་བོས་དཀའ་ལས་གང་མང་མྱངས་ནས་ལ་ཕུག་

དེ་རང་ཁྱིམ་དུ་ཁྱེར་འོངས། རིན་པོ་ཆེ་གསེར་དངུལ་སོགས་རྒྱུ་ནོར་གྱི་བྱ་དགའ་མ་ ཐོབ་པའི་ཁར་དཀའ་ལས་ཀྱང་མྱངས་དགོས་བྱུང་ངོ་། ། l <<རྡོ་སེང་གེས་ཁ་གདངས་པ>>28

ཁྱིམ་ཚང་གཉིས་རི་འདབས་ཤིག་ཏུ་གཞིས་སྡོད་བྱས་ཡོད་ལ། ཁྱིམ་ཚང་

གཅིག་ནི་ཕྱུག་ཅིང་ཅིག་ཤོས་ནི་དབུལ་ཞིང་ཕོངས། རི་བོའི་མགོར་ནགས་ཚལ་ གྱིས་ཁེབས་ཡོད་ལ་ཁྱིམ་ཚང་དབུལ་བོའི་ཨ་ཕ་རྒྱུན་དུ་ནགས་ཚལ་དེར་བུད་ཤིང་

འཐུ་རུ་སོང་ཞིང་། ཁོས་བུད་ཤིང་བཙོང་ནས་ཟ་མ་དང་གོན་པར་ཉོ་བ་ཡིན། ནགས་ ཚལ་དུ་རྡོ་སེང་གེ་ཞིག་ཡོད་ལ། མི་དབུལ་བོ་དེས་ཉིན་རྒྱུན་མར་དང་རྩམ་པ་རྡོ་

སེང་གེ་ཡི་ཁ་ནང་དུ་འཇོག་གིན་ཡོད་པ་མ་ཟད། ད་དུང་ཕུ་བོ་རྡོ་སེང་གེ་ལགས། འདི་ཟོ་དང་ཞེས་ཀྱང་ཟེར་བ་ཡིན།

ཉིན ་ཞིག ་ལ་མི་དབུལ་བོ་ དེས ་རྡོ་སེང་ལ་ཟ་མ་སྟེ ར ་བའི་ དུས་སུ་རྡོ་སེ ང་

གིས། གྲོགས་པོ་ལགས། བཀའ་དྲིན་ཆེ། ཁྱོད་ནི་མི་བཟང་ཞིག་རེད་ཅེས་བཤད། མི་དབུལ་བོ་དེ་དངངས་ཤིང་སྐྲག

ཁོས་བཤད་རྒྱུར། ཕུ་བོ་རྡོ་སེང་ལགས།

དགོངས་པ་མ་ཚོམ། ཁྱེད་ལ་ཟ་མ་སྟེར་མཁན་གཅིག་ཀྱང་མེད་ལ། ངའི་ཟ་མ་བཟང་ རྒྱུ་མེད་པ་ནི་ང་རང་དབུལ་བས་རེད་ཟེར། སེང་གེས། ཁྱེད་ནི་མི་གཞུང་དྲང་ཞིག་

རེད། གལ་ཏེ་ཁྱེད་རང་སང་ཉིན་ཉི་མ་མ་ཤར་སྔོན་ལ་གནས་འདི་རུ་ཡོང་ན་ངས་ 28 ནོར་བུའི་བདེ་སྐྱིད་སྟེར་བའི་སྒྲུང་། ༡༡༩ དམངས་ཁྲོད་རྩོམ་རིག་རྣམ་བཤད། མིག་དམར། རྡོ་སེང་གེས་ཁ་ གདངས་པ།


ཁྱེད་ལ་དངོས་པོ་ཞིག་སྟེར་ཟེར།

བོད་ཀྱི་བྱིས་པའི་རྩོམ་རིག

171

དེ་ནས་མི་དེ་ཡུལ་ལ་ལོག ཕྱི་ཉིན་ཞོགས་པར་སེང་གེའི་གམ་དུ་སོང་བ་ན་

སེང་གེས་བཤད་རྒྱུར་ངའི་ལྟོ་བའི་ནང་དུ་གསེར་ཡོད། ཉི་མ་མ་ཤར་སྔོན་ལ་ཁྱེད་ ཀྱིས་ཁྱེར་དང་ཆོག འོན་ཀྱང་ཡིད་འཇོག་བྱེད་རྒྱུ་ཞིག་ལ་ཉི་མ་ཤར་ན་ངའི་ཁ་ཟུམ་ འགྲོ་ཟེར། མི་དེས་ལག་པ་སེང་གེའི་ལྟོ་བའི་ནང་དུ་བསྲིངས་ཏེ་གསེར་ཁུག་མ་ཆུང་

ཆུང་ཞིག་ཏུ་བཅུས་ནས་བཀང་རྗེས་མི་དབུལ་བོ་དེས། ད་ནི་འདང་སོང་ཟེར་བཞིན་ ཡུལ་ལ་ལོག་གོ། །

མི་དབུལ་བོ་དེ་ཕྱུག་པོར་གྱུར། ཁོའི་ཁྱིམ་མཚེས་ཕྱུག་པོ་དེར་ཡང་གསེར་

ཐོབ་པར་འདོད་དེ་འདྲི་རྒྱུར། ཁྱོད་ཀྱིས་གསེར་གང་ནས་ཁྱེར་ཡོང་བ་ཡིན་ཟེར། མི་ དབུལ་བོ་དེས་ངས་རྡོ་ཡི་སེང་གེའི་ཁོག་ནས་བླངས་པ་ཡིན། ཁོས་ང་ལ་རོགས་ བྱེད་དོན་ནི་ངས་ཁོ་ལ་ཟ་མ་བྱིན་པས་ཡིན་ཞེས་བརྗོད།

མི་ཕྱུག་པོ་དེས་ལྭ་བ་རྙིང་ཧྲུལ་ཞིག་གྱོན་ནས་ནམ་རྒྱུན་ནགས་ཚལ་དུ་བུད་

ཤིང་འཐུ་རུ་སོང་སྟེ་རྡོ་སེང་དེར་མར་དང་རྩམ་པ་བྱིན། ཉིན་ཞིག་ལ་སེང་གེ་དེས་

མི་ཕྱུག་པོ་དེར་བཤད་རྒྱུར། སང་ཉིན་ཉི་མ་མ་ཤར་སྔོན་ལ་གནས་འདི་རུ་ཤོག་

དང་ངས་ཁྱེད་ལ་དངོས་པོ་ཞིག་སྟེར་ཟེར། མི་ཕྱུག་པོ་དེའི་སེམས་ལ་ད་ནི་ང་ཤིན་ ཏུ་ཇེ་ཕྱུག་ལ་འགྱུར་རྒྱུ་རེད་བསམ་མོ། །ཕྱི་ཉིན་ཞོགས་པར་ཁོ་རང་རྡོ་སེང་གི་གམ་ དུ་སོང་། ཁོ་རང་ཧམ་སེམས་ཆེ་བས་ཁུག་མ་ཆེན་པོ་ཞིག་ཏུ་གསེར་ཕྱེ་བཅུག་པས་

ཉི་མ་ཤར་སོང་། ཉི་མ་ཤར་བ་དང་དུས་མཚུངས་སུ་རྡོ་སེང་གི་ཁ་བཙུམ་པས་མི་ དེས་རང་གི་ལག་པ་ཡང་རྡོ་སེང་གི་ཁ་ནང་ནས་ཕྱིར་ལེན་ཐུབ་མ་བྱུང་ངོ་། །


172

ཉམས་ཞིབ་དེབ་ཕྲེང་། ༢

༢། ཅ་དངོས་ཀྱི་བྱུང་འཕེལ་བརྗོད་པའི་སྒྲུང་།

སྒྲུང་འདི་དག་གི་མི་སྣ་ཅ་དངོས་རང་མིན་པར། མི་སྣ་ལ་མི་དང་སྲོག་ཆགས།

ལྷ་དང་འདྲེ་སོགས་ཅི་རིགས་ཡོད་ཀྱང་། སྒྲུང་གི་བརྗོད་བྱ་ཅ་དངོས་དེ་རང་ཡིན་ པ་དང་། སྒྲུང་གི་རྒྱུད་སྐུད་ཅ་དངོས་ཤིག་གི་བྱུང་འཕེལ་གྱི་གཏམ་རྒྱུད་བྱས་ཡོད་ པས། སྒྲུང་ཧྲིལ་བོ་ཅ་དངོས་ཤིག་དང་འབྲེལ་བ་དམ་པོ་ཡོད་ལ། སྒྲུང་འདི་དག་ བྱིས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་པར་གཙོ་བོའང་སྔར་བཞིན་བསླབ་བྱ་ཞིག་ ཡིད་འཇགས་པར་ནན་ཏན་མ་བྱས་པར། མི་དང་སྲོག་ཆགས། ལྷ་དང་འདྲེ་སོགས་

ཀྱི་རྟོག་བཟོའི་འབྲེལ་བ་ལ་བརྟེན་ནས་བྱིས་པ་ཚོར་བློ་རྩེ་སྒྲིམ་དགོས་པའི་དོགས་ གཞི་ཞིག་གམ་གནས་ལུགས་ཤིག་ངོ་སྤྲོད་ཐབས་བྱས་པ་དེ་ཡིན་ནོ། ། j <<ཐབ་ཀའི་ལོ་རྒྱུས>>29

གནའ་སྔ་མོ་རྔོན་པ་གཉིས་ཡོད་པ་རི་ཁྲོད་དུ་རི་དྭགས་རྔོན་པར་སོང་། ཁོ་

གཉིས་ཉིན་གང་བོར་རི་ལུང་ཀུན་ཏུ་རྒྱུག་ཀྱང་ལག་འབབ་གཅིག་ཀྱང་མ་བྱུང་། ཁོ་ གཉིས་ལྟོགས་སྐོམ་གྱི་དབང་གིས་རི་ལས་བབས་ཏེ་ནགས་ཆུ་འཛོམས་པའི་རི་

ཁུག་ཅིག་ཏུ་ཇ་བསྐོལ་ཏེ་ངལ་གསོ་བྱེད་པར་བསམ། རི་སྐེད་ཀྱི་ལམ་ཕྲན་ཀྱག་ ཀྱོག་བརྒྱུད་དེ་འགྲོ་བཞིན་པའི་སྒང་ལ་གློ་བུར་དུ་ཝ་ཁུང་ཞིག་མཐོང་།

རྔོན་པ་གཅིག་གིས་ལྟོས་དང་། དོང་ཁ་རུ་ཝ་མོའི་སྡེར་རྗེས་གསར་བས་

ཁེངས་འདུག འདིའི་ནང་དུ་ཝ་མོ་ཡོད་ཁོ་ཐག་རེད་ཟེར། རྔོན་པ་གཞན་ཞིག་དགའ་

བའི་ངང་ནས་མར་ཤོག མྱུར་དུ་མར་ཤོག ང་ཚོས་དོང་ཁ་རུ་སྒུག་བསྡད་ན་ཝ་མོ་ 29 བྱིས་སྒྲུང་སྲིད་པའི་ཁ་མཚར། རིན་ཆེན་སྐྱིད་ཀྱིས་སྒྲིག་སྒྱུར་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས།༡༢༠


སྒོར་འབུད་ངེས་ཡིན་ཞེས་ལབ།

བོད་ཀྱི་བྱིས་པའི་རྩོམ་རིག

173

དེ་ནས་རྔོན་པ་གཉིས་རྒྱུག་ཡོང་ནས་རྩི་ཤིང་མང་བོ་བཏུས་ཏེ་དོང་ཁ་ནས་

མེ་སྦར། མ་གཞིར། ཝ་མོའི་དོང་ལ་ཁུང་བུ་གཉིས་རེ་ཡོད་ལ། སྟེང་ངོས་སུའང་ ཁུང་བུ་གཅིག་ཡོད་པས། ཁུང་བུ་གཅིག་ཏུ་མེ་སྦར་ཚེ་སྟེང་ངོས་ཀྱི་ཁུང་བུ་དེ་ལས་ འཕྲལ་དུ་དུ་བ་ལྷོག་ལྷོག་འཕྱུར་བ་དང་དེ་མ་ཐག་མེ་ལྕེ་མཆེད། མེ་འབུད་པའི་

རྔོན་པས་གནས་ཚུལ་དེ་མཐོང་རྗེས་དངངས་འཚུབ་སྐྱེས་ཏེ་རྒྱུག་ཡོང་ནས། མེ་ལྕེ་ མཆེད་སོང་། མེ་ལྕེ་མཆེད་སོང་། ཅི་ཞིག་གིས་ཁུང་འདི་གཅོད་དམ། ཞེས་སྐད་

ཅོར་བརྒྱབ། རྔོན་པ་གཞན་དེས་ཀྱང་བློ་ཞིག་དྲན་ཏེ། མྱུར་དུ་སོང་ནས་རྟའི་འཕོང་

གི་སླ་ང་ཁྱེར་ཤོག དེའི་ནང་དུ་ཆུ་བླུགས་རྗེས་སླ་ང་ཡིས་ཁུང་ཁ་དེ་ཆོད་ཅིག་ཅེས་ བཤད། དེ་བཞིན་ཁུང་བུ་གཅིག་ཏུ་མེ་སྦར་ཏེ་སླ་ངའི་ནང་དུ་ཇ་ལོ་བཏབ་པ་དང་ཅུང་ མ་འགོར་བར་ལས་སླ་མོའི་ངང་ཇ་འཁོལ་ནས་འཐུང་ཐུབ་པ་བྱུང་ལ། ངག་རྒྱུན་ལ་ འདི་ནས་བཟུང་མི་རྣམས་ཀྱིས་ཐབ་ཀ་བཟོས་ནས་མེ་སྤྱོད་ཤེས་པར་གྱུར་ཟེར་རོ། ། k མེ་མདའ་དང་མདའ་གཞུའི་གཏམ་རྒྱུད།30

གནའ་སྔ་མོའི་དུས་སུ། ལྷ་འདྲེ་གཉིས་ཀྱིས་མེ་མདའ་དང་མདའ་གཞུ་བཟོ་

བར་ཕན་ཚུན་རྩོད་རེས་བྱས་ནས་མཚམས་མ་བཞག མཐར་ལྷ་ཡིས་མེ་མདའ་

དང་འདྲེ་ཡིས་མདའ་གཞུ་བཟོ་རྒྱུའི་ཐག་བཅད། ལྷས་མེ་མདའི་ལྷུ་ལག་དང་བཟོ་ དབྱིབས་ཡོད་ཚད་བཟོས་ཚར་མོད། འོན་ཀྱང་མེ་མདའི་སྤོར་ཏོག་བཟོ་མ་ཤེས་ 30 བྱིས་སྒྲུང་དགའ་བའི་རྩེད་འཇོ། ཨ་མདོའི་དམངས་ཁྲོད་རྩོམ་རིགས་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་ སྐྲུན་ཁང་། ཤོག་ངོས། ༡༢༢


174

ཉམས་ཞིབ་དེབ་ཕྲེང་། ༢

པས་སེམས་ཁྲལ་གྱི་གནས་སུ་ལྷུང་། འདྲེ་ཡིས་ཀྱང་ཁོང་དང་འདྲ་བར་མདའ་གཞུ་ བཟོས་ཚར་མོད། མདའི་ལྟོང་བཟོ་མ་ཤེས་པར་ལུས།

ཐབས་ཟད་འུ་ཐུག་གི་གནས་ཚུལ་འོག་ཁོང་གཉིས་ཀྱིས་མཉམ་དུ་ཕན་ཚུན་

ལ་ཉམས་ཚོད་ལེན་རེས་བྱས། ལྷ་ཡིས་འདྲེ་ལ། ངས་མེ་མདའ་བཟོས་ཚར། ཁྱོད་ ལ་ཤེས་རབ་ཀྱི་སྟོབས་དང་མངོན་མཁྱེན་གྱི་བློ་ཡོད་ན་ངས་བཟོས་པའི་མེ་མདའི་

སྤོར་ཏོག་ནི་ཇི་འདྲ་ཞིག་ཡིན་པར་ཚོད་དཔག་ཅིག་བྱོས་དང་ཞེས་དྲིས་པར། འདྲེ་ ན་རེ། དེ་ནི་ཚོད་དཔག་བྱེད་སླ་མོ་ཞིག་རེད། ཁྱོད་ཀྱིས་བཟོས་པའི་མེ་མདའི་སྤོར་

དོག་ནི་བག་ལ་ཉལ་བའི་རྔ་མོང་གི་སྐེ་དང་འདྲ། ཞེས་ལན་བཏབ་པ་ལས་ལྷ་ལ་ འཕྲལ་དུ་བློ་རིག་རྒྱས། དེ་ནས་འདྲེ་ཡིས་ལྷ་ལ། ངས་ཀྱང་མདའ་གཞུ་བཟོས་ཚར།

འོ་ན་ཁྱོད་ལ་ཤེས་སྟོབས་དང་མངོན་མཁྱེན་ཡོད་ན། ངས་བཟོས་པའི་མདའ་ལྟོང་ནི་ ཅི་འདྲ་ཞིག་ཡིན་ཞེས་དྲིས་པར། ལྷ་ན་རེ། དེ་ཧ་ཅང་སླ་སྟེ། དེ་ནི་རྐང་ངར་གྱི་རུས་ མགོ་དང་འདྲ་ཞེས་བཤད།

དེ ་ ལྟར་ཁོ ང ་གཉི ས ་ལ་རང་རང་གི ས ་བླངས་པའི ་ ཉམས་ཚོ ད ་ལས་རང་

ཉིད་ཀྱིས་བཟོ་མི་ཤེས་པ་གང་དེའི་གསང་བ་བརྟོལ། ཕྱིར་ལོག་རྗེས་གསར་དུ་

རྙེད་པའི་གསང་བ་ལྟར་ལག་ལེན་དུ་བཏབ་པས། ད་གཟོད་རང་ཉིད་ཀྱིས་བཟོ་མ་ ཤེས་པ་དེ་ཡོངས་སུ་འགྲུབ་པ་རེད། མེ་མདའ་དང་མདའ་གཞུ་ནི་དེ་ལྟར་བཟོས་ ནས་གྲུབ་པར་བཤད།


བོད་ཀྱི་བྱིས་པའི་རྩོམ་རིག

175

གསུམ་པ། བྱིས་སྒྲུང་གི་ཁྱད་ཆོས་བཤད་པ།

༡། མི་སྣ་ཡི་ཁྱད་ཆོས་སྐོར་བརྗོད་པ།

བྱིས་སྒྲུང་གི་ཁྱད་ཆོས་གཙོ་བོ་གཅིག་ནི་མི་སྣ་ཡི་སྟེང་ནས་མངོན་ཡོད་དེ།

མི་སྣའི་ཕྱིའི་རྣམ་པ་དང་གཤིས་རྒྱུད། རིགས་ཀྱི་སྣ་འཛོམས་རང་བཞིན་སོགས་ལ་

རྩོམ་རིག་གི་རིག་ཚན་གཞན་དང་གཞན་དུ་མཐོང་དཀོན་པའི་ཁྱད་ཆོས་ཕུན་སུམ་ ཚོགས་པ་ལྡན། དེ་ཡང་ཕྱིའི་རྣམ་པའི་ཐད་ནས་གཟུགས་རིས་ཀྱི་བོངས་དང་ཁ་

དོག ཡན་ལག་སོགས་རྒྱུན་ལྡན་གྱི་རྣམ་པ་དང་ཆེར་མི་མཚུངས་པར་ཆེན་པོ་ཞིག་

ཡིན་ཕྱིན་ནམ་རྒྱུན་གྱི་ཚད་དང་སྲོལ་ལས་ལྡབ་བརྒྱ་ཕྲག་གིས་ཆེ་བ་དང་། ཆུང་ ཚད་དེའང་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཆུང་ཚད་ལས་རྦད་དེ་ཆུང་ལ། ཁ་དོག་ གི་ཐད་ནས་བཀྲག་མདངས་ཅན་དང་སྐྱ་ཤུར་ཤུར་དུ་ལྷག་པ་ཡ་མ་ཟུང་ཅན་དང་།

ཡན་ལག་སོགས་རིང་ཐུང་དང་ཕྲ་སྦོམ་ལ་བླ་ལྷག་གིས་ཁྱད་པར་ཅན་འདུས་པ་མ་ ཟད། ཐ་ན་དགོད་བྲོ་བའི་གཟུགས་རིས་ཀྱི་རྣམ་པ་འབུར་དུ་ཐོན་པ་ཡོད་དེ། དཔེར་ ན༑ <<བུ་སེམས་ནག>>ཅེས་པའི་སྒྲུང་དུ་སྐྱེས་པས་ད་ནི་སེམས་ལྷོད་ལ་བབས་

ནས་ཤ་ཞིམ་པོ་ཞིག་ཟ་ཆོག་བསམས། ཤ་ཕྱིར་བླངས་ནས་ཟ་བར་བརྩམས་པ་ན། གློ་བུར་དུ་ཤ་བཙོས་མ་དེ་སྦལ་རྒན་མཛེ་ཏོ་ཞིག་ཏུ་གྱུར་ནས་མཆོང་ཐེངས་གཅིག་

གིས་སྐྱེས་པའི་གདོང་ལ་མཛེར། གལ་ཏེ་མི་གཞན་གྱིས་དེ་ཕར་གཡུག་རྩིས་བྱས་ པ་ན། སྦལ་རྒན་གྱིས་རྫིག་རྔམ་བསྟན་ནས་མི་གཞན་པ་དེའི་ངོ་ལ་ལྡིང་རྩིས་བྱས་ པས་སུས་ཀྱང་དེའི་ཁ་སློང་མ་ཕོད། བུ་སེམས་ནག་དེས་ངེས་པར་དུ་ཉིན་རེ་རེར་

རང་གི་ཅི་ཟ་ཅི་འཐུང་ཚང་མ་སྔོན་ན་སྦལ་རྒན་ལ་བྱིན་རྗེས། ད་གཟོད་རང་གིས་ཟ་


176

ཉམས་ཞིབ་དེབ་ཕྲེང་། ༢

ཆོག་པ་དང་། དེ་ལྟར་མ་བྱས་ཚེ། སྦལ་རྒན་མཛེ་ཏོས་ཁོའི་གདོང་ལ་སོ་བཏབ་ནས་ ངོ་ཤ་ཁ་ཟས་བྱེད་སྲིད་ཅེས་སྐྱེས་པ་དེ་འཇིགས་ཡེར་ཞིང་དགོད་བྲོ་བར་བྱས་པ་ལྟ་ བུ་དང་།

མི་སྣའི་གཤིས་རྒྱུད་ཀྱི་ཐད་ནས་གནའ་དེང་གི་སྒྲུང་རིང་འབྲིང་ཐུང་གསུམ་

གཞན་དག་ཇི་བཞིན་མི་སྣའི་གཤིས་རྒྱུད་གབ་སྦས་ཀྱིས་གང་ཞིག་གི་རྒྱབ་ཏུ་ཡིབ་ པར་བྱས་པ་དང་ལྐོག་སུབ་ཀྱིས་ཡོལ་བས་བསྒྲིབས་ཏེ་མི་མངོན་པར་བྱས་པ་ཅན་

མིན་པར། དྲང་ལྡོག་གི་མི་སྣ་སུ་དང་གང་ཞིག་ཡིན་རུང་དེ་ཡི་ཞི་དྲག་གམ། འཇམ་

རྩུབ་བམ། བཟང་ངན་ནམ། ཡག་བཙོག་གམ། གླེན་ལྐུགས་སམ་སྤྱང་གྲུང་། ཧམ་ སེམས་ཅན་ནམ་ཆོག་ཤེས་ཅན། མདོར་ན་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་ གང་འདྲ་ཞིག་ཡིན་ཡང་། དེ་མ་ཐག་ཏུ་ཐད་ཀར་མངོན་པར་བྱས་ཡོད་དེ། དཔེར་ན།

<<རི་བོང་གིས་སྟག་བཏུལ་བ>>31ཞེས་པའི་སྒྲུང་དུ། སྔོན་ཞིག་ལ་སྟག་ཅིག་དང་ རི་བོང་ཞིག་སྤུན་བསྒྲིགས། འོན་ཀྱང་། ཁྲེལ་མེད་ངའོ་སྙམ་པའི་སྟག་དེ་ཡིས་དུས་

རྟག་ཏུ་རི་བོང་ལ་ཡང་ཡང་བརྙས་ཤིང་གཙེས་པས། རི་བོང་བཟོད་གླགས་བྲལ་ ཞིང་རང་སྲུང་བྱེད་པའི་ཕྱིར་དེ་ལ་གནོད་ལན་ཞིག་འཇལ་དགོས་བསམས། ཉིན་ ཞིག་ཁོས་ཐབས་ཤིག་རྙེད་དེ། ས་རུབ་པ་དང་ཁོས་ཨ་ཁུ་སྟག་ལགས། དོ་དགོང་

