སུན་དྭར་བྷག་གྲོང་ཚོའི་ནང་གི་ངོ་མཚར།

Page 1


སུན་དཱར་བྷག་གྲོང་ཚོའི་ནང་གི་ངོ་མཚར།

རྩོམ་པ་པོ། ནན་དི་ཏ་ད་ཁུན་ཧ། རི་མོ་བ། པྲིར་ཡ་ཀུ་རེ་ཡན།

བོད་སྒྱུར་བ། ངག་དབང་བསྟན་འཛིན། ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།




སུན་དཱར་བྷག་གྲོང་ཚོ་ནི་དུ་སྨུག་འཐིབས་པའི་ས་ཆ་ཞིག་ཡིན། དུ་རླངས་དང་ཐལ་

རྡུལ་ལས་གཡོལ་བ་ལྟར་ཁང་བརྩེགས་རྙིང་ཧྲུལ་རྣམས་མཐོ་པོར་འགྱིང་ཡོད་ལ། མི་རྣམས་ཉོབ་སྣང་གིས་མགོ་སྒུར་ཏེ་ཕན་ཚུན་གཡོལ་ཐབས་བྱས།

ཕྱི་དྲོ་རྟག་པར་བུ་མོ་ཛ་ར་ཁྱིམ་འགྲམ་གྱི་གད་སྙིགས་སྤུངས་སར་ཡིབ་སྟེ། པ་ལགས་ཀྱིས་ས་ཆ་དེ་རུ་མ་འགྲོ་གསུང་གི་ཡོད།)

བཞིན་ཡོད།

(མོའི་

མོ་དེ་རུ་ཡོང་ཐུབ་པར་དགའ་བ་སྒོམ་


མོ་རྐུབ་སྟེགས་རྙིང་པ་ཞིག་གི་སྟེང་བསྡད་དེ་བཙའ་བརྒྱབ་པའི་ལྕགས་ཀྲིན་དང་། མོ་ཊའི་ཆག་ཧྲུག ད་དུང་ལོ་མ་མེད་པའི་ཤིང་སྡོང་རྣམས་ལ་ ཅེར་ནས་བསྡད།

ས་རུབ་སྐབས་ཕྲུ་གུ་འཁྱམ་པོ་རྣམས་གད་སྙིགས་སྤུངས་ས་དེ་རུ་འཛོམས་ཏེ།

ཕོ་རོག་ལྟར་འཛེར་སྐད་དང་འགྲགས་སྐད་བརྒྱབ་སྟེ་གཞས་མ་

གཏམ་སྦྱོང་བརྡར་བྱེད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ། ཁོ་ཚོས་མོ་ལ་ཁ་ཡ་མི་བྱེད་པས། མོ་རང་གཅིག་པུར་སྡོད་ཐུབ་ཀྱི་ཡོད།


དེ་ནས་ཕྱི་དྲོ་ཞིག་ལ་ལྕགས་སྒོ་ཕྱེས་པ་དང་།

ལོ་ན་མཐོ་བའི་བུ་མོ་ཛ་རའི་བཟོ་རིག་དགེ་རྒན་གྷ་པི་ལགས་སྒོ་རའི་ནང་སླེབས་ཏེ།

རྐུབ་སྟེགས་ཀྱི་

གཞོགས་གཞན་དེར་བསྡད་པ་ན། ཧིན་་་། ཞེས་ཛ་རས་མ་རངས་པའི་རྣམ་འགྱུར་བསྟན། སློབ་ཕྲུག་མང་ཆེ་བས་བཟོ་རིག་རྒན་ལགས་ལ། གྷ་པི་ཁ་ཚ་པོ། ཞེས་ལབ་དོན་མོས་ཤེས་ཀྱི་ཡོད། ད་ནས་མོ་རང་ཁེར་རྐྱང་དུ་སྡོད་རྒྱུར་བར་ཆད་བྱུང་།

