འ གྲུ ལ ་ བ ཞུ ད ་ བྱེ ད ་ པ འི ་ ས ་ བོ ན ་ ། རྩོམ་པ་པོ། ལཱ་ཝ་ན་ཡཱ། ཀར་ཏིཀ
བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
ས་བོན་ཁ་ཤས་རང་ཉིད་སྐྱེ་སའི་འགྲམ་དུ་ཟགས་པ་དང་། དེ་ཚོ་སའི་ གཏིང་དུ་རྩ་བ་སྐྱེ་འཕེལ་བྱེད་པ་དང་བརྟན་པོར་ཚུགས་ཀྱི་ཡོད།
ས་བོན་གཞན་འགའ་ཤས་རྐྱེན་འདྲ་མིན་ལ་བརྟེན་ནས་ས་ཆ་གསར་ པར་སྤོ་བཤུག་བྱེད་ཀྱི་ཡོད།
དེས་ན་ང་ཚོ་ས་བོན་འགའ་ཤས་དང་
ལྷན་དུ་འགྲུལ་བཞུད་བྱེད་དུ་འགྲོ།
རྩི་ཤིང་མང་ཆེ་བའི་འབྲས་བུ་ས་ལ་ཟགས་ཏེ་མྱུ་གུ་སྐྱེ་ཡི་ཡོད་ཀྱང་། ཁག་ཅིག་ལ་དཀའ་ངལ་ འཕྲད་ཀྱི་ཡོད། གང་ལྟར་རྩི་ཤིང་རྣམས་སྐྱེ་འཕེལ་བྱེད་པར་ཉི་འོད་དང་། ཆུ། ས་གཤིན་པོ་ དགོས་ཀྱི་ཡོད། ས་ཆ་ཞིག་ལ་རྩི་ཤིང་ཇི་ཙམ་མང་ན། དེ་ཙམ་གྱིས་མཐུན་རྐྱེན་དེ་ཚོར་འགྲན་
རྩོད་མང་བ་ཡོད་པས། རྩི་ཤིང་དེ་རྣམས་སྐྱེ་འཕེལ་བྱེད་པར་ས་ཆ་གསར་པ་འཚོལ་དགོས། ཁོ་ ཚོས་ཇི་ལྟར་བྱེད་ཀྱི་ཡོད་སྙམ་ན། འགྲུལ་བཞུད་བྱེད་ཀྱི་ཡོད།
གྲོ་མ།
ཇ་ཁ་རཎ་ཌ།
ས་བོན་ཁ་ཤས་རླུང་དང་འགྲོགས་ནས་གནམ་ལ་འཕུར་བ་ དང་། དེ་ཚོ་རྩྭ་ཐང་སྟེང་དུ་སྤོ་བཤུག་གིས་མྱུ་གུ་འབུས་ཏེ་ སྔོ་ལྡུམ་དང་ཤིང་སྡོང་གསར་པ་སྐྱེས་ཀྱི་ཡོད།
ཁུར་མང་།
ས་བོན་ཁ་ཤས་ཡང་པོ་དང་ཆུང་ཆུང་ཡོད་པས། རླུང་དང་འགྲོགས་ནས་རང་གི་ཕ་མ་དང་ཐག་ རིང་སར་འགྲུལ་བཞུད་བྱེད་པ་དང་། དེ་རྣམས་ལ་གཟུགས་དབྱིབས་དམིགས་བསལ་ལྡན་པས་ གནམ་ལ་འཕུར་བར་ཕན་གྱི་ཡོད། དེ་ལས་འགའ་ཤས་འཚོ་གནས་ ཐུབ་ཆེད། ཕ་མས་ས་བོན་གྲངས་ཧ་ཅང་མང་པོ་གཏོང་གི་ཡོད།
ཐད་འཕུར་མེ་ཏོག་ཅེས་པ་སྤྱིར་བཏང་གི་རྩི་ཤིང་ཞིག་གི་མིང་མིན་
