འཛིན་རིམ་གཉིས་པའི་སློབ་དེབ།

Page 1

ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གིས་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ ལྟར་རྩོམ་སྒྲིག་བྱས། འཛིན་རིམ་གཉིས་པའི་་སློབ་དེབ་ སྐད་ཡིག་ ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་བྱས།

First edition

August 2014

First Printing

4000 Copeis

Printed and Distributed by:

Sherig Parkhang/ TCRPC

R-27 & 28, Ramesh Park

Laxmi Nagar, New Delhi-110092

Ph: +91-11-2245 3672

Fax: +91-11-2245 5634

Email: shepardelhi@gmail.com

Web: www.sherigparkhang.com

www.tcewf.org/www.sherig.org/tb

© Department of Education, CTA

རྩོམ་སྒྲིག་འགན་ཁུར་བ། དྲུང་འཕར་བཀྲ་ཤིས་དོན་གྲུབ། རྩོམ་སྒྲིག་པ། དཀར་གཞུང་བཀྲ་ཤིས་རྡོ་རྗེ། དགེ་འདུན་དོན་ཡོད། ལག་བསྟར་རྩོམ་སྒྲིག་པ། དཀར་གཞུང་བཀྲ་ཤིས་རྡོ་རྗེ། དེབ་གཟུགས་དང་། རྒྱབ་ཤ་ཇུས་འགོད། དཀར་གཞུང་བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་ཐེངས་དང་པོ།
དཔར་གྲངས་༢༠༠༠།
ཕྱི་ལོ་༢༠༡༤
ཟླ་༩། དཔར་ཐེངས་དང་པོ།
སློབ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས།
ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།
སློབ་དེབ་བསྐྱར་ཞིབ་ཚོགས་ཆུང། བསོད་ནམས་གཡུ་སྒྲོན། ཨར་ལི་ཀུ་མ་རི་སམ་བྷོ་ཊ། བློ་བཟང་ལེགས་སྒྲུབ། དགའ་ལྡན་བྱང་རྩེ། ཆབ་མདོ་བློ་བཟང། བཙུན་དགོན་སྒྲོལ་མ་གླིང། བློ་བཟང་ལུང་རིགས། གྷོ་པལ་སྤུར་བོད་ཁྱིམ། རྡོ་རྗེ་རིན་ཆེན། སྤོག་རེ་སྤོང་སམ་བྷོ་ཊ། བསོད་ནམས་དཔལ་སྒྲོན། མ་སུ་རི་བོད་ཁྱིམ། ཚེ་རིང་ལྷ་མོ། མ་སུ་རི་གཏན་སློབ། ཞུ་དག་པ། འཇམ་དབྱངས། བསམ་གྲུབ། པ་སངས་ཚེ་རིང། རི་མོ་འབྲི་མཁན། རྣམ་རྒྱལ།

DEPARTMENT OF EDUCATION

CENTRAL TIBETAN ADMINISTRATION

Cable : SHERIG

Phone :+91-1892-222572, 222721

Fax : 01892-223481

E-mail : education@tibet.net

Web : www.sherig.org

www.sherig.org/tb

GANGCHEN KYISHONG

DHARAMSHALA-176215

DISTT. KANGRA H.P

INDIA

ཆེད་བརྗོད། ༄༅། །གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་འདི་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ བྱུས་ཀྱི་དགོངས་དོན་བཞིན་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་འཛིན་གཞིར་ བཟུང་སྟེ། གཞི་རིམ་སློབ་གྲྭའི་བོད་དགེ་རྣམས་ཀྱི་བསམ་འཆར་བསྡུ་ལེན་དང། འདས་པའི་བོད་ཕྱི་ནང་གི་ སློབ་དེབ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་སྡོམ། གཞི་རིམ་འོག་མའི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ ཆུང་གི་གཞི་རྩའི་ལམ་སྟོན་བཅས་སྒོ་ཀུན་ནས་ལེགས་ཆ་བླངས་ཐོག པར་རིས་ཁག་འབྲི་བཅུག་པ་དང་། དྲ་ ཚིགས་ནས་ཕབ་ལེན་གྱིས་བཅོས་སྒྲིག་བྱས་ཏེ། གཙོ་བོ་བོད་མིའི་སློབ་གྲྭ་ཁག་གི་ད་ལྟའི་སློབ་སྦྱོང་དང་སློབ་ ཁྲིད་ཀྱི་དགོས་མཁོར་དམིགས་ཏེ་རྩོམ་སྒྲིག་བྱས་པ་ཡིན། སྐད་ཡིག་སློབ་དེབ་འདི་ཉིད་སློབ་ཁྲིད་བྱེད་སྐབས་ཐུགས་སྣང་གནང་དགོས་པའི་དོན་གནད་ཆེ་ཁག་ གཉིས་ནི། སློབ་དེབ་ཁོ་ན་ལས་མི་སློབ་པ་དང། དེ་ཡང་བརྗོད་དོན་བསླབ་བྱ་ལས་སྐད་ཡིག་གཙོ་བོར་མི་ འཛིན་པའི་རྒྱུན་སྲོལ་དང། ཡིག་རྒྱུགས་གཙོ་བོར་འཛིན་པའི་བྱེད་ཐབས་ཀྱི་རྗེས་སུ་མི་འབྲང་རྒྱུ་དེ་ཡིན། དངོས་ཡོད་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་རྣམ་པས་གཞི་རིམ་འོག་མའི་སྐད་ཡིག་བསླབ་གཞིའི་རྩ་ འཛིན་གཙོ་བོར་བཟུང་སྟེ། གཞི་རྩའི་ལྟ་གྲུབ་དང། སློབ་ཁྲིད་ཀྱི་ཁ་ཕྱོགས། གཙོ་ཕལ་གྱི་དབྱེ་བ། ལག་ལེན་ གྱི་གོ་རིམ། གདེང་འཇོག་གི་ཐབས་ལམ་བཅས༌ཀྱི་གལ་གནད་དམ་འཛིན་བྱས་ཏེ་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ ཚད་མཐོར་འདེགས༌བྱ་དགོས།
སློབ་དེབ་འདི་ནི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ ཤེས་རིག་ལས་ཁུངས་

འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་

ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། གཞི་རིམ་འོག་མའི་འཛིན་རིམ་ ཁག་གི་བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང། སློབ་མ། ཁོར་ཡུག ཆ་རྐྱེན། ཤེས་ཡོན་ ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་དེབ་འདིའི་ནང་དོན་ དང་གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་ སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱ་དགོས། འོན་ཀྱང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་ དོན་དང་མ་འགལ་བ་དགོས་པ་ཡིད་འཇགས་འཚལ། ལོ་འཁོར་དང་དུས་ཚིགས་ཡིག་རྒྱུགས་སྐབས་སུ་དངོས་གཞིའི་སློབ་ཚན་ཁག་གི་ནང་དོན་ཁོ་ན་ཙམ་མ་ ཡིན་པར། དམིགས་ཡུལ་དང་བྱེད་ནུས་མཚུངས་པའི་ནང་དོན་རྒྱུགས་ཞིབ་ཁོངས་སུ་བཅུག་ནའང་འཐུས། ང་ ཚོའི་སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང། སློབ་དེབ་བྱེ་བྲག་པ་ཙམ་མ་ཡིན་ པར། སློབ་མའི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། ཁྱོན་ཡོངས་རྒྱུན་མཐུད་བརྟག་ ཞིབ་(CCE)ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་གནས་ཚད་ལ་གདེང་འཇོག་བྱ་དགོས། སློབ་དེབ་ནི་ལག་ཆ་དང་ཤེས་ཡོན་ནི་དམིགས་ཡུལ་ཡིན་པར་བརྟེན། སློབ་དེབ་འདི་ཉིད་བེད་སྤྱད་ ནས་གཞི་རིམ་འོག་མའི་སློབ་ཕྲུག་གི་བོད་ཡིག་ཤེས་ཚད་ཡར་རྒྱས་ཡོང་ཐབས་སྤྱི་དང། ཁྱད་པར་བོད་ཡིག་ འབྲི་ཀློག་བཤད་གསུམ་གྱི་ནུས་རྩལ་གོང་མཐོར་གཏོང་བའི་རེ་འདུན་ཞུ་རྒྱུ་དང།
བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༤ ཟླ་༦ ཚེས་༥ ཉིན།
དཀར་ཆག རིགས་མཐུན་ཐ་སྙད།........................................................................................... 1 གསོམ་སྡོང་དང། གྲུབ་ཐོབ།............................................................................. 19 སྒྲ་མཐུན་ཐ་སྙད། .............................................................................................. 29 ངའི་གྲོགས་པོ། 36 རེས་གཟའ་བདུན། ............................................................................................ 42 ལྡོག་ཕྱོགས། ..................................................................................................... 51 དྲི་བ་དྲིས་ལན། ................................................................................................ 59 རླུང་དང། ཉི་མ། མི། ...................................................................................... 67 རྒྱུན་སྤྱོད་བྱ་ཚིག 76 བྱ་བའི་བརྒྱུད་རིམ།........................................................................................... 86 བཟའ་བཏུང་གི་ཞེ་ས། ....................................................................................... 96 ལུ་གུ་དང། སྤྱང་ཀི ....................................................................................... 101
ལུ་གུ་དང། བཀྲ་ཤིས། ................................................................................... 106 པོ་བོ་མོ། ......................................................................................................... 110 འཇོལ་མོ་དང། ཤིང་རྟ་མོ། ............................................................................. 115
རིགས་མཐུན་ཐ་སྙད། 1 རིགས་མཐུན་ཐ་སྙད། (ཁག་གསུམ་) ཐོག་མར་སློབ་འགོ་ཚུགས་པ་དང། རང་རེ་ཚང་མས་ཐུགས་སྣང་གནང་དགོས་པ་ནི་སྐད་ཡིག་ སློབ་དེབ་སློབ་སྐབས་སྐད་ཡིག་རང་བསླབ་དགོས། དཔེར་ན། ཚོན་མདོག་ལྟ་བུའི་སློབ་ཚན་ ལ་མཚོན་ན། ཚོན་མདོག་རེ་རེའི་མིང་གི་ཀློག་སྟངས་དང། དག་ཆ། ཚིག་གྲོགས་ཇི་ལྟར་ བཟོ་བ་དང། བརྗོད་པ་བསྲིང་ཚུལ་བཅས་བེད་སྤྱོད་གཏོང་སྟངས་ངོ་འཕྲོད་པ་བྱེད་དགོས། དེ་མིན་ཚོན་གང་དང་གང་འདྲེས་ན་མདོག་འགྱུར་བ་དང། ཚོན་གྱི་གྲུབ་ཆ་སོགས་ངོ་སྤྲོད་རྒྱུ་ དེ་གལ་ཆེ་བ་མིན། རིགས་མཐུན་ཐ་སྙད་འདི་བཞིན་ཚན་ཆུང་གསུམ་དུ་ཕྱེས་ཡོད། ཚན་པ་རེར་སློབ་ ཚན་རེའི་བོངས་ཚད་ཡོད་པས་དེ་ལུགས་ཀྱིས་སློབ་ཚན་འཆར་འགོད་གནང་དགོས། རིགས་མཐུན་ཐ་སྙད་ཀྱི་སློབ་ཚན་འདི། འོག་མ་རྣམས་གོང་མའི་སྦྱོང་བརྡར་དུ་སོང་ ཡོད་ན་སློབ་ཁྲིད་སྐབས་ཐུགས་ལ་འཇོག་དགོས། སློབ་ཚན་དང་པོ།
2 2 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ༡. ཚོན་མདོག སྔོན་པོ། གཡུ། མོ་ཊ། སའི་གོ་ལ། སེར་པོ། ཉི་མ་མེ་ཏོག གསེར། མ་རྨོས་ལོ་ཏོག
3 རིགས་མཐུན་ཐ་སྙད། 3 དཀར་པོ། འོ་མ། དུང། རྟ། དམར་པོ། རྒྱ་སེ་མེ་ཏོག པར་ཆས། བྱུ་རུ།
4 4
དོམ། གླང་གོག ཕོ་རོག ལྗང་ཁུ། ཤིང་སྡོང། སྤང་ཐང། སྲན་མ།
འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ནག་པོ།
5 རིགས་མཐུན་ཐ་སྙད། རིགས་མཐུན་ཐ་སྙད། 5 ཟིང་སྐྱ། ཕྱེ་མ་ལེབ། མེ་ཏོག་པདྨ། ལྷམ། མུ་མེན། ལག་ཁུག སྟོད་ཐུང། ལྷམ་ཡུ་རིང།
6 6 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྔོ་དཀར། ལྒང་ཕུག ཞྭ་མོ། ཁང་པ། ལྗང་སེར། ཀུ་ཤ ། རྒུན་འབྲུམ། སྤོ་ལོ།
7 རིགས་མཐུན་ཐ་སྙད། 7 དམར་སྨུག ཙོང། སེའུ། མཁལ་ཞོ།
8 8 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གླུ་གཞས། སྔོ་སེར་དཀར་དམར་ནག་པོ་དང། ལྗང་ཁུ་ཟིང་སྐྱ་མུ་མེན་དང། སྨུག་པོ་རྐྱང་པའི་ཚོན་མདོག་ཡིན། སྔོ་དཀར་ལྗང་སེར་དམར་སྨུག་སོགས། བརྗོད་ཚུལ་ཉིས་འདུས་ཚོན་མདོག་ཡིན། ཚོན་གཉིས་ཡང་ཡང་སྤེལ་མ་དང། ཡང་ན་གཉིས་ལས་མང་བ་ན། ཚོན་ཁྲའམ་ཁྲ་ཁྲ་ཞེས་ཟེར་རོ། །
9 རིགས་མཐུན་ཐ་སྙད། 9 སྦྱོང་ཚན། དང་པོ། ཚོན་མདོག་སོ་སོའ་མིང་འོག་ཏུ་འབྲི་དགོས། ............................... ............................... ............................... ............................... ............................... ............................... ............................... ............................... ............................... ...............................
10 10 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གཉིས་པ།
ཟིང་སྐྱ་ནི། ཨང་བཞི་པ་རེད། ལྗང་ཁུའི་སྔོན་ལ་འདུག ............................................................................................. ............................................................................................. ............................................................................................ ............................................................................................ ............................................................................................ ............................................................................................ ............................................................................................ ............................................................................................ ལྗང་ཁུ། སེར་པོ། དམར་པོ། ཟིང་སྐྱ། སྔོན་པོ། མུ་མེན། ནག་པོ། སྨུག་པོ། དམར་སེར།
