dalailama

Page 1

ལོ་རྒྱུས་དེབ་ཕྲེང་། ༧

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཊོ་ཀན་  ཊཱ་དྷཱ་ཡིས་བརྩམས།

བསྟན་འཛིན་རྒྱལ་མཚན་གྱིས་བོད་འགྱུར་ཞུས།

བོད་ཀྱི་དཔེ་མཛོད་ཁང།


© 2011 Library of Tibetan Works & Archives All rights reserved.

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

Series title: Volume title: Subject: Author: Translator:

Lo rgyus deb phreng Vol. 7 T la’i bla ma sku phreng bcu gsum pa mchog Biography of the XIII Dalai Lama Tokan Tada Tenzin Gyaltsen

ཕྱི་ལོ་ ༢༠༡༡ ལོར་དཔར་ཐེངས་དང་པོ་བསྐྲུན། ISBN: 978-93-80359-36-6

Published by Library of Tibetan Works & Archives, Dharamsala and printed at Indraprastha Press (CBT), 4 Bhadhur Shah Zafar Marg, New Delhi-11002


དཀར་ཆག V

དཔར་སྐྲུན་གསལ་བཤད། ����������������������������������������������������������������������������������������� V སྒྱུར་བ་པོའ ་ི གཏམ། ������������������������������������������������������������������������������������������������ IX

སྔོན་གླེང༌། �������������������������������������������������������������������������������������������������������������1 སྐུ་བལྟམས་པ། �������������������������������������������������������������������������������������������������������3 པོ་ཏ་ལར་ཕེབས་བཞུགས། �������������������������������������������������������������������������������������� 10 པོ་ཏ་ལར་གསན་སྦྱོང་གནང་ཚུལ། ����������������������������������������������������������������������������� 19 སྲིད་དབང་བཞེས་པ་དང་རྒྱལ་ཚབ། ��������������������������������������������������������������������������� 29 སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ། ����������������������������������������������������������� 43 རྒྱ་གར་དུ་བྲོས་བྱོལ་ཕེབས་པ། ��������������������������������������������������������������������������������� 54 ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། ���������������������������������������������������������������������������������� 61 ཉིན་རེའི་མཛད་རིམ། ��������������������������������������������������������������������������������������������� 73 ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན། ��������������������������������������������������������������������������� 82 ཟུར་བྱང་དང་པོ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ། ������������������������������������������������������� 93 ཟུར་བྱང་གཉིས་པ། དེ་མོའ ་ི དོན་རྐྱེན། ������������������������������������������������������������������������� 99 འབྲེལ་ཡོད་པར་རིས་ཁག་ཅིག �������������������������������������������������������������������������������101



དཔར་སྐྲུན་གསལ་བཤད། V

༄༅། །བོ ད ་གཞུང་དགའ་ལྡན་ཕོ ་ བྲང་ནི ་ ཕྱི ་ ལོ ་   ༡༦༤༢  ལོ ར ་དབུ་བརྙེ ས ་ཤི ང ༌།  དེ ་ ནས་ བཟུང་བོད་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དགེ་སློང་ངུར་སྨྲིག་འཛིན་པ་བཅུ་ཕྲག་

གཅི ག་གི ས ་བོ ད་ཀྱི ་ཆོས ་སྲི ད ་ཀྱི ་ ཐུགས་འགན་གཙོ ་ བོ ར ་བཞེ ས ་པ་གནང་སྟེ ་ ད་ལོ ་ བར་རབ་བྱུང་

རི ལ ་པོ ་ དྲུག་དང་ལོ ་ ངོ ་ བཅུ་ཡི ས ་ཟི ན ་པ་ལ་མངོ ན ་དུ་ཕྱོ ག ས་ཡོ ད །  དུས་ཡུན་དེ འི ་ རི ང ་བོ ད ་ཀྱི ་

ཆོས་སྲིད་གཉི་གའི་མཛད་འཕྲིན་བླ་ན་མཐོ་བར་གྱུར་པའི་ྋསྐྱབས་མགོན་རིན་པོ་ཆེ་རྣམ་གསུམ་ནི་ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་དང༌།  ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ།   ྋརྒྱལ་བ་སྐུ་ ཕྲེ ང ་བཅུ་བཞི ་ པ་ཆེ ན ་པོ ་ བཅས་ཡི ན ་པ་ལོ ་ རྒྱུས་དེ བ ་ཐེ ར ་རྣམས་ལས་གསལ་ཞི ང ༌།  ལྷག་པར་ དུས་ཀྱི་འཕེལ་རིམ་གྱི་དབང་དུ་བྱས་ན་ཡང་ཁོང་རྣམ་གསུམ་གྱི་དུས་སུ་བོད་ལ་གཞན་དང་མི་འདྲ་

བའི ་ སྡེ ་ གཟར་ཡང་མི ་ ཉུང་བ་ཞི ག ་བྱུང་ཡོ ད ་ཅི ང ༌།  དེ ་ དག་གི ་ ཆ་ནས་ཀྱང་ཁོ ང ་རྣམ་གསུམ་ལ་

ཐུན་མོང་གི་མཛད་པ་མི་ཉུང་བ་ཞིག་ཡོད།  ྋརྒྱལ་བ་རྣམ་གསུམ་གྱིས་བོད་ཀྱི་རྒྱལ་ཁབ་དང་མི་ རིགས།  རིག་གཞུང་དང་ནང་ཆོས།  སྐད་ཡིག་དང་རིག་གནས་གཞན་དྲིང་མི་འཇོག་པ་རྣམས་ མི་རབས་དང་ཚེ་རབས་རྗེས་མ་གཉིས་ཀར་ཕན་ཐོགས་པར་དམིགས་ཏེ་དཀའ་བ་དུ་མ་ཁྱད་དུ་བསད་

དེ ་ ཧོ ར ་སོ ག ་རྒྱ་དང་བཅས་པའི ་ ཡུལ་གྲུར་ཆི བ ས་བསྒྱུར་བཀའ་དྲི ན ་བསྐྱངས་ཡོ ད །  ལྷག་པར་ ཆེན་པོ་ཕྱི་མ་རྣམ་གཉིས་ཀྱི་སྐབས་རང་ཡུལ་གཞན་ལག་ཏུ་ཤོར་ཏེ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ དགོས་ཀྱང་བྱུང་ཡོད།།

ང་ཚོ ་ ཕྱི ་ རབས་པ་རྣམས་ནས་ཁོ ང ་རྣམས་ཀྱི ས ་སྲི ད ་ཀྱི ་ འཕྲི ན ་ལས་ཇི ་ ལྟར་བསྐྱངས་

པའི ་ གདེ ང ་འཇོ ག ་འོ ས ་པའི ་ ལོ ་ རྒྱུས་ཀྱི ་ བྱུང་རི མ ་རྣམས་ཤེ ས ་རྒྱུ་ནི ་ཤི ན ་ཏུ་གལ་འགངས་ཆེ ་ བ་


VI ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཡིན།  འོན་ཀྱང་འདི་རིགས་ནི་བོད་ཀྱི་སྐད་ཡིག་ལས་དབྱིན་ཇིའི་སྐད་ཡིག་ནང་མང་བ་ཡོད་པ་ལྟ་ བུར་སྣང་ཞིང༌། ད་ལམ་ན་གཞོན་ལོ་ཙཱ་བ་བསྟན་འཛིན་རྒྱལ་མཚན་ལགས་ནས་ཁྲལ་མངོན་སླ་བཅོས་ མིན་པར་གུས་རྟག་གི་བརྩོན་པས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་འདི་ཉིད་བོད་འགྱུར་

ཚད་དང་ལྡན་པ་གནང་བར་མ་ཟད་གསལ་བཤད་དགོས་སར་འོག་མཆན་བཀོད་པ་དང༌།  ལྷག་ པར་སྒྱུར་བ་པོའ ་ི གཏམ་གྱི་ས་བཅད་དུ་གསལ་བཤད་མཐིལ་ཕྱིན་པ་གནང་འདུག

རྒྱ་བོ ད ་ཀྱི ་ ལོ ་ རྒྱུས་གང་དུ་མི ་ མཐུན་པ་བྱུང་བ་རྣམས་རྒྱ་བོ ད ་གང་རུང་གི ས ་བྲི ས ་པ་

ཙམ་རྒྱུ་མཚན་དུ་བྱས་ཏེ་གདེང་འཇོག་བྱེད་འོས་པར་མི་འཚལ།  ཉམས་ཞིབ་པ་རྣམས་ཀྱིས་སྒོ་ ཀུན་ནས་བདེན་པ་བཙལ་ནས་གཟུ་བོར་གནས་པའི་འགྲེལ་བརྗོད་རྣམས་ལ་གདེང་འཇོག་ངེས་པར་ བྱེ ད ་འོ ས ་པ་ཡི ན །  སྤྱི ར ་ན་ལོ ་ རྒྱུས་རྩོ མ ་པ་པོ ་ དེ ་ མི ་ རི ག ས་གང་ནས་ཡི ན ་ཡང་ཁྱད་པར་མེ ད ་

ཀྱང༌།  ཐུན་མོང་གི་སྣང་ངོར་གལ་ཏེ་རྒྱ་བོད་ཀྱི་ལོ་རྒྱུས་ཤོད་འབྲི་བྱེད་དགོས་བྱུང་ན་ལྷ་རབ་རྒྱ་

བོད་གང་རུང་དུ་མི་གཏོགས་པར་མ་ཟད།  རྒྱ་བོད་གང་རུང་ལ་ཆགས་སྡང་ཕྱོགས་རིས་མེད་རྒྱུ་དེ་

གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན།  ད་ལམ་གྱི་ལོ་རྒྱུས་འདི་ཡི་རྩོམ་པ་པོ་ནི་ཉི་ཧོང་གི་མི་ཞིག་ ཡིན་ཅིང༌།  ཁོང་ནི་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞལ་མཇལ་གསུང་ཐོས་བྱུང་བ་ཙམ་

མ་ཟད་འཛམ་གླིང་སྤྱིའི་ལོ་རྒྱུས་ལ་ཡང་མཁྱེན་རྒྱ་ཤིན་ཏུ་ཡངས་པོ་ཞིག་ཡིན་ཚོད་འདུག  ལྷག་

པར་གང་ཞིག་བྲིས་པ་རྣམས་རང་གི་མི་ཚེའི་ནང་དངོས་སུ་མཐོང་ཐོས་ཀྱི་བྱུང་བ་རྣམས་བཀོད་ཡོད་ པས་ན་གཙིགས་ཆེར་འཛིན་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད།  ྋརྒྱལ་བ་སྐུ་ཕྲེང་བཅུ་ གསུམ་པ་ཆེན་པོའ ་ི ཆོས་ཕྱོགས་ཀྱི་རྣམ་ཐར་ནི་ཡོངས་འཛིན་ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ ཁྲི མ ས་བསྟན་འཛི ན ་རི ན ་པོ ་ ཆེ ས ་མཛད་པའི ་ རྣམ་ཐར་རི ན ་ཆེ ན ་ཕྲེ ང ་བ་པོ ད ་ཆེ ན ་པོ ་ གཉི ས ་ཡོ ད ་

ཅིང༌།  འདི་ཡི་ནང་དུ་མ་འཁོད་པའི་ཆབ་སྲིད་ཀྱི་བྱུང་བ་གལ་ཆེན་མི་ཉུང་བ་ཞིག་ད་ལམ་གྱི་ལོ་ རྒྱུས་འདི་ནང་འཁོད་ཡོད།  བོད་ཀྱི་དཔེ་མཛོད་ཁང་ནས་ལོ་ཙཱ་བར་ལེགས་སོ་ཞུ་བ་དང་ཆབས་ ཅིག་འབྱུང་འགྱུར་ཡང་དབྱིན་སྐད་ནང་བཞུགས་པའི་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའ ་ི རྣམ་ཐར་དཔེར་

ན་  Potrait  of  the Dalai  Lama  ལྟ་བུ་བོད་འགྱུར་བྱུང་ན་ཕན་ཐོགས་ཆེ་སྐོར་ཞུ་བཞིན་ ཡོད།  ཁྱེད་ཀྱི་བོད་འགྱུར་འདི་བཞིན་བོད་སྐད་ནང་གི་ལོ་རྒྱུས་ཀྱི་ཡིག་ཆར་ཁ་སྣོན་ཙམ་མ་ཟད་


དཔར་སྐྲུན་གསལ་བཤད། VII

དབྱིན་སྐད་མི་མཁྱེན་མཁན་བོད་རིགསས་རྣམས་ལ་དམིགས་བཀར་ཐུགས་ཕན་ཆེན་པོ་ཡོང་བའི་

རེ་བ་བཅངས་ཏེ་ད་ལམ་འདི་ནས་ལོ་རྒྱུས་དེབ་ཕྲེང་བདུན་པར་དཔར་སྐྲུན་ཞུས་པ་ལགས་ན་ཀུན་ལ་ གཅིག་ཏུ་ཕན་པར་སྨོན།

བཞུགས་སྒར་བོ ད ་ཀྱི ་ དཔེ ་ མཛོ ད ་ཁང་ནི །   ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ འ ་ི བླ་

མེ ད ་ཀྱི ་ དགོ ང ས་གཞི ་ ལས་གྲུབ་ཅི ང ༌།  ཕྱི ་ ལོ ་   ༡༩༧༡  ནས་ད་བར་ཆོ ས ་རི ག ་གི ་ གསུང་རབ་ ཇི་སྙེད་ཅིག་དཔར་དུ་བསྐྲུན་ཡོད་ཅིང༌།  བར་ལམ་ཕྱི་ལོ་  ༢༠༠༠  ཙམ་ནས་ཚན་རིག་དང་ནང་

ཆོས་ཀྱི་འབྲེལ་བའི་སྟེང་ཉམས་ཞིབ་དང་བོད་འགྱུར།  བོད་ཀྱི་ནང་པའི་ན་གཞོན་རིས་མེད་དགེ་ འདུན་གྲངས་བཅད་ལ་ཚན་རི ག ་གི ་ ཟབ་སྦྱོ ང ༌།  ཕྱི ་ ལོ ་   ༢༠༠༥  ཙམ་ནས་ནང་བསྟན་གསུང་ འགྱུར་གྱི ་ ཟབ་སྦྱོ ང ་རྒྱུན་སྐྱོ ང ་གནང་བཞི ན ་པ།  གསུང་ཆོ ས ་འཛི ན ་གྲྭ་འཕར་མ་དབུ་འཛུགས་

