བུ་དཔལ་འབྱོར་དང་
ཁོའི་སྒྱུ་མའི་རུས་སྦལ།
རྩོམ་པ་པོ། སེ་ལི་ཧཱས། བོད་སྒྱུར་བ། ངག་དབང་བསྟན་འཛིན།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ཉིན་དེར་བུ་དཔལ་འབྱོར་མཚོ་ཁར་རྐུབ་བཀྱག་ཅིག་གི་སྟེང་བསྡད་དེ། བུ་ཚོས་སོ་སོའི་ རུས་སྦལ་དང་མཉམ་དུ་ཆུའི་ནང་རྩེད་མོ་རྩེ་བཞིན་པར་བལྟས། ཁོ་ཚོས་ཆུ་གཏོར་ཞིང་ མཆོང་བ་དང་། སྐམ་སར་ཐོན་སྐབས་དགའ་སྤྲོའི་དགོད་སྒྲ་སྒྲོག་བཞིན་ཡོད།
ཁོ་ཚོ་མཚོ་འགྲམ་དུ་ལོག་ཡོང་སྐབས། མཚོའི་གཏིང་ལ་མཐོང་བའི་ཡ་ མཚན་ཅན་གྱི་དངོས་པོ་རྣམས་བུ་དཔལ་འབྱོར་ལ་བཤད།
ཕྱི་ཉིན། བུ་དཔལ་འབྱོར་ཤར་རྒྱག་མཚོ་ཁར་ཕྱིན་ཏེ། རང་གི་སྐྱེས་ཚེས་ཀྱི་དན་རྟགས་ ལས་བྱེད་དེར་བསྟན། ལས་བྱེད་དེས་དན་རྟགས་ཤོག་བུའི་སྟེང་ཐེལ་ཙེ་བརྒྱབ་སྟེ། རུས་ སྦལ་འཇོག་སའི་ཁང་ཆུང་འགྲམ་ལ་ལངས་པའི་མི་དེའི་ཕྱོགས་ལ་མཛུབ་སྟོན་བྱེད་ཞོར། འདི་ཕ་གིའི་རུས་སྦལ་ལྟ་སྲུང་བར་སྤྲོད་ཤོག ཅེས་ལབ།
ལས་བྱེད་དེས་བུ་དཔལ་འབྱོར་ལ། སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས། ཞེས་འཚམས་ འདྲི་ཞུས་པ་དང་། བུ་དཔལ་འབྱོར་ཁང་ཆུང་དེའི་ཕྱོགས་ལ་བརྒྱུགས་ནས་ཕྱིན།
རུས་སྦལ་ལྟ་སྲུང་བས་ཁོའི་ཤོག་བུ་དེ་བླངས་པ་དང་། ཁོ་ལ་རུས་སྦལ་ཡག་ཤོས་དེ་སྤྲད་ དེ། སེམས་ལ་ངེས་དགོས་པ་ཞིག་ལ། རུས་སྦལ་ལ་ལྟོ་ཆས་འགྲངས་ཙམ་དང་། མཁའ་ རླུང་གཙང་མ་དགོས་པ་མ་ཟད། ངལ་གསོ་མང་ཙམ་རྒྱག་ཏུ་འཇུག་དགོས། ཞེས་མངགས།
བུ་དཔལ་འབྱོར་གྱིས། ལགས་སོ། །ལགས་སོ། །ཞེས་ཞུ་བཞིན། རུས་སྦལ་ ཆེན་པོ་དེ་མཆན་འོག་ཏུ་བཟུང་ནས་མཚོའི་ཕྱོགས་སུ་རྒྱུག