དཔེ་བསྟན་པ་བཞིན་འབྲི་རྒྱུ།
11 རིགས་མཐུན་ཐ་སྙད། 11 གསུམ་པ། གཤམ་གྱི་ཚོན་མདོག་སོ་སོའ་མིང་ཤོད། བཞི་པ། ཚན་ཆུང་གཉིས་པའི་དབྱིབས་རྣམས་ཚོན་མདོག་གང་ཡིན་ མིན་ངོས་ཟུངས།
12 12 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ༢. དབྱིབས། སྒོར་སྒོར། ཟླུམ་པོ། ཟླ་གམ། གྲུ་བཞི་ཁ་གང་མ། ཤོ་གཟུགས། ཟུར་གསུམ་མ། གྲུ་བཞི་ནར་མོ། སྙུང་ཟླུམ། ལེབ་ལེབ། འཇོང་པོ། ནར་མོ། ཀ་ཟླུམ།
13 རིགས་མཐུན་ཐ་སྙད། 13 དང་པོ། ཚིག་སྒྲུབ་བཟོས། ཟླུམ་པོ། ཟླ་གམ། ཤོ་གཟུགས། ཟུར་གསུམ། སྙུང་ཟླུམ། འཇོང་པོ། ཀ་ཟླུམ། གཉིས་པ། དཔེ་བསྟན་པ་བཞིན་དབྱིབས་སོ་སོ་དང་མཐུན་པའི་ དངོས་པོ་ཞིག་སྦྱར་དགོས། ཨ་ལོང་སྒོར་སྒོར། ཟླུམ་པོ། ཟླ་གམ། གྲུ་བཞི། ཤོ་གཟུགས། ཟུར་གསུམ། ལེབ་མོ། གྲུ་བཞི་ནར་མོ། སྙུང་ཟླུམ། འཇོང་པོ། ནར་མོ། སྦྱོང་ཚན།
14 14 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གསུམ་པ། ཚན་ཆུང་གསུམ་པའི་རོལ་ཆ་རྣམས་དབྱིབས་ཇི་ལྟར་ཡིན་ མིན་ངོས་འཛིན་བྱེད་དགོས། (ཕྲུ་གུ་སོ་སོས་མཐོང་སྣང་བཞིན་ངོས་འཛིན་བྱས་ན་འགྲིག) དམིགས་བསལ་གྱི་བྱེད་སྒོ། དགེ་རྒན་གྱིས་དབྱིབས་འདྲ་མིན་གྱི་དངོས་ཆས་འཚོལ་སྒྲུབ་བྱས་ནས་ ཕྲུ་གུ་རྣམས་ལ་ངོས་འཛིན་བྱེད་དུ་ཆུགས།
15 རིགས་མཐུན་ཐ་སྙད། 15 ༣. རོལ་ཆ། སྦུབ་ཆལ། རྔ། སིལ་སྙན། ཏིང་ཤགས། སྒྲ་སྙན། པི་ཝང། ཨོག་ལེན། གླིང་བུ། རྒྱ་གླིང། དུང་ཆེན། དྲིལ་བུ། ཌ་མ་རུ།
16 16 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྦྱོང་ཚན། དང་པོ། ཡང་ཡང་ཀློག་འདོན་གྱིས། (འབུད། བརྡུང། དཀྲོལ།) གླིང་བུ་འབུད། ལྗགས་གླིང་འབུད། དུང་ཆེན་འབུད། རྔ་བརྡུང། ཏིང་ཤགས་བརྡུང། སྦུབ་ཆལ་དཀྲོལ། སིལ་སྙན་དཀྲོལ། སྒྲ་སྙན་དཀྲོལ། ཨོག་ལེན་དཀྲོལ། པི་ཝང་དཀྲོལ། ཌ་མ་རུ་དཀྲོལ། དྲིལ་བུ་དཀྲོལ།
17 རིགས་མཐུན་ཐ་སྙད། 17 བརང་ འབད་ བཏང་ དཀ ོ ལ་ གཉིས་པ། བྱ་ཚིག་རྣམས་བེད་སྤྱོད་དང་མཐུན་པར་ལྒང་ཕུག་ནང་བྲིས། སྦུབ་ཆལ། སྒྲ་སྙན། གླིང་བུ། ཏིང་ཤགས། རྒྱ་གླིང། རྔ། ཌ་མ་རུ། གཞས། སྤྱིའི་སྦྱོང་ཚན། འབུ་སྲིན་རྣམས་ཀྱི་ཁ་དོག་དང། དབྱིབས། སྒྲ་སྐད་ཇི་ལྟར་ཡིན་པ་ ངོས་འཛིན་བྱེད་དགོས།
18 18 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། (འདིར་སྒྲ་སྐད་ཞེས་པ་ནི་འབུ་སྲིན་དེའི་གཤོག་པ་སོགས་ཀྱི་སྒྲ་གང་ཞིག་གོ་བ་དེར་ངོས་འཛིན་བྱས་ན་འགྲིག མ་ ཟད་ཁ་དོག་དང། དབྱིབས་ཕྲུ་གུ་སོ་སོས་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཡོང་སྲིད་པ་ཡིན།) སྦྲང་ནོར་བུ། སྦྲང་ནག ཕྱེ་མ་ལེབ། འབུ་བླ་མ་མ་ཎི། ཆ་ག་པ། གྲོག་མ། སྡོམ། སྡིག་པ་རྭ་ཙ། སྡིག་སྲིན། རྨིགས་པ། རྩངས་པ་སྒལ་རལ། སྦལ་པ།
19 གསོམ་སྡོང་དང། གྲུབ་ཐོབ། 19 གསོམ་སྡོང་དང། གྲུབ་ཐོབ། སྔོན་གྲུབ་ཐོབ་ཅིག ནང་ལ་ལོག་ཡོང་བའི་ལམ་བར་དུ་ཆར་ པ་བབས། ཆར་ཤ གས་ཆེ་བས་ཁོང་གིས་གཡས་གཡོན་དུ་གབ་ ས་ཞིག་ཡོད་མེད་ལ་བལྟས་པས། ཡིད་དུ་འོང་བའི་གསོམ་སྡོང་ ཞིག་ཡོད་པ་མཐོང། ཁོང་མགྱོགས་པོར་རྒྱུག་ནས་གསོམ་སྡོང་ སློབ་ཚན་གཉིས་པ་ གྲུབ་ཐོབ། གསོམ་སྡོང། ཉི་ཟེར། སང་ཞོགས། དྲིན་ལན། ཡིད་དུ་འོང། ཁས་ལེན། ཆར་གཡོལ།
20 20 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། འོག་ཏུ་ཆར་གཡོལ་བྱས། ཆར་ཐག་ཆོད་རྗེས། ཁོ་རང་ཆར་པས་བངས་མེད་པ་མཐོང་ བས་ཧ་ཅང་དགའ་སྟེ། གསོམ་སྡོང་ལགས། ང་ལ་ཕན་ཐོགས་ གནང་བར་ཐུགས་རྗེ་ཆེ། ངས་དྲིན་ལན་འཇལ་བའི་ཆེད་ཁྱེད་ཀྱི་ འདོད་པ་བཞི་བསྒྲུབ་རྒྱུ་ཡིན། ཞེས་ཁས་ལེན་བྱས། གསོམ་སྡོང་གི་ལོ་མ་ཁབ་ནང་བཞིན་ཡོད་པ་དེར། བྱིའུ་ ཚང་བཟོ་མི་ཐུབ་པས་ཁོ་སེམས་པ་སྐྱོ་བཞིན་ཡོད་སྟབས། ཁོས་
21 གསོམ་སྡོང་དང། གྲུབ་ཐོབ། 21 ང་ལ་སྡོང་པོ་གཞན་དང་འདྲ་བའི་སྔོ་ལྗང་ཅན་གྱི་ལོ་མ་དགོས་ ཞེས་བཤད། སང་ཞོགས་ཁོའ་རེ་བ་དེ་ཡོངས་སུ་གྲུབ། འོན་ཀྱང་དེ་མ་ ཐག་ར་ཞིག་ཡོང་ནས་ལོ་མ་ཆ་ཚང་བཟས། ཡང་ཁོས། ཀྱེ། གྲུབ་ཐོབ་མཆོག ར་ཡིས་གསེར་གྱི་ལོ་མ་མི་ཟ་ བས། ང་ལ་གསེར་གྱི་ལོ་མ་དགོས་ཞེས་བཤད།
22 22 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སང་ཞོགས་གཉིད་ལས་སད་པ་ན། ཡ་མཚན་པ་ཞིག་ལ། ལོ་མ་ཚང་མ་གསེར་དུ་གྱུར་འདུག ཅུང་མ་འགོར་བར། མི་ཚོས་ གསེར་གྱི་ལོ་མ་རྣམས་བརྐུས་པ་རེད། ཡང་ཁོས། གསེར་གྱི་ལོ་མའི་ཚབ་ཏུ་ཤེལ་གྱི་ལོ་མ་དགོས་ ཞེས་བཤད།
23 གསོམ་སྡོང་དང། གྲུབ་ཐོབ། 23 ཕྱི་ཉིན། ཉི་ཟེར་ཁྲོད་དུ་ཤེལ་གྱི་ལོ་མ་འོད་འཚེར་བཞིན་ ཡོད། ཁོས་ ཨ་ཧ་ཧ། འདི་འདྲའི་སྐྱིད་པ་ལ་ཞེས་བཤད། དེའི་མཚན་མོར། འུར་འུར་... ཞེས་རླུང་ཤ གས་ཆེན་པོ་ བརྒྱབ་ནས་ཤེལ་གྱི་ལོ་མ་ཆ་ཚང་ཆག་ ཡང་ཁོས། ཀྱེ། གྲུབ་ཐོབ་མཆོག ད་ཡག་ཤོས་སྔོན་གྱི་ལོ་ མ་ཁབ་འདྲ་བ་དེ་རེད་འདུག ར་ཡིས་ཟ་མི་ཐུབ་ལ། མིས་མི་རྐུ། རླུང་གིས་ཀྱང་གཅོག་མི་ཐུབ་ཅེས་བཤད།
24 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ཁོ་སང་ཞོགས་གཉིད་སད་པ་ན། ལོ་མ་ཚང་མ་སྔོན་ལྟར་ཁབ་ འདྲ་བར་གྱུར་པ་རེད། ཁོས། ཨ་ཙི། སྐྱིད་པོ་འདི་འདྲ་གཏན་ནས་བྱུང་མ་མྱོང་ཞེས་ བཤད་དོ། 24
25 གསོམ་སྡོང་དང། གྲུབ་ཐོབ། 25 སྦྱོང་ཚན། བྱ་ཚིག མིང་ཚིག དང་པོ། སློབ་ཚན་ལས་བཙལ་ཏེ་མེ་ཏོག་གི་ལོ་མ་རེ་རེའི་སྟེང་མིང་ ཚིག་དང། བྱ་ཚིག་ལྔ་རེ་བྲིས།
26 26 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ལྡོག་ཕྱོགས། གཡོན། དལ་པོ། ཉན་པ། གཉིས་པ།
ལས་བཙལ་ཏེ་བྲིས།
ལོ་མའི་ཐོག་གི་ཚིག་རྣམས་ཀྱི་ལྡོག་ཕྱོགས་སློབ་ཚན་
27 གསོམ་སྡོང་དང། གྲུབ་ཐོབ། 27 གསུམ་པ། འགྲིག་རྟགས་དང། ནོར་རྟགས་རྒྱོབས། ཀ) གྲུབ་ཐོབ་དེ་ཕྱི་ལ་སྤྲོ་འཆམ་དུ་ཕྱིན། ཁ) ཆར་པ་བབས་ནས་གྲུབ་ཐོབ་བངས་པ་རེད། ག) གྲུབ་ཐོབ་ཆར་པས་བངས་པས་དགའ་ཐག་ཆོད། ང) གྲུབ་ཐོབ་ཀྱིས་འདོད་པ་བཞི་བསྒྲུབ་རྒྱུའི་ཁས་ལེན་བྱས། ཅ) གསོམ་སྡོང་གི་ལོ་མ་ཁབ་ནང་བཞིན་ཡོད། ཆ) གསོམ་སྡོང་སྒང་ལ་བྱིའུ་ཚང་མང་པོ་ཡོད། ཇ) གསེར་གྱི་ལོ་མ་ཚང་མ་ར་ཡིས་བཟས། ཉ) ལོ་མ་ལྗང་ཁུ་ཤེལ་དུ་གྱུར་པ་རེད། ཏ) གསོམ་སྡོང་གིས་ཡག་ཤོས་སྔོན་གྱི་ལོ་མ་དེ་ཡིན་པ་ཤེས།
28 28 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། བཞི་པ། དགེ་རྒན་གྱི་སྟངས་འཛིན་འོག་བྱེད་སྒོ་སྤེལ་རྒྱུ། ཀ ཁྱེད་རང་ཅི་ཞིག་ཆགས་འདོད་པ་ལྔ་བྲིས། ༡........... ༢........... ༣.......... ༤.......... ༥.......... ཁ ཁྱེད་རང་ལ་དགོས་མཁོ་ཆེ་བའི་ཅ་དངོས་ལྔ་བྲིས། ༡........... ༢........... ༣............ ༤.......... ༥...........
