ང་ག་པར་བསྡད་ཀྱང་བཟང་པོ འི ་ ཆ་དང་། གཤི ས ་རྒྱུད་ འཇམ་པོ ། རྩེ ད ་དགོ ད ་སློ ང ་བ། བྱམས་བརྩེ ་ སོ ག ས་གང་ ཡོ ང ་ཅི ་ ཡོ ང ་གི ས ་བརྒྱུད་སྤེ ལ ་བྱེད་ཀྱི་ཡི ན །
རྩོམ་པ་པོ།
བོད་སྒྱུར་བ།
སེ་ལི་ཧཱས།
ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
རྩོམ་པ་པོ།
བོད་སྒྱུར་བ།
སེ་ལི་ཧཱས།
ཚེ་རིང་དཔལ་འཛོམས།
སྤྱི་ཁྱབ་འགན་ཁུར།
བསྟན་འཛིན་པདྨ།
རྩོམ་སྒྲིག་འགན་ཁུར། ངག་དབང་བསྟན་འཛིན། ཞུ་དག
དགེ་འདུན་དོན་ཡོད།
Copyright @2015 Sally Huss All Rights Reserved ISBN: 0692579885 ISBN 13: 9780692579886
Tibetan edition first published by Department of Education,CTA,Dharamshala in 2021 Printed by Sherig Parkhang Trust, Delhi
This Children’s story book translation is made possible by the support of the American people through the United States Agency for International Development (USAID). The contents of this are the sole responsibility of Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.
གལ་ཏེ་ང་འཇའ་ཚོན་ཞིག་ཡིན་ན།
རྩོམ་པ་པོ། སེ་ལི་ཧཱས།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
གལ་ཏེ་ང་རང་ནམ་མཁར་ཤར་བའི་འཇའ་ཚོན་ཞིག་ཡིན་ན།
སུ་ཞིག་ངའི་འོག་ཏུ་འགྲོ་ན་དེ་ལ་ངའི་འོད་མདངས་ཀྱིས་ ཁྱབ་པར་བྱེད་ཀྱི་ཡིན།
གལ་ཏེ་ང་རང་ཤིང་སྡོང་སྟེང་འཕྱངས་པའི་ཀུ་ཤུ་དེ་ཡིན་ན།
སུ་ཡིས་ང་བཏོགས་ན། དེ་ལ་ངའི་ཞིམ་པའི་བྲོ་བ་སྤྲོད་ཀྱི་ཡིན།
གལ་ཏེ་ང་རང་ལྷས་ར་ཆེན་པོའི་ནང་གི་ཕག་པ་ཞིག་ཡིན་ན།
ང་རང་འདམ་རྫབ་ནང་མཆོངས་ཏེ་དགའ་པོའི་ངང་སྡོད་ཀྱི་ཡིན།
གལ་ཏེ་ང་རང་གཤོག་པ་ལི་ཝང་རྡེབ་པའི་བྱ་ཏུར་ཀི་ཞིག་ཡིན་ན།
གཉིད་ག་དུས་ཁུག་འདོད་ཚེ་རང་གི་ཚང་ནང་ངལ་གསོ་རྒྱུ་ཡིན།
གལ་ཏེ་ང་རང་ལྡུམ་རའི་ནང་གི་རྒྱ་སེ་མེ་ཏོག་ཟིང་སྐྱ་སྙིང་རྗེ་པོ་དེ་ ཡིན་ན།
སྣ་ཁུག་ཆེ་ཆུང་གང་ཡིན་རུང་། དྲི་མས་ཡིད་མགུ་རུ་འཇུག་གི་ཡིན།
གལ་ཏེ་ང་རང་རླུང་ནང་གཡོ་བའི་སྤྲིན་པ་དཀར་པོ་ཞིག་ཡིན་ན།
