རི་མོའི་དཔེ་དེབ་འདི་ཉིད་རི་མོར་མཁས་ཤིང་། བྱམས་བརྩེ་ཅན་གྱི་ང་ཡི་སྐུད་མོ་ བིན་ཌིཡ་ཐཱ་པཱར་གྱི་དྲན་རྟེན་དུ་བརྩམས།
རྩོམ་པ་པོ། ཨ་ཤིཤ་ཀོ་ཐྲ་རི། རི་མོ་བ། ཨ་ནུ་ཤ་མེ་ནོན།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེ ས ་རི ག ་ལས་ཁུངས་ཀྱི ས ་དཔར་འགྲེ མ ས་ཞུས།
ཨ་ལོ་རྒང་གི་ནང་མི་རྣམས་ས་ཁུང་སྦུག་གི་ཁོད་ཡངས་ཤོས་དེའི་ནང་འཛོམས་ཡོད། རྒང་ཕྲུག་ གིས་ནམ་རྒྱུན་ལྟར་སྤྲོ་སེམས་འཁོལ་པོས་དགོང་ཟས་མི་ཟ་བར་སོས་ལྡད་རྒྱག་བཞིན་པའི་སྣང་ ཚུལ་དེ་ཨ་མས་མཐོང་བས། ཨོ་ལོ་རྒང་། ག་རེ་གནང་སོང་། ཞེས་དྲིས། ཨ་མས་དེ་རིང་ནང་མི་
ཚང་མའི་ཟས་སུ་ཞིམ་མངར་ལྡན་པའི་རྩངས་པ་ཁ་རལ་འཁྱེར་ཡོད་ཀྱང་། ཁོས་མ་བཟས་པ་ཡ་ མཚན་སྐྱེས།
ཨོ་ལོ་རྒང་གིས་ཡར་ལ་བལྟས་ཏེ། ཨ་མ་ལགས། དེ་རིང་ང་གྲོགས་པོ་ཚོ་དང་མཉམ་དུ་ཞིང་ཁའི་
ནང་རྩེད་མོ་རྩེ་སྐབས། དེ་སྔ་མཐོང་མ་མྱོང་བའི་མི་ཁ་ཤས་ཤིག་མཐོང་བྱུང་། ཁོ་ཚོའི་ལག་ཏུ་ དངོས་པོ་ཁྱད་མཚར་པོ་ཞིག་འདུག བྱས་སོང་། ཞེས་ལབ།
དངོས་པོ་དེ་འཁྱེར་ནས་ཁོ་ཚོས་ཞིང་ཁ་ཆ་ཚང་ལ་ལྟ་ཞིབ་
པ་ཕས། སེམས་ཁྲལ་མ་བྱེད། ཁོ་ཚོ་ཡུལ་སྐོར་བ་ཡིན་སྲིད། ཅེས་ལབ། ཨོ་ལོ་རྒང་ནི་དྲན་རྒྱུ་རྒོད་
པོ་ཞིག་ཡོད་པས་ལན་དེར་འདོད་པ་གཏན་ནས་མ་ཁེངས། སྐབས་རེར་མོས་དྲི་བ་མང་པོ་དྲིས་པས་
ཕ་མ་གཉིས་སུན་སྣང་གིས་གཤེ་གཤེ་གཏོང་གི་ཡོད། མོས་རང་ངོས་ནས་དེར་ཞིབ་འཇུག་བྱ་རྒྱུ་ ཐག་བཅད། འོན་ཀྱང་། ཕ་མ་གཉིས་ཀྱིས་དེར་དགག་པ་བརྒྱབ་ན་ཅི་བྱ་བསམ་སྟེ་མ་བཤད་པ་རེད།
ཁོ་ཚོས་མོ་ལ་ཨོ་ལོ་ཞེས་འབོད་ཀྱི་ཡོད་ནའང་། མོས་སོ་སོའི་ལས་ཀ་སོ་སོས་བྱེད་ཐུབ་མཁན་ ཞིག་ཡིན་དྲན་གྱི་ཡོད།
ཉིན་རྗེས་མར། མོའི་ཕ་མ་གཉིས་གཉིད་དུ་ཡུར་བའི་སྐབས། ཨོ་ལོ་རྒང་ས་ཁུང་ནས་ག་ལེར་ཕྱི་ལ་ ཐོན་ཏེ། ཐད་ཀར་ཨ་ཁུ་སྟོབས་ལྡན་སར་ཕྱིན། ཨ་ཁུ་སྟོབས་ལྡན་ནི་རྩངས་པ་ཁ་རལ་གྱི་རིགས་ཤིག་
ཡིན་ལ། ཨོ་ལོ་རྒང་གི་ནང་མི་སྡོད་སའི་ས་ཁུང་སྟེང་གི་རྩྭ་ཐང་དང་། དེའི་ཉེ་ཁུལ་གྱི་བྱེ་ཐང་ཐོག་ཕར་ ཚུར་འགྲོ་མྱུལ་བྱེད་པ་ཡོངས་གྲགས་ཡིན། མི་དེ་དག་སུ་ཡིན་མིན་ཕལ་ཆེར་ཁོས་ཤེས་སྲིད།
ཨ་ཁུ་སྟོབས་ལྡན་གྱིས་ཨོ་ལོ་རྒང་གིས་ངོ་མི་ཆོད་པའི་སྦུར་པ་དང་སྒོ་ང་འགའ་ཤས་ཟ་བཞིན་འདུག
ཨོ་ལོ་རྒང་དེ་རུ་འབྱོར་སྐབས་ཁོས་ཟས་ཁམ་གང་སྤྲད་པ་རེད། དུས་རྒྱུན་ཨོ་ལོ་རྒང་གིས་ཟས་ཞིམ་ པོ་དེ་འདྲ་ནམ་ཡང་བློས་གཏོང་བྱེད་ཀྱི་མེད། འོན་ཀྱང་ཨོ་ལོ་རྒང་ལ་སེམས་འཚབ་ཅིག་ཡོད་སྟབས་ དེར་ཡ་མ་བྱས་པར། ཨ་ཁུ་སྟོབས་ལྡན་ལགས། ཁ་སང་ང་ཚོའི་རྩྭ་ཐང་ཐོག་མི་ཁྱད་མཚར་པོ་དེ་འདྲ་
བསླེབས་པ་དོ་སྣང་བྱུང་ངམ། ཞེས་དྲིས་པ་ན། ཨ་ཁུས་འཛུམ་ཙམ་བྱས་ཏེ། མཐོང་བྱུང་། ངས་ཀྱང་ཁོ་ ཚོ་འདིར་ཡོང་དོན་ཅི་ཡིན་ནམ་དྲན་བྱུང་། ཡིན་ནའང་། ཅི་ཡིན་མ་ཤེས། ང་ཚོ་རི་བོང་རྣ་རིང་ལ་སྐད་ ཆ་འདྲི་བར་འགྲོ། ཞེས་ལབ།
ཨོ་ལོ་རྒང་གིས་དེར་མོས་མཐུན་བྱས་པ་ན། ཨ་ཁུས་ཟས་ལྷག་རྣམས་ལྕེ་ལྡག་བརྒྱབ་སྟེ་མགྱོགས་པོ་
བཟས། སྐབས་དེར་ཨོ་ལོ་རྒང་གིས་ཨ་ཁུའི་ལྕེ་དེ་སྦྲུལ་ལྟར་ཁ་དབྲག་ཅན་ཞིག་ཡིན་པ་དོ་སྣང་བྱུང་ བས། ཁོས་ཉིན་གཅིག་ཨ་ཁུར་དེ་ལྟར་ཡིན་དགོས་དོན་ཅི་ཡིན་འདྲི་དགོས་སྙམ། དེའི་ཚེ་མོས་རེ་བ་ དང་བཅས་ཨ་ཁུའི་རྗེས་སུ་བསྙེགས་ཏེ་རི་བོང་རྣ་རིང་གབ་སའི་ཕྱོགས་ལ་ཕྱིན།
རི་བོང་རྣ་རིང་རང་ཁྱིམ་ནས་ཕྱི་རུ་ཐོན་གྲབས་བྱེད་བཞིན་ཡོད། རི་བོང་གི་ལུས་པོ་དེ་སའི་མདོག་ དང་ཧ་ཅང་མཚུངས་པས། ཨ་ཁུ་སྟོབས་ལྡན་གྱིས་གང་དུ་འཚོལ་དགོས་པ་དང་། ཇི་ལྟར་འཚོལ་