ཞུས་པ་བཅས་ནི་ལས་གཞི་འཕར་མ་གསར་གཏོད་ཞུས་པའི་དཔེ་མཚོན་ཙམ་ཡིན།  ལས་གཞི་ དེ་དག་ཐམས་ཅད་འདི་གའི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གི་ཐད་ཀའི་གཟིགས་རྟོག་ འོག་ལས་དོན་སྒྲུབ་བཞིན་པ་ལགས་སོ།།

བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་རིག་གཞུང་ཉམས་ཞིབ་དང་བོད་ཡིག་དཔར་སྐྲུན་སྡེ་

ཚན་འགན་འཛི ན་ན་ག་སངས་རྒྱས་བསྟན་དར་གྱི ས ་རབ་གནས་ལྕགས་མོ ་ ཡོ ས ་ལོ ་ སྟེ །   ཕྱི ་ ལོ ་ ༢༠༡༡ ཟླ་ ༠༥ ཚེས་ ༢༠ ལ།།



སྒྱུར་བ་པོའ ་ི གཏམ། V

བོད་འགྱུར་ཤེས་རབ་སྙིང་པོའ ་ི ནང་ཕུང་པོ་ལྔ་པོ་དེ་དག་ཀྱང།  ཞེས་བསྒྱུར་ཡོད་ཀྱང་རྒྱ་སྐད་

ཀྱི་འགྱུར་ནང་ཕུང་པོ་ལྔ་པོ་དེ་དག  ཞེས་བསྒྱུར་པ་མ་གཏོགས་ཀྱ ང་མི་འདུག  དེ་དག་གི་ ྃ བསྒྱུར་ཁུངས་སཾསྐྲིཏར་ཀྱ ང་ཡོད་འདུག  ། ྃ ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀ་སྦུག་ཐར་པ་ཆོས་གླིང་དགོན་དུ་ ཕྱི་ལོ་  ༢༠༡༠  ཟླ་བ་  ༡༢  པའི་ཚེས་  ༡༣  ཉིན་སྩལ་བའི་བཀའ་སློབ།

ཇི་ལྟར་ྋརྒྱལ་བའི་དབང་པོ་མཆོག་གིས་ཐུགས་སྣང་བྱུང་བ་ལྟར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་

ཆེན་པོའ ་ི སྐུ་དུས་སུ་རྒྱ་སྐད་ནས་ཕབ་སྒྱུར་ཞུས་པའི་རང་ཡུལ་གྱི་ཕྱག་དཔེ་རྣམས་ཀྱིས་འདོད་བློ་མ་ ཁེངས་པའི་ཉི་ཧོང་བ་མི་ཉུང་བ་ཞིག་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཏུ་དཔེ་རྙིང་འཚོལ་སྒྲུབ་ དང་ནང་ཆོས་སློབ་གཉེར་དུ་ཕེབས་ཡོད།།

དེ་ཡང་དུས་རབས་དྲུག་པའི་ནང་ཀོ་རི་ཡ་བརྒྱུད་ཉི་ཧོང་དུ་ནང་ཆོས་དར་ཡོད་པ་དང།  མ་

ཟད་དུས་རབས་དགུ་པའི་ནང་ཐང་རྒྱལ་རབས་ཀྱི་མངའ་འོག་ཏུ་ཡོད་པའི་རྒྱ་ནག་དང་སྟོབས་ཤུགས་ རྒྱས་པའི་བོད་དབར་ས་མཚམས་ཀྱི་དམག་འཁྲུག་ཐེངས་མང་བྱུང་ཡོད་པ་དང།  བོད་ཀྱི་བཙན་ པོས་རྒྱ་ནག་ཐང་གི་རྒྱལ་སར་བོད་ཀྱི་སྐུ་ཚབ་མངགས་གཏོང་བྱས།  དེ་ལྟའི་སྐབས་ཉི་ཧོང་གི་གོང་

མ་ཀཱ་མུས་  (Kammu)  རྒྱ་ནག་ཏུ་ནང་ཆོས་སློབ་གཉེར་དང།  གཞུང་འབྲེལ་འཛུགས་ཆེད་སྐུ་ ཚབ་མངགས་གཏོང་བྱས།  ཉི་ཧོང་གི་སྐུ་ཚབ་ཀཱ་དྷོ་ནོ་མཱ་རུས་  (Kadonomaru)  རྒྱ་ནག་ཐང་གི་ རྒྱལ་ས་ཅཱ་རྔན་དུ་རྒྱ་ནག་དང་གཞུང་འབྲེལ་འཛུགས་ཐབས་དང།  བོད་ལ་སོགས་པའི་ཡུལ་ལུང་


X ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གཞན་གྱི་སྐུ་ཚབ་དང་མཇལ་འཕྲད་བྱས་རྗེས་རང་ཡུལ་དུ་ལོག་ནས་གོང་མ་ཀཱ་མུར་ནང་ཤ་ཞེན་མེད་

པའི་བློན་པོས་ཁེངས་ཤིང།  ཕྱི་གཤིས་སྤྱོད་ངན་པའི་བོད་རིགས་ཀྱིས་བསྐོར།  ཞི་ལྷོད་ཀྱི་གོ་ སྐབས་གཅིག་ཀྱང་མེད་པར་རྒྱལ་ས་དེ་ཟིང་འཁྲུག་གི་གནས་སུ་ལྷུང་འདུག་ཅེས་འཁོད་པའི་རྒྱ་ནག་

ཐང་གི་རྒྱལ་སའི་གནས་སྟངས་འགྲེལ་བརྗོད་ཀྱི་སྙན་ཐོ་ཞིག་ཕུལ་ཡོད་པ་དེ་ནི་ཕྲན་གྱིས་ཤེས་ཚོད་

ལྟར་ན་ཉི་ཧོང་བས་བོད་རིགས་ལ་དོ་སྣང་བྱུང་བའི་ཐོག་མ་དེ་ཡིན།  དུས་རབས་བཅུ་གཉིས་པའི་ ནང་རྒྱ་གར་དུ་ཁ་ཆེའི་དམག་གིས་ནང་ཆོས་རྩ་གཏོར་གཏོང་སྐབས་འཕགས་བོད་ཀྱི་སེམས་དཔའ་

ཆེན་པོ་དུ་མས་དཀའ་བ་ཁྱད་དུ་བསད་དེ་རྒྱལ་བའི་བཀའ་རིན་པོ་ཆེ་དང།  བཀའི་དགོངས་འགྲེལ་

སྔར་ལས་ཀྱང་མང་བ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་གདན་འདྲེན་ཞུས།  འོན་ཀྱང་དུས་རབས་ བཅུ་དགུ་པའི་སྨད་དུ་ནུབ་ཕྱོགས་པའི་འཕྲུལ་ཆས་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་དབང་ཐང་རྒྱ་

སྐྱེད་ཀྱི་འགྲན་རྩོད་ཆེན་མོར་ཞུགས་སྐབས་གངས་རིའི་རྭ་བས་ཀྱང་སྐྱོབ་མ་ཐུབ་པར་བོད་རྒྱལ་ཁབ་ དེ་དབྱིན་ཇི་དང་རུ་སུའི་དབར་གྱི་འགྲན་རྩོད་ཀྱི་གཞིར་གྱུར།།

དུས་རབས་བཅོ་བརྒྱད་པའི་མགོ་སྟོད་ནས་ལྷ་སྡོད་མན་ཇུའི་ཨམ་བན་གྱི་གཡོ་བྱུས་འོག་ཚུད་

དེ་ཕྱི་རྒྱལ་ཡུལ་གྲུ་གཞན་དང་འབྲེལ་གཏུགས་མེད་པར་ཡུན་རིང་ཁེར་རྐྱང་དུ་བསྡད་ཅིང།  དུས་ རབས་ཉི་ཤུ་པའི་ནང་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་སྐྱེད་རིང་ལུགས་པ་རྣམས་རང་སྣང་གང་ ཤར་དང།  རྒྱ་ནག་གིས་མཆོད་ཡོན་གྱི་འབྲེལ་བར་སྙད་བཏགས་ཏེ་ས་ཆ་འཛིན་གྲབས་བྱེད་བཞིན་

པའི་སྐབས་བོད་རྒྱལ་ཁབ་རྗེས་ལུས་དང་གྲོགས་མེད་ཁེར་རྐྱང་དུ་གྱུར།  དེ་ལྟའི་སྐབས་ཉི་ཧོང་བ་

ནོ་མི་  ཀེན་  (Nomi  Kan)  གྱིས་དབྱིན་ཇི་དང།  རུ་སུ།  ཕཱ་རན་སི།  རྒྱ་ནག་བཅས་ཡུལ་གྲུ་ བཞི་པོ་དེས་བོད་སའི་ཐོག་ཏུ་དམག་འཐབ་བྱ་རྒྱུ་ཡིན་པ་དང།  དམག་འཁྲུག་དེའི་དབང་གིས་བོད་

ཀྱི་ནང་བསྟན་རྩ་མེད་འགྱུར་ངེས་པས་ན་ཉི་ཧོང་གི་མཁས་དབང་རྣམ་པས་ཐུགས་འཁུར་བླངས་ཏེ་ བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་དང།  གནའ་རབས་ཀྱི་རིག་གཞུང་དེ་སྲུང་སྐྱོབ་གནང་རོགས་

ཞེས་འབོད་སྐུལ་བྱས།  གཞན་ལ་འབོད་སྐུལ་བྱས་པ་ལྟར་རང་ངོས་ནས་འཁུར་བླངས་ཏེ་བསྐྱོད་ སྐབས་ནོ་མི་  ཀེན་བོད་ཀྱི་བྱང་ཤར་ས་ཁུལ་ནས་གར་སོང་ཆ་མེད་དུ་གྱུར།།

གཉིས་པར།  ཉི་ཧོ ང་དང་དབྱི ན་ཇི ་གཉི ས ་ཀྱི ་ཁ་གཏད་གཅིག ་གྱུར་བ་ནི ་རུ་སུ་ཡིན་པར་

བརྩི་བའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་པའི་ཨི་ཀཱའི་  ཀཱ་ཝ་གྷུ་ཆཱི་  (Ekai  Kawaguchi)  བོད་དུ་


སྒྱུར་བ་པོའ ་ི གཏམ། XI

བསླེབས།  བོད་ནང་ལོ་གསུམ་ཞེས་པའི་ཁོང་གི་འགྲུལ་བཞུད་ཀྱི་དྲན་ཐོ་དེ་བཀླགས་སྐབས་ཤེས་

རྟོགས་བྱུང་བ་ཞིག་ལ།  ཁོང་ནི་དམིགས་འདུན་སྒྲུབ་པར་ཉི་རླུང་གྲང་གསུམ་དང་བཀྲེས་སྐོམ་སོགས་ ཀྱི་དཀའ་སྡུག་ཁྱད་དུ་བསད་མཁན་ཞིག་ཡིན།  འོན་ཀྱང་ཀུན་སློང་ཅི་འདྲ་ཡིན་རུང་ཁོང་གིས་བྱང་ ཤར་མཚམས་ནས་དོ་བོ་བཀལ་བའི་རྔ་མོང་ཉིས་བརྒྱ་ལྷ་སར་བསླེབས་སོང་ཞེས་བཤད་ཡོད་པ་དེས་

དབྱིན་ཇི་དང་རུ་སུའི་དབར་གྱི་རྩེད་འགྲན་ཆེན་མོ་དེ་དེ་བས་ཀྱང་འཁྲུག་ཆ་དང་རྙོག་ཟིང་ཅན་ཞིག་ བཟོས་ཏེ།  རྩེད་འགྲན་དེའི་ཕམ་ཉེས་ལྕི་ཤོས་ཉེས་མེད་བོད་ཀྱིས་མྱངས་དགོས་བྱུང།།

གསུམ་པར།  ནཱ་རི ་ ཏཱ་  ཡཱ་སུ་ཏེ ་ རུ་  (Narita  Yasuteru)  བོ ད ་ཀྱི ་ རྒྱལ་སར་ཉི ན ་བཅུ་

གྲངས་ལས་མ་བསྡད་པར་ཕྱིར་ཐོན་བྱས།  ཁོང་ནི་ཉི་ཧོང་གི་ཕྱི་སྲིད་ལས་ཁུངས་ཀྱིས་མངགས་

གཏོང་བྱས་པའི་གསང་ཉུལ་བ་ཞིག་ཡིན་པ་དང།  བོད་ཀྱི་རྒྱལ་སར་བསླེབས་མཁན་གྱི་ཉི་ཧོང་བ་ དང་པོའ ་ི གྲལ་ཞིག་ཡིན་ཀྱང།  ད་བར་ཁོང་གི་འགྲུལ་བཞུད་དང།  ཕྱི་སྲིད་ལས་ཁུངས་ཀྱིས་ལས་ དོན་གང་ཞིག་ཆེད་ཁོང་བོད་དུ་བརྫངས་པའི་གནས་ཚུལ་ཞིབ་ཕྲ་གསལ་པོར་ཐོན་མེད།།

བཞི་པར།  ནོ་མི་  ཀེན་རོགས་ཟླར་བྱས་ཏེ་བོད་དུ་བསྐྱོད་རྒྱུའི་བྱ་བར་ལམ་ལྷོང་མ་བྱུང་

ཞིང།  དེའི་བར་ཀཱ་ཝ་གྷུ་ཆཱི་གདན་ས་ཆེན་པོ་སེ་རྭའི་དཔེ་ཐུབ་ཁང་ཚན་དུ་སློབ་གཉེར་བྱེད་བཞིན་ པའི་སྐབས་ཨེན་གྷ་  ཏེ་རཱ་མོ་ཊོས་  (Enga  Teramoto)  རང་ཡུལ་དུ་ཕྱིར་ལོག་བྱས།  འོན་ཀྱང་ བོད་དུ་སྐྱོད་རྒྱུའི་དམིགས་ཡུལ་མ་དོར་བར་སླར་ཡང་བོད་ཕྱོགས་སུ་ཐོན།  མཐར་བོད་ཀྱི་རྒྱལ་ས་

ལྷ་སར་སླེབ་ཐུབ་པ་བྱུང་ཡོད།  གནས་དེར་ཟླ་གཅིག་ལས་མ་བསྡད་པར་ཐོན།  ཏེ་རཱ་མོ་ཊོ་བོད་ཀྱི་ རྒྱལ་ས་ལྷ་སར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རང་གཞུང་དང་བོད་གཉིས་ཀྱི་དབར་འབྲེལ་ བ་ཞིག་འཛུགས་ཐུབ་པ་བྱ་རྒྱུ་དེ་ཡིན།  ྋརྒྱལ་དབང་སྐ་ུཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་རི་བོ་རྩེ་