སུས་བལྟས་ན། ང་རང་དུད་འགྲོ་དང་བྱ་འདྲ་བ་ཞིག་མཐོང་གི་རེད།
གལ་ཏེ་ང་རང་མཚོའི་སྟེང་དུ་འཕུར་བའི་གཡུ་མདོག་ཅན་གྱི་རྒྱ་ མཚོའི་ཆུ་སྐྱར་ཡིན་ན།
ཉ་ཟ་འདོད་པའི་སྐབས། ཟས་སུ་ཉ་ཟ་ཡི་ཡིན།
གལ་ཏེ་ང་རང་ཆར་པ་འབབ་པའི་ཉིན་གྱི་ ཆར་ཐིགས་ཤིག་ཡིན་ན།
ཕྲུ་གུ་ཚོས་རྩེད་མོ་རྩེ་རྒྱུར་དགའ་བའི་འདབ་ཉོག་རྫིང་བུ་ཞིག་བཟོ་ བར་རོགས་བྱེད་ཀྱི་ཡིན།
གལ་ཏེ་ང་རང་རླུང་བུའི་ནང་གཡོ་བའི་ཁ་བའི་འདབ་མ་ཆུང་ཆུང་ དེ་ཡིན་ན།
ང་རང་གངས་མི་ཞིག་གི་ཆ་ཤས་སུ་གྱུར་ཀྱང་། དེའི་ནང་ང་ཡོད་པ་ སུ་གཅིག་གིས་ཀྱང་ཤེས་ཀྱི་མ་རེད།
གལ་ཏེ་ང་རང་གཅུས་རིས་ཐེབས་པའི་འཁྲི་ཤིང་རྒྱ་སྨུག་ཐོག་གི་བོང་ ཤ་ཞིག་ཡིན་ན།
ཡང་ལཱ་ལྡན་པའི་ལྒང་བཞུ་ཞིག་ཏུ་བསྒྱུར་ཏེ། རང་གི་གདོང་པ་འོད་ ཆེམ་ཆེམ་བྱེད་ཀྱི་ཡིན།
གལ་ཏེ་ང་རང་ནམ་མཁའི་དབྱིངས་ཀྱི་འོད་མདངས་ཆེ་བའི་ཉི་མ་སེར་ པོ་དེ་ཡིན་ན།
ངས་བྱམས་བརྩེའི་འོད་མདངས་འཕྲོས་ཏེ། མི་ཚང་མར་འཛུམ་མུལ་ མུལ་བྱེད་ཀྱི་ཡིན།
འོན་ཀྱང་ང་རང་ཕྲུ་གུ་ཆུང་ཆུང་ཞིག་ཡིན་པས།
ང་ག་པར་བསྡད་ཀྱང་
བཟང་པོའི་ཆ་དང་། གཤིས་རྒྱུད་འཇམ་པོ། རྩེད་དགོད་སློང་བ། བྱམས་ བརྩེ་སོགས་གང་ཡོང་ཅི་ཡོང་གིས་བརྒྱུད་སྤེལ་བྱེད་ཀྱི་ཡིན།
མཐའ་མཇུག་ངས་གང་ཡོང་ཅི་ཡོང་བྱས་ཏེ་བྱམས་བརྩེ་སྤེལ་གྱི་ཡིན།
མོས་ལོ་ངོ་སུམ་ཅུ་ལྷག་རིང་སྤྲོ་སྣང་དོད་ཅིང་འཆར་ཡན་ཅན་གྱི་འབྲི་རྩོམ་ དང་སྒྱུ་རྩལ་ལྡན་པའི་བརྩམས་ཆོས་མང་པོ་སྤེལ་ཡོད། མོས་བརྩམས་པའི་
བྱིས་སྒྲུང་ཇི་འདྲ་ཞིག་ཡིན་རུང་འཆར་ཡན་ལྡན་པ་དང་། རི་མོ། གྱང་སྦྱར། རྫ་བཟོའི་ལག་རྩལ། ཕྲུ་གུའི་སྐེ་གདན། དངུལ་ཁུག གྱོན་ཆས། གསར་ཤོག་ སོགས་གསར་གཏོད་བྱས་ཡོད་ལ། དེ་ནང་གི་རི་མོ་རྣམས་གསོན་ཉམས་
ལྡན། མོས་བྱིས་སྒྲུང་རྩོམ་དགོས་དོན་ནི་ཕྲུ་གུ་ཚོའི་མི་ཚེ་དོན་སྙིང་ལྡན་པ་
ཡོང་ཐབས་སུ་དམིགས་པ་དང་། བྱིས་སྒྲུང་བརྒྱུད་ཕྲུ་གུ་ལ་བསླབ་བྱ་བཟང་ པོ་ཞིག་རག་པའི་རེ་བ་བྱེད་ཀྱི་ཡོད། སེ་ལི་ཧཱས་ནི་ལྷོ་ཕྱོགས་ཁེ་ལི་ཧྥོ་ནི་
ཡ་མཐོ་སློབ་ཏུ་མཐར་སོན་པ་དང་། འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་ཆོག་ ཐམ་ཡོད་པའི་སྒྱུ་རྩལ་ཁང་ ༢༦ བཙུགས་ཡོད།