དགོས་མིན་མ་ཤེས་ན། ས་མདོག་ཅན་གྱི་རི་བོང་ལས་སླ་པོར་རྙེད་མི་སྲིད། ཨ་ཁུ་སྟོབས་ལྡན་དང་ ཨོ་ལོ་རྒང་གིས་རྩྭ་གསེབ་ཏུ་ལོ་མའི་དབྱིབས་འདྲ་བའི་དངོས་པོ་གཉིས་འཚོལ་དགོས་པ་ཤེས་ཀྱི་
ཡོད། དེ་ནི་རི་བོང་གི་རྣ་ཅོག་རིང་པོ་གཉིས་ཡིན། དོན་དངོས་ཐོག་ཨ་ཁུ་སྟོབས་ལྡན་གྱིས་རྣ་ཅོག་ དེ་གཉིས་ལ་བརྟེན་ནས་འཚོལ་དགོས་པ་ཤེས་ཀྱི་ཡོད། རི་བོང་རྣ་རིང་གིས་རྣ་ཅོག་ཆེན་པོ་དེ་ཡིས་ ཐག་རིང་གི་སྒྲ་ཆུང་ཤོས་ཀྱང་གོོ་ཐུབ་ཀྱི་ཡོད།
རི་བོང་གིས་མི་དེ་ཚོས་ཞིང་ཁའི་ནང་ཁང་པ་རྒྱག་རྒྱུ་དང་། མཐའ་རུ་མོ་ཊ་འཇོག་ཁང་བཟོ་རྒྱུ། ད་ དུང་དེའི་ཉེ་འགྲམ་གྱི་མཚེའུ་ནང་སྦུབས་མདོང་འདྲེན་རྒྱུ་ཡིན་པའི་གནས་ཚུལ་ཕྲ་ལ་ཕྲན་བུ་ཞིག་གོ་ བ་ལས། ཞིབ་ཕྲ་གོ་མ་སོང་ཞེས་བློ་ཕམ་ངང་བཤད།
ཁོ་ཚོས་གནས་ཚུལ་དེ་ལས་མང་བ་ཞིག་ཤེས་ཐབས་ཆེད་གྲོས་བསྡུར་ཞུ་བཞིན་པའི་ཚེ།
གྲིབ་
གཟུགས་ཤིག་ཁོ་ཚོའི་སྟེང་ལ་ཕོག་པ་རེད། ཨོ་ལོ་རྒང་དང་། ཨ་ཁུ་སྟོབས་ལྡན། རི་བོང་རྣ་རིང་ གསུམ་འདྲོགས་ཏེ་ཡར་ལ་བལྟས་པས། དེ་ནི་དཀར་རིལ་ཏེ་སྒོ་ཕྱུགས་ཀྱི་ཤིག་གཟན་རྒྱ་བྱ་དཀར་ མོ་ཁོ་ཚོའི་འགྲམ་དུ་ས་སྟེང་དུ་འབབ་བཞིན་ཡོད་པ་མཐོང་བས། ཅུང་བློ་བདེ་བར་འགྱུར།
དཀར་རི ལ ་མཚེ འུ ་སྟེ ང ་ལྡིང་སྐོར་རྒྱག་པའི ་ སྐབས་འོ ག ་ཏུ་འདུ་
འཛོམས་བྱེད་བཞིན་པ་མཐོང་བས་རྟོག་ཞིབ་བྱེད་དུ་ཡོང་བ་རེད། ཁོས། ས་སྟེང་གི་གྲོགས་པོ་རྣམ་པ། བཀྲ་ཤིས་བདེ་ལེགས། ཛ་དྲག་ཚོགས་
འདུ་དེ་འདྲ་ག་རེ་རེད། ཅེས་འུར་སྒྲ་སྒྲོག་ཅིང་ཁེངས་དྲེགས་ཆེན་པོས་ དྲིས་པར། རི་བོང་རྣ་རིང་དེར་ཡི་མ་རངས་པས་ལན་མ་བཏབ། དཀར་
རིལ་དང་མོའི་ཁྱུ་ཚོགས་རྣམས་ཐག་རིང་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་ པས། གནད་དོན་མཐིལ་ཕྱིན་པར་རྟོགས་པར་ཕན་ཐོགས་ཡོང་སྲིད།
དཀར་རིལ་གྱིས་མིག་དང་རྣ་ཅོག་གང་ལའང་གཏད་ནས་ཡོད་པས་དངོས་སུ་ཕན་ཐོགས། མོས་མི་
གཅིག་པུ་མ་ཡིན་པར་ཡ་མཚན་ཆེ་བའི་སྲོག་ཆགས་ཤིག་ཀྱང་མཐོང་བ་རེད། དེ་ལ་རྐང་པ་ཆེན་པོ་ བཞི་ཡོད་ལ། ཧ་ཅང་ཆེ་བའི་ཁ་ཞིག་ཀྱང་འདུག དེའི་ཐོག་མི་ཞིག་བསྡད་དེ་ཁོ་ཚོའི་ཞིང་ཁའི་ཕྱོགས་ སུ་བསྐྱོད་བཞིན་ཡོད་སྟབས། དེ་ཅི་ཞིག་ཡིན་ན་སྙམ་ཡང་། མཚེའུ་ཕྱོགས་སུ་བསྐྱོད་ཀྱི་མེད་སྟབས་
དོ་སྣང་ཆེར་མ་བྱུང་། འོན་ཀྱང་། རི་བོང་རྣ་རིང་གིས་མཚེའུ་ནང་སྦུབས་མདོང་འདྲེན་འཆར་འདུག་ སྐོར་མོ་ལ་བཤད་པ་ན། དཀར་རིལ་ཡང་སེམས་ཁྲལ་བྱེད་འགོ་བརྩམས།
དེར་བརྟེན། སེམས་ཅན་བཞི་པོས་གནད་དོན་དེ་ཆ་ཚང་ཤེས་པའི་མི་ཞིག་ལ་སྐད་ཆ་འདྲི་རྒྱུ་ཐག་ བཅད། མི་དེའང་ཁོ་ཚོས་ཆ་རྒྱུས་མེད་པའི་མི་ཞིག་མ་ཡིན་པར། སྔ་མོ་ནས་ཁོ་ཚོའི་ས་ཞིང་དང་རྩྭ་ ཐང་མཉམ་དུ་སྤྱོད་མཁན་རྫི་བོ་ཞིག་ཡིན།
མི་དང་འགྲོགས་འདྲིས་ཇི་ལྟར་ཆེ་ནའང་། མིའི་རང་བཞིན་ནི་སྔོན་དཔག་བྱེད་རྒྱུ་དཀའ་བས། ཁོ་ཚོ་
ཐད་ཀར་རྫི་བོའི་སར་འགྲོ་རྒྱུ་ཏོག་ཙམ་ཞེད་སྣང་སྐྱེས་སྟབས། ཐབས་ཤེས་བཟང་པོ་ཞིག་དྲན་ཏེ། ཁོ་ ཚོ་ཚང་མ་གཟུགས་སྟོབས་ཆེ་བའི་མ་ཧེ་མདོག་ནག་སར་ཕྱིན། དཀར་རིལ་དུས་རྒྱུན་མདོག་ནག་གི་ རྒྱབ་ལ་བསྡད་དེ་ཤིག་དང་འབུ་སྲིན་སོགས་ཟ་ཡི་ཡོད་པས། ཁོ་གཉིས་གྲོགས་པོ་འཆམ་ཤོས་ཡིན།
མདོག་ནག་བག་ཕེབས་ངང་ཆར་རྗེས་ཀྱི་རྩྭ་སོས་པ་རྣམས་ཟ་བཞིན་བསྡད་ཡོད། ཁོ་ཚོའི་སྐད་ཆ་ རྣམས་ཐོས་རྗེས་ལམ་སང་རང་གི་སྦྱིན་བདག་རྒད་པོ་སུ་ལེ་མཱན་སར་འཁྲིད། སུ་ལེ་མཱན་གྱིས།
དུས་རྒྱུན་ངས་ཁྱེད་རང་གི་རྣ་ཅོག་ནས་འཐེན་ཏེ་ཚུར་མ་འཁྲིད་བར་དུ་ཕྱི་ལ་རྩྭ་