ལྔར་གནས་གཟིགས་ཕེབས་སྐབས་ཏེ་རཱ་མོ་ཊོས་གསུང་སྒྱུར་གྱི་ཞབས་ཞུ་བསྒྲུབས།  མ་ཟད་ཁོང་ གིས་ྋརྒྱལ་དབང་མཆོག་ཉི་ཧོང་དུ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཞིག་ཀྱང་བཏིངས།།

ལྔ་པར།  ཡ་སུ་ཇི་རུ་  ཡ་ཇི་མ་  (Yasujiro  Yajima)  ནི་བོད་དུ་ཕེབས་མཁན་གྱི་ཉི་ཧོང་

བ་བྱིངས་དང་མི་འདྲ་བ་ཞིག་རེད།  ཁོང་ལ་བོད་དུ་ནང་ཆོས་སློབ་གཉེར་བྱ་རྒྱུའི་དམིགས་ཡུལ་མེད་ ཅིང།  བོད་དུ་ཕེབས་མཁན་གྱི་ཉི་ཧོང་བ་གཞན་དང་མི་འདྲ་བར་ཁོང་ལ་རབ་བྱུང་གི་བསླབ་སྡོམ་སྲུང་


XII ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

དགོས་པའི་ཁུར་ཡང་མེད།  གང་ལྟར་མ་དངུལ་མེད་པར་འཛམ་བུ་གླིང་གི་ཡུལ་གྲུ་གང་སར་ཕྱོགས་ སྐྱོད་ཀྱི་དམིགས་ཡུལ་འཆང་མཁན་གྱི་ཉི་ཧོང་བ་དེ་ནི་བོད་དམག་ཡར་རྒྱས་ཀྱི་ཐད་ཕན་པ་ཆེ་ཤོས་ སྒྲུབ་མཁན་གྱི་ཕྱི་གླིང་པ་ཞིག་ཡིན།  ྋརྒྱལ་དབང་སྐ་ུཕྲེང་བཅུ་གསུམ་པ་ཆེན་པོའ ་ི བཀའ་དགོངས་

ལྟར་རང་ཉིད་དམག་ཟུར་ཞིག་དང།  དམག་དོན་ལས་རིགས་ཀྱི་ཉམས་མྱོང་ལྡན་པ་ཞིག་ཡིན་པའི་ སྒོ་ནས་བོད་དམག་སྡེ་ཁག་གཅིག་ལ་དམག་སྦྱོང་གང་ལེགས་སྤྲད་ཀྱང།  མཐར་རྒྱང་ཐག་ལ་སོགས་

པར་གཞིགས་ཏེ་རྒྱ་གར་དུ་དབྱིན་ལུགས་དམག་སྦྱོང་བྱེད་མྱོང་བའི་བོད་པ་ཞིག་གིས་དམག་སྦྱོང་སྤྲད་ པའི་དམག་སྡེ་དེ་ལེགས་ཤོས་སུ་བརྩིས་ཏེ།  བོད་དམག་བྱིངས་དེ་ལྟར་བྱ་དགོས་པའི་བོད་གཞུང་ གི་ཐག་གཅོད་དང།  ྋརྒྱལ་དབང་སྐ་ུཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་མཚམས་སུ་བཞུགས་སྐབས་ ཀླད་རྙིང་མཁྲེགས་བཟུང་དང་ཕྲག་དོག་ཅན་འགས་མི་བདེ་བ་བཟོས་རྐྱེན་རང་གི་ཆུང་མ་ནོར་བུ་ལགས་ མཉམ་འཁྲིད་ཀྱིས་ཉི་ཧོང་ཕྱོགས་སུ་ཐོན།།

དྲུག་པར།  བྷུན་ཀྱོ ་   ཨོ ་ ཀི ་   (Bunkyo  Aoki)  ནི ་ ཉི ་ ཧོ ང ་གི ་ ཆོ ས ་བརྒྱུད་ཆེ ་ཤོ ས ་ཀྱི ་ བླ་

གཙོས་བོད་དུ་མངགས་གཏོང་བྱས་པ་ཞིག་རེད།  ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའ ་ི ན་

བཟའ་ཆེན་མོ་བ་དགེ་བསྟན་རྣམ་རྒྱལ་ལགས་ཀྱིས་༸རྒྱལ་དབང་རིན་པོ་ཆེས་  ༼སྐུ་གོང་མ་༽  རྒྱལ་ དར་གྱི་དཔེ་རིས་ཞིག་བྲིས་ཏེ་སྐུ་ཉིད་ཀྱི་དགོངས་འཆར་རྣམས་ཡིག་ཐོག་ཏུ་ཕབ་གནང་མཛད།  དཔེ་ རིས་དེའི་ནང་གངས་སེང་དང།  ཤེས་རབ་ཀྱི་རལ་གྲི  །རྒྱལ་མཚན་བཅས་འདུག  དེ་དག་གི་ མཚོན་དོན་འཁོད་པའི་ཕྱག་བྲིས་ཞིག་ཀྱང་འདུག  དགོངས་འཆར་དེ་ན་བཟའ་ཆེན་མོར་གནང་ཡོད་ པ་དང།  ཁོང་ལ་མ་དཔེ་འགའ་བཟོ་དགོས་པའི་བཀའ་ཡང་ཕབ།  མཐར་མ་དཔེ་གཅིག་གི་ཐད་

གནང་བ་ཐོབ་རྗེས་དེ་རྒྱལ་དར་ཐོག་མར་ཐག་གཅོད་མཛད།  དེ་ངས་བཟོས་པ་ཡིན།  རྒྱུ་གོས་ ཆེན་ལས་བཟོས་པ་ཡིན་ཞེས་ཕྱི་ལོ་  ༡༩༩༤  ལོའ ་ི ཆོས་དབྱངས་དུས་དེབ་དྲུག་པའི་ནང་ཀིམ་ཡེ་ ཤེས་ལགས་ལ་འགྲེལ་བརྗོད་གནང་ཡོད་པར་གཞིགས་ན་ད་ལྟའི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དེ་བྷུན་

ཀྱོ་  ཨོ་ཀིས་གསར་གཏོད་བྱས་པ་རེད་ཅེས་པའི་བཤད་སྲོལ་ཞིག་ཡོད་པ་དེ་བདེན་མིན་ཅི་ཡིན་ཐག་ གཅོད་དཀའ་བའི་གནས་སུ་གྱུར།  ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའ ་ི བཀའ་མངགས་

ལྟར་ཁོང་གིས་བོད་ནང་དེང་དུས་ཤེས་ཡོན་དར་སྤེལ་གྱི་ལས་འགོ་བརྩམས་ཀྱང།  རྨོངས་ཞེན་ཅན་


སྒྱུར་བ་པོའ ་ི གཏམ། XIII

ཚོས་དགག་པ་བྱས་རྐྱེན་དེ་ལྟར་སྒྲུབ་ཐུབ་པ་མ་བྱུང།  འོན་ཀྱང་ཁོང་གིས་དམག་སྦྱོང་དང་འབྲེལ་ བའི་དཔེ་དེབ་མང་དག་ཅིག་བོད་སྐད་དུ་ཕབ་སྒྱུར་བྱས་པ་དེས་ཡ་ཇི་མར་ཕན་ཐོགས་བྱུང་ཡོད་ངེས།།

བདུན་པར།  ཊོ་ཀན་  ཊཱ་དྷཱ་  (Tokan  Tada) ནི་དགེ་བཤེས་དམ་བཅའ་འཇོག་མཁན་གྱི་ཉི་

ཧོང་བ་དང་པོ་དེ་རེད།  དེ་ཡང་ྋརྒྱལ་དབང་སྐ་ུཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་རི་བོ་རྩེ་ལྔར་

བཞུགས་སྐབས་ཉི་ཧོང་གི་མི་སྣ་གྲགས་ཅན་འགའ་དང་ཐུག་འཕྲད་བྱུང།  དེ་ལྟའི་སྐབས་བོད་དང་ ཉི་ཧོང་གཉིས་ཀྱི་དབར་ལ་གཞུང་འབྲེལ་བརྟན་པོ་ཞིག་འཛུགས་ཐུབ་པ་བྱུང་མེད་ཀྱང།  མ་འོངས་ ཀྱི་དགོས་པར་གཟིགས་ཏེ་ྋརྒྱལ་དབང་མཆོག་གིས་ཡུལ་གཉིས་དབར་སློབ་ཕྲུག་བརྗེ་ལེན་གྱི་ཚུལ་

དུ་ཚ་བ་ཁྲི་སྤྲུལ་ཉི་ཧོང་དུ་མངགས་གཏོང་མཛད།  ཁོང་ལ་ཉི་ཧོང་སྐད་སློབ་མཁན་དུ་དགེ་རྒན་ཞིག་ མཁོ་སྤྲོད་བྱས་ཡོད་པ་དེ་ནི་ཊོ་ཀན་  ཊཱ་དྷཱ་ཡིན།  ཊཱ་དྷཱས་ཉི་ཧོང་དུ་སླེབ་མཁན་གྱི་བོད་རིགས་དང་པོ་

དེར་སློབ་འཁྲིད་བྱས་པར་གྲུབ་འབྲས་གང་ལེགས་ཐོན།  ལོ་འཁོར་གཅིག་ཙམ་གྱི་རྗེས་བོད་དུ་ཕྱིར་

ལོག་སྐབས་ཊཱ་དྷཱ་ཡང་བོད་ཕྱོགས་སུ་ཐོན།  སྐབས་དེ་དུས་ཀ་སྦུག་ཏུ་སྐུ་བཞུགས་གནང་བཞིན་པའི་ ྋརྒྱལ་དབང་མཆོག་ལ་མཇལ་འཕྲད་ཞུས།  མཇལ་འཛོམས་སྐབས་ྋརྒྱལ་དབང་མཆོག་གིས་ཊཱ་ དྷཱར་བོད་དུ་སྐྱོད་དགོས་པའི་བཀའ་གནང་ཡོད་པ་མ་ཟད།  སྟབས་བདེ་ཡོང་ཕྱིར་མིང་དུ་ཐུབ་བསྟན་

རྒྱལ་མཚན་འཁོད་པའི་འགྲུལ་བཞུད་ཀྱི་ལག་འཁྱེར་ཞིག་ཀྱང་སྩལ།  བོད་དུ་སྐྱོད་རྒྱུའི་དམིགས་ འདུན་བཅངས་ཏེ་དང་ཐོག་རྡོར་གླིང་དང་ཉེ་བའི་གུམ་ཡིད་དགའ་ཆོས་གླིང་དུ་བོད་ཀྱི་སྐད་ཡིག་སློབ་ པར་ཕྱིན།  བོད་ཀྱི་སྐད་ཡིག་དང་ནང་ཆོས་གང་ལ་གང་འཚམ་ཞིག་སྦྱངས་རྗེས་ད་ནི་བོད་ལ་འཐོན་

དགོས་པར་སེམས།  གུམ་དགོན་དུ་སྡོད་སྐབས་ཉི་ཧོང་གི་གསང་ཉུལ་བ་ཞིག་ཡིན་པར་དོགས་ཏེ་

དབྱིན་ཇིས་ཊཱ་དྷཱར་རྟོག་ཞིབ་བྱས་ཡོད་སྟབས།  བོད་དུ་སྐྱོད་རྒྱུའི་དམིགས་འདུན་ལམ་ལྷོང་ཡོང་བར་

དབྱིན་ཇིས་འགོག་རྐྱེན་བཟོ་རྒྱུ་ཡིན་པར་བསམས་ཏེ་ཐོག་མར་དབྱིན་ཇི་མགོ་སྐོར་གཏོང་ཆེད་རང་

གི་སྐྱེས་མ་ནད་གཅོང་དུ་གྱུར་པའི་མྱུར་འཕྲིན་རྫུན་མ་ཞིག་བཟོས།  དེ་ནས་ཉི་ཧོང་དུ་ཕྱིར་ལོག་བྱ་ རྒྱུ་ཡིན་ཁུལ་གྱིས་ཀ་ལི་ཀ་ཏར་

(Calcutta)

ཕྱིན།  གྲོང་ཁྱེར་དེར་ཉིན་གཅིག་ལས་མ་བསྡད་པར་

བལ་པོའ ་ི ཆས་སྤྲས་ཏེ་འབྲུག་ཕྱོགས་སུ་ཐོན།  འབྲུག་ཕྱོགས་ནས་བོད་དུ་བསྐྱོད་སྐབས་ལམ་བར་ དཀའ་ངལ་མང་དག་ཅིག་ཕྲད་ཡོད་པ་རྣམས་ལ་བཟོད་བསྲན་གྱིས་མཐར་ཉིན་གྲངས་སོ་ལྔའི་རྗེས་བོད་


XIV ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཀྱི་རྒྱལ་ས་ལྷ་སར་འབྱོར།  སྐབས་དེ་དུས་ཊཱ་དྷཱ་དགུང་གྲངས་ཉེར་གཅིག་ཡིན་པ་དང།  ཕྱི་རྒྱལ་ བའི་བསམ་བློའ ་ི འཁྱེར་སོ་དང་བཅས་ཏེ་ལོ་ན་དེ་ནི་ནང་ཆོས་དཔྱིས་ཕྱིན་པར་སློབ་གཉེར་ཆེད་ཅུང་

ཆུང་བར་བསམས་ཀྱང།  ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའ ་ི བཀའ་དགོངས་ལྟར་གདན་

ས་ཆེན་པོ་སེ་རྭ་བྱེས་གྲྭ་ཚང་གི་ཧར་གདོང་ཁང་ཚན་དུ་སྒྲིག་ཞུགས་བྱས།  ཊཱ་དྷཱ་བོད་དུ་སློབ་གཉེར་

གནང་སྐབས་ཕྱི་ལོ་  ༡༩༡༥  ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཉི་ཧོང་བ་བཞི་ཡོད་པ་དང།  ལོ་དེའི་ཕྱི་ ལུགས་ལོ་གསར་གྱི་ཉིན་མོར་ཁོང་རྣམས་མཉམ་འཛོམས་བྱས་འདུག་ཀྱང།  མཉམ་འཛོམས་དེའི་ དྲན་ཐོ་སུས་ཀྱང་བཀོད་མེད་པ་དེ་ནི་བློ་ཕམ་གྱི་གནས་ཤིག་གོ  །ྋརྒྱལ་དབང་མཆོག་གི་ཐད་ཀའི་