29 སྒྲ་མཐུན་ཐ་སྙད། 29 སློབ་ཚན་གསུམ་པ། དཀའ་ལས་ཁག་པ་ད་དཀའ་དང། ། བཀའ་སློབ་བཀའ་མོལ་བ་བཀའ་ཡིན། ། ཆུ་ཡི་རྐ་ནི་ར་རྐ་ཡིན། ། སྒྲ་མཐུན་ཐ་སྙད།
30 30 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། རྐུན་མ་རྐུ་བ་ར་རྐུ་ལ། ། བླ་མའི་སྐུ་ནི་ས་སྐུ་དང། ། ཀུ་ཅོ་འདོན་པ་ཀུ་རྐྱང་ཡིན། ། ལོ་ན་རྒ་བ་ར་རྒ་ལ། ། རྟ་ཡི་སྒ་ནི་ས་སྒ་དང། ། སེམས་པ་དགའ་བ་ད་དགའ་ཡིན། ། རི་དྭགས་དགོ་བ་ད་དགོ་ལ། ། ཁང་པའི་སྒོ་ནི་ས་སྒོ་དང། ། བགོ་བཤའ་རྒྱག་པ་བ་བགོའོ། །
31 སྒྲ་མཐུན་ཐ་སྙད། 31 རོལ་ཆའི་རྔ་ནི་ར་རྔ་ལ། ། ཞོགས་པ་སྔ་པོ་ས་སྔ་དང། ། གྲངས་ཀ་ལྔ་ནི་ལ་ལྔ་ཡིན། ། རྟག་པར་རྟག་ནི་ར་རྟག་ལ། ། གཅན་གཟན་སྟག་ནི་ས་སྟག་དང། ། གཉའ་བའི་ལྟག་ནི་ལ་ལྟག་ཡིན། ། གཅོད་པའི་གྲི་ནི་ག་གྲི་ལ། ། སྣོམ་པའི་དྲི་ནི་ད་དྲི་དང། ། ཆུ་སོགས་བྲི་བ་བ་བྲི་ཡིན། །
32 32 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། འབྲུ་རིགས་གྲོ་ནི་ག་གྲོ་ལ། ། ཟས་ཀྱི་བྲོ་བ་བྲོ་དང། ། མེ་དང་ཉི་མ་ད་དྲོ་ཡིན། ། རི་དྭགས་གླ་བ་ག་གླ་ལ། ། ཚེགས་ཆུང་སླ་བ་ས་སླ་དང། ། རྐང་པའི་བརླ་ནི་བ་ར་བརླ། །
33 སྒྲ་མཐུན་ཐ་སྙད། 33 དང་པོ། གཤམ་གྱི་པར་རིས་སོ་སོའ་འོག་ལ་མིང་འདེམས་སྐོང་གྱིས། སྒོ། གླ་བ། གྲི། དགོ་བ། སྐུ། སྟག སྒ། རྔ། ལྟག ....................................... ....................................... ....................................... སྦྱོང་ཚན།
34 34 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ....................................... ....................................... ....................................... ....................................... ....................................... ....................................... གཉིས་པ། སློམ་ཚན་ནས་བདམས་ཏེ་ཚིག་སྒྲུབ་བཟོས། དཔེར་ན་དཀའ་ལས་བརྒྱབ་ནས་ཆུ་རྐ་བྲུས། ༡. .................................................. ༢. ..................................................
35 སྒྲ་མཐུན་ཐ་སྙད། 35 ༣. .................................................. ༤. .................................................. ༥. .................................................. ༦. .................................................. གསུམ་པ། ཚིག་འདི་དག་དང་སྒྲ་འདྲ་བ་གཉིས་གཉིས་བྲིས། (སློབ་ཚན་ནང་ཡོད་པ་གཅིག་དང། མེད་པ་གཅིག་ཡིན་དགོས་) 1. རྟག་............................................... 2. བྲི................................................. 3. གླ་བ་............................................. 4. རྔ་................................................ 5. གྲོ་.................................................. 6. སྒོ་.............................................. བཞི་པ། སློབ་ཚན་ནང་གི་ཡི་གེ་སྔོན་པོ་རྣམས་མིང་ཚིག་དང། བྱ་ ཚིག་སོར་སོར་ཕྱེས།
36 36 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ངའི་གྲོགས་པོ། སློབ་ཚན་བཞི་པ། ཁྱིམ་མཚེས། རྩིས་གཞི། ཐབས་རྡུགས། དགོང་དྲོ། ཟོལ་མེད། ཡ་མཚན། ངོ་མ། ཡོན་ཏན་ནི་ངའི་ཁྱིམ་མཚེས་ཡིན་པ་མ་ཟད། གྲོགས་པོ་
37 ངའི་གྲོགས་པོ། 37 ཡག་ཤོས་ཀྱང་ཡིན། ཐེངས་ཤིག སློབ་གྲྭའི་ནང་ཨང་རྩིས་རྒྱུགས་སྤྲོད་སྐབས། ངས་རྩིས་གཞི་གཉིས་མ་ཤེས་པར་ཡོན་ཏན་ལ་ལྐོག་ནས་དྲིས་ ཀྱང་ཁོས་བཤད་མ་བྱུང། ངའི་སེམས་ལ་གྲོགས་པོ་ཐབས་རྡུགས་ ཤིག་འདུག་སྙམ། སློབ་གྲྭ་གྲོལ་རྗེས་ང་རང་གཅིག་པུ་ནང་ལ་ ལོག དགོང་དྲོ་ངས་རང་སྦྱོང་བྱེད་སྐབས། ཡོན་ཏན་བསླེབས་ བྱུང། ངས་ཁོ་ལ་ལྟ་ཙམ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།
38 38 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ཡོན་ཏན་གྱིས་བསམ་པ་བཟང་པོའ་ངང་ང་ལ། རྒྱུགས་སྤྲོད་ སྐབས་བཤད་ན་ཁྱོད་ལ་གནོད་པ་ལས་ཕན་ཐོགས་མེད། རྩིས་ གཞི་དེ་གཉིས་ངས་བཤས་ཡོད། ད་ལྟ་ཁྱོད་ལ་བསླབ་ཆོག ཅེས་བཤད་ཞོར་དུ་ངའི་འགྲམ་དུ་བསྡད་དེ་བསླབས་བྱུང། ངས་ རྩིས་གཞི་དེ་གཉིས་ཤེས་རྗེས། ཡོན་ཏན་དགའ་སྤྲོ་ཆེན་པོའ་ ངང་རང་ཁྱིམ་དུ་ལོག ཕྱི་ཉིན། རྩིས་གཞི་དེ་གཉིས་རྒན་ལགས་ཀྱིས་ང་ལ་ནག་
39 ངའི་གྲོགས་པོ། 39 པང་ཐོག་རྩིས་རྒྱག་ཏུ་བཅུག་བྱུང། ངས་ལམ་སང་བརྩི་ཐུབ་ པ་བྱུང་བས། དགེ་རྒན་ཡ་མཚན་ཏེ། ཁ་སང་ཁྱོད་ཀྱིས་རྩི་ཤེས་ མི་འདུག དེ་རིང་མགྱོགས་པོ་དེ་འདྲར་བརྩི་ཐུབ་པ་ཅི་ཡིན། ཞེས་བཀའ་འདྲི་གནང་བྱུང། ངས་ཡོན་ཏན་ལ་མཛུབ་མོ་བཙུགས་ཏེ། ཁོང་གིས་ང་ལ་ བསླབས་བྱུང། ཞེས་ཞུས། རྒན་ལགས་དགའ་ཚོར་ཆེན་པོས། ཁྱེད་རང་གཉིས་ངོ་མ་གྲོགས་པོ་ཡག་ཤོས་རེད་ ཅེས་གསུངས།
40 40 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྦྱོང་ཚན། དང་པོ། སློབ་ཚན་དུ་མེད་པའི་སྒྲ་མཐུན་པ་གཉིས་ཚོལ་ གྲོགས། གྲྭ། མགྱོགས། བཀའ། གནང། གཉིས་པ། གོ་སྡུར་གྱིས། ཀ སློབ་གྲྭ་གྲོལ་རྗེས་ཁོ་གཅིག་པུ་ནང་དུ་ལོག་དོན་གང་ཡིན་ནམ། ཁ དགེ་རྒན་ཡ་མཚན་དགོས་དོན་ཅི་ཡིན་ནམ། ག ཡོན་ཏན་གྱིས་ཨང་རྩིས་ཡིག་ཚད་སྐབས་རོགས་པ་མི་བྱེད་དོན་གང་ཡིན། སློབ་ཚན་འདི་དང་དོན་སྙིང་མཚུངས་པའི་སྒྲུང་ཞིག་ཀློག་འདོད་ན་འཛིན་རིམ་ལྔ་པའི་ སློབ་དེབ་ནང་[དྲེད་མོང་འཕྱི་འཛིན་]ཞེས་པའི་སློབ་ཚན་གྱི་སྦྱོང་ཚན་ལ་གཟིགས།
41 ངའི་གྲོགས་པོ། 41 གསུམ་པ། སློབ་ཚན་ལས་རང་གི་མ་ཤེས་པའི་ཚིག་ཇི་ཡོད་ཟུར་འདོན་གྱིས། མིང་ཚིག བྱ་ཚིག བཞི་པ།
རི་མོར་འདི་འགྲེལ་བཤད་ཞིག་བྲིས།
42 42 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། རེས་གཟའ་བདུན། ལ ོ ་དང་སྤྱ ི ་ ལོ ་ དུས་རབས་དང།ལོ ་ རབ ས ་ ར བ བྱུ་ ངཟླ་ བ་ག་ཉ།འཟནིགཞ་ཉ་ོསྟ་རབྱད་དིཔད།ངད་མ་གཞ་མ་ི་ནགུད་ན སདུ ་ ཚ ག ས ་བཞ ི།དུ ས ་ ཚོད་སྐར་མ་སྐར་ཆ་ཐུན། ཇའ ི སམརྣ་དཅུབ་དོསྣ་སོཔ་དེབྱ་ནེརྟ་ག ། ཉ ་ མ ་ དྲུ ག ་ར ིང ་ངལ ་བས་བཟོས།དེ་རྗེས་ངལ་གས་ཉ ི ན་གཅ ི ག་མཛད། རེས་གཟའ་བདུན་གྱི ་ རྣམ་ ག ཞ ག བྱུ་ །ང ཡ ཤ་ེ འ ཆ་ིསོཀྱ་ངཞུག་ིལ་།ལསག་ གཟའ་ཉ ི ་མ་ ་སངས་པ་འཟག ་བ་རཕ་འཟག ག ཟ འ ་ སེན ་པ་ གཟའ་ཟ་བ་ གཟའ་མ ི ག་ དམ ར ་ གགལ་འཟ་པ་ ཉ ི ་ ཟླའི ་ འཁོར་ཕྱོ གས་ དྲ ་ གྲ ང མན།སལ་ཞབ་སདུ་ ི ་ ཡ བྱད་ི ེ ་ ོབ།ངབྱུ་བིཀྱ་ད ་ ཡུ ལ ་དུ་ཧ ་ཅང་གསལ། ི ་ ཀ་ དགནཁ་ བད ་ ས ོ ན སློབ་ཚན་ལྔ་པ།
གཟའ་ཉི་མ། ལས་ཁུངས་དང་སློབ་གྲྭ་ཚང་མ་གུང་གསེང་ཡིན། ང་ཨ་མ་ལགས་དང་མཉམ་དུ་ཁྲོམ་ལ་འགྲོ་གི་ཡོད། གཟའ་ཟླ་བ། ལས་ཁུངས་དང་སློབ་གྲྭ་སོགས་སྒོ་ཕྱེས་ནས་ལས་ ཀར་འགྲོ་བས། རེས་གཟའ་བདུན་ནས་དང་པོ་རྩི་སྲོལ་ཡོད་ གཟའ་མིག་དམར། ངའི་ཨ་མ་ལགས་གཟའ་མིག་དམར་ལ་ སྐྱེས་པས། མིག་དམར་ལྷ་མོ་ཞེས་མིང་བཏགས་ཡོད། གཟའ་ལྷག་པ། ༸གོང་ས་མཆོག་གི་བླ་གཟའ་ཡིན། ཉིན་དེར་ བོད་ཆས་གྱོན་པ་དང། བསང་གསོལ་གཏོང་བ་བཅས་ལྷག་ དཀར་སྲུང་བརྩི་བྱེད་ཀྱི་ཡོད། གཟའ་ཕུར་བུ། ངའི་སྲོག་གཟའ་རེད་ ཉིན་དེར་བྱ་བ་གང་ ཞིག་བྱས་ཀྱང་ལམ་འགྲོ་ཡོང་གི་ཡོད། གཟའ་པ་སངས། པ་སངས་བྱ་བ་ཀུན་ལ་བཟང་ཟེར་བ་བཞིན་ བྱ་བ་གསར་པ་འགོ་འཛུགས་བྱས་ན་བཟང་བ་ཡིན། གཟའ་སྤེན་པ། གཟའ་སྤེན་པ་གཉིས་པ་ནམ་ཡིན་ལ། ང་ཚོའི་ སློབ་གྲྭ་གུང་གསེང་རེད།
