གྲོགས་ཕན་བྱེད་པའི་གདོན་འདྲེ།

Page 1


གྲོགས་ཕན་བྱེད་པའི་གདོན་འདྲེ།

རྩོམ་པ་པོ། སེ་ལི་ཧཱས། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།

ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།



བུ་ཆུང་བསྟན་འཛིན་གྱིས། ང་གདོན་འདྲེ་ཆགས་འདོད་འདུག ངའི་སེམས་གཏིང་ ནས་གདོན་འདྲེ་ཆགས་འདོད་འདུག ཅེས་ལབ།


བུ་བསྟན་འཛིན་གྱིས་རང་གི་འདོད་པ་དེ་གལ་ཆེན་པོ་རྩི་བཞིན་ཡོད། ཁོས་ག་རེ་ བྱེད་འདོད་ཡོད་མེད་ཤེས་ཀྱི་ཡོད། གལ་ཏེ་ཁོས་གདོན་འདྲེ་ཆགས་ཚུལ་ཤེས་ཀྱི་

མེད་ན། གདོན་འདྲེ་ཇི་ལྟར་ཆགས་སམ། དེར་བརྟེན་ཁོའི་བསམ་བློའི་ནང་གདོན་ འདྲེའི་སློབ་གྲྭའི་ནང་འགྲོ་དགོས་སྙམ།


གདོན་འདྲེ་ཇི་ལྟར་ཆགས་ཚུལ་སློབ་མཁན་གྱི་སློབ་གྲྭ་ཞིག་ངེས་པར་ དུ་ཡོད་ཀྱི་རེད།

གུ ་ ག ལ

གདོན་འ

དྲེ་སློབ་གྲྭ

ཁོས་གུ་གལ་ནས་སློབ་གྲྭ་དེ་འདྲ་ཞིག་རྙེད་ངེས་རེད་སྙམ་སྟེ། གཞོན་སྐྱེས་ཚོ་ལྟར་ དྲ་རྒྱའི་ནང་འཚོལ་ཞིབ་བྱས་པ་རེད།


ཁོས་གུ་གལ་ནང་གདོན་འདྲེ་སློབ་གྲྭ་ཞེས་བྲིས་ནས་བཙལ་ཡང་།

དེ་ལས་བློན་

ཆེན་སློབ་གྲྭ་དང་། འཛིན་སྐྱོང་གི​ི་སློབ་གྲྭ། རོལ་དབྱངས་སློབ་གྲྭ། གསོ་རིག་སློབ་ གྲྭ་སོགས་ཤར་བ་ལས།

ཨ ་ མེ ་

ཚོན་ར

ྩི་/ཁ་ལག

ཛོ ན ་

་/ཡིག་

གཟུགས

གདོན་འདྲེ་སློབ་གྲྭ་ཟེར་བ་ཞིག་རྩ་བ་ནས་མ་བརྙེད།


ཁོའི་སེམས་ནང་གང་ཡང་བྱེད་ཀྱི་མ་རེད། ད་དུང་ཐབས་ལམ་ཞིག་ཡོད་ཀྱི་རེད་ སྙམ། ཨ་མེ་ཛོན་ནང་གདོན་འདྲེ་ཇི་ལྟར་ཆགས་སྟངས་ཀྱི་དཔེ་དེབ་ཅིག་ཏན་ཏན་

རག་གི་རེད་དྲན། དེའི་ནང་ཁ་ལག་གཡོ་སྦྱོར་བྱེད་སྟངས་དང་། ཡི་གེ་འབྲི་སྟངས།

བདེ་སྐྱིད་ངང་ཇི་ལྟར་གནས་ཐབས་

ཞབས་བྲོ་འཁྲབ་ཚུལ།

ཁ་ལག་གཡོ་སྦྱོར་བྱེད་སྟངས།

སྟངས།

ལུས་ཀྱི་ལྗིད་ཚད་སྤོར་གཅོག་བྱེད་སྟངས།

ཚོན་རྩི་གཏོང་སྟངས། ཊེ་ནིས་རྩེད་སྟངས། ལུས་ཀྱི་ལྗིད་ཚད་སྤོར་གཅོག་བྱེད་

སོན་འདེབས་ཚུལ།

ཚོན་རྩི་གཏོང་སྟངས།

བདེ་སྐྱིད་ངང་ཇི་ལྟར་གནས་དགོས་མིན་སོགས་ཀྱི་དཔེ་དེབ་མཐོང་རྒྱུ་ཡོད་པ་ ལས། གདོན་འདྲེ་ཆགས་སྟངས་ཀྱི་དཔེ་དེབ་མཐོང་རྒྱུ་མེད།


