བྲུན། རྩོམ་པ་པོ། ཏེཇས་ཝི་ནི་ཨེབ་ཊི་རཧེམ་དང་། སུཇ་ཏ་པདྨ་ན་བྷན། རི་མོ་བ། པྲིར་ཡ་ཀུ་རེ་ཡན།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
དེབ་འདི་ནི་བྲུན་གྱི་སྐོར་ཡིན།
འདིའི་ནང་སྲོག་ཆགས་ཆུང་ཤོས་གྲོག་མ་ནས་ཆེ་ཤོས་ཉ་ཆེན་ཝེལ་གྱི་བྲུན་གྱི་ སྐོར་འཁོད་ཡོད།
ཅིའི་ཕྱིར་ཞེ་ན། སྲོག་ཆགས་ཚང་མས་ཟས་ཟ་བས་ཡིན། ཁོ་ཚོས་གཟུགས་ པོའི་ནང་བེད་སྤྱོད་མེད་པའི་ཟས་སྙིགས་རྣམས་ཕྱི་ལ་འདོར་གྱི་ཡོད།
བྲུན་ལ་མིང་མི་འདྲ་བ་ཡོད་པ་ནི། དཔེར་ན། ལྕི་བ། ཁྱི་སྐྱག མི་སྐྱག བྱ་བྲུན། རིལ་མ་དང་སྦངས་སོགས་ཧ་ཅང་མང་།
དེས་ན། སྲོག་ཆགས་སོ་སོོར་བཙོག་པ་གཏོང་སྟངས་དང་། ཡང་ན། དེ་ཉིད་ བེད་སྤྱོད་གཏོང་སྟངས་མི་འདྲ་བ་རེ་ཡོད།
ཁྱེད་ཀྱིས་བཙོག་པའི་སྐོར་ཀློག་གནང་དང་། དེ་ནི་སྤྲོ་སྣང་དོད་པོ་དང་དགོད་ བྲོ་པོ་ཞིག་ཡོད་པས། མུ་མཐུད་ཀློགས།
ཉི་མ་ཚ་བའི་སྐབས། ངས་བཙོག་གཅིན་རྣམས་སོ་སོའི་རྐང་པའི་སྟེང་དུ་བཏང་ནས། རྐང་པ་གྲང་མོ་བཟོ་བ་དང་ནད་འབུ་ཡང་མེད་པ་བཟོ་ཡི་ཡོད། ངས་ཟས་སུ་སེམས་ཅན་ཤི་བའི་རོ་ཟ་ཡི་ཡོད་ སྟབས།
རྐང་པའི་སྟེང་ལ་བཏང་བའི་བཙོག་
གཅིན་གྱིས་སེམས་ཅན་ནས་འགོས་པའི་ནད་ འབུ་རྣམས་མེད་པར་བཟོ་ཡི་ཡོད།
ཛོར་བ་ལ་་་ ལུས་པོ་ གྲང་མོ་ཉར་ཐབས་དེ་ འདྲ་ག་རེ་རེད།
དེ་ལས་ངས་རླུང་ འཁོར་བེད་སྤྱོད་ གཏོང་ས་རེད།
བྱ་གླག
ང་རྔོན་རྒྱག་ཏུ་འགྲོ་སྐབས། སྔོན་ལ་རི་དྭགས་རྣམས་ཀྱི་བྲུན་གྱི་སྟེང་འགྲེ་ལོག་རྒྱག་གི་ཡོད། དེ་ལྟར་བྱེད་དགོས་དོན་ནི།
རྔོན་རྒྱག་སའི་ཉེ་འཁོར་གྱི་སེམས་
ཅན་རྣམས་ཀྱིས་ངའི་དྲི་མི་ཚོར་ལ། ཁོ་ཚོས་རི་དྭགས་ཀྱི་བྲུན་གྱི་ དྲི་མ་ཁ་ནས་ཉེན་ཟོན་མི་བྱེད་པར་སྡོད་ཀྱི་ཡོད།