ངེད་གཉིས་ཕ་གིའི་བྲག་དམར་རྩེ་ནས་འདུག་ཟེར་བ་ན། སྟག་གིས་ཀྱང་མོས་པའི་ བརྡ་བསྟན། རི་བོང་གིས་ཨ་ཁུ་སྟག་ལགས་ཁྱོད་ཀྱིས་བུད་ཤིང་འཐུས། ངས་མེ་ཁ་

གསོ་ཞེས་བཤད། དེ་ནས་རི་བོང་གིས་མེ་ལྕེ་དགུང་ལ་འཕྱུར་བ་ཞིག་སྦར་ནས་ཨ་

ཁུ་སྟག་ལགས། ཁྱོད་ཕྱིར་མ་ནུར་ན་ཁྱོད་ཀྱི་གྲ་ཡག་མེར་བསྲེག་ངེས་རེད་ཅེས་ 31 ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། བྱིས་སྒྲུང་དགའ་བའི་རྩེད་འཇོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་། ཤོག་ངོས།༧༣


བོད་ཀྱི་བྱིས་པའི་རྩོམ་རིག

177

འུར་བརྒྱབ་པས། སྟག་གིས་བདེན་པར་བཟུང་ནས། ཕྱི་ནུར་ཞིག་བྱས་པས་དེ་མ་

ཐག་བྲག་དམར་རྩེ་ནས་མར་ལྷུང་སྟེ་ཤི་སོང་ངོ་། །ཞེས་སྟག་གི་ཁྲེལ་མེད་དང་ང་

རྒྱལ། རི་བོང་གི་སྤྱང་གྲུང་དང་འཁོན་སེམས་ཀྱི་གཤིས་རྒྱུད་མངོན་གསལ་གྱིས་

མཐོང་ཐུབ་པར་བྱས་པ་ལྟ་བུ་ཡིན་ལ། འདི་ནི་བྱིས་སྒྲུང་ལ་ལྟ་ཀློག་ཉན་གསུམ་གྱི་ སྦྱོར་བ་དངོས་བཤམས་མཁན་གྱི་བྱིས་པ་དག་གི་བསམ་པའི་བཀོད་པ་དང་ཤིན་ཏུ་ འཕྲོད་པའི་ཁྱད་ཆོས་དེ་ཡིན་ནོ། །

གཞན་ཡང་བྱིས་པའི་སྒྲུང་གི་མི་སྣ་ཡི་ཁྱད་ཆོས་གཅིག་ནི་སྣ་འཛོམས་རང་

བཞིན་གྱི་སྟེང་དུ་ཡོད་དེ། བྱིས་སྒྲུང་གི་ཁྲོད་ཀྱི་མི་སྣ་ནི་མི་ཁོ་ན་མ་ཡིན་པར། མི་

དང་། ལྷ་དང་། འདྲེ་དང་། སྲོག་ཆགས་དང་། ཅ་དངོས་བཅས་ཡོད་ལ། མི་སྣ་

འགྲོ་བ་མི ་ ཁོ ་ ན་ཡི ན ་པ་ལས་ད་དུང་མི ་ སྣ་མི ་ མ་ཡི ན ་པའི ་ བྱི ས ་སྒྲུང་གི ་ གྲངས་ མང་བ་དང་། གྲགས་ཆེ་བ་མང་དུ་ཡོད་ལ། དེ་ཡང་སྒྲུང་གི་མི་སྣ་མི་ཁོ་ན་ཡིན་ པ་ལའང་མི་རྒན་གཞོན་བར་གསུམ་དང་སྐྱེས་ཕོ་མོ་སེར་གསུམ། གོང་རྒྱལ་བོ་

ནས་འོག་སྤྲང་པོ་བར་སོགས་ཐམས་ཅད་འཛོམས་ཡོད། དཔེར་ན། ལུག་རྫི་ལུང་

རྟོགས་གྲགས་པ་དང་། བློ་རིག་བཀྲ་བའི་ཕྱུག་པོའི་བུས་དབུལ་པོའི་བུའི་སྲོག་ བསྐྱབས་པ། ཕྱུག་པོས་རྐུ་བྱས་པ། སྲས་ཟླ་བའི་གཞོན་ནུ་དང་སྤྲང་པོའི་བུ། ཧམ་ སེམས་ཀྱི་སྡུག་འབྲས། ཤིང་བཟོར་དགའ་བའི་རྒྱལ་སྲས། སོ་ནམ་པ་དང་རྒྱལ་

པོ་གཏུམ་པོ། རྒྱལ་པོ་རྐུ་ལ་ཕེབས་པ། གཡོག་མོའི་བུ་ཕྲུག ཕ་མ་ཁྲེལ་མེད་ཀྱི་ གཏམ་རྒྱུད། ཕ་སེམས་བུ་ཐོགས་དང་བུ་སེམས་རྡོ་ཐོགས། མ་གཡར་གྱི་གཏམ་ རྒྱུད་ཅེས་སོགས་ཀྱིས་མཚོན་ལ།

སྒྲུང་གི་མི་སྣ་སྲོག་ཆགས་ཡིན་པ་ལའང་སྲོག་ཆགས་སྣ་གཅིག་ཙམ་མིན་


178

ཉམས་ཞིབ་དེབ་ཕྲེང་། ༢

པར། སྤྱང་ཀི་དང་སྟག་ལྟ་བུ་གཅན་གཟན་གྱི་རིགས་དང་། རི་བོང་དང་ཤྭ་བ་ལྟ་བུ་

རི་དྭགས་ཀྱི་རིགས། ནེ་ཙོ་དང་ཕོ་རོག་ལྟ་བུ་སྡེར་ཆགས་ཀྱི་རིགས། ལུ་གུ་དང་ར་

མ་ལྟ་བུ་སྒོ་ཟོག་གི་རིགས། སྲིན་འབུ་མེ་འཁྱེར་ལྟ་བུ་འབུ་སྲིན་གྱི་རིགས་སོགས་ མང་སྟེ། དཔེར་ན། སྦལ་པ་དང་སྲས་མོའི་གཏམ་རྒྱུད་དང་། ཁྱི་དང་བྱི་ལའི་རྩོད་

གླེང་། སྲོག་ཆགས་རྣམས་ཀྱིས་བུ་མོ་བསྐྱབས་པ། བྱི་ལ་དང་སྦལ་པའི་གཏམ་

རྒྱུད། སྤྱང་གྲུང་འཛོམས་པའི་ལུ་གུ་དང་། རི་བོང་གིས་སྟག་བཏུལ་བ། སྤྱང་ཀི་ དང་ར་མའི་གཏམ་རྒྱུད། སེང་གེ་ནད་པ། ཁྭ་ཏ་དང་སྐྱ་ཀ་གཉིས་མིག་ཤེལ་འགྲན་

པ༑ བྱེའུ་མཆིལ་པ་དང་ཁུག་རྟ། རི་བོང་ཁ་ཤོ་ཡིན་པའི་གཏམ་རྒྱུད། ས་འབུ་ནག་

རིང་དང་སྲིན་འབུ་མེ་འཁྱེར་གྱི་གཏམ་རྒྱུད། ཁྭ་ཏ་ནག་པོར་གྱུར་པའི་གཏམ་རྒྱུད། པུ་ཤུད་ལྟག་རིང་ཁྲ་ཁྲ་རུ་གྱུར་པའི་གཏམ་རྒྱུད། ཤྭ་བོའི་རྭ་བརྗེ་བའི་གཏམ་རྒྱུད། ཕུག་རོན་དང་སྲེག་པ་གོང་མོ་གསུམ་གྱི་གཏམ་རྒྱུད་སོགས་སོ། །

མི་སྣ་ལྷ་ཡིན་པའི་རིགས་ལ་སྟེང་གི་ལྷ་དང་འོག་གི་ཀླུ་བཅས་རིགས་དགར་

རྒྱུ་ཡོད་ལ། དཔེར་ན། མནའ་མ་སྤྲེལ་གཟུགས་ཅན་གྱིས་དོ་བདག་བྱས་པ་ཞེས་པ་

དང་། བློ་སྣ་མང་བའི་མི། ཤིང་གི་ལྷ་མོ། གཡོག་པོས་རྒྱལ་ས་བཟུང་བ། མཚོ་ཁའི་ རྒྱལ་པོ་དང་མཚོ་ནང་གི་རྒྱལ་པོ་སོགས་ལྟ་བུ་ཡིན་ལ།

འདྲེ་སྒྲུང་གི་རིགས་སུ་གྱུར་པའི་མི་སྣ་ལ་འདྲེ་དང་། སྲིན་པོ། བདུད། གནོད་

སྦྱིན་སོགས་སུ་དབྱེ་རིགས་ལ། དཔེར་ན། སྤྲང་པོའི་བུས་གདོན་འདྲེ་མི་གཟན་

ལྟོགས་ཤིར་བཏང་བ་དང་། སྟ་རེ་ཆུང་ཆུང་། མ་བུ་གསུམ་དང་འདྲེ་མོ་ཞིག འདྲེ་ མོ་ལྕགས་ཀྱི་མཆུ་ཏོ། བུ་སྟག་སྐྱེས། བུ་ཆུང་རིག་རྒོད། འདྲེ་སྲིན་ར་མགོ་ཅན།

མིང་སྲིང་གསུམ། རྒྱལ་བོའི་སྲས་མོ་དང་རྔོན་པ། སྲོག་ཆགས་རྣམས་ཀྱིས་བུ་མོ་ བསྐྱབས་པ། ཉི་ཤར་རྒྱལ་པོའི་རྟ་རྫི་བུ་ཆུང་། གླེན་པས་སྲིན་པོ་བཏུལ་བ། བུད་


བོད་ཀྱི་བྱིས་པའི་རྩོམ་རིག

179

ཤིང་འཐུ་བའི་བྱིས་པ། ཨ་ཁུ་དོན་གྲུབ་ཀྱི་བུ་སོགས་མང་ངོ་། །

བྱ་དངོས་ལ་སྦྱར་བའི་སྒྲུང་གི་མི་སྣ་ལ་ཤིང་སྡོང་ལྟ་བུ་ནགས་རིགས་དང་།

ལ་ཕུག་ལྟ་བུ་ལོ་ཏོག་གི་རིགས། རྡོ་ལྟ་བུ་རང་བྱུང་གི་རིགས། ཐབ་ཀ་ལྟ་བུ་ཁྱིམ་ ཆས་ཀྱི་རིགས། མེ་མདའ་དང་མདའ་གཞུ་ལྟ་བུ་མཚོན་ཆས་རིགས་སོགས་ཏེ།

དཔེར་ན། རྒད་པོ་འདོད་རྔམ་ཅན་དང་། ལ་ཕུག རྡོ་སེང་གེས་ཁ་གདངས་པ། ཐབ་ ཀའི་ལོ་རྒྱུས། མེ་མདའ་དང་མདའ་གཞུའི་གཏམ་རྒྱུད་བཅས་སོ། ། ༢། བྱིས་སྒྲུང་གི་གྱ་ནོམ་པའི་བརྗོད་བྱའི་སྐོར།

མི་མང་པོ་ཞིག་གི་སེམས་པར་བྱིས་སྒྲུང་ནི་མི་མང་གི་ངག་རྒྱུན་ལས་བྱུང་བ་

དང་རིང་ཐུང་གི་ཐད་ནས་རྩོམ་རིག་བརྩམས་ཆོས་གཞན་ལས་ཐུང་བས་བྱུང་རིམ་

ལ་སྣེ་མང་རྙོག་འཛིང་གི་ཆ་རྐྱེན་མི་ལྡན་པར་མ་ཟད། བརྗོད་བྱ་ཡང་རྒྱ་མི་ཆེ་ཞིང་ གཏིང་མི་ཟབ་པ་ཞིག་ཏུ་འདོད་པས། བྱིས་སྒྲུང་ནི་དོ་སྣང་བྱེད་རིན་མེད་པ་ཞིག་ཏུ་

བརྩི་བ་རེད་མོད། བོད་ཀྱི་སྲིད་པའི་བྱིས་སྒྲུང་གི་བརྗོད་བྱ་ནི་དེ་འདྲ་ཞིག་གཏན་ ནས་མིན་པར། རྒྱ་ཆེ་ལ་གཏིང་ཟབ་པའི་ཁྱད་ཆོས་ཀུན་ནས་འཛོམས་པ་ཞིག་

སྟེ༑ སྒྲུང་གི་བརྗོད་བྱ་མིའི་རིགས་ཀྱི་འཚོ་བའི་རྣམ་པ་ཇི་མ་ཇི་བཞིན་དུ་བཀོད་པ་ དངོས་ཡོད་ཅན་གྱི་རིགས་དང་། སྲོག་ཆགས་དང་ཅ་དངོས་ཀྱི་སྟེང་དུ་སྒྲོ་འདོགས་

དང་རྟོག་བཏགས་བཅས་ཀྱིས་དངོས་ཡོད་མ་ཡིན་པའི་རིགས་སྣ་ཚོགས་སུ་ཡོད་ ལ༑ དེ་དག་ཀྱང་ཕྱིའི་རྣམ་པ་ཙམ་མིན་པར་ནང་སྙིང་སྲོག་གི་དབང་བོ་བླ་ལྷག་ གིས་རྒོད་པ་ཞིག་སྟེ། བྱིས་སྒྲུང་གི་བརྗོད་བྱའི་རིགས་ལ་བྱིས་པ་དག་གི་མི་ཚེ་

ཡི་རྨང་རྡོ་ལྟ་བུའི་བསླབ་བྱ་གསེར་ནག་གིས་མི་ཁུག་པ་དང་། འཇིག་རྟེན་ཕྱི་ནང་

ཤེས་བྱའི་མཛོད་དུ་གཏམས་པ། རྩེད་འཇོའི་སྣང་བ་གནམ་ས་ལ་མི་ཤོང་བ་བཅས་


180

ཉམས་ཞིབ་དེབ་ཕྲེང་། ༢

ཀྱིས་ཕྱུག་ཡོད།

དེ་ཡང་བྱིས་སྒྲུང་གི་བརྗོད་བྱ་ལ་བསླབ་བྱའི་རིན་ཐང་ལྡན་པ་ནི། སྤྱིར་རྒན་

པ་ལ་བཀུར་སྟི་དང་བྱམས་སྐྱོང་བྱེད་དགོས་པ་དང་། ལྷག་པར་རང་རང་གི་དྲིན་ ཆེན་གྱི་ཕ་མ་ལ་གཅེས་སྐྱོང་དང་དྲིན་གཟོ་བྱེད་དགོས་པ་མ་ཟད། ཐ་ན་རང་ཁྱིམ་

དང་སྒོ་ཕྱི་ནང་གི་སྒོ་ཁྱི་དང་ཞོན་རྟ། སྒོ་ཟོག་སོགས་དཔེ་རུ་བགྲང་སྟེ་སྲོག་ཆགས་ ཀུན་ལ་བྱམས་པ་དང་སྙིང་རྗེ་བྱེད་དགོས་པ་ལས་ང་རྒྱལ་དང་ཁེངས་དྲེགས། ཁོང་

ཁྲོ ་ སོ ག ས་ཀྱི ས ་ཉམ་ཆུང་ལ་བརྙས་བཅོ ས ་དང་གནོ ད ་པ་བྱེ ད ་མི ་ འོ ས ་པར་ཡ་ རབས་དང་སེམས་བཟང་བྱེད་དགོས་པའི་བསླབ་བྱ་ཡོད་པ། བྱ་བ་སྒྲུབ་སྐབས་

ཧོལ་རྒྱུག་མི་བྱེད་པར་འདང་ཞིབ་མོ་བརྒྱག་དགོས་པ་དང་། བརྩོན་འགྲུས་བསྐྱེད་

དགོས་པ། ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བ་དང་བློ་རིག་ཆུང་ངུ་ཞིག་ གིས་འདོད་རྔམ་ཆེན་པོས་སྐབས་འཚོལ་གླགས་འཚོལ་བྱས་ནས་ལེགས་འགྲུབ་

ཡོང་བའི་རེ་བ་བྱེད་མི་ཉན་པ་དང་། གཡོ་སྒྱུ་ཁྲམ་གསུམ་སོགས་བྱེད་མི་ཉན་པ། རང་ཉིད་གཞན་གྱི་མགོ་སྐོར་འོག་ཏུ་འཚུད་དུ་འཇུག་མི་ཉན་པ་བཅས་ཀྱི་བསླབ་བྱ་ ཡོད་པ། གྲོགས་པོ་ཞིག་ལ་མཚོན་ནའང་སྡུག་དུས་སྡུག་གྲོགས་དང་སྐྱིད་དུས་སྐྱིད་

གྲོགས་ཀྱི་མཛའ་བརྩེ་ལྷད་མེད་ངང་ཕན་ཚུན་ལ་བློ་དཀར་ཞིང་ཕན་སེམས་ཀྱིས་

ཀུན་ནས་བསླངས་ཏེ་རོགས་འདེགས་བྱེད་རེས་བྱེད་དགོས་པ། དབུལ་ཕྱུག་དང་

མཐོ་དམན་གྱི་ངོ་རྟགས་ལ་མི་ལྟ་བར་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་

གིས་བློ་གཏད་དང་གཞུང་དྲང་གི་གྲོགས་བློས་ཐུབ་ཅིག་བྱེད་དགོས་པའི་བསླབ་ བྱ་ཡོད་པ། བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་སྟབས།

བྱིས་སྒྲུང་

གི་བརྗོད་བྱ་ལའང་དགེ་བ་ཆུང་ཡང་བསྒྲུབ་དགོས་པ་དང་སྡིག་པ་ཆུང་ཡང་སྤང་

དགོས་པའི་དཀར་པོ་ཆོས་ཀྱི་བསླབ་བྱའང་ལྡན་ཞིང་། གོང་གི་བསླབ་བྱ་གསེར་


བོད་ཀྱི་བྱིས་པའི་རྩོམ་རིག

181

རི་ལྟ་བུའི་ཁུར་གྱིས་ནོན་པའི་བྱིས་སྒྲུང་འགའ་ཞིག་གི་མིང་ཙམ་དཀྱུས་གཅིག་ཏུ་

དྲངས་ན། བྱིས་སྒྲུང་ལས་རྒྱུ་འབྲས་དང་། བསམ་དཀར་དང་བསམ་ནག སྡུག་གི་

ཁུར་བོ་དང་སྐྱིད་ཀྱི་རྟ་ཕོ། རྔོན་པ་ལེ་ལོ་ཅན། རྒང་ཕྲུག་ཚེ་རིང་དོན་གྲུབ། རྒད་པོ་ འདོད་རྔམ་ཅན། རྟ་རྫི་ལུང་རྟོགས་གྲགས་པ། རྒྱལ་པོའི་སྲས་མོ་དང་རྔོན་པ། གཡོ་

ཅན་སྤྱང་ཀི་བསད་པའི་གཏམ་རྒྱུད། མི་བོ་ཆེ་དང་ལུག་རྫི་ལབ་རྐྱལ། རིག་རྒོད་ རིག་འཛིན་རྡོ་རྗེ། བསམ་ངན་ཅན་གྱི་རི་བོང་སོགས་སྒྲུང་མང་ལ།

སྒྲུང་ལ་བྱིས་པ་རྣམས་ཀྱིས་ཤེས་དགོས་པའི་དོན་ཞིག་ཁ་གསལ་གཏིང་

གསལ་སྒོས་སློབ་པའི་ཁྱད་ཆོས་ལྡན་པ་ནི། བོད་དུ་གནའ་སྔ་མོ་བྱིས་པ་སློབ་གྲྭར་

བསྐྱལ་ཏེ་ཤེས་བྱ་ཡོན་ཏན་སློབ་པའི་ཆ་རྐྱེན་མི་ལྡན་ཡང་། རྒན་རབས་པ་རྣམས་ ཀྱི་ངག་ན་བྱིས་པ་ཚོས་སློབ་མི་ཚར་བའི་བྱིས་སྒྲུང་སྣ་མང་ཕུན་སུམ་ཚོགས་པ་

ཞིག་ཡོད་པ་ཡིན་ལ། དེ་ཡང་ཕ་མ་ཚོས་དགོང་མོ་ཉལ་སའི་ནང་བྱིས་པ་རྣམས་ གཉིད་ལ་མ་ཤོར་བར་དུ་སྒྲུང་བཤད་དེ་འདུག་པ་ནི་བྱིས་པ་ཚོར་མཚོན་ན་རྩྭ་རྩི་

ཤིང་དང་རི་ཆུ་ལུང་གསུམ། རང་བྱུང་འབྱུང་བ་སོགས་རང་བྱུང་ཁམས་ཀྱི་སྐྱེ་ དངོས་དང་སྣང་བརྙན་ཅི་རིགས། མི་དང་སྲོག་ཆགས་གཞན་དང་གཞན། མིས་

བཟོས་ཅ་དངོས་སྣ་ཚོགས་ཀྱི་རང་བཞིན་དང་འབྲེལ་བ། རིན་ཐང་སོགས་སློབ་ པའི་སློབ་ཐུན་ཞིག་དང་ཁྱད་པར་གང་ཡང་མེད་པ་ཞིག་ཡིན། དཔེར་ན། བྱིས་སྒྲུང་

<<ལོ་སྐོར་བཅུ་གཉིས་ནང་བྱི་ལ་མེད་པའི་རྒྱུ་མཚན་ཅི>>ཞེས་པ་ལ་མཚོན་ན། གནའ་དུས་ཀྱི་ལོ་ཞིག་གི་ལོ་མཇུག་ཏུ། ལྷས་སྲོག་ཆགས་ཡོངས་ལ་བཀའ་བསྩལ་ ཏེ་ཟླ་དང་པོའི་ཚེས་གཅིག་གི་ཞོགས་པར་བདག་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བར་ ཡོང་དགོས་ཤིང་། སུ་ཐོན་པ་སྔ་ན་དེ་ནས་འགོ་བཙུགས་ཏེ་རེ་རེ་བཞིན་ལོ་རེའི་

སྲོག་ཆགས་ཀྱི་རྒྱལ་པོར་བསྐོ་བ་ཡིན་ཞེས་གསུངས། སྲོག་ཆགས་རྣམས་ཀྱིས་


182

ཉམས་ཞིབ་དེབ་ཕྲེང་། ༢

ཨང་དང་པོར་སླེབས་འདོད་ཀྱིས་ཉིན་དེ་སླེབས་པར་རེ་སྒུག་བྱས། བྱི་ལས་ཉིན་དེ་ བརྗེད་པས་བྱི་བ་ཡོད་སར་འདྲི་བར་སོང་ཡང་། བྱི་བས་རང་ལ་འགྲན་ཡ་གཅིག་ཇེ་ ཉུང་དུ་འགྲོ་ཐུབ་པར་སྙམ་ནས་ཚེས་གཉིས་ཉིན་འགྲོ་དགོས་པར་བཤད།

གནམ་གང་གི་དུས་དེ་དེ་མ་ཉིད་དུ་སླེབས། ཕྱི་ཉིན་གྱི་ཉི་མ་ཤར་བ་ན་ཚེས་

གཅིག་ཡིན། གླང་རྒན་ནམ་མ་ལང་གོང་དུ་ལམ་ལ་ཆས། བྱི་བས་གླང་རྒན་ཉལ་

སའི་ར་བའི་ནང་ལྐོག་ལྟ་བྱས་ཏེ་གླང་རྒན་ལམ་ལ་ཆས་པར་བརྩམས་པ་ན་བྱི་བ་

མཆོང་ཐེངས་གཅིག་གིས་གླང་རྒན་གྱི་རྒྱབ་ཏུ་བབས། བྱི་བ་ཆུང་ཞིང་ཡང་བས་ གླང་རྒན་གྱི ས ་རང་གི ་ རྒྱབ་ཏུ་ཡོ ད ་པ་མ་ཤེ ས ། ཕོ ་ བྲང་དུ་སླེ བ ས་དུས་ད་དུང་

སུའང་ཐོན་མེད། ད་ནི་བདག་ཉིད་ལ་རྒྱལ་པོ་ཨང་དང་པོ་ཐོབ་པ་ཐག་གིས་ཆོད་ སོང་སྙམ། ཅང་མ་འགོར་བར་ཙིར་ཟེར་བའི་སྒྲ་དང་བཅས་སྒོ་ཡངས་པར་ཕྱེས།