བུ་དཔལ་འབྱོར་གྱིས་རུས་སྦལ་ཆུའི་ནང་དུ་བཞག་སྟེ་རྒྱབ་ཏུ་བཞོན་པ་དང་། རྐྱལ་ནས་བུ་ གཞན་ཚོས་རྩེད་མོ་རྩེ་ས་དེའི་ཕྱོགས་སུ་ཕྱིན། ད་ཆ་ཁོས་ཀྱང་མཚོའི་གཏིང་ལ་གསང་བ་ གང་ཡོད་པ་ཤེས་རྒྱུ་རེད།
བུ་དཔལ་འབྱོར་གྱིས། རྐྱལ་རྒྱོབས། རྐྱལ་རྒྱོབས། ཞེས་རུས་སྦལ་ལ་བཀའ་བཏང་ ཡང་། ཁོ་གཉིས་གཤིབ་འགོ་ཚུགས་ཙམ་ཡིན་པས། འབྲེལ་བ་དེ་ག་ལེར་འཛུགས་འདོད་ ཡོད་སྟབས་ཁོའི་ཁ་ལ་མ་ཉན། འོན་ཀྱང་བུ་དཔལ་འབྱོར་གྱིས་དེ་ལྟར་མི་འདོད་པར་མུ་ མཐུད། རྐྱལ་རྒྱོབས། རྐྱལ་རྒྱོབས། ཞེས་སྐད་བརྒྱབ།
བུ་དཔལ་འབྱོར་གྱིས་ཨུ་ཚུགས་བརྒྱབ་པ་ལྟར་རུས་སྦལ་རྐྱལ་ཏེ་རྒྱ་མཚོའི་གཏིང་ལ་ཕྱིན། དེ་རུ་སླེབས་སྐབས་བུ་གཞན་ཚོ་དང་། ཁོ་ཚོའི་རུས་སྦལ་རྣམས་མཚོའི་ནང་གི་ངོ་མཚར་ ལྡན་པའི་ལུང་པར་ལྟ་ཞིབ་བྱེད་པ་དང་། འགའ་ཤས་མཚོའི་གཏིང་ནས་གཏིང་ལ་འགྲོ། ཡང་ཁ་ཤས་མཚོ་གནས་སྲོག་ཆགས་རྣམས་དང་རྩེད་མོ་རྩེ་བཞིན་ཡོད།
བུ་དཔལ་འབྱོར་ཧོ་ཀི་རྩེ་བཞིན་པའི་རུ་ཁག་ཅིག་ནང་མཉམ་ཞུགས་བྱས། ཚོས་ཉ་སྐོགས་ཕར་ཚུར་གཞུས་ཏེ། དྲ་བའི་ནང་བླུགས་རེས་རྩེས།
ཁོ་
ཁོ་གཉིས་མཚོའི་ནང་ཕར་ཚུར་རྐྱལ་བ་དང་། སྟེང་འོག་ལ་མཆོང་རྒྱུག་སོགས་བྱས་ཏེ། མཚོའི་ནང་རྒྱུན་རིང་ཤོས་བསྡད་པ་དང་། རྩེད་མོ་དྲག་ཤོས་རྩེས་པ་རེད། སྐབས་རེར་ཁོ་ གཉིས་མཚོ་ཁ་རུ་ཐོན་ཏེ་འཚོ་རླུང་ལེན་པར་འགྲོ་དགོས། མཐའ་མཇུག་དེར་རུས་སྦལ་ རྦད་དེ་ཐང་ཆད།
འོན་ཀྱང་བུ་དཔལ་འབྱོར་ནི་དེ་ལས་ལྡོག་སྟེ། ཉིན་མོའི་རྩེད་འཇོ་ཡིས་ནུས་ཤུགས་དང་སྤྲོ་ སྣང་འཕེལ། ཕྱི་དྲོ་ཁོས་རུས་སྦལ་མཚོ་ཁ་རུ་སྣང་མེད་ངང་བཞག་སྟེ། ས་མ་རུབ་གོང་རང་ ཁྱིམ་ལ་ལོག་པ་དང་། ཕྱི་ཉིན་སྔ་དྲོ་ཉི་མ་ཤར་སྐབས་གཞི་ནས་མཚོ་ཁར་ཡོང་།
