མི་ཚང་མ་ལ་མིག་ཡོད།

Page 1


མི ་ ཚང་མ་ལ་མི ག ་ཡོ ད །

རྩོམ་པ་པོ། སེ་ལི་ཧཱས།

བོད་སྒྱུར་བ། ངག་དབང་བསྟན་འཛིན།

ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།



ང་ཚོ་ཚང་མ་ལ་ལྟ་བྱེད་ཀྱི་མིག་གཉིས་རེ་ཡོད། དེ་ཡང་སྐྱེས་པའི་ཉིན་ཐོབ་པའི་ ལེགས་སྐྱེས་ཤིག་ཡིན་ལ། ལུས་པོའི་ཆ་ཤས་གཞན་དང་མཉམ་དུ་སྐྱེས་པ་རེད། དེ་ནི་ལུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན།


རྒྱུན་སྤྱོད་ཚོང་ཁང༌། མིག་འཚོང་རྒྱུ་མེད།

ང་ཚོས་མིག་ཉོ་དགོས་མེད་ལ། དེ་ཉིད་ཚོང་ཁང་དུའང་འཚོང་རྒྱུ་མེད། དེ་ནི་ལྷན་

སྐྱེས་ཀྱི་ཕྱག་རྟགས་ཤིག་ཡིན་ཞིང་། དེ་ལས་མང་བ་ཐོབ་རྒྱུ་མེད་པས། ངེས་པར་ དུ་བདག་གཅེས་བྱེད་དགོས།


མིག་གི་རིན་ཐང་ཤེས་པ་ལ། མིག་མེད་ན་ཅི་ཞིག་ཡོང་བར་བསམ་དགོས། དེས་ན་ མིག་གཉིས་མ་གདངས་པར་བཙུམས་ནས་སྡོད་དང་།


གལ་ཏེ་མིག་མེད་ན་བཞུ་མར་གྱི་འོད་མདངས་མཐོང་མི་ཐུབ་ལ། ཡི་ཤུའི་འཁྲུངས་ སྐར་གྱི་ལྗོན་ཤིང་ཡང་མཐོང་མི་ཐུབ།


ཁྱེད་ཀྱིས་སྐར་མདའི་འོད་མདངས་མཐོང་མི་ཐུབ་ལ། ཆེས་ཐག་རིང་དུ་འཚེར་བའི་ སྐར་མ་གཞན་རྣམས་ཀྱང་མཐོང་མི་ཐུབ།


ཞོགས་པའི་སྐྱ་རེངས་ཀྱིས་ཉི་མ་བསུ་བ་མཐོང་མི་ཐུབ།


ལྡུམ་རའི་ནང་གི་བགྲོད་ལམ་སྟེང་ཁ་ཐུག་བསྐྱོད་མི་ཐུབ།


མཛེས་པའི་དགུང་སྔོན་གནམ་ལ་སྤྲིན་པ་བཞུད་པ་མཐོང་མི་ཐུབ་ལ། དེའི་འགྲམ་དུ་ ཡིད་དུ་འོང་བའི་བྱ་ཚོགས་འཕུར་བ་མཐོང་མི་ཐུབ།


དཔྱིད་དུས་ཆར་པ་འབབ་སྐབས་འཇའ་ཚོན་རྣམ་པར་བཀྲ་བ་མཐོང་མི་ཐུབ།


ཤེལ་ཁྲའི་སྟེང་དུ་ཆར་ཐིགས་བཞུར་བ་མཐོང་མི་ཐུབ།


ཡངས་ཤིང་རྒྱ་ཆེ་བའི་མཚོ་དང་མཚེའུ་ཡི་གཡུ་མདོག་མཐོང་མི་ཐུབ་ལ། དེའི་སྟེང་ དགའ་སྤྲོའི་ངང་བསྐྱོད་བཞིན་པའི་གྲུ་རྣམས་མཐོང་མི་ཐུབ།


མཚན་མོ་ཁྱེད་ལ་འཛུམ་བཞིན་པའི་ཟླ་བ་དེ་མཐོང་མི་ཐུབ་ལ།


ཉིན་མོ་ཁྱེད་དང་འགྲོགས་བཞིན་པའི་གྲིབ་མ་དེའང་མཐོང་མི་ཐུབ།


ཁྱེད་ཀྱིས་བཟའ་རྒྱུར་དགའ་བའི་ལུམ་འབྲས་དམར་པོ་དང་། སྔོན་པོ་ལ་སོགས་ པའི་ཟས་རྣམས་ཀྱི་ཁ་མདོག་མཐོང་མི་ཐུབ།