དེ་དུས་བྱི་བ་ནི་གླང་རྒན་གྱི་རྒྱབ་ནས་སར་མཆོང་སྟེ་བདེ་ཅག་འཁྱུག་པོའི་ངང་

ལྷའི་མདུན་དུ་བཅར། གླང་རྒན་བྱི་བའི་རྗེས་སུ་བསྙེགས་མོད། བདེ་མྱུར་ཅན་གྱི་ བྱི་བའི་རྗེས་མ་ཟིན།

དེ་བས་བྱི་བ་དང་པོ་དང་གླང་རྒན་གཉིས་པ། རིམ་བཞིན་སྲོག་ཆགས་གཞན་

པ་རྣམས་ཀྱང་གཅི ག ་རྗེ ས ་གཉི ས ་མཐུད་དུ་སླེ བ ས་པའི ་ གོ ་ རི མ ་ལྟར་སྟག་དང་ ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་བཅས་ལོ་རེ་རེར་སྲོག་ཆགས་ ཀྱི་རྒྱལ་པོར་རེས་མོས་སུ་བསྡད།

ཚེས་གཉིས་ཀྱི་ཞོགས་པར་བྱི་ལའང་ཕོ་བྲང་དུ་སླེབས། སྒོ་སྲུང་གིས་སྐད་

ཆེ ན ་པོ ས ་ཟླ་དང་པོ འི ་ ཚེ ས ་གཅི ག ་ཉི ན ་ཡོ ང ་དགོ ས ་ཟེ ར ་བ་ལས་ཚེ ས ་གཉི ས ་

ལ་སུས་ཤོག་ཟེར་བ་ཡིན། ཁྱོད་ཕྱིར་སོང་ནས་ཞལ་གདོང་གཙང་མར་བཀྲུས་


བོད་ཀྱི་བྱིས་པའི་རྩོམ་རིག

183

རྗེས་ད་གཟོད་ཤོག་ཅེས་སྡིགས་གཏམ་བཏང་། ཕྱིར་ལོག་རྗེས་བྱི་ལ་ཁོང་ཁྲོ་མེ་ ལྟར་འབར་ནས་བྱི་བ་དགྲ་ཡི་དྭངས་མར་བཟུང་། གང་ལྟར་ད་ལྟའི་དུས་འདིར་ད་

དུང་དགྲ་ཟླར་ལངས་ཡོད། བྱི་ལས་ཀྱང་ནམ་ཞིག་ལྷས་ཡང་བསྐྱར་རྒྱལ་པོ་བསྐོ་

འཇོ ག ་བྱས་ཏེ ་ ཁོ ་ རང་ཡང་སྲོ ག ་ཆགས་བཅུ་གཉི ས ་པོ ་ དེ འི་ གྲལ་ལ་ཞུགས་སུ་

འཇུག་པར་རེ་ནས། ལྷས་བཀའ་བསྩལ་བ་ཇི་བཞིན་ཉིན་མཚན་དུས་དྲུག་ལ་ཞལ་ གདོང་ལེགས་པོར་བཀྲུ་བཞིན་ཡོད།ཅེས་པ་ལྟར།

སྤྱིར་སྒྲུང་འདིའི་མི་སྣ་ལྷ་དང་སྲོག་ཆགས་ཀྱིས་གྲུབ་ཡོད་པ་དང་བརྗོད་བྱ་

ཧྲིལ་བོ་རྟོག་བཟོ་བྱས་པའི་ལྷ་སྒྲུང་ལྟ་བུ་ཞིག་ཡིན་ཡང་། སྒྲུང་འདི་བརྒྱུད་ནས་

བྱིས་པ་ཚོས་ལོ་སྐོར་བཅུ་གཉིས་གང་དང་གང་ཡིན་པ་སྦྱོང་ཐུབ་པ་མ་ཟད། བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་བཅས་ལོ་རྟགས་

བཅུ་གཉིས་ཀྱི་རིམ་པ་ཇི་ལྟར་བརྩི་དགོས་པའི་གོ་རིམ་ཡང་གསལ་བོར་ཤེས་ཐུབ་ པ་དང་། ད་དུང་ཞོར་དུ་རྫུན་བཤད་པའི་ཉེས་དམིགས། བག་ཡོད་ཞི་དུལ་གྱི་ཀུན་ སྤྱོད་མཛུབ་ཁྲིད། གཙང་སྦྲའི་མཛུབ་སྟོན་བཅས་ཀྱི་སློབ་གསོའི་ནང་དོན་རྒྱ་ཆེན་པོ་ འཛོམས་པར་བྱས་ཡོད་པས་མཚོན་ནོ། །

བྱིས་སྒྲུང་གི་བརྗོད་བྱ་ལ་རོལ་རྩེད་དང་རྩེ་དགའ་ཡི་རོ་དང་ལྡན་པ་ནི། སྤྱིར་

བྱིས་པ་ནི་རྩེད་རའི་ཁྲོད་ནས་ནར་སོན་གྱིན་ཡོད་ལ། དེ་ནི་མིའི་མི་ཚེའི་གོ་རིམ་ ངེས་གཏན་ཞིག་དང་མི་ཡི་བྱིས་དུས་ཀྱི་ལོ་ན་དང་སེམས་ཁམས། བློ་རིག་བཅས་ ཀྱི་བབ་དང་བསྟུན་པའི་དགོས་མཁོ་ཞིག་ཀྱང་ཡིན་ཏེ། རྩེད་རའི་ཁྲོད་ནས་བྱིས་པ་ ཚོའི་ལུས་ལ་རྩལ་རྫོགས་པ་དང་བློ་རིག་པ་འཕེལ་ཞིང་རྒྱས་པ་རེད། བྱིས་པ་ཚོས་ འཇིག་རྟེན་ཕྱི་ནང་གི་བགྲོད་པ་ཡངས་པོ་དེ་ཡི་གོམ་པ་ཐོག་མའང་རྩེད་རའི་ནང་ ནས་འགོ་བཙུགས་ཏེ་སྤོས་པ་ཡིན་པས། བྱིས་སྒྲུང་ཡང་མདོར་ན་རྩེད་འཇོ་ཡི་བག་


184

ཉམས་ཞིབ་དེབ་ཕྲེང་། ༢

དང་ལྡན་པའི་སྔ་མོའི་བོད་ཀྱི་ཁྱིམ་སྒོ་རེ་རེའི་ཕྱི་ནང་གི་རྩེད་ར་ཆེས་ཆེ་བ་རེ་ཡིན་ ཏེ༑ དཔེར་ན། 32<<རྐུས་ཕུད་པ>>ཞེས་པའི་བྱིས་སྒྲུང་ལ་མཚོན་ན།

སྔོན་ཞིག་ལ་བཟའ་ཟླ་གཉིས་ཡོད་ཅིང་། ཆུང་མ་དེའི་ལག་མི་གཙང་བས།

ཉིན་ཞིག་ཁོ་གཉིས་ཀྱིས་ནང་ཁྲོལ་ཉོས་ཡོད་པའི་ནང་གི་གཡས་རྒྱུ་(གྲོ་ཕྱེ་དང་ཤ་ འཐག་སྟེ་བརྒྱངས་པའི་རྒྱུ་མ་ལ་ཟེར)སྦོམ་པོ་སུ་ཡིས་བརྐུས་པ་མ་ཤེས་པར་བརླག ཕྱི་ཉིན་

སྐྱེས་པ་ཞིང་ཁར་ལོག་རྒྱག་(རྨོ་སློག་རྒྱག)ཏུ་སོང་ནས་རྨོན་དོར་དང་གཤོལ་ཞིང་ཁར་ བསྐྱུར་ཏེ་ཕྱིར་ཡོང་ནས་དཀར་ཁུང་ནང་ནས་བལྟས་བསྡད་པ་ན། ཆུང་མས་ཐོག་ མར་ཇ་བསྐོལ། མེ་འབུད་ཞོར་གཡས་རྒྱུ་བླངས་ནས་ཟོས། དེ་ནས་མར་ཁུ་ཚུར་

འདྲ་བ་ཞིག་འཕངས་ནས་ཕྱེ་མར་ཟོས། དེ་ནས་ཞོ་དཀར་ཡོལ་གང་འཐུང་རྗེས་ཇ་

དེམ་ནང་ལ་ཇ་བཅུས་པས། སྐྱེས་པས་རང་ལ་ཇ་འཁྱེར་རྒྱུ་ཡིན་པ་ཤེས་ནས་མྱུར་ མོར་ཞིང་ཁར་སོང་ནས་ལོག་རྒྱག་བཞིན་བསྡད།

ཆུང་མ་ཞིང་ཁར་འབྱོར་ཏེ་ཁོ་ལ། ཁྱོད་ད་ནངས་ནས་སོང་ཏེ་ད་དུང་ལོག་འདི་

ལས་བརྒྱབ་མེད་དམ་ཟེར་ནས་གཤེ་གཤེ་བཏང་། སྐྱེས་པས། ང་ད་ནངས་ཡོང་ ནས་ལོག་བརྒྱབ་པ་ན་ཧྲོའུ་ནང་(སློག་བརྒྱབ་ཤུལ)ནས་སྦྲུལ་ཁྱོད་ཀྱི་ལག་གི་གཡས་ སྦོམ་པོ་དེ་འདྲ་བ་ཞིག་ཉལ་ནས་འགུལ་ཁ་མ་ཉན་པས། ངས་པོ་ཐོ་ཁྱོད་ཀྱི་ཕྱེ་མར་

ཁུ་ཚུར་དང་འདྲ་བ་ཞིག་གིས་བརྒྱབ་པ་ན། དེའི་ཀླད་པའི་ནང་ནས་ཁྱོད་ཀྱི་དཀར་

ཡོལ་ནང་གི་ཞོ་འདྲ་བ་ཞིག་འཕྱུར་ཡོང་ཐལ་ཞེས་བཤད་པས། ཆུང་མས་ངོ་དམར་ པོར་གྱུར་ནས་མགོ་སྨད་དེ་བསྡད་དོ། །

ཆུང་མས་ནང་རྐུན་བྱས་པ་དང་ལྐོག་ཟས་ཟ་བ་དེ་ལྟ་བུ་ལྐོག་ནས་ངོ་ཚ་ཁྲེལ་

32 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། རྡོ་རྗེ་སྐྱིད། ཤ་བོ་བཙུན་ཐར། ཚེ་དབང་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༥༣༠


བོད་ཀྱི་བྱིས་པའི་རྩོམ་རིག

185

མེད་ཀྱི་བྱ་བ་བྱས་པ་དེ་ཁྱོ་གས་མིག་གིས་མཐོང་ཞིང་། ཁྱོ་བོས་བློ་རིག་གི་རྩལ་ལ་ བརྟེན་ནས་ཆུང་མའི་སྤྱོད་ངན་ཕྱིར་བཏོན་པའི་རྣམ་པ་ཧ་ཅང་དགོད་བྲོ་བའི་གཏམ་ རྒྱུད་ཅིག་བཤད་འདུག་པ་དང་།

ཡང་བྱིས་སྒྲུང་33<<གྱོལ་བོ་དང་ཞ་ར་གཉིས་རྐུ་ལ་སོང་བ>>ཞེས་པ་ནི།

གནའ་སྔ་མོ་ཞིག་ལ། ཞ་ར་ཞིག་དང་གྱོལ་བོ་ཞིག་ཡོད། ཉིན་ཞིག་གྱོལ་

བོས་བཤད་རྒྱུར། འུ་གཉིས་ཨ་ཁུ་རྒྱལ་པོ་ཚང་ལ་དོང་ཙེ་བརྐུ་བར་འགྲོ་ཟེར་བས་ ཞ་རས་ངའི་མིག་གིས་མི་རིག་པས་ང་ཇི་ལྟར་འགྲོ་ཟེར། གྱོལ་བོས་སྐྱོན་མེད་ངས་

ལམ་སྟོན། འུ་གཉིས་འགྲོ་ཟེར་ནས་ཁོ་གཉིས་ཨ་ཁུ་རྒྱལ་པོ་ཚང་ལ་རྐུ་བྱེད་དུ་

སོང་། མཛོད་ཁང་ནང་ནས་ཞ་ར་ལ་སྒྱེ་ཁ་བཟུང་དུ་བཅུག་ནས་གྱོལ་བོས་སྒྱེ་ནང་

དུ་དོང་ཙེ་བླུགས། དོང་ཙེ་ཆོན་ཞིག་ཡོད་ག་ཞེས་བཤད་པས་གྱོལ་བོས་ཁ་རོག་ སྡོད་ཟེར་ནས་ཁོ་ལ་འགྲམ་ལྕག་གཅིག་གཞུས། ཞ་རས་སྐད་ཆེན་པོས་ཅི་རེད།

སྒྱེ་ཁ་བཟུང་ཕྱོགས་མི་འགྲིག་གམ་ཞེས་བཤད་པས་རྒྱལ་བོ་ཚང་གིས་ཤེས་ནས་ རྒྱུགས་འོང་བས་གྱོལ་བོས་རིག་ནས་བྲོས་སོང་། ཨ་ཁུ་རྒྱལ་པོ་ཚང་གིས་ཞ་རས་ སྐེ་ལ་ལྕགས་ཐག་བསྐོན་པ་ན་ཞ་རས་ད་དུང་དོང་ཙེ་ཆོན་ཞིག་ཡོད་དམ་ཟེར་བས་

ཁོ་ལ་འགྲམ་ལྕག་གཅིག་གཞུས་པ་ན། ཁོས་སྒྱེ་ཁ་བཟུང་ཕྱོགས་མ་འགྲིག་ནི་མིན་ ན་ཞེས་བཤད་དོ། །

འདི་ལྟ་བུས་ཞ་ར་དང་གྱོལ་བོ་གཉིས་རྐུན་ལ་སོང་བ་དང་། ཞ་རས་མིག་

གིས་མ་མཐོང་བ་ལ་བརྟེན་ནས་ཁ་ནས་གང་བྱུང་ལབ་པའི་དགོད་བྲོ་བའི་བྱ་སྤྱོད་

ཅིག་མིག་མདུན་དུ་འཆར་བར་བྱས་ཏེ། གཏམ་རྒྱུད་ཧྲིལ་བོ་འཛུམ་དམུལ་དམུལ་ 33 རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ། གཏམ་རྒྱུད། རྡོ་རྗེ་སྐྱིད། ཤ་བོ་བཙུན་ཐར། ཚེ་དབང་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༥༣༥


186

ཉམས་ཞིབ་དེབ་ཕྲེང་། ༢

གྱིས་ཉན་དགོས་པར་བྱས་པ་བཅས། བྱིས་སྒྲུང་གི་དགོད་བྲོ་བའི་རང་བཞིན་ནི་ བྱིས་སྒྲུང་ཞིག་གི་འགོ་བར་མཇུག་གསུམ་དང་། ཕྱི་ནང་ཀུན་ལ་སིམ་སྟེ་ཡོད་པའི་ རོ་བྲོ་ཟད་མི་ཤེས་པ་ཞིག་ཡིན་ནོ། །

༣། བྱིས་སྒྲུང་གི་ཐབས་འཕྲུལ་སྐོར་བརྗོད་པ།

བྱིས་སྒྲུང་ནི་ཡབ་མེས་གོང་མ་དག་གིས་གང་དྲན་དྲན་དང་གང་འདོད་འདོད་

ངག་ནས་བླ་རྡོལ་གྱིས་བཤད་པ་ཞིག་མིན་པར། ཁོང་ཅག་གིས་ཤ་རྡོག་རེ་རེ་

བཞིན་མི་རུ་བཟོས་པའི་ལོ་རྒྱུས་ཀྱི་ཐོན་དངོས་ཡིན་ལ། དེ་ཡང་བྱིས་པའི་འཚོ་ བའི་གནས་བབ་དང་བསམ་གཞིག་བྱེད་སྟངས། དགའ་ཕྱོགས། གཤིས་ཀ མཛེས་

དཔྱོད་བློ་མིག་སོགས་ནང་སེམས་ཀྱི་ཟུར་ངོས་མང་པོ་ཞིག་ལ་ལྟོས་ཤིང་བསྟུན་ པའི་སྒོ་ནས་མི་རབས་མང་པོའི་རིང་ངག་ཐོག་ཁོ་ན་བརྒྱུད་དེ་བརྩམས་པ་ཡིན་

པས། བྱིས་པའི་མཚར་འཛིན་དང་རེ་དོགས། དྭངས་གཙང་བཅས་ཀྱི་བློ་རིག་གི་

ཁྱད་ཆོས་དང་སྒོ་ཀུན་ནས་མཐུན་སླད་བྱིས་སྒྲུང་གི་རྣམ་པའི་ཐད་ནས་ཀྱང་ཐབས་ འཕྲུལ་མང་པོ་ཞིག་གི་རྒྱ་རུ་བཅིངས་ཡོད།

བྱིས་སྒྲུང་གི་ཕྱིའི་ཐབས་འཕྲུལ་གྱི་ཐད་ནས་བྱིས་སྒྲུང་མང་པོ་བཀླགས་པ་

དང་གོ་བའམ། བྱིས་སྒྲུང་མང་པོ་ལ་དོ་སྣང་དང་རྩོམ་སྒྲིག ཉམས་ཞིབ་སོགས་ཀྱི་

ལས་ཀ་བསྒྲུབས་མྱོང་མཁན་ཞིག་ཡིན་ཕྱིན་རིམ་པ་ཐོག་མར་མཐོང་ཡོང་བ་ནི་མི་

སྣ་ཡིན་ལ། བྱིས་སྒྲུང་གི་མི་སྣ་ནི་མི་རྒན་པའི་སྒྲུང་གི་མི་སྣ་དང་མི་འདྲ་བར་མི་ཁོ་

ན་ཙམ་མ་ཡིན་པར་སྲོག་ཆགས་གཞན་ཡང་ཡོད་ཅིང་། མི་དང་སྲོག་ཆགས་གཉིས་

ཙམ་ཡང་མིན་པར་ལྷ་དང་འདྲེ། དེ་དག་གི་རིགས་འདྲ་མིན་ཅི་རིགས་ཡོད་ལ། ད་ དུང་རང་བྱུང་གི་སྐྱེ་དངོས་དང་མིས་བཟོས་ཅ་དངོས་ཆེ་ཆུང་སྣ་ཚོགས་ཡོད། དེ་


བོད་ཀྱི་བྱིས་པའི་རྩོམ་རིག

187

ཡང་བྱིས་སྒྲུང་གཅིག་གི་ནང་དུ་མི་སྣ་མི་ཁོ་ན་ཡིན་པ་དང་སྲོག་ཆགས་ཁོ་ན་ཡིན་ པའི་སྒྲུང་ལས་གཞན་མི་སྣ་ལྷ་དང་འདྲེ། སྐྱེ་དངོས་དང་ཅ་དངོས་སོགས་ཁོ་ན་ཡིས་

གྲུབ་པའི་སྒྲུང་རྙེད་དཀའ་ཞིང་། མི་སྣ་དེ་དག་ནི་མཉམ་བསྲེས་ཅན་ཡིན་ཏེ། དཔེར་

ན༑ དབུལ་བོ་དང་ཕྱུག་པོའི་སྒྲུང་། སྲོག་ཆགས་མི་གཤིས་ཅན་གྱི་སྒྲུང་། ལྷ་དང་མི་ ལ་སྦྱར་བའི་སྒྲུང་། ལྷ་དང་མི། སྲོག་ཆགས་གསུམ་ལ་སྦྱར་བའི་སྒྲུང་། སྲོག་ཆགས་

དང་མི་གཉིས་ཀ་ཡོད་པའི་སྒྲུང་། ལྷ་འདྲེ་གཉིས་ལ་སྦྱར་བའི་སྒྲུང་། ཅ་དངོས་ཀྱི་ བྱུང་འཕེལ་བརྗོད་པའི་སྒྲུང་། ཤིང་སྡོང་ལ་སྦྱར་བའི་སྒྲུང་། ལྷ་དང་སྲོག་ཆགས་

གཉིས་ལ་སྦྱར་བའི་སྒྲུང་། འདྲེ་དང་མི། སྲོག་ཆགས། ལྷ་བཅས་བཞི་ལ་སྦྱར་བའི་ སྒྲུང་ལྟ་བུ་བཅས་མི་སྣའི་སྣ་འཛོམས་ཀྱི་ཁྱད་ཆོས་ཡོད་པ་ཡིན་ལ།

བྱིས་སྒྲུང་གི་ཐབས་འཕྲུལ་གཞན་ཞིག་ནི་སྲོག་ཆགས་དང་ཅ་དངོས་སོགས་

མི་སྣ་རུ་བྱས་ཏེ། དེ་དག་ལ་མི་ཡི་འགྲོ་འཆག་ཉལ་འདུག་གི་རྣམ་འགྱུར་དང་དགའ་

སྐྱོ་ཆགས་སྡང་གི ་ ཉམས་ཐོ ན ་པར་བྱས་ནས་མི ་ གཤི ས ་ཅན་དུ་བསྒྱུར་ཡོ ད ་པ་

དེ་ཡིན་ལ། སྒྲུང་འདི་དག་གི་མི་སྣ་དག་གི་ཕྱིའི་རྣམ་པ་ཙམ་སྲོག་ཆགས་དང་ཅ་ དངོས་ཡིན་པ་ཙམ་མ་གཏོགས། སྐད་ཆ་བཤད་སྟངས་དང་ནང་དོན་བཅས་མི་སྐད་

ཡིན་ལ། བྱ་བྱེད་དང་སྤྱོད་ལམ། སེམས་ལ་དྲན་སྟངས་དང་བློ་ལ་འཆར་ཚུལ། ཡིད་

ལ་སྒོམ་སྟངས་དང་འཚོ་བ་རོལ་སྟངས་སོགས་མི་དང་ཁྱད་པར་སྤུ་ཙམ་ཡང་མེད་ པར་བྱས་ཡོད། སྒྲུང་གི་བྱུང་རིམ་མཐར་འདེད་ཀྱི་ནུས་པ་གཙོ་བོ་རུ་གྱུར་པའི་དོན་

རྐྱེན་དེའང་མི་དོན་ཡིན་པ་དང་། སྒྲུང་གི་ཁོར་ཡུག་གི་ཐད་ནས་རང་བྱུང་ཁོར་ཡུག་ ཡིན་ཡང་མི་དང་ཁ་ཐག་ཉེ་བའམ་མི་དང་འབྲེལ་ཡོད་ཀྱི་རི་ལུང་དང་གཙང་པོ། རྩྭ་

ཐང་དང་བགྲོད་ལམ། ནགས་ཚལ་སོགས་དྲངས་པ་དང་། སྤྱི་ཚོགས་ཁོར་ཡུག་

ལའང་མིའི་ཁང་ཁྱིམ་ཕྱི་ནང་དང་དངོས་ཟོག་གི་བར་གསེང་སོགས་བཀོད་ཡོད་པ་


188

ཉམས་ཞིབ་དེབ་ཕྲེང་། ༢

དཔེར་ན། <<རི་བོང་དང་རུས་སྦལ>>ཞེས་པ་ལས་ཅུང་ཙམ་ཤེས་ཐུབ་སྟེ།

སྔོན་རི་བོ་ཞིག་ན་རི་བོང་ཞིག་དང་རུས་སྦལ་ཞིག་གནས་ཡོད་པ་རེད། ཉིན་

ཞིག་ཁོ་གཉིས་རི་རྩེར་ལྟད་མོ་བལྟ་བར་ཆས། ཉིན་དེར་ནམ་མཁའ་ནི་མཚོ་ལྟར་ དྭངས་ལ། རི་ཡི་སྟོད་དུ་ཤིང་སྡོང་དང་སིལ་སྡོང་སྣ་ཚོགས་སྐྱེས་པ་དང་། རི་སྐེད་

དུ་རྩི་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། དེའི་ཤོད་ན་མཚོ་དང་མཚེའུ་མང་བོ་སྔོ་ འཁྱིལ་ལེར་ཁྱབ་འདུག་པས། ས་ཆ་ནི་ཧ་ཅང་ཡིད་དུ་འོང་བ་དང་ལྟ་ན་སྡུག་པ་ཞིག་

ཡིན་ཕྱིན། རི་བོང་གིས་བལྟས་ཀྱིན་བལྟས་ཀྱིན་མྱོས་སེམས་སྐྱེས་ཏེ། ཀྱེ་མ། ས་ཆ་

འདི་འདྲ་བཟང་བ་ལ། རི་འདིའི་བདག་དབང་ང་གཅིག་པུས་བཟུང་ན་ཅི་མ་རུང་ཨང་ སྙམ། དེ་ནས་ཁོས་ཐབས་ངན་སེམས་ལ་འཆར་ཏེ་རུས་སྦལ་ལ། ཀྱེ་ནུ་བོ། སང་