ཁོས་རུས་སྦལ་དེ་ཡར་སློང་བཞིན། འགྲོ། ཉི་མ་ཤར་ཙམ་ཡིན་པས་བལྟ་རྒྱུ་དང་བྱེད་རྒྱུ་ མང་པོ་ལྷག་ཡོད། ཅེས་ཟེར།
བུ་དཔལ་འབྱོར་རུས་སྦལ་གྱི་རྒྱབ་ཏུ་བཞོན་པ་དང་། ཁོ་གཉིས་མཚོའི་དཀྱིལ་དུ་རྐྱལ་ བརྒྱབ་སྟེ་ཕྱིན། ཁོས། ཆུའི་ནང་འཛུལ། ཆུའི་ནང་འཛུལ། ཞེས་རུས་སྦལ་ལ་བཀའ་བཏང་།
ཁོས་བཤད་པ་ལྟར་རུས་སྦལ་མཚོའི་གཏིང་དུ་འཛུལ།
ཁོ་གཉིས་མཚོ་རྟའི་ཁྱུ་དང་རྒྱ་མཚོའི་སྐྱེ་ཟེར་མེ་ཏོག་གི་ལྡུམ་ར་བརྒྱུད་དེ་ཕྱིན།
དེ་ནས་སྐར་ཉའི་ཁྱུ་ཚོགས་ཡོད་སར་འབྱོར།
མཚོའི་གཏིང་ལ་འགྲོ། ཞེས་བུ་དཔལ་འབྱོར་གྱིས་བསྐྱར་དུ་བཀའ་བཏང་བས། ཁོ་ གཉིས་ཉ་ཆེན་མང་པོ་ཡོད་སའི་མཚོ་གཏིང་དུ་འབྱོར།
དེ་ན་མཇུག་མ་སེར་པོ་ཅན་གྱི་མཚོ་ཉ་ཊུ་ན་དང་། རལ་གྲི་མཆུ་ཅན་གྱི་མཚོ་ཉ་མཱར་ལིན། ད་དུང་མདུང་རྩེ་ལྡན་པའི་མཚོ་ཉ་རལ་གྲི་མཆུ་ཅན་ལ་སོགས་པ་དང་།
མཱན་ཊཱ་རེ་སེ་དང་སི་ཊིང་རེ་སེ་སོགས་ཀྱང་མཐོང་།
དེ་རྣམས་བུ་དཔལ་འབྱོར་ལ་ལྟད་མོ་ཆེ་ཐག་ཆོད་པ་རེད། འོན་ཀྱང་རུས་སྦལ་ གྱིས་རྒྱབ་ཏུ་བུ་དཔལ་འབྱོར་འཁུར་ཡོད་པས་དཀའ་ལས་ཤིན་ཏུ་ཁག
ཁོ་གཉིས་སྐམ་སར་འབྱོར་བ་དང་། བུ་དཔལ་འབྱོར་གྱིས་ཡང་རུས་སྦལ་མཚོ་ཁར་སྣང་ མེད་ངང་བཞག་སྟེ། དགོང་ཟས་ཟ་བར་རང་ཁྱིམ་དུ་ཕྱིན། ཁོས་ཐང་ཆད་པའི་རུས་སྦལ་ ཉམ་ཐག་དེ་གྲོད་ཁོག་སྟོང་པར་བཞག་པ་རེད།
ཉིན་གསུམ་པར། བུ་དཔལ་འབྱོར་ཚུར་འབྱོར་སྐབས། རུས་སྦལ་རང་གི་ཕྱི་སྐོགས་ནང་ འཛུལ་ཡོད་པ་མཐོང་སྟེ། མར་ཐོན་ཤོག མར་ཐོན་ཤོག ང་ཚོ་ད་དུང་འགྲོ་རྒྱུ་མང་པོ་ལྷག་ ཡོད། ཅེས་སྐད་བརྒྱབ་པ་རེད།
