ཁོ་སྒྲ་ཆུང་ཆུང་ཞིག་ལའང་ཞེད་སྣང་སྐེ་ཡི་ཡོད་པས།
ཁོང་ཚོས་ཁོ་ལ།
ཙིག་ཕྲུག ཅེས་མིང་འདོགས་བཏགས་ཏེ་བརྙས་བརོ་ཡི་ཡོད། ཡིན་ཡང་།
ཉིན་ཞིག་ཙིག་ཕྲུག་གིས་ནག་ཁུང་ནང་གི་གིབ་གཟུགས་དང་
གོགས་པོ་བསྒྲིགས་པ་རེད།
དེ་ནས་གང་བྱུང་བ་ཡིན་ནམ།
ནག་ཁུང་ནང་གི་གབ་གཟུགས། ག གི རོམ་པ་པོ། རི་མོ་བ།
ཕརིདཱ་ཁཱ་ལཱཏ་བེ་རི།
ན་སིམ་ཨ་ཛཱ་དཱི།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ནག་ཁུང་ནང་གི་གབ་གཟུགས། གིག རྩོམ་པ་པྩོ། ཕརིདཱ་ཁཱ་ལཱཏ་བེ་རི། རི་མྩོ་བ། ན་སིམ་ཨ་ཛཱ་དཱི།
བྩོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀིས་དཔར་འགེམས་ཞུས།
རྩོམ་པ་པྩོ། རི་མྩོ་བ། བྩོད་སྒྱུར་བ།
ཕརིདཱ་ཁཱ་ལཱཏ་བེ་རི། ན་སིམ་ཨ་ཛཱ་དཱི། ཚེ་རིང་དཔལ་འཛོམས།
སྤི་ཁྱབ་འགན་འཁུར། བསྩོད་ནམས་བཟང་པྩོ། རྩོམ་སྒིག་འགན་འཁུར། ངག་དབང་བསྟན་འཛིན། ཞུ་དག དགེ་འདུན་དྩོན་ཡྩོད།
Originally in Persian published by Shabaviz ©Shabaviz, Tehran, Iran
Tibetan edition first Published by Department of Education, CTA, Dharamshala in 2020 Printed by Sherig Parkhang Trust, Delhi
This children’s story book translation is made possible by the support of the American people through the United States Agency for International Development (USAID). The contents of this book are the sole responsibility of Department of Education, Central Administration and do not necessarily reflect the views of USAID or the United States Government
ཨ་མས་ཁོ་ལ་འོ་བྱས་ཏེ། བུ་ཆུང་།
གཟིམས་འཇགས་གནང་། ཞེས་ལབ།
བུ་ཆུང་གིས། ཨ་མ་ལགས། གཟིམས་འཇགས་ གནང་། སྐུ་མཁྱེན། གློག་མ་བསད་རོགས་གནང་། ང་ཞེད་ཀྱི་འདུག ཅེས་ལབ།
ད་ཁྱེད་རང་ཆེན་པོ་ཆགས་ཚར་བ་རེད། ནག་ཁུང་ ལ་ཞེད་རྒྱུ་ཡོད་མ་རེད། ནག་ཁུང་ལ་ཞེད་དགོས་པ་
དེ་འདྲ་གང་ཡང་ཡོད་མ་རེད་ཅེས་ངས་ཚར་ག་ཚོད་ བཤད་མ་སོང་ངམ། གལ་སྲིད་ཁྱེད་ཀྱིས་ཞེད་སྣང་
གི་བསམ་བློ་དེ་མ་དོར་ན། ཁྱེད་རང་ཉིན་ལྟར་ནང་
ལ་རྨས་སྐྱོན་ཕོག་ནས་ཡོང་དགོས་ཆགས་ཀྱི་རེད། ཅེས་ལབ།
བུ་ཆུང་གིས། ལགས་སོ། །ཨ་མ་ལགས། ངས་ཞེད་ སྣང་མ་སྐྱེས་པའི་ཐབས་ཤེས་བྱེད་ཀྱི་ཡིན། ལབ།
ཞེས་
གློག་ཚང་མ་བསད་པ་ན་ཁོས་མལ་ཆས་མགོ་ལ་གྱོན་པ་རེད།
ཁོའི་བསམ་བློའི་ནང་སློབ་གྲྭའི་
སྐོར་ཡང་ཡང་འཁོར། སློབ་ཕྲུག་ཚང་མས་ཁོ་ལ་འཕྱ་སྨོད་བྱེད་ཀྱི་ཡོད། ཁོ་རང་སྒྲ་ཏོག་ཙམ་གོ་ན་
ཡང་ཞེད་སྣང་སྐྱེས་ཏེ་ཟུར་ལ་ཡིབ་ཀྱི་ཡོད་པས། ཁོང་ཚོས་ཁོ་ལ། ཙིག་ཕྲུག ཅེས་མིང་འདོགས་ བཏགས་ཏེ་བརྙས་བརྐོ་ཡི་ཡོད། ཁོའི་ཞན་ཆ་དེ་སློབ་གྲོགས་ཚོས་གསལ་པོ་ཤེས་ཀྱི་ཡོད་སྟབས། ཁོ་ལ་ཞེད་སྣང་དེ་ལས་མང་བ་སྐུལ་གྱི་ཡོད།
ཉིན་ཞིག བུ་ཆུང་ནང་ལ་ལོག་བཞིན་པའི་སྐབས། བུ་ ཞིག་ཤིང་སྡོང་གི་རྒྱབ་ལ་ཡིབ་ནས་བསྡད་དེ། བུ་ཆུང་ལ་ ཞེད་སྣང་བསྐུལ་བ་རེད། བུ་ཆུང་ཞེད་ཐག་ཆོད་དེ་ལམ་དུ་
གོག་མ་རྒྱུགས་ཀྱིས་ནང་ལ་ལོག ནང་ལ་འབྱོར་སྐབས་ ཁོ འི ་ གོ ས ་ལོ ག ་རྣམས་རྩབ་ཧྲལ་དང་བཙོ ག ་པ་ཆགས་ ཡོད་ལ། མགོ་དང་ལག་པ་རྨས་པ་དེ་ཡང་ཡང་དྲན།
ཁོས ་ཨ་མ་ལགས་ལ་བཞག་པའི་ དམ་བཅའ་དེ་བསྒྲུབ་ རྒྱུའི་ཐག་བཅད་པ་དང་། མགོ་ཉལ་ཆས་ནས་ཕྱི་ལ་བཏོན་
ཏེ། ཀྭ་ཡེ། ནག་ཁུང་ནང་གི་གྲིབ་གཟུགས། ཕྱིར་ཐོན་ ཤོག ང་ཁྱེད་རང་ལ་ཞེད་ཀྱི་མི་འདུག ཅེས་ལབ།
གློ་བུར་དུ་ཁོའི་ཉལ་ཁྲི་འགུལ་བསྐྱོད་བརྒྱབ་པ་ན། ཟླ་འོད་འོག་ཏུ་གདོན་འདྲེ་ནག་པོ་ཆེན་པོ་ཞིག་ རང་གི་མདུན་དུ་ལངས་ཡོད་པ་མཐོང་།
གདོན་འདྲེ་དེས། ཁྱེད་རང་དངོས་གནས་ཞེད་དགོས་མ་རེད། ང་སྐད་གཏོང་མཁན་གྱི་ཕྲུ་གུ་དེ་ ཚོར་ངས་གནོད་པ་སྐྱེལ་གྱི་མེད། མ་རེད་དམ་ཙིག་ཕྲུག ཅེས་ལབ།
ཁོ་ཞེད་ཐག་ཆོད་དེ་མིག་གཉིས་ཆེན་པོ་གདངས་ནས། ངའི་་་་མིང་་་་ཙིག་ཕྲུག་་་་མ་རེད། སློབ་
གྲོགས་ཚོས་ང་ལ་དེ་ལྟར་འབོད་ཀྱི་ཡོད། ཁྱེད་ཀྱིས་གང་འདྲ་བྱས་ནས་ཤེས་སོང་ངམ། ཞེས་ངག་ དིག་བཞིན་དྲིས།
ངས་ཚང་མ་ཤེས་ཀྱི་ཡོད། ཟེར།
དེས་ན་ང་ལ་འཕྱ་སྨོད་བྱས་ན་དགའ་ཡི་མེད་པ་ཁྱེད་ཀྱིས་ཤེས་ཀྱི་ཨེ་ཡོད། མཁན་གྱི་ཕྲུ་གུ་རྣམས་ལ་ཁྱེད་ཀྱིས་ཞེད་སྣང་བསྐུལ་ཐུབ་ས་རེད་དམ།
ང་ལ་འཕྱ་སྨོད་བྱེད་
ཐུབ་དང་ཐུབ། ང་གཉིས་འགྲོ། ཁྱེད་ཀྱིས་ཕྲུ་གུ་སུ་བསྟན་ན་ངས་དེ་ལ་ཞེད་སྣང་བསྐུལ་ཆོག ཐུགས་རྗེ་ཆེ།
དེ་ནས་བཟུང་མཚན་མོ་རྟག་པར་ཁོ་གཉིས་ཕྱི་ལ་ཕྱིན་ནས་ཕྲུ་གུ་རྣམས་ལ་ཞེད་སྣང་སྐུལ་གྱི་ཡོད།
ད་ཆ་ནག་ཁུང་ལ་མི་ཞེད་མཁན་ཕྲུ་གུ་གཅིག་རང་ཡོད་པ་ནི་ཙིག་ཕྲུག་རེད། ཁོ་དང་ནག་ཁུང་ནང་ གི་གྲིབ་གཟུགས་གཉིས་གྲོགས་པོ་ཡིན་པ་ཤེས་ཀྱི་མེད་ཀྱང་། གྲིབ་གཟུགས་ཀྱི་གདོན་འདྲེས་ཁོ་ ལ་གཏན་ནས་གནོད་པ་སྐྱེལ་གྱིས་མེད་པ་ཚང་མས་ཤེས་ཀྱི་ཡོད།
སྤྱོད་པ་ཧ་ཅང་འཚུབ་པའི་ཕྲུ་གུ་གཅིག་ཡོད། ཁོའི་མིང་འདོགས་ལ་འདྲེ་ཕྲུག་ཟེར། འདྲེ་ཕྲུག་གིས་ གནས་ཚུལ་ཅི་ཡིན་ཧ་གོ་བའི་ཆེད། ཁོ་རང་གི་སྐྱེས་སྐར་གྱི་དགའ་སྟོན་ལ་ཙིག་ཕྲུག་སྐད་བཏང་བ་
རེད། སང་ཉིན་ངའི་སྐྱེས་སྐར་ཡིན། ཁྱེད་རང་ངེས་པར་དུ་སྔ་ཙམ་ཤོག་ཨ། གང་ཡིན་ཟེར་ན། ཕྲུ་ གུ་ཚང་མ་ནག་ཁུང་མ་ཆགས་སྔོན་ལ་ནང་དུ་ལོག་གི་རེད། ཅེས་ལབ།
ཡ་ཡ། ཁོང་ཚོ་སྔ་ཙམ་ལོག་བཅུག ང་བསྡད་ཆོག
བྱས་ན་དེང་སང་ཁྱེད་རང་ནག་ཁུང་ལ་ཞེད་ཀྱི་མེད་ཟེར་གྱི་ཡོད་དམ།
རེད། ཞེད་ཀྱི་མེད། ནག་ཁུང་ནང་གི་གྲིབ་གཟུགས་དེ་ངའི་གྲོགས་པོ་རེད། ཁོ་རང་སྐད་ གཏོང་མཁན་གྱི་ཕྲུ་གུ་རྣམས་ལ་ཞེད་སྣང་བསྐུལ་གྱི་མ་རེད།
འདྲེ་ཕྲུག་གིས་བསམ་བློ་གཏོང་བཞིན་བསྡད་དེ་གང་ཡང་མ་ལབ།
སྐྱེས་སྐར་གྱི་དགའ་སྟོན་དེ་སྔ་ལོ་ནང་བཞིན་སྐྱིད་པོ་མ་བྱུང་བ་རེད། ཕྲུ་གུ་ཚང་མ་ཞེད་སྣང་སྐྱེས་ཤིང་།
ས་མ་རུབ་གོང་ནང་ལ་ལོག་འདོད་
ཡོད་པ་རེད། ཙིག་ཕྲུག་གཅིག་པུ་དགའ་སྤྲོའི་ངང་ལྷོད་ལྷོད་བསྡད་ཡོད།
དགོང་མོ་ཁོ་རང་ནང་ལ་ལོག་རྩིས་བྱེད་སྐབས། ནག་ཁུང་ནང་གི་གྲིབ་ གཟུགས་མཐོང་བ་རེད།
ཁོ་ཧང་སང་ནས། ཁྱེད་རང་འདི་ལ་ག་རེ་བྱེད་ཀྱི་ཡོད། ཕྲུ་གུ་ཚང་མ་ལོག་ཚར་སོང་། ཞེད་སྣང་བསྐུལ་ས་སུ་ཡང་མི་འདུག ལབ།
རེད། ངས་ཤེས་ཀྱི་ཡོད། ཡིན་ནའང་། ང་རང་སྐད་གཏོང་མཁན་གྱི་ཕྲུ་གུ་དེ་ལ་ཞེད་ སྣང་བསྐུལ་གྱི་མེད། ཅེས་ལབ།
ཙིག་ཕྲུག་ཞེད་སྣང་སྐྱེས་ཏེ་གོམ་པ་ཁ་ཤས་ཕྱི་ནུར་རྒྱག་བཞིན། ངས་ཁྱེད་དེ་རིང་སྐད་ བཏང་མེད། ཅེས་ལབ།
རེད། དེ་རིང་འདྲེ་ཕྲུག་གིས་ང་སྐད་བཏང་སོང་། ཟེར།
ཁོ་སྒྲ་ཆུང་ཆུང་ཞིག་ལའང་ཞེད་སྣང་སྐེ་ཡི་ཡོད་པས།
ཁོང་ཚོས་ཁོ་ལ།
ཙིག་ཕྲུག ཅེས་མིང་འདོགས་བཏགས་ཏེ་བརྙས་བརོ་ཡི་ཡོད། ཡིན་ཡང་།
ཉིན་ཞིག་ཙིག་ཕྲུག་གིས་ནག་ཁུང་ནང་གི་གིབ་གཟུགས་དང་
གོགས་པོ་བསྒྲིགས་པ་རེད།
དེ་ནས་གང་བྱུང་བ་ཡིན་ནམ།
རོམ་པ་པོ། རི་མོ་བ།
ཕརིདཱ་ཁཱ་ལཱཏ་བེ་རི།
ན་སིམ་ཨ་ཛཱ་དཱི།
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།