ཉིན་ངེད་གཉིས་རི་ཤོད་ནས་རི་རྩེར་རྒྱུག་འགྲན་བྱེད་དགོས། གལ་ཏེ་ཁྱོད་རང་ཐོག་ མར་རི་རྩེར་ཐོན་ཐུབ་སོང་ན། རི་འདིའི་བདག་དབང་ཡོད་ཚད་ཁྱོད་ལ་སྟེར། གལ་

ཏེ་ང་སྔོན་དུ་ཐོན་སོང་ན། ཁྱོད་རང་ས་ཆ་འདིར་འདུག་མི་ཆོག་ཅེས་ཟེར། རུས་ སྦལ་གྱིས་གཏམ་དེ་ཐོས་པ་ནས། ཡ་ད་མ་བཟང་ཐལ། རི་བོང་གིས་ང་ས་ཆ་གཞན་

པར་སྐྲོད་རྩིས་ཡོད་པས། ཇི་ལྟར་བྱས་ན་བཟང་ངམ། རི་བོང་ནི་རྐང་ལག་རིང་ཞིང་

རྒྱུག་ལ་མཁས་པས་ངས་ཁོ་ལ་རྒྱུག་འགྲན་མི་ནུས་ཕྱིར་ཐབས་མཁས་པོ་ལ་བརྟེན་ ན་ལེགས་སྙམ་ནས། ཨ་ཇོ་ལགས། ང་རང་གི་རྐང་ལག་ཐུང་ཞིང་རྒྱུག་རྩལ་ཡང་

མེད་པས། མར་རི་ཤོད་ལ་སོང་ནས་ཕྱིར་རི་རྩེར་གོག་ན་དུས་ཚོད་ཧ་ཅང་རིང་བོ་

འགོར་འགྲོ་བས། རི་རྩེ་ནས་རི་ཤོད་ལ་རྒྱུག་ན་ཆོག་གམ། ཞེས་དྲིས། རི་བོང་གིས་

ཁོ་ངའི་རྒྱུགས་ཡ་ལ་མི་དོ་བསམས་ཏེ། ཆོག་ཆོག སང་ཉིན་ནངས་མོ་ཉི་འོ ད་རི་ རྩེར་མ་ཕོག་གོང་ཁྱོད་རི་ཤོད་ཀྱི་ཟམ་ཆེན་ཁར་ཐོན་དུ་ཆུགས་ཟེར། དགུང་མོ་རུས་

སྦལ་རི་ངོས་སུ་བཞུར་ཆུ་ཞིག་ཡོད་པ་དེའི་ཁར་བསྡད། ཕྱི་ཉིན་ནམ་ལངས་མ་ཐག་


བོད་ཀྱི་བྱིས་པའི་རྩོམ་རིག

189

བཞུར་ཆུར་འཛུལ་ནས་རི་ཤོད་ཀྱི་ཟམ་ཆེན་བར་འཁུར་དུ་བཅུག དེ་ནས་ཁོ་རང་ ཟམ་ཐོག་ལ་འགོས་ནས་ཡུད་ཙམ་སོང་བ་ན། རི་བོང་ཡོང་བ་མཐོང་ནས། ཨ་ཇོ་རི་ བོང་རེམ་མ་རྒྱུག རེམ་མ་རྒྱུག་ཟེར་ནས་ཀུ་ཅོ་བརྒྱབ་པས། རི་བོང་གིས་རུས་སྦལ་

མཐོང་ནས་ངོ་མདོག་འགྱུར་ཞིང་མིག་མཐར་མཆི་མ་འཁོར་བཞིན་ས་ཆ་གཞན་དུ་ མི་འཁྱམས་ཀ་མེད་བྱུང་བ་རེད།

ཅེས་ཐོག་མར་རི་བོང་དང་རུས་སྦལ་གཉིས་རི་མགོར་ལྟད་མོ་ལྟ་རུ་སོང་བ་

དང་། མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་རི་བོང་གི་སེམས་པ་མྱོས་སུ་བཅུག་པ་ དང་ས་ཆ་དེ་རང་ལ་བདག་ན་བསམ་པ། ཁོས་ཐབས་ངན་དྲན་ཏེ། རུས་སྦལ་དང་ རྒྱུག་འགྲན་གྱིས་རི་རྩེར་སྔོན་ལ་སུ་སླེབས་ན། དེ་ལ་བདག་ཚུལ་བཤད་པ་སོགས་ མདོར་ན་རི་བོང་དང་རུས་སྦལ་གྱི་ཕྱིའི་རྣམ་པ་ཙམ་ལས། ནང་སེམས་ཀྱི་འཆར་ སྒོ་ཡོད་ཚད་དང་། ཕྱི་ལུས་ཀྱི་རྣམ་འགྱུར་དང་བྱ་བྱེད་ཐམས་ཅད་མི་རུ་གྱུར་ཡོད་

པས། སྒྲུང་འདིའི་ནང་གི་འཚོ་བ་ངོ་མ་མི་ཡི་འཚོ་བ་ཡིན་ལ། མི་སྣ་སྲོག་ཆགས་ གཉིས་ལའང་མི་གཤིས་ཀྱི་ཆ་ཡོངས་སུ་རྫོགས་པར་བྱས་པའོ། །

བྱིས་སྒྲུང་གི་ཐབས་འཕྲུལ་གཞན་ཞིག་ནི་གོང་དུ་གླེང་བ་ལས་ལྡོག་སྟེ། མི་སྣ་

སྲོག་ཆགས་དང་ཅ་དངོས་ཡིན་ལ། སྒྲུང་ནང་གི་འཚོ་བ་དང་དོན་རྐྱེན་སོགས་ཀྱང་

སྲོག་ཆགས་དང་ཅ་དངོས་གང་ཡིན་དེ་ཡི་བྱ་བྱེད་དང་། དེ་དག་གི་ཡན་ལག་གམ་

ལྷུ་ལག་ག་གེ་མོའི་བྱུང་བ་བརྗོད་པ། དེ་དག་གི་དབར་གྱི་འགལ་འབྲེལ་ཅི་རིགས་ ཀྱི་རྣམ་འགྱུར་སོགས་བསྡུས་བརྗོད་ཀྱི་ཐབས་བཀོལ་ཏེ། མི་ཡི་དགའ་སྐྱོ་ཆགས་ སྡང་གི་རི་མོ་མངོན་གསལ་དུ་མཚོན་པར་བྱས་པ་ནི། དཔེར་ན། <<དོང་ཆུའི་སྦལ་ པ་དང་རྒྱ་མཚོའི་རུས་སྦལ>>ཞེས་པར།


190

ཉམས་ཞིབ་དེབ་ཕྲེང་། ༢

མཁོ་མེད་དུ་དོར་བའི་དོང་ཆུ་ཞིག་གི་ནང་དུ་སྦལ་པ་ཆུང་ཆུང་ཞིག་བསྡད་

ཡོད། ཉིན་ཞིག་ལ་སྦལ་པ་ཆུང་ཆུང་དོང་ཆུའི་ཁར་བུད་དེ་ཡར་མཆོང་མར་མཆོང་

བྱེད་སྐབས། ཐག་རིང་རྒྱ་མཚོ་ནས་འོངས་པའི་རུས་སྦལ་ཞིག་ལ་འཕྲད། སྦལ་པ་ ཆུང་ཆུང་གིས་ང་རྒྱལ་དང་བཅས་རང་བསྟོད་བྱས་ནས་ན་རེ། ལྟོས་དང་། ང་འདི་ རུ་བསྡད་ན་ཅི་འདྲ་སྐྱིད་པ་ལ། ཅི་འདྲ་དགའ་བ་ལ། སྐབས་ལ་ལར་སྤྲོ་བ་ཡོད་དུས།

དོང་ཆུའི་ཁའི་རྡོ་རའི་ནང་རྩེད་མོར་རོལ་ཆོག་ཅིང་། གལ་ཏེ་ཐང་ཆད་ཚེ། དོང་ཆུའི་

ནང་ལོག་གི་སོ་ཕག་སྲུབས་བར་དུ་གཉིད་ཆོག་པ་དང་། ཡང་ན་མགོ་དང་ཁ་ཁོ་ན་

ཕྱིར་བུད་དེ་ལྷིང་འཇགས་ངང་ལུས་པོ་ཆུ་ནང་དུ་སྦངས་ཆོག ཡང་ན་མཉེན་ཞིང་ འཇམ་པའི་འདམ་གྱི་སྟེང་སོས་དལ་དལ་ངང་འཆམ་འཆམ་བྱེད་ཞོར་དུ་ངལ་གསོ་ རེ་བྱས་ན་ཧ་ཅང་སྐྱིད་པོ་ཞིག་རེད། སྦལ་ལྕོང་སོགས་ཀྱིས་ངའི་དོ་ཟླ་གཏན་ནས་

མི་འོང་། དེ་མིན་ད་དུང་ང་ནི་དོང་ཆུ་འདིའི་བདག་པོ་གཅིག་པུ་ཡིན་པས། རང་

དབང་རང་མོས་ཡིན། ཁྱེད་ཉིད་དོང་ཆུའི་ནང་ལྟད་མོར་ཕེབས་དང་། སྐྱིད་པའི་ཞིང་ ཁམས་ཞེས་པ་དེ་ལ་ཟེར་ཞེས་སྨོས།

རུས་སྦལ་གྱིས་སྦལ་པ་ཆུང་ཆུང་གི་སྐད་ཆ་ཐོས་ནས་དོང་ཆུའི་ནང་ལྟད་

མོར་འགྲོ་འདོད་སྐྱེས། ཡིན་ཡང་རུས་སྦལ་གྱིས་རྐང་ལག་སོ་མ་ཕྱིར་བསྲིངས་མ་ ཐག་དོང་ཆུའི་ཁའི་རྡོ་རར་ཐོགས། རུས་སྦལ་མྱུར་དུ་ཕྱིར་ནུར་ཞིག་བྱས་ཏེ། སྐེ་

བསྲིངས་ནས་དོང་ཆུའི་ནང་ལྟ་ཙམ་བྱས་པ་ན། དོང་ཆུའི་ནང་མུན་ནག་གིས་ཁེངས་ འདུག་པ་ལས། གཞན་ཅི་ཡང་མ་མཐོང་། དེ་ནས་རུས་སྦལ་ན་རེ། སྦལ་པ་ཆུང་

ཆུང་ལགས། ཁྱོད་ཀྱིས་རྒྱ་མཚོ་མཐོང་མྱོང་ངམ། རྒྱ་མཚོ་ནི་དེ་འདྲ་ཞེང་ཆེ་བ་ལ།

རྒྱ་མཚོའི་ཞེང་ནི་ནམ་མཁའི་མཐོངས་ལྟར་མཐའ་ཡས་ཤིང་། རྒྱ་མཚོ་ནི་དེ་འདྲ་

གཏིང་ཟབ་པ་ལ། རྒྱ་མཚོའི་འཇིང་ནི་མིའི་བློ་ཡིས་དཔག་དཀའ་བ། ས་ཁའི་ཆུ་བོ་


བོད་ཀྱི་བྱིས་པའི་རྩོམ་རིག

191

ཡོད་དོ་ཅོག་གི་མཐའ་མའི་བཞུར་ཡུལ་རེད། གནའ་བོའི་དུས་སུ་ལོ་བཅུའི་རིང་ལོ་

དགུ་ལ་ཆར་པ་རྒྱུན་མ་ཆད་པར་ཆར་ཞོད་སྐྱོན་ཆེན་པོ་བྱུང་ཡང་རྒྱ་མཚོའི་ཆུ་རྒྱས་ པ་ཚོར་མ་བྱུང་། དེ་ནས་ལོ་དགུའི་རིང་ལོ་བརྒྱད་ལ་ཆར་པ་ཐིགས་པ་གཅིག་ཀྱང་ མ་བབས་པར་ཐན་པ་ཆེན་པོ་བྱུང་ཡང་། རྒྱ་མཚོའི་ཆུ་བོ་སྐམ་པ་ཚོར་མ་བྱུང་། རྒྱ་ མཚོ་ནི་དེ་འདྲའི་མཐའ་ཡས་པ། གཏིང་ཟབ་པ། དཔག་དཀའ་བ། ཀློང་སྟུག་པ་ཞིག་

ཡིན། དེ་ནི་སྲོག་ཆགས་མང་པོའི་སྐྱིད་ཁྱིམ་ཡིན་ཞིང་། སྲོག་ཆགས་མང་པོས་དེ་ རུ་འཆམ་ཞིང་སྐྱིད་པོར་འཚོ་བཞེས་བྱེད་ཀྱིན་ཡོད་ཅེས་སྨོས།

སྦལ་པ་ཆུང་ཆུང་གིས་རུས་སྦལ་གྱི་སྐད་ཆ་དེ་དག་ཐོས་ནས་ཁ་གདངས་

མིག་བགྲད་ནས་ཧད་དེ། རྒྱ་མཚོའི་ཀློང་དང་བསྡུར་ན་དོང་ཆུའི་ཞབས་ནི་ཅི་འདྲ་

ཉམ་ཆུང་བ་ལ། རྒྱ་མཚོ་ཆེན་མོའི་སྲོག་ཆགས་དང་བསྡུར་ན་ང་ཡི་མཐོང་རྒྱ་ནི་ཅི་ འདྲའི་ཆུང་བ་ལ་སྙམ། །

ཞེས་སྦལ་པ་དང་རུས་སྦལ་གཉིས་ཀྱི་ཁོར་ཡུག་དང་རྣམ་འགྱུར། ལྷག་པར་

དུ་མྱོང་བ་དང་བསམ་པ། བློ་རྒྱ་བཅས་ཁ་བརྡའི་བར་ནས་ཞིབ་བརྗོད་ཀྱིས་དཔེ་ མཚོན་དུ་བཀོད་དེ། བྱིས་པ་རྣམས་ལ་རང་རང་གི་བསམ་བློ་རང་ས་ཆུང་ཆུང་ཞིག་

གི་མཐོང་ཐོས་ཀྱི་རྒྱ་ལས་མ་བརྒལ་བར་སྦལ་པ་ཆུང་ཆུང་བཞིན་དུ་སྡོད་པ་ནི་ཉེན་

ཁ་ཆེན་པོ་ཡིན་པ་དང་། རང་ཙམ་མ་ཡིན་པར་གཞན་ལ་བལྟ་དགོས་ཤིང་། རང་ནི་ གཅིག་དང་ཆུང་ངུ་ཞིག་ཡིན་པ་ལ། གཞན་ནི་རང་ལས་རྒྱ་ཆེ་ཞིང་གཏིང་ཟབ་པ། ཀློང་སྟུག་ཅིང་དཔག་དཀའ་བའི་རྒྱ་མཚོ་ལྟ་བུ་དེ་ཡིན་པའི་བསླབ་བྱ་བསྟན་པ་ལྟ་ བུ་ཡིན་ནོ། །


192

ཉམས་ཞིབ་དེབ་ཕྲེང་། ༢

༤། བྱིས་སྒྲུང་གི་ཁྱད་ཆོས་གཞན་འགའ་བརྗོད་པ།

བོད་ཀྱི་གནའ་བོའི་བྱིས་པའི་སྒྲུང་གཏམ་གྱི་ཁྱད་ཆོས་གཅིག་ནི་ངག་རྒྱུན་

རང་བཞིན་དེ་ཡིན། སྤྱིར་གདོད་མའི་སྐབས་སུ་བོད་ལ་དར་བའི་བོན་དང་དམངས་ ཁྲོད་དང་རྒྱལ་བློན་ལ་བདག་པའི་སྒྲུང་དང་མགུར་སོགས་རྩོམ་རིག་གི་རྣམ་པ་ཅན་

གང་དང་ཅི་ཡང་ངག་ཐོག་ཏུ་གནས་པ་ཡིན་པས། བོད་ཀྱི་བྱིས་སྒྲུང་གི་ཐོག་མ་བྱ་ དཔེ་བྱིའུ་སྒྲུང་ནས་བཟུང་སྟེ་བོད་མིའི་ངག་རྒྱུན་ལས་བྱུང་བ་ཡིན་ལ། ལོ་རྒྱུས་ཀྱི་

དུས་སྐབས་རིམ་པའི་ཁྲོད་ངག་ཐོག་ནས་རྒྱུན་སྤེལ་ཏེ་ཡོང་བ་ཡིན། གོང་དུ་བརྗོད་ པའི་ཆོས་དང་སྒྲུང་། མགུར་སོགས་བོད་རྒྱལ་སྲོང་བཙན་གྱི་ལོ་རྒྱུས་དུས་སྐབས་

ནས་བོད་སྤྱི་ལ་ཁྱབ་པའི་ཡི་གེ་གསར་གཏོད་གནང་བ་ནས་ཡིག་ཐོག་རྩོམ་རིགས་ ཀྱི་རྣམ་པར་འགྱུར་འགོ་ཚུགས་ཤིང་། དེ་ནས་བཟུང་ལོ་རྒྱུས་སོགས་ཀྱིས་མཚོན་

པའི་གསར་དར་རྩོམ་རིགས་ཡོད་དོ་ཅོག་ཀྱང་ཡིག་ཐོག་ཏུ་འཕོས་ཤིང་བྱུང་བ་ཡིན་ མོད། སྲིད་པའི་བྱིས་སྒྲུང་གིས་དེ་ལྟ་མ་ཡིན་པར་དམངས་ཁྲོད་ཀྱི་ངག་རྒྱུན་གཞི་

ལམ་ཡངས་པོ་དེ་ཡེ་མ་དོར་ལ། དེ་ཡང་སྒྱུག་པོ་དང་སྒྱུག་མོ་ནས་བཟུང་སྟེ་ཕ་མ་ རྒན་རྒོན་སོགས་རྒན་རབས་པ་དག་གིས་ནངས་སྔ་མོ་དང་དགོང་འཕྱི་བོ་བྱས་ཏེ་ ཉལ་སའི་ནང་དང་། མེ་ཕུང་གི་མཐའ་བཅས་ནས་བསྐྱར་བཤད་འོ ར་བཤད་བྱས་ ཏེ་རྒྱུན་མ་ཆད་པར་ཡོང་བ་ཡིན་ལ། བྱིས་པའི་སྒྲུང་ནི་ཕལ་ཆེར་བོད་ཀྱི་ངག་རྒྱུན་ རྩོམ་རིགས་ཀྱི་ཁྲོད་ནས་རྒྱུན་རིང་ཤོས་སུ་གྱུར་ཡོད།

ཡང་བོད་ཀྱི་སྲིད་པའི་བྱིས་སྒྲུང་གི་ཁྱད་ཆོས་གཅིག་ནི་རྩོམ་པ་པོའི་སྐོར་

ནས་གླེང་དགོས་པ་སྟེ། ཐོག་མ་ནས་བྱིས་སྒྲུང་ནི་དམངས་ཁྲོད་ནས་མི་རབས་རྒན་

པ་རྣམས་ཀྱི་འཚོ་བའི་ཉམས་མྱོང་གི་ངག་སྒོ་ལས་གསར་དུ་དར་བར་སོང་། སྔ་


བོད་ཀྱི་བྱིས་པའི་རྩོམ་རིག

193

རབས་ཀྱི་མགུར་ལྟར་རྒྱལ་བློན་ལྟ་བུའི་རྩོམ་པ་པོ་ཐག་ཆོད་ཐུབ་པ་མེད་ལ། མ་ཟད་

དུས་རབས་དང་ལོ་རབས་གཅིག་གི་མི་མང་གི་ངག་སྒོ་ལས་དུས་གཅིག་ལ་བྱུང་ སོང་བའང་མིན་པར། དུས་རབས་དང་ལོ་རབས་བྱས་ཏེ་མི་མང་གི་ངག་ཐོག་ནས་ བྱུང་ཞིང་དར་འཕེལ་བྱུང་བ་དང་། བོད་ལ་ཡི་གེ་བྱུང་བ་ནས། གང་ཞིག་མཁས་

པའི་ལས་གསུམ་ལས། །འཆད་རྩོད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་

པ་སྟེ། །ཞེས་གསུངས་པ་བཞིན་དུས་དེ་ནས་རྩོམ་གྱི་བྱ་བ་སྔར་བཞིན་རྒྱལ་བློན་ དང་མི་དམངས་ཀྱི་ངག་ལ་མ་དབང་བར་དེང་སྐད་དུ་ཆེད་ལས་སུ་འབོད་པ་དེ་རུ་

གྱུར་ཏེ། རྩོམ་པ་མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་དུ་ཆགས་པ་ཡིན་མོད། བྱིས་སྒྲུང་རྩོམ་པའི་བྱ་བ་དང་རྩོམ་པ་པོ་ནི་དེ་ལྟར་ཆེད་ལས་དང་མཁས་པ་རུ་མ་ གྱུར་པར་མུ་མཐུད་ནས་དམངས་ཁྲོད་ཀྱི་རྒན་གཞོན་ཡོངས་ཀྱི་རྩེད་འཇོའི་ལས་ ཤིག་ལས་བརྒལ་མ་ཐུབ་ལ། རྩོམ་པ་པོའང་སྔར་བཞིན་དུས་རབས་རིམ་པའི་ཕོ་མོ་

དབྱེར་མེད་ཀྱི་ལོ་ལོན་དག་ཁོ་ནར་དབང་བ་ཡིན་པས། བོད་ཀྱི་སྲོལ་རྒྱུན་ངག་རྒྱུན་

གྱི་བྱིས་སྒྲུང་གི་རྩོམ་པ་པོ་ནི་མཁས་པ་ཁོ་ན་མིན་ལ། བྱིས་པ་རྣམས་ཀྱང་མིན་པར་

དམངས་ཁྲོད་ཀྱི་ཁྱིམ་ཚང་སློབ་གསོ་བ་ལྟ་བུའི་ཕ་མ་རྣམས་གཙོ་བྱས་པའི་ཡབ་ མེས་གོང་མ་མཐའ་དག་ཡིན་ནོ། །

བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རྣམ་གྲངས་མང་པོ་ཞིག་ཁ་དམ་པའི་རིགས་

སུ་བཤད་མོད། བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་ནི་དེ་ལྟ་མ་ཡིན་པར་ཧ་ཅང་ཁ་གསལ་

ལ་གོ་བདེ་བ་ཞིག་ཡིན། བྱིས་སྒྲུང་ཁ་གསལ་གོ་བདེ་ཡི་ཁྱད་ཆོས་དེ་ཕྱིའི་ཚིག་

དང་སྦྱོར་བ་ཙམ་ནས་མཐོང་བ་མིན་ལ། ནང་གི་བྱུང་རིམ་སོགས་ཀྱི་སྒྲིག་གཞིའི་ སྟེང་ཁོ་ན་རུའང་མིན་པར། བྱིས་སྒྲུང་གི་ཁྱད་ཆོས་དེ་ནི་ཕྱི་ནང་གཉིས་ནས་རིག་ པ་ཞིག་ཡིན་ཏེ། བྱིས་སྒྲུང་གི་ཚིག་རྣམས་ཡུལ་ལུང་གང་དེ་ཡི་མི་མང་གི་ཁ་བརྡའི་


194

ཉམས་ཞིབ་དེབ་ཕྲེང་། ༢

ཁྲོད་ཀྱི་ཚིག་ཡིན་ལ། གཞུང་ལུགས་སོགས་ཀྱི་ཡིག་སྐད་ཀྱི་ཐ་སྙད་བཙན་སྦྱོར་

བྱས་པ་མེད། དེ་ལྟ་བུའི་ཚིག་དག་བཀོལ་སྤྱོད་བྱེད་སྟངས་སམ་སྦྱོར་ཚུལ་ཡང་མི་

མང་གི་ཁ་བརྡའི་འགྲོས་དང་གཅིག་མཚུངས་སུ་བྱས་ཡོད། དེ་ནས་བརྗོད་བྱ་དང་ བྱུང་རིམ་ཡང་དེ་ཙམ་རྙོག་འཛིང་ཅན་མིན་པར། ཆིག་རྐྱང་དང་ཁ་གསལ་གཏིང་

གསལ་ཅན་ཡིན་པ་མ་ཟད། མི་མང་གི་སྒོ་ཕྱི་ཁྱིམ་བར་དང་། རྟ་ནོར་ལུག་གསུམ་ སོགས་སྒོ་ཟོག་འཚོ་ཡུལ་རི་ལུང་། ཅི་ཙམ་ཐག་རིང་རུང་བྱིས་པ་ཁོ་རང་ཚོའི་མིག་

གིས་མཐོང་བ་རྣ་ཡིས་གོ་བའི་འཚོ་བ་དང་ཧ་ཅང་ཐག་ཉེ་ལ། ལྷག་པར་དུ་སྒྲིག་ གཞིའི་ཐད་ནས་བྱུང་རིམ་སྣེ་མང་དང་ལྡོག་འབྲི་ལྟ་བུའི་ཆེས་སྤྱིར་བཏང་གི་ལས་