ཁོས་བསམ་བློ་ཡང་ཡང་བཏང་བ་རེད།

ཁོས་ཆེད་ལས་པ་ཞིག་ལ་སྐད་ཆ་དྲིས་ནས་སྦྱོང་རྒྱུ་དེ་ཐབས་ལམ་ཡག་ཤོས་དེ་ ཡིན་པ་ཤེས། དེས་ན་གདོན་འདྲེའི་ས་ནས་སྦྱང་ན་ལེགས་སྙམ། ཁོས་ཇི་ལྟར་ བྱེད་དགོས་མིན་གདོན་འདྲེ་ལ་འདྲི་དགོས། བུ་ཆུང་བསྟན་འཛིན་གྱིས་གདོན་འདྲེ་ ནི་ཉལ་ཁྲིའི་འོག་ལྟ་བུ་ས་ཆ་ནག་ཁུང་ལ་དགའ་བ་ཁོ་ན་ཤེས་ཀྱི་ཡོད།


དགོང་མོ་ཞིག་ལ། ཁོ་ཉལ་བར་འགྲོ་སྐབས། ཉལ་ཁྲིའི་འོག་ལ་ལྟ་ཙམ་བྱས།

ཁོའི་མགོ་ཉལ་ཁྲི་ལ་འཁར་ཡང་། རེ་བ་བཟང་ས་ནས་བརྒྱབ་སྟེ་གདོན་འདྲེ་མཐོང་ བར་བསྒུགས་ནས་བསྡད།


དེ་ནས་འཇིགས་སྣང་ཆེ་བའི་སྒྲ་དྲག་པོ་ཞིག་གྲགས་པ་དང་གདོན་འདྲེ་ ཞིག་ཐོན་སླེབས།

གདོན་འདྲེས་བུ་ཆུང་བསྟན་འཛིན་ལ་བལྟས་ཏེ་འཇིགས་སྣང་ཆེ་བའི་ སྐད་ངན་ཞིག་བརྒྱབ།


འོན་ཀྱང་། བུ་ཆུང་བསྟན་འཛིན་གྱིས་ ཞེ ད ་སྣང་མེ ད ་པར་འཛུམ་ ཞིག་བསྟན་པ་ན།

གདོན་འདྲེ་ཧང་སངས་ཏེ། ཁྱོད་རང་ཞེད་སྣང་ཅི་ཡང་མེད་པར་འཛུམ་སྟོན་པ་ཅི་

ཡིན། ཞེས་དྲིས། བུ་ཆུང་བསྟན་འཛིན་གྱིས་བཟོད་གསོལ་དང་བཅས། དགོངས་ པ་མ་འཚོམ་རོགས་གནང་། ང་ཁྱེད་རང་ལ་ཐུག་འདོད་ཡོད། ཅེས་ལབ།


འདི་ཡག་རྟགས་ཤིག་ མ་རེད། ང་གདོན་འདྲེ་ ཡིན། ངས་མི་ལ་ཞེད་ སྣང་སྐུལ་གྱི་ཡོད།

གལ་སྲིད་མི་ཞེད་སྣང་མ་སྐྱེས་ན། ང་གདོན་འདྲེ་ངོ་མ་ཞིག་མ་རེད། ཅེས་ལབ། དེ་ ནས་གདོན་འདྲེ་དེ་སེམས་ལྷོད་ལ་བབས་ནས།

ཁྱོད་ཅིའི་ཕྱིར་ང་ལ་ཐུག་འདོད་

བྱུང་བ་རེད། ཅེས་དྲིས་པར། ང་གདོན་འདྲེ་ཆགས་འདོད་འདུག ཅེས་བཤད། གདོན་འདྲེས། ཁྱོད་རང་གདོན་འདྲེ་ཆགས་འདོད་པ་གང་ཡིན་ནམ། ཞེས་དྲིས།