རུས་སྦལ་དེས་མི་འདོད་བཞིན་དུ་བཀའ་ལ་བརྩིས་ཏེ་མཚོ་མཐའ་རུ་ཕྱིན། བུ་དཔལ་འབྱོར་ རུས་སྦལ་གྱི་རྒྱབ་ཏུ་བཞོན་ནས་མཚོའི་ཕྱོགས་ལ་མཛུབ་མོ་བཙུགས་ཏེ། ཐོན་འགྲོ། ཞེས་ སྐད་བརྒྱབ། དེ་ཉིན་ཁོའི་སེམས་པ་སྤྲོ་སྣང་གིས་ཡོངས་སུ་ཁེངས་ཡོད།
བུ་དཔལ་འབྱོར་གྱིས། འགྲོ། འགྲོ། ཞེས་བཀའ་བཏང་། ཐེངས་འདིར་ཁོ་གཉིས་ཧ་ཅང་ཐག་ རིང་པོར་ཕྱིན་པས། ཕྱིར་བལྟས་སློག་སྐབས་མཚོ་མཐའ་རབ་རིབ་ཙམ་ལས་མ་མཐོང་། འོན་ཀྱང་ཁོ་གཉིས་མཚོ་གཏིང་དུ་ཕྱིན་པ་ན། བུ་དཔལ་འབྱོར་གྱིས་མཐོང་འདོད་པའི་ཌོལ་ ཕིན་དང་། ཉ་ཆེན་ཝེལ་རྣམས་མཐོང་བ་རེད།
དེ་ནི་ཁོས་རྨི་ལམ་ལའང་འཁོར་མ་མྱོང་བའི་ཉ་ཆེན་ཝེལ་ལ་བྱུག་བྱུག་བྱས་པ་མ་ཟད།
ཌོལ་ཕིན་དང་མཉམ་དུ་རྩེད་མོ་རྩེས། ཁོ་རང་ཧ་ཅང་སྐྱིད་པོ་བྱུང་བས་རུས་སྦལ་ དཀའ་ལས་ཁག་པ་ལ་དོ་སྣང་མ་བྱས།
མཐའ་མཇུག་བུ་དཔལ་འབྱོར་གྲོགས་པོ་གསར་པ་རྣམས་དང་ཁ་བྲལ་ཏེ་རུས་སྦལ་དང་ མཉམ་དུ་ནང་ལ་ལོག ཁོ་གཉིས་མཚོ་ཁར་འབྱོར་སྐབས་འཕྱི་པོ་ཆགས་ཟིན་པ་དང་། བུ་ དཔལ་འབྱོར་རང་ཁྱིམ་དུ་ལོག་དགོས་པས། ཁོས་རུས་སྦལ་ལ་ཁ་ཡ་བྱེད་རྒྱུ་མ་རག
ཕྱི་ཉིན་ཞོགས་པ། བུ་དཔལ་འབྱོར་སྔ་པོ་ནས་ཚུར་འབྱོར་སྐབས། རུས་སྦལ་གཉིད་ལས་ སློང་རྒྱུར་དཀའ་ལས་འཕྲད། ཡར་ལོངས། ཡར་ལོངས། ཞེས་སྐད་བརྒྱབ་ཀྱང་། རུས་ སྦལ་འགུལ་སྐྱོད་ཅི་ཡང་མ་བརྒྱབ་པར་གནས་པ་ན། ང་ལ་ད་དུང་འཆར་གཞི་མང་པོ་ཡོད། ཅེས་བུ་དཔལ་འབྱོར་གྱིས་བསླུ་བྲིད་བྱས་པར། རུས་སྦལ་གྱིས་ཡ་ལན་གང་ཡང་མ་བྱིན། ཁོས་མིག་ཅུང་ཙམ་གདངས་ནའང་། སྐོགས་ཤུན་ནས་ཕྱི་ལ་མ་ཐོན།