ས་ཆ་འདི་དེ་སྔོན་ག་འདྲ་ཡོད་མེད་ང་གཅིག་པུས་ཤེས་ཀྱི་རེད། ཅེས་རྒན་གྷ་པི་ཡིས་ལབ། བུ་མོ་ཛ་རས་ཁ་ཡ་མ་བྱས་པར་ཁ་ཕར་འཁོར་ནས་བསྡད། རྒན་གྷ་པི་ཡིས་བཀྲག་མདངས་ལྡན་པའི་ཕོར་པ་དམར་པོ་ཞིག་གི་ནང་འབྲུ་དང་གཟན་མང་པོ་འཁྱེར་ཡོད།

མོས་ཕོར་པ་དེ་ཕར་ལ་བརྐྱང་ཙམ་བྱས་པ་

ན་ཁང་བྱིའུ་མང་པོ་དེར་འཁོར་ཡོང་བ་རེད། བུ་མོ་ཛ་རས་མིག་གི་ཟུར་ནས་ཁང་བྱིའུ་དེ་རྣམས་ཀྱིས་ཀྱུར་ཀྱུར་ཟེར་བ་དང་། མཆོང་ལྡིང་བྱེད་བཞིན་པར་ བལྟས་ནས་བསྡད།


ཉིན་རྗེས་མར། བུ་མོ་ཛ་རས་ལྟད་མོར་མཐོང་བ་ནི། རྒན་གྷ་པི་ཡིས་གད་སྙིགས་ཀྱི་གསེབ་ནས་འགྱིག་དམ་ཞིག་བསྒྲུགས་ཏེ་རྒུམ་བུའི་སྣོད་བཟོས་པ་དང་

། ཉིན་གསུམ་པར། རྒན་གྷ་པི་ཡིས་ཤིང་སྒམ་རྙིང་པ་ཞིག་ལ་ཨི་ཁུང་ཕུག་ནས་བྱིའུ་ཚང་བཟོས་ཏེ། ཁང་བྱིའུ་ལགས། ཕེབས་རོགས་གནང་། ཞེས་སྐད་ བརྒྱབ། ཡང་ཉིན་བཞི་པར། བུ་མོ་ཛ་རས་དེ་རིང་རྒན་གྷ་པི་ཡིས་ཅི་ཞིག་བཟོ་ཡོང་སྙམ་སྟེ་བསྡད།


རྒན་གྷ་པི་སླེབས་ཏེ་སྤུན་དོག་སླེ་བཞིན་སྡོད་པ་དང་། ཁྱེད་ཀྱིས་དེ་སྔ་ས་ཆ་འདི་ཅི་ཡིན་པ་ཤེས་སམ། ཟེར།

བུ་མོ་ཛ་རས། ངས་ཤེས་ཀྱི་མེད། ང་ཚོད་དཔག་བྱ་རྒྱུའི་རྩེད་མོར་དགའ་པོ་མེད། ཅེས་ལན་བཏབ། རྒན་གྷ་པི་ཡི་ལག་པ་འདར་སིག་རྒྱག་བཞིན་

སྤུན་དོག་སླེ་སྐབས་ལྕགས་མདའ་རྩྭ་གསེབ་ཏུ་ཟགས།

མོས་གཡས་གཡོན་དུ་ལག་ཉུལ་བྱས་ཏེ་ལྕགས་མདའ་འཚོལ་གྱིན་དབུགས་རིང་ཞིག་བཏང་

ནས། ཁྱེད་ཀྱིས་རྩྭ་གསེབ་ནས་ལྕགས་མདའ་འཚོལ་མྱོང་ངམ་ཟེར། བུ་མོ་ཛ་རས་ཀྱང་རྒན་ལགས་ལ་རོགས་པ་བྱེད་དགོས་འཁེལ།

ལས་ཀ་དེ་ནི་དཀའ་ལས་ཁག་ཅིང་ངང་རྒྱུད་རིང་པོ་དགོས། བུ་མོ་ཛ་རས་རྒན་གྷ་པི་ལྟར་ལག་པས་ས་སྐམ་པོ་རྣམས་འབོལ་འབོལ་བཟོ་བ་དང་།