སྣོན་གྱི་རིགས་ཀྱང་ཕལ་ཆེར་མེད་པར་རང་བྱུང་དང་དངོས་ཡོད་ཀྱི་རྣམ་པ་ཤས་ ཆེ་སྟེ། དཔེར་ན། <<སྤྱང་གྲུང་འཛོམས་པའི་ལུ་གུ>>ཞེས་པ་ལྟ་བུར་མཚོན་ན།

ཉིན་ཞིག་ལ་ལུ་གུ་ཞིག་ཡུལ་ལ་མ་ཐོན་པར་རི་ནས་ལུས། ཁོས་བྲག་ཕུག་

ཅིག་མཐོང་རྗེས་འཕྲལ་དུ་བྲག་ཕུག་ནང་ལ་འཛུལ་ནས་བསྡད། དེའི་སྐབས་སུ་

གློ་བུར་དུ་སྤྱང་ཀི་ཞིག་ཀྱང་བྲག་ཕུག་དེའི་ནང་ལ་འཛུལ་ནས་འོངས། ལུ་གུ་སྐྲག་

སྟེ་གཅིན་ཤོར་སོང་བས། སྤྱང་ཀིས་ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད་ཅེས་དྲིས། ལུ་ གུས་ངས་ཁྱིམ་ལ་ཆུ་བཏང་ནས་གད་ཕྱགས་བྱེད་ཀྱིན་ཡོད་ཅེས་ལན་བཏབ་ཀྱང་།

སེམས་སུ་སྤྱང་ཀིར་སྐྲག་ནས་འདར་སིག་སིག་གིས་རྭ་ཅོ་བྲག་ངོར་ཐོགས་ཏེ་ཐག་

སྒྲ་གྲགས། སྤྱང་ཀིས་ཅི་ཡིན་སྙམ་སྟེ་ཡང་ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དྲིས་ པས། ལུ་གུས་ངས་རྭ་ཅོ་རྣོན་པོ་ཞིག་བརྡར་ནས་ཁྱོད་ལ་བསྣུན་བསམ་པ་ཡིན་

ཞེས་ལན་བཏབ་པས། སྤྱང་ཀི་སྐྲག་ནས་མྱུར་དུ་བྲོས་སོང་ངོ་། །ཞེས་རྗོད་བྱེད་ཀྱི་ ཚིག་རྣམས་སྤྱིར་བཏང་གི་ཡུལ་སྐད་དང་ཧ་ཅང་ཁ་ཐག་ཉེ་བ་དང་། བརྗོད་བྱའི་ དོན་ཡང་ཉིན་རྒྱུན་བྱིས་པ་ཚོས་མཐོང་ཐོས་མྱོང་གསུམ་གྱིས་གོམས་འདྲིས་སུ་


བོད་ཀྱི་བྱིས་པའི་རྩོམ་རིག

195

སོང་བའི་སྤྱང་ཀི་དང་ལུ་གུ་གཉིས་བྲག་ཕུག་ཅིག་ཏུ་མཉམ་དུ་བསྡད་པའི་མགོ་བར་ གཞུག་གསུམ་གྱི་དོན་དག་ཅིག་ཡིན་ལ། སྒྲིག་གཞིའང་གོ་རིམ་ཇི་བཞིན་པར་གཙོ་ བོ་དོན་རྐྱེན་གྱི་འཕེལ་རྒྱས་ལ་གཞི་བཅོལ་བ་ལྟ་བུ་ཡིན་ནོ། །

འདི ་ ལྟར་བོ ད ་ཀྱི ་ གནའ་རབས་ཀྱི ་ བྱི ས ་པའི ་ སྒྲུང་གཏམ་ལ་མི ་ སྣ་དང་

བརྗོ ད ་བྱ། ཐབས་འཕྲུལ་སོ ག ས་ཀྱི ས ་སྒྲུང་རང་སྟེ ང ་དུ་ཁྱད་ཆོ ས ་མང་པོ ་ ཞི ག ་ མ་བཅོ ས ་རང་བཞི ན ་གྱི ས ་གྲུབ་པར་བྱས་ཡོ ད ་པ་དང་། དར་འཕེ ལ ་གྱི ་ བརྒྱུད་

ལམ་ཐད་དམི ག ས་སུ་བཀར་ནས་བསྐྲུན་པ་དང་འཇགས་པར་བྱས་པ་སོ ག ས་ གང་ཡང་མེད་པར་མི་དམངས་ཀྱི་འཚོ་བའི་ཁྲོད་ཀྱི་ངག་རྒྱུན་གྱི་གོམས་གཤིས་

ཤི ག ་ལ་བརྟེ ན ་ནས་གནས་པའི ་ ཡོ ན ་ཏན་ཡོ ད ་ལ། གཞན་ཡང་ཀུན་གྱི ས ་གོ ་ བདེ་ཞིང་ཡིད་འགུག་གི་ནུས་པ་བླ་ལྷག་ཏུ་ཡོད་པ་སོགས་ཞིབ་འཇུག་གི་རིན་ ཐང་རྒྱ་ཆེན་པོ་ཡོད་པ་ཡིན་ནོ། །


196

ཉམས་ཞིབ་དེབ་ཕྲེང་། ༢

ས་བཅད་ལྔ་པ། བྱིས་པའི་ཁེད། དང་པོ། ཁེད་བཤད་པ།

སྤྱིར་ཁེད་ཞེས་པ་བོད་ལ་གནའ་སྔ་མོ་ནས་ཡོད་པ་ཞིག་ཡིན་ལ། 1བོད་རྒྱ་

ཚིག་མཛོད་ཆེན་མོ་རུ་ཁེད་ཅེས་པ་དམངས་ཁྲོད་དུ་ཡོད་པའི་གབ་ཚིག་གི་བརྡ་

ཞིག་སྟེ། སྙན་ངག་གི་གབ་ཚིག་གི་རྒྱན་དང་འདྲ་ཞེས་ཁེད་ནི་གབ་ཚིག་དང་འདྲ་

བར་བཀྲལ་བ་དང་། 2ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། གཞན་ཡང་སྔ་རབས་ ལྡེའུ་དང༌། །ཡུལ་འགར་ཁེད་ཅེས་གྲགས་པ་ཡི། །གངས་ལྗོངས་རིག་རྩལ་ལས་ འོངས་པའི། །ངོ་མཚར་གབ་ཚིག་རྣམ་གྲངས་མང༌། །ཞེས་ཁེད་ནི་ཡུལ་ཕྱོགས་

སོ་སོའི་འབོད་མིང་གི་ཁྱད་པར་ལས་དོན་ལ་ལྡེའུ་དང་གབ་ཚིག་བཅས་གཅིག་ཏུ་ གསུངས་པ་དང་། 3སྙན་ངག་སྤྱི་དོན་དུ་གནའ་དུས་བོད་རྒྱལ་སྲོང་བཙན་སྒམ་པོ་ ཡན་ཆོད་དུ་བོད་ལ་ཡི་གེ་མེད་པའི་རིང་ལ་རྒྱལ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་

བསྐྱངས་ཞེས་པའི་ནང་ཚན་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་ལ་ཞེས་ལྡེའུ་ནི་ཁེད་ཀྱི་ བརྡ་རྙིང་ཡིན་པར་གསུངས་པ་དང་། 4སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་རུ་ 1 བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ཤོག་ངོས།༢༣༨

2 དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་ དཔེ་སྐྲུན་ཁང་། ཤོག་ངོས།༥༣༥

3 ཚེ་ཏན་ཞབས་དྲུང༌། སྙན་ངག་སྤྱི་དོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༡༣༣

4 ནམ་མཁའི་ནོར་བུ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས།༧༩


བོད་ཀྱི་བྱིས་པའི་རྩོམ་རིག

197

ཡོངས་གྲགས་ཀྱི་ཁེགས་(ཁེད་)འདི་རིགས་ལྡེའུ་དངོས་མིན་ནའང་ལྡེའུ་ཞེས་པ་དེའི་ ཆ་ལག་ཅིག་ཡིན་ངེས་པ་དང༌། གནའ་བོའི་མི་བརྒྱུད་རྣམས་ཀྱིས་ཀྱང་ཁེགས་འདི་

རིགས་བེད་སྤྱོད་བྱས་ཡོད་པ་ལ་ཐེ་ཚོམ་ཅི་ཞིག་ཀྱང་མེད། འོན་ཀྱང་ལྡེའུ་ཞེས་

པ་དེ་ཁེགས་རིགས་ཁོ་ནར་ངོས་འཛིན་པ་དེ་ནི་ནོར་ཚབས་ཤིན་ཏུ་ཆེ་བ་ཞིག་སྟེ་ ཞེས་ཁེད་ལ་ཁེགས་ཟེར་བའི་ཐ་སྙད་མི་འདྲ་བ་ཞིག་སྦྱར་བ་མ་ཟད། ཁེད་ནི་ལྡེའུའི་

དོན་ཡོངས་སུ་མི་མཚུངས་པར་ཁེད་ནི་དེ་ཡི་ཆ་ཤས་སུ་མ་གཏོགས་མི་འགྲོ་བར་

བཀག་གནང་བ་བཅས་མདོར་ན། ཁེད་ཅེས་པ་འདི་ལ་ཉེ་བའི་དུས་སུ་འགྲེལ་སྟངས་ མི་འདྲ་བ་འགའ་བྱུང་སྟེ། ཁེད་ནི་གབ་ཚིག་དང་འདྲ་བ། ཁེད་དང་ལྡེའུ། གབ་ཚིག་

གསུམ་གཅིག་ཏུ་འདོད་པ། ཁེད་དང་ལྡེའུ་གཉིས་ཕྱོགས་ཙམ་འདྲ་བར་འདོད་པ།

བརྡ་གསར་རྙིང་གི་ཁྱད་པར་དུ་འཛིན་པ། ཡུལ་སྐད་ཀྱི་ཐ་སྙད་འདོགས་སྟངས་མི་ འདྲ་བར་འཛིན་པ། ཁེད་ཅེས་ལྡེའུ་ཁེད་པར་བྱ་བའི་བྱ་ཚིག་ལས་ཐོགས་པ་བཅས་ སུ་བགྲང་ཡོད་མོད། ཁེད་དང་ལྡེའུ། གབ་ཚིག་གསུམ་ནི་རྣམ་པ་ཙམ་འདྲ་བ་ལས་ གཅིག་ཏུ་མི་འགྲོ།

ཁེད་ཅེས་པ་ནི་དམངས་ཁྲོད་ནས་བེད་སྤྱོད་བྱས་དང་བྱེད་མུས་ཀྱི་མིང་བརྡ་

ཞིག་ལ། དེ་ཡང་དམངས་ཁྲོད་ཀྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པའི་བརྗོད་ འདོད་ཀྱི་དོན་དང་བྱ་དངོས་རྣམས་གབ་བྱ་དང་།

གང་བརྗོད་པ་ནི་གབ་བྱེད་

ཡིན་པའི་བཅད་ལྷུག་སྣ་ཚོགས་ཀྱི་རྣམ་པའི་བརྗོད་པ་ཞིག་གི་བཏགས་མིང་ཡིན་

ཞིང་། འདི་ལ་ས་ཁུལ་སོ་སོར་འབོད་ཚུལ་མི་འདྲ་བ་ཡོད་པ། 5<<ཁེད་ཀྱི་གོ་དོན་ དང་ཁྱད་ཆོས་ལ་དཔྱད་པ>>ཞེས་པ་རུ། ཨ་མདོ་བས་ཡོངས་ཁྱབ་ཏུ་ཁེད་ཅེས་ 5 རྩོམ་པ་པོ་བླ་མ་བཀྲ་ཤིས། 12/10092.html

མཚོ་སྔོན་པོ་དྲ་བ།

http://www.amdotibet.cn/html/ms/msyj/2010-


198

ཉམས་ཞིབ་དེབ་ཕྲེང་། ༢

བརྗོད་ཀྱི་ཡོད་ཀྱང༌། དེ་ལས་སི་ཁྲོན་རྔ་བའི་ས་ཆ་ཁ་ཤས་དང་། ཀན་ལྷོའི་འབྲུག་

ཆུ་ས་ཁུལ་དུ་ལྡེའུ་ཞེས་བརྗོད་ཀྱི་ཡོད་པར་བཤད། དེ་མིན་ཁམས་དཀར་མཛེས་ཀྱི་ ས་ཆ་ཁ་ཤས་དང༌། ཡུན་ནན་བདེ་ཆེན་དང་ཆབ་མདོ་སོགས་ཀྱི་ས་ཁུལ་ཁ་ཤས་

སུ་ཡང་ཁེད་ཅེས་བརྗོད་ཀྱི་ཡོད། ཁམས་ཡུལ་ཤུལ་དང་ནག་ཆུ་སོགས་སུ་སྤྱིར་

བཏང་དུ་སྡེབ་ཅེས་བརྗོད་ཀྱི་ཡོད་པ་དང༌། ལྡེབས་སམ་སྡེབས། ཡང་ན་ལྡེབ་དང་ སྡེབ་སོགས་འབྲི་ཚུལ་མི་གཅིག་པ་མང་དུ་ཡོད། དཀར་མཛེས་ཀྱི་ས་ཁུལ་ཁ་ཤས་ སུ༑ ཅི་ཐུག་དང༌། ཨ་བལྟ་མི་བལྟ། ཨི་ཁེད་མི་ཁེད་སོགས་མིང་འདོགས་སྟངས་སྣ་

ཚོགས་ཤིག་ཡོད་པ་འདྲ། དབུས་གཙང་གི་ས་ཆ་ལ་ལར་ཚིག་རྒྱག་རྒྱག་པ་དང༌།

ཡང་འགའ་རེས་སྡེབ་ཟེར་བ། འགའ་རེས་གབ་ཚིག་ཅེས་བརྗོད་པ་དང༌། ཞེས་ བཀོད་པ་ལས་ཤེས་ཐུབ།

ལྡེའུ་ནི་ཁེད་བཞིན་དུ་མང་ཚོགས་དཀྱུས་མའི་བརྡ་དང་ཡོ་བྱད་ཅིག་མ་ཡིན་

པར་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་ཡི་སྐད་ཆ་ཞིག་དང་བློ་རིག་ཅིག་ཡིན་ཏེ། ཡོངས་

གྲགས་སུ་ལྡེའུ་ནི་བོད་ཀྱི་སྤུར་རྒྱལ་བཙན་པོ་ཚོའི་སྐུ་རིང་གི་ཆབ་སྲིད་སྐྱོང་བྱེད་

ཀྱི་རིགས་ལམ་ཞིག་གི་འབོད་མིང་ཡིན་ལ། གནའ་ཡིག་ཁག་ཏུ་ལྷ་ཐོ་ཐོ་རི་གཉན་

བཙན་གྱི་གོང་བར་རྒྱལ་རབས་ཉེར་བརྒྱད་རིང་བོད་ཀྱི་རྒྱལ་སྲིད་སྒྲུང་ལྡེའུ་བོན་ གསུམ་གྱིས་བསྐྱངས་ཞེས་བཀོད་ཡོད་པ་བཞིན་དང་། ཡང་ཕྱོགས་གཞན་ནས་

<<བཀའ་ཐང་སྡེ་ལྔ>>ལས། རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །ལྷ་ཡི་

ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་། །ཞེས་དང་། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་མཛད་ པའི་<<མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས>>ཞེས་པ་རུ། བོད་ཀྱི་ལོ་རྒྱུས་དེབ་ཐེར་

དུ༑ བོད་གངས་ཅན་གྱི་ཡུལ་དུ་སྤུར་རྒྱལ་གོང་དུ་མངའ་མཛད་ཆེན་པོ་དྲུག་བྱུང་

མྱོང་བར་བཤད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ཆབ་སྲིད་


བོད་ཀྱི་བྱིས་པའི་རྩོམ་རིག

199

སྒྲུང་དང་ལྡེའུ་གཉིས་ཀྱིས་བསྐྱངས་པ་ཡིན་ཟེར། སྒྲུང་དང་ལྡེའུ་གཉིས་ནི་བོད་ཀྱི་

གནའ་རབས་ཀྱི་གདོད་མའི་ཆོས་ལུགས་གཉིས་ཡིན་ལ། བོད་གནའ་རབས་ཀྱི་ གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་རྩོམ་རིགས་མི་འདྲ་

བ་གཉིས་ཀྱང་རེད་ཅེས་དང་། 6<<སྒྲུང་བོན་ལྡེའུ་གསུམ་གྱི་གཏམ་ཨེ་མ་ཧོ་རུ>> ལྡེའུ་ཞེས་བྱ་བ་དེའི་རྩ་གནད་ཆེས་གལ་ཆེ་ཤོས་ཤིག་ནི། དེང་དུས་ཡོངས་གྲགས་ སུ༑ མོ་ཞེས་པའམ། ཕྱྭ་མོ་ཞེས་པ་འདི་རིགས་ཀྱི་ཕྱི་མོ། གནའ་རབས་ཀྱི་བོན་གྱི་ སྲོལ་ལུགས་སུ་དར་སྲོལ་ཆེས་ཆེ་བ། ལྡེའུ་འཕྲུལ་དུ་གྲགས་པ་དེ་ཡིན། དེའང་

དེང་དུས་བོན་དུ་དར་སྲོལ་ཡོད་པའི་ལྡེའུ་འཕྲུལ་གྱི་གཞུང་མངོན་ཤེས་གསལ་བའི་ སྒྲོན་མེ་ལས་ཞེས་གསུངས་པ་བཅས་ལ་གཞིགས་ན་ལྡེའུ་ལ་ད་དུང་བོན་དང་མོ་ཡི་ དོན་ཡང་འདུས་ལ། 7<<སྙན་ངག་གི་རྣམ་བཤད>>དུ། ཡང་ན་དེ་ལས་ཀྱང་མཚར་

བའི་གསང་བ་ཞིག་ཡོད་སྲིད་དེ། འཇུ་མི་ཕམ་པས་“ལྡེའུ་མ་ཤེས་ན་མ་ཁེད་པས་ སྐུགས་ཆོར་འགྲོ། །”ཞེས་དང་། ཚེ་ཏན་ཞབས་དྲུང་ཚང་ནས་ཁེད་བཞག་ཚེ་“ཇི་ བཞིན་ཐིག་པར་གྱུར་ན་ཧབ་ཆ་དང་། མ་ཁེད་ན་རྒྱལ་ལམ་སྐུགས་གང་བཞག་ཤོར་

འགྲོ།” ཞེས་གསུངས་པ་ལྟར་ན་ལྡེའུ་ཞེས་པ་ད་དུང་རྒྱལ་ལམ་སྐུགས་སོགས་ དང་འབྲེལ་བ་ཡོད་པ་རྟོགས་ཐུབ། དེས་ན་རྒྱལ་ནི་རྒྱུ་ནོར་དང་། སྡེ་འབངས། གོ་

གནས་སོགས་ཀྱང་འཇོག་རུང་བ་དང་ཞེས་བཀོད་པས། ལྡེའུ་ནི་གནའ་རབས་ཀྱི་ རྒྱལ་བློན་ལྟ་བུའི་མཐོ་རིམ་མི་སྣ་དག་གི་རྒྱལ་འཇོག་སྟངས་ཀྱི་བྱ་བྱེད་ཅིག་གི་ མིང་དུ་བསྟན་མོད། གོང་གི་ལྡེའུ་ཆབ་སྲིད་ཀྱི་རིགས་ལམ་ཞིག་དང་ཆོས་ལུགས་ ཤིག ལྡེའུ་ཕྱྭ་མོ་ཞིག་དང་རྒྱལ་ལམ་སྐུགས་འཇོག་སྟངས་ཤིག་བཅས་གང་ལ་ 6 ནམ་མཁའི་ནོར་བུ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས།༩༠

7 སྙན་ངག་གི་རྣམ་བཤད། བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས། འགྱུར་མེད་ཀྱིས་བསྒྲིགས། མཚོ་སྔོན་མི་ རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༥༥


200

ཉམས་ཞིབ་དེབ་ཕྲེང་། ༢

བལྟས་ཀྱང་ལྡེའུ་ནི་གནའ་བོའི་མི་དམངས་ཡོངས་ཀྱི་ལག་ནས་སྣོག་རྒྱུ་ཞིག་དང་ ཁ་ནས་བཤད་རྒྱུ་ཞིག་མ་ཡིན་པར། མི་ཆེན་དང་མཐོ་རིམ་མི་སྣ་ཚོའི་ཁ་ལག་བར་ དུ་རྒྱུགས་ཆེ་བ་འབའ་ཞིག་ཡིན་པ་གསལ་བར་རྟོགས།

གབ་ཚིག་ནི་ཀུན་ལ་མངའ་གསལ་བཞིན་ཁོངས་རྒྱ་གར་ཡིན་ལ། བོད་དུ་

དུས་རབས་བཅུ་གཉིས་ནང་སྙན་ངག་མེ་ལོང་མ་བསྒྱུར་བ་ནས་བྱུང་ཞིང་འཕེལ་

བ་དང་། གཞུང་དེ་རུ་གབ་ཚིག་གི་དོན། གབ་བྱའི་བརྗོད་དོན་གང་ཡིན་དེ། །གབ་ བྱེད་ཚིག་གི་སྦྱོར་བ་ཡིས། །མངོན་པར་སྒྲིབ་ཏེ་སྐབས་མིན་གྱིས། །གོ་མི་ནུས་ པ་གབ་ཚིག་རྒྱན། །ཞེས་གསུངས་པ་དང་། ནང་གསེས་ཀུན་ཚོགས་སླུ་བྱེད་རིམ་ པ་བྲལ། །རབ་བཅོམ་མཐུན་གཟུགས་རྩུབ་མོ་གྲངས། །རབ་བཏགས་མིང་འདུས་

བསྒྲིབས་མཐུན་སྒྲ། །རྨོངས་དང་ཡོངས་འཕྲོག་གཅིག་གཉིས་སྒྲིབ། །ཡོངས་འདྲེས་ རྒྱན་ཏེ་བཅུ་དྲུག་ཡོད། །བཅས་བཅུ་དྲུག་ཏུ་ཕྱེས་ཡོད་པས་འདིར་མང་དུ་མ་སྨྲས་ ཀྱང་ར་འཕྲོད་པ་ཞིག་ཡིན།

དེ ས་ན་ཁོ ་བོ ས་འདིར་ཁེད་དང་ལྡེའུ། གབ་ཚི ག ་གསུམ་གྱི་ ཡོ ང་ཁུངས་

དང་སྤྱོད་སྒོ། རྣམ་པ་གང་གི་ཆ་ནས་ཀྱང་མི་འདྲ་བར་སོ་སོ་ཡིན་པ་དང་། ལྷག་

པར་དུ་ཁེད་ཅེས་པ་ནི་བོད་ཀྱི་གནའ་སྔ་མོའི་དམངས་ཁྲོད་དུ་བརྗོད་འདོད་ཀྱི་དོན་ གབ་ནས་རྣམ་པ་གཞན་ཞིག་གིས་བསྡུས་ཏེ་བརྗོད་པའི་བརྗོད་པ་ཐུང་ངུ་ཞིག་གི་ བཏགས་མིང་ཡིན་པ་དང་། དེ་ལྟ་བུའི་ཐ་སྙད་དེ་ནི་བྱིས་པ་དག་གི་བློ་རིག་གིས་

ཚད་ལས་མི་འགོངས་བའི་བརྗོད་པ་ཐུང་ངུའི་རིགས་གོ་བར་བྱེད་པའི་བརྡ་ལས།

མི་ཚད་ལོངས་པ་དག་ལ་ཁེད་བཤད་ཟེར་སྲོལ་མེད་པས། ཁེད་ཅེས་པ་ནི་ཕ་མའམ་ མི་རྒན་ཚོས་བྱིས་པ་རྣམས་ལ་བཤད་པའམ། བྱིས་པས་བྱིས་པར་བཤད་པ་གང་ ལྟར་བྱིས་པའི་རྩེད་འཇོའི་བག་དང་ལྡན་པའི་སྐད་ཆའམ་བརྗོད་པ་ཡན་གར་བ་ཞིག་


བོད་ཀྱི་བྱིས་པའི་རྩོམ་རིག

201

སྟེ་བྱིས་པའི་ཁེད་ཀྱི་བཏགས་མིང་དུ་འདོད་ན། ཁེད་ནི་གནའ་བོའི་བོད་ཀྱི་བྱིས་ པའི་རྩོམ་རིག་གི་ཆེད་སྤྱོད་ཐ་སྙད་ཅིག་རེད་ཅེས་ཀྱང་ཟེར་རོ། །