གླུ་གཞས་ ཉི་མ་མིག་དམར་མེ་ཡི་ཁམས། ཟླ་བ་ལྷག་པ་ཆུ་ཡི་ཁམས།
ཕུར་བུ་སྒྲ་གཅན་རླུང་གི་ཁམས།
པ་སངས་སྤེན་པ་ས་ཡི་ཁམས།
45 རེས་གཟའ་བདུན། 45 སྦྱོང་ཚན། དང་པོ་ དྲི་བར་ལན་ཐོབས། ༡. གཟའ་འཁོར་གཅིག་ལ་ཉིན་ག་ཚོད་ཡོད་དམ། ༢. གཟའ་ལྷག་པ་ལ་ག་རེ་བྱེད་ཀྱི་ཡོད་དམ། ༣. སློབ་གྲྭའི་གུང་གསེང་གཟའ་ག་དུས་ཡིན་ནམ། ༤. བྱ་བ་བཟང་པོའ་རིགས་གཟའ་ག་དུས་འགོ་འཛུགས་དགོས་སམ་ ༥. རང་གི་སྲོག་གཟའི་ཉིན་ག་རེ་བྱེད་དགོས་སམ།
46 46 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གཉིས་པ། མཐུན་སྦྱོར་གྱིས། གཡོན། གཡས། གཟའ་ཉི་མ། ༸གོང་ས་མཆོག་གི་བླ་གཟའ། གཟའ་ཟླ་བ། བྱ་བ་ཀུན་ལ་བཟང། གཟའ་ལྷག་པ། སློབ་གྲྭ་ཚང་མ་གུང་གསེང་ཡིན། གཟའ་པ་སངས། ལས་འགོ་འཛུགས་ཀྱི་རེད། གཟའ་སྤེན་པ། གཉིས་པ་ནམ་ཡིན་ལ་གུང་གསེང་རེད།
47 རེས་གཟའ་བདུན། 47 གསུམ་པ། གཟའ་འཁོར་གཅིག་གི་ནང་ཁྱེད་རང་གིས་གང་བྱེད་ཀྱི་ཡོད་ པ་རྣམས་རེའུ་མིག་ནང་དུ་བྲིས། རེས་གཟའ། བྱེད་སྒོ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། གཟའ་ཉི་མ་
48 48 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གཟའ་ཟླ་བ། དཔྲལ་བ། གཟའ་མིག་དམར། མིག་ གཟའ་ལྷག་པ། རྣ་བ་ གཟའ་ཕུར་བུ། སྣ། གཟའ་པ་སངས། ཁ། གཟའ་སྤེན་པ། མ་ནེ། གཟའ་ཉི་མ། སྤྱི་གཙུག བཞི་པ། མགོའ་ཆ་ཤས་ལ་སྦྱར་ནས་རེས་གཟའ་བདུན་རྩི་སྲོལ་ཞིག་འདུག
49 དཔིད་ཀ་མེ་ཏོག་ཤར། མེ་ཏོག་སྤང་ལ་ཤར། སྐྱིད་ཤོས་རེད། སྐྱིད་ཤོས་རེད། དབྱར་ཁ་ཉི་མ་ཤར། ཉི་མ་ཚ་པོ་ཤར། ཆུ་རྐྱལ་ལ་འགྲོ། ཆུ་རྐྱལ་ལ་འགྲོ། གླུ་གཞས། ནམ་དུས་བཞི། རེས་གཟའ་བདུན། 49
50 དགུན་ཁ་ཁ་བ་བབས། ང་ཚོ་གངས་རྩེད་རྩེ། སྐྱིད་ཤོས་རེད། སྐྱིད་ཤོས་རེད། སྟོན་ཁ་ལོ་མ་ལྷུང། ལོ་མ་ས་ལ་ལྷུང། སྐྱོ་ཤོས་རེད། སྐྱོ་ཤོས་རེད།
མཐོ། དམའ། ཐོག འོག བཟང། ངན། རང། གཞན། སློབ་ཚན་དྲུག་པ། ལྡོག་ཕྱོགས། ལྡོག་ཕྱོགས། 51
52 52 མདུན། རྒྱབ། བདེ། སྡུག མགྱོགས། དལ། གཡས། གཡོན། ཕྱི། ནང།
53 53 འཇམ། རྩུབ། ཉིན། མཚན། མཐའ། དཀྱིལ། ལྕི། ཡང། རིང། ཐུང། ལྡོག་ཕྱོགས།
54 རྩེ་མོ། རྩ་བ། ཕར། ཚུར། ཐག་ཉེ། ཐག་རིང།
55 ལྡོག་ཕྱོགས། 55 དང་པོ། ངག་ཐོག་ནས་ཚིག་སྒྲུབ་ཤོད། མཐོ། སྒང། ངན། སྡུག རྒྱབ། མགྱོགས། རྩུབ། མཚན། གཉིས་པ། ལྡོག་ཕྱོགས་ཀྱིས་ཁ་སྐོངས། ཀ) མཐོ་བ་གནམ་གྱི་ཉི་ཟླ། བ་ས་ཡི་མེ་ཏོག ཁ) ཕྱི་ལ་ཞབས་བྲོ་རྒྱག་པར་ ལ་རྡོག་གྲལ་འགྲིག་དགོས་ ག) བསམ་པ་ངན་པ་གཞན་ལ་བྱས་ན། འབྲས་བུ་ངན་པ་ ལ་འཁོར། ང ) རྟ་ཕོ་མགྱོགས་ལ། བོང་བུ། ཅ) ཉིན་མོའ་མི་དང། མོའ་ཁྱི། སྦྱོང་ཚན།
56 56 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གསུམ་པ། ལྡོག་ཕྱོགས་ཕན་ཚུན་ཐིག་འཐེན། སྒང། རྫུན། མགོ ཡིན། བདེན། མཇུག ཡོད། མེད། མིན། གཤོངས། བཞི་པ། སློབ་ཚན་ནང་མེད་པའི་ལྡོག་ཕྱོགས་ཀྱི་དཔེར་བརྗོད་ལྔ་བྲིས། དཔེར་ན། དཀར་པོ། ནག་པོ། ༡.................. ..................
57 ལྡོག་ཕྱོགས། 57 ༢.................. .................. ༣.................. .................. ༤.................. .................. ༥.................. .................. ལྔ་པ། འགྲིག་རྟགས་དང། ནོར་རྟགས་རྒྱོབ། ༡. དཀར་ནག་གཉིས་ལྡོག་ཕྱོགས་རེད། ༢. དམར་སེར་གཉིས་ལྡོག་ཕྱོགས་རེད། ༣. མགྱོགས་པོའ་ལྡོག་ཕྱོགས་མྱུར་པོ་རེད། ༤. བདེ་སྡུག་གཉིས་ལྡོག་ཕྱོགས་རེད། ༥. བདེན་པའི་ལྡོག་ཕྱོགས་སྡུག་བསྔལ་རེད།
58 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། དྲུག་པ། པར་རིས་གོང་འོག་གཉིས་ལ་ཁྱད་པར་དྲུག་ཡོད་པ་ངོས་འཛིན་གྱིས། 58 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
59 དྲི་བ་དྲིས་ལན། 59 སློབ་ཚན་བདུན་པ། དྲི་བ་དྲིས་ལན། མཆོད་གཤོམ། ལྷ་སྐུ། ཆ་སྒམ། ཅོག་ཙེ། ཉལ་ཁྲི། ཁང་པ། བརྙན་འཕྲིན། འཁྱག་སྒམ། གདན་ཁྲི། རྐུབ་བཀྱག རི་བོང། རྟ་པ། མཆོད་གཤོམ་སྦུག་ལ་ག་རེ་འདུག མཆོད་གཤོམ་སྦུག་ལ་ལྷ་སྐུ་འདུག
60 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ཆ་སྒམ་ངོས་ལ་ཅི་ཞིག་འདུག ཆ་སྒམ་ངོས་ལ་རི་མོ་འདུག ཅོག་ཙེའི་སྒང་ལ་ཅི་ཞིག་བཞག ཅོག་ཙེའི་སྒང་ལ་ཕོར་པ་བཞག ཉལ་ཁྲིའི་འོག་ལ་གང་ཞིག་འདུག ཉལ་ཁྲིའི་འོག་ལ་ཁྱི་ཞིག་འདུག (ཉལ་ཁྲིའི་སྒང་ལ་མི་ཞིག་ཉལ) 60 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
61 དྲི་བ་དྲིས་ལན། དྲི་བ་དྲིས་ལན། 61 ཁང་པའི་ཕྱི་ལ་ཅི་ཞིག་འདུག ཁང་པའི་ཕྱི་ལ་མི་ཞིག་འདུག བརྙན་འཕྲིན་ནང་ནས་ཅི་ཞིག་མཐོང། བརྙན་འཕྲིན་ནང་ནས་ལྟད་མོ་མཐོང་ འཁྱག་སྒམ་མདུན་ལ་ཅི་ཞིག་འདུག འཁྱག་སྒམ་མདུན་ལ་འབོལ་ཁྲི་འདུག
62 62 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། རྐུབ་བཀྱག་རྒྱབ་ལ་སུ་ཞིག་ལངས། རྐུབ་བཀྱག་རྒྱབ་ལ་མི་ཞིག་ལངས། རི་བོང་འཁྲིས་ལ་གང་ཞིག་འདུག རི་བོང་འཁྲིས་ལ་བྱིའུ་ཕྲུག་འདུག ལམ་གྱི་ཟུར་དུ་སུ་ཞིག་འགྲོ་གིན་འདུག ལམ་གྱི་ཟུར་དུ་རྟ་པ་འགྲོ་གིན་འདུག
63 དྲི་བ་དྲིས་ལན། 63 དང་པོ། ཐིག་གིས་སྦྲེལ་བ་གཉིས་ཀྱི་སྒྲ་བསྡུར་དགོས། མཆོད། ཁྱོད། ཆ། འཆའ། ཙེ་ གཙེ། བཀྱག ཀྱག བརྙན། ཉན། སྒམ། གམ། ལྷ། བླ། གདན། དན། ཅོག གཅོག སྦྱོང་ཚན། གཉིས་པ། སློབ་ཚན་ལས་ལྡོག་ཚིག་ཇི་ཙམ་བཙལ་ཐུབ་པ་རྣམས་ཕྱེ་མ་ ལེབ་ཀྱི་གཤོག་པ་གཡས་གཡོན་ལ་བྲིས། དཔེར་ན། སྦུག མདོ།
64 64 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གསུམ་པ། རི་མོར་བལྟས་ནས་མཐུན་སྦྱོར་གྱིས། རྐང་འཁོར་ མེ་ཏོག་ ཆུ་ཟོམ་ ཤིང་སྡོང་ སྤྲེའུ་ ནི་ ཁྲོན་པའི་ ཁང་པའི་ ཐོག་ཁའི་ ལམ་གྱི་ རྐ་ལའི་ འགྲམ་ འོག་ སྒང་ མདུན་ རྒྱབ་ ལ་འདུག འཁོར་ཁང། སྒེའུ་ཁུང། རྐང་འཁོར། ཆུ་རྐ་ལ། ཆུ་ཟོམ། ལམ། རྒྱལ་སྒོ། སྒོ་ར། བར་ཁྱམས། སྒོ། མོ་ཊ། མེ་ཏོག ཁྲོན་པ། ཤིང་སྡོང། རྩྭ། སྤྲེའུ། རྡོ་སྐས།
65 དྲི་བ་དྲིས་ལན། 65 བཞི་པ། གོང་གི་རི་མོར་བལྟས་ནས་ལན་ཐོབས། ཁྲོན་པ་དེ་གང་དུ་འདུག་གམ། མོ་ཊ་གང་གི་ནང་ལ་འདུག་གམ། ཆུ་རྐ་ལ་དེ་གང་དུ་འདུག་གམ། རྡོ་སྐས་དེ་གང་དུ་འདུག་གམ། སྡོད་ཁང། ཐབ་ཚང། ཉལ་ཁང། ཁྲུས་ཁང། འཁོར་ཁང། བར་ཁྱམས།
66 66 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ལྔ་པ། གོང་གི་རི་མོར་བལྟས་ནས་བར་སྟོང་སྐོངས། ང་ཚོ་ .................... .................... .................... .................... .................... ནང་ལ་ ཁ་ལག་ཟ་ཡི་ གཉིད་ཁུག་གི་ ཁ་ལག་བཟོ་ཡི་ ཁྲུས་རྒྱག་གི་ ངལ་གསོ་ཡི་ ཡོད། ང་ཚོ་ .................... .................... .................... .................... .................... ནང་ལ་ ཁ་ལག་ཟ་ཡི་ གཉིད་ཁུག་གི་ ཁ་ལག་བཟོ་ཡི་ ཁྲུས་རྒྱག་གི་ ངལ་གསོ་ཡི་ མེད།