སེང་གེ།
འདི་ནི་གཡོ་སྒྱུ་ ཞིག་རེད།
དེ་ནི་བྲུན་གྱི་བསླུ་ བྲིད་ཅིག་རེད།
ང་ཚོ་ལྕི་བ་ཟ་རྒྱུར་དགའ་བ་མ་ཟད། འགའ་ཤས་དེའི་ནང་འཚོ་སྡོད་བྱེད་ཀྱི་ཡོད། ང་ཚོས་སྒོ་ང་ཡང་ལྕི་བའི་ནང་གཏོང་གི་ཡོད། སྒོ་ང་ནས་ཕྲུ་ གུ་ཕྱིར་ཐོན་སྐབས། གཡས་གཡོན་ནས་ཟ་རྒྱུ་མང་པོ་རག་ གི་ཡོད། ཁོ་ཚོས་ལྕི་བ་ཁོ་ན་ཟ་ཡི་ཡོད།
ལྕི་བའི་སྦུར་ནག
གལ་ཏེ་ང་ཚོ་ལྕི་བའི་ ཁང་པ་ནང་བསྡད་ན།
གྲོང་ཚོའི་ནང་གི་ཁང་པ་ ཛོར་ཤོས་དེ་ཆགས་ཡོང་།
གླང་ཆེན།
ང་ནི ་ སེ མ ས་ཅན་ཆེ ན ་པོ ་ ཞི ག ་ཡི ན ་ལ། ལྕི་བ་ཡང་འབོར་ཆེན་པོ་གཏོང་གི་ཡོད།
ངས་ལོ་མ་དང་། ཤིང་ཤུན། ཤིང་ཏོག རྩྭ་ སོགས་ཕོན་ཆེན་པོ་བཟས་ཏེ། གང་བཟས་པ་ ལས་ཕྱེད་ཙམ་མར་གཏོང་གི་ཡོད།
ང་ནི ་ འབུ་སྲི ན ་ཆུང་ཆུང་ཞི ག ་ ཡིན། ངས་བཙོག་པ་ཐིགས་པ་ ཆུང་ཆུང་ཞིག་གཏོང་གི་ཡོད།
ངས་མེ་ཏོག་གི་རྩི་བཅུད་གཞིབ་ཀྱི་ཡོད། ང་ལ་ ཆ་བཞག་ན། ཟས་སུ་གཤེར་ཁུ་འཐུང་བ་དང་། བཙོག་པ་ཡང་གཤེར་ཁུ་གཏོང་གི་ཡོད།
ཕྱེ་མ་ལེབ།
ངས་འཁྱགས་པ་བྱི་རིལ་ དང་། ཅོཀ་ལེཊ། ཞོག་ཁོག་ བརྔོས་མ་ཟ་ཡི་ཡོད།
གླང་ཆེན་བཞིན་ཧ་ཅང་མང་པོ་ཟ་ ཡི་འདུག ཁྱེད་ཀྱིས་ཀྱང་བཙོག་པ་ ཆེན་པོ་གཏོང་གི་ཡོད་དམ།
ངས་སོ་སོའི་ཚང་གཙང་མ་ཉར་ཆེད་བཙོག་པ་ ཐག་རིང་པོར་འཕེན་གྱི་ཡོད།
ཁྱེད་ཚོས་ངའི་ཚང་གི་ཉེ་འཁོར་གྱི་ བྲུན་གྱི་རི་མོར་ལྟོས་དང་།
ངས་བཙོ ག ་པ་གཏོ ང ་སྐབས་
མཇུག་མ་སྐོ ར ་བ་བརྒྱབ་སྟེ། ག་ས་ག་ལ་གཏོར་གྱི་ཡོད།
ངས་དེ་ལྟར་བྱེད་དགོས་དོན་
ནི་སྲོག་ཆགས་གཞན་རྣམས་ ལ་ས་ཆ་འདི་ངའི་ཡིན་པ་སྟོན་ བྱེད་དུ་ཡིན།
མཚོ་ཕག
བྱ་ཁྱེའུ།
གཅི ག ་བྱས་ན་ང་ཡང་ཆུང་ཆུང་ཡི ན ་སྲི ད ། ཡིན་ནའང་།