རྐུབ་སྟེགས་གཡས་གཡོན་དུ་པུས་མོའི་རིང་ཐུང་ཙམ་སྐྱེས་པའི་རྩྭ་ཡན་རྣམས་བཀོག་པ་སོགས་བྱས། དེ་ལྟར་རིམ་བཞིན་རྩྭའི་ཕུང་གསོག་ཆེ་རུ་སོང་ བ་དང་། ས་རྣམས་ཕྱིར་སློག བུ་མོ་ཛ་ར་ཡང་ཐང་ཆད་དེ་དབུགས་ཧལ་ནས་བསྡད།


ཁྱེད་རང་འདིར་ཡོང་ན་ཨ་མས་ཅི་ཡང་གསུང་གི་མི་འདུག་གམ། ཞེས་ཇུས་གཏོགས་ཆེ་བའི་རྒན་གྷ་པི་ཡིས་

དྲིས་པར། བུ་མོ་ཛ་རས་ལན་ཅི་ཡང་མ་བཏབ། མོའི་སེམས་ནང་། ངའི་ཨ་མས་ང་བཞག་ནས་འདས་གྲོངས་

སུ་གྱུར་པས་གང་ལབ་ཡོང་། ཨ་ཕས་ཨ་མའི་དཔེ་དེབ་རྣམས་ལ་ཐལ་བ་འཁོར་བ་དང་། རྒྱ་སེའི་མེ་ཏོག་ རྣམས་རྙིད་ཡོད་པར་དོ་སྣང་མི་བྱེད་པ་ལྟར། ང་གང་དུ་སོང་མིན་ཤེས་ཀྱི་མ་རེད་སྙམ། ཁོ་གཉིས་ཀྱིས་ཁུ་སིམ་མེར་མུ་མཐུད་ལྕགས་མདའ་འཚོལ་གྱིན་པའི་སྐབས།

གློ་བུར་དུ་རྒན་གྷ་པི་

ཡིས། རྙེད་སོང་། ཟེར་བཞིན་རང་གི་སྐེ་དཀྲིས་ཀྱི་ལྟེབ་སུལ་ནས་ལྕགས་མདའ་དེ་ཚུར་བཏོན། དེ་ནས་ རྒན་གྷ་པི་ཕྱིར་ལོག་བཞིན། སང་ཉིན་བར་སྒུགས་ཨང་། ཞེས་ཟེར། ཨོ། སང་ཉིན་ཨེ།


ཉིན་རྗེས་མ་དེར། རྒན་གྷ་པི་ཡིས་སོན་འགའ་ཤས་དང་། ཆུ་གཏོར་བྱེད་ཅིག་འཁྱེར་ ཡོང་ནས་ལས་ཀ་བྱེད་འགོ་བརྩམས།

མོས་ཁ་སང་གཙང་མ་བཟོས་པའི་རྐུབ་སྟེགས་

གཡས་གཡོན་དུ་སོན་འགའ་ཤས་གཏོར། རྒན་གྷ་པི་ཡིས་ཉིན་ལྟར་དེ་ལ་ཆུ་བླུགས་པ་ བུ་མོ་ཛ་རས་མཐོང་བ་རེད།

ཕྱི་དྲོ་ཞིག་ལ་རྒན་གྷ་པི་ཡིས།

སྔོན་དུས་ང་ཚོས་གནམ་ནས་དམར་མདོག་མེ་རླབས་

དང་། གསེར་མདོག་གི་ཆར་པ་འབབ་པ། རྐང་འོག་ཏུ་ས་གདན་བཏིང་བ་མཐོང་གི་རེད།

དེ་སྔོན་ས་འདི་ཅི་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་ཀྱི་མ་རེད། ཅེས་བཤད་ཀྱང་། བུ་མོ་ཛ་ རས་མྱུ་གུ་འབུས་བཞིན་པ་ཞིག་ལ་ཅེར་ཏེ་བསྡད།