ནའང་། མིང་དེ་ཁོ་ལ་འཚམས་པོ་ཡོད། རྩི་ཤིང་དེའི་འབྲས་བུ་གནམ་ ལ་འཕུར་བའི་ཐད་འཕུར་གནམ་གྲུའི་གཤོག་པ་ལྟར་སྲབ་མོ་ཡོད།
ཇ་ཁ་རཎ་ཌའི་ས་བོན་ལ་ཕུང་གྲུབ་ལྟར་ལྷེབ་ལྷེབ་བྱེད་ནུས་པའི་ཟུར་སྣེ་ལྡན་པས། རླུང་བུས་འཁུར་བར་རོགས་བྱེད་ཀྱི་ཡོད།
ཁུར་མང་གི་ས་བོན་སྟེང་དུ་སྤུ་འཇམ་པོ་ཡོད། གྲོ་མའི་རིགས་འགའ་ཤས་ཀྱི་ས་བོན་
ལ་ཕྱེད་དྭངས་གསལ་གྱི་འཕུར་ལྡིང་བྱེད་པའི་གཤོག་པ་ལྡན་པས། མཆོང་གདུགས་ ལྟར་འཕུར་བར་རོགས་བྱེད་ཀྱི་ཡོད།
ཐད་འཕུར་མེ་ཏོག
ཚི་ཤིང་།
བྱི་བཟུང་།
བྱུ་ཤིང་། ས་བོན་འགའ་ཤས་གཞན་ལ་བརྟེན་ནས་འགྲུལ་བཞུད་ བྱེད་ཀྱི་ཡོད། དེ་རྣམས་བྱ་དང་། འབུ་སྲིན། དུད་འགྲོ་ སོགས་དང་ལྷན་དུ་འགྲུལ་བཞུད་བྱེད་ཀྱི་ཡོད།
ས་བོན་ཁ་ཤས་ཞོར་ལ་འགྲུལ་བཞུད་བྱེད་ཀྱི་ཡོད། དེ་ཚོ་ཉེ་འཁོར་དུ་ཡོད་པའི་སྲོག་ ཆགས་ཀྱི་སྤུ་ལ་འབྱར་བ་དང་། ཁྱེད་ཀྱི་གྱོན་ཆས་ལའང་འབྱར་གྱི་ཡོད།
ཆེ་ཤེལ་བརྒྱུད་སྦྱར་སག་ལ་ལྟོས་དང་། ལྕགས་ཀྱུ་དང་གུག་ལུང་ཆུང་ཆུང་རྣམས་ མཐོང་གི་འདུག་གམ། སྦྱར་སག་གསར་གཏོད་བྱེད་མཁན་ལ་རིག་པ་དེ་བྱི་བཟུང་ རྩི་ཤིང་ནས་བརྙེད་པ་རེད། ཁོས་དེའི་ས་བོན་གྱོན་ཆས་དང་ཁྱིའི་སྤུ་ལ་འབྱར་བ་དོ་
སྣང་བྱུང་། ཆེ་ཤེལ་བརྒྱུད་ནས་བརྟག་དཔྱད་བྱེད་སྐབས། དེར་གོས་དང་སྤུ་སོགས་
ལ་འབྱར་བར་བྱེད་པའི་ལྕགས་ཀྱུ་ཧ་ཅང་ཆུང་ཆུང་མང་པོ་ལྡན་པས་ཡིན་པ་ཤེས། རྩྭ་ཡན་མེ་ཏོག་དམར་པོ་ལ་ཡང་ལྕགས་ཀྱུའི་སྒལ་ཚིགས་ལྡན་པའི་ས་བོན་ཡོད།
ཨོ་སི་ཀྲོ་ལི་ཡའི་ནང་གི་སྦྲང་མ་རྣམས་ཀྱིས་ཚི་ཤིང་ལས་ཚི་བ་ལེན་གྱི་ཡོད།