67 རླུང་དང། ཉི་མ། མི། སློབ་ཚན་བརྒྱད་པ། ཀྭ་ཡེ་ཉི་མ། ལམ་ལ་འགྲོ་བཞིན་པའི་མི་དེར་ གཟིགས་དང། ངས་ཁོའ་སྟོད་ཐུང་དེ་ལམ་སང་འཕུད་ཐུབ་ ཅེས་སྤོབས་པ་ཆེན་པོས་བཤད། སྤོབས་པ། འཛུམ། འགྲམ་པ། བརྔུབས། སྤྲོས། ཁྱད་མཚར། བཟོད། རྔུལ་ཆུ། 67 རླུང་དང། ཉི་མ། མི།
68 ང་གཉིས་སུ་ མགྱོགས་བལྟ་ཆོག ཁྱེད་ རང་གིས་སྔོན་ལ་འཕུད་ཐུབ་ པ་གྱིས་དང། ངས་རྗེས་ལ་ འཕུད་ཆོག ཅེས་འཛུམ་ བཞིན་བཤད། 68 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
69 དབུགས་འགྲམ་པ་གང་བརྔུབས་ནས། ཕུ་ཧུའུ་ ... ཕུ་ཧུའུ་... ཞེས་ཤ གས་ཆེན་པོས་ཕུ་བརྒྱབ། དེ་རིང་འདི་འདྲའི་རླུང་ཤ གས་ཆེ་བ་ལ། ངའི་ སྟོད་ཐུང་འཁྱེར་ས་རེད། ཅེས་རང་གི་སྟོད་ཐུང་དམ་པོར་ བསྡམས། 69 རླུང་དང། ཉི་མ། མི།
70 ཕུ་ཧུའུ་... ཕུ་ཧུའུ་... ཞེས་ཕུ་ཤ གས་ཆེ་རུ་ བཏང། ཨ་ཆུ་ཆུ། འདི་འདྲའི་རླུང་གྲང་བ་ལ། ཞེས་སྟོད་ ཐུང་དམ་པོར་འཇུས། ཉི་མ་ལགས། ངས་ཁོའ་སྟོད་ཐུང་འཕུད་ཐུབ་མ་ སོང། ཞེས་མགོ་བོ་སྨད་དེ་བཤད། ཀྭ་ཡེ་རླུང་ལགས། ད་ངས་གཅིག་ལྟ་གི་ཡིན་ཞེས་ བཤད་ནས་ཁོས་འོད་ཤ གས་ཆེན་པོ་སྤྲོས། ཨ་ཙི། འདི་འདྲའི་གནམ་གཤིས་ཁྱད་མཚར་བ་ལ། ད་ལྟ་རང་གྲང་མོ་ཡིན་གྱིན་ཡིན་གྱིན། ཡང་ཚ་པོ་ཆགས་སོང། ཞེས་བཤད། 70 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
71 ངས་མི་དེ་ཚ་བས་ཚིག་ནས་བཟོད་མ་ཐུབ་པ་ཞིག་ བཟོ་གི་ཡིན། ཞེས་བཤད་ནས་འོད་ཤ གས་ཆེ་རུ་བཏང། ད་སྟོད་ཐུང་མི་འཕུད་ཀ་མེད་ཆགས་སོང། ཞེས་ གདོང་པའི་རྔུལ་ཆུ་འབྱིད་བཞིན། སྟོད་ཐུང་ཕུད། ཧ་ཧ་ཧ་ ང་ལ་རྒྱལ་ཁ་ཐོབ་སོང། ཞེས་བཤད་ 71 རླུང་དང། ཉི་མ། མི།
72 72 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོ་རྒྱུ། དཔེར་ན། འཕུད།སྟོད་ཐུང་འཕུད། གཟིགས།  འཇུས།  སྤྲོས།  ཚིག  བཟོད།  འབྱིད།  གཉིས་པ། ངག་ཐོག་ནས་བརྗོད་པ་ཤོད་རྒྱུ། འོད་ཤ གས། གནམ་གཤིས། ཁྱད་མཚར། གྲང་མོ། ཚ་བ། རྔུལ་ཆུ།
73 རླུང་དང། ཉི་མ། མི། 73 གསུམ་པ། དྲི་བར་ལན་འདེབས་བྱེད་དགོས། ༡. རླུང་གིས་མི་དེའི་སྟོད་ཐུང་འཕུད་ཐུབ་པ་བྱུང་ཡོད་དམ། ༢. ཉི་མས་མི་དེའི་སྟདོ་ཐུང་འཕུད་ཐུབ་ཡོད་དམ། ༣. མཐའ་མའི་རྒྱལ་ཁ་དེ་སུ་ལ་ཐོབ་བམ། བཞི་པ། སྐད་ཆ་འདི་རྣམས་སུས་སུ་ལ་བཤད་དམ། ༡. ངས་མི་དེའི་སྟོད་ཐུང་ཁྱོད་ལས་མགྱོགས་པ་འཕུད་ཐུབ་ཀྱི་རེད། ༢. ངས་རྗེས་ལ་བལྟ་ཡི་ཡིན། ཁྱེད་ཀྱིས་སྔོན་ལ་བྱོས་དང། ༣. འདི་འདྲའི་རླུང་གྲང་བ་ལ། ཞེས་སྟོད་ཐུང་དམ་པོར་འཇུས། ༤. ངས་ཁོའ་སྟོད་ཐུང་འཕུད་ཐུབ་མ་སོང། ཞེས་མགོ་བོ་སྨད་དེ་ཤད། ༥. ང་ལ་རྒྱལ་ཁ་ཐོབ་སོང།
74 74 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། . མཚོ་མོས་དེབ་ཁྱེར་ཏེ་བྲོས་ཕྱིན་ན་... . མཚོ་མོས་རྡོ་རྗེ་ལ་འཛིང་ན་... . མཚོ་མོས་རྡོ་རྗེ་ལ་སྐད་ཆ་བཤད་ན་... ལྔ་པ། རྡོ་རྗེ་ཡིས་མཚོ་མོའ་དེབ་གསར་པ་དེ་འཕྲོག་རྩིས་བྱས་པ་རེད། མཚོ་མོས་གཤམ་གྱི་ཐབས་ཤེས་གང་ཞིག་སྤྱད་ན་ལེགས་ཤོས་རེད་དམ་ ཚོགས་ཆུང་ཆ་བགོས་ཀྱིས་བགྲོ་གླེང་བྱོས།
75 རླུང་དང། ཉི་མ། མི། 75 . རྡོ་རྗེ་ལ་ཞུ་བ་འཐེན་ན་... . ཟུར་ཞིག་ཏུ་ངུས་ནས་བསྡད་ན་... . ད་དུང་ཐབས་ཤེས་གསར་པ་གང་ཡོད་དམ། དྲུག་པ། སློབ་ཚན་ལས་མིང་ཚིག་དང། བྱ་ཚིག་བཅུ་རེ་ཟུར་འདོན་གྱིས། མིང་ཚིག བྱ་ཚིག
76 76 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། རྒྱུན་སྤྱོད་བྱ་ཚིག གཏོང། ལེན། བཟས། རྩེས། བརྒྱབ། རྒྱག ལངས། བསྲུབས། བསྒྲིགས། འཕུར། བཟུང། ཕྱེས། གྱོན། བརྡབ། མནན། བསྐོར། དཀྲོལ། འཁྲབ། བསྡད། གསོས། རྦག་རྦག་གཏོང་བཞིན་ ཤ་གླུ་ལེན། སློབ་ཚན་དགུ་པ།
77 རྒྱུན་སྤྱོད་བྱ་ཚིག 77 ཉིན་མོ་སྒོམབརྒྱབ་ མཚན་མོ་རྩིས་རྒྱག བོང་བུས་རྩྭ་བཟས་ མིས་ཀམ་པུ་ཊར་རྩེས།
78 78 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ཁ་སྤྲོད་དུ་ ལངས་ ནས་ མདོང་མོའ་ནང་ཇ་བསྲུབས། བྱ་ཁྱུ་བང་བསྒྲིགས་ ནས་གནམ་ལ་འཕུར། ལག་གཡས་པས་ཟོ་བ་ བཟུང།གཡོན་མས་སྦྲ་སྒོ་ཕྱེས།
79 རྒྱུན་སྤྱོད་བྱ་ཚིག 79 ཤྭ་བས་སྒྲིག་ཆས་ གྱོན་ནས་སྤོ་ལོ་བརྡབ། སྟག་རྐང་པས་མནན། སྦྲུལ་ཀླད་ལ་བསྐོར།
80 80 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། བུ་ཡིས་སྒྲ་སྙན་ དཀྲོལ་ ཏེ་ཞབས་བྲོ་འཁྲབ། བུ་མོ་ས་ལ་ བསྡད་ དེ་ངལ་གསོས།
81 རྒྱུན་སྤྱོད་བྱ་ཚིག 81 སྦྱོང་ཚན། དང་པོ། བྱ་ཚིག་རྣམས་འོག་གི་རྫ་མའི་ནང་བླུགས། འགྲོ། ལམ། རིག རིགས། མཐུན། མཇལ། གཡག རི། བཟོས། བཞུས། འཐུང། བཟས། འཕུར། གནམ། བྱ། མཇལ།
82 82 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གཉིས་པ། བརྗོད་དུམ་འདི་ལས་བྱ་ཚིག་ལྔ་ཟུར་འདོན་གྱིས། ཉིན་ཞིག་ ང་སློབ་གྲྭ་ལ་འགྲོ་བའི་ལམ་བར་དུ་ལུ་གུ་ཆུང་ཆུང་ཞིག་གི་འབའ་སྒྲ་ ཐོས་བྱུང། ངས་ཅི་ཡིན་བསམས་ནས་ཕར་ཚུར་བལྟས་པའི་ཚེ། གྲོག་ཤ ར་ཞིག་ གི་ནང་ལུ་གུ་ཞིག་ཡར་ཐོན་མ་ཐུབ་པར་བསྡད་འདུག ངས་དེ་མ་ཐག་རང་གི་ དཔེ་ཁུག་མར་ཕབ་ནས་ལུ་གུ་ཡར་བཏོན་པ་ཡིན། གསུམ་པ། རི་མོ་རེ་ལ་བྱ་བ་རེ་སྦྱོར། དཔེར་ན། སྤོ་བོས་རླུང་འཕྲིན་ལ་ཉན།
83 རྒྱུན་སྤྱོད་བྱ་ཚིག 83 བཞི་པ། ༡. སྟག་མེད་པའི་་སྐབས་ཀྱི་རི་མོར་བལྟས་ཏེ། མཐུན་སྦྱོར་གྱིས། སྦྲུལ་ སྤྲེའུ་ ཤྭ་བ་ སྤྱང་ཀི་ ནེ་ཙོ་ གླང་ཆེན་ གང་སར་བརྒྱུགས། གནམ་ལ་འཕུར། ཡལ་ག་ལ་འཇུས། ལུས་པོ་བཀྲུས། ཤིང་སྡོང་ལ་འཁྱུད། ཆུ་བཏུང།
84 84 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ༢. སྟག་ཡོང་བའི་རྗེས་སུ་རི་མོར་བལྟས་ཏེ། བྱ་ཚིག་རེ་སྦྱོར་དགོས། སྟག་ཡོང་བའི་སྐབས་ སྤྱང་ཀི་ཤིང་སྡོང་འགྲམ་ནས། ནེ་ཙོ་ཤིང་སྡོང་སྒང་ནས། སྦྲུལ་ཡལ་གའི་རྩེ་ལ། གླང་ཆེན་གྱིས་སྟག་ལ། སྤྲེའུ་གཉིས་གཅིག་གིས་གཅིག་ལ། ཤྭ་བ་ཆུའི་དཀྱིལ་ནས།
85 རྒྱུན་སྤྱོད་བྱ་ཚིག 85 ༣. སྟག་ཡོད་པ་དང། མེད་པའི་རི་མོ་ལ་བལྟས་ཏེ་སེམས་ཅན་སོ་སོས་ ཅི་ཞིག་བྱེད་ཀྱི་ཡོད་པའི་བརྗོད་དུམ་རེ་བྲིས། དཔེར་ན། (ནེ་ཙོ་ཤིང་སྡོང་གཉིས་ཀྱི་བར་ནས་འཕུར་བའི་སྐབས། སྟག་ཡོང་བ་དང། ཤིང་ སྡོང་སྒང་ནས་འཕུར་ཏེ་སོང་)
86 86 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། བྱ་བའི་བརྒྱུད་རིམ། ལོ་ཏོག་སྨིན། འབྲུ་བརྔོས། ཡོས་འཐག སྤགས་བརྫིས། སློབ་ཚན་བཅུ་པ།
87 བྱ་བའི་བརྒྱུད་རིམ། 87 ཀ) གོང་གི་པར་རིས་རེ་ལ་བལྟས་ཏེ་བརྗོད་པ་རེ་འབྲི་ཐུབ་བམ། ཞིང་ཁར་ལོ་ཏོག་སྨིན། ................................................ ................................................ ................................................ ཁ) པར་རིས་འདིའི་སྐོར་གྱི་བརྗོད་པ་ཞིག་བྲིས། .............................................................................................................................................. ................................................................................................................................................
88 88 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། འོ་མ་བཞོ། ཞོ་བསྙལ། འོ་མ་དཀྲོགས། མར་བཏོན། ཆུར་བ་བསྐམས།