གཉིས་པ། བྱིས་པའི་ཁེད་ཀྱི་རྣམ་དབྱེ་སྐོར།

ཁེད་ལ་དབྱེ་བ་འབྱེད་སྟངས་ངེས་གཏན་ཞིག་མེད་མོད། གཙོ་ཆེ་བ་ནི་རྩོམ་ལུས་

དང་བརྗོད་བྱ་བཅས་དོན་དག་གཉིས་ཀྱི་སྟེང་ནས་སོ་སོར་དབྱེ་ན་ཁེད་ཀྱི་ཁྱད་ ཆོས་དང་མཐུན་པར་སྙམ་པས། གཤམ་དུ་དེ་དག་གི་སྤྱི་དང་བྱེ་བྲག་གི་དབྱེ་སྒོ་ རྣམས་རེ་རེ་བཞིན་གླེང་བར་འདོད། །

ཀ རྩོམ་ལུས་ཀྱི་དབྱེ་སྒོའི་སྐོར།

རྩོ མ ་ལུས་ཀྱི ་ ཐད་ནས་བྱི ས ་པའི ་ ཁེ ད ་ལ་ཚི ག ས་སུ་བཅད་པ་དང་ཚི ག ་ལྷུག་

རིགས་གཉིས་ཡོད་ལ། ཚིགས་བཅད་ཀྱི་རིགས་ལའང་ཚིག་རྐང་མང་ཉུང་གི་ཁྱད་ དང་། ཚེག་བར་མང་ཉུང་གི་ཁྱད་བཅས་སུ་འདུས་ཡོད་པས། གཤམ་དུ་དེ་དག་རེ་ རེ་བཞིན་དཔེ་མཚོན་དང་བཅས་ཏེ་དགོད་པར་བྱ། ༡། ཚིགས་སུ་བཅད་པའི་རིགས།

j ཚིགས་བཅད་ཀྱི་ཚིག་རྐང་མང་ཉུང་གི་ཁྱད་པར་གྱི་སྟེང་ནས་དབྱེ་བ།


202

ཉམས་ཞིབ་དེབ་ཕྲེང་། ༢

ཚིག་རྐང་གཅིག་ཅན། དཔེར་ན།

བར་སྣང་ཁམས་ཀྱི་རྔ་བོ་ཆེ།

ཟངས་མའི་སྦུ་གུ་ཉིས་གཤིབ་ཅན།

ནགས་འདབས་ཀྱི་གླ་བོ་ཁེར་ཉལ།

ཚིག་རྐང་གཉིས་ཅན། དཔེར་ན།

(འབྲུག་སྒྲ།) (སྣ།) (རྣ་བ།)

སྐྱ་ཀ་ཁྲ་མོ་ཁུང་འཛུལ་མ། །

རྔ་སྒྲོ་ལེབ་མོས་སྒོ་གཅོད་མ། །

དང་པོ་འབའ་འབའ་ལུག་གི་སྙིང་འདྲ་འདྲ། ། བར་དུ་ཤྭ་བ་དཀར་པོའི་རྭ་འདྲ་འདྲ། ། གོན་མ་ཤེས་ར་སློག་ཕྱིར་ལ་སློག །

འདོགས་མ་ཤེས་བྱི་རུ་སྣ་མགོ་བཏགས། །

ཚིག་རྐང་གསུམ་ཅན། དཔེར་ན།

སྟེང་ན་ལྷ་ཕྲུག་རྩེ་གར་འཁྲབ། ། བར་ན་འབྲུག་སྒྲ་འུར་རུ་རུ། །

(མིག)

(ལྕུམ་རྩ།)

(འབུ་ཐུལ་བ།)


འོག་ན་ཁུ་འཕངས་ཐ་ར་ར། །

བོད་ཀྱི་བྱིས་པའི་རྩོམ་རིག

ཐང་དཀར་དཀར། །

203

(རྩམ་པ་འཐག་པ།)

ལུག་ནག་ནག ། ལུག་རྫི་གླུ་བ། །

དང་བོ་འབའ་འབའ་ལུག་གི་སྙིང་འདྲ་འདྲ། །

(དཔེ་ཆ་འདོན་པ།)

བར་དུ་ཤྭ་བ་དཀར་བོའི་རྭ་འདྲ་འདྲ། ། ཐ་མར་བན་རྒན་ཤི་བའི་རོ་འདྲ་འདྲ། །

ཚིག་རྐང་བཞི་ཅན། དཔེར་ན།

(ལྕུམ་ཚ།)

བྱ་མིན་པའི་གཤོག་པ་ཅན། ། སྟག་མིན་པའི་ཐིག་ལེ་ཅན། ། འབྲོང་མིན་པའི་རྭ་ཅོ་ཅན། །

དམག་མིན་པའི་མཚོན་ཆ་ཅན། ། གཙུག་ན་སྔོན་པོ་གཡུ་ཡི་རལ་པ་ཅན། །

(སྦྲང་མ།)

སྐེ་ན་དམར་པོ་བྱུ་རུའི་རྒྱན་ཆ་ཅན། ། ཁོག་ན་དཀར་པོ་དུང་གི་ཁུ་བ་ཅན། །

མཇུག་ན་ལྟས་ངན་ཙི་གུའི་རྔ་མ་ཅན། །

(ལ་ཕུག)


204

ཉམས་ཞིབ་དེབ་ཕྲེང་། ༢

ཤིང་གི་མདའ་མོ་སྦོམ་པོ་རྔ་ཕྲ་མ། །

གཙུག་ན་གཡག་ཀོ་ཕྲ་མོའི་ཨ་ལོང་ཞིག ། སྟེང་ན་གསེར་གྱི་སྐར་མའི་ཕྲ་མང་ཞིག །

ཞབས་ན་མགྲོན་པོ་བསུ་བའི་ལྕགས་ཀྱུ་ཞིག །

ཚིག་རྐང་ལྔ་ཡི་ཡན་ཅན། དཔེར་ན།

(རྒྱ་མ།)

རི་མགོ་ནགས་ཀྱིས་བཟུང་འདྲ། ། རི་སྐེད་སྨུག་པས་བཟུང་འདྲ། །

རི་མཐའ་དུང་གིས་བཟུང་འདྲ། །

ལྕགས་ཀྱི་བུ་ག་གཉིས་གཤིབ། །

དུང་གི་མཆོད་རྟེན་བཞེངས་འདྲ། ། རི་རྒྱབ་ལྷ་ཕྲུག་ཟུང་གཅིག ། རྒྱ་རྫོང་ནགས་ལ་མི་ཐོག །

(སྐྲ་དང་། མིག སོ། སྣ། ཨོལ་གོང་། རྣ་བ་བཅས།)

རྒྱ་སྟག་ངར་མའི་དོ་ཟླ། །

ཤ་དང་ཁྲག་ལ་འཚོ་རྟེན། ། རི་སྤྱང་སྔོན་མོའི་དོ་ཟླ། །

སྐད་ཅིག་མྱུར་དུ་ཐོན་པ། །

འདབ་ཆགས་བྱ་ཡི་དོ་ཟླ། །

(ཤ་སྦྲང༌།)


བོད་ཀྱི་བྱིས་པའི་རྩོམ་རིག

205

k ཚིགས་བཅད་ཀྱི་ཚེག་བར་མང་ཉུང་གི་སྟེང་ནས་དབྱེ་བ།

ཚེག་བར་གསུམ་ཅན། དཔེར་ན། ནག་རིལ་མ། ། ནུ་གྱོང་མ། ། ཉིན་ཤི་མ། །

མཚན་ལངས་མ། །

ཧ་(ཕ)ལྕེབས་དང་། ། བུ་ལྡོམ་ཐ། །

ཚེག་བར་བཞི་ཅན། དཔེར་ན།

(ཟོག་རྡང་།)

(ཟྭ་བརྒྱབ་པ།)

མནན་ན་མཐེབ་གང་། ། མངགས་ན་རི་གང་། ། ཐོག་སྐྱ་ལེབ་སེ། །

འོག་རྩིག་རབས་སེ། ། བུ་ཡིས་ཧར་བརྒྱབ། ། ཕ་ཡིས་ངུ་བྱས། །

(མིག)

(ཤིང་ཁང་།)

(རྔ་རྡུང་བ།)


206

ཉམས་ཞིབ་དེབ་ཕྲེང་། ༢

ཚེག་བར་ལྔ་ཅན། དཔེར་ན།

བཟུང་ན་སྤར་བ་གང་། ། བཏང་ན་ཁང་པ་གང་། །

ཨ་ཡུས་བསྙལ་ཡག་བྱས། །

ལ་ཁ་(ཐོག)འགེབས་ཡག་བྱས། །

ཚེག་བར་དྲུག་ཅན། དཔེར་ན།

(མར་མེའི་འོད།)

(གོ་རེ་བསྲེགས་པ།)

ཚེ་གཅིག་ལ་བཙོས་ན་ཡང་། ། ཉིན་གཅིག་ལ་ཟ་རྒྱུ་མེད། །

མི་གཉིས་ལ་སྐ་རགས་གཅིག ། མི་གཅིག་ལ་སྐ་རགས་ལྔ། །

ཚེག་བར་བདུན་ཅན། དཔེར་ན།

(སླ་ངའི་ཁ་ལེབ།) (སྒོ་གཏན།) (ཟོ་བ།)

སྐྱ་ཀ་ཁྲ་མོ་ཁུང་འཛུལ་མ། །

རྔ་སྒྲོ་ལེབ་མོས་སྒོ་གཅོད་མ། །

མི་ལྔ་ཡིས་རྡོ་ལེབ་ལྔ་འཁུར། །

(མིག)


བོད་ཀྱི་བྱིས་པའི་རྩོམ་རིག

སྨད་ནས་སྤྱང་ཀིའི་ཁ་གདངས་ན། །

སྟོད་ནས་ཕྱུག་པོའི་ལུག་འདྲོགས་གི། །

ཚེག་བར་བརྒྱད་ཅན། དཔེར་ན།

207

(མཛུབ་མོའི་སེན་མོ།)

(སྐྱ་རེངས་ཤར་བ།)

གུར་དཀར་པོ་གསེར་གྱི་ཨུ་ནུ་ཅན། །

ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས། ། དང་པོ་མེ་ཏོག་པདྨའི་སྐྱེས་འདྲ། །

(ཤ་མོ།)

བར་དུ་ཐང་དཀར་རྒོད་ཀྱི་འཕུར་ཡ། །

མཐའ་མར་ཨ་བྲ་ཙུག་གུའི་ཉལ་བསྟན། ། བུ་ངོ་ལུག་གཉེར་མ་དགུ་བརྩེགས་ཅན།

ཚེག་བར་དགུ་ཅན། དཔེར་ན།

(ལྡུམ་མཛོ་མོ་བ་དཀར།) (ཕོ་སུལ།)

རྒྱ་མཚོའི་ནང་ནས་ཐོན་པའི་ལུ་གུ་ཞིག །

བོད་ཀྱི་ཡུལ་ནས་འབའ་སྒྲ་ལྷང་ལྷང་གྲགས། ། སྟེང་ན་གསེར་གྱི་སྐར་མའི་ཕྲ་མང་ཞིག །

ཞབས་ན་མགྲོན་པོ་བསུ་བའི་ལྕགས་ཀྱུ་ཞིག །

(དུང་།)

(རྒྱ་མ།)


208

ཉམས་ཞིབ་དེབ་ཕྲེང་། ༢

བན་དེ་དམར་དམར་ཤིང་གི་གྲོད་པུ་ཅན། །

(ཁམ་བུ།)

ཚེག་བར་བཅུ་ཅན། དཔེར་ན།

མཁར་ནང་དུ་འགྲོ་དུས་དམག་ལྭ་ནག་པོ་གྱོན། །

མཁར་ནང་དུ་སྡོད་དུས་དམག་ལ་དམར་པོ་གྱོན། ། མཁར་སྒོ་ལ་ཡོང་དུས་དམག་ལྭ་དཀར་པོ་གྱོན། །

ཚེག་བར་བཅུ་གཅིག་ཅན། དཔེར་ན།

(རིལ་མ་ཐབ་ཀའི་ནང་དུ་དེད་པ།)

ནག་པོ་ཁྲི་འབུམ་གྱི་ནང་ན་ར་སྔོ་ཐོ་ཞིག རྩེག་གཅིག་རྩེག་གཉིས་རྩེག་གི་རིལ་བུ་ཁྲི་མ་འབུམ། ལྕགས་ཀྱི་སྐས་མེད་ན་ཤིང་གི་ཉག་ལ་མི་བུད།

ཚེག་བར་བཅུ་གཉིས་ཅན། དཔེར་ན།

(མེ་མདའི་མེ་རྡོ།)

(ཐགས་འཐག་པ།)

ཀླུ་དུང་སྐྱོང་དཀར་པོ་མགོ་རྔ་མེད་ལ་སྦྲུལ་གྱིས་དཀྲིས།

(རྟ་ཞོན་པ་ལ།)

(བལ་གྱི་དོ་བོ།)

ལྕགས་མཁར་སྒོ་མེད་ཀྱི་སྒོ་འབྱེད་ཤེས་རུང་རྒྱག་མི་ཤེས།

(སྒོ་ང༌།)


༢། ཚིག་ལྷུག་གི་རིགས།

བོད་ཀྱི་བྱིས་པའི་རྩོམ་རིག

209

མ་དེ་ཤིང་བྱས། ཕ་དེ་སྐྱི་མོ་བྱས། བུ་ཆུང་གཉིས་ཀྱིས་བྲོ་གར་འཁྲབ། སྐྱོད་ནི་སྐྱོད་ལ། ལམ་ཐག་ནི་མི་ཆོད།

(ཌ་རུ་དཀྲོལ་བ།)

ཉིན་འགྲོ་མ། མཚན་འགྲོ་མ། ལ་གྲི་སོ་ཙམ་ཞིག་དེས་མི་ཆོད།

(དར་ལྕོག) (ཆུ།)

སྙི་མོ་ཀོ་ཡི་དྲ་རས། སྲ་མོ་ལྕགས་ཀྱི་དྲ་རས། གོར་མོ་རྡོ་ཡི་དྲ་རས། དེ་ གསུམ་ཐོག་ནས་ཇ་སྐོལ་ཐུབ།

ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ།

རྒོད་མ་དམར་དམར་ཞིག་ལ། རྟེའུ་སེར་སེར་བརྒྱ། མི་ཉལ་ཁྱི་ཉལ། ཨ་རུ་ཅག་ལ་ཉལ་རྒྱུ་མེད།

རྩྭ་གསེང་ན་ཐག་ཁྲ་ཞིག རིག་མི་མང་ཡང་ལེན་མི་དཀོན།

(མེ་ཆ།) (ཡི་གེ་ཀློག་པ།) (ཁ་ཚའམ་སུར་པན།) (ཕྱུགས་ཀྱི་རྭ།) (དུག་སྦྲུལ།)


210

ཉམས་ཞིབ་དེབ་ཕྲེང་། ༢

ཁ། ཁེད་ཀྱི་བརྗོད་བྱའི་སྟེང་ནས་རིགས་དབྱེ་ཚུལ།

བོད་ཀྱི་གནའ་རབས་ཀྱི་བྱིས་པའི་ཁེད་ཀྱི་བརྗོད་བྱ་ནི་གཞན་དང་མི་འདྲ་བར་ཁྱད་ ཆོས་སྣ་མང་ཡོད་པ་ཞིག་ཡིན་ལ། དེ་ལ་རིགས་ཀྱི་ཐད་ནས་ཀྱང་སྣེ་གཅིག་གིས་

ཁྱབ་པ་མིན་པར་བྱིས་པ་ཚོའི་མིག་དང་། རྣ་བ་སོགས་དབང་པོ་ལྔ་ཡི་སྤྱོད་ཡུལ་ གྱི་ཕྱིའི་སྣོད་དང་ནང་བཅུད་ཀྱི་རྣམ་པ་མང་པོ་ཞིག་བརྗོད་བྱ་རུ་གྱུར་ཡོད་པས། གཤམ་དུ་བྱིས་པའི་ཁེད་ཀྱི་བརྗོད་བྱའི་རིགས་ཀྱི​ི་དབྱེ་སྒོ་གླེང་བར་བྱ། ༡། སྐྱེ་དངོས་ལ་སྦྱར་བ།

རྒན་པོ་སྒུར་བོ་ཞིག་གིས། བྱུ་རུའི་རྣ་རྒྱན་བཏགས་འདུག

(སྟར་བུ།)

སྦ་སྨྱུག་ཚིགས་གསུམ་རྩེ་མོ་ནས། གསེར་སེར་པོའི་བྱིའུ་ཆུང་འཕུར་མ་ལྡིང་། ཕྱི་མ་དཀར་པོ་དུང་འདྲ་འདྲ། ནང་མ་ལུ་གུའི་བཙོ་འདྲ་འདྲ། རྒན་པོ་རྐང་གཅིག་རལ་པ་གནམ་ལ་གཟེངས། ༢། ལུས་ཀྱི་ཡན་ལག་གི་སྐོར་ལ་སྦྱར་བ།

(སྙེ་མ།)

(ཕ་བ་དགོ་དགོ) (སྡོང་པོ།)

བྲག་དམར་ཡར་ཤོག་མར་ཤོག་ལ། གཡང་དཀར་སུམ་ཅུས་ལྷས་ར་བྱས།


བོད་ཀྱི་བྱིས་པའི་རྩོམ་རིག

(དུང་སོ་སུམ་ཅུ།)

ཐུག་ཐུག་ཟེར་ན་མི་ཐུག་གི། མི་ཐུག་མི་ཐུག་ཟེར་ན་ཐུག་གི།

(ཁ།)

གྲུ་གུ་གཅིག་ལ་བུ་ག་བདུན།

དམར་པོ་གདན་གྱི་སྟེང་ན། ནག་པོ་ཁྲི་མ་འབུམ།

(མགོ།) (ཕྱུགས་ཀྱི་ཀོ་བ།)

དཀར་དཀར་གྲལ་བསྒྲིགས། དམར་དམར་འདུལ་འདུག་བྱས།

(སོ་དང་ལྕེ།)

༣། ཉེར་སྤྱོད་ཡོ་བྱད་ལ་སྦྱར་བ།

ཀ་གཅིག་མགོ་ན་ལྷ་ཁང་ཞིག འགྲོ་རྒྱུ་མེད་པའི་མ་མོ་སུག་བཞི་མ།

211

(མ་ཎི་ལག་སྐོར།)

འགྲམ་ཡས་མེད་པའི་རྩྭ་གཟན་མ། གཡག་རྒན་སྔོན་སྔོན་ཞིག་གིས། སྣ་ཐག་དཀར་དཀར་དྲུད་འདུག

(ཅོག་ཙེ།) (ཟོར་བ།) (ཁབ་སྐུད།)

འུ་གུ་གཉིས་ཀའི་མཆུ་ནག་མ། རྒྱ་མཚོའི་ནང་གི་ཆུ་འཐུང་མ། ཐང་དཀར་


212

ཉམས་ཞིབ་དེབ་ཕྲེང་། ༢

དཀྱིལ་གྱི་རྗེས་འདེད་མ།

(ལྕགས་སྨྱུག)

༤། སྲོག་ཆགས་ལ་སྦྱར་བ།

རིལ་བུ་ནག་པོ་སྟོང་གི་དཀྱིལ་དབུས་ན། གཡོན་དུ་འཁྱིལ་བའི་འབྲོང་རྭ་ནག་ པོ་ཞིག

(ཁྱི་རིལ་མའི་ནང་ཉལ་བ།)

ཉིན་དཀར་མི་མངོན་ས་ནས་ཁ་རོག་འདུག མཚན་མོར་ལྕག་ཚན་དྲུད་ནས་ ཕྱོགས་བཞིར་ཉུལ།

དབྱར་ཁ་སྐད་སྙན་བསྒྲགས། དགུན་ཁ་ལྐུགས་པར་གྱུར།

(སྤྱང་ཀི) (ཁུ་བྱུག)

བྱ་རེད་ཟེར་ན་བྱ་ལ་མི་ཐེ། བྱིའུ་རེད་ཟེར་ན་བྱིའུར་མི་ཐེ། བྱི་བའི་རིགས་ལ་ ཁོ་མི་ཐེ། གནམ་ས་གཉིས་ཀྱི་ཁྲལ་མི་འཇལ། ༥། བྱ་བྱེད་ལ་སྦྱར་བ།

(ཕ་ཝང་སྐྱི་ལེབ།)

རྒྱ་གར་ཡུལ་ནས་བྱ་ཞིག་འཕུར། རྒྱ་མཚོའི་ནང་ནས་ཧུབ་གང་འཐུང་། སྤང་ དཀར་སྟེང་ལ་གར་ཞིག་འཁྲབ། བྲག་དཀར་སྟེང་དུ་མལ་ཞིག་གསོས། ལྕགས་ཀྱི་ལུང་བར་མེ་འབར། ཨ་ཕའི་ཨ་མའི་རྟ་འདྲོགས།

(ཡི་གེ་འབྲི་བ།)


བོད་ཀྱི་བྱིས་པའི་རྩོམ་རིག

213

(མེ་མདའ་བརྒྱབ་པ།)

ཕྱི་ར་བས་བསྐོར། ནང་གངས་རི་ཆགས། རྩེར་བྱ་ལྔ་བབས། དཀར་དཀར་ཆུར་བརྒལ། ནག་ནག་ཆུས་ཁུར། ཕ་སྒུར་རུས་བུ་ཚོང་ལ་མངགས།

(རྩམ་པ་བརྫིས་པ།)

(ལུག་ཆུར་བརྒལ་ཏེ་རིལ་མ་བཏང་བ།)

༦། རང་བྱུང་གི་སྣང་ཚུལ་ལ་སྦྱར་བ།

(མདའ་འཕངས་པ།)

སྲབ་མེད་མཐུར་མེད་རྟ་སེར་གསེར་སྒ་ཅན། འཚོ་རྫི་མ་ཐུབ་ནུབ་ཀྱི་རི་ལ་ ཤོར། བཙལ་བས་མ་རྙེད་ཕྱི་ཉིན་ཞོགས་པར་བསླེབས།

བར་སྣང་ཁམས་ཀྱི་རྔ་བོ་ཆེ།

སྔོན་པོ་ཐང་གི་ཐང་དཀྱིལ་ན། གསེར་གྱི་ཟོར་བ་ཡུ་མེད་ཅིག

(ཉི་མ།) (འབྲུག་སྒྲ) (ཟླ་བ།)

སྐབས་འགར་ཟོར་བའི་དབྱིབས་དང་འདྲ། སྐབས་འགར་དངུལ་གྱི་སྡེར་མ་ འདྲ། སྐབས་འགར་ཡོད་ཀྱང་སྐབས་འགར་མེད།

སྔོན་པོ་གཡུ་ཡི་གདན་ཐོག་ལ། དཀར་པོ་དངུལ་གྱི་ཕྲ་མང་བཏབས།

(ཟླ་བ།) (སྐར་མ།)


214

ཉམས་ཞིབ་དེབ་ཕྲེང་། ༢

༧། དོན་སྣ་ཚོགས་ལ་སྦྱར་བ།

འབབ་ས་མེད་པར་རི་མགོར་བབས། འཁེན་ས་མེད་པར་དབྱུག་པར་འཁེན། ཁ་ཡོད་ཀྱང་ཟ་མི་ཤེས། གཟུགས་ཡོད་ཀྱང་འགུལ་མི་ཤེས།

གྲུ་བཞི་མ་བཞི་གླིང་བཞི་ཞིག ས་ལ་མ་ཐུག་གནམ་ལ་མ་ཐུག རྒོད་མ་དམར་དམར་ཞིག་ལ། རྟེའུ་སེར་སེར་བརྒྱ།

(རས་གུར།) (སྐུ་འདྲ།)

(སྐར་ཁུང་།)

(ཁ་ཚའམ་སུར་པན།)

ལྟ་བུ་ཡིན་ནོ། །ཡུལ་ལུང་ལ་ཤས་སུ་བྱིས་པའི་ཁེད་ཀྱི་རྣམ་པ་དང་བརྗོད་

བྱ་བཅས་ལ་ལྟོས་ཏེ་ཐོག་མའི་ཁེད་དང་། རྣམ་གྲངས་ཀྱི་ཁེད། ཨ་མ་སྦོས་ཁེད།

རྟགས་ཀྱི་ཁེད། འཕེན་པའི་ཁེད། བཤད་པའི་ཁེད་བཅས་ཀྱི་རྣམ་པར་དབྱེ་བའང་ ཡོད་ལ། དེ་དག་ལས་ཐོག་མའི་ཁེད་དང་། རྣམ་གྲངས་ཀྱི་ཁེད་བཅས་ཀྱི་མཚན་ གཞི་རུ་བྱིས་གླུ་གྲངས་འདྲེན་ཅན་གྱི་རིགས་བཀོད་འདུག་པར་དཔྱད་པ་གཏང་