མྱུ་གུ་ལ་ལོ་འདབ་རྒྱས་པའི་ཉིན་དེར་རྒན་གྷ་པི་བུ་མོ་ཛ་རའི་གཞོགས་དེར་བསྡད་དེ། ད་ཆ་ང་ལ་ཚལ་བརྔོ་བར་ཏུལ་སི་རག་བྱུང་། ཐུགས་རྗེ་ཆེ། ཞེས་ ཟེར་བཞིན་མོའི་ལག་པ་ནས་འཇུས།

སྐབས་དེར་བུ་མོ་ཛ་རའི་སེམས་ནང་དྲོ་སྐྱིད་ཀྱི་སྣང་བ་ཞིག་ཤར་ཏེ། རྗེས་མ་ང་ཚོས་མེ་ཏོག་བཏབ་ཆོག་གི་རེད། ཅེས་ཟེར།

རྒན་གྷ་པི་ཡིས། ཁྱེད་ལ་མེ་ཏོག་དགོས་ན་འདེབས་དགོས། གལ་ཏེ་ཁྱེད་ཀྱིས་ས་ཆ་འདི་དེ་སྔོན་ཅི་ཞིག་ཡིན་པ་ཤེས་ཀྱི་ཡོད་དམ། ཞེས་ཟེར་བ་

དང་། ད་མ་གསུངས་རོགས། ཞེས་བུ་མོ་ཛ་རས་ཞུ་བ་འཐེན། ཡང་སྙིང་ས་འདི་ཅི་ཞིག་ཡིན་ནམ།


ས་འདི་ནི་ལྡུམ་ར་ཞིག་རེད། ང་འདི་རུ་བསྡད་དེ་ཕར་ཕྱོགས་ཁང་པ་ནས་ལི་ལཱ་པ་ཊལ་གྱིས་གླིང་བུ་གཏོང་བའི་སྒྲ་ལ་ཉན་པ་དང་། སི་ཐྲིའི་ བུས་འགྱིག་འཁོར་གཏོང་བཞིན་ང་ཚོའི་གཡས་གཡོན་དུ་རྒྱུགས་པ་དང་། ནགས་བྱི་དེ་ཚོ་ཡར་རྒྱུག་མར་རྒྱུག་བྱེད་པའི་སྐབས། ང་ཚོ་ཁ་བརྡ་ བྱེད་ཞོར་རང་གི་བྱིས་པ་ཚོའི་ཆེད་དུ་བལ་ལྷམ་སླེ་ནས་སྡོད་ཀྱི་ཡོད།

ངོ་མཚར་ཆེ་བ་ནི། གུལ་མོ་ཧཱར་སྡོང་པོའི་མེ་མདོག་གི་ལོ་མ་དམར་པོ་དང་། དོང་ག་སྡོང་པོ་ནས་འཛག་བཞིན་པའི་མེ་ཏོག་སེར་པོའི་ཆར་པ། ཨོ། ད་དུང་། འོག་གི་ས་གདན་་་་ ཞེས་བརྗོད་བཞིན་རྒན་གྷ་པི་ཡི་མིག་གཉིས་ཟུམ་ཟུམ་དུ། མེ་ཏོག་ཀུ་མུད་དང་སེར་ཆེན་སོགས་་་


དགོང་མོ་དེར་བུ་མོ་ཛ་རའི་རྨི་ལམ་ནང་མེ་ཏོག་དཀར་པོ་དང་། ཟིང་སྐྱ་སོགས་ཐག་འཁྱུད་མེ་ཏོག་ལ་འཁྲིལ་ཏེ་ཁྱབ་བཞིན་པ་རྨིས། ཉིན་རྗེས་མའི་དགོང་

མོ་མོའི་རྨི་ལམ་གྱི་ལྡུམ་རའི་ནང་ཚོས་གཞི་སྣ་ཚོགས་པའི་མེ་ཏོག་མང་དུ་སོང་། ཉིན་གསུམ་པའི་དགོང་མོ་དེར་མེ་ཏོག་དེ་རྣམས་དྲིལ་བུ་དང་། རྒྱ་གླིང་། གཡོབ་བཞིན་པའི་རླུང་གཡབ། དེ་བཞིན་ཆེམ་ཆེམ་དུ་འཚེར་བའི་སྐར་མའི་བཟོ་ལྟར་གྱུར།