89 བྱ་བའི་བརྒྱུད་རིམ། 89 ཀ) གོང་གི་པར་རིས་ལ་བལྟས་ཏེ་བརྗོད་པ་རེ་འབྲི་ཐུབ་བམ། འབྲོག་མོས་འོ་མ་བཞོ། ................................................ ................................................ ...................................... ཁ) འབྲོག་པའི་བུ་མོ་ གཉིས་ཀྱིས་ཅི་ཞིག་ བྱེད་ཀྱི་འདུག ............................................................................................................................................... ..................................................................... ......................................................................
90 90 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། འབྲས་ཞིང་འདེབས། ཆུ་འབྲས་སྐྱེས། འབྲས་བཙོས། གྲོ་མ་འབྲས་སིལ་བཟོས།
91 བྱ་བའི་བརྒྱུད་རིམ། 91 ཀ) གོང་གི་པར་རིས་རེ་ལ་བལྟས་ཏེ་བརྗོད་པ་རེ་འབྲི་ཐུབ་བམ། ཞིང་པས་འབྲས་ཞིང་འདེབས། ................................................ ................................................ ............................................ ཁ) རི་མོ་འདིའི་ནང་ཅི་ཞིག་ བྱེད་ཀྱི་ཡོད་པ་རང་གིས་ མཐོང་སྣང་བཞིན་བྲིས་ ........................................................................................................................................................ ........................................................................................................................................................ .............................................................................................................................
92 92 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། བལ་འབྲེག སྐུད་པ་འཁེལ། སྣམ་བུ་འཐག
ལྭ་བ་འཚེམ།
93 བྱ་བའི་བརྒྱུད་རིམ། 93 ཀ) གོང་གི་པར་རིས་ལ་བལྟས་ཏེ་བརྗོད་པ་རེ་འབྲི་ཐུབ་བམ་ འབྲོག་པས་ལུག་བལ་འབྲེག ................................................ ................................................ ................................................ ཁ) སྤོ་བོ་དང་རྨོ་མོ་གཉིས་ཅི་ཞིག་བྱེད་ཀྱི་ཡོད་པ་བྲིས་ .............................................................................................................................................. .............................................................................................................................................
94 94 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། མུ་འབྲེལ་རི་མོ་གཉིས་ལ་བྱ་བའི་བརྒྱུད་རིམ་བཞིན་སྒྲུང་ཤོད་དགོས་ཡག་ཤོས་བྱུང་ན་སྒྲུང་ཐུང་རེ་བྲིས།
95 བྱ་བའི་བརྒྱུད་རིམ། 95
96 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ཟ་མ། ཁ་ལག ལྟོ། རྩམ་པ། ཚལ། ཇ། མར། ཐུད། གསོལ་ཚིགས། ཞལ་ལག གསོལ་ཞིབ། ལྗགས་ཞིབ། བཞེས་ཚལ། གསོལ་ཇ། གསོལ་མར། བཞེས་ཐུད།       སློབ་ཚན་བཅུ་གཅིག་པ། བཟའ་བཏུང་གི་ཞེ་ས།
97 བཟའ་བཏུང་གི་ཞེ་ས། 97 ཞོ། ཆུ། ཆང། ཁ་ཏོག ཆུར་བ། ཐང། ཤ་ཁུ། ཚྭ། སི་པན། འབྲས། མོག་མོག           གསོལ་ཞོ། ཆབ། ཁྲུང། མཆོད་ཆང། ཞལ་ཏོག བཞེས་ཆུར། བཞེས་ཐང། ཀྲུམ་ཁུ། ལྗགས་ཚྭ། ལྗགས་སྤོད། བཞེས་འབྲས། བཞེས་མོག
98 98 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། དང་པོ། ཚིག་སྒྲུབ་བཟོས། གསོལ་ཞིབ། ཁ་ཏོག སི་པན། ཤ་ཁུ། བཞེས་ཚལ། གཉིས་པ། མིང་རྣམས་ཞེ་སའི་ཐོག་བྲིས། ཁ་ལག  ..................................................... རྩམ་པ།  ..................................................... ཇ།  ..................................................... མར།  .................................................. ཞོ།  .................................................... ཆུ།  སྦྱོང་ཚན།
99 བཟའ་བཏུང་གི་ཞེ་ས། 99 ཆང།  ..................................................... ཁ་ཏོག  ..................................................... གསུམ་པ་ ཞེ་ཚིག་རྣམས་ཕལ་སྐད་ཐོག་བྲིས བཞེས་ཐང།  .................................................. ལྗགས་ཚྭ།  .................................................. ལྗགས་སྤོད།  ............................................... བཞེས་འབྲས།  ............................................... བཞེས་མོག  ............................................... བཞེས་ཆུར།  ................................................ བཞེས་ཐུད་  .................................................. བཞེས་ཚལ།  ...............................................
100 100 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
བཞི་པ། པར་རིས་ལས་བཟའ་བཏུང་གང་ཡིན་ངོས་བཟུང་སྟེ། དེའི་ཞེ་ས་བྲིས།
101 ལུ་གུ་དང། སྤྱང་ཀི 101 ལུ་གུ་དང། སྤྱང་ཀི <<ལུ་གུ་དང་སྤྱང་ཀི>> <<ལུ་གུ་དང་བཀྲ་ཤིས>>ཞེས་པའི་སློབ་ཚན་གཉིས་ནི་དགེ་ སྡིག་གི་ནང་དོན་ཡོད་པའི་སྒྲུང་ཐུང་གཉིས་ཡིན། སློབ་ཚན་འདི་གཉིས་ཀྱི་སྦྱོང་ཚན་དགེ་ རྒན་རྣམ་པས་བབ་བསྟུན་གྱིས་གོ་སྒྲིག་གནང་རོགས། སློབ་ཚན་བཅུ་གཉིས་པ། ལུ་གུ་ཞིག་ རྒྱུག་ཆུ་ཡི་འགྲམ་དུ་ཆུ་འཐུང་སྐབས། སྤྱང་ ཀི་ཞིག་གིས་མཐོང་བ་རེད། སྤྱང་ཀིས་ལུ་གུ་ཟ་བར་འདོད་ནས། ངར་སྐད་དང་བཅས། འཐུང་ཆུ་ཆ་ཚང་བཙོག་པ་བཟོས་སོང། ཞེས་བཤད།
102 ལུ་གུ་ཧང་སངས་ཏེ། སྐད་ངག་འཇམ་པོས། ཆུ་མགོ་ལ་ཁྱེད་ རང་བསྡད་ཡོད་པས། ངས་བཙོག་པ་གང་འདྲ་བཟོ་ཐུབ་བམ། ཞེས་ བཤད། སྤྱང་ཀི་རླུང་འཚུབ་འཚུབ་ངང། ཁྱེད་རང་ལུ་གུ་སྡུག་ཅག་ ཅིག་རེད། ན་ནིང་ད་ཚོད་ཁྱོད་ཀྱིས་ང་ལ་རྒྱབ་བཤད་བརྒྱབ་འདུག ཅེས་བཤད། ལུ་གུས། སྐུ་ཞབས་སྤྱང་ཀི་ལགས། ན་ནིང་ད་ཚོད་ང་སྐྱེས་ མེད་པས། དེ་འདྲ་ཞིག་ཡོང་སྲིད་དམ། ཞེས་བཤད། 102 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
ལུ་གུ་དང། སྤྱང་ཀི 103 103 སྤྱང་ཀི་ངོ་ཚ་ཞིང། ཁོང་ཁྲོ་ཆེན་པོས། ལུ་གུའི་འཁྲིས་ སུ་བཅར་ནས། ཁྱོད་ཀྱི་ཨ་མས་བཤད་འདུག གང་ལྟར་གཅིག་ པ་རེད། ཅེས་ཟེར་ཞོར་དུ་ལུ་གུའི་སྟེང་དུ་མཆོངས་ ལུ་གུས་སྒུར་ ཙམ་བྱས་པས། སྤྱང་ཀི་རྒྱུག་ཆུའི་ནང་དུ་ཟགས།
104 104 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གླུ་གཞས། སྤྱང་ཀི་བསམ་པ་ངན་པས། ། ལུ་གུ་ཟ་དགོས་བསམས་ཀྱང། ། བསམ་པ་ངན་པའི་འབྲས་བུར། ། རང་ཉིད་ཆུ་ལ་ཟགས་སོང། །
105 ལུ་གུ་དང། སྤྱང་ཀི 105 ག་རེ། བཞི་འདུག ག་རེ། བཞི་ཡིན་ན་ཅིག གསུམ། གསུམ་རྐྱང་འདུག ཁྱོད་ཀྱིས་ག་རེ་ལབ་ཀྱི་ཡོད། བཞི་རང་འདུག མ་རེད། གསུམ་རང་འདུག བཞི་འདུག གསུམ་འདུག བཞི་འདུག གསུམ་འདུག་... དོན་ངོ་མར་སྐུ་ཞབས་བཞི་པ་བདེན་ནམ། ཡང་ན་སྐུ་ཞབས་གསུམ་པ་བདེན།