བཟས་ནས་སྡོད་ཀྱི་ཡོད། དེ་རིང་ཁྱེད་རང་སྔ་པོ་དེ་འདྲར་ལོག་དགོས་དོན་གང་ཡིན་ནམ། ཞེས་ མཚང་འབྲུ་བཞིན་དྲིས་པར། ཨོ་ལོ་རྒང་དང་དཀར་རིལ་གཉིས་གད་མོ་ཤོར། ཁོས་དེར་ཁ་ཡ་མ་ བྱས་པར་གནས་ཚུལ་གང་བྱུང་བ་རྣམས་སྦྱིན་བདག་ལ་བཤད།
སུ་ལེ་མཱན་བསམ་གཞིག་གི་གནས་སུ་ལྷུང་སྟེ། ས་འདི་རུ་བཟོ་ གྲྭ་ཞིག་གསར་རྒྱག་བྱས་ཏེ། དེའི་སྙིགས་རོ་རྣམས་མཚེའུ་ནང་
གཡུག་རྒྱུ་ཡིན་པའི་ལས་འཆར་དེ་ངས་ཁ་སང་མ་གཏོགས་མ་ ཤེས། ཁོ་ཚོས་ད་དུང་བྱེ་ཐང་ནས་ཚྭ་དང་རྡོ་སོགས་ཀྱི་གཏེར་ཁ་ སྔོག་འདོན་བྱེད་རྒྱུ་ཡིན་པ་མ་ཟད། ཁོ་ཚོས་རྩྭ་ཐང་གི་གཞོགས་
གཞན་དུ་ལས་ཁུངས་ཤིག་བཙུགས་ཟིན་འདུག གལ་སྲིད་དངོས་
སུ་ལས་འགོ་བརྩམས་ན་ང་ཚོ་ས་ཆ་འདི་ནས་ འབུད་ངེས་རེད།
ང་ཚོས་གཞན་ལ་གནོད་མ་
ཆོག་གི་མ་རེད།
དེས་ན་ང་ཚོས་གཅིག་བྱེད་
སྐྱེ ལ ་བར་དུས་རབས་མང་པོ འི ་ རི ང ་འདི ་ རུ་ གནས་སྟབས། ཁོ་ཚོས་སྣང་བ་གང་དྲན་བྱས་ དགོས།
ཞེས་ལབ།
འོན་ཀྱང་ག་རེ་བྱེད་དགོས་སམ།
རྒད་པོའི་སྐད་ཆ་དེ་ཐོས་རྗེས་ཨོ་ལོ་རྒང་དང་མོའི་གྲོགས་པོ་རྣམས་ཧ་ལས་ཏེ། གཅིག་གིས་གཅིག་ ལ་བལྟས་ནས་བསྡད། མི་དེ་ཚོས་ཅི་བྱེད་མིན་ཤེས་ཚོད་མི་ཐིག་སྟབས། ཁོ་ཚོས་རྒད་པོ་སུ་ལེ་མཱན་
ལ་ཡང་ཚིག་གཅིག་ཀྱང་མ་བཤད། རྗེས་མ་ཅི་ཞིག་བྱེད་དགོས་མིན་ཐད་ནང་ཁུལ་ནས་བསམ་བློ་
གཏོང་དགོས་པ་ཆགས། རྒད་པོར་དྲི་བ་གཅིག་རང་དྲིས་པ་ནི། ཁ་ཆེ་ཞིང་རྐང་པ་བཞི་ཅན་གྱི་སྲོག་ ཆགས་དེ་རེད། རྒད་པོ་གད་མོ་ཤོར་ཏེ། དེ་སེམས་ཅན་མ་རེད། མིས་བཟོས་པའི་ས་རྐོའི་འཕྲུལ་ འཁོར་ཡིན་པར་བཤད།
ཕྱི་དྲོ་ཛ་དྲག་གི་ཚོགས་འདུ་ཞིག་བསྐངས། ཚོགས་འདུ་དེར་ཨོ་ལོ་རྒང་དང་། ཨ་ཁུ་སྟོབས་ལྡན།
དཀར་རིལ། རི་བོང་རྣ་རིང་། མདོག་ནག་རྣམས་ཞུགས། མདོག་ནག་རྫིང་བུའི་ནང་འགྲེ་ལོག་རྒྱག་ རྒྱུ་མ་རག་པས་འཁང་ར་བྱེད་བཞིན་ཡོད། ཚོགས་འདུའི་ནང་ད་དུང་ཙི་ཙི་འདྲ་ཞིང་ཨོ་ལོ་རྒང་ལྟར་
ས་ཁུང་ནང་གནས་པའི་བྱེ་ཐང་གི་ཙི་ཙི་ཆུང་བདག་དང་། ཟེ་མོང་སྲི་ཐར་ཡང་སླེབས་ཡོད། མོའི་ཟེ་
སྒྲོ་རྣམས་གཞན་ལ་མི་ཟུག་ཆེད་ཡག་པོ་ཤད་ཡོད། རྗེས་ལུས་ཏོག་ཙམ་ཐེབས་པ་ནི་རྔ་མོང་སྐེ་རིང་
ཡིན་པ་རེད། དུས་དེ་ནི་བ་ཕྱུགས་དང་། མ་ཧེ། རྔ་མོང་གི་ཁྱུ་ཚོགས་རྣམས་ལོ་རེའི་གནས་སྤོ་བྱེད་ པའི་སྐབས་ཡིན་སྟབས། རྒྱུན་ལྡན་གྱི་རྩྭ་ཐང་གི་ལམ་རྣམས་འགག་འགྲོ་བས། ཁོས་རྗེས་ལུས་ཐེབས་ པའི་ཁག་དེར་དཀྲིས།
ཨོ་ལོ་རྒང་ཅུང་ཚ་གི་ཚི་གི་ངང་
(སེམས་ཅན་མང་ཆེ་བ་ཞིག་རང་ལས་ལོ་ན་རྒན་པ་ཡིན་སྟབས།)
བཤད་དོན། ཨ་ཁུ་
སྟོབས་ལྡན་ལགས་དང་། རི་བོང་རྣ་རིང་ལགས། མདོག་ནག་ལགས། རྔ་མོང་སྐེ་རིང་ལགས། སྲི་ཐར་ ལགས། ཆུང་བདག་ལགས། ཁྱེད་ཚོ་ཚང་མས་རྩྭ་ཐང་འདི་གལ་ཆེན་པོ་ཇི་ཙམ་ཡིན་པ་ཤེས་ཀྱི་རེད།
དེ་བཞིན་དཀར་རིལ་ལགས། གལ་ཏེ་ཁོ་ཚོས་མཚེའུ་དེ་སྦགས་བཙོག་བཟོས་ན་ཅི་བྱ། ཉ་དེ་ཚོར་ བསམ་བློ་ཐོངས་དང་། ཁོ་ཚོ་ཚང་མ་འཆི་རྒྱུ་རེད། ད་དུང་དགུན་ཁ་དུས་བྱ་རྣམས་ཇི་ལྟར་བསུ་འམ།
ལྷག་པར་དུ་བྱེ་ཐང་སྔོག་འདོན་བྱས་ན་བྱེ་ཐང་གི་གྲོགས་པོ་ཚོའི་སྡོད་གནས་ཀྱང་མེད་པ་ཆགས་ཀྱི་ རེད། གལ་སྲིད་རྩི་ཤིང་དང་ཤིང་སྡོང་། རྩྭ་སོགས་བཅད་ན། ང་ཚོའི་གྲོགས་བྱ་ཚོགས་ཀྱིས་ཚང་ག་ པར་བཟོ། ཟས་གང་ནས་འཚོལ། ང་ཚོས་ངེས་པར་དུ་ཅིག་བྱེད་དགོས་ཀྱི་འདུག ཅེས་བཤད།