བུ་དཔལ་འབྱོར་གྱིས། ཆུའི་ནང་གཡུག་པ་ཡིན་ན། ཁྱེད་རང་གཉིད་སད་ཡོང་། ཞེས་ ཁོས་རུས་སྦལ་ཡར་བཀྱགས་ཏེ་དལ་གྱིས་ཆུའི་ཁ་ལ་ཕྱིན། རུས་སྦལ་ཆུའི་ནང་དུ་ བཞག་པ་དང་རང་ཉིད་དེའི་རྒྱབ་ལ་བཞོན་པས།
རུས་སྦལ་ཆུའི་ནང་ཐིམ་པ་རེད།
ཁོས། རུས་སྦལ་ཞིག་གིས་བྱེད་སྟངས་དེ་འདྲ་མ་རེད། ཅེས་ཟེར་ཏེ། རུས་སྦལ་ལས་མར་ བབས་ཏེ་བསྐྱར་དུ་ཞོན་ཐབས་བྱས། ང་ལ་འཆར་གཞི་མང་པོ་ཡོད། ཅེས་ཁོས་འགྲེལ་ བཤད་ཇི་ལྟར་བརྒྱབ་ནའང་། རུས་སྦལ་གྱིས་ཡ་ལན་མ་སྤྲད་པར། བསྐྱར་དུ་ཆུའི་ནང་ཐིམ།
ཁོས། སྣང་དག་ཡོད་མ་རེད། ཅེས་ཆིག་ལབ་རྒྱག་བཞིན་ཆུ་ནས་ཐོན་ཏེ་རུས་སྦལ་ལྟ་སྲུང་ བ་ཡོད་སར་ཕྱིན་ཏེ་སྒོ་བརྡུངས།
རུས་སྦལ་ལྟ་སྲུང་བས་སྒོ་ཕྱེས། བུ་དཔལ་འབྱོར་གྱིས། ང་ལ་རུས་སྦལ་གཞན་ཞིག་གནང་ རོགས། ཟེར་བར། མི་དེས། དགོངས་དག བུ་གཅིག་ལ་རུས་སྦལ་གཅིག་ལས་ཐོབ་ཀྱི་མ་ རེད། ཅེས་ལབ་པ་ན། བུ་དཔལ་འབྱོར་གྱིས། དེ་འདྲ་ཨེ་ཡིན་ན། ང་ལ་ད་དུང་འཆར་གཞི་ མང་པོ་ཡོད། ཅེས་ལབ།
བྱས་ན། གལ་ཏེ་ཁྱེད་ཀྱི་འཆར་གཞིའི་ནང་རུས་སྦལ་ཚུད་ཀྱི་ཡོད་ན། འཆར་གཞི་བརྗེ་པོ་ བརྒྱབ་ཤོག ཅེས་ཟེར་བར། བུ་དཔལ་འབྱོར་གྱི་འཆར་གཞིའི་ནང་རུས་སྦལ་ལོས་ཡོད། རུས་སྦལ་ནི་མཚོ་གཏིང་གི་སྒྱུ་མའི་གྲོང་ཁྱེར་དུ་བགྲོད་པའི་ལམ་ཁོ་ན་དེ་ཡིན་པ་དྲན།
བུ་དཔལ་འབྱོར་རུས་སྦལ་གྱི་རྒྱབ་ལ་བཞོན་ནས་དེར་འགྲོ་དགོས་ཀྱི་ཡོད་སྟབས། ཁོའི་ སེམས་ནང་རང་གི་རུས་སྦལ་མ་གཏོགས་གཞན་གྱིས་དེ་ལྟར་སྒྲུབ་མི་ཡོང་སྙམ། དེའི་ཚེ་ བུ་དཔལ་འབྱོར་གྱིས་ཕྱིར་སློག་སྟེ་ལྟ་སྐབས། རུས་སྦལ་ཨ་ལོག་ཐེབས་ཏེ་ཆུའི་ནང་རྐང་ འཁྲབ་ལག་འཁྲབ་བྱེད་པ་དང་། རྒྱ་མཚོའི་རླབས་ཀྱིས་ཆུའི་ནང་ཕར་འདེད་ཅིང་། མཚོའི་ ནང་ཐིམ་བཞིན་པ་མཐོང་།