བུ་ཆུང་བསྟན་འཛིན་གྱིས། ལྟོས་དང་། ང་ནི་ཧ་ཅང་ཆུང་ཆུང་རེད།

ངས་མི་ལ་བྱས་རྗེས་ཤིག་འཇོག་འདོད་འདུག གལ་སྲིད་ང་གདོན་འདྲེ་ཡིན་ན། ཁོ་ ཚོས་ང་ལ་དོ་སྣང་ངེས་པར་དུ་བྱེད་ཀྱི་རེད། ཅེས་ལན་བཏབ། ཨོ། ཡག་པོ་རེད། བྱས་ན་ཁྱོད་ཀྱི་གདོང་གི་རྣམ་པ་དེ་འགྱུར་བ་གཏོང་དགོས་ཀྱི་འདུག

ཁྱོད་རང་

གཙང་མ་ཞེ་དྲགས་འདུག གཟུགས་པོ་ལ་ཐལ་བ་བྱུག་དགོས་འདུག ཅེས་ལབ།


བུ་ཆུང་བསྟན་འཛིན་གྱིས་གདོན་འདྲེ་དེར་ཐུགས་རྗེ་ཆེ་ཞུས་པ་དང་། གཟུགས་པོ་ ལ་ཐལ་བ་བྱུག་གང་ཐུབ་བྱས། གདོན་འདྲེ་དེས། དེ་ནས་ཁྱོད་རང་འཇིགས་སྣང་ ཆེ་བའི་རྣམ་འགྱུར་སྟོན་གང་ཐུབ་བྱས་ཏེ།

ཆ་སྒམ་ནང་གི་གདོན་འདྲེ་དེའི་སར་

ཕྱིན་ནས་ཅི་བྱེད་དགོས་མིན་དྲིས། ཞེས་ལབ།


བུ་ཆུང་བསྟན་འཛིན་ཐལ་བ་འཚུབ་བེ་ཆ་སྒམ་ཕྱོགས་ལ་ཕྱིན། ཁོས་གཟབ་གཟབ་བྱས་ཏེ་སྒོ་ཕྱེ་སྐབས་མགོ་དེ་རུ་འཁར།


ནག་ཁུང་ཁྲོད་ནས་སྒྲ་དྲག་པོ་ཞིག་གྲགས་པ་དང་།

འཇིགས་སུ་རུང་བའི་གདོན་འདྲེ་ཞིག་སླེབས།

ཆ་སྒམ་ནང་གི་གདོན་འདྲེ་དེས།

ཁྱོད་རང་འདིར་ག་རེ་བྱེད་ཀྱི་ཡོད། ཅེས་ཤེས་འདོད་ཆེན་པོས་དྲིས།


བུ་ཆུང་བསྟན་འཛིན་དགོད་ཙམ་བྱས།

གདོན་འདྲེས། ཁྱེད་ལ་ཞེད་སྣང་མེད་པ་གང་ཡིན་ནམ། ཞེས་དྲིས། བུ་ཆུང་བསྟན་ འཛིན་གྱིས། ང་འདི་ལ་ཞེད་སྣང་བྱེད་པར་ཡོང་བ་མིན། ཞེད་སྣང་ཇི་ལྟར་བསྐུལ་ བ་སྦྱང་བར་ཡོང་བ་ཡིན། ང་གདོན་འདྲེ་ཆགས་འདོད་འདུག ཅེས་ལབ།


གདོན་འདྲེས། ཁྱེད་རང་ཅིའི་ཕྱིར་གདོན་འདྲེ་བྱེད་འདོད་དམ། ཞེས་དྲིས་པས། བུ་ཆུང་

བསྟན་འཛིན་གྱིས་གདོན་འདྲེ་སྔ་མ་དེར་བཤད་པ་བཞིན་ཆ་སྒམ་ནང་གི་གདོན་འདྲེ་དེ་ ལའང་། ང་ཧ་ཅང་ཆུང་ཆུང་ཡིན། ངས་མི་ལ་བྱས་རྗེས་འཇོག་འདོད་འདུག ངས་བལྟས་ན་ ཐབས་ལམ་ཡག་ཤོས་དེ་གདོན་འདྲེ་བྱེད་རྒྱུ་དེ་རེད་འདུག ཅེས་བཤད།