དེ་ནས་ཕྱོགས་གཅིག་ཏུ་སེམས་ཅན་རྒན་པ་རྣམས་དང་། ཕྱོགས་གཞན་དུ་སེམས་ཅན་ཆུང་ཆུང་ རྣམས་སྒོར་སྒོར་བྱས་ཏེ་ཨོ་ལོ་རྒང་གིས་གང་བཤད་པ་དེར་གྲོས་བསྡུར་ལྷུག་པོ་བྱས། ཨོ་ལོ་རྒང་ གྲོགས་པོ་ཆུང་བ་ཚོའི་འགྲམ་ལ་ཕྱིན་ཏེ། གཏམ་བཤད་ཐུང་ཐུང་ཞིག་ཤོད་འགོ་བརྩམས། དེར་མོ་རང་དབྱིངས་ཅུང་སླེབས་ཡོད།)
(སྐབས་
གྲོགས་པོ་ཚོ། གལ་ཏེ་བཟོ་གྲྭ་བཙུགས་ན། ང་ཚོའི་རྩེད་ཐང་དང་སྡོད་
ཁྱིམ་མེད་པར་ཆགས་པ་མ་ཟད། ད་དུང་མི་ངན་འགའ་ཤས་ཀྱིས་ང་ཚོ་བཟུང་སྟེ་ཐག་རིང་དུ་འཁྲིད་ ཀྱི་རེད། ཅེས་ལབ་པར། སེམས་ཅན་ཆུང་བ་རྣམས་སྐྲག་ནས་དབུགས་ཧད་དེ་སྐད་ཆ་ཡང་བཤད་
མི་ཐུབ་པར་གྱུར། སྤྱང་ཀི་ན་ཆུང་སེར་ཁྲའི་མིག་མཐའ་མཆི་མ་འཁོར་ནའང་བློ་ཁོག་ཆེན་པོའི་ངང་། ངས་འདིའི་སྐོར་ཨ་མ་དང་པ་ལགས་ལ་བཤད་ཀྱི་ཡིན། ཁོ་གཉིས་ཀྱིས་ང་ཚོ་སྲུང་སྐྱོབ་བྱེད་ཀྱི་རེད། ཅེས་བཤད།
ཚོགས་འདུ་དེ་འཕྱི་པོའི་བར་འཚོགས་པ་རེད། སྐབས་དེར་ རྒང་ཕྲུག་ཨ་མས།
ངའི་གཅེས་ཕྲུག་ཉིན་གང་གཉིད་མེད།
ཅེས་སེམས་ཅན་ཚང་མར་བཀའ་བཀྱོན་བཏང་མེད་ན། ལས་འཕྱི ་ བར་འགོ ར ་རྒྱུ་ཡི ན ་པ་གཏན་འཁེ ལ ། སེམས་ཅན་རྣམས་མི་འདོད་བཞིན་དུ་ཚོགས་འདུ་ གྲོལ་ཡང་འཆར་གཞི་ཞིག་བཏིང་གྲུབ་ཡོད།
དེ་
སང་ཞོགས་དེར་ཨོ་ལོ་རྒང་ས་ཁུང་ནས་ཕྱིར་ཐོན་ཏེ། བྱེ་ཐང་ཙི་ཙིའི་གྲོང་སྡེའི་ཕྱོགས་སུ་རྒྱུག་ཕྱིན། དེ་རུ་ཆུང་བདག་གིས་བྱེ་ཐང་ཙི་ཙི་ཧ་ཅང་མང་པོ་སྐོང་ཡོད་པ་མཐོང་བས་མོ་ཧ་ལས། ཁོ་ཚོས་ཨོ་
ལོ་རྒང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མོས་ལན་མ་སྤྲད་གོང་མཐོང་ཡུལ་དུ་མེད་པར་གྱུར།
ཆུང་བདག་གིས་ཁོ་ཚོས་ཅི་ཞིག་བྱ་རྒྱུ་ཡིན་མིན་བཤད་མེད་སྟབས་ཨོ་ལོ་རྒང་ཅུང་ཐེ་ཚོམ་ངང་ལུས།
ཨོ་ལོ་རྒང་ཧོན་འཐོར་ནས་རྒྱུན་རིང་པོ་སྡོད་ཁོམ་མེད། སྐར་མ་ཁ་ཤས་རྗེས་སུ། ཟེ་མོང་སྲི་ཐར་ཁྱ་རེ་ ཁྱོ་རེ་ངང་ཡོང་ནས་ལུས་གུག་ཙམ་བྱས་ཏེ། ཨོ་ལོ་རྒང་གི་འགྲམ་དུ་ཟེ་སྒྲོ་འགའ་ཤས་འཕངས་པ་ན།
ཨོ་ལོ་རྒང་ཞེད་ཐག་ཆོད་དེ་ཡར་ལ་མཆོངས། ཨོ་ལོ་རྒང་གིས། ཐུགས་རྗེ་ཆེ། ཟེ་མོང་སྲི་ཐར་ལགས། ཁྱེད་ཀྱིས་ང་གསོད་གྲབས་བྱས་ཀྱང་ཟེ་སྒྲོ་འདི་ཚོ་ཧ་ཅང་ཕན་ཐོགས་པོ་ཡོང་ངེས་རེད། ཅེས་བཤད། ཉིན་མོ་ས་ཁུང་ནང་ཡིབ་སྟེ་མཚན་མོ་ཕྱི་ལ་ཐོན་ཞིང་། ངོ་ཚ་ཆེ་བའི་སྲོག་ཆགས་སྲི་ཐར་གྱིས། ངས་
ཕན་ཐོགས་ཐུབ་པ་དགའ་པོ་བྱུང་། ཞེས་ལབ་སྟེ་རང་འཇགས་ས་ཁུང་ནང་གཉིད་ཉལ་བར་ཕྱིན། ཟེ་ མོང་སྲི་ཐར་ཡང་ཨོ་ལོ་རྒང་ལྟར་མཚན་མོ་རྒྱུ་བའི་སྲོག་ཆགས་ཤིག་ཡིན།
ཞིང་ཁའི་ནང་དེ་ལྟར་གླེང་སློང་བྱུང་བཞིན་པའི་སྐབས་སུ། མཚེའུ་ནང་དུའང་དཀར་རིལ་གྱིས་
འཆར་གཞི་འདིང་བཞིན་ཡོད། མོས་མཚེའུ་ཡི་ཕར་ཕྱོགས་ནས་ཆུ་སྲིན་དཔའ་རྟུལ་སྐད་བཏང་སྟེ། མཚེའུ་སྦགས་བཙོག་བཟོ་བའི་གད་སྙིགས་སྐོར་བཤད་པ་རེད། དེ་ཐོས་པ་ན་ཆུ་སྲིན་དངངས་འཚབ་
སྐྱེས་ཏེ། དེ་ལ་ཐབས་ཤེས་ཅི་ཡོད། ཅེས་དྲིས། ཁོ་གཉིས་ཀྱི་གླེང་མོལ་རྣམས་ཉ་དང་རུས་སྦལ་ འགའ་ཞིག་གིས་ཐོས་པ་ན། ཁོ་ཚོས་མགོ་བོ་ཕྱི་རུ་བཏོན་ནས་གླེང་མོལ་དེའི་ནང་མཉམ་ཞུགས་བྱས་
པ་རེད། དེ་བཞིན་ཟས་འཚོལ་དུ་འཕུར་བཞིན་པའི་ཕྱེ་མ་ལེབ་དང་། འབུ་བླ་མ་མ་ཎི་འགའ་ཤས་ཀྱང་ དེ་རུ་འཛོམས་ཏེ། ཚང་མས་ལས་འགུལ་ཇི་ལྟར་སྤེལ་རྒྱུ་ཐག་བཅད།
དེའི་ཚེ་ཨ་ཁུ་སྟོབས་ལྡན་རང་གི་རྐང་ཆུང་གཉིས་ལ་བརྟེན་ནས། རྩྭ་ཐང་གི་ས་མཚམས་སུ་འཁེལ་ ཞིང་རྒྱ་ཆེ་བའི་ཚྭ་འདམ་གཞོངས་བར་རྒྱུག་མ་འདུར་གྱིས་ཕྱིན། ལམ་ཞོར་དུ་སྤྱང་ཀི་སེར་ཁྲའི་ཚང་ དུ་ཕྱིན་ཏེ་འབྱུང་བར་ཉེ་བའི་ཉེན་ཁའི་སྐོར་ཁོ་ཚོར་བཤད།
འོ ན་ཀྱང་སྤྱང་ཕྲུག་ཁ་སང་ཛ་དྲག་གི་
ཚོགས་འདུར་ཕྱིན་ཡོད་སྟབས། ཁོ་ཚོས་སྔ་ས་ནས་དེའི་སྐོར་ཤེས་རྟོགས་བྱུང་ཡོད། དེ་ནས་ཚྭ་