ཕྱིས་སུ་བུ་མོ་ཛ་ར་གད་སྙིགས་སྤུངས་སར་རྒན་གྷ་པི་མཉམ་དུ་སྡོད་སྐབས། མོས་དེ་རྣམས་ཧ་ལམ་གསལ་ཐིང་ངེར་མཐོང་། སྐབས་དེར་མོས། ངས་མེ་ ཏོག་གཅིག་མིན་པར་སྔ་མའི་ལྡུམ་ར་དེ་བསྐྱར་དུ་སྐྲུན་རྒྱུ་ཡིན། ཞེས་ལབ་པ་ན། རྒན་གྷ་པི་དགོད་ཀྱིན། དུས་ལ་བབ་པ་རེད། ཅེས་སྐད་ཤུགས་ཆེན་པོས་ ལབ།


ལྡུམ་ར་བསྐྲུན་རྒྱུ་དེ་ལས་སླ་པོ་ཞིག་ག་ལ་ཡིན།

ཐོག་མ་གད་སྙིགས་རྣམས་གཙང་མ་བཟོ་དགོས། བུ་མོ་ཛ་རར་རིག་པ་ཞིག་བརྙེད་པ་ ནི། ཕྲུ་གུ་འཁྱམ་པོ་རྣམས་ལ་ཞུ་བ་འཐེན་རྒྱུ་དེ་རེད། མོས་ས་མ་རུབ་བར་བསྒུགས་ ཏེ། ཁོ་ཚོར་ཞུ་བ་འཐེན་པ་རེད།

ཁོ ་ ཚོ ་ གད་མོ ་ ཤོ ར ་ནའང་དགའ་འོ ས་པ་ཞི ག ་ལ་ཁས་ལེ ན ་ བྱས་ཏེ། རེད། ང་ཚོ་ལ་གཞས་འཁྲབ་སའི་ས་ཆ་མང་བ་རག་ གི་རེད། ཅེས་སྐད་ཤུགས་ཆེན་པོའི་ངང་ལབ།


སང་ཉིན་དགོང་མོ་དེར་ཁོ་ཚོས་གད་སྙིགས་རྣམས་གཙང་བཟོ་བྱ་རྒྱུའི་ལས་ཀ་ཁག་པོ་དེ་འགོ་བཙུགས།

མིག་ཟུང་ཆེ་བའི་ཚོང་བདག་སྐུ་ཞབས་སི་ཐྲི་

ལགས་ཀྱིས་ཁོ་ཚོའི་དཀའ་ངལ་དེ་ཤེས་ཏེ། དགའ་པོའི་ངང་མཉམ་ཞུགས་ཀྱིས་རོགས་པ་བྱེད་རྒྱུ་ཁས་བླངས། དགོང་མོ་རྟག་པར་ཁོའི་དོས་སྐྱེལ་རླངས་ འཁོར་གྱིས་གད་སྙིགས་རྣམས་གཞན་ལ་དབོར།

གད་སྙིགས་གཙང་མ་ཆགས་རྗེས། རྒན་གྷ་པི་ཡིས། ཁོང་ཁྲོ་ཆེན་པོས་རྐང་པ་ས་ལ་བརྡབས་ཏེ། ས་སྐམ་ཞིང་ཧ་ཅང་མཁྲེགས། ཞེས་ངུ་ཤར་

བརྒྱབ། བུ་མོ་ཛ་རའི་མིག་ནང་མཆི་མ་འཁོར་བཞིན། ས་འདི་ཕན་ཐོགས་མི་འདུག འདིའི་སྟེང་ལ་ཅི་ཡང་སྐྱེ་ས་མ་རེད། ཅེས་ལབ།


དོས་སྐྱེལ་རླངས་འཁོར་ཕྱིར་སླེབས་བྱུང་། དེ་ནི་སྐུ་ཞབས་སི་ཐྲི་ལགས་ཀྱིས་བསྐྱར་དུ་ ཕྱག་རོགས་གནང་སྟེ། མདོག་དམར་བའི་ས་གཤིན་པོ་མང་པོ་དབོར་ཡོང་བ་ཞིག་རེད།