གཟིགས་སྐྱོང་འོག་ཉིན་མོ་དགེ་རྒན་དང།  མཚན་མོ་མར་མེའི་འོག་བློ་སེམས་རྩེ་གཅིག་ཏུ་སློབ་ གཉེར་ལ་འབད་ཅིང་ཟང་ཟིང་གི་རྒྱུ་དངོས་མཁོ་སྒྲུབ་ཀྱི་ཐད་སྣང་བ་སྤུ་ཙམ་ཡང་མ་བྱས་རྐྱེན་ཁོང་གི་

མིག་དང་ལུས་ཟུངས་ཞན་པར་གྱུར།  སྐབས་དེ་དུས་ཉི་ཧོང་བ་གཞན་ཚོས་ཁོང་ལ་ཟས་མཁོ་སྤྲོད་ ཀྱིས་ལུས་ཟུངས་རྒྱས་རྒྱུར་ཕན་རོགས་གང་ཐུབ་བྱས།  ཉི་ཧོང་བ་གཞན་རྣམས་རང་ཡུལ་དུ་ཕྱིར་

ལོག་བྱས་རྗེས་འདོད་བློ་ཤུགས་ཆེན་མེད་ཀྱང་བཀར་བརྩི་བཀུར་གྱིས་ཊཱ་དྷཱས་ྋརྒྱལ་དབང་མཆོག་ ལ་སྐུ་སྒེར་གྱི་ཆབ་སྲིད་སློབ་སྟོན་པའི་ཞབས་ཞུ་བསྒྲུབས།  ལོ་ངོ་བཅུ་སེ་རྭ་དགོན་དུ་སློབ་གཉེར་

གནང་རྗེས་མཐར་དགེ་བཤེས་ཀྱི་གོ་གནས་ཐོབ་ཡོད་པ་དེ་ནི་ཁོང་སྒེར་ལ་མཚོན་ན་གྲུབ་འབྲས་ཆེ་ ཤོས་ཤིག་རེད།  ཕྱི་ལོ་  ༡༩༡༣  ནས་  ༡༩༢༣  བར་བོད་དུ་བསྡད་རྗེས་རང་ཡུལ་དུ་ཕྱིར་ལོག་

བྱས།  རང་ཡུལ་དུ་ལོག་རྗེས་ཊཱ་དྷཱ་སྐྱ་བབས་ཡོད་པ་དང།  ཁོང་གིས་རང་གི་གྲྭ་ཆས་དང།  རབ་ བྱུང་གི་བསླབ་སྡོམ་རྣམས་ཡིག་ཐོག་ཏུ་ཕབ་ནས་ྋརྒྱལ་དབང་མཆོག་ལ་ཕུལ་བར་ྋགོང་ས་མཆོག་ ནས་དགོངས་པ་འཚོམས་རྒྱུ་ལས་ལྡོག་སྟེ་ཊཱ་དྷཱར་བོད་ལུགས་བུད་མེད་ཀྱི་ཕྱུ་པ་དང་པང་གདན་ཞིག་

སྩལ་ཏེ།  སྐྱར་བབས་ཀྱང་སངས་རྒྱས་པའི​ི་ཆོས་ཉམས་ལེན་མུ་མཐུད་དེ་གྱིས་ཞེས་བཀའ་སློབ་ གནང།  ཕྱིས་སུ་བོད་ལ་དུས་འགྱུར་བྱུང་སྟེ་བོད་རིགས་མང་དག་ཅིག་ཕྱི་ཡུལ་དུ་གྱར་ནས་འཚོ་

བའི་དཀའ་ངལ་འཕྲད་བཞིན་པའི་སྐབས་ཊཱ་དྷཱས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བོད་མིར་རང་ནུས་ ཡོད་ཚད་ཀྱིས་རོགས་དང།  རང་ཡུལ་ཉི་ཧོང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཕམ་ཉེས་

ཤོར་བ་དང།  འཛམ་གླིང་གི་ཡུལ་གྲུ་གང་སར་མི་བདེ་ཟང་ཟིང་ལང་བཞིན་ཡོད་པའི་དཀའ་སྡུག་


སྒྱུར་བ་པོའ ་ི གཏམ། XV

ཞི་ཕྱིར་བོད་རིགས་མཁས་བཙུན་བཟང་པོ་རིན་པོ་ཆེ་དང་ཚ་རོང་ཚེ་རིང་སྒྲོལ་མ་སོགས་དང་ལྷན་དུ་

འཛོམས་ཏེ་ཉི་ཧོང་ནང་ཞི་བདེའི་མཆོད་རྟེན་ཞིག་བཞེངས།  འདས་ལོའ ་ི ཟླ་བ་  ༦  པའི་ནང་ཉི་ཧོང་

དུ་ཆིབས་སྒྱུར་བསྐྱངས་སྐབས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཆོད་རྟེན་དེར་ རབ་གནས་མཛད།།

བརྒྱད་པར།  ནོ་མོ་ཏོ་  ཇཱིན་ཛོ་  (Nomoto  Jinzo)  ནི་ཉི་ཧོང་གཞུང་གིས་བོད་དུ་ཆེད་

མངགས་བཏང་བའི་གསང་ཉུལ་བ་ཞིག་རེད།  སྐབས་དེ་དུས་འབར་མའི་  (Burma)  ས་ཁུལ་དུ་

ཉི་ཧོང་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་དམག་འཐབ་བཞིན་ཡོད་པ་དང།  ཉི་ཧོང་གི་དམིགས་

ཡུལ་གཅིག་ནི་བོད་བརྒྱུད་གོ་ལག་དབོར་འདྲེན་བྱེད་རྒྱུ་ཡིན་པ་དེ་དོན་དངོས་ཐོག་ལག་བསྟར་ཐུབ་ ངེས་ཡིན་མིན་རྟོག་ཞིབ་ཆེད་རང་གཞུང་གིས་བཀོད་མངགས་བྱས་པ་ལྟར་ཁོང་བོད་དུ་སླེབས་སྐབས་

ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲིར་མངའ་གསོལ་བཞིན་པ་མཇལ།  ལོ་གཅིག་དང་ཕྱེད་ ཙམ་ལྷ་སར་སྡོད་རིང་ཁོང་གིས་བོད་རིགས་རྣམས་ལ་བཅར་འདྲི་ལ་སོགས་པའི་སྒོ་ནས་གནས་ཚུལ་

གང་མང་མཁོ་སྒྲུབ་བྱས་ཡོད་པ་རྣམས་ཉི་ཧོང་གི་དམག་སྡེའི་གསང་ཉུལ་ལས་ཁུངས་ལ་གསང་བའི་སྒོ་ ནས་བཏང།།

དགུ་པར།  དོན་དངོས་ཉི་ཧོང་གི་ཆེད་གསང་ཉུལ་བྱ་རྒྱུའི་སླད་ཡིན་ཀྱང་རང་གི་གཡོག་ཁྱོ་

ཤུག་གཉིས་ཡོད་པ་དེར་ལྷ་སར་གནས་མཇལ་དུ་བསྐྱོད་རྒྱུ་ཡིན་ཞེས་མགོ་བསྐོར་ཏེ་ཧི་སཱཨོ་  ཀི་ མཱུ་རཱ་  (Hisao  Kimura)  བོད་ཀྱི་རྒྱལ་ས་ལྷ་སར་སླེབས་སྐབས་ཉི་ཧོང་ལ་ཕམ་ཉེས་ཤུགས་ཆེ་བྱུང་ སྟེ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཟིན་པའི་གནས་ཚུལ་ཐོས་ཀྱང་དེར་ཡིད་ཆེས་མ་

རྙེད།  སོམ་ཉི་དང་བཅས་ཏེ་ཀ་སྦུག་ཏུ་འབྱོར་སྐབས་གློག་བརྙན་ནང་ཉི་ཧོང་གི་དམག་རྣམས་མགོ་

བཏགས་ཞུ་བཞིན་པ་མཐོང་སྐབས་བློ་ཕམ་གྱི་གནས་སུ་ལྷུང།  རང་ཡུལ་ཕམ་ཉེས་ཤོར་བའི་ཉི་ཧོང་ གི་གསང་ཉུལ་བ་དེ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས་མཐར་ཕྱིན་ལགས་དང་ཐུག་འཕྲད་བྱུང་སྟེ་དབྱིན་ ཇིའི་ཆེད་བོད་ཤར་ཕྱོགས་ས་ཁུལ་དུ་རྒྱ་ནག་གིས་ལས་འགུལ་ཅི་འདྲ་སྤེལ་གྱི་ཡོད་མིན་རྟོག་ཞིབ་བྱེད་

པར་ཕྱིན།  མཐར་ཀ་ལི་ཀ་ཏའི་ཉེན་རྟོག་ལས་ཁུངས་སུ་མགོ་བཏགས་ཞུས་ཏེ་རང་ཡུལ་དུ་ལོག་ཐུབ་

པ་བྱུང།  རང་ཡུལ་དུ་སླེབས་རྗེས་ཨ་རིའི་གནམ་དམག་གི​ི་གསང་ཉུལ་ལས་ཁུངས་ཆེད་རྒྱ་ནག་དང་


XVI ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

སོག་པོའ ་ི རླུང་འཕྲིན་རྟོག་ཞིབ་དང།  སོག་སྐད་ཀྱི་ལག་དེབ་ཕྱོགས་བསྒྲིགས་ཀྱི་ལས་ཀ་བྱས།  དེ་

ལྟར་རང་གི་མི་ཚེ་ཕལ་ཆེ་བ་གསང་ཉུལ་གྱི་ལས་ཀར་ཞུགས་ཤིང།  ཡུལ་ལུང་འདྲ་མིན་གྱི་གསང་ ཉུལ་བ་བྱས་རྗེས་ཁོང་ལ་ཡུལ་ལུང་གང་ལ་ཡང་མ་གཏོགས་པའི་གསང་ཉུལ་བ་ཞེས་གྲགས།།

བཅུ་པར།  ནི་ཤི་ཀཱ་ཝ་  ཨི་ཆཱི་ཛོ་  (Nishikawa  Ichizo)  ནི་ཀི་མཱུ་རཱའི་རོགས་ཟླ་ཡིན་པ་

དང།  ཉི་ཧོང་གི་མངའ་ཁོངས་སུ་ཚུད་པའི་སོག་པོའ ་ི འབྲོག་ས་ཁུལ་དུ་ཉི་ཧོང་གི་དམག་ལ་མཁོ་བའི་

ཤ་དང་བལ་བསྡུ་རུབ་ཀྱི་ལས་གཞིར་ཞུགས་བཞིན་པའི་སྐབས་ཁོང་གཉིས་བོད་དུ་མངགས་གཏོང་ བྱས།  ཀི་མཱུ་རཱ་ལྷ་སར་ཐོན་རྗེས་ནི་ཤི་ཀཱ་ཝ་སྐུ་འབུམ་དགོན་དུ་བསྡད།  མི་རིང་བར་ཁོང་ལྷ་སར་ འབྱོར།  ལྷ་སར་སྡོད་སྐབས་དུས་ཚོད་ཕལ་མོ་ཆེ་འབྲས་སྤུངས་དགོན་དུ་བསྐྱལ།  མཐར་ཀ་སྦུག་

ཏུ་འབྱོར་ཏེ་མེ་ལོང་དཔར་ཁང་དུ་ལས་ཀ་བྱས།  དཔར་ཁང་གི་ལས་ཀར་སེམས་མ་ཆགས་པར་རྡོར་ གླིང་དང་ཉེ་བའི་རྒྱ་གར་གྱི་གྲོང་སྡེ་ཤི་ལི་གྷུ་རིའི་  (Siliguri)  མེ་འཁོར་འབབ་ཚུགས་སུ་ལྕགས་ལམ་ བཟོ་བར་ཕྱིན།  མཐར་ལྕགས་ལམ་བཟོ་བཞིན་པའི་སྐབས་རྒྱ་གར་བའི་ཆས་གང་སྤྲས་པ་དེ་རང་གྱོན་ ཏེ་རང་ཡུལ་དུ་འབྱོར།།

གོང་གསལ་གྱི་ཉི་ཧོང་བ་བཅུ་པོ་དེ་དག་ཕལ་མོ་ཆེར་བོད་མིང་ཡོད་པ་དང།  ཕལ་མོ་ཆེས་

ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་མཇལ་འཕྲད་ཞུས།  བོད་རང་དབང་རང་བཙན་

ཡིན་པའི་སྐབས་བརྒྱུད་སྐུལ་འོག་ཚུད་པ་དེས་མ་ཤེས་པའི་སྒོ་ནས་གནོད་ཡོད་པ་མ་གཏོགས་གཞན་ དེ་དག་གིས་བོད་ལ་ཕན་ཐོགས་ཤུགས་ཆེ་སྒྲུབ་ཐུབ་མེད་ཀྱང་གནོད་འཚེ་བྱས་མེད།  རང་ཡུལ་

རྒྱའི་ལག་ཏུ་ཚུད་སྐབས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ རྗེས་ཕྱོགས་ཕེབས་གནང་བའི་ཕྱི་ཡུལ་དང་པོ་དེ་ཉིང་ཧོང་ཡིན་ལ།  ཉེ་བའི་ཆར་རྒྱ་ནག་ཏུ་འཛམ་

གླིང་རྩེད་འགྲན་ཆེན་མོ་འཚོགས་སྐབས་ཉི་ཧོང་བ་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་ལག་བསྟར་ བྱས་པའི་སྲིད་བྱུས་དང།  ཕྱི་ལོ་  ༢༠༠༨  ཀྱི་བོད་མིའི་ཞི་རྒོལ་ཆེན་མོའ ་ི སྟེང་རྒྱ་ནག་གི་གོ་ལག་ སྤྲས་པའི་སྲུང་དམག་བཏང་བར་ངོ་རྒོལ་གྱི་ཚུལ་དུ་རྩེད་འགྲན་དེའི་དཔལ་འབར་ཉི་ཧོང་ནང་ཡོང་རྒྱུའི་

ཐད་བཀག་འགོག་གང་ཐུབ་བྱས།  མ་ཟད་སྐབས་དེ་དུས་ཉི་ཧོང་གི་དམར་ཤོག་ཚོགས་པས་རྒྱ་


སྒྱུར་བ་པོའ ་ི གཏམ། XVII

ནག་གིས་དྲག་པོའ ་ི ལམ་ནས་བོད་མིའི་ཞི་རྒོལ་འབུར་འཇོམས་སུ་གཏོང་ཕྱོགས་དེར་ངོ་རྒོལ་མཐའ་ གཅིག་ཏུ་བྱས།།