འདམ་གྱི་མཐའ་རུ་ཨ་ཁུ་སྟོབས་ལྡན་རི་དྭགས་རྐྱང་གི་ཁྱུ་དང་ཐུག རི་དྭགས་རྐྱང་གི་འགོ་དཔོན་བློ་ ཚེ་ནི་ང་རྒྱལ་ཅན་ཞིག་ཡིན་པ་ཡོངས་གྲགས་ཡིན། ང་རྒྱལ་སྐྱེས་དོན་ཡང་ཁོ་ཚོའི་རིགས་གཞན་དང་
མི་འདྲ་བར་ས་ཆ་འདི་རུ་མ་གཏོགས་མཐོང་རྒྱུ་མེད་པའི་རྒྱུ་མཚན་གྱིས་ཡིན་སྲིད། འོན་ཀྱང་ས་ཁུལ་
འདི་རུ་གཏེར་ཁ་སྔོག་འདོན་བྱ་རྒྱུ་ཡིན་པའི་སྐོར་ཤེས་སྐབས། ཁོའི་ཁེངས་དྲེགས་རྣམས་ཡོངས་སུ་ ཞི་སྟེ། ཨ་ཁུ་སྟོབས་ལྡན་གྱིས་བཤད་པའི་འཆར་གཞི་དེ་ལམ་སང་ཁས་ལེན་བྱས།
མཚན་མོ་དེར་ཨོ་ལོ་རྒང་གི་ཕ་མ་གཉིས་ཟས་འཚོལ་དུ་ཕྱིན། འོན་ཀྱང་ཨོ་ལོ་རྒང་སང་ཉིན་ཉིན་གང་
ལངས་དགོས་ཀྱི་ཡོད་སྟབས་ཁོས་གཉིད་ཁུག་ཐབས་བྱས། མོའི་གྲོགས་མོ་རྣམས་ཀྱིས་ཕྱི་ལ་རང་ རང་གི་འཆར་གཞི་ལྟར་ལས་དོན་སྒྲུབ་བཞིན་ཡོད། ཆུ་སྲིན་དཔའ་རྟུལ་དང་སྤྱང་ཀི་སེར་ཁྲ་གཉིས་
ཕྱོགས་གཅིག་ལ་ཕྱིན་པ་དང་། སྲི་ཐར་ཕྱོགས་གཞན་ལ་ཕྱིན་པ་རེད། བྱེ་ཐང་ཙི་ཙི་རྣམས་གནས་ག་ གེ་མོ་ཞིག་ལ་ཡོད་ནའང་སུས་ཀྱང་མཐོང་མི་ཐུབ།
སང་ཉིན་དེར་ནམ་མཁའ་ཧ་ཅང་སྔོ་ཞིང་དྭངས་ཡོད། དེ་རིང་ཁོ་ཚོས་རྩྭ་ཐང་སྔོག་རྒྱུ་ཡིན་པ་རེད།
ཁ་ཆེ་བའི་འཕྲུལ་འཁོར་གཏོང་མཁན་གྱི་མི་དེས་གཏོང་འགོ་བརྩམས། ཁོ་ཚོས་ཉིན་གུང་ཉི་མ་ཚ་པོ་ མ་ཤར་གོང་ལས་ཀ་མང་པོ་ཚར་རྒྱུའི་རེ་བ་བྱས་ཏེ། སེམས་བག་ཕེབས་པའི་ངང་འགྲོ་བཞིན་པ་མ་ ཟད། མི་གཅིག་གིས་གླུའང་ལེན་བཞིན་ཡོད། གློ་བུར་དུ་སྦིར་སྒྲ་ཆེན་པོ་གཉིས་གྲགས་པ་དང་ལྷན་
དུ་འཕྲུལ་འཁོར་འཁྲུག་ཐེབས་ཏེ་ཕར་གཡོ་ཚུར་གཡོ་བྱས། ད་ཆ་གཞས་གཏོང་རྒྱུའི་ཚབ་ཏུ་ཁོ་ཚོས་ དམོད་མོ་བརྒྱབ། འཕྲུལ་འཁོར་གྱི་ཁ་ལོ་བ་དང་ལས་རོགས་གཉིས་མར་འབབ་སྐབས། འཁོར་ལོ་
གཉིས་བརྡོལ་ཡོད་པ་མཐོང་ནས་ཧ་ལས། ཁོ་གཉིས་ཀྱིས་གཟབ་ནན་ངང་ལྟ་སྐབས་འཁོར་ལོ་གཉིས་ ཀར་ཟེ་མོང་གི་ཟེ་སྒྲོ་འགའ་ཤས་ཟུག་ཡོད་པ་མཐོང་། དེ་འདྲའི་འཕྲུལ་འཁོར་ཆེན་པོའི་འཁོར་ལོ་བརྗེ་
དགོས་ན་ཧ་ཅང་ཁག་པོ་ཡིན་པ་ཤེས་གསལ་རེད། ལྷག་པར་དུ་འཁོར་ལོ་གཉིས་ཀ་བརྗེ་དགོས་ན་ དངོས་གནས་ཁག་པོ་རེད། དེ་ནས་ཁ་ལོ་བས་ཀམ་པ་ཎིར་ཁ་པར་བཏང་
སྟེ་རོགས་པ་གཏོང་རོགས་ཟེར་བ་དང་། ཁོ་ཚོ་མ་སླེབས་བར་ལམ་ཟུར་ དུ་བསྒུགས་ནས་བསྡད།
དེ་ནས་ཁོ་ཚོར་ཡ་མཚན་པའི་དོན་རྐྱེན་གཉིས་པ་དེ་བྱུང་བ་རེད། འཕྲུལ་འཁོར་དེ་སའི་ནང་འཐིམ་
འགོ་བཙུགས། ལམ་ཁ་མཁྲེགས་པོ་དེ་ཉིད་གློ་བུར་ཐོག་རྒྱག་ཏུ་རྡིབ་པ་དེར་ཡིད་མ་ཆེས། འཕྲུལ་ འཁོར་ཕྱེད་ཙམ་སའི་འོག་ཏུ་ཤོར་བ་དེར་ལྟ་རྒྱུ་ལས་ཁོ་ཚོར་བྱ་ཐབས་གཞན་གང་ཡང་མ་རྙེད། ཡུད་ ཙམ་ནང་འཕྲུལ་འཁོར་གྱི་མགོ་བོ་དང་། ཁ་ཆེན་པོ་གཉིས་ལས་མཐོང་རྒྱུ་མེད་པར་གྱུར།
མུ་མཐུད་ནས་ཡ་མཚན་པའི་དོན་རྐྱེན་གསུམ་པ་དེ་བྱུང་། འབྱུང་གི་ཡོད་པ་ཤེས་གསལ་རེད།)
(རྒྱ་གར་ནང་གནད་དོན་གང་ཡིན་རུང་ཐེངས་གསུམ་
སའི་འོག་ནས་བྱེ་ཐང་ཙི་ཙིའི་ཁྱུ་ཚོགས་མང་པོ་དགའ་ཐག་ཆོད་དེ་གཞས་
འཁྲབ་ནས་ཐོན་ཡོང་བ་དང་། ཁ་ལོ་བས་རང་གི་རོགས་པར། དཔེ་སྲིད་དོགས་མེད། ཙི་ཙི་དེ་ཚོས་ ང་ཚོའི་འཕྲུལ་འཁོར་འོག་གི་ས་བྲུས་ཡོད་བཟོ་འདུག ཅེས་ལབ། ཁོ་ཚོས་ལོགས་ཤིག་ཏུ་ཟེ་མོང་སྲི་ ཐར་སྤོབས་པ་ཆེན་པོས་ཁྲེལ་དགོད་བྱེད་བཞིན་པ་མ་མཐོང་བ་རེད། མོས་རང་གི་ཟེ་སྒྲོ་རྣམས་ས་ཆ་ གནད་འགག་ཅིག་ཏུ་བཞག་ཡོད་སྟབས་ཁྲེལ་དགོད་བྱེད་བཞིན་ཡོད།