ངང་ལག་དང་མར་སེར་པོ་རྣམས་ཀྱང་མཐོང་མི་ཐུབ་ཅིང་།


རྒུན་འབྲུམ་སིལ་ལྡག་

བ་དམ་སྐྱོ་མ།

མུ་མེན་དང་རྒྱ་སྨུག་མདོག་ཅན་གྱི་རྒུན་འབྲུམ་སིལ་ལྡག་དང་བ་དམ་སྐྱོ་མ་ཡང་

མཐོང་མི་ཐུབ།


ཁྱེད་ཀྱིས་བྲོ་བ་ལྟ་རྒྱུར་འགོ་བརྩམས་པའི་མེ་ཏོག་ལྗང་ཚལ་དང་རྒྱ་སྲན།

ད་དུང་ཉུང་དམར་གྱི་ཁ་ལོ་ལ་སོགས་པའི་ཁ་མདོག་རྣམས་ཀྱང་མཐོང་མི་ཐུབ།


ང་ཚོའི་མཐའ་འཁོར་དུ་ཚོན་མདོག་དང་བཟོ་ལྟ་འདྲ་མིན་མང་པོ་ཡོད་པས། མཐའ་ཡས་ པའི་འཛམ་གླིང་འདི་ཉིད་ཁྲ་ཁྲ་ཟིང་ཟིང་གིས་ཁེངས་ཡོད། གལ་ཏེ་ཁྱེད་ལ་མཐོང་ཐུབ་ པའི་ནུས་པ་མེད་ན། རང་གི་ཆེས་དགའ་ཤོས་ཀྱི་ཟས་དེ་འདེམས་མི་ཐུབ།


རྐང་པར་གྱོན་པའི་རང་གི་དགའ་མོས་ཆེ་བའི་ལྷམ་དེའང་མཐོང་མི་ཐུབ།


ད་དུང་གྱོན་ཆས་འདེམས་རྒྱུར་དཀའ་ལས་འཕྲད་སྲིད་པ་དང་།


གལ་ཏེ་ཤེལ་སྒོའི་ནང་རང་གི་གཟུགས་བརྙན་མ་མཐོང་ན་སྐྲའང་ཤད་མི་ཐུབ།


འོན་ཀྱང་གལ་ཆེ་བ་ནི། ཁྱེད་ལ་དགའ་བའི་མི་རྣམས་ཀྱི་གདོང་གི་འཛུམ་མདངས་

དེ་མཐོང་མི་ཐུབ། དེ་ལྟར་ན། ལྟ་བའི་མིག་དེ་མེད་ན་གང་ཡང་མཐོང་མི་ཐུབ་པ་ ཡིན། ང་ཚོའི་གྲས་སུ་མིག་ཤེས་ཡག་པོ་དང་གསལ་པོ་མེད་པ་ཁ་ཤས་ལོས་ཡོད།


འགའ་ཤས་ཀྱིས་ཐག་རིང་པོ་དང་། ཁ་ཅིག་གིས་ཐག་ཉེ་པོ་ནས་མཐོང་མི་ཐུབ། སྟབས་ལེགས་པ་ཞིག་ལ། ཁོ་ཚོར་མིག་ཤེལ་གྱོན་རྒྱུ་ཡོད། དཀའ་ངལ་དེ་ནི་མི་ རྒན་པ་དང་གཞོན་པ་གཉིས་ཀར་འཕྲད་ཀྱི་ཡོད།


དེ་བས་ཅི་ཡང་མི་མཐོང་བའི་མི་ཡང་ཡོད། ཁོ་ཚོ་ལམ་ལ་མ་འགྱེལ་བ་དང་། མདུན་ གྱི་བགྲོད་ལམ་གསལ་པོ་རྟོགས་ཆེད་འཁར་རྒྱུག་བེད་སྤྱོད་གཏོང་གི་ཡོད།


ཁོ་ཚོ་ལོང་བ་ཡིན་པས་ལམ་ནོར་ཐེབས་སྲིད་སྟབས། འགའ་ཤས་ཀྱིས་ལམ་དུ་ གནོད་འཚེ་ལས་སྐྱོབ་ཕྱིར། རང་དང་མཉམ་དུ་ཁྱི་ཁྲིད་ནས་འགྲོ།


དེར་བརྟེན། ཁྱེད་རང་མིག་ཤེས་ཚང་བའི་བསོད་ནམས་ཅན་ཞིག་ཡིན་པས། མིག་

ལ་བདག་པོ་བསྐྱོན་ཏེ་ལས་བཟང་པོ་བྱེད་དགོས་པ་དང་། མིག་ཐང་པོ་ཡོང་ཕྱིར་ འཚོ་བཅུད་ལྡན་པའི་ཟས་རིགས་མཆོད་དགོས།