བསྒྱུར་ཟིན་པའི་མཛད་རྣམ་*འདི་ནི་ཕྱི་རྒྱལ་བ་ཞིག་གིས་བྲིས་པའི་ྋརྒྱལ་དབང་སྐུ་ཕྲེང་བཅུ་

གསུམ་པ་ཆེན་པོའ ་ི མཛད་རྣམ་གཅིག་པུ་བ་དེ་མིན་ཀྱང།  མཛད་རྣམ་འདིའི་དམིགས་བསལ་ཁྱད་

ཆོས་ལ་རྗོད་བྱེད་གོ་བདེ་ལ།  བརྗོད་བྱ་འཁྱོག་བཤད་མེད་པ་དེ་ཡིན།  མ་ཟད་མཛད་རྣམ་འདིའི་

ལམ་ནས་ང་ཚོར་འབྱུང་ངེས་པའི་ཤེས་རྟོགས་ཤིག་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ མཆོ ག ་ནི ་ བོ ད ་ཀྱི ་ བླ་ན་མེ ད ་པའི ་ ཆོ ས ་ཀྱི ་ དབུ་ཁྲི ད ་ཙམ་མི ན ་པར།  དབྱི ན ་ཇི ་ དང་རུ་སུ་གཉི ས ་ ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་ནང་རང་གི་དབང་ནུས་སྤེལ་གང་ཐུབ་དང།  འཛམ་གླིང་དམག་ཆེན་ གཉིས་པའི་སྐབས་མཐུན་ཕྱོགས་རྒྱལ་ཁབ་རྣམས་མཐར་ཉི་ཧོང་ཕམ་ཉེས་གཏོང་རྒྱུར་མགོ་འཁོར་

ཏེ་ཡོད་པའི་གོ་སྐབས་དེ་བཟུང་སྟེ་རྒྱ་ནག་གིས་བོད་ས་ཟ་བརྩིས་བྱེད་བཞིན་པའི་གོ་ལའི་ལོ་རྒྱུས་ ཀྱི་འཁྱོག་མཚམས་དེར་བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་གསལ་བསྒྲགས་

དང།  རང་ས་རང་སྲུང་གི་དགོས་མཁོར་གཟིགས་ཏེ་བོད་དམག་ཡར་རྒྱས་དང།  བོད་ཀྱི་ནང་ དེང་དུས་ཤེས་ཡོན་དར་སྤེལ་སོགས་ཀྱི་ཐད་ཕྱག་ལས་དང་ཐུགས་ཁུར་གནང་མཁན་གྱི་བློ་སྤོབས་ དང་འཇོན་ཐང་ལྡན་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་ཀྱང་ཡིན་པ་དེའོ།།

དང་ཐོག་མཛད་རྣམ་འདི་བསྒྱུར་ཚར་རྗེས་ངོས་ནས་བོད་རང་བཙན་རྒྱལ་ཁབ་ཏུ་ཕེབས་མྱོང་

བའི་ཉི་ཧོང་བ་རྣམས་ཀྱི་ལོ་རྒྱུས་མི་ཉུང་བ་ཞིག་འགོ​ོད་རྒྱུར་བསམས་ཏེ་ཉམས་ཞིབ་ཀྱི་ལམ་ནས་ཤེས་

ཚོར་བྱུང་བ་རྣམས་ཡིག་ཐོག་ཏུ་བཀོད་ཟིན་ཀྱང།  རང་གི་ཤེས་རྟོགས་ཞན་པས་ཉམས་ཞིབ་ཀྱི་རྩོམ་ ཡིག་དེ་ཡིག་ཚོགས་ཆེན་པོར་འགྱུར་བར་འཇིགས་ཤིང།  མ་འོངས་པར་བོད་དང་ཉི་ཧོང་གཉིས་ཀྱི་ འབྲེལ་བར་དཔྱད་པའི་རྩོམ་ཡིག་ཅིག་འབྲི་རྒྱུའི་དམིགས་འདུན་བཅངས་ཏེ་རེ་ཞིག་མ་བཀོད།།

མཐའ་དོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཕྲན་

ལ་མཛད་རྣམ་འདི་མི་འདྲ་བ་ཞིག་འདུག་ཅེས་པའི་བཀའ་སློབ་ཀྱི་ལམ་སྟོན་གནང་བ་དང།  བོད་དུ་ *   མཛད་རྣམ་འདི ་ ཕྱི ་ ལོ ་   ༡༩༦༥  ལོ ར ་ཏཱོ ་ ཡོ ་   བྷུན་ཀོ ་ དཔེ ་ མཛོ ད ་ཁང་  (Toyo  Bunko)  གི ས ་  The  Thirteenth  Dalai  Lama  ༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར།༽  ཞེས་ཤར་ཨེ་ཤི་ཡའི་རིག་གཞུང་ཉམས་ ཞིབ་ཀྱི་དེབ་ཕྲེང་དགུ་པའི་  (East  Asian  Cultural  Studies  Series  No.  9)  ཚུལ་དུ་དཔར་སྐྲུན་གནང།


XVIII ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཕེབས་མཁན་གྱི་ཉི་ཧོང་བ་རྣམས་ཀྱི་ལོ་རྒྱུས་སྨྲ་བ་སྐུ་ཞབས་སོ་ཁོཊ་  སྦེ་རཱིས་  (Scott  Berry)  སློབ་

སྟོན་གནང་བ།  བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཆུང་ཚེ་རིང་ལགས་ནས་ཞུ་དག་དང་འགྱུར་ གྱི་མྱོང་ཚོར་སྩལ་བ།  ས་རཱ་མཐོ་སློབ་ཀྱི་བོད་དགེ་ངག་དབང་རྡོ་རྗེ་ལགས་ནས་ཐོག་མའི་ཞུ་དག་གི་

གྲོགས་དན་གནང་བ།  བོད་ཀྱི་ལོ་རྒྱུས་སྨྲ་བ་རོ་སྦར་ཊོ་  ཝི་ཏཱ་ལི་  (Roberto  Vitali)  དང་བོད་ཀྱི་

དཔེ་མཛོད་ཁང་གི་དང་བླངས་ཞབས་ཞུ་བ་ཇཱིམ་  ཝུལ་སཱི་  (Jim  Woolsey)  གཉིས་ཀྱིས་དགོངས་ འཆར་གནང་བ།  བོད་ཀྱི་དཔེ་མཛོད་ཁང་གི་ན་ག་སངས་རྒྱས་བསྟན་དར་ལགས་དང།  བསོད་

ནམས་ཚེ་རིང་ལགས།  ཉི་མ་རྒྱལ་མཚན་ལགས།  བསྟན་འཛིན་ལྷ་དབང་ལགས་བཅས་ཀྱིས་ཞུ་ དག་གི་གྲོགས་དན་གནང་བ་དང།  བརྙན་དཔར་རྙིང་རིགས་མཁོ་སྤྲོད།  མཐའ་མའི་ཞུ་དག་གི་

གཟིགས་ཞིབ།  བརྙན་དཔར་གསང་བཟོ་གནང་བ།  ཏཱོ་ཡོ་  བྷུན་ཀོ་དཔེ་མཛོད་ཁང་གི་ཉམས་ཞིབ་ སྡེ་ཚན་གྱི་གཙོ་འཛིན་སཱ་ཏོ་  ཚུ་གྷི་ཏཱ་ཀཱ  (Sato  Tsugitaka)  མཆོག་ནས་མཛད་རྣམ་འདི་བོད་སྐད་ དུ་བསྒྱུར་ཆོག་པའི་ཆོག་མཆན་སྩལ་བ།  དེ་བཞིན་ཕྲན་ལ་འགྱུར་གྱི་ཐད་རོགས་དན་གནང་མཁན་ གཞན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞིང་ཐུགས་རྗེ་ཆེ་ཞུ།།

མཛད་རྣམ་འདིའི་མདུན་ཤོག་ན་འཁོད་པའི་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་

པ་ཆེན་པོའ ་ི ཞབས་པད་མངོན་མཐོའ ་ི འོག་ན་རང་གི་མིང་བསྟན་འཛིན་རྒྱལ་མཚན་བཀོད་རྒྱུ་བྱུང་བའི་ བསོད་སྐལ་ཅན་གྱིས་ཕྱི་ལོ་  ༢༠༡༡  ཟླ་བ་  ༢  པའི་ཚེས་  ༣  བཟང་པོར་བྲིས།།  །།


སྔོན་གླེང༌། V

༄།  །དཔེ་དེབ་འདི་ནི་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ པ་མཆོག་དང་འབྲེལ་གཏུགས་བྱས་པ་ལས་བྱུང་བའི་ཕྲན་སྒེར་གྱི་མྱོང་ཚོར་ཧྲིལ་པོར་བཀོད་པའི་

ལོ་རྒྱུས་ཞིག་ཡིན།  ཕྱི་ལོ་ ༡༨༩༥ ནས་ ༡༩༣༣ བར་བོད་ཀྱི་ཆོས་དང་སྲིད་ཀྱི་ཁྲི་ལ་འཁོད་

ཅིང༌།  བོད་རྒྱལ་ཁབ་དེ་བཞིན་རྒྱ་གར་དབྱིན་གཞུང་དང༌།  རུ་སུ།  རྒྱ་ནག་སོགས་ཀྱི་གནོན་

ཤུགས་མྱོང་བཞིན་པའི་སྐབས་ཁོང་གིས་འཛིན་སྐྱོང་གནང༌།  དབྱིན་དམག་བོད་དུ་སླེབས་སྐབས་ ཁོང་སོག་ཡུལ་དང་རྒྱ་ནག་ཏུ་ཉེན་གཡོལ་དུ་ཕེབས་དགོས་བྱུང་ཡོད་ལ།  དེ་རྗེས་རྒྱ་ནག་ཆིང་རྒྱལ་ རབས་ཀྱི་དྲག་ཤུགས་རྐྱེན་པས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང༌།

ང་རང་ལ་ཆ་མཚོན་ན་ནང་ཆོས་སློབ་གཉེར་གྱི་ཆེད་ཕྱི​ི་ལོ་  ༡༩༡༣ ནས་ ༡༩༢༣ བར་བོད་

དུ་བསྡད་པ་ཡིན།  བོད་དུ་སྡོད་སྐབས་ཕྲན་ལ་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་དེ་ཉིད་ཀྱི་

གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང༌།  ང་དང་ཁོང་གི་དབར་ཐོག་མའི་ཞལ་འདྲིས་དེ་བཞིན་ཁོང་རྒྱ་ གར་དུ་ཉེན་གཡོལ་དུ་ཕེབས་སྐབས་བྱུང་ལ།  ཁོང་ནི་ཕྲན་ལ་ནང་ཆོས་དང་འབྲེལ་བའི་དབང་ལུང་ གནང་མཁན་ཡང་ཡིན།  བོད་དུ་སྡོད་སྐབས་ངས་ཁོང་ལ་གཞུང་འབྲེལ་མ་ཡིན་པའི་ཕྱི་འབྲེལ་སློབ་ སྟོན་པའི་ཞབས་ཞུ་བསྒྲུབས་པ་ཡིན་ལ་བཀའ་ཤག་གི་ཚོགས་འདུ་ཁག་གི་ནང་དུའང་ལན་མང་མཉམ་

ཞུགས་བྱས་མྱོང་ཡང་ཡོད།  བོད་ནས་ཕྱིར་ལོག་བྱས་རྗེས་ཕྱི​ི་ལོ་  ༡༩༣༣  ལོར་ཁོང་སྐུ་མ་འདས་ བར་ངས་ཁོང་ལ་ཡིག་འབྲེལ་བྱས།།

མཁྱེན་ཡངས་ཅན་གྱི་སྐྱེ་བོ་རྣམས་ཀྱིས་ཤེས་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་

མ་དེ་ཉིད་ཀྱི་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་མཆོག་གིས་ངོ་མཚར་རིན་པོ་ཆེའི་


2 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཕྲེང་བ་ཞེས་པའི་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་མཛད་རྣམ་ཞིག་བརྩམས་ ཡོད་ཅིང༌།  ངས་རང་ཉིད་ཀྱི་དཔེ་དེབ་འདི་འབྲི་སྐབས་མཛད་རྣམ་དེར་ལྟ་ཞིབ་ཡང་ནས་ཡང་དུ་བྱས་

ཡོད།  ཕྱོགས་གཞན་ཞིག་ནས་མཛད་རྣམ་དེ་བཞིན་ཆོས་ཕྱོགས་ཀྱི་མཛད་རྣམ་ཞིག་ཡིན་ཕྱིར་རྒྱ་

ཆེའི་ཀློག་པ་པོ་ཚོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་གཟུགས་བརྙན་ བསྐྲུན་ཕྱིར་ངས་རང་ཉིད་བོད་དུ་སྡོད་རིང་བྲིས་པའི་ཉིན་ཐོར་ལྟ་ཞིབ་གཏུགས་བཤེར་བྱ་དགོས་བྱུང༌།།

དཔེ ་ དེ བ ་འདི འི ་ ནང་ངས་ལོ ་ ཚི ག ས་དང་ཟླ་ཚེ ས ་རྣམས་གོ ང ་གསལ་མཛད་རྣམ་གྱི ་ བོ ད ་

ལུགས་ལོ་ཐོ་ལྟར་བཀོད་ཡོད་ཅིང༌།  དེ་འབྲེལ་གྱི་ཕྱི་ལུགས་ཟླ་ཚེས་རྣམས་གུག་རྟགས་ཀྱི་ནང་

བཀོད་བྲིས་བྱས་ཡོད་པ་རྣམས་ཕྲན་གྱི་ལས་རོགས་སྐུ་ཞབས་ཛུའི་ཧོ་  ཡཱ་མ་གྷུ་ཆཱི་  (Zuiho  Yamaguchi)

མཆོ ག ་ནས་བོ ད ་ཚེ ས ་རྣམས་ཕྱི ་ ཚེ ས ་ལྟར་ཇི ་ ལྟར་ཡི ན ་མི ན ་རྩི ས ་རྒྱག་གི ་ རོ ག ས་སྐྱོ ར ་