རྒྱང་ཐག་ཀི་ལོ་མི་ཊར་ཁ་ཤས་ཀྱི་སར་ཆགས་པའི་རེལ་དཱནི་བཟོ་ཚོང་ཁང་གི་འགན་འཛིན་ལ་ཁ་ལོ་ བའི་ཁ་པར་འབྱོར། འོན་ཀྱང་ཁོ་དང་ཁོའི་ལས་རོགས་གཉིས་ཀྱིས་ཅི་ཡང་བྱེད་མི་ཐུབ་པའི་གནས་ སུ་ལྷུང་། ལས་ཁུངས་ཀྱི་སྒོ་ཕྱེས་ཏེ་ཁོ་གཉིས་རོགས་པ་བྱ་བར་ཐོན་སྐབས། སྒོའི་ཕྱི་རོལ་ཏུ་ཁ་ཆེན་ པོར་གདངས་ཏེ་མཆེ་བ་གཙིགས་བཞིན་པའི་ཆུ་སྲིན་དང་། བསྡད་པ་མཐོང་།
འཇིགས་སྣང་ཧ་ཅང་ཆེ་བའི་སྤྱང་ཀི་
ཁོ་གཉིས་ཐབས་ཟད་དེ་བྷུཇ་ལ་ཡོད་པའི་ལས་ཁུངས་ཨ་མར་ཁ་པར་བཏང་བས། བཟོ་ཚོང་བདག་པོ་ སྐུ་ཞབས་ཇཱག་དཱམ་བཱ་ནི་དཱནི་ཡིས་གནས་ཚུལ་དེ་དག་ཐོས་རྗེས་ཁོང་ཁྲོ་ལངས་པ་རེད། ཁོས་རོགས་ པ་མང་པོ་འཁྲིད་ནས་བཟོ་གྲྭ་ཡོད་སར་འགྲོ་རྒྱུ་ཐག་བཅད། ཁོའི་སེམས་ནང་བྱོལ་སོང་དེ་ཚོ་ལྟད་མོ་ ལྟོས་ཨང་བསམ་བཞིན་ཊག་འཁོར་ཁ་ལོ་བར་མགྱོགས་པོ་གཏོང་དགོས་པར་མངགས།
ལམ་ཕྱེད་ཙམ་ལ་འབྱོར་སྐབས་ཁོ་ཚོའི་ཊག་འཁོར་དེ་ཙིར་སྒྲ་དང་བཅས་འགོག་དགོས་ཐུག ཁོ་ཚོའི་ མདུན་དུ་འོད་ལྷམ་ལྷམ་དུ་བྱེད་ཅིང་། ཕར་ཚུར་འཕུར་ལྡིང་བྱེད་བཞིན་པའི་ཚོན་མདོག་འདྲ་མིན་གྱིས་
བཟོས་པ་ལྟ་བུའི་སྨུག་པ་མཐུག་པོ་ཞིག་དང་འཕྲད། དེ་འདྲ་བའི་སྣང་ཚུལ་དེ་སྔ་མཐོང་མ་མྱོང་བས་ སྐུ་ཞབས་ནི་དཱནི་དང་ཁོའི་རོགས་པ་རྣམས་ཧང་སངས་པར་གྱུར། ཁོ་ཚོས་ཞིབ་ལྟ་བྱེད་སྐབས་ཕྱེ་མ་ ལེབ་དང་། འབུ་བླ་མ་མ་ཎི། འབུ་བླ་མ་ན་ཆུང་ཁྲི་ཕྲག་མང་པོ་ལྡིང་བསྐོར་བྱས་ཏེ་ལམ་འགོག་བཞིན་
པ་ཤེས། མཐར་འབུ་སྲིན་གྱི་ཁྱུ་ཚོགས་རྣམས་ཡལ་བའི་རྗེས། ཁོ་ཚོས་དེ་ལས་ཧང་སངས་དགོས་ པའི་ལྟད་མོ་ཞིག་མཐོང་བ་རེད།
གཞུང་ལམ་སྟེང་དང་གཡས་གཡོན་གང་སར་བང་སྒྲིག་པ་ཞིག་ཡོང་བཞིན་པ་མཐོང་། དེ་ཡང་མི་
མ་ཡིན་པར་སྲོག་ཆགས་ཡིན་པ་ཤེས། དེ་ནི་སྲོག་ཆགས་ཀྱི་སྒྲུང་དེབ་ནང་གི་སྲོག་ཆགས་ཚང་མ་
གསོན་པོར་གྱུར་ཏེ་བང་སྒྲིག་པ་དང་མཚུངས། དེའི་ནང་རྐྱང་བློ་ཚེ་དང་རྐྱང་གཞན་རྣམས། རྔ་མོང་སྐེ་ རིང་དང་ཁོའི་རིགས་གཅིག་པ་འགའ་ཤས། ད་དུང་མདོག་ནག་གིས་སྣེ་འཁྲིད་པའི་མ་ཧེ་བཅུ་གྲངས་ ཤིག་སྲོག་ཆགས་ཆུང་བ་རྣམས་སྐྱོབ་ཕྱིར་མདུན་དུ་སྐྱོད་བཞིན་ཡོད། སེམས་ཅན་དེ་དག་གི་རྒྱབ་
ཏུ་རུས་སྦལ་འགའ་ཞིག་བཞོན་པ་དང་། རུས་སྦལ་རྣམས་ཉི་མས་མི་འཚིག་པའི་ཆེད་དཀར་རིལ་ དང་། མཚོ་བྱ་དཀར་མོ། ཁྲུང་ཁྲུང་དཀར་མོ་རྣམས་ཀྱིས་ནམ་མཁའ་ནས་ཆུ་གཏོར་བཞིན་ཡོད། མ་
ཧེའི་རྒྱབ་ཏུ་ཁ་སང་ཨོ་ལོ་རྒང་གི་གཏམ་བཤད་ཉན་པར་ཡོང་མཁན་གྱི་སྲོག་ཆགས་ཆུང་ཆུང་མང་པོ་ བསྡད་ཡོད།
སེམས་ཅན་ཆེ་བ་དེ་དག་གི་རྗེས་སུ་སྤྱང་ཀི་སེར་ཁྲའི་རོགས་པ་(སེར་ཁྲ་ད་དུང་ཡང་ལས་ཁུངས་ལ་སོ་ལྟ་བྱེད་ བཞིན་ཡོད།)
དང་། བྱེ་ཐང་གི་ཝ་མོ། ཁྱི་སྤྱང་རྣམས་ཀྱིས་རུ་སྒྲིག་པ་སྲུང་སྐྱོབ་ཆེད་མཆེ་བ་གཙིགས་
ཏེ་ཡོང་བ་དང་། ཁོ་ཚོའི་མཇུག་ཏུ་རི་བོང་རྣ་རིང་གིས་མཚོན་པས་རི་བོང་རྣམས་རྣ་ཅོག་ཀྲོང་ངེར་
ཡོང་བཞིན་ཡོད། ཁོ་ཚོས་སྤྱང་ཀི་དང་བར་ཐག་ཅུང་བཞག་པ་ནི། སྤྱང་ཀི་གྲོད་པ་ལྟོགས་ཏེ་གློ་ བུར་དུ་རི་བོང་ཟ་བར་དོགས་པ་ཡིན། དེའི་མཇུག་ཏུ་ཨ་ཁུ་སྟོབས་ལྡན་དང་། བྱེ་མ་མྱུ་གུ་གཞན།
སྲི་ཐར་ནང་མི་དང་བཅས། ཨོ་ལོ་རྒང་ཕུད་པའི་རྒང་གཞན་རྣམས། དེ་བཞིན་མཆོངས་ནས་ཡོང་
བཞིན་པའི་འབུ་ཆ་ག་པ་འགའ་ཤས་དང་། ནུར་འགྲོས་བྱེད་པའི་སྦྲུལ་འགའ་ཤས་བཅས་ཁོ་ཚོ་དང་ ལྷན་དུ་ཡོང་བཞིན་ཡོད།
ཐག་རིང་གི་ནམ་མཁའི་དབྱིངས་ནས་བྱ་རྒོད་དང་། བྱ་འོལ་སེར་རྣམས་ཀྱིས་འོག་གི་སྲོག་ཆགས་ རྣམས་ལ་ཉེན་ཁ་འཕྲད་མིན་སོ་ལྟ་བྱེད་བཞིན་ཡོད། ཁོ་ཚོ་རེ་ཟུང་གིས་ཙི་ཙི་དང་སྦྲུལ་རྣམས་ལ་
ཟ་རྔམ་ཆེན་པོས་ལྟ་བཞིན་ཡོད་ཀྱང་། གཞན་རྣམས་ཀྱིས་གནས་སྐབས་རིང་དེ་ལྟར་བསམ་བློ་མི་ གཏོང་བའི་དྲན་སྐུལ་བྱས།