ད་དུང་ལས་ཀ་མང་པོ་ལྷག་ཡོད། བུ་མོ་ཛ་རའི་སེམས་ནང་གི་ལྡུམ་རའི་རྩ་བ་བཙུགས་ ཟིན་སྟབས། སེམས་མ་ཞུམ་པ་རེད།

མོས་ཤོག་སྒམ་ཞིག་གི་སྟེང་།

ང་ཚོའི་སུན་དཱར་བྷག་སྐྱོབ་རོགས་

གནང་། ཞེས་བྲིས་ཏེ་དེ་རུ་བཙུགས།

ང་ཚོའི་ སུན་དཱར་བྷག་སྐྱོབ་ རོགས་གནང་།


མི་རྣམས་ཀྱིས་གནས་ཚུལ་དེ་ཐོས་རྗེས་དེ་རུ་ལྟ་བར་སླེབས། རིམ་བཞིན་ལྕགས་ཁེམ་དང་། སྦྱག་མ། ཟོར་བ། རྒྱ་གཟེབ། མྱུ་གུ། ས་བོན་སོགས་འཁྱེར་ཡོང་བའི་མི་མང་པོ་འཛོམས་པ་དང་། ཁོ་ཚོས་ས་ཁོད་སྙོམས་པོ་བཟོས་པ་རེད།


མི་འགའ་ཞིག་གིས་ཤིང་སྣ་འདེབས་འཛུགས་དང་། ཁ་ཤས་ཀྱིས་གཏུབས་ཏེ་བཟོ་ལྟ་བཟོ་བ། ལ་ལ་ཡིས་ས་སོབ་སོབ་ཡོང་ཆེད་ལོ་མ་སྐམ་པོ་འཁྱེར་ ཡོང་བ་སོགས་བྱས།

ཕྱི་དྲོ་རྟག་པར་བུ་མོ་ཛ་ར་གཏམ་གླེང་དང་། ལས་ཀའི་ནང་མགོ་འཁོར་བ་དང་། ལྡུམ་རའི་ནང་ཚ་ཚ་འུར་འུར་དུ་གྱུར།


ལྡུམ་རའི་ནང་འགྱུར་བ་ཐེབས་པར་དུས་ཡུན་རིང་པོ་འགོར་ ནའང་། ཁོ་ཚོས་ལས་ཀ་མུ་མཐུད་བྱས། ཁོ་ཚོའི་ནང་ནས་ ངང་རྒྱུད་རིང་བ་དང་། ཧུར་བརྩོན་ཆེ་ཤོས་ནི་བུ་མོ་ཛ་ར་ཡིན། མོས་ཉིན་ལྟར་འོ་མའི་ཤོག་སྒམ་གྱི་མེ་ ཏོག་འདེབས་ས་དང།

འགྱིག་འཁོར་

དཔྱང་ཕྲུལ་དུ་བསྒྱུར་བ། པང་ལེབ་རྐུབ་ སྟེགས་སུ་བཟོ་བ་སོགས་བྱས།

འོ ་ མ་


ཁོང་ཚོས་སོ་སོ་རང་ཉིད་ལ། ལྡུམ་ར་འདེབས་མཁན་གྱི་རུ་ཁག ཅེས་མིང་བཏགས་པ་དང་། ངང་ལག་སྡོང་པོའི་སྟེང་

ཆར་ཐིགས་བབས་པའི་ཉིན། ཚང་མས་དགའ་སྤྲོའི་དགོད་སྒྲ་མཉམ་དུ་བསྒྲགས། ཆེས་ངོ་མཚར་ཆེ་བ་ནི། ལོ་ངོ་ཉི་ ཤུའི་ནང་སྲིན་ཤིང་སྡོང་རྒན་དེར་ཐོག་དང་པོ་འབྲས་བུ་བྱུང་སྐབས།