ད་དུང་སོ་སོ་རང་ཉིད་ལ་ཚང་བའི་མིག་གི་དབང་པོ་དེར་བསམ་བློ་ཐོངས་དང་།

དུས་ནམ་ཡང་རང་ཉིད་ཕྱུག་པོ་ཡིན་པ་ཚོར་ངེས།


ཁྱེད་ཀྱི་མིག་གི་མདོག་སྔོན་པོ་དང་། སེར་སྨུག རྒྱ་སྨུག ཡང་ན། ལྗང་ཁུ་གང་

ཡིན་རུང་། རང་གི་མིག་དང་དེས་མཐོང་བའི་དངོས་པོ་ཐམས་ཅད་ལ་དགའ་བ་སྐྱེད་ དགོས།


སྒྲུང་མཇུག་སྒྲིལ་སོང་། འོན་ཀྱང་མིག་ལ་བདག་གཅེས་བྱེད་རྒྱུ་སེམས་ལ་རྒྱུན་དུ་ བཅངས་དགོས།


གཤམ་དུ་རང་ཉིད་ཀྱི་མིག་བདག་གཅེས་ཇི་ལྟར་བྱེད་དགོས་མིན་གསལ་ཡོད། ༡།

༢།

ཉི་འོད་ཚ་བའི་དུས་སུ་ཁྱེད་རང་ཕྱི་ལ་འགྲོ་སྐབས་མིག་ཤེལ་གྱོན་དགོས།

གངས་རྩེ ད ་རྩེ ་ བ་དང་གངས་ཤུར་གློ ད ་སྐབས་ངེ ས ་པར་དུ་མི ག ་ཤེ ལ ་གྱོ ན ་ དགོས།

༣། ལྟོ་ཆས་ཡག་པོ་མཆོད་པ་དང་། ལུས་རྩལ་མང་ཙམ་རྩེ་དགོས་པ་མ་ཟད། དུས་ ཐོག་གཉིད་ཉལ་དགོས།

ད་དུང་སེམས་ལ་ངེས་དགོས་པ་ཞིག་ལ། གལ་ཏེ་ཁྱེད་ཀྱིས་མི་ལོང་བ་ཞིག་ཁྱི་དང་ ལྷན་དུ་འགྲོ་བཞིན་པ་མཐོང་ཚེ། ཁྱི་དེ་ལ་རྩེད་མོ་རྩེ་མི་རུང་། དེ་ནི་རང་གི་སྦྱིན་ བདག་ལ་རོགས་པ་བྱེད་ཆེད་དམིགས་བསལ་གྱིས་སྦྱོང་བརྡར་སྤྲད་པ་ཤ་སྟག་

ཡིན། ཁོ་ཚོ་ནི་བདག་པོ་དེའི་མིག་ཡིན། ཁྱི་དེའི་རིགས་ནི་ཞབས་ཞུ་བ་ཡིན་པས་

རང་གི་ལས་ཀ་གཙོ་ཆེར་འཛིན་གྱི་ཡོད། རབ་བྱུང་ན་ཁྱི་དེ་འདྲ་མཐོང་སྐབས་ལྟ་ ཞིབ་བྱས་ཏེ་སྡོད་པ་ལས། བསུན་པོ་བཟོ་མི་རུང་།


མོས་ལོ་ངོ་སུམ་ཅུ་ལྷག་རིང་སྤྲོ་སྣང་དོད་ཅིང་འཆར་ཡན་ཅན་གྱི་འབྲི་རྩོམ་དང་སྒྱུ་

རྩལ་ལྡན་པའི་བརྩམས་ཆོས་མང་པོ་སྤེལ་ཡོད། མོས་བརྩམས་པའི་བྱིས་སྒྲུང་ཇི་ འདྲ་ཞིག་ཡིན་རུང་འཆར་ཡན་ལྡན་པ་དང་། རི་མོ། གྱང་སྦྱར། རྫ་བཟོའི་ལག་རྩལ། ཕྲུ་གུའི་སྐེ་གདན། དངུལ་ཁུག གྱོན་ཆས། གསར་ཤོག་སོགས་གསར་གཏོད་བྱས་

ཡོད་ལ། དེ་ནང་གི་རི་མོ་རྣམས་གསོན་ཉམས་ལྡན། མོས་བྱིས་སྒྲུང་རྩོམ་དགོས་ དོན་ནི་ཕྲུ་གུ་ཚོའི་མི་ཚེ་དོན་སྙིང་ལྡན་པ་ཡོང་ཐབས་སུ་དམིགས་པ་དང་། བྱིས་ སྒྲུང་བརྒྱུད་ཕྲུ་གུ་ལ་བསླབ་བྱ་བཟང་པོ་ཞིག་རག་པའི་རེ་བ་བྱེད་ཀྱི་ཡོད།


སེ་ལི་ཧཱས་ནི་ལྷོ་ཕྱོགས་ཁེ་ལི་ཧྤོ་ནི་ཡ་མཐོ་སློབ་ནས་ཕུལ་བྱུང་སྒྱུ་རྩལ་ཐོག་སློབ་

མཐར་སོན་པ་དང་། འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་ཆོག་ཐམ་ཡོད་པའི་སྒྱུ་རྩལ་ ཁང་ ༢༦ བཙུགས་ཡོད།



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.