དེས་ན་ཨོ་ལོ་རྒང་གང་ན་ཡོད་དམ། མོ་ནི་ཉེན་བརྡ་སྔ་ཤོས་གཏོང་མཁན་ཡིན་པས། རྐྱང་བློ་ཚེ་དང་ སེམས་ཅན་ཆེ་བ་རྣམས་ཡོད་སའི་གྲལ་མགོར་བཞག་ཡོད། ཨོ་ལོ་རྒང་གི་ཕ་མ་གཉིས་ཀྱང་མོ་དང་
མཉམ་དུ་ཡོད། ཁོ་གཉིས་གཉིད་བྲོ་ཞིང་རང་གི་ཕྲུ་གུར་སེམས་ཁྲལ་དང་མཉམ་དུ་སྤོབས་པའང་སྐྱེ་ བཞིན་ཡོད།
ཨོ་ལོ་རྒང་དང་ལྷན་དུ་རུ་སྒྲིག་གི་སྣེ་འཁྲིད་པའི་རྐྱང་བློ་ཚེ་ཡིས། མདུན་དུ་ཡོད་
པའི་ཊག་འཁོར་དེ་ཉིད་ཁོ་ཚོའི་ཁྱིམ་ཚང་གཏོར་བཤིག་གཏོང་མཁན་གྱི་ཀམ་པ་ཎིར་བདག་གི་ཡོད་
པ་ཤེས་ཏེ། ཝ་ཡེ་་་། ཨོ་ལོ་རྒང་། ཁྱེད་ལ་ཟེ་མོང་གིས་སྤྲད་པའི་ཟེ་སྒྲོ་དེ་ཚོ་ལྷག་ཡོད་དམ། ཞེས་ དྲིས་པར། ཨོ་ལོ་རྒང་གིས་གང་ཡང་མ་བཤད་པར། ཟེ་སྒྲོ་མཆུ་ཏོར་བཟུང་བའི་དཀར་རིལ་ལ་བརྡ་
ཞིག་བཏང་བས། དེ་མ་ཐག་ཊག་འཁོར་གྱི་འཁོར་ལོ་གཉིས་སྔོན་གྱི་འཕྲུལ་འཁོར་ཇི་བཞིན་དབུགས་
བརྡོལ་ཏེ། སྦིར་སྒྲ་ཆེན་པོ་ཞིག་གྲགས་པ་རེད། དེ་ནས་རྔ་མོང་གིས་མགོ་བོ་ཊག་འཁོར་གྱི་སྒེའུ་ ཁུང་ནང་འཛུལ་ཏེ། དེའི་ནང་ཡོད་པའི་མི་གཉིས་ལ་ཁྲེལ་དགོད་ཅིག་བྱས་པ་དང་། ཁྱེད་གཉིས་ང་ཚོ་
མཉམ་དུ་རུ་སྒྲིག་ནང་ཞུགས་ཀྱི་ཡིན་ནམ། གང་ལྟར་གོམ་པ་བརྒྱབ་ནས་ནང་ལ་ལོག་དགོས་འཁེལ་ གྱི་རེད། ཅེས་བཤད།
སྐབས་དེར་ཀཆྖ་དུས་བབ་ཀྱི་གསར་འགོད་པས་དོན་རྐྱེན་རྣམས་པར་དུ་བླངས་པས། སྐུ་ཞབས་ནི་
དཱནི་དེ་བས་ཟོས་མི་བདེ་བར་འགྱུར། ཨོ་ལོ་རྒང་གིས་གསར་འགོད་པ་དེར། ང་ཚོ་ཡོང་གི་ཡོད་པ་ ཁྱེད་ཀྱིས་ཇི་ལྟར་ཤེས་བྱུང་། ཞེས་དྲིས་པར། གསར་འགོད་པས་དེར་ལན་འདེབས་དགོས་མ་བྱུང་། གང་ཡིན་ཞེ་ན། ཁོའི་རྒྱབ་ཏུ་ཕྱུགས་རྫི་རྒད་པོ་སུ་ལེ་མཱན་ལངས་ནས་བསྡད་ཡོད། ཕྱུགས་རྫི་དེས། ཁྱེད་ཀྱི་བསམ་པར་མ་ཧེས་གསང་བ་ཉར་ཐུབ་ཀྱི་རེད་དྲན་ནམ། ཁོས་ཁྱེད་ཚོའི་འཆར་གཞི་ རྣམས་ཁ་སང་ང་ལ་བཤད་བྱུང་། ངས་ཀྱང་ཁྱེད་ཚོར་རྒྱབ་སྐྱོར་ཡོད་པས། སྐུ་ ཞབས་རཱ་སིཀ་ལཱལ་སར་ཕྱིན་ཏེ་དོན་རྐྱེན་འདི་གསར་འགྱུར་ནང་འགོད་ རོགས་ཞུས་པ་ཡིན། ཞེས་ལབ།
དེ་ལྟར་མི་གཉིས་དང་སྲོག་ཆགས་བརྒྱ་ཕྲག་མང་པོ་ཀཆྖ་ཡི་རྒྱལ་ས་བྷུཇ་ཡི་ཕྱོགས་སུ་བསྐྱོད། ཡ་ མཚན་ཆེ་བའི་སྲོག་ཆགས་ཀྱི་རུ་སྒྲིག་གི་གནས་ཚུལ་དེ་ཡོངས་ཁྱབ་ཏུ་ཕྱིན་པས། བྷུཇ་ཡི་མི་རྣམས་
ལམ་ཟུར་དུ་ཁོ་ཚོར་ལྟ་བར་ཡོང་། བུ་མོ་ཆུང་ཆུང་ཞིག་གིས། ཨ་མ་ལགས། འདི་ཉོབ་སྣང་ཆེ་བའི་ མང་གཙོ་དུས་ཆེན་གྱི་ཉིན་མོའི་རུ་སྒྲིག་ལས་ལྟད་མོ་ཆེ་བ་འདུག ཅེས་ལབ་པས། སྐད་ཆ་དེ་མི་
གཞན་གྱིས་ཐོས་ནས་བུ་མོར་རྒྱལ་ཞེན་མི་འདུག་བསམ་ཡོང་དོགས་ཏེ། ཁ་བཙུམ། ཞེས་ལབ་ཀྱང་། སེམས་ནས་མོས་བཤད་པ་དེར་མོས་མཐུན་བྱས།
རུ་སྒྲིག་དེ་བྷུཇ་ཡི་ལམ་ཕྱེད་ཙམ་ལ་འབྱོར་སྐབས་ཁོ་ཚོའི་གྲངས་འབོར་དེ་ཧ་ཅང་མང་དུ་ཕྱིན། ཁོ་
ཚོའི་རུ་སྒྲིག་ནང་གྲོང་ཁྱེར་ནང་གནས་སྡོད་བྱེད་པའི་སེམས་ཅན་འགའ་ཤས་ཀྱང་མཉམ་ཞུགས་ བྱས་པ་རེད། སྲོག་ཆགས་དེ་རྣམས་ནི་དུས་རྒྱུན་ཕྱི་ལ་ཧ་ཅང་མཐོང་དཀའ་བའི་ནེའུ་ལེ་དང་། ཕག་ ཙི། ངང་པ་དང་ངང་ཕྲུག་གི་ཁྱུ་ཚོགས། རྨིགས་བུ་དང་སྦྲུལ་བཅས་ཡིན། སྐབས་དེར་གཞི་ནས་བྷུཇ་
ཡི་མི་ཚོས་སྲོག་ཆགས་ཇི་ཙམ་རང་དང་མཉམ་གནས་བྱེད་ཀྱི་ཡོད་པ་རྟོགས། ཁོ་ཚོས་ཡར་ལ་ བལྟས་པ་ན། བྱ་ཁྱུ་གཅིག་གིས། ཀཆྖ་དེ་མི་གཅིག་པུའི་ཆེད་དུ་མིན། ཞེས་གསལ་བའི་
སྣ་འ
ཛོམ
འཕྲེད་དར་ཞིག་འཁྱེར་བ་མཐོང་།
ས་ཚ
ོང་ཁང
་།
ཀ་
ར་
ཚོང
་ཁ
ང་
།
ི་ཆེད་
ིག་པུའ ཀཆྖ་ཡུལ་དེ་མི་གཅ དུ་མིན།
དེ་ནས་རུ་སྒྲིག་དེ་ག་ལེར་ཀཆྖ་ཡི་རྫོང་དཔོན་ལས་ཁུངས་ཕྱོགས་སུ་ཐོན། རྫོང་དཔོན་ནི་ས་ཁུལ་དེའི་