ལོངས་སུ་སྤྱད་པ་ལས་བྱུང་བ་ཡིན།།  །། ཕྱི་ལོ་  ༡༩༦༥  ལོའ ་ི ཟླ་བ་  ༣  པ།

ཊོ་ཀན་  ཊཱ་དྷཱ།


སྐུ་བལྟམས་པ། V ༄།  །བོད་ཤིང་ཕག་ཟླ་བ་གསུམ་པའི་ཚེས་ཉི་ཤུ་དང༌།  ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཤུས་རྒྱ་

ནག་ཏུ་དབང་ལུང་བསྒྱུར་བའི་ལོ་དང་པོ།  ཕྱི་ལོ་  ༡༨༧༥  ཟླ་བ་  ༤  པའི་ཚེས་  ༢༥  ཉིན་བོད་ ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ མཆོག་སྐུ་མྱ་ངན་ལས་འདས།  ཡིད་སྐྱོའ ་ི གནས་ཚུལ་དེ་བོད་ལྗོངས་སུ་ཁྱབ་པ་དང་མཉམ་དུ་བོད་ མི་རྣམས་མྱ་ངན་གྱི་གནས་སུ་ལྷུང།  འོན་ཀྱང་ཕྱོགས་གཞན་ནས་ཁོང་ཚོས་ྋགོང་ས་ཏཱ་ལའི་བླ་མ་

མཆོག་གི་ཡང་སྲིད་གང་མགྱོགས་ངོས་འཛིན་ཐུབ་པའི་རེ་བ་བྱས།  བོད་མི་རྣམས་ཀྱི་ཁྲོད་དུ་རྩ་བ་ བརྟན་པོར་ཚུགས་པའི་ཡིད་ཆེས་ལྟར་ན་བོད་ལྗོངས་དེ་བཞིན་བྱམས་སྙིང་རྗེའི་བདག་ཉིད་སྤྱན་རས་ གཟིགས་  ༼ལེགས་སྦྱར་སྐད་དུ་ཨབལོཀིཏེཤྭར།༽  ཀྱི་ཞིང་ཁམས་ཡིན་པ་དང༌།  བོད་ཀྱི་ཆོས་

སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན།  དེར་བརྟེན་ ཏཱ་ལའི་བླ་མ་ཞིག་སྐུ་གཤེགས་ཀྱང་སྤྱན་རས་གཟིགས་ཀྱི་ཐུགས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་

ཏཱ་ལའི་བླ་མའི་རྒྱུད་ཀྱི་ཐུགས་སེམས་དེ་ཉམས་པ་མེད་པར་ཡང་སྲིད་རྗེས་མ་དེས་རྒྱུན་བསྐྱངས་ཏེ་ བོད་མི་མང་ལ་བདེ་སྐྱིད་དང་ཕུན་ཚོགས་འདོད་རྒུ་སྦྱིན་པར་བྱེད་ཀྱི་ཡོད།།

ྋགོ ང ་ས་ཏཱ་ལའི ་ བླ་མ་སྐུ་ཕྲེ ང ་བཅུ་གཉི ས ་པ་མཆོ ག ་སྐུ་གཤེ ག ས་རྗེ ས ་བཀའ་ཤག་ཅེ ས ་

པའི ་ བཀའ་བློ ན ་ལྷན་འདུས་ཤི ག ་ཡོ ད ་པ་དེ ས ་ཟླ་ཤས་རི ང ་སྐབས་ཐོ ག ་ལས་དོ ན ་ཁག་གི ་ དོ ་ ཁུར་ བཞེ ས །  དེ ་ ནས་མཐོ ་ རི མ ་སྲི ད ་གཞུང་མི ་ སྣ་དང་སེ ར ་མོ ་ བ་ལས་གྲུབ་པའི ་ རྒྱལ་ཡོ ང ས་འཐུས་

མིའི་ཚོགས་ཆེན་  ༼ཚོགས་འདུ།༽  གྱི ས ་ཀུན་བདེ ་གླི ང་བླ་བྲང་གི ་མཁན་པོ ་རྟ་ཚག་ཧོ ་ཐོ ག ་ཐུ་

ངག་དབང་དཔལ་ལྡན་ཆོ ས ་ཀྱི ་ རྒྱལ་མཚན་ཞེ ས ་པ་དེ ་ རྒྱལ་ཚབ་  ༼སྡེ ་ སྲི ད །༽  དུ་བསྐོ ་ གཞག་


4 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གནང།  ཁོང་ལ་ྋགོང་ས་ཏཱ་ལའི ་ བླ་མ་མཆོ ག ་གི ་ཡང་སྲི ད ་བརྩད་གཅོ ད ་དང་ཡང་སྲི ད ་མཆོ ག ་ ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཐུབ་པའི་ན་ཚོད་དུ་མ་ཕེབས་བར་རྒྱལ་ཁབ་འཛིན་སྐྱོང་གནང་ དགོས་པའི་འགན་དབང་ཡོད།།

ཡང་སྲིད་བརྩད་གཅོད་ཀྱི་ལམ་ལུགས་དེ་ཡང་ཁྱད་པར་ཅན་ཞིག་ཡོད་ཅིང༌།  བོད་མི་རྣམས་

ཀྱིས་ས་ཕྱོགས་གང་ཞིག་ན་ྋགོང་ས་མཆོག་གི་ཡང་སྲིད་རིན་པོ་ཆེ་འཚོལ་དགོས་ཡོད་པ་རྟོགས་ ཕྱིར་རྟགས་དང་མཚན་མར་རྟོག་ཞིབ་དང༌།  ཆོས་སྐྱོང་སྲུང་མར་བཀའ་འདྲི་ཞུ་གི་ཡོད།།

བོད་ནང་ཆོས་ཕྱོགས་ཀྱི་དབང་ཐང་ཆ་ནས་ྋགོང་ས་ཏཱ་ལའི་བླ་མའི་རྗེས་སུ་པཎ་ཆེན་བླ་མ་

རེད།  ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་སྐུ་གཤེགས་སྐབས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་

བརྒྱད་པ་བསྟན་པའི་དབང་ཕྱུག་གི་སྐབས་ཡིན་པ་དང༌།  ཁོང་གིས་བོད་རྒྱལ་ཁབ་ཀྱི་བདེ་དོན་དང་ ནང་པ་སངས་རྒྱས་པའི་བསྟན་པ་དར་ཁྱབ་ཇེ་ཆེར་ཡོང་ཆེད་ྋགོང་ས་མཆོག་གི་ཡང་སྲིད་མགྱོགས་

ནས་མྱུར་དུ་རྙེད་སོན་ཡོང་རྒྱུར་བློ་རྩེ་གཉིས་མེད་ཀྱིས་རེ་དགོངས་གནང།  ཉིན་ཞིག་པཎ་རིན་པོ་ཆེ་ སྒོམ་བསྐྱོན་སྐབས་ྋརྒྱལ་དབང་མཆོག་གི་ཡང་སྲིད་ལྷ་སའི་ཤར་ལྷོའ ་ི ཕྱོགས་ནས་རྙེད་ངེས་ཡིན་པའི་ གཟིམས་སྣང་བྱུང༌།  མ་ཟད་བོད་ཀྱི་གཞུང་བསྟེན་སྲུང་མ་གནས་ཆུང་ཆོས་རྒྱལ་དང་བསམ་ཡས་མི་ འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཆོས་སྐྱོང་སྲུང་མ་བསམ་ཡས་ཆོས་སྐྱོང་གཉིས་སྐུ་ཁོག་ ཏུ་བརླམས་སྐབས་ྋརྒྱལ་བའི་ཡང་སྲིད་བོད་ཀྱི་ཤར་ལྷོའ ་ི ས་ཁུལ་དུ་སྐུ་བལྟམས་རྒྱུ་ཡིན་པའི་ལུང་

བསྟན་སྩལ།  ལྷག་པར་བསམ་ཡས་ཆོས་སྐྱོང་གིས་ྋརྒྱལ་དབང་མཆོག་གི་ཡང་སྲིད་སྐུ་བལྟམས་ སའི་ཁང་ཁྱིམ་གྱི་རྒྱབ་ཏུ་གླང་ཆེན་ཉལ་འདྲའི་རི་བོ་ཞིག་ཡོད་པ་སོགས་ཀྱི་ལུང་བསྟན་གསལ་པོ་

གནང༌།  གནས་ཆུང་ཆོས་སྐྱོང་དེ་བཞིན་གཞུང་དགོན་འབྲས་སྤུངས་ཀྱི་ཉེ་འགྲམ་ན་ཆགས་པའི་

དགོན་ཆུང་གནས་ཆུང་ན་གནས་པའི་སྐུ་བསྟེན་ལ་ཞུགས་ཀྱི་ཡོད།  སྙན་གྲགས་ཅན་གྱི་བསམ་ཡས་

ནི་བོད་ཀྱི་དགོན་སྡེའི་ནང་ནས་ཆེས་ཐོག་མ་དེ་ཡིན་པ་དང༌།  དགོན་གནས་དེ་གསར་བཞེངས་ཀྱི་

ལས་གཞི་དུས་རབས་བརྒྱད་པའི་སྨད་དུ་ཡོངས་སུ་གྲུབ།*  དུས་རྒྱུན་ཆབ་སྲིད་ཀྱི་གནད་དོན་གལ་ འགངས་ཆེ་བར་ཐུག་ཚེ་བོད་གཞུང་གིས་སྲུང་མ་དེ་དག་ལས་སློབ་སྟོན་ཞུ་ཡི་ཡོད།།

*  ཁྲ་འབྲུག་དགོན་དེ་སྲོང་བཙན་གྱི་དུས་ཏེ་དུས་རབ་བདུན་པའི་ནང་ཡོད་པས་བསམ་ཡས་དེ་ཆེས་ཐོག་མ་གྱུར་ཐབས་ མེད།  ༼སྒྱུར་བ་པོའ ་ི མཆན།༽


སྐུ་བལྟམས་པ། 5

ྋརྒྱལ་དབང་སྐུ་ཕྲེ ང ་བཅུ་གཉི ས ་པ་སྐུ་གཤེ ག ས་རྗེ ས ་ཁོ ང ་གི ་ སྐུ་གདུང་ནུབ་ཕྱོ ག ས་སུ་

གཟིགས་བཞིན་པའི་ཚུལ་དུ་བཞག  འོན་ཀྱང་ཕྱི་ཉིན་གྱི་ཞོགས་པ་དེར་སྐུ་གདུང་ཞལ་ཤར་ལྷོའ ་ི

ཕྱོགས་སུ་གཟིགས་ཡོད་པར་སྣང༌།  ྋརྒྱལ་དབང་མཆོག་གི་སྐུ་འཁོར་རྣམས་ཀྱིས་དེ་དང་འདྲ་བའི་ ངོ་མཚར་ཅན་གྱི་ལྟས་མང་པོ་ཡང་ནས་ཡང་དུ་མཇལ་ཡོད་པ་དང༌།  ཁོང་རྣམས་ཀྱིས་ྋསྐུ་གདུང་ ཞལ་ཤར་ལྷོའ ་ི ཕྱོགས་སུ་གཟིགས་བཞིན་ཡོད་པ་དེ་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་རིན་པོ་ཆེ་ལྷ་ སའི་ཤར་ལྷོའ ་ི ཕྱོགས་སུ་སྐུ་བལྟམས་རྒྱུ་ཡིན་པའི་རྟགས་མཚན་བཟང་པོ་ཡིན་པར་ངོས་འཛིན་གནང།།

ཡང་སྲིད་མཆོག་རྙེད་སོན་དང་འབྲེལ་བའི་རྟགས་མཚན་གཞན་ཞིག་ནི་ཡང་སྲིད་རིན་པོ་ཆེའི་

འཁྲུངས་གཞིས་ཀྱི་ཕྱོགས་ནས་རྒྱང་ཐག་ཧ་ཅང་མི་རིང་བའི་ཆོས་འཁོར་རྒྱལ་གྱི་ལྷ་མོའ ་ི བླ་མཚོ་ ནས་བྱུང༌།  གོང་གསལ་གྱི་ལུང་བསྟན་དེ་དག་མ་ཐོབ་པའི་གོང་ན་ལྷ་མོའ ་ི བླ་མཚོ་ནས་ངོ་མཚར་ཆེ་

བའི་བཀྲ་ཤིས་རྟགས་མཚན་དུ་མ་བྱུང་ཡོད།  མཚོ་དེའི་ནང་དམག་ཟོར་མ་ཞེས་བྱ་བའི་ལྷ་སྲུང་ཞིག་ གནས་ཡོད་ཅིང༌།  རྒྱལ་ཁབ་དང་འབྲེལ་བའི་གནད་དོན་ཆེ་ཁག་དང་འབྱུང་བའི་རྐྱེན་ངན་སོགས་

འབྱུང་ཉེན་ཆེ་སྐབས་མཚོ་དེ ས ་རྟགས་མཚན་གང་རུང་ཞི ག ་བསྟན་ཏེ ་མི ་རྣམས་ལ་དོ ་སྣང་བྱེ ད ་དུ་ བཅུག་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།།

སྐབས་དེར་ཁ་བས་ཁེབས་པའི་ལྷ་མོ་བླ་མཚོའི་སྟེང་རླུང་འཚུབ་དྲག་པོ་ཞིག་རྒྱུག་བཞིན་ཡོད་

པས་མཚོ་ཁའི་ཁ་བ་རྣམས་རླུང་གིས་འཁྱེར་ཞིང༌།  མཚོའི་སྟེང་དུ་ཆགས་པའི་འཁྱག་རོམ་ཡང་མེད་ པར་གྱུར་པས།  མཚོ་ཁ་མེ་ལོང་ལྟར་དྭངས་ཤིང་གཙང་བར་གྱུར་ཅིང་དེའི་ཁར་མ་ཞིག་གི་པང་ན་

ཁྱེའུ་ཞིག་ནུ་ཞོ་འཐུང་བཞིན་པའི་གཟུགས་བརྙན་འཆར།  དེས་མ་ཚད་ྋརྒྱལ་དབང་མཆོག་གི་ ཡང་སྲིད་མཚོ་དང་ཉེ་བའི་ས་ཕྱོགས་ཤིག་ལ་སྐུ་བལྟམས་ཟིན་པའི་རྟགས་མཚན་དུ་མཚོ་ཁར་ལྷ་སའི་