གདོན་འདྲེས། ངས་ཤེས་སོང་། ཤེས་སོང་། དེ་ཡག་པོ་རེད། འོ ན་ཀྱང་། ཐལ་བ་ད་དུང་

མང་ཙམ་བྱུག་དགོས་ཀྱི་འདུག འདིར་སྡོམ་ཐག་ཁ་ཤས་ཡོད། ཅེས་ལབ། བུ་ཆུང་བསྟན་

འཛིན་གྱིས་སྡོམ་ཐག་རྣམས་རང་གི་གཟུགས་པོའི་སྟེང་སྦྱར་བས། ཡི་ཤུའི་འཁྲུངས་སྐར་ གྱི་སྡོང་པོ་ལྟ་བུར་གྱུར། གདོན་འདྲེ་དེས། ཞེས་བཤད།

དེ་ནས་ཁྱོད་རང་འཇིགས་སྣང་ཆེ་བའི་རྣམ་འགྱུར་སྟོན་གང་ཐུབ་བྱོས།

བུ་ཆུང་བསྟན་འཛིན་གྱིས། དེ་ལས་གཞན་པའི་ཐབས་ལམ་ཡོད་དམ། ཞེས་དྲིས།

གདོན་འདྲེས། ཁྱོད་རང་ཅིའི་ཕྱིར་ཁྲུས་ཁང་ནང་གི་ཆ་སྒམ་སར་འགྲོ་ཡི་མེད། ཅེས་ལབ།


བུ་ཆུང་བསྟན་འཛིན་གྱིས། ཐུགས་རྗེ་ཆེ། ཞེས་ལབ་སྟེ། ཐལ་བ་དང་སྡོམ་ཐག་ གིས་བརྒྱན་ཏེ་ཁྲུས་ཁང་ནང་གི་གདོན་འདྲེ་ཡོད་སར་ཕྱིན། ཁོས་བག་ཟོན་ཆེན་པོས་ཆ་སྒམ་སྒོ་ཕྱེས།


སྒྲ་དྲག་པོ་ཞིག་གྲགས་པ་དང་།

གདོན་འདྲེ་གསུམ་པ་དེ་སླེབས།


བུ་ཆུང་བསྟན་འཛིན་དགའ་ཐག་ཆོད་དེ་འཛུམ་ཞིག་བསྟན། གདོན་འདྲེ་གསུམ་པས། ཁྱེད་ རང་འདི་ལ་ཅི་བྱེད་ཀྱི་ཡོད། ཞེད་སྣང་མེད་པ་གང་ཡིན། ངས་ཁྱེད་ལ་ཞེད་སྣང་བསྐུལ་ ཀྱང་། ཁྱེད་རང་ཞེད་སྣང་མ་སྐྱེས་པས། ང་གདོན་འདྲེ་ངོ་མ་ཞིག་མིན། ཞེས་བཤད།


བུ་ཆུང་བསྟན་འཛིན་གྱིས། དགོངས་དག ང་ལ་ཁྱེད་ཀྱི་རོགས་པ་དགོས་ཀྱི་འདུག ང་ཁྱེད་

ནང་བཞིན་གདོན་འདྲེ་ཆགས་འདོད་ཡོད། ཅེས་ལབ། གདོན་འདྲེས། ཁྱེད་ཅིའི་ཕྱིར་གདོན་ འདྲེ་བྱེད་འདོད་འདུག ཅེས་དྲིས།

བུ་ཆུང་བསྟན་འཛིན་གྱིས། ང་ཧ་ཅང་ཆུང་ཆུང་ཡིན། ངས་མི་ལ་བྱས་རྗེས་འཇོག་འདོད་ འདུག ཅེས་ལབ།


གདོན་འདྲེ་དེས། དེ་ཡག་པོ་རེད། ཐལ་བ་དང་སྡོམ་ཐག་གཅིག་པུ་བེད་སྤྱོད་མ་བྱེད། འདིར་ ཁྲུས་ཁང་ནང་གི་ཧམ་སྤུ་འགའ་ཤས་ཡོད།