ཚི་ཤིང་སྡོང་པོའི་
ས་བོན་ཆུང་ཆུང་རྣམས་སྦྲང་མའི་རྐང་པར་འགོས་པའི་ཤིང་གི་ཚི་བར་འབྱར་ཏེ་ས་ཆ་གཞན་དང་ གཞན་ལ་འཁྱེར་འགྲོ་ཡི་ཡོད།
བྱུ་ཤིང་ཞེས་པའི་རྩི་ཤིང་དེའི་ས་བོན་གྱི་ཤུན་སྐོགས་སྡེར་མོའི་དབྱིབས་འདྲ་པོ་ཡོད། ཤུན་སྐོགས་ དེ་དག་སྲོག་ཆགས་ཀྱི་སྤུ་ལ་འབྱར་ནས་ཐག་རིང་པོར་འཁྱེར་འགྲོ་ཡི་ཡོད།
རྩྭ་ཡན་མེ་ཏོག
དོང་གའི་མེ་ཏོག
ཇ་མུན། འབྲས་བུ་ཁ་ཤས་ཉ་དང་བྱ་རྣམས་ཀྱིས་ཟས་སུ་སྤྱོད་ཀྱི་ཡོད་ཀྱང་། ཁོ་ཚོས་བཙོག་པ་བརྒྱུད་དེ་ས་བོན་ཕྱིར་གཏོང་གི་ཡོད།
འབྲས་བུ་མེ་ཏོག
ཐ་ཤིང་།
ཤིང་འབྲས་དང་སྔོ་ལྡུམ་མང་པོ་མཐོང་རྒྱུ་ཡོད་པ་དེ་སྲོག་ཆགས་དང་བྱ་ཡི་བྲུན་
གྱི་བཀའ་དྲིན་ཡིན། སྲོག་ཆགས་འགའ་ཞིག་གི་འཇུ་བྱེད་མ་ལག་ནང་ས་བོན་ ཐད་ཀར་འགྲོ་བས།
བརྒྱུད་རིམ་དེའི་ནང་ས་བོན་གྱི་ཤུན་སྐོགས་རྣམས་གོག་
པ་དང་། བཙོག་པའི་ནང་གི་གཞའ་ཚན་དང་བཅུད་རྫས་ལ་བརྟེན་ནས་མྱུ་གུ་སྐྱེ་
ཕུ་ཤ་མེ་ཏོག
བར་ཕན་ཐོགས་ཀྱི་ཡོད།
ནེའུ་ཛི་ལནྜ་ཡི་འབུ་སྲིན་ཅོག་ཅོག་པས་ཕུ་ཤ་མེ་ཏོག་གི་འབྲས་བུ་བཟས་ཏེ། ས་བོན་ཆུང་ཆུང་རྣམས་གཏོང་གི་ཡོད། དོང་གའི་མེ་ཏོག་ གི་ས་བོན་རྣམས་ལས་སླ་པོར་ཕྱེས་མི་ཐུབ་པའི་གང་བུ་མཁྲེགས་པོའི་ནང་ཡོད།
དེས་ན་ཁོ་ཚོའི་ས་བོན་རྣམས་ཇི་ལྟར་སྨིན་གྱི་ཡོད་དམ་ཞེ་ན། ཁྱི་སྤྱང་དང་། ཕག་པ། དོམ་བུ་ལག་རིང་གིས་གང་བུའི་ནང་གི་ལྡེ་གུ་ རྣམས་བཟས་ཏེ། བཙོག་པ་བརྒྱུད་ནས་ས་བོན་རྣམས་གཏོང་གི་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད།
ཤིང་འབྲས་རྣམས་འབུ་རྭ་ཅོའི་མཆུ་ཅན་གྱི་ཟས་གཙོ་བོ་ཡིན། བྱ་རིགས་འགའ་ཤས་དང་ཕ་ཝང་གིས་འབྲས་བུ་མེ་ཏོག་དང་ཇ་
མུན་གྱི་ཤིང་འབྲས་རྣམས་ཟ་ཡི་ཡོད། ཁོ་ཚོ་ཤིང་ནགས་ནང་འཕུར་སྐབས་ས་བོན་བཙོག་པ་མཉམ་དུ་ཕྱི་རུ་གཏོང་གི་ཡོད། དེས་ན་ཁོ་ཚོས་ས་བོན་སྨིན་དུ་འཇུག་པ་ལ་ཕན་ཐོགས་ཀྱི་ཡོད་པས། ཁོ་ཚོར་ཤིང་ནགས་ཀྱི་ཞིང་པ་ཞེས་འབོད་ཀྱི་ཡོད། བ་རཱ་ཛིལ་ནང་སྐྱེས་པའི་ཐ་ཤིང་ནི་ཉ་མོ་པ་ཁུ་དང་། དེའི་བཙོག་པ་ཁོ་ན་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད།
ཐ་ཤིང་།
ས་བོན་ཁ་ཤས་རྗེས་སུ་བེད་སྤྱོད་གཏོང་ཆེད་གསོག་ཉར་ བྱེད་ཀྱི་ཡོད་ལ། གལ་ཏེ་ཚ་དྲོད་སྙོམ་པོ་བྱུང་ན། ས་བོན་ དེ་ཚོར་རྩ་བ་རྒྱས་ཡོང་གི་ཡོད།
བེ་ཤིང་།
སེམས་ཅན་ཁ་ཤས་ཀྱིས་ས་བོན་རྣམས་མ་འོ ངས་པར་བེད་སྤྱོད་གཏོང་བར་སའི་
ཤིང་རྟ་མོ།
འོག་ལ་སྦས་ཏེ་དྲན་པ་བརྗེད་པ་དང་། གལ་ཏེ་ཚ་དྲོད་སྙོམ་པོ་བྱུང་ན། ས་བོན་དེ་ ཚོར་མྱུ་གུ་འབུས་ཏེ་སྐྱེ་འཕེལ་བྱེད་ཀྱི་ཡོད།
ནགས་བྱི་དང་འཇག་མ་གི་ལི་ཡིས་ས་བོན་དང་།
བེ་འབྲས་སོགས་ཤིང་སྡོང་
ལས་ཐག་རིང་པོར་འཁུར་ཏེ། ས་དོང་ཀོང་ཀོང་ནང་སྦས་ནས་དེའི་སྟེང་ལོ་མ་དང་ ས་འགེབས་ཀྱི་ཡོད།
བྱ་གླེན་མ་དང་ཤིང་རྟ་མོ་གཉིས་ཀྱིས་མ་འོ ངས་པར་ལོངས་སུ་སྤྱོད་ཆེད་ས་བོན་ རྣམས་སའམ་སྡོང་པོའི་ནང་གསོག་ཉར་བྱེད་ཀྱི་ཡོད།
གྲོག་མ་ཡིས་ནང་ཤ་ཅན་གྱི་ས་བོན་བསྡུ་རུབ་བྱས་ཏེ་རང་གི་ཚང་འབུ་ལ་སྤྲོད་ པ་དང་། ནང་ཤ་དེ་དག་བཟས་རྗེས་ས་བོན་རྣམས་གྲོག་མ་ཤི་བའི་རོ་དང་བཙོག་
པ་མཉམ་དུ་སའི་ནང་འདོར་གྱི་ཡོད། དྲོད་དང་། རླན་གཤེར། བཅུད་རྫས་ཕུན་ སུམ་ཚོགས་པ་འཛོམས་པའི་ཁོར་ཡུག་ནང་མྱུ་གུ་སྐྱེ་བར་བྱེད་ཀྱི་ཡོད།
བྱ་གླེན་མ།
ས་བོན་ཁ་ཤས་ཆུ་ཁར་འཕྱོས་ཏེ། རྒྱ་མཚོའི་ཕ་རོལ་དུ་གསར་ཞིང་གཤིན་པའི་མཚོ་ཁ་འཚོལ་བར་བསྐྱོད་ཀྱི་ཡོད།
ཆུ་སྐྱེས་པདྨ། བེ་ཏ།
ཁྱེད་ཀྱིས་ས་བོན་རྣམས་ཆུ་ཁར་འཕྱོ་ཡི་ཡོད་པ་ཤེས་སམ། ཆུའི་འགྲམ་དུ་སྐྱེས་པའི་རྩི་ཤིང་ཁ་ཤས་ཀྱི་ས་བོན་རྣམས་ཆུའི་ནང་ རྒྱུན་རིང་པོར་འཚོ་གནས་ཐུབ་ཀྱི་ཡོད།
དཔེར་ན། བེ་ཏའི་འབྲས་བུར་ཤུན་པགས་ཧ་ཅང་མཐུག་པོ་ཡོད་པའི་ཆ་ནས། དེ་ཉིད་ཆུ་ཁར་འཕྱོ་ཞིང་ཆུའི་རླབས་རྒྱུན་དང་ལྷན་དུ་
འགུལ་གྱི་ཡོད། དེ་ལ་བརྟེན་ནས་བེ་ཏའི་འབྲས་བུ་དེ་ཉིད་མཚོ་ངོགས་དང་། ཚ་ཡུལ་གྱི་གླིང་ཕྲན་སོགས་འཛམ་གླིང་གི་ས་ཕྱོགས་ མང་ཆེ་བའི་ནང་ཁྱབ་གདལ་ཕྱིན་ཡོད།
ཆུ་ཤི ང ་ནི ་ བ་ཚྭ་ཅན་གྱི ་ མཚོ ་ ངོ ག ས་སུ་སྐྱེ ་ བའི ་ རྩི ་ ཤི ང ་ཞི ག ་ ཡིན། རྒྱ་གར་ནང་སྐྱེས་པའི་ཆུ་ཤིང་དམར་པོའི་ས་བོན་རྣམས་ ཆུ་ཁར་འཕྱོ་ནུས་ཤིང་།
ལོ་གཅིག་ཙམ་རིང་བ་ཚྭ་ནང་འཚོ་
གནས་ཐུབ་ཀྱི་ཡོད། དེ་ཚོ་སྐྱེ་འཕེལ་བྱེད་པར་གནས་འཚམས་ པོ་ཞིག་རྙེད་སྐབས། ལྡབ་འགྱུར་གྱིས་སྐྱེ་འཕེལ་བྱེད་ཀྱི་ཡོད། ཆུ་སྐྱེས་པདྨའི་ས་བོན་རྣམས་གང་བུའི་ནང་ཡོད། གང་ བུ་སྐམ་པོ་ཆགས་སྐབས་ཁ་ཕྱེས་ནས་ས་བོན་རྣམས་ ཆུའི་ནང་ལྷུང་ནས་ཆུ་ཡི་ཁ་རུ་འཕྱོ་བ་དང་། གང་འཚམ་ ནས་ཆུའི་ནང་དིམ་སྟེ་མྱུ་གུ་གསར་པ་སྐྱེ་ཡི་ཡོད།
ཆུ་ཤིང་།
ཤ་བལ་མེ་ཏོག
ས་བོན་ཁ་ཤས་མགོ་སྐོར་གཏོང་མཁས་པོ་ཡོད།
དེ་ཚོས་
གཞན་གྱིས་འཁྱེར་བར་གཡོ་སྒྱུའི་ཐབས་བྱུས་བསྟེན་གྱི་ཡོད།
ཆུ་ཙོང་མེ་ཏོག
ཆུ་ཙོང་དང་ཤ་བལ་ལྟ་བུའི་རྩི་ཤིང་གི་ས་བོན་གྱིས་འབུ་གྲོག་མ་
ཨ་ཕི་རི་ཀའི་ནང་གི་མཚོ་ངོགས་རྩི་ཤིང་དེའང་མགོ་སྐོར་གཏོང་
བཅངས་ཏེ།
ཡོད། དེ་རྣམས་ཀྱི་དབྱིབས་ལྕི་བ་འདྲ་པོ་གཅིག་པུ་མིན་པར་དྲི་
འགུགས་པའི་རྫས་ཤིག་གློད་དེ་མགོ་སྐོར་གཏོང་གི་ཡོད། འབུ་ གྲོ ག ་མས་ས་བོ ན ་སྟེ ང ་ལ་འབྱར་བའི ་ ནང་ཤ་དེ ་ ཟ་བའི ་ རེ ་ བ་ ས་བོན་དེ་ཁྱེར་ནས་ས་ཆ་གཞན་དུ་འགྲོ་བ་དང་།
ཡུད་ཙམ་རྗེས་དེའི་སྟེང་ཟས་མེད་པ་ཤེས་ཀྱི་ཡོད།
མཚོ་ཁ་རྩི་ཤིང་།
མཁན་གཞན་ཞིག་ཡིན།
དེ་ཡིས་སྦུར་པ་རྭ་རིང་ལ་རང་གི་ས་
བོ ན ་རི ་ དྭགས་གཙོ ད ་ཀྱི ་ ལྕི་བ་རེ ད ་སྙམ་པའི ་ བློ ་ སྐྱེ ་ འཇུག་གི ་ ཡང་དེ་བཞིན་དུ་ཁ་བ་ཡིན།
སྦུར་པ་རྭ་རིང་གིས་དེ་རྣམས་ཟ་
བའམ་སྟེང་དུ་སྒོ་ང་གཏོང་བ་དང་། དེ་དག་ས་འོག་ཏུ་སྦས་ཏེ་རྩ་ བ་ཚུགས་པར་རོགས་བྱེད་ཀྱི་ཡོད།
ས་བོན་ཁ་ཤས་མེ་ཤུགས་འཕུར་མདའ་བཞིན་དུ་སྐད་ཤུགས་ཆེན་པོའི་ ངང་འཕུར་ཏེ། ས་ཆ་གཞན་དུ་ཟགས་ནས་མྱུ་གུ་འབུས་པ་དང་། སྐྱེ་བ། མེ་ཏོག་བཞད་པ་སོགས་བྱེད་ཀྱི་ཡོད།
བྱེ་ཤིང་།
རི་སྐྱེས་མུ་མེན་མེ་ཏོག མེ་ཏོག་གླང་སྣ། ག་གོན།
རྩི་ཤིང་ཁ་ཤས་ལ་ས་བོན་གྱི་སྦུག་སྟོང་ངམ། དེའི་ཤིང་འབྲས་ཀྱིས་ནང་ངོས་སུ་ཤུགས་བསགས་པ་དང་། གས་འཐོར་ ལ་བརྟེན་ནས་ས་བོན་རྣམས་ཐག་རིང་པོར་འཕེན་གྱི་ཡོད།
མེ་ཏོག་གླང་སྣ་ལ་ས་བོན་གྱི་གང་བུ་ཞིག་ཡོད་པས་དེར་ལག་པ་འཆང་སྐབས་ཁ་ཕྱེས་ཀྱི་ཡོད། ཁྲུང་ཁྲུང་མེ་ཏོག་དང་ རི་སྐྱེས་མུ་མེན་མེ་ཏོག་གློ་བུར་དུ་ཁ་ཕྱེས་ཏེ། རང་གི་ས་བོན་རྣམས་ཕྱི་ལ་འཕེན་པའི་ས་བོན་གྱི་གང་བུ་ཞིག་ཡོད། ག་གོན་གྱི་འབྲས་བུའི་ནང་ཁུ་བ་ག་ལེར་བསགས་ཏེ་གནོན་བཙིར་ཐེབས་ཏེ། བོན་རྣམས་ཤུགས་ཆེན་པོས་འཐོར་ནས་སྡོང་པོ་ལས་ཐག་རིང་སར་འཕེན། ཤུ་ཙམ་གྱི་སར་འཕེན་གྱི་ཡོད།
གལ་ཏེ ་ ཁྱེ ད ་ཀྱི ས ་ཕི ་ ཊི ་ ཉི ་ ཤུ་ཙམ་དེ ་ རྒྱང་ཐག་རི ང ་པོ ་ ཞིག་ལ་བསམས་ན། བྱེ་ཤིང་འབྲས་བུས་གང་བྱེད་པ་ལ་ ལྟོས་དང་། དེ་ཡིས་གས་འཐོར་ལ་བརྟེན་ནས་རང་གི་ས་ བོན་རྣམས་ཕི་ཊི་བརྒྱ་ལྷག་ཙམ་གྱི་སར་འཕེན་གྱི་ཡོད།
ཤིང་འབྲས་སྨིན་སྐབས་ཁུ་བ་དང་ས་
སྐབས་རེར་དེའི་ས་བོན་རྣམས་ཕི་ཊི་ཉི་
ཁྲུང་ཁྲུང་མེ་ཏོག
དེ་དག་ནི་ས་བོན་རྣམས་འཕུར་བ་དང་། འཕྱོ་བ། གས་པ། འཁྱུད་པ་བཅས་རང་ཉིད་སྐྱེ་འཕེལ་བྱེད་པའི་འགྲུལ་བཞུད་ ཀྱི་ལམ་རྣམས་ཡིན། ས་བོན་དེ་རྣམས་ད་དུང་ཡང་དེ་ལྟར་ འགྲུལ་བཞུད་བྱེད་བཞིན་ཡོད།
ལཱ་ཝ་ན་ཡཱ། ཀར་ཏིཀ་ནི་མུམ་བེ་རུ་གནས་སྡོད་བྱས་ཏེ། བྱིས་སྒྲུང་རྩོམ་པ་དང་རི་མོ་འབྲི་བ་སོགས་བྱེད་ཀྱི་ཡོད། མོས་རང་གི་ ཁྱམས་རའི་ནང་ཚལ་ཞིང་ཆུང་ཆུང་ཞིག་བཏབ་ཡོད། མོས་དུས་ཚོད་སྟོང་པའི་སྐབས། གྲོང་ཁྱེར་གྱི་སྐྱེད་ཚལ་དང་གཞུང་ལམ་ གཡས་གཡོན་དུ་འཁྱམ་མྱུལ་བྱས་ཏེ། རྩི་ཤིང་དང་སྲོག་ཆགས་རྣམས་ལ་བརྟག་ཞིབ་བྱེད་བཞིན་པ་མཐོང་ངེས། མོ་ནི་སྐད་གྲགས་
ཅན་གྱི་བརྙན་དེབ་རྩོམ་པ་པོ་ཞིག་ཡིན། དཔེར་ན། <<སེང་གེའི་གསོལ་སྟོན།>> དང་། <<ཧ་ཅང་ཆེན་པོ་དང་། ཧ་ཅང་ཆུང་ ཆུང་།>> <<ནིལ་འཁོར་ལོའི་སྟེང་ལ།>> ཞེས་པ་དང་། དེ་བཞིན་གཞི་རིམ་བར་མའི་སྒྲུང་དེབ་རྨོ་རྨོ་ནིན་ཇཱ་ཡི་དེབ་ཕྲེང་གི་བཟོ་ འགོད་པ་ཡིན། གལ་ཏེ་མོ་རང་ས་བོན་ཞིག་ཡིན་ན། ཆུའི་ཁར་འཕྱོ་བའི་ས་བོན་ཞིག་ཡིན་ན་འདོད་ཀྱི་ཡོད།