ངས་ཀྱང་བཙོག་པ་ཐག་རིང་
པོར་འཕེན་གྱི་ཡོད།
སེ མ ས་ཅན་ལྟོགས་རྒྱལ་དེ ་ ཚོ ་ ངའི ་ བཙོ ག ་ པའི་དྲི་མ་ཁ་ནས་ང་ཟ་བར་ཡོང་གི་ཡོད། ཡིན་ ན་ཡང་། ངས་བཙོག་པ་ཐག་རིང་པོར་འཕངས་ ནས་ཁོ་ཚོར་མགོ་སྐོར་གཏོང་གི་ཡོད།
འཕུར་བ། འཕེན་པ། གཡུགས་པ།
སྔོ་འབུ།
དགོད་བྲོ་བ་ལ། ང་ཚོས་ བཙོག་པ་ཁ་ཐུག་གཏོང་རྒྱུ་ དེ་ཉོབ་དགོས་པ་རེད་མི་ འདུག་གམ།
ངས་བདུན་ཕྲག་གཅི ག ་ནང་བཙོ ག ་པ་ ཐེངས་གཅིག་གཏོང་གི་ཡོད།
ང་ཤིང་
སྡོང་སྟེང་ལ་སྡོད་ཀྱི་ཡོད་ཀྱང་། བཙོག་ པ་གཏོང་སྐབས་ས་ལ་འབབ་ཀྱི་ཡོད།
ངའི་རྒྱབ་ཏུ་ལྕེབ་འདྲེ་མ་ཆུང་ཆུང་ རྣམས་སྡོད་ཀྱི་ཡོད། བཙོག་པ་གཏོང་ བར་ས་ལ་འབབ་སྐབས། ལྕེབ་འདྲེ་ མ་དེ་ཚོའང་མཉམ་དུ་ཡོང་ནས་
བཙོག་པའི་སྒང་ལ་སྒོ་ང་གཏོང་ གི་ཡོད།
བདུན་ཕྲག་གཅིག་ནང་བཙོག་
པ་ཐེངས་གཅིག་གཏོང་། ཁྱེད་
ཀྱིས་བལྟས་ན་ལེ་ལོ་ཆེ་བ་དོམ་ བུ་ལག་རིང་རེད་དམ།
དོམ་བུ་ལག་རིང་།
དེ་ནི་དོམ་བུ་ལག་རིང་གི་ རྒྱབ་ཏུ་སྡོད་པའི་ལྕེབ་འདྲེ་ མ་རྣམས་མ་ཡིན་ནམ།
ངའི་བཙོག་པ་ལ་སྦྲང་ཟིལ་ཟེར་གྱི་ཡོད།
དེ་མངར་མོ་དང་འབྱར་བག་ཅན་
ཞིག་ཡིན་པས། འབུ་གྲོག་མས་ཟ་རྒྱུར་དགའ་པོ་ཡོད།
གྲོག་མས་ང་ཚོ་འབུ་སྲིན་གཞན་ལ་ཟ་རུ་འཇུག་གི་མེད།
སྐབས་རེར་
ང་ཚོ་ཉེན་ཁ་མེད་སར་འཁྲིད་ཀྱི་ཡོད། རྒྱུ་མཚན་ནི། གལ་ཏེ་ང་ཚོ་འབུ་ སྲིན་གཞན་གྱིས་བཟས་ན། ཁོ་ཚོར་སྦྲང་ཟིལ་ཟ་རྒྱུ་མི་ཐོབ་པས་ཡིན།
སང་ཉིན་ངས་སྦྲང་ཟིལ་ གཏོང་གི་ཡིན།
ཡ་འབུ།
ཡིན་ནའང་། སྦྲང་ཟིལ་ བཞིན་མངར་མོ་ཡོད་ མ་རེད།
སྐབས་རེར་ང་ཚོ་བུང་བ་སྟོང་ཕྲག་མང་པོས་སྦྲང་ ཚང་བཞག་སྟེ། གནམ་ལ་འཕུར་བཞིན་བཙོག་པ་ གཏོང་གི་ཡོད།