ལུ་གུ་དང། བཀྲ་ཤིས། སློབ་གྲྭ་གྲོལ་རྗེས། བཀྲ་ཤིས་ནང་དུ་ལོག་པའི་ལམ་ཁར་ འབའ་... འབའ་... ཞེས་པའི་སྒྲ་ཞིག་རྣ་བར་ཐོས། བཀྲ་ཤིས་ ཀྱིས་ཅི་ཞིག་ཡིན་ནམ་བསམས་ཏེ། ཤར་ནུབ་གང་སར་བཙལ་ བའི་མཐར། གྲོག་རོང་ཞིག་གི་ནང་ ལུ་གུ་ཆུང་ཆུང་ཞིག་ཡར་ ཐོན་མ་ཐུབ་པར་ཡོད་པ་མཐོང།
བཀྲ་ཤིས་ཀྱིས་ལུ་གུ་ཡར་བཏོན་པ་མ་ཟད། ནང་ལ་ཁྱེར་ ཏེ༑ ཉིན་ལྟར་བརྩེ་སེམས་ཆེན་པོས་རྩམ་པ་དང། འོ་མ་རྒྱགས་ ཚད་སྤྲད་པ་དང་ དགོང་མོ་ལུ་གུ་རུམ་ནས་ཉལ་བ་རེད། ཉིན་ཤས་རྗེས། སློབ་གྲྭ་གྲོལ་ནས་ཕྱིར་ནང་དུ་ལོག་སྐབས། ཨ་མས་བཀྲ་ཤིས་ལ་ལུ་གུ་ཆུང་ཆུང་འདི་འབྲོག་ས་ནས་བོར་བ་ ཞིག་རེད། ཅེས་ཟེར་བ་དང། བཀྲ་ཤིས་ཀྱིས་དགོང་ཟས་ཀྱང་ ཟ་ལོང་མེད་པར། ལམ་སང་ལུ་གུ་པང་ཁར་བླངས་ནས་འབྲོག་ སར་ཕྱིན།
108 108 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
ལུ་གུ་ཨ་མའི་སར་བསྐྱལ་བ་ན། མ་བུ་ལྷན་འཛོམས་བྱུང་བས་ ལུ་གུ་དགའ་སྣང་ཆེན་པོས་འབའ་... འབའ་... ཞེས་རང་གི་ཨ་ མའི་རྩར་བརྒྱུགས་པ་རེད།
109 ལུ་གུ་དང། བཀྲ་ཤིས། 109 འདམ་འདྲེད་ཤོར་བ། བཀྲ་ཤིས་སློབ་གྲྭར་འགྲོ་སྐབས་་རྨོ་མོ་རྒན་རྒོན་ཞིག་ཁོའ་མདུན་དུ་འགྲོ་བཞིན་ ཡོད། ཆར་བ་བབས་ནས་དེ་ཙམ་འགོར་མེད་སྟབས། རྨོ་མོ་ཡི་རྐང་པ་འདམ་ འདྲེད་ཤོར་ནས་ས་ལ་འགྱེལ། བཀྲ་ཤིས་ཀྱིས་ལམ་སང་རྨོ་མོ་སྐྱོར་ནས་ཡར་བསླངས་པའི་སྐབས་སུ། རྨོ་ མོ་དེ་ཁོང་ཁྲོ་ལངས་ནས་ཁྱོད་ཀྱིས་ང་ཡར་མ་བསླངས་ནའང། ང་རང་ལངས་ ཐུབ་ཀྱི་ཡོད། ང་ལ་མཐོང་ཆུང་བྱེད་ཀྱི་ཡོད་དམ་ཞེས་བཤད་དེ། ཁ་ཕྱིར་བསྐོར་ ནས་གོམ་པ་བརྒྱབ་པ་དང། ཡང་བསྐྱར་འདམ་འདྲེད་ཤོར་ཏེ་ས་ལ་འགྱེལ།
110 པོ་བོ་མོ། ༡.པ་དང་མས་ཕོ་མོ་སྟོན་པ། བཙུན་པ།  བཙུན་མ། བཙོན་པ།  བཙོན་མ། མོ་པ།  མོ་མ། གཞས་པ།  གཞས་མ། གླུ་པ།  གླུ་མ། གར་པ།  གར་མ། འཕགས་པ།  འཕགས་མ། གླེན་པ།  གླེན་མ། ལྐུགས་པ།  ལྐུགས་མ། གཞོན་པ།  གཞོན་མ། སློབ་ཚན་བཅུ་བཞི་པ། 110 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ།
པོ་བོ་མོ། 111 111 ༢.པོ་དང་མོས་ཕོ་མོ་སྟོན་པ། རྒྱལ་པོ།  རྒྱལ་མོ། གཅེན་པོ།  གཅེན་མོ། གནས་པོ།  གནས་མོ། རྒད་པོ།  རྒད་མོ། རྒན་པོ།  རྒན་མོ། བདུད་པོ།  བདུད་མོ། གྲོགས་པོ།  གྲོགས་མོ། གཅུང་པོ།  གཅུང་མོ། གཡོག་པོ།  གཡོག་མོ། ༣.བོ་དང་མོས་ཕོ་མོ་སྟོན་པ། སྤོ་བོ།  རྨོ་མོ། དཔའ་བོ།  དཔའ་མོ། ཟླ་བོ།  ཟླ་མོ། ཚ་བོ།  ཚ་མོ། རྗེ་བོ།  རྗེ་མོ། མཛའ་བོ།  མཛའ་མོ། ཁྲོ་བོ།  ཁྲོ་མོ།
112 112 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྦྱོང་ཚན། དང་པོ། བརྗོད་དུམ་བཟོ་དགོས། དཔེར་ན། སྤོ་བོ་དང་རྨོ་མོ་གཉིས་གླིང་སྐོར་ལ་ཕེབས། བཙུན་པ།/བཙུན་མ། གཞས་པ།/གཞས་མ། བདུད་པོ།/བདུད་མོ། གཡོག་པོ།/གཡོག་མོ། དཔའ་བོ།/དཔའ་མོ། གཉིས་པ། དཔེ་བསྟན་པ་བཞིན་རེའུ་མིག་སྐོངས། རྟ་ཕོ། དཀར་པོ། སྤང་ལ་ཡོད། རྟ་ཕོ་དཀར་པོ་སྤང་ལ་ཡོད། ཝ་མོ། ཤྭ་ཕོ། སྟག་མོ། ཉ་མོ། མ་མོ། བྱ་ཕོ།
113 པོ་བོ་མོ། 113 གསུམ་པ། བར་སྟོང་འགེང་རྒྱུ། ཚོགས་ཁང་ནང་.........................དང་.....................རྣམས་ཀྱིས་གླུ་གཞས་བཏང། རྒྱལ་གཅེས་བོད་ཀྱི་.........................དང་.......................རྣམས་ལ་རྗེས་དྲན་ཞུ། དགོན་པའི་ནང་ལ་ དང་ བཞུགས། བཞི་པ། ཕོ་མོ་སྟོན་པའི་སྒྲ་དང། མིང་གི་ཆ་ཤས་གཉིས་སོ་སོར་ཕྱེས། ཆུ་བོ། ཆང་མ། གཤོག་པ། དཀར་པོ། གུས་མོ། རྫ་མ། ལྷ་པ། མ་མོ། ཁོ་བོ། བདག་པོ། ཕོ་མོ་སྟོན་པའི་སྒྲ། མིང་གི་ཆ་ཤས།
114 114 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གཡོག་པོ། རྒྱལ་ པོ། ཚ་བོ། ཁྱོ་བོ། བདག་པོ། བདུད་པོ། བཙུན་པ། ཇ་པ། གཞས་པ། ལྔ་པ། གཤོག་པ་གཞན་ཐོག མོ་སྟོན་པའི་མིང་བྲིས།
115 འཇོལ་མོ་དང། ཤིང་རྟ་མོ། སློབ་ཚན་བཅོ་ལྔ་པ། འཇོལ་མོ་དང། ཤིང་རྟ་མོ། བྱིའུ་འཇོལ་མོས་གཞས་གཏོང་ཤེས་ཀྱི་མེད་ལ་སྐད་ཀྱང་སྙན་པོ་མེད། ཉིན་ཞིག འཇོལ་མོ་དང་ཤིང་རྟ་མོ་གཉིས་ཀྱིས། གཞས་སྣ་མང་པོ་ཤེས་ པའི་རྒད་པོ་ཞིག་ཡོད་པ་ཐོས། འཇོལ་མོ་དང། ཤིང་རྟ་མོ། 115
116 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། ངང་རྒྱུད་ཐུང་བའི་ཤིང་རྟ་མོ་ལམ་སང་རྒད་པོའ ་སྒོ་ཁར་ཕྱིན་ ཏེ། སྐད་ཤ གས་ཆེན་པོས་ང་ལ་གཞས་ཤིག་སློབས་དང། ཞེས་བཤད། རྒད་པོས་མོའ་སྤྱོད་ཚུལ་དེ་ཤེས་ནས། ཐོག་མར་ཤིང་རྟ་མོར་སྒོ་རྡུང་ 116 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྟངས་དང་གཞན་ལ་བརྩི་བཀུར་བྱེད་སྟངས་བསླབས་པ་རེད། ཤིང་རྟ་མོས་སྒོ་བརྡུངས་པའི་སྒྲ། ཐྲག་ཐྲག་ཐྲག་... ཅེས་གོ་བ་ན། དེ་སྙན་འཇེབས་ལྡན་པའི་གཞས་ཤིག་རེད་བསམས་ཏེ་འཕུར་ནས་སོང། ཕྱི་ཉིན་འཇོལ་མོ་ཡང་རྒད་པོའ་གནས་དེར་འབྱོར།
117 འཇོལ་མོ་དང། ཤིང་རྟ་མོ། 117 འཇོལ་མོས་ཐོག་མར་དལ་པོས་སྒོ་བརྡུངས་ནས་རྒད་པོ་ལ་འཚམས་འདྲི་ བྱས། དེ་རྗེས་ངོ་སྤྲོད་དང་འབྲེལ་གཞི་ནས་གཞས་བསླབ་རོགས་ཞུས། འཇོལ་མོ་དང། ཤིང་རྟ་མོ། 117 རྒད་པོ་དགའ་ནས་གླུ་གཞས་བསླབས་པས། འཇོལ་མོས་སྙན་ པའི་གླུ་གཞས་མང་པོ་ཤེས། དེ་ནས་བཟུང། གུས་ཞབས་ལྡན་པའི་བྱིའུ་འཇོལ་མོ་གཞས་མ་སྐད་ གྲགས་ཅན་ཞིག་ཏུ་གྱུར། གུས་ལུགས་མི་ཤེས་པའི་ཤིང་རྟ་མོས། ཐྲག་ ཐྲག་ཐྲག་... ཅེས་ཤིང་སྡོང་ལ་མཆུ་ཏོས་རྡུང་རྒྱུ་གཅིག་པུ་ཤེས།
118 118 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། སྦྱོང་ཚན། དང་པོ། ཚིག་གྲོགས་གཉིས་རེ་ཚོལ། དཔེར་ན། ཁང་ཁང་ཐོག ཟ་ཁང། ཐོག བཀྲ། སྙན། གླུ། གཞས། གུས། སྒོ། སྤྱོད། གཉིས་པ། ཚིག་སྒྲུབ་བཟོས། དཔེར་ན། འཇོལ་མོ་བྱིའུ་འཇོལ་མོ་གསུང་སྐད་སྙན། སྙན་པ། ཐག་རིང། རྣམ་རིག ངང་རྒྱུད། ཤིང་རྟ་མོ། འཚམས་འདྲི། བརྩི་བཀུར། ངོ་སྤྲོད། མཆུ་ཏོ།
119 འཇོལ་མོ་དང། ཤིང་རྟ་མོ། 119 གསུམ་པ། བར་སྟོང་རྒྱོངས། ཀ) རྣམ་རིག་བཀྲ་ཞིང་གཞས་སྣ་མང་པོ་ཤེས་མཁན་དེ་ རེད། ཁ) ཧ་ཅང་ངང་རྒྱུད་ཐུང་བ་དེ་ རེད། ག) རྒད་པོ་ལ་འཚམས་འདྲི་ཞུ་མཁན་དེ་ རེད། ང) རྒད་པོའ་སྒོ་ཤ གས་ཀྱིས་རྡུང་མཁན་ རེད། བཞི་པ། བསམ་གཞིག་བྱས་ཏེ། དྲི་བར་ལན་འདེབས་དགོས། ༡. བྱིའུ་འཇོལ་མོའ་གཤིས་ཀ་གང་འདྲ་ཡོད་དམ། ༢. ཤིང་རྟ་མོས་གཞས་མ་ཤེས་པའི་རྒྱུ་མཚན་གང་ཡིན་ནམ། ༣. བྱིའུ་འཇོལ་མོས་གུས་ཞབས་བྱས་ནས།ཕན།ཐོགས་གང་བྱུང་ངམ། ༤. སྒྲུང་འདིས་བསླབ་བྱ་གང་བསྟན་ཡོད་དམ། ལྔ་པ། དག་ཆ་ནོར་བཅོས་བྱེད་དགོས།
120 120 འཛིན་རིམ་གཉིས་པའི་བོད་ཡིག་སློབ་དེབ། གསུང་གཞས་སྙེན་པོ། རྣ་བས་ཉེན། ཁང་པའི་འགོ་དང། ལུས་ཀྱི་སྒོ། རྒད་པོ་འགའ་ནས། རྒེད་མོ་ཤོར། སྐད་སྒྲ་ཆེ་བས། འགྲ་བོ་སྐྲག རྔ་དྲོ་ཆུ་ཚོད། སྔ་པར་ལངས། དྲུག་པ། གཤམ་གསལ་རྣམས་ཀྱི་ལྡོག་ཕྱོགས་སློབ་ཚན་ནས་ཚོལ། ཡོད། ཉུང། རིང། ཆུང་ངུ། མཐའ་མ། རང། སྔ་ཉིན། མགྱོགས།

Published by

Department Of Education,CTA. Gangchen

Kyishong, Dharamsala-176215 Distt. Kangra

H.P. INDIA

སྐད་ཡིག
འཛིན་རིམ་གཉིས་པའི་སློབ་དེབ།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.