རྒྱུ་མེད་པ་མ་རེད་འདོད་མོད། ཡང་བོད་ཀྱི་གནའ་བོའི་བྱིས་པའི་རྩོམ་རིག་ནི་སྤྱི་ ཡོངས་ནས་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཞིག་ཡིན་པས། དེ་ནི་ ཡུལ་ལུང་རང་རང་གི་རང་བྱུང་དང་སྤྱི་ཚོགས་ཀྱི་རྣམ་འགྱུར་ལ་ཆེས་ཆེར་བསྟུན་ པའི་ཆོ་ག་ཕྱག་སྲོལ་གྱི་དབང་དུ་སོང་ཡོད་པར་བརྟེན་མཐའ་གཅིག་ཏུ་འདི་རེད་ དང་དེ་མ་རེད་ཅེས་ཁ་ཚོན་གཅོད་པའང་དགོས་ངེས་ཤིག་མ་རེད་ལ། ལྷག་པར་དུ་


བོད་ཀྱི་བྱིས་པའི་རྩོམ་རིག

215

བོད་ཀྱི་གནའ་བོའི་སྤྱི་ཚོགས་ཁྲོད་རྒན་པས་གཞོན་པར་ཁེད་བཤད་ནས་སྔ་དགོང་ ལ་ཉལ་སའི་ནང་ནས་རྩེད་མཚར་སློང་བ་ནི་ཡུལ་ལུང་དང་རིགས་རྒྱུད་བྱེ་བྲག་པ་

རེ་འགའི་ལམ་སྲོལ་ཙམ་མིན་པར། དེ་ཡང་གནའ་སྔ་མོ་ནས་བྱུང་ཞིང་བོད་ཁམས་ སྟོད་སྨད་བར་གསུམ་ཡོངས་ལ་ཁྱབ་པའི་རྩེད་རིགས་ཤིག་ཡིན་པར་བརྟེན། བོད་

ཀྱི་གནའ་བོའི་བྱིས་པའི་ཁེད་ནི་གོང་བཀོད་ཀྱི་རྣམ་གྲངས་ཙམ་དུ་འདུ་བ་དང་བོད་

ཀྱི་བྱིས་པའི་ཁེད་ཀྱི་དབྱེ་བ་ནི་ད་ཡོད་ཀྱི་ཡིག་ཐོག་གི་གྲངས་ཙམ་དུ་ངོས་འཛིན་

མི་ཐུབ་པར། ང་ཚོས་ད་དུང་བོད་ཀྱི་ས་ཁུལ་ཉེ་རིང་མང་པོའི་མི་དམངས་ཀྱི​ི་ངག་ སྒོ་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་མ་འདང་བར་ལྷག་པ་ཅིས་ཀྱང་ཡོད་

ཆོག་ན། ཁོ་བོས་དེ་བས་ཀྱང་འདིར་ཁ་ཚོན་གཅོད་མི་རིགས་སེམས་ཤིང་། གོང་ དུ་བཀོད་པ་དག་ཀྱང་ད་ཡོད་ཀྱི་ཡིག་ཐོག་གི་ཁེད་ཀྱི་རིགས་དགར་ཚུལ་དག་ཞིབ་ བསྡུར་གྱིས་སྤྱི་ཡོངས་ཀྱི་རྣམ་པ་ཙམ་བསྟན་པ་ཡིན་ནོ། །

གསུམ་པ། བྱིས་པའི་ཁེད་ཀྱི་ཁྱད་ཆོས་སྐོར།

༡། ལུས་ཀྱི་ཁྱད་ཆོས་སྐོར་བཤད་པ།

སྤྱིར་བོད་ལ་རྩོམ་ལུས་ཀྱི་ཐད་ནས་བཅད་མ་དང་། ལྷུག་མ། སྤེལ་མ་བཅས་

གསུམ་ཡོད་པ་དང་། རྩོམ་གྱི་རྣམ་པ་བྱེ་བྲག་པ་ལ་རྩོམ་ལུས་བྱེ་བྲག་པར་གཏན་ ཁེལ་བའི་རྣམ་པ་བྱུང་ཡོད་དེ། དཔེར་ན། སྔར་གྱི་མཁས་པ་ཚོས་ཡིག་ཐོག་ཏུ་ བརྩམས་པའི་གབ་ཚིག་ལྟ་བུ་ཡིན་ན། རྩོམ་ལུས་ཀྱི་ཐད་ནས་ཚིག་རྐང་རེ་རེའི་ཆ་ ཡ་དང་ཚེག་བར་མང་ཉུང་དོ་མཉམ་ཞིང་། ཚིག་རྐང་བཞི་རེ་ཤོ་ལོ་ཀ་གཅིག་ཏུ་


216

ཉམས་ཞིབ་དེབ་ཕྲེང་། ༢

བྱས་པའི་ཚིགས་བཅད་ཀྱི་ལུས་ཡིན་དགོས་པ་ལྟ་བུའོ། །འོན་ཀྱང་། གནའ་རབས་

ཀྱི་བོད་མིའི་ངག་རྒྱུན་དུ་གྲགས་ཆེ་བའི་ཁེད་ནི་དེ་ལྟ་མ་ཡིན་པར། རྩོམ་ལུས་ཀྱི་ ཐད་ནས་དེ ་ ལྟར་རྣམ་པ་བྱེ ་ བྲག་ཏུ་མ་སོ ང ་བར་ཚི ག ་རྐང་རེ ་ རེ འི ་ སྡེ བ ་སྦྱོ ར ་དོ ་ མཉམ་ཞིང་ཤོ་ལོ་ཀ་རེ་རེ་བྱས་ཏེ། བཅད་མའི་ལུས་སུ་གྲུབ་པ། དཔེར་ན། ནག་རིལ་མ། ། ནུ་གྱོང་མ། ། ཉིན་ཤི་མ། །

མཚན་ལངས་མ།

ཞེས་པ་ཟོག་རྡང་ལ་ཟེར་བ་ལྟ་བུ་དང་།

ཚིག་རྐང་གི་སྡེབ་སྦྱོར་དོ་མི་མཉམ་ཞིང་། ཚིག་རྐང་གྲངས་ཀྱང་མི་ངེས་པ་

ལྷུག་མའི་ལུས་སུ་ཆགས་པ། དཔེར་ན། ཉིན་འགྲོ་མ། མཚན་འགྲོ་མ། ལ་གྲི་སོ་

ཙམ་ཞིག་དེས་མི་ཆོད། ཞེས་པ་ཆུ་ལ་ཟེར་བ་དང་། སྐྱོད་ནི་སྐྱོད་ལ། ལམ་ཐག་

ནི་མི་ཆོད། ཅེས་པ་དར་ལྕོག་ལ་ཟེར་བ་དང་། མཁར་ནང་དུ་འགྲོ་དུས་དམག་ལྭ་ ནག་པོ་གོན། མཁར་ནང་ནས་དམག་ལྭ་དམར་པོ་གོན། སྒོ་ལ་ཡོང་དུས་དམག་ ལྭ་དཀར་པོ་གོན། རིལ་མ་ཐབ་ཀའི་ནང་དུ་དེད་ནས་ཐལ་བར་གྱུར་པ་ལ་ཟེར་བ་

ལྟ་བུ་ཡིན་ལ། གཞན་ཡང་ད་དུང་གོང་དུ་དཔེ་མཚོན་གྱི་སྟེང་ནས་ར་སྤྲད་པ་ལྟར་

ཁེད་ཀྱི་ལུས་ལ་ཁེད་རེ་ལ་ཚིག་རྐང་གཅིག་ཅན་ནས་ཚིག་རྐང་ལྔ་ཡི་བར་གྱི་ཁེད་ དང་། ཁེད་རེ་ལ་ཚེག་བར་གསུམ་ནས་ཚེག་བར་བཅུ་གཉིས་བར་གྱི་ཁེད་བཅས་

ཡོད་པས། གནའ་བོའི་བོད་མིའི་ངག་རྒྱུན་ལས་བྱུང་བའི་ཁེད་ཀྱི་རྩོམ་ལུས་ནི་དོན་

གང་ཞིག་བཙན་དང་ཤུགས་ཀྱིས་ལུས་དེ་དང་དེ་ལ་བཅངས་པ་མ་ཡིན་པར། ཡང་ ན་རྩོམ་ལུས་ཀྱི་ཆེད་དུ་རྩོམ་ལུས་ཤིག་སྒྲིག་པའང་མ་ཡིན་པར་རང་གིས་བརྗོད་


བོད་ཀྱི་བྱིས་པའི་རྩོམ་རིག

217

འདོད་ཀྱི་དོན་དེ་གདངས་མཚམས་དང་བརྗོད་བདེའི་ངག་སྒོ་དང་མཐུན་པར་བཅད་

པ་དང་ལྷུག་པར་བྱས་པ་ཡིན་ལ། འདི་ནི་ཁེད་ཅེས་པ་མཁས་པ་ཚོའི་ཡིག་ཐོག་གི་ གབ་ཚིག་དང་མི་འདྲ་བར་དམངས་ཁྲོད་ཀྱི་ངག་རྒྱུན་ལས་བྱུང་བའི་ངག་ཐོག་གི་ རྩོམ་རིག་ཅིག་ཡིན་པའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཡིན་ནོ། ། ༢། སྐད་ཆའི་ཁྱད་ཆོས་སྐོར་བཤད་པ།

ཁེད་ཀྱི་སྐད་ཆའི་བརྗོད་ལུགས་དང་མིང་བརྡ། ཚིག་རྒྱན་བཅས་ཀྱི་ཐད་ནས་

གཞན་དང་མི་འདྲ་སྟེ། ཁེད་ཀྱི་སྐད་ཆ་ལ་ཁེད་ཀྱི་འབྱུང་ཁུངས་དམངས་ཁྲོད་ཀྱི་ཁ་ སྐད་ཀྱི་བརྗོད་ལུགས་དང་མིང་བརྡ། ཚིག་རྒྱན་བཅས་ཀྱི་བྲོ་བ་ཡོད་དེ། དཔེར་ན།

བོད་ཀྱི་སྲོལ་རྒྱུན་གྱི་གབ་ཚིག་རྩོམ་ལུགས་ལ་བརྡ་རྙིང་གིས་བཅིངས་ཏེ་གབ་བྱ་ མི་མངོན་པར་བྱས་པ་ནི། 8

ལུས་ཕྲའི་བཞིན་རས་ཆེས་ཆེར་ནག །

ཡིད་སྲུབས་གྲོགས་མིན་པ་ཡིན་པ། །

སྐྱེས་བུའི་གཟུགས་ལ་ཚ་བསིལ་ཚོགས། །

ཉིན་མཚན་མེད་པར་འབར་མི་འབར། །ཞེས་དང་། 9

དབང་སྔོན་ཞུན་མའི་ཁམས་ཀྱིས་གྲུབ་པའི་ཐང་། །

ལྕག་ཚན་དབྱིབས་ཀྱི་རྗེས་འགྲོ་སྦྲུལ་གདུག་ཅིག །

8 ཚངས་སྲས་བཞད་པའི་སྒྲ་དབྱངས། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས། བོད་གཞུང་ཤེས་རིག་ དཔར་ཁང་། ཤོག་ངོས།༨༦༩

9 བོད་ཀྱི་སློབ་འབྲིང་དྲ་བ། དྲ་ཤོག html

http://www.tibetanms.cn/zzwh/mjwx/my/2012-10-22/13524.


218

ཉམས་ཞིབ་དེབ་ཕྲེང་། ༢

གྱ་གྱུའི་ཉམས་བརྒྱ་རྫོགས་པའི་ཡིད་འོང་གར། ། རྩེན་པ་འདྲེན་བྱེད་ཟུང་གི་བདུད་རྩིར་གྱུར། །

ལྟ་བུ་དང་། ཁེད་ནི་དེ་ལྟ་བུ་མིན་པར། ཕ་རྩག་གོན་ཟིག བུ་ཕྱིང་གོན་ཟིག

བུ་བཀྱེད་ཀི་བཀྱེད་ཀི་ཕ་སྙོགས་ན། ཕ་འདར་གི་འདར་གི་ཕུས་འདེབས་ཀི་ལྟ་བུ་

དང་། གཞན་ཡང་<<སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་

སྒོ་ཞེས་བྱ་བ་བཞུགས་སོ།།>> ཞེས་པར་གབ་ཚིག་གི་རྒྱན་འཆད་པའི་སྐབས་ སུ་དཔེ ར ་བརྗོ ད ་དུ་བཀོ ད ་པ་ལས་ཁྱད་ཆོ ས ་འདི ་ གསལ་བོ ར ་མཐོ ང ་བཏུབ་སྟེ ། དཔེར་ན།

མངོན་སྤྱོད་དྲག་པོའི་ཧོམ་ཁུང་ལས་སྐྱེས་པའི། །

10

ཟླ་བྲལ་བྱིན་པ་དྲང་བོར་བརྐྱངས་པ་ལ། །

འཛིན་བྱེད་ཟུང་དུ་གདེངས་པའི་རྩེ་མོ་ན། །

རྐང་འཐུང་སེན་མོའི་མཛེས་པ་ལྷང་ངེར་བཀྲ། །

ཞེས་སྲོལ་རྒྱུན་གྱི་གབ་ཚིག་གི་རྩོམ་ལུགས་ལྟར་བཀོད་པའི་རྗེས་སུ་སླར་

ཡང་། རྐང་གཉིས་ལག་གཉིས་ཤིང་གི་སྡེར་མོ་ཅན། (རྟའི་སྒྲོག) ཅེས་ཁེད་ཅིག་

ཀྱང་བཀོད་གནང་བ་ལྟ་བུ་ཡིན་ལ། དཔེ་འཇོག་འདི་ཁོང་གིས་དེ་ལྟའི་ཁྱད་པར་གྱི་ སྟེང་ནས་བཞག་གནང་བའི་གསལ་ཁ་མེད་ཀྱང་ང་ཚོས་དཔེ་བརྗོད་སྔ་ཕྱི་གཉིས་ཀྱི་ སྐད་ཆའི་སྟེང་ནས་ཁྱད་ཆོས་དེ་གསལ་བོར་མཐོང་ཐུབ་པ་ལྟ་བུ་དང་།

ཁེ ད ་ཀྱི ་ ཚི ག ་རྒྱན་གྱི ་ ཐད་ནས་ཀྱང་མི ་ མང་གི ་ སྐད་ཆའི ་ ཁྲོ ད ་དུ་བྱུང་དང་

འབྱུང་གིན་པའི་ཚིག་རྒྱན་གྱི་སྦྱོར་བས་ལེགས་པར་སྤྲས་ཡོད་དེ། དཔེར་ན། ཨ་ མདོའི་སྐད་དུ། དང་པོ་མཛོ་ཞིག་གི་རྭ་འདྲ་འདྲ། བར་དུ་དཀྱིལ་འཁོར་གི་ཐིག་ 10 སྙན་ངག་སྤྱི་དོན། ཚེ་ཏན་ཞབས་དྲུང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༣༢


བོད་ཀྱི་བྱིས་པའི་རྩོམ་རིག

219

འདྲ་འདྲ། མཐའ་མར་རྐུན་མ་འཛུལ་སའི་ཤུལ་འདྲ་འདྲ། ཟེར་བ་ལ། ཁེད་འདི་ ཁམས་སྐད་དུ། དང་པོ་མཛོ་ཕོའི་རྭ་འདྲ། བར་དུ་དཀྱིལ་འཁོར་ཐིག་འདྲ། མཐའ་

མར་རྐུན་མས་བརྐུས་འདྲ་ཟེར་བ་དང་། རྒོད་མ་ནག་ནག་ཅིག་ལ། རྟེའུ་དམར་ དམར་བརྒྱ།(མེ་འབར་བའི་ཐབ་ཀ) ལྟ་བུ་འདྲ་འདྲ་དང་ནག་ནག དམར་དམར་

བཅས་ཀྱི ་ ཚི ག ་རྒྱན་ནི ་ ཨ་མདོ འི ་ དམངས་ཁྲོ ད ་ཀྱི ་ ཁ་བརྡའི ་ ཚི ག ་རྒྱན་རྒྱུག་ཆེ ་

བ་དག་ཡིན་ལ། ཁམས་སྐད་དུ་འདྲ་མ་ཟློས་པ་ནི་ཡུལ་དེའི་སྐད་ཆའི་དྲག་པོའི་

ཉམས་ཐོན་པར་བྱས་པ་ལྟ་བུ་ཡིན་ལ། ཁེད་ཀྱི་སྐད་ཆའི་བརྗོད་ལུགས་ཀྱི་སྟེང་

ནས་ཀྱང་མི་མང་གི་སྐད་ཆ་ངོ་མའི་བརྗོད་ལུགས་རང་སོར་ཇི་མ་ཇི་བཞིན་ཐོན་ ཡོ ད ་དེ ། དཔེ ར ་ན། ཐུག་ཐུག་ཟེ ར ་ན་མི ་ ཐུག་གི མི ་ ཐུག་མི ་ ཐུག་ཟེ ར ་ན་ཐུག་

གི (ཁ་)དང་། སྐྱ་ཀ་ཁྲ་མོ་ཁུང་ལ་འཛུལ་ཐལ། རྔ་སྒྲོ་ལེབ་མོས་ཁུང་སྒོ་བཅད་ ཐལ།(མིག) ཁམས་ཕྱོགས་ཀྱི་ཁེད། རྒོད་མ་དམར་ཁོ་མ། རྟེའུ་སྡུག་ནག་རིལ་ མ། སྲབ་མདའ་གཅུས་རིང་མ། (གློ་བ། སྙིང་། ཨོལ་བ།) ཞེས་པའི་དཔེ་མཚོན་ གྱི ་ སྟེ ང ་ནས་ཁེ ད ་བརྗོ ད ་ལུགས་དང་གདངས་མཚམས་བཅས་མི ་ མང་གི ་ སྐད་

ཆའི་སྦྱོར་ལུགས་དང་ཀུན་ནས་མཐུན་པ་གསལ་རྟོགས་ཐུབ་ཅིང་། ཁེད་ཀྱི་སྐད་

ཆའི་བརྡ་དང་ཚིག་རྒྱན། སྦྱོར་ལུགས་སོགས་སྒོ་ཀུན་ནས་དམངས་ཁྲོད་ཀྱི་སྐད་ ཆའམ་མི་མང་གི་ཉིན་རེའི་འཚོ་བའི་ཁྲོད་རྒྱུག་ཆེ་བ་དག་ཐོན་ཡོད་པ་ལས། ང་

ཚོ ས ་སྔ་མོ འི ་ ཁེ ད ་ནི ་ བྱི ས ་པའི ་ ངག་ལ་བྱང་བ་དང་བློ ་ ལ་འཇུག་སླ་བའི ་ ཁྱད་ ཆོས་ལྡན་པ་དང་། གནའ་མི་ཚོས་བྱིས་པ་ལ་བསམ་ནས་ཁ་སྐད་ཀྱི་ལམ་ནས་ ཁེད་ཟེར་བའི་རིག་གནས་ཐུན་མོང་མ་ཡིན་པ་ཞིག་གསར་གཏོད་གནང་བའང་ ནམ་ལངས་ཉི་ཤར་དུ་སོང་བ་མ་ཡིན་ནམ། །


220

ཉམས་ཞིབ་དེབ་ཕྲེང་། ༢

༣། ནང་དོན་གྱི་ཁྱད་ཆོས་སྐོར་བཤད་པ།

ཁེ ད ་ཀྱི ་ ནང་དོ ན ་ལ་དམི ག ས་བསལ་གྱི ་ ཁྱད་ཆོ ས ་ཤི ག ་ཡོ ད ་པའང་བྱིས ་

པ་རང་ཉིད་དང་འབྲེལ་ཆེ་བ་དེ་ཡིན། ཁེད་ཀྱི་ནང་དོན་གང་དྲན་ཅི་དྲན་མིན་པ་

མ་ཟད། གསང་བ་ཆེན་པོ་དང་གནས་ལུགས་ཟབ་མོ་སྟོན་པའང་མེད་པར་བྱིས་ པ་ཚོ འི ་ མི ག ་གི ས ་མཐོ ང ་ཞི ང ་རྣ་ཡི ས ་ཐོ ས ་ལ། ཡི ད ་ལ་བསམ་ཐུབ་པའི ་ ནང་

དོན་འཛོམས་པ་དང་། ནམ་རྒྱུན་མི་མང་པོ་ཞིག་གིས་ཁེད་ཀྱིས་བྱིས་པའི་བློ་སྒོ་ འབྱེད་པར་བཤད་པའང་ཞིབ་མོར་དཔྱད་ན་ཁེད་བཤད་ཐབས་ཀྱི་ཐད་ནས་དགབ་ བྱ་དང་འགེབ་བྱེད་བྱས་ཏེ་སྐད་ཆ་ཐད་ཀར་མ་བརྗོད་པར་སྐོར་ནས་བཤད་པས།

བྱིས་པ་ཚོས་འགེབ་བྱེད་ཀྱི་དོན་ཅི་ཡིན་ལ་མནོ་བསམ་གཏོང་བའི་ཐོག་ནས་བློ་ རིག་ལ་སྦྱོང་བརྡར་ཐོབ་པའི་དོན་ཡིན་པ་ལས། ཁེད་ཀྱི་ནང་དོན་གྱི་ཆ་ནས་དེ་ འདྲའི་རིགས་ལམ་གྱི་རྣོ་ཡོད་པར་གོ་མི་རིགས།

དེས་ན་ཁེད་ཀྱི་དགབ་བྱ་དང་འགེབ་བྱེད་གཉིས་ཐད་ནས་འཚོ་བ་དངོས་

དང་རྒྱང་ཐག་མི་རིང་ལ། ལྷག་པར་དུ་ཡུལ་ལུང་གང་དང་གང་གི་འཚོ་བ་ཧྲིལ་

བོ་ཁེད་ཀྱི་ནང་བཅུག་ཡོད་པའང་མིན་པར། བྱིས་པ་རྣམས་འཚོ་སྡོད་བྱེད་པའི་ ཁྱིམ་ཚང་ཞི ག ་གི ་ སྒོ འི ་ ཕྱི ་ ནང་བར་གྱི ་ ཉེ ར ་མཁོ འི ་ དོ ན ་རྣམས་དགབ་བྱ་དང་ འགེབ་བྱེད་དུ་དྲངས་ཏེ་བཤད་པ་ཞིག་ཅིས་ཀྱང་ཡིན་འདུག་སྟེ། དཔེར་ན། སྨད་ ནས་སྤྱང་མོས་ཁ་གདངས་ན། སྟོད་ནས་ཕྱུག་པོའི་ལུག་འདྲོགས་གི། ཞེས་པའི་

འགེ བ ་བྱེ ད ་སྤྱང་མོ ས ་ཁ་གདངས་པ་དང་ཕྱུག་པོ འི ་ ལུག་འདྲོ ག ས་པ་གཉི ས ་ནི ་

ལྐོ ག ་གྱུར་དང་གནས་ལུགས་ཟབ་མོ ་ ཅི ་ ཡང་མི ན ་པར་བོ ད ་ས་མཐོ འི ་ ཡུལ་དུ་ འཚར་ལོངས་བྱུང་བའི་ཆུང་བྱིས་པ་རྣམས་རང་རང་གི་ལོ་ཚོད་དང་བསྟུན་ནས་


བོད་ཀྱི་བྱིས་པའི་རྩོམ་རིག

221

ཆ་ཡོ ད ་རྒྱུས་ཡོ ད ་དུ་གྱུར་ཡོད་པས། གོ ་ བ་ཙམ་གྱིས་ཡིད་ལ་ལྷང་ངེ ར ་འཆར་

རྒྱུ་ཡོད་པའི་བྱ་བ་གཉིས་ཡིན་ལ། དགབ་བྱའང་སྐྱ་རེངས་ཤར་བ་སྟེ་ས་ཡི་གོ་

ལའི་འཁོ ར ་བསྐྱོད་ཀྱི་ དབང་གིས ་རང་བྱུང་གིས ་འཇིག་རྟེན་སྐྱེ་བོ ་ ཡོ ད་དོ ་ ཅོ ག་ གི ས ་ཚོ ར ་བཏུབ་པ་དེ ་ ཡི ན ་པས། བྱི ས ་པ་རྣམས་ཀྱི ས ་ཀྱང་རང་རང་གི ་ ཕ་མ་