དེ་ཚོས་ཁྱེད་རང་ཛར་ཛོར་དུ་འགྱུར་ཡོང་།

ཞེས་ལབ། བུ་ཆུང་བསྟན་འཛིན་གྱིས་ཧམ་སྤུ་དེ་རྣམས་བྱུགས་རྗེས། གདོན་འདྲེ་གསུམ་

པ་ལ་ཐུགས་རྗེས་ཆེ་ཞུས་པ་དང་། ད་དུང་ཐབས་ལམ་ཡོད་ན་གསུངས་རོགས་ཞུས། ཞེས་ ཞུས། གདོན་འདྲེས། ཐོག་མར་གདོང་གི་འཛུམ་མདངས་མེད་པར་བཟོས་ནས། རྣམ་འགྱུར་

ཞེད་སྣང་ཚ་པོ་སྟོན་རྒྱུ་ཐབས་ཤེས་བྱོས། དེ་ནས་ཐབ་ཚང་གི་ཁྲུས་གཞོང་འོ ག་གི་གདོན་ འདྲེ་དེ་ལྟ་རུ་རྒྱུགས། ཞེས་ལབ།


བུ་ཆུང་བསྟན་འཛིན་གྱིས་ཉམ་ཆུང་ངུས་ཐུགས་རྗེ་ཆེ་ཞུས་ཏེ། སྐད་ཅོར་རྒྱག་བཞིན་ཐབ་ ཚང་ཕྱོགས་ལ་ཕྱིན།

བུ་ཆུང་བསྟན་འཛིན་ཁྲུས་གཞོང་འོག་ལ་འཛུལ་བ་རེད།


ནག་ཁུང་ནང་ནས་སྒྲ་དྲག་པོ་ཞིག་གྲགས་པ་དང་། འཇིགས་སུ་རུང་བའི་གདོན་ འདྲེ་ཞིག་སླེབས།


བུ་ཆུང་བསྟན་འཛིན་ཁོང་དགོད་ཤོར་བཞིན་གདོན་འདྲེ་དེ་བསུས།

གདོན་འདྲེས། ཁྱོད་ཁ་བཙུམས་ནས་སྡོད། ཁྱོད་འདི་ལ་ཅི་བྱེད་ཀྱི་ཡོད། ཁྱོད་ཞེད་ སྣང་མེད་པ་ཅི་ཡིན། ཞེས་དྲིས།


ང་འདི་ལ་གདོན་འདྲེ་ཆགས་སྟངས་ཀྱི་ལམ་སྟོན་ཞུ་བར་ཡོང་བ་ཡིན། ང་རང་སྙིང་ཐག་པ་ ནས་གདོན་འདྲེ་ཆགས་འདོད་ཡོད། ཅེས་ལབ།

གདོན་འདྲེས། གད་མོ་མ་ཤོར། ཞེས་བཀའ་བཏང་། གལ་སྲིད་གད་མོ་ཤོར་བསྡད་ན། གདོན་འདྲེ་ནམ་ཡང་ཆགས་ཀྱི་མ་རེད། ཅེས་བཤད།

བུ་ཆུང་བསྟན་འཛིན་གྱིས། ལགས་སོ། །ངས་གང་ཐུབ་ཅི་ཐུབ་ཞུ་ཡི་ཡིན། ཐབས་ལམ་ གཞན་ཡོད་དམ། ཞེས་དྲིས།


ཁྱེད་ཀྱི་གཟུགས་པོའི་སྟེང་ཐལ་བ་དང་། སྡོམ་ཐག ཧམ་སྤུ་སོགས་ལས་ཟས་སྙིགས་མང་

ཙམ་བརྒྱན་དགོས་ཀྱི་ཡོད། དེ་བཞིན་ཚ་ལུ་མའི་ཕྱི་ཤུན་དང་། ངང་ལག་གི​ི་ཕྱི་ཤུན། སྒོང་ པགས་རྣམས་གཟུགས་པོའི་སྟེང་ལ་སྦྱོར། ཅེས་ལབ།

དེས་ཁྱེད་ལ་དྲི་མ་ངན་པ་ཁ་འཇུག་གི་རེད།

དེ་ནས་བུ་ཆུང་བསྟན་འཛིན་གྱིས་ཟས་སྙིགས་ཐམས་ཅད་ལུས་ལ་སྦྱོར་བཞིན། ཐུགས་རྗེ་ ཆེ། ཐུགས་རྗེ་ཆེ། ཞེས་ལབ།