ང་ཚོའི ་ བཙོག་པའི ་ མདོག་ནི ་ སེ ར ་པོ་ཡི ན ། གནམ་ནས་གཏོང་སྐབས་ཆར་པ་སེར་པོ་འབབ་ པ་འདྲ་པོ་ཡོད།
ཨ་ཙི། སྙིང་རྗེ་བ་ལ། ངས་ཀྱང་ཆར་པ་སེར་ པོ་མཐོང་འདོད་འདུག
རེད། ཉི་གདུགས་འོག་ ནས་ལྟ་འདོད་འདུག
བུང་བ།
ང་སེམས་ཅན་གཞན་ལ་ཞེད་སྐབས། གཤེར་ཁུ་
ལྗང་ཁུ་སྦྱར་རྩི་ཅན་ཞིག་བཏང་ནས་རང་ཉིད་ཤི་རྫུ་ བྱེད་ཀྱི་ཡོད།
དྲི་མ་དེས་སེམས་ཅན་གཞན་ལ་ཞེ་མེར་བསླངས་
པས། ང་ལ་ཁ་ཡ་བྱེད་ཀྱི་མེད། ངས་ཆུ་ཚོད་མང་ པོའི་རིང་ཤི་ཁུལ་བྱས་ཏེ་སྡོད་ཐུབ་ཀྱི་ཡོད།
བྱི་བ།
ང་ཚོ་སློབ་གྲྭར་འགྲོ་འདོད་ མེད་སྐབས། ཁོ་ནང་བཞིན་ ཤི་ཁུལ་བྱེད་ཆོག
ཡིན་ན་ཡང་། ཆུ་ཚོད་མང་པོ་ གང་འདྲ་སྡོད་ཀྱི་ཡིན། གལ་ ཏེ་སྣ་ཁུང་ཟ་འཕྲུག་ལངས་ པའམ་ཧབ་སྦྲིད་བརྒྱབ་ན། ག་ རེ་བྱེད་ཀྱི་ཡིན།
ང་ཚོས་ལྡད་བརྒྱབ་པའི་ཤིང་དང་། ས། མཆིལ་ མ་རྣམས་རང་གི་བཙོག་པ་དང་མཉམ་དུ་བསྲེས་ ནས་གྲོག་ཚང་བཟོ་ཡི་ཡོད།
ང་ཚོའི་ཚང་ལ་གྲོག་མཁར་ཟེར། དེ་རྣམས་ཧ་ ཅང་མཐོ་པོ་ཡོད། ཁ་ཤས་མི་དར་མ་གསུམ་གྱི་ རིང་ཚད་ཡོད།
ཚང་དེའི་ཆེ་ཆུང་ལ་ལྟོས་ དང་། དེ་མཁར་རྫོང་ནང་ བཞིན་སྙིང་རྗེ་པོ་འདུག
གྲོག་མ་དཀར་པོ།
ཁྱེད་རང་དེའི་ནང་བསྡད་དེ། བཙོག་པའི་རྒྱལ་སྲས་ཞེས་ ཟེར་ན་འགྲིག
ང་ཚོའི་ལྕི་བ་ཤོག་བུ་བཟོ་རྒྱུར་བེད་སྤྱོད་བྱེད་ཀྱི་ཡོད། གལ་ཏེ ་ ང་ཚོ འི ་ ལྕི ་ བ་རྣམས་བསྐོ ལ ་ ན༑ མི་ལ་གནོད་པའི་འབུ་སྲིན་ཚང་ མ་མེད་པར་ཆགས་ཏེ། རྗེས་སུ་ འབྲི་དེབ་བཟོ་བའི་ཤོག་བུར་ བེད་སྤྱོད་བྱེད་ཐུབ་ཀྱི་ཡོད། གླང་ཆེན།
རྔ་མོང་།
བསེ་རུ།
བཙོག་པའི་ཤོག་བུ་ཨེ།
དེ་གང་ཡང་མ་རེད།
ངའི ་ བཙོ ག ་པ་རྣམས་རྒྱན་ཆ་བཟོ ་ རྒྱུར་བེ ད ་ སྤྱོད་གཏོང་གི་ཡོད།
ཤྭ་བ།
ཁྱེད་ཀྱིས་བལྟས་ན། སྐྱེས་སྐར་ལ་ཨ་མས་བཟོས་པའི་ ཤྭ་བའི་བཙོག་པའི་རྒྱན་ཆ་དེར་ དགའ་འམ། ད་དུང་བཙོག་པའི་ ཤོག་བུས་བཟོས་པའི་སྐྱེས་སྐར་ གྱི་ཤིས་ཤོག་དེར་དགའ་འམ།
དེ་ནི་ལྕི་བའི་ སྐྱེས་སྐར་ཞིག་ ཆགས་ཡོང་།
ངས་ཁ་ནས་ཟས་ཟ་བ་མ་ཟད། བཙོག་པ་ཡང་ཁ་ནས་གཏོང་གི་ཡོད་པ་ཁྱེད་ཀྱིས་ཤེས་སམ། ངའི་ཁ་ནི་དྲིལ་བུ་དབྱིབས་ཅན་གྱི་གཟུགས་པོའི་འོག་ཏུ་ཡོད།
ཉ་ལྡེ་གུའི་གཟུགས་ཅན།
ང་རང་ཉ་ལྡེ་གུ་མིན་ པ་དགའ་བ་སྐྱེས།
བུམ་ཤིང་ནི་ངའི་གསང་སྤྱོད་ཡིན།
བུམ་ཤིང་གིས་དམིགས་བསལ་ང་ལ་བཟོས་པའི་ འབྱར་བག་ཅན་གྱི ་ གཤེ ར ་ཁུ་མངར་མོ ་ རྣམས་
ལྡག་བཞི ན ་ངས་དེ འི ་ ནང་བཙོ ག ་པ་གཏོ ང ་གི ་
ཡོད། བུམ་ཤིང་གཞན་གྱིས་འབུ་སྲིན་ཟ་ཡི་ཡོད་ ཀྱང་། བུམ་ཤིང་འདིས་ངའི་བཙོག་པ་ཟ་ཡི་ཡོད། བྱི་ལོང་གི་
གསང་སྤྱོད།
བྱི་ལོང་།
བྱི་ལོང་གི་ བཙོག་པ། ཧ་ཧ་ཧ་་་
ཁྱེད་ཀྱིས་ང་ཚོ་བྱ་བྲུན་རེད་དྲན་སོང་ངམ།
ང་ཚོ་བཙོག་པ་འདྲ་པོ་མཐོང་གི་ཡོད་སྟབས། ཁྱེད་ལ་མགོ་སྐོར་བཏང་བ་བཞིན། ང་ཚོ་ཟ་ འདོད་བྱེད་པའི་སེམས་ཅན་གཞན་རྣམས་ལའང་དེ་ལྟར་མགོ་སྐོར་གཏོང་གི་ཡོད། ང་སྡོམ་ཡིན།
སྡོམ།
ང་སྔོ་འབུ་ཡིན།
སྔོ་འབུ།
ཁྱེད་རང་བཙོག་པ་ འདྲ་པོ་མཐོང་འདོད་ འདུག་གམ།
ང་སྦལ་པ་ཡིན།
ཁྱེད་ཀྱིས་
བཙོ ག ་པ་ཕར་ཚུར་མཆོ ང ས་ པ་མཐོང་མྱོང་ངམ།
སྦལ་པ།
མཐོང་འདོད་མི་འདུག རང་གསང་སྤྱོད་ནང་ གཡུག་ཡོང་།
བཙོག་པ་འདྲ་པོ།
བཙོག་པ་སྒྲིལ་བ།
བཙོག་པ་ཟ་བ།
བཙོག་པའི་ ནང་སྡོད་པ།
བཙོག་པའི་ མཁར་བཟོ་བ།
ད་ནས་བཟུང་། བྲུན་ཟེར་དུས་སྔོན་ མ་བཞིན་བཙོག་པར་བལྟ་རྒྱུ་མིན།
ཁྱེད་ཀྱིས་ཀྱང་དེ་ལྟར་བསམ་མམ།
ཏེཇས་ཝི་ནི་ཨེབ་ཊི་རཧེམ་ནི་སྒྲུང་ཐུང་རྩོམ་པ་པོ་ཡིན། ཕྱི་ལོ་ ༢༠༡༧ ལོར་མོའི་དཔེ་དེབ་མང་པོ་ ལ་བྱ་དགའ་ཐོབ་མྱོང་། མོ་རང་གསར་འགོད་པ་དང་ཁོར་ཡུག་དཔྱད་ཞིབ་པ་བྱས་མྱོང་བ་མ་ཟད། བཞིན་ཡོད།
རྒྱ་གར་གྱི་གྲགས་ཆེ་བའི་གསར་ཤོག་ཁང་མང་པོའི་ནང་ལས་ཀ་བྱས་མྱོང་། ད་ཆ་མོ་ཀལ་པྭ་རིཥ་ ཡི་ཚོགས་མི་ཡིན། མོ་ཨ་ཛཱར་བེ་ཇཱན་དུ་གནས་སྡོད་བྱེད་ཅིང་། དུས་ཚོད་མང་ཆེ་བ་རྩོམ་འབྲི་
སུཇ་ཏ་ནི་ཕྱི་རོལ་གྱི་འཇིག་རྟེན་ལ་དགའ་ཞིང་། དམིགས་བསལ་རི་བོ་དང་། ནགས་ཚལ་ཁྲོད་ དུ་བྱ་བྱིའུ་དང་། ཕྱེ་མ་ལེབ། འབུ་སྲིན་སོགས་ལ་བལྟ་རྒྱུ་དང་། ཆུ་ཕྲན་གྱི་བཞུར་སྒྲ་ལ་ཉན་རྒྱུར་ དགའ་པོ་ཡོད།
མོ་རང་པུ་ནེ་ལ་སྡོད་སྐབས་ཁོར་ཡུག་གི་ཤེས་ཡོན་ཁྱབ་སྤེལ་ཆེད་དུ་ཁོར་ཡུག་
ཤེས་བྱའི་ལག་དེབ་དང་། རྩེད་ཆས། ཁྲིད་ཆས་སོགས་བཟོ་འགོད་བྱས་ཡོད། སུཇ་ཏ་ནི་ཀལ་པྭ་
རིཥ་ཡི་ཁོར་ཡུག་ལས་འགུལ་གྱི་ཚོགས་མི་ཡང་ཡིན། མོ་རང་ལ་སྐུད་མོས་སྐུལ་ལྕག་གནང་བ་དང་། ཐོག་མའི་ཟིན་ བྲིས་ལ་གཅེན་མོས་རྩོམ་སྒྲིག་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་།
ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐབས་
འཇིགས་མེད་དགྲ་འདུལ་གྱིས་བོང་བུར་དངོས་སུ་ཐུག་བཅུག་པ་དང་། སྒྲུང་འབྲི་བའི་བློ་སྟོབས་སྩལ་བར་བཀའ་དྲིན་ ཆེ་ཞུ།
པྲིར་ཡ་ཀུ་རེ་ཡན་ནི་བྱིས་སྒྲུང་རྩོམ་པ་པོ་དང་། རི་མོ་བ་ཞིག་ཡིན་པ་མ་ཟད། བརྙན་དེབ་རྩོམ་ སྒྲིག་པ་དང་། འགུལ་བརྙན་བཟོ་བསྐྲུན་པ་ཡང་ཡིན། མོ་རང་(NID)ནས་སློབ་མཐར་སོན་རྗེས།
མོས་རྒྱ་གར་གྱི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་དང་ཕྲུ་གུའི་བརྙན་ཐུང་སོགས་བཟོས་གནང་། མོས་འགྲུལ་བཞུད་བྱེད་སྐབས་མི་རྣམས་ཀྱི་བྱ་སྤྱོད་ལ་བལྟས་ཏེ་རི་མོར་བཀོད་ཀྱི་ཡོད།