ཕོ་བྲང་པོ་ཏ་ལ་དང༌།  ཁང་ཁྱིམ་དཀྱུས་མ་ཞིག་གི་གཟུགས་བརྙན་ཡང་འཆར།  གཟུགས་བརྙན་

དེ་དག་མཚོ་ངོས་སུ་གཟའ་འཁོར་གཅིག་གི་རིང་གནས་པས་དད་ལྡན་མང་ཚོགས་ཚོས་ཐག་རིང་ནས་ བཀྲ་ཤིས་པའི་རྟགས་འདི་མཇལ་བར་བཅར་ཚུལ་གྲགས།  མཚོ་ཁར་ཤར་བའི་ཁང་ཁྱིམ་དཀྱུས་མ་

དེ་བཞིན་ྋགོང་ས་ཏཱ་ལའི་བླ་མ་དེ་ཉིད་སྐུ་བལྟམས་སའི་ཁང་ཁྱིམ་ཡིན་ཅིང༌།  གནད་ཆེ་བའི་རྟགས་


6 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

མཚན་དེ་དག་བྱུང་རྗེས་ཤར་རྩེ་ཆོས་རྗེའི་གོ་གནས་བཟུང་བའི་བློ་བཟང་དར་རྒྱས་**ལ་ཁང་ཁྱིམ་དེར་ སྐུ་བལྟམས་ཡོད་པའི་ཁྱེའུ་དེར་བརྟག་དཔྱད་བྱ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང༌།  ཁོང་གིས་ཁྱེའུ་ དེ་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་ཡང་སྲིད་ཡིན་པར་ཐག་གཅོད་གནང།  གནས་ རི མ ་གྱི ་ ཆ་ནས་བོ ད ་རྒྱལ་ཁབ་ཀྱི ་ ཡང་སྲི ད ་མ་ཡི ན ་པའི ་ བླ་ཆེ ན ་ཁག་གི ་ ནང་ནས་གདན་ས་ཆེ ན ་

པོ ་ དགའ་ལྡན་གྱི ་ དགའ་ལྡན་ཁྲི ་ པ་མཐོ ་ཤོ ས ་ཡི ན ་པ་དང༌།  ཁོ ང ་གི ་ རྗེ ས ་སུ་ཤར་རྩེ ་ ཆོ ས ་རྗེ ་ ཡིན།  མི་རིང་བར་བོད་གཞུང་གིས་ཁྱེའུ་དེར་བརྟག་ཞིབ་ཀྱི་ལས་གཞི་དངོས་སུ་བརྩམས།།

ལུང་བསྟན་ལྟར་ྋརྒྱལ་དབང་མཆོག་གི་ཡང་སྲིད་ཀྱི་འཁྲུངས་ཁང་རྒྱལ་ས་ལྷ་སའི་ལྷོ་ཤར་

དྭགས་པོ་ས་ཁུལ་དུ་ཡོད་པ་དང༌།  དེ་ནི་བོད་མི་རྣམས་ཀྱིས་རྩ་ཆེར་འཛིན་པའི་རི་བོ་ཐང་ལྷ་སྒམ་པོའ་ི

གཤམ་དུ་ཆགས་པའི་གླང་མདུན་ཞེས་པའི་གྲོང་གསེབ་ཆུང་ངུ་ཞིག་ཡོད་པ་དེའི་ནང་གི་ཞིང་པའི་ཁྱིམ་ ཚང་ཞིག་ཡིན།  ཁྱེའུ་དེའི་ཡབ་ཀྱི་མཚན་ལ་ཀུན་དགའ་རིན་ཆེན་ཞེས་གྲགས་ཤིང་ཁོང་ནི་སྙིང་སྟོབས་ ཅན་གྱི་ཞིང་པ་ཞིག་ཡིན།  ཡུམ་ནི་ཆོས་སེམས་ཆེ་ཞིང་མཚན་ལ་བློ་བཟང་སྒྲོལ་མ་ཞེས་ཟེར།།

མེ་བྱི་ལོའ ་ི ཟླ་བ་ལྔ་པའི་ཚེས་ལྔའི་ ༼ཕྱི་ལོ་  ༡༨༧༦  ཟླ་བ་  ༦  པའི་ཚེས་  ༢༦༽  ཞོགས་

པའི ་ ཉི ་ འོ ད ་ཀྱི ས ་རི ་ རྩེ འི ་ ཁ་དོ ག ་དམར་སེ ར ་དུ་གྱུར་པ་དང་དུས་མཚུངས་ཡང་སྲི ད ་རི ན ་པོ ་ ཆེ ་ སྐུ་

བལྟམས།  འཁྲུངས་སའི་ཁང་ཁྱིམ་འཇའ་ཚོན་སྣ་ལྔའི་བཀྲག་མདངས་ཀྱིས་བསྐོར་ཞིང༌།  ཡུལ་ ལྷ་དང་རུས་ལྷའི ་ སྐྱབས་བྱི ན ་དབང་གི ས ་ཡུམ་ལ་ཁྱེ འུ ་དེ ་ བཙའ་སྐབས་ན་ཟུག་གཏན་ནས་མ་ བྱུང༌།  སྐབས་དེར་ཡུལ་ལ་ལོ་ཏོག་བཟང་པོ་བྱུང་བའི་ཁར་བཀྲ་ཤིས་པའི་རྟགས་མཚན་དུ་མ་བྱུང་

བས་ཡུལ་མི་རྣམས་དགའ་སྤྲོ་རབ་ཏུ་འཕེལ།  ཁྱེའུ་དེའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་ ཞེ ས ་གསོ ལ །  ལུང་བསྟན་ནང་གསལ་བའི ་ ཁྱེ འུ ་དེ ་ གླང་མདུན་གྲོ ང ་གསེ བ ་ཀྱི ་ ནང་སྐུ་བལྟམས་

ཡོད་པའི་གཏམ་དེ་ཁྱབ་འཕེལ་ཕྱིན་ཏེ་གནས་མཇལ་བ་མང་པོ་ལྷ་མོའ ་ི བླ་མཚོ་དང་གྲོང་གསེབ་དེར་ སླེབས།  གོང་ཙམ་ནས་ཁྱེའུ་དེ་ཉིད་ཡང་སྲིད་ཡིན་པར་ངོས་འཛིན་བྱེད་པོ་བློ་བཟང་དར་རྒྱས་ཀྱིས་

ཁྱེའུ་དེར་སྐུ་ངལ་འདྲ་མིན་གྱི་རིགས་བྱུང་ཉེན་ཆེ་བར་དོགས་ཏེ་འཁྲུངས་གཞིས་ཁྱིམ་ཚང་དེ་ཉིད་དུ་ ཁྱེའུ་དེ་རང་ཉིད་ཀྱི་མིག་ལམ་ནས་ནམ་ཡང་མི་དོར་བར་བཞུགས།། **  རྒྱུད་སྟོད་མཁན་ཟུར་བློ་བཟང་དར་རྒྱས།  ༼སྒྱུར་བ་པོའ ་ི མཆན།༽


སྐུ་བལྟམས་པ། 7

དེ་ནས་ཉིན་ཤས་རྗེས་ཁྱིམ་དེར་གཞུང་གི་རྩད་ཞིབ་ཚོགས་ཆུང་ཁྱེའུ་དེ་དོན་ངོ་མར་རྩ་ཆེའི་

ཆུང་སྲིད་རིན་པོ་ཆེ་ཡིན་མིན་རྟོག་ཞིབ་བྱེད་པར་མངགས་གཏོང་གནང།  ཚོགས་ཆུང་དེས་ཁྱེའུ་ དེ ར ་ྋགོ ང ་ས་ཏཱ་ལའི ་ བླ་མ་སྐུ་གོ ང ་མའི ་ སྐུ་ཆས་དང་ཉེ ར ་སྤྱད་ངོ ་ མ་དང་འདྲ་ཡ་སྣ་ཚོ ག ས་ཤི ག ་

མཉམ་བསྲེས་ཀྱིས་སྤྱན་འབུལ་ཞུ་སྐབས་ཁྱེའུ་དེས་སྐུ་གོང་མའི་སྐུ་ཆས་དང་ཉེར་སྤྱད་རྣམས་འཁྲུལ་ མེད་དུ་ངོས་འཛིན་མཛད།  དེ་ཙམ་མིན་པར་ཁྱེའུ་དེའི་གསུང་གི་བརྗོད་པ་དང་སྐུ་ལུས་ཀྱི་འཁྱེར་

སོ་གང་ལ་དཔགས་ཀྱང་སྐུ་གོ ང་མ་དང་ཧེ ་ བག་མེ ད ་པ་ཞི ག ་ཏུ་སྣང༌།  དེ ་ བཞི ན ་ལུང་བསྟན་ནང་ གསལ་བའི་རྟགས་མཚན་དུ་མ་ཞིག་ཁྱེའུ་དེར་ཚང་ཡོད་པས་ཁོང་ྋགོང་ས་ཏཱ་ལའི་བླ་མ་སྐུ་གོང་མའི་

ཡང་སྲིད་འཁྲུལ་མེད་ཡིན་པར་ངོས་འཛིན་གནང།  ཁྱེའུ་དེ་འཁྲུངས་མ་ཐག་ནས་ཏཱ་ལའི་བླ་མའི་

འགྱིང་ཉམས་ཚང་ཡོད་ཅེས་གྲགས།  མེ་གླང་ཟླ་བ་དང་པོའ ་ི ཚེས་ཉེར་ལྔ་  ༼ཕྱི་ལོ་  ༡༨༧༧  ཟླ་ བ་  ༣  པའི་ཚེས་  ༩༽  ཉིན་བོད་གཞུང་གིས་ཁྱེའུ་དེར་གསེར་ཟངས་ལས་གྲུབ་པའི་སྒྲོལ་དཀར་ གྱི་སྐུ་བརྙན་ཞིག་སྩལ།  དེ་ནས་པཎ་ཆེན་རིན་པོ་ཆེ་དང་རྟ་ཚག་ཧོ་ཐོག་ཐུས་གཙོ་བྱས་པའི་གདན་ ས་གསུམ་  ༼སེ་རྭ་དང༌།  འབྲས་སྤུངས།  དགའ་ལྡན།༽  དང་།  པཎ་ཆེན་རིན་པོ་ཆེའི་གདན་

ས་བཀྲ་ཤིས་ལྷུན་པོའ ་ི དགེ་འདུན་པ་རྣམ་པ།  བོད་གཞུང་གི་བཀའ་བློན་དང་སྲི་ཞུ་བ་རྣམ་པ་བཅས་

ཚང་མས་ཁྱེའུ་དེ་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་སྦྲགས་ བོད་ལྗོངས་ཀྱི་ཕན་བདེའི་ཆེད་དུ་ཕོ་བྲང་པོ་ཏ་ལར་ཆོས་སྲིད་གཉིས་ལྡན་གྱི་མགོན་པོར་ངེས་ཕེབས་ ཡོང་བའི་གསོལ་འདེབས་མགྲིན་གཅིག་ཏུ་ཞུས།།

ཕྱི་ལོ་  ༡༧༩༢  ལོར་རྒྱ་ནག་གོང་མ་ཆན་ལུང་གིས་གསེར་གྱི་བུམ་པ་ཞིག་ཕུལ་ཡོད་པ་ནས་

བཟུང་གསེར་བུམ་དེ་བེད་སྤྱོད་བྱས་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་གི་ཡོད།  དེ་ཡང་ ཏཱ་ལའི་བླ་མའི་འོས་སྤྲུལ་ཁྱེའུ་རྣམས་ཀྱི་མིང་བཀོད་པའི་ཤོག་རིལ་གསེར་བུམ་ནང་བཅུག་ནས་བ་ སོ་ལས་གྲུབ་པའི་གཅུ་ཤིང་གིས་ཐོག་མར་སྒྲུག་ཐོན་བྱུང་བ་དེ་ཏཱ་ལའི་བླ་མ་ཡིན་པར་ངོས་འཛིན་བྱེད་ ཀྱི་ཡོད།  གལ་སྲིད་བོད་ནང་རྒྱ་ནག་གི་དབང་ཤུགས་ཡོད་པའི་སྐབས་ཤིག་ཡིན་ཚེ་བོད་གཞུང་

གིས་རྒྱ་ནག་མན་ཇུ་གོང་མའི་ཕོ་བྲང་ནས་ལྷ་སར་མངགས་གཏོང་བྱས་པའི་ཨམ་བན་གྱི་མདུན་དུ་ གསེར་བུམ་དེ་བེད་སྤྱོད་བྱས་ཡོད་སྲིད།  འོན་ཀྱང་སྐབས་དེ་དུས་དངོས་རྫས་དེ་བེད་སྤྱོད་བྱས་


8 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

མེ ད ་པ་དང༌།  བོ ད ་གཞུང་གི ས ་རྒྱ་ནག་མན་ཇུ་གོ ང ་མར་ཁྱེ འུ ་དེ ་ ྋགོ ང ་ས་ཏཱ་ལའི ་ བླ་མ་འཁྲུལ་

མེད་ཡིན་པར་ཐེ་ཚོམ་རྩ་བ་ནས་མེད་ཚུལ་ཞུས་ཤིང༌།  ཨམ་བན་ནས་ཀྱང་ཀུན་དགའ་རིན་ཆེན་གྱི་ ཁྱེའུ་བློ་བཟང་ཐབས་མཁས་རྒྱ་མཚོ་དེ་བཞིན་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་ཡང་

སྲིད་ཡིན་ཅིང་དེ་འབྲེལ་གསེར་བུམ་བེད་སྤྱོད་བྱ་དགོས་དོན་མེད་ཅེས་དྲིལ་བསྒྲགས་བྱས།  མཛད་

རྣམ་ངོ་མཚར་རིན་པོ་ཆེའི་ཕྲེང་བའི་ནང་སྐབས་དེ་དུས་བོད་མི་རྣམས་ཀྱིས་དབུལ་པོར་གཏེར་རྙེད་ པའམ།  རིང་མིན་འཆིར་ངེས་པའི་སྐྱེས་བུ་ཞིག་ལ་ཡུན་རིང་བར་འཚོ་གནས་ཐུབ་པའི་གོ་སྐབས་

ཐོབ་པ་ལྟ་བུའི་དགའ་ཚོར་ཐོབ་ཅེས་འཁོད་ཡོད།***  གཞུང་འབྲེལ་གྱི་ལམ་ནས་ྋགོང་ས་ཏཱ་ལའི་བླ་

མ་སྐུ་གོང་མའི་བརྒྱུད་འཛིན་ཡིན་པའི་ཐག་ཆོད་གནང་ཟིན་པས་ན་བོད་གཞུང་གིས་ཁྱེའུ་དེ་ལྷ་སར་ གདན་འདྲེན་ཞུ་འགོ་དབུ་ཚུགས།།

མེ་གླང་ལོའ ་ི ཟླ་བ་དགུ་པའི་ཚེས་བཅོ་ལྔ་  ༼ཕྱི་ལོ་  ༡༨༧༧  ཟླ་བ་  ༡༠  པའི་ཚེས་  ༢༡༽

ཉིན་བོད་གཞུང་གི་སྐུ་ཚབ་བཀའ་བློན་མདོ་མཁར་དང༌།  རྩེ་མགྲོན་བློ་བཟང་ཆོས་འཕེལ།  རྩེ་ གཟིམ་འགག་བསམ་གཏན་ཤེས་རབ།  གསོལ་དཔོན་ཆེན་མོ་ངག་དབང་ཉི་མ་ལ་སོགས་པའི་མི་

སྣ་འགའ་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་རིན་པོ་ཆེའི་འཁྲུངས་གཞིས་ཕྱོགས་སུ་བསྐྱོད།  ཁོང་ རྣམས་ཀྱི ས ་ཡང་སྲི ད ་རི ན ་པོ ་ ཆེ འི ་ ཆེ ད ་བཞུགས་ཁྲི ་ གསར་བཞེ ང ས་དང༌།  གཟི མ ་ཁང་གསར་ དུ་སྒྲིག་གཤོམ་ཞུས།  དུས་སྟོན་དང་འབྲེལ་བའི་བོད་ཀྱི་ལུགས་སྲོལ་རྙིང་པ་ལྟར་རྒྱ་ལྕོག་གི་སྟེང་ ཕྱེ་མར་དང༌།  གསོལ་ཇ།  བཞེས་འབྲས།  གསོལ་སྐྲུམ་སོགས་ཞལ་ཟས་སྣ་ཚོགས་མཛེས་

པར་བཤམས།  དེ་ནས་བཞུགས་ཁྲིའི་སྟེང་ཡང་སྲིད་མཆོག་ལེགས་པར་བཞུགས་སུ་གསོལ་བའི་

ཐོག གཞུང་ས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང༌།  ཞལ་ཟས།  ན་བཟའ།  རིན་ཆེན་དང་པོ་ གསེར་སྲང་ལྔ༌།  རྒྱ་དངུལ་རྟ་རྨིག་མ་གསུམ།  དངུལ་གྱི་ཊཾ་སྲང་ལྔ་བཅུ།  རྒྱ་ནག་ནས་ཐོན་པའི་

***  ད་གཟོད་མཚན་དཔེའི་དཀྱིལ་འཁོར་དྲི་མ་མེད་པ་མིག་ལམ་དུ་མངོན་སུམ་མཇལ་བའི་སྐལ་བཟང་ཐོབ་པས་རྒྱ་ མཚོའི་གླིང་དུ་ཡུན་རིང་དུ་འཕྱན་པའི་ཚོང་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་སོན་པའམ།  མ་བུ་གཅིག་པ་ བུ་སྟོར་བ་ལས་སླར་རྙེད་པ་ལྟ་བུའི་དགའ་སྤྲོ་ཚད་མེད་པ་སྐྱེས་ཏེ་ངག་ནས་ཀྱང།  ཨ་ལ་ལ།  འཕགས་མཆོག་ཐུགས་ རྗེ་ཅན་ནི་གདུལ་བྱ་འདུལ་བའི་དུས་ལས་ཅུང་ཟད་ཀྱང་ཡོལ་བ་མེད་དོ་ཞེས་དགའ་བའི་གླུ་དབྱངས་དར་དིར་སྒྲོགས་པར་ གྱུར་ཏོ།  ༼ངོ་མཚར་རིན་པོ་ཆེའི་ཕྲེང་བ།  ཀ  ཞེ་བདུན།  གནམ་བསྐོས་དགའ་ལྡན་ཕོ་བྲང་པར་མ།༽  ༼སྒྱུར་བ་པོའ ་ི མཆན༽


སྐུ་བལྟམས་པ། 9

གོས་ཆེན་དང་བོད་ཟོང་སྣམ་བུ་ལ་སོགས་པ་སྤྱན་ལམ་དུ་བསྟར་རྗེས།  ཡབ་ཡུམ་གཉིས་ལ་བོད་

སྐད་དུ་ཁ་བཏགས་ཞེས་པ་གུས་བཏུད་ཀྱི་དར་རེ་ཕུལ་ནས།  ཁོང་གཉིས་ལ་ཡང་སྲིད་རིན་པོ་ཆེ་སྐུ་ འཁྲུངས་པའི་དབང་གིས་གཞུང་ནས་ཆེས་མཐོའ ་ི གུང་གི་གོ་གནས་སྩལ་ཅིང༌།  གོ་གནས་དང་འཚམ་

པའི་ན་བཟའ་འབུལ་གནང་མཛད།  དེ་མཚུངས་དངུལ་ཊཾ་ཉིས་བརྒྱ་ཐམ་པ་དང༌།  ཇ་རིགས་ཀྱིས་

བསྐངས་པའི་ཀོ་སྒམ་ལ་སོགས་པ་འཁྲུངས་གཞིས་སུ་བཞུགས་ཡུན་རིང་སྟོན་འཁོར་རྣམས་ཀྱི་རྐྱེན་ དུ་བབས་པའི་ཐུགས་མཁོ་དགོས་རིགས་རྣམས་འབུལ་གནང་མཛད།  བློ་བཟང་དར་རྒྱས་ལའང་

དམིགས་བསལ་གྱི་གསོལ་རས་སྩལ།  ཁོང་ནི་ྋགོང་ས་ཏཱ་ལའི་བླ་མ་སྐུ་བལྟམས་པ་ནས་བཟུང་

ཞབས་ཕྱིར་བཅར་བཞུགས་དང༌།  སྨྲ་མི་ཤེས་པའི་ཁྱེའུ་དེར་གཟིགས་སྐྱོང༌།  ཁྱེའུ་དེར་མ་འོངས་ པར་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བྱ་རྒྱུའི་ཁྱད་ཡོན་ཚང་ཡོད་པར་ངོས་འཛིན་སོགས་གནང་མཁན་ དེ་རེད།  བོད་གཞུང་ནས་ྋགོང་ས་ཏཱ་ལའི་བླ་མ་ངོས་འཛིན་བརྟག་དཔྱད་ཀྱི་ཐད་བློ་བཟང་ཐབས་

མཁས་ཀྱི་བྱས་རྗེས་ཇི་སྒྲུབ་ཡོད་པར་ཆེ་བསྟོད་དང་བསྔགས་བརྗོད་གནང།  སྐུའི་འགལ་རྐྱེན་ཞི་

བ་དང༌།  ལྷ་ས་བར་གྱི་ཕེབས་ལམ་དུ་བར་ཆད་མི་ཡོང་བའི་ཕྱིར་འོལ་དགའ་རྫིང་ཕྱི་དང༌།  ཆོས་ འཁོར་རྒྱལ་ལ་སོགས་པར་བཀའ་དྲིན་གཏང་རག་གི་མཆོད་འབུལ་ལེགས་པར་བྱས།།  །།


པོ་ཏ་ལར་ཕེབས་བཞུགས། V ༄།  །མེ་གླང་ཟླ་བ་བཅུ་པའི་ཚེས་ཉི་ཤུ་  ༼ཕྱི་ལོ་  ༡༨༧༧  ཟླ་བ་  ༡༡  པའི་ཚེས་  ༢༤༽  ཉིན་ ྋགོང་ས་མཆོག་ལྷ་སར་གདན་འདྲེན་ཞུ་ཆེད་ཕོ་བྲང་པོ་ཏ་ལ་ནས་རྩེ་དྲུང་དང་ཤོད་དྲུང་འགའ་གླང་

མདུན་དུ་སླེབས།  ཁོང་རྣམས་ཀྱི་ནང་ྋགོང་ས་མཆོག་གི་ཉེ་གནས་*སེར་མོ་བ་བགྲེས་སོང་གསུམ་ ཡོད་པ་ནི་ྋགོང་ས་མཆོག་ཕོ་བྲང་པོ་ཏ་ལར་བཞུགས་རིང་ཁོང་སྐུ་ན་ཆུང་དུས་སྐབས་མ་ལྟར་གཟིགས་

སྐྱོང་གནང་མཁན་གཟིམས་དཔོན་ཆེན་མོ་དང༌།  ྋགོང་ས་མཆོག་གི་ཆོས་ཕྱོགས་དང་འབྲེལ་བའི་ མཛད་སྒོར་གཟིགས་སྐྱོང་གནང་མཁན་མཆོད་དཔོན་ཆེན་མོ།  ྋགོང་ས་མཆོག་གི་གསོལ་ཚིགས་

ཐད་གཟིགས་སྐྱོང་གནང་མཁན་གསོལ་དཔོན་ཆེན་མོ་བཅས་ཡིན།  ཁོང་གསུམ་དང་ལྷན་དུ་མགྲོན་

གཉེར་ཆེན་མོའ ་ི སྐུ་ཚབ།  བཀའ་ཤག་གི་སྐུ་ཚབ་བཀའ་བློན་གཡུ་ཐོག་པ།  རྩིས་ཁང་དང་མཛོད་

སྦུག་གི་མཐོ་རིམ་དཔོན་རིགས་ཁག  མཐོ་རིམ་གྱི་དམག་དཔོན་ལ་སོགས་པ་དཔོན་རིགས་དྲག་ གྲས་དུ་མ།  ྋགོང་ས་མཆོག་པོ་ཏ་ལར་ཕེབས་སྐབས་དགོས་ངེས་པའི་དབུ་གདུགས་དང༌།  དབུ་ གུར།  ཆིབས་རྟ།  ཆིབས་དར་ལ་སོགས་པའི་ཡོ་བྱད་ཐོགས་པ་རྣམས་ཀྱང་ཕེབས་ཡོད།།

མེ་གླང་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་  ༼ཕྱི​ི་ལོ་  ༡༨༧༧  ཟླ་བ་  ༡༢  པའི་ཚེས་  ༥༽

གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་དེར་ྋགོང་ས་མཆོག་འཁྲུངས་གཞིས་གླང་མདུན་ནས་ལྷ་སར་ ཕེབས་ཐོན་འགོ་བརྩམས།  ཉིན་དེའི་ཞོགས་པར་ཡབ་ཡུམ་གཉིས་ཀྱིས་ཐང་ལྷ་སྒམ་པོའ ་ི ལ་རྩེར་

ཕེབས་ནས་ཡུལ་ལྷར་གསོལ་མཆོད་བྱས།  ཁོང་གཉིས་ཀྱིས་དྲི་ཞིམ་ཤིང་སྣ་བདུག་སྟེ་ཡུལ་ལྷའི་ *  སྐུ་གོང་མའི་གསོལ་གཟིམས་མཆོད་གསུམ།  ༼སྒྱུར་བ་པོའ ་ི མཆན།༽


པོ་ཏ་ལར་ཕེབས་བཞུགས།

11

ཐུགས་དགོངས་དྲི་བཟང་གིས་མཉེས་ཐབས་དང༌།  གསེར་སྐྱེམས་ཀྱི་བདུད་རྩི་ཕུལ་ནས་འཁོར་བ་ འཇིག་པའི་རྟེན་གྱི་མི་གཙང་བ་དག་ཐབས་བྱས།  ལ་དེའི་རྩེ་མོར་ཡུལ་ལྷ་ཞི་བར་བྱེད་པའི་དར་མང་

པོ་བཏགས་ཡོད་པ་དང༌།  ྋགོང་ས་མཆོག་ལྷ་སར་ཕེབས་རྒྱུ་ཡིན་ཀྱང་ཡབ་ཡུམ་གཉིས་ཀྱིས་ཁོང་ ལ་སྲུང་སྐྱོབ་དང༌།  སྐྱབས་འཇུག་གནང་སྐྱོང་ཡོང་བའི་ཆེད་ཡུལ་ལྷ་དེར་གསོལ་བ་སྨོན་ལམ་དྲག་པོ་ བཏབ།།

ལྷ་ས་ནས་ཕེབས་པའི་སེར་མོ་བ་དང་དཔོན་རིགས་རྣམས་རང་ཉིད་ཀྱི་གོ་གནས་དང་མཐུན་

པའི ་ སྒོ ་ ནས་ཆི བ ས་རགས་བསྒྲི ག ས་ཏེ ་ ཡང་སྲི ད ་རི ན ་པོ ་ ཆེ འི ་ ཕེ བ ས་བྱམས་སེ ར ་པོ འ ་ི རྗེ ས ་སུ་

འབྲངས་ཤིང༌།  དེའི་གཤམ་དུ་ཡབ་ཡུམ་གཉིས་དང་སྐུའི་སྤུན་ཉེ་རྣམས་གྲལ་བསྒྲིགས་ཏེ་ལྷ་སར་

ཕེབས།  ལམ་བར་དུ་སྐུ་ན་གཞོན་པའི་ྋགོང་ས་ཏཱ་ལའི་བླ་མ་དེ་ཉིད་ལ་བཀུར་སྟི་ཞུ་ཆེད་དད་ལྡན་སྐྱེ་ བོའ ་ི ཚོགས་མང་དག་གིས་ཁོང་རྣམས་བསྒུགས་ནས་བསྡད་ཡོད།།

མེ ་ གླང་ཟླ་བ་བཅུ་གཅི ག ་པའི ་ ཚེ ས ་བཅུ་གཉི ས ་  ༼ཕྱི​ི ་ ལོ ་   ༡༨༧༧  ཟླ་བ་  ༡༢  པའི ་

ཚེས་  ༡༦༽  ཉིན་སྐུ་འཁོར་རྣམས་ཆོས་གྲྭ་ཆེན་པོ་བདེ་ཆེན་དུ་འབྱོར།  དེར་ཕེབས་བསུར་བཅར་ བའི་སེར་མོ་བ་དང་དཔོན་རིགས་རྣམས་ཀྱིས་ྋགོང་ས་མཆོག་ལ་རང་གི་གོ་གནས་དང་འཚམ་པའི་ འབུལ་རྟེན་ཕུལ།  སྐབས་དེར་སྐུ་ན་ཆུང་བའི་ཏཱ་ལའི་བླ་མ་དང་རྒྱལ་ཚབ་རྟ་ཚག་ཧོ་ཐོག་ཐུ་གཉིས་ བར་ཐོག་མའི་མཇལ་འཕྲད་བྱུང༌།།

མེ་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་  ༼ཕྱི​ི ་ ལོ་  ༡༨༧༧  ཟླ་བ་  ༡༢  པའི་

ཚེས་  ༡༨༽  