ད་ཅི་དྲག ཅེས་བུ་དཔལ་འབྱོར་གྱིས་སྐད་རྒྱག་བཞིན་མགྱོགས་པོ་ཆུའི་ཁ་རུ་རྒྱུགས་ཕྱིན་ པ་དང་། ཆུའི་ནང་མཆོངས་ཏེ་རུས་སྦལ་ཕྱོགས་སུ་རྐྱལ་ནས་ཕྱིན།
བུ་དཔལ་འབྱོར་ཆུའི་ནང་འཛུལ་བ་དང་། རུས་སྦལ་གྱི་རྐང་པ་ནས་འཇུས་ཏེ་ཡར་ འཐེན་ནས་མཚོ་ཁར་བཏོན།
བུ་དཔལ་འབྱོར་གྱི་སེམས་ནང་ཅི་ཞིག་བྱེད་དགོས་མིན་བློ་དོགས་སྐྱེ་བཞིན། གང་ དྲན་པ་དེ་རང་བྱས་པ་རེད། ཁོས་རུས་སྦལ་མཚམས་རེར་གན་རྐྱལ་སློག་པ་དང་། མཚམས་རེར་མགོ་རྟིང་སློག་སྟེ། ཁོག་པའི་ནང་གི་ཆུ་རྣམས་ཕྱི་ལ་བཏོན་པ་རེད།
དེ་ནས་ནང་ལ་ཕྱིན་ཏེ་བྱ་ཤའི་ཁུ་བ་ཕོར་པ་ཆེན་པོ་གང་འཁྱེར་ཡོང་ནས་རུས་ སྦལ་གྱི་ཁ་ནང་ལ་ག་ལེར་བླུགས།
དེའི་རྗེས་ཁོས་མཚོ་ལས་ཐག་རིང་ཙམ་གྱི་ས་ན་རྩྭ་རིང་པོ་ཡོད་ས་དེར་ཐོག་གཡབ་ཅིག་ བཟོས་ཏེ། དེ་ནུབ་རུས་སྦལ་དེ་གར་འཇོག་རྒྱུ་བྱས་པ་རེད། རུས་སྦལ་གྱིས་བཀའ་དྲིན་ ཚོར་ཏེ། ཕྱི་དྲོ་བུ་དཔལ་འབྱོར་ནང་ལ་མ་ལོག་གོང་འཛུམ་ཙམ་བྱེད་ཐུབ་པ་རེད།
ཕྱི་ཉིན། བུ་དཔལ་འབྱོར་མཚོ་ཁར་སྔ་ཙམ་འབྱོར་བ་དང་། ཉིན་དེར་ཁོས་རུས་སྦལ་ལ་ མ་རྨོས་ལོ་ཏོག་གི་བག་ལེབ་དང་། བ་དམ་སྐྱོ་མ། ལ་ཕུག རྗེན་ཚལ། ཀྲུ་མ་ཀྲུ། པད་ ཚལ། ད་དུང་འཇུ་ཟས་སུ་ཀུ་ཤུ་སོགས་རྔན་པ་གྱ་ནོམ་པ་འཁྱེར་ཡོད།
བུ་དཔལ་འབྱོར་གྱིས་རུས་སྦལ་ལ་ལྟ་སྐྱོང་ཡག་པོ་བྱས་པས། དྲག་སྐྱེད་བྱུང་བ་དང་། ལུས་སྟོབས་ཀྱང་རྒྱས།
རུས་སྦལ་ཉིན་རེར་