དང་ཉེ་འཁོར་གྱི་ཁྱིམ་མི་དག་གི་ངག་ལས་སྔ་མོ་ནས་ཐོས་ཤིང་རྟོགས་ཡོད་པ་

ཞིག་ཡིན་པ་ལྟ་བུ་ལ། གཞན་ཡང་། མནན་ན་མཐེབ་གང་། མངགས་ན་རི་གང་། ཞེས་ཁམས་ཕྱོགས་ཀྱི་བཤད་སྲོལ་དུ་ཡོད་པའང་། འགེབ་བྱེད་ཀྱི་ནང་དུ་བྱ་བ་ མནན་པ་དང་མངགས་པ་དང་དེ ་ ནས་མཐེ བ ་གང་གི ་ ཚད་དང་རི ་ གང་གི ་ ཚད་

གང་ཡི ན ་ཡང་བྱི ས ་པ་རྣམས་ལ་གསང་བ་དང་ཁོ ང ་ཚོ ས ་མི ་ ཤེ ས ་པ་ཞི ག ་མ་

ཡིན་པར། རྒྱུན་ལྡན་གྱི་ནང་དོན་འབའ་ཞིག་གིས་གྲུབ་ཡོད་ལ། དགབ་བྱའང་ མིག་སྟེ་བྱིས་པ་རང་ཉིད་ཀྱི་ཡ་ཐོད་དུ་ཐོགས་པའི་དབང་པོ་གཙོ་གྲས་ཤིག་ལ་ གོ་བས་རྟོགས་སླའོ། །

དེ་ལྟའི་ཁེད་ཀྱི་དགབ་བྱ་དང་འགེབ་བྱེད་ཀྱི་ནང་དོན་ལ་རིགས་ཀྱི་དབང་དུ་

བྱས་ན། རང་བྱུང་སྣང་ཚུལ་དང་། སྲོག་ཆགས། སྐྱེ་དངོས། མིའི་ཡན་ལག་དང་ཉིང་ ལག ཐོན་སྐྱེད་ཡོ་བྱད། འཚོ་བའི་བཟའ་བཏུང་། དཔེ་ཆ་འདོན་པ། འོ ་མ་དཀྲོག་པ་ སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན། དེ་དག་གི་བྱ་བྱེད་

འགུལ་བསྐྱོད་སྣ་ཚོགས་བྱིས་པའི་བབ་དང་འཚམ་པའི་ནང་དོན་ཕུན་སུམ་ཚོགས་ པ་འཛོམས་པས། གནའ་རབས་ཀྱི་བྱིས་པའི་ཁེད་ནི་འཚོ་བ་དང་ཉེ་བའི་རྒྱུན་ཤེས་ ཀྱི་བང་མཛོད་ཆེན་པོ་ཞིག་ཀྱང་ངོ་། །


222

ཉམས་ཞིབ་དེབ་ཕྲེང་། ༢

༤། རྩེད་འཇོའི་ཁྱད་ཆོས་སྐོར་བཤད་པ།

གནའ་སྔ་མོའི་དུས་སུ་བོད་མི་རྣམས་ཀྱིས་བྱིས་པའི་རྩེད་འཇོའི་བྱ་བ་གལ་

ཆེར་བརྩིས་ཏེ་བྱིས་པའི་རྩེད་རིགས་ཐད་ལ་དོ་སྣང་དང་གཙིགས་ཆེར་བཟུང་བ་ ལྟ་ཞོག བྱིས་པ་རྣམས་རང་འགུལ་གྱིས་རྩེད་འཇོར་གཡེང་བའི་སྐབས་སུ་རྒན་

རབས་པ་དག་གིས་དེ་ནི་གོམས་གཤིས་ངན་པ་ཞིག་ཏུ་བལྟས་ཏེ་གཤེ་བ་དང་། ཐ་ན་ཉེས་རྡུང་ཕོག་པའི་སྐབས་ཀྱང་ཡོད་སྲིད་ལ། སྤྱི་ཚོགས་ཁྲོད་རྩེད་རིགས་ལ་ དགའ་ཞི ང ་རྩེ ད ་རི ག ས་དོ ན ་གཉེ ར ་བྱེ ད ་མཁན་རྣམས་བྱི ས ་པ་ཡ་རབས་དང་

བཟང་པོར་མི་ལྟ་ཞིང་། དེ་ལས་ལྡོག་སྟེ་རྩེད་རིགས་ལ་མགོ་མི་འཁོར་ཞིང་རྩེད་ མོ་ལ་གཡེང་སྟེ་དུས་མི་འདའ་བའི་བྱིས་པ་རྣམས་ནི་རབ་དང་ཕུད་དུ་ལྟ་བ་ཡིན་ པས། བྱིས་པ་རྣམས་ཀྱང་རང་བཞིན་རྩེད་རིགས་ལ་དགའ་ཡང་དེ་ལ་བག་ཚ་བ་

དང་འཛེམ་དོགས་བྱེད་པ་ལྟ་བུར་གྱུར་ཡོད་ལ། སྔར་བོད་ཡུལ་དུ་ད་ལྟའི་དུས་ བཞི ན ་བྱི ས ་པ་རྣམས་ལ་རང་རང་སྒེ ར ་ལ་ཁྱིམ་ན་འཕྲུལ་རི ག ས་སྣ་ཚོ ག ས་ཀྱི ་

གཟུགས་དབྱིབས་ཅན་གྱི་རྩེད་ཆས་ཟེར་བ་མེད་ཅིང་། མཉམ་རུབ་ཀྱིས་ཐང་ཆེན་ པོ་དང་ཁང་བརྩེགས་དང་རྭ་སྐོར་མཐོན་པོའི་ནང་དུ་སྣ་འཛོམས་རྩེད་མོར་རོལ་ བའི་ཐུན་མོང་གི་རྩེད་རྭའང་མེད།

སྔར་བོ ད ་ཀྱི ་ བྱི ས ་པ་རྣམས་ལ་དེ ་ ལྟའི ་ ཁྲ་ཁྲ་ཟི ང ་ཟི ང ་གི ་ རྩེ ད ་རི ག ས་སྣ་

ཚོ གས་མེ ད ་ལ། བོ ད ་མི་ རྣམས་ཀྱི་ བྱིས ་པའི་ རྩེ ད་རིག ས་ཀྱི་ འདུ་ཤེ ས ་ཀྱང་དེ ་

འདྲའི་གཡའ་དག་པ་ཞིག་མིན་མོད། སྔ་རབས་ཀྱི་བོད་ཁམས་ཡོངས་སུ་བྱིས་པ་ ཚོས་ནམ་ཡང་རེ་ཞིང་སྒུག་པའི་རྩེད་འཇོའི་རྣམ་པ་ཞིག་གཏན་ནས་མེད་པའང་

མིན་ཏེ། དུད་ཚང་རེ་རེའི་སྦུག་ན་སྔ་དགོང་གཉིས་ལ་བྱིས་པ་རྣམས་གཉིད་ལ་


བོད་ཀྱི་བྱིས་པའི་རྩོམ་རིག

223

མ་ཡུར་སྔོན་དང་གཉིད་ལས་སད་མ་ཐག་པའི་བར་བར་ནས་སྒྲུང་དང་ཁེད་ཤོད་

རེས་ཀྱིས་རྩེད་འཇོའི་རྣམ་པ་གྱ་ནོམ་པ་ཞིག་ལ་རོལ་སྲོལ་ཡོད་ལ། དེ་ཡང་བྱིས་

པ་ཁོ་ན་མ་ཡིན་པར་རྩེད་འཇོའི་རྣམ་པ་འདིའི་ནང་དུ་སྐབས་སྐབས་སུ་ཁྱིམ་གྱི་ སྒྱུག་པོ་སྒྱུག་མོ་ཡིས་མཚོན་པའི་ཁྱིམ་མི་ཀུན་གྱིས་བྱིས་པ་རྣམས་ལ་སྒྲུང་དང་ ཁེད་ཤོད་རེས་ཀྱིས་རྩེད་རོགས་བྱེད་པ་ཡིན་ལ། མཚམས་རེར་བྱིས་པ་ནང་ཁུལ་ ལ་དེ་ལྟར་རྩེ་བའང་ཡིན།

དེས་ན་ཁེད་ཤོད་རེས་ཀྱིས་དེ་ལྟ་བུའི་རྩེད་འཇོའི་རྣམ་པ་གྱ་ནོམ་པ་ཞིག་

བསྐྲུན་ཐུབ་པ་ནི་གཙོ་བོ་ཁེད་རང་སྟེང་དུ་རྩེད་འཇོའི་ཁྱད་ཆོས་ཤིག་བདོག་པས་

ཡིན་ཏེ། ཁེད་ནི་སྒྲུང་ལྟར་གཏམ་རྒྱུད་ཅིག་གི་མགོ་རྔ་བསྒྲིགས་ནས་བཤད་ཅིང་། སྒྲུང་བཤད་ཚར་བ་དང་དེའི་རྩེད་འཇོའི་རང་བཞིན་ཡང་མཇུག་བསྡུས་པ་ལྟ་བུ་མ་

ཡིན་པར། ཁེད་ལ་དགབ་བྱ་དང་འགེབ་བྱེད་གཉིས་ཡོད་པས། འགེབ་བྱེད་གཅིག་ པོ ས ་ཁེ ད ་ཅི ག ་རྫོ ག ས་པ་མ་ཡི ན ་པར་བློ ་ རི ག ་བསྒྲི མ ས་ཏེ ་ དགབ་བྱའི ་ དོ ན ་དེ ་ གསལ་བོར་བཤད་མ་ཐུབ་པ་དེ་སྲིད་དུ་ཁེད་ཀྱི་རྩེད་འཇོའི་རང་བཞིན་གྱི་ཚད་

མཐོ་རུ་འགྲོ་བ་ཡིན་ཏེ། དཔེར་ན། ཁེད་བཤད་མཁན་གྱིས། ཉི​ིན་དཀར་རྒྱགས་

ནས་འདུག ནུབ་མོ་ལྟོགས་ནས་འདུག ཅི་ཁེད། ཅེས་བརྗོད་པ་ན། ཉན་མཁན་ གྱིས་བསམ་བློ་བཏང་མཐར་ཁེད་ལན་ལྷམ་ཡིན་པ་བརྗོད་ཐུབ་དགོས་ཤིང་། ཉན་

མཁན་གྱིས་དེ་ལྟར་བརྗོད་ཐུབ་པ་དང་གཞི་ནས་ཁེད་གཅིག་གི་མགོ་རྔ་ཡོངས་སུ་

རྫོགས་པ་ཡིན་ལ། ཁེད་ཀྱི་རྩེད་འཇོའི་ངོ་མཚར་རང་བཞིན་ཡང་བར་སྐབས་འདི་ རུ་ཡོད་དེ། བྱིས་པ་ཚོས་ཁྲོད་དུ་བཤད་མཁན་ནི་ནམ་ཡང་བཤད་མཁན་དང་

ཉན་མཁན་དེ་ནམ་ཡང་ཉན་མཁན་ཡང་མ་ཡིན་པར་བཤད་རེས་དང་ཉན་རེས་

བྱེད་པ་དང་། ཁེད་ལན་མ་ཤེས་ཚེ་ཡུལ་ཕྱོགས་ལ་ལར་མགོ་ལ་རིལ་མ་འགེལ་


224

ཉམས་ཞིབ་དེབ་ཕྲེང་། ༢

རེས་བྱེད་པ་དང་། ས་ཆ་ལ་ཤས་སུ་རུ་སྤྲོད་རེས་བྱེད་པ་སོགས་རྩེད་རིགས་སྣ་ ཚོགས་མཆིས་པས། བྱིས་པ་ཚོས་རང་རང་གི་མགོ་ལ་རིལ་མ་འགེལ་བ་དང་རུ་ སྤྲོད་དགོས་པར་བསམ་པ་དང་། བྱིས་པ་རང་རང་གི་ངོ་ཚ་དང་ལ་རྒྱ་བཅས་ཀྱང་ བསམ་ངེས་པས་རིག་པ་བསྒྲིམས་ཏེ་བསམ་བློ་གཏོང་ལ། མཚམས་ལན་རེར་ལན་

ཁེལ་མིན་གྱི་སྟེང་ནས་རྣོ་ངར་ཅན་གྱི་རྩོད་པ་ཤོར་བའང་ཡོད། བསམ་གཞིག་གི་ བར་མཚམས་འདི་ནས་ཁེད་ཀྱིས་བྱིས་པ་རྣམས་ཀྱི་དབང་པོ་རྣམ་ལྔ་ལ་སྦྱོང་བརྡར་ དང་བློ་རིག་འཕེལ་རྒྱས་ལ་རམ་འདེགས་བྱས་པ་ཡིན།

འདི་ལྟར་གནའ་བོའི་བོད་ཡུལ་སོ་སོར་མི་རྣམས་ཀྱི་བྱིས་པའི་རྩེད་འཇོའི་

འདུ་ཤེས་ཧ་ཅང་ཚད་དམའ་བ་དང་། དེ་ལ་བརྟེན་ནས་བྱིས་པ་རྣམས་ལ་རྩེད་ཆས་

ཀྱི་རིགས་ཉུང་ལ། ལྷག་པར་དུ་བྱིས་པ་མང་པོ་མཉམ་གཅིག་འཛོམས་ཏེ་རྩེད་འཇོ་

ལ་ལོངས་སུ་སྤྱད་ཆོག་པའི་ཐུན་མོང་གི་རྩེད་ར་ཆེན་པོ་དེ་འདྲ་དེ་བས་ཀྱང་དཀོན་ པའི་གནས་དེ་རུ། ཁེད་ནི་བྱིས་པ་ཚོའི་རྩེད་རྭ་ཆེན་པོ་ཞིག་དང་རྩེད་འཇོ་ཡི་ལག་ ཆ་གཙོ་བོའི་གྲས་ཤིག་ཡིན་ནོ། །


བོད་ཀྱི་བྱིས་པའི་རྩོམ་རིག

225

མཇུག་བྱང་།

བོད་ཀྱི་བྱིས་པའི་རྩོམ་རིག་ལ་ཞིབ་འཇུག་བྱ་རྒྱུའི་ལས་དོན་འདི་ནི་ཁོ་བོར་

གཞན་གྱིས་ཁུངས་སྣེ་བསྟན་པ་སོགས་ཀྱི་དབང་གིས་བྱས་པ་མིན་པར། སློབ་ མཐར་ཕྱིན་ཏེ་དགེ་རྒན་གྱི་ལས་ཀར་ཞུགས་སྐབས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་ རང་ཉིད་ཀྱི་སྣང་བ་འཁོར་ཕྱོགས་དང་བསྟུན་ནས་བརྗོད་བྱ་འདི་བདམས་པ་ཞིག་

ཡིན་མོད། ཞིབ་འཇུག་གི་ལས་དོན་ཧྲིལ་བོ་མཐར་ཕྱིན་པ་ནི་ཁོ་བོ་ཉག་གཅིག་གི་ རིག་པ་ཕྲ་མོ་དང་འབད་པ་ཆུང་ངུ་དག་གིས་གྲུབ་སོང་བ་མིན་པར། གཙོ་བོ་དཔལ་ ལྡན་ཤེས་རིག་ལས་ཁུངས་ཀྱིས་ངེད་ཅག་ལ་ཞིབ་འཇུག་གི་ལམ་ཁ་འདི་ལྟ་བུར་

འཇུག་པའི་སློབ་ཡོན་ཟུར་བཏོན་གྱིས་གོ་སྐབས་བསྐྲུན་པ་དང་། གཉིས་ནས་ལ་རྩེ་

དཔེ་མཛོད་ཁང་གི་འགན་འཛིན་རྒན་པདྨ་འབུམ་དང་ཁོ་བོའི་ཞིབ་འཇུག་སློབ་སྟོན་ པ་རྒན་ཆབ་བྲག་ལྷ་མོ་སྐྱབས་གཉིས་ཀྱིས་ཞིབ་འཇུག་རྒྱུས་སྟོན་གནང་བ། དེ་

ནས་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་གྱི་ལས་བྱེད་རྣམས་ཀྱིས་ཞིབ་ འཇུག་གི་རྒྱུ་ཆའི་སླད་དུ་དཔེ་དེབ་མང་པོ་ཞིག་ང་དང་ལྷན་དུ་ངལ་བ་འཛེམ་མེད་ ཀྱིས་ཡར་བསྐོར་མར་བསྐོར་གནང་བའི་མཐུན་འགྱུར་རོགས་རམ། གཞན་ཤེས་

རབ་དགའ་ཚལ་སློབ་གླིང་གི་སློབ་ཁྲིད་ཀྱི་བར་གླགས་ནས་ཞིབ་འཇུག་གི་ཆེད་དུ་

དུས་ཚོད་འདང་ངེས་ཟིན་པ་བྱུང་བ་དང་། རྒན་འོ་གཞུགས་མཚོ་ལགས་ཀྱིས་ཞིབ་

འཇུག་རྩོམ་ཡིག་ཧྲིལ་བོར་ཞུ་དག་གནང་བ། བློ་ཐག་ཉེ་བའི་མི་མང་པོ་ཞིག་གིས་ སྐུལ་མ་གནང་བ་བཅས་ཀྱིས་མཚོན་པའི་མི་མང་པོ་ཞིག་གི་རྒྱལ་ཁ་ཡིན་པས།


226

ཉམས་ཞིབ་དེབ་ཕྲེང་། ༢

འདིར་ཁོང་ཅག་ལ་ཆེད་དུ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཐེངས་འདིར་དཔལ་ལྡན་ཤེས་

རིག་ལས་ཁུངས་ནས་གུས་པའི་ཞིབ་འཇུག་གི་རྩོམ་ཡིག་པར་སྐྲུན་གནང་བར་ ཐུགས་རྗེ་ཆེ་ཞུ། ཞེས་སྐལ་བཟང་ཉི་མས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ ཉིན་ བཙུན་དགོན་སྒྲོལ་མ་གླིང་གི་རང་ཤག་ཏུ་སྦྱར་བ་དགེའོ ། །


བོད་ཀྱི་བྱིས་པའི་རྩོམ་རིག

227

ཞིབ་འཇུག་ལུང་ཁུངས་ཀྱི་དཔེ་ཐོ་འགའ།

1 མ་ཎི་བཀའ་འབུམ། པོད་དང་པོ། མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་སྤྱོད་པར་ཁང་།

2 བཀའ་འཆེམས་ཀ་ཁོལ་མ། མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཀན་ སུའུ་མི་རིགས་དཔེ་སྐྲུན་ཁང་།

3 ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་ རྩ་འགྲེལ། མི་རིགས་དཔེ་སྐྲུན་ཁང་།

4 བྱེ་བྲག་རྟོགས་བྱེད་ཆེན་པོ་ཞེས་བྱ་བ་བཞུགས་སོ།

།སྔོན་བྱོན་ལོ་པཎ་མཁས་

པས་བསྒྲིགས་པ། བོད་གཞུང་ཤེས་རིག་པར་ཁང་ནས།

5 མདོ་མཛངས་བླུན། སྟོན་པ་སངས་རྒྱས་ཀྱི་གསུང་། འགོས་ཆོས་འགྲུབ་ཀྱིས་ བསྒྱུར། བོད་གཞུང་ཤེས་རིག་པར་ཁང་།

6 མདོ་གཟེར་མིག ᨊདྲང་རྗེ་བཙུན་པ་གསེར་མིག་གིས་བརྩམས། ཀྲུང་གོའི་བོད་ཀྱི་ ཤེས་རིག་དཔེ་སྐྲུན་ཁང་།

7 དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 8 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

ཉང་ཉི་མ་འོད་ཟེར་གྱིས་བརྩམས།

9 བྱང་འབྲོག་ལམ་ཡིག རྩོམ་སྒྲིག་པ། ནམ་མཁའི་ནོར་བུ། izioni

Shang_ShungEd-


228

ཉམས་ཞིབ་དེབ་ཕྲེང་། ༢

10 ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་། བསོད་ནམས་རྒྱལ་མཚན། བོད་ ལྗོངས་མི་དམངས་དཔེ་སྐྲུན་ཁང་།

11 བོད་ཀྱི་ཚིག་མཛོད་ཆེན་མོ། སྨད་ཆ། རྩོམ་སྒྲིག་པ། ངམ་རིང་བློ་བཟང་བསྟན་ དར། བོད་གཞུང་ཤེས་རིག་ལས་ཁུངས།

12 རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ ཐམས་ཅད་མཁྱེན་པའི་ལམ་སྟོན། Printed in Taiwan

13 བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ཞེས་ བྱ་བ། ས་ར་ན་ཐའི་ལེགས་བཤད་གཏེར་མཛོད་ཁང་དུ་དཔར་འདེབས་མཛད།

14 དག་ཡིག་གསར་བསྒྲིགས། ཤེས་རིག་དཔར་ཁང་།

15 མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ།

རིན་སྤུངས་ངག་

དབང་འཇིགས་གྲགས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

16 གསེར་གྱི་སྦྲམ་བུའི་མིང་ཚིག་མཆན་འགྲེལ་ནོར་བུའི་དོ་ཤལ། བླ་བྲང་སྒྲོལ་མ་ སྐྱབས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

17 མངོན་བརྗོད་གསེར་གྱི་ལྡེ་མིག བསྟན་འཛིན་རྒྱལ་མཚན་གྱིས་བརྩམས། བོད་ ལྗོངས་མི་དམངས་དཔེ་སྐྲུན་ཁང་།

18 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། བཞུགས་སྒར་ དབུས་སྨན་རྩིས་ཁང་།

19 ཕར་ཕྱིན་ཟུར་བཀོལ། མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། སེར་བྱེས་ ཀམ་པུ་ཊར་ཚོགས་པས་དཔར་འདེབས་མཛད།

20 དམངས་སྲོལ་རིག་པའི་སྤྱི་དོན། གཅན་ཚ་བཀྲ་བྷོས་བརྩམས། ཀན་སུའུ་མི་


རིགས་དཔེ་སྐྲུན་ཁང་།

21 བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།

བོད་ཀྱི་བྱིས་པའི་རྩོམ་རིག

229

ཧོར་ཁང་བསོད་ནམས་དཔལ་འབར་

སོགས་ཀྱིས་ཕྱོགས་བསྒྲིགས་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

22 ནག་ཆུའི་དམངས་ཁྲོད་གཏམ་དཔེ།

ནག་ཆུ་ས་གནས་སྲིད་གྲོས་ལོ་རྒྱུས་རིག་

གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་ནས་བསྡུ་སྒྲིག་བྱས། དམངས་དཔེ་སྐྲུན་ཁང་།

བོད་ལྗོངས་མི་

23 བོད་ཀྱི་ཁ་དཔེའི་གཏེར་མཛོད། གར་གྱི་ཉི་མས་བདམས་བསྒྲིགས་བྱས། མི་ རིགས་དཔེ་སྐྲུན་ཁང་།

24 བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ། བརྩམས།

དགེ་འདུན་འཇམ་དབྱངས་རྒྱ་མཚོས་

25 བོད་སྤྱི་བཤད། བཀྲ་ཤིས་ཚེ་རིང་སོགས་ནས། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང་།

26 སྲིད་པའི་ཡས་གཏམ་མས་གཏམ། མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

27 ལ་དྭགས་རྒྱལ་རབས། རྩོམ་སྒྲིག་འགན་འཁུར་བ་ཆོས་འཛོམས། བོད་ལྗོངས་མི་ དམངས་དཔེ་སྐྲུན་ཁང་།

28 དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།

པོད་གསུམ་པ།

དཔྱད་རྩོམ་ཕྱོགས་

29 ཁ་བའི་ལྗོངས། ཡི་དམ་ཚེ་རིང་གིས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་།


230

ཉམས་ཞིབ་དེབ་ཕྲེང་། ༢

30 བཀའ་ཐང་སྡེ་ལྔ།

གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་

བཏོན་པ། མི་རིགས་དཔེ་སྐྲུན་ཁང་།

31 བྱིས་པའི་རབ་བྱེད།

གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་

སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

32 བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་ བྱ་བ། འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ ཁང་།

33 བོད་ཀྱི་བྱིས་པའི་རྩོམ་རིག་གི་རྣམ་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བཀྲ་བས་བརྩམས།

34 སྤོ་ཡུལ་གྱི་དམངས་ཁྲོད་རིག་གནས། བསྡུ་སྒྲིག་མཁན། ཕུར་བུ་རྡོ་རྗེ། བཀྲ་ ཤིས་ནོར་བུ། བསོད་ནམས་དབང་ཕྱུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

35 ཚངས་སྲས་བཞད་པའི་སྒྲ་དབྱངས།

བརྩམས། བོད་གཞུང་ཤེས་རིག་དཔར་ཁང་།

བསེ་ཚང་བློ་བཟང་དཔལ་ལྡན་གྱིས་



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.