དཔོན་པོ་ཡིན་ཞིང་། བཟོ་གྲྭ་དང་། གཞུང་ལམ་སོགས་རྒྱག་ཆོག་པའི་ཆོག་མཆན་སྤྲོད་མཁན་གཏེ་པོ་
དེ་ཡིན་པ་སེམས་ཅན་རྣམས་ལ་ངོ་སྤྲོད་བྱས་ཡོད། ལས་ཁུངས་ཀྱི་ཕྱི་རུ་མི་མང་པོས་ཁོ་ཚོར་རྒྱབ་ སྐྱོར་མཚོན་ཆེད་འཕྲེད་དར་དང་སྦྱར་ཡིག་སོགས་འཁྱེར་ཡོད་པ་དང་། གསར་འགོད་པ་རཱ་སིཀ་ལཱལ་ སྒུག་བཞིན་པ་མཐོང་སྟེ། སེམས་ཅན་རྣམས་ཡིད་མ་ཆེས་པར་ཡ་མཚན་པ་ཐེངས་གཉིས་པ་དེ་བྱུང་། ཀཆྖ་ལ་བཟོ་གྲྭ་རྒྱག་མི་ རུང་།
ཀཆྖ་ཡུལ་ད
ེ་མི་གཅིག་པུ
ཀཆྖ་ཡུལ་དེ་སེམས་ཅན་གྱི་སྡོད་གནས་ཀྱང་ཡིན།
འི་ཆེད་དུ་མ
ིན།
མི་ཚོགས་དེའི་ཁྲོད་དུ་ས་ཕྱོགས་འདྲ་མིན་གྱི་ཕྱུགས་རྫི་དང་། ཚྭ་ལས་མཁན། ད་དུང་ས་གནས་ཀྱི་ ཚོགས་པའི་ཚོགས་མི་རྣམས་ཀྱང་ཡོད། སློབ་ཕྲུག་ཚོས་ཀྱང་རུ་སྒྲིག་དེའི་ནང་སེམས་ཅན་ཆུང་ངུ་
མང་པོ་མཐོང་སྟབས་ཁོ་ཚོར་དགའ་བསུ་ཞུ་འདོད་སྐྱེས་ཏེ་མཉམ་ཞུགས་བྱས། རྐྱང་བློ་ཚེ་དང་། ཨོ་
ལོ་རྒང་། ཨ་ཁུ་སྟོབས་ལྡན། དཀར་རིལ། སྲི་ཐར་རྣམས་རྫོང་དཔོན་ལས་ཁུངས་ཀྱི་སྐས་འཛེགས་ སྟེང་འགྲོ་སྐབས། སློབ་ཕྲུག་རྣམས་ཀྱིས་ཁོ་ཚོར་དགའ་བསུའི་སྐད་འབོད་བརྒྱབ་པ་དང་། རྒད་པོ་སུ་ ལེ་མཱན་ཡང་མཉམ་ཞུགས་བྱས། ཤིང་གཅོད་
ང་ཚོས་ཀཆྖ་སྲུང་སྐྱོབ་བྱ་དགོས།
སྦགས་བཙོག་བཟོ་ མི་རུང་།
མི་རུང་།
ཆིག་སྒྲིལ་
ང་ཚོའི་འཛམ་གླིང་སྲུང་སྐྱོབ་ བྱེད་དགོས་།
ཁོ་ཚོར་ཡ་མཚན་ཐེངས་གསུམ་པ་ཞིག་བྱུང་བ་སྟེ། རྫོང་དཔོན་གྱིས་ཁོ་ཚོར་དགའ་བསུ་ཞུས་པ་ཙམ་
མ་ཟད། ཁོ་ཚོས་དགོས་འདུན་མ་ཞུ་གོང་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཁྱེད་ཚོས་ཞུ་གཏུགས་ བྱས་པ་རྣམས་ང་ཚོས་ཤེས་ཀྱི་ཡོད་ལ། བཟོ་གྲྭ་རྒྱག་རྒྱུའི་ཐག་གཅོད་དེར་བསྐྱར་དུ་བསམ་བློ་གཏོང་
གི་ཡིན། དོན་དངོས་ཐོག་གནད་དོན་འདི་ཨེ་མེ་དྷ་བཱད་དང་། དིལླི་བར་དུའང་འབྱོར་ཟིན་འདུག ཅེས་ བཤད་པར།
སྲོག་ཆགས་ཚང་མས། དེ་ག་འདྲ་བྱས་པ་རེད། ཅེས་མགྲིན་གཅིག་ཏུ་དྲིས་པས། ཕྱུགས་རྫི་ཡིས། ཁྱེད་ཚོའི་གནད་དོན་དེ་ཤེས་རྗེས། ངས་གསར་ཁང་ཁ་ཤས་ལ་འབྲེལ་བ་ཞུས་ཏེ། རྩྭ་ཐང་དང་མཚེའུ། བྱེ་ཐང་རྣམས་མི་དང་སྲོག་ཆགས་གཉིས་ཀར་གལ་ཆེན་པོ་ཇི་ཙམ་ཡིན་མིན་སྐོར་འགྲེལ་བཤད་དང་།
ད་དུང་འཛུགས་སྐྲུན་གྱི་ལས་གཞི་གང་ཡིན་རུང་ང་ཚོ་ཚང་མས་མོས་མཐུན་ཡོད་དགོས་སྐོར་བཤད་ པ་ཡིན། ད་ལྟའི་བཟོ་གྲྭ་རྒྱག་རྒྱུ་དེ་འཛུགས་སྐྲུན་ཞིག་རྩ་བ་ཉིད་ནས་མ་རེད། ཅེས་བཤད།
རྐྱང་བློ་ཚེས་རྫོང་དཔོན་ལ་བཤད་རྒྱུའི་གཏམ་བཤད་རིང་པོ་ཞིག་གྲ་སྒྲིག་བྱས་ཡོད་པས་ཅུང་མ་བདེ་
བ་བྱུང་བ་དང་། ཨོ་ལོ་རྒང་གིས་ཀྱང་གཏམ་བཤད་ཅིག་གྲ་སྒྲིག་བྱས་ཡོད། ཡིན་ནའང་། ཁོ་གཉིས་ ཀྱིས་གཏམ་བཤད་བྱེད་དགོས་བྱུང་མེད། དེ་ལྟར་དགའ་བའི་ཀི་སྒྲ་སྒྲོག་པའི་ཁྲོད་དུ་ཡུད་ཙམ་ནང་བློ་ ཚེ་དང་ཨོ་ལོ་རྒང་གཉིས་ཀྱི་སྐྱོ་སྣང་དེ་མེད་པར་འགྱུར། དེའི་ཚེ་བྷུཇ་ཡི་ས་ཁུལ་དུ་སྔར་གོ་མྱོང་མེད་ པའི་དགའ་སྤྲོའི་སྐད་སྒྲས་ཁེངས་པ་རེད།
སྲོག་ཆགས་རྣམས་རང་ཁྱིམ་དུ་ཕྱིར་ལོག་སྐབས། ཨོ་ལོ་རྒང་གིས་ད་དུང་ཡང་ཨ་ཁུ་སྟོབས་ལྡན་ལ་
ཁ་དབྲག་ཅན་གྱི་ལྕེའི་སྐོར་དྲིས་མེད་པ་དྲན་སོས་པ་ན། ཐད་ཀར་རྐྱང་བློ་ཚེའི་འགྲམ་དུ་ཕྱིན་པ་རེད། ཨ་ཁུ་སྟོབས་ལྡན་ཧ་ཅང་ཐང་ཆད་ཡོད་པས་རྐྱང་བློ་ཚེའི་རྒྱབ་ཏུ་བཞོན་ཡོད། འོན་ཀྱང་ཁོ་ཉོབ་སྣང་ ཆེན་པོས་ཁ་ནས་ལྕེ་ཐུང་ངུ་ཞིག་ཕྱི་ལ་བཏོན་ཏེ་གཉིད་ཁུག་བཞིན་པ་མཐོང་བས། གཉིད་ལས་དཀྲོག་ འདོད་མ་སྐྱེས། ལྕེའི་གསང་བ་དེ་སླར་ཡང་མ་མཇལ་བར་དུ་རྟོགས་རྒྱུ་མིན་པ་ཤེས།