གདོན་འདྲེ་བཞི་པ་དེས། ཁྱེད་ཅིའི་ཕྱིར་གདོན་འདྲེ་ཆགས་འདོད་འདུག ཅེས་དྲིས། ང་ཧ་ ཅང་ཆུང་ཆུང་ཡིན། ངས་མི་གཞན་ལ་བྱས་རྗེས་འཇོག་འདོད་འདུག ཐབས་ལམ་གཞན་ ཡོད་དམ། ཞེས་དྲིས། གདོན་འདྲེས་ཁོ་ལ།

བུམ་པའི་གདོན་འདྲེ་ལྟ་རུ་ཕྱིན་ཏེ་འཛུམ་མི་སྟོན་པའི་འབད་བརྩོན་

བྱོས། ཞེས་ལབ། བུ་ཆུང་བསྟན་འཛིན་གྱིས། ལགས་སོ། །ཞེས་ཞུས་ཏེ། ཁྲུས་གཞོང་འོག་ ནས་གོག་འགྲོ་བྱེད་བཞིན་ཕྱིན། དེ་ནས་བུམ་པ་འཇོག་སར་ཡར་འཛེགས།


བུམ་པའི་ཁ་གཅོད་དེ་གཟབ་གཟབ་ངང་ཕྱེས་པ་དང་།

གློ་བུར་དུ་གྲིབ་གཟུགས་ཤིག་ཕྱི་ལོགས་ལ་མཆོངས་ནས་སླེབས།


འཇིགས་སྣང་ཆེ་བའི་གདོན་འདྲེས་སྐད་ངན་སྒྲོག་བཞིན་བུམ་པའི་ནང་ནས་ཐོན་ ཡོང་བ་མཐོང་བས། བུ་ཆུང་བསྟན་འཛིན་ཧ་ཅང་དགའ།

བུམ་པའི་ནང་ནས་དེ་འདྲ་ཞིག་ཐོན་ཡོང་སུས་བསམ་གྱི་རེད།


གདོན་འདྲེས། ཁྱོད་འདི་ལ་ཅི་བྱེད་ཀྱི་ཡོད། ཁྱོད་ཀྱིས་ཅིའི་ཕྱིར་འཛུམ་སྟོན་གྱི་ ཡོད། ཅེས་དྲིས། ང་འདི་ལ་གདོན་འདྲེ་ཇི་ལྟར་ཆགས་པའི་ལམ་སྟོན་ཞུ་བར་ཡོང་

བ་ཡིན། ལྟོས་དང་། ང་ཧ་ཅང་ཆུང་ཆུང་ཡིན། ངས་མི་གཞན་ལ་བྱས་རྗེས་འཇོག་ འདོད་འདུག ཅེས་ལབ།

གདོན་འདྲེ་དེས། ཁྱེད་རང་ད་ལྟ་གདོན་འདྲེ་ཆགས་ཐུབ་པ་མི་འདུག གལ་སྲིད་ གདོན་འདྲེར་ཞེད་སྣང་བྱས་ན་གདོན་འདྲེ་ཟེར་བ་དེ་ཡོད་རེད། ཅེས་ལབ།


ཁྱེད་ཀྱིས་རྒྱུན་དུ་མེ་ལོང་ནང་ལྟ་སྐབས། གདོང་གི་དགའ་བའི་རྣམ་འགྱུར་མཐོང་

བ་དང་། རིམ་བཞིན་སེམས་ནང་གི་གདོན་འདྲེ་དེ་མེད་པར་ཆགས་ཀྱི་རེད། རང་ ཤེད་ཚ་པོ་བྱེད་པ་ལས་སེམས་བཟང་བྱས་ན་ལེགས།

ཁྱེད་ཀྱིས་གཞན་ལ་ཞེད་སྣང་བསྐུལ་བ་ལས་སེམས་བཟང་བཅངས་ན་བྱས་རྗེས་ ཡག་པོ་འཇོག་ཐུབ། ཅེས་བཤད།


བུ་ཆུང་བསྟན་འཛིན་བློ་ཕམ་བྱུང་ཡང་། ཁོས་བུམ་པའི་ནང་གི་གདོན་འདྲེས་གང་ བཤད་པ་དེར་མུ་མཐུད་ནས་ཉན།

གདོན་འདྲེས་བུ་ཆུང་བསྟན་འཛིན་ལ་སྦྲང་གོར་ཞིག་སྤྲད་དེ། བརྩེ་སེམས་ཀྱི་རྣམ་ འགྱུར་བསྟན་པས། རིམ་བཞིན་གདོན་འདྲེའི་ནུས་པ་ཉམས།


གདོན་འདྲེས། གཞན་ལ་ཞེད་སྣང་སྐུལ་རྒྱུའི་འདུན་པ་ཉུང་དུ་འགྲོ་སྐབས། བྱམས་ བརྩེ་ངང་གིས་སྐྱེ་བར་འགྱུར། ཞེས་དེ་ལྟར་རང་ཉིད་ག་ལེར་ཡལ་བཞིན་དུ། ལྟོས་ དང་ངས་གང་བཤད་སོང་། ཞེས་བཤད།


སྐབས་དེར་བུ་ཆུང་བསྟན་འཛིན་གྱིས་ཅི་ཞིག་བྱེད་དགོས་མིན་ཐག་ཆོད་དེ། ཁོ་ གདོན་འདྲེ་ཡིན་ཡང་ཆོག ཡིན་སྙམ།

འོན་ཀྱང་གདོན་འདྲེ་སེམས་བཟང་ཅན་ཞིག་བྱེད་ཀྱི་


དེ་ནས་བཟུང་། བུ་ཆུང་བསྟན་འཛིན་གྱིས་གཞན་ལ་བརྩེ་བའི་རྣམ་འགྱུར་ཇི་ཙམ་

བསྟན་པ་དེ་ཚོད་ཀྱིས་ཆ་འཇོག་ཆེ་རུ་ཕྱིན། འོན་ཀྱང་། དེ་རང་ཉིད་ཀྱིས་མི་ཚོར་ ནའང་། གཞན་གྱིས་དོ་སྣང་སྤྲོད་ཡུལ་དུ་གྱུར་པ་རེད། །


སྒྲུང་མཇུག་སྒྲིལ་ཡང་། སེམས་བཟང་བྱ་རྒྱུ་རྒྱུན་དུ་ལག་ལེན་བསྟར་དགོས།


མོས་ལོ་ངོ་སུམ་ཅུ་ལྷག་རིང་སྤྲོ་སྣང་དོད་ཅིང་འཆར་ཡན་ཅན་གྱི་འབྲི་རྩོམ་དང་སྒྱུ་རྩལ་ ལྡན་པའི་བརྩམས་ཆོས་མང་པོ་སྤེལ་ཡོད། མོས་བརྩམས་པའི་བྱིས་སྒྲུང་ཅི་འདྲ་ཞིག་ཡིན་

རུང་འཆར་ཡན་ལྡན་པ་དང་། རི་མོ། གྱང་སྦྱར། རྫ་བཟོའི་ལག་རྩལ། ཕྲུ་གུའི་སྐེ་གདན། དངུལ་ཁུག གྱོན་ཆས། གསར་ཤོག་སོགས་གསར་གཏོད་བྱས་ཡོད་ལ། དེ་ནང་གི་རི་མོ་ རྣམས་གསོན་ཉམས་ལྡན། མོས་བྱིས་སྒྲུང་རྩོམ་དགོས་དོན་ནི་ཕྲུ་གུ་ཚོའི་མི་ཚེ་དོན་སྙིང་

ལྡན་པ་ཡོང་ཐབས་སུ་དམིགས་པ་དང་། བྱིས་སྒྲུང་བརྒྱུད་ཕྲུ་གུ་ལ་བསླབ་བྱ་བཟང་པོ་ཞིག་ རག་པའི་རེ་བ་བྱེད་ཀྱི་ཡོད། སོན་པ་དང་།

བཙུགས་ཡོད།

སེ་ལི་ཧཱས་ནི་ལྷོ་ཕྱོགས་ཁེ་ལི་ཧྥོ་ནི་ཡ་མཐོ་སློབ་ཏུ་མཐར་

འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་ཆོག་ཐམ་ཡོད་པའི་སྒྱུ་རྩལ་ཁང་

༢༦





Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.