མཐར་རུས་སྦལ་བསྐྱར་དུ་རྐྱལ་ཐུབ་པ་བྱུང་། བུ་དཔལ་འབྱོར་གྱིས་རུས་སྦལ་མཚོ་ཁར་ འཁྲིད་དེ། རུས་སྦལ་རང་གི་རྒྱབ་ལ་འཁུར་ཏེ་མཚོའི་ནང་རྐྱལ་བ་རེད།
ཁོ་གཉིས་ཆུའི་ནང་འཛུལ་བ་དང་། སྐོར་བ་རྒྱག་པ་སོགས་བྱས། ཁོ་གཉིས་ཀྱིས་དེར་གང་ མཐོང་བ་ལ་ཡིད་སྨོན་ཤོར་བ་དང་། བུ་དཔལ་འབྱོར་གྱིས་རུས་སྦལ་རང་གི་རྒྱབ་ལ་བཞོན་ པ་དགའ་སྣང་སྐྱེས། རུས་སྦལ་ཡང་ཁོ་ལ་དགའ་བ་གསལ་པོ་ཡིན།
དུས་དེ་ནས་བཟུང་ཁོ་གཉིས་ཕན་ཚུན་བཞོན་རེས་བྱས་ཏེ། གང་དུ་འགྲོ་ནའང་མཉམ་ དུ་དགའ་མགུར་རོལ་བ་དང་། ལྷག་པར་དུ་བུ་དཔལ་འབྱོར་གྱིས་རུས་སྦལ་ལ་ཟས་ རྒྱགས་ཚད་སྤྲད་པ་དང་། མཁའ་རླུང་གཙང་མ་རྔུབ་འཇུག་པ་མ་ཟད། ངལ་གསོ་མང་ ཙམ་རྒྱག་བཅུག་པ་རེད།།
སྒྲུང་རྫོགས་སོང་། འོན་ཀྱང་ཕན་ཚུན་ལྟ་སྐྱོང་བྱ་རྒྱུ་རྫོགས་མེད།
མོས་ལོ་ངོ་སུམ་ཅུ་ལྷག་རིང་སྤྲོ་སྣང་དོད་ཅིང་འཆར་ཡན་ཅན་གྱི་འབྲི་རྩོམ་དང་སྒྱུ་རྩལ་ ལྡན་པའི་བརྩམས་ཆོས་མང་པོ་སྤེལ་ཡོད། མོས་བརྩམས་པའི་བྱིས་སྒྲུང་ཇི་འདྲ་ཞིག་ཡིན་ རུང་འཆར་ཡན་ལྡན་པ་དང་། རི་མོ། གྱང་སྦྱར། རྫ་བཟོའི་ལག་རྩལ། ཕྲུ་གུའི་སྐེ་གདན། དངུལ་ཁུག གྱོན་ཆས། གསར་ཤོག་སོགས་གསར་གཏོད་བྱས་ཡོད་ལ། དེ་ནང་གི་རི་མོ་ རྣམས་གསོན་ཉམས་ལྡན། མོས་བྱིས་སྒྲུང་རྩོམ་དགོས་དོན་ནི་ཕྲུ་གུ་ཚོའི་མི་ཚེ་དོན་སྙིང་ ལྡན་པ་ཡོང་ཐབས་སུ་དམིགས་པ་དང་། བྱིས་སྒྲུང་བརྒྱུད་ཕྲུ་གུ་ལ་བསླབ་བྱ་བཟང་པོ་ཞིག་ རག་པའི་རེ་བ་བྱེད་ཀྱི་ཡོད། སེ་ལི་ཧཱས་ནི་ལྷོ་ཕྱོགས་ཁེ་ལི་ཧྥོ་ནི་ཡ་མཐོ་སློབ་ཏུ་མཐར་ སོན་པ་དང་། འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་ཆོག་ཐམ་ཡོད་པའི་སྒྱུ་རྩལ་ཁང་ ༢༦ བཙུགས་ཡོད།