ཁོ་ཚོས་རྒན་གྷ་པི་ཡིས་གྲགས་ཆེ་བའི་སྲིན་

ཤིང་གི་ཀེཀ་མཉམ་དུ་བཟས། ད་དུང་རྒྱས་བཞིན་པའི་ལྡུམ་ར་དེར་ཚང་མས་མཉམ་དུ་བལྟས།


ལྡུམ་ར་རྒྱས་ཤི​ིང་་་


རྒྱས་་་


ཁོ་ཚོའི་ལྡུམ་ར་དེ་ནི་ལྗང་ཐིང་ངེར་གྱུར་བས་ཡིད་དུ་འོང་ཞིང་། བར་གདན་འདྲེན་ཞུས།

གྲོང་ཚོའི་གནད་ཡོད་མི་སྣ་ཞིག་ལྡུམ་ར་བསྐྱར་དུ་དབུ་འབྱེད་ཞུ་

རྒན་གྷ་པི་ཡིས་ཁོང་ལྡུམ་ར་འདེབས་མཁན་གྱི་རུ་ཁག་གི་ཚོགས་མི་ཆུང་ཤོས་དེ་ངོ་སྤྲོད་བྱེད་པར་འཁྲིད་དེ། འཛུགས་མཁན་གཙོ་བོ་དེ་བུ་མོ་ཁོང་རེད། ཁོང་གི་མཚན་ལ་་་ ཞེས་བརྗོད་སྐབས། མི་དེས། བུ་མོ་ཛ་ར་མིན་ནམ། ཞེས་དྲིས།

བུ་མོ་ཛ་རས་སྐད་ཆུང་ངུས། པ་ལགས། ཞེས་སྨྲས།

མོའི་པ་ལགས་ཀྱིས། ཧ་ལས་པ་རེད། དངོས་གནས་ཧ་ལས་དགོས་པ་རེད་འདུག ཅེས་ལབ།

ལས་ཀ་འགོ་


བུ་མོ་ཛ་རས་པ་ལགས་ཀྱི་ལག་པ་ནས་འཇུས་ཏེ། སེར་ཞིང་མཛེས་སྡུག་ལྡན་པའི་མེ་ཏོག་སེར་ཆེན་གྱི་གླིང་ག་དང་། ཚལ་ཞིང་ནང་གི་ཀྲུ་མ་ཀྲུ་དམར་པོ། སི་པན་སོས་པ་རྣམས་བསྟན།

སྐབས་དེར་མོའི་པ་ལགས་ཀྱིས། ངས་ལྡུམ་རར་འཛུགས་ཆེད་ལྗོན་ཤིང་ཞིག་གི་ཡལ་ག་འཁྱེར་ཡོད། ངེད་གཉིས་ཀྱིས་མཉམ་དུ་འདེབས་ཀྱི་ཡིན་ནམ། ཞེས་དྲིས་པ་ན། བུ་མོ་ཛ་ར་དགའ་བ་འབུམ་གྱིས་མྱོས་ཏེ། མོས་ཤུབ་ཤུབ་ཏུ་སྨྲ་ཐུབ་པ་ནི། ངའི་རྒྱ་སེ་མེ་ཏོག ཟེར་བ་དེ་རེད།


བུ་མོ་ཛ་ར་ཕྱི་དྲོ་རྟག་པར་རྐུབ་སྟེགས་སྟེང་བསྡད་དེ། མཛེས་པའི་བྱ་བྱིའུ་དང་། ཕྱེ་མ་ལེབ་ལ་ལྟ་བཞིན་ ཆུ་མིག་དང་བྱིས་པའི་སྐད་སྒྲར་ཉན་པ་དང་།

འཇམ་ཞིང་བསིལ་བའི་རླུང་བསེར་བུར་ལོངས་སུ་སྤྱད་

ནས་འཛུམ་མུལ་མུལ་དུ་གནས། དེ་ནས་བཟུང་བུ་མོ་ཛ་ར་ནམ་ཡང་ཁེར་རྐྱང་དུ་མི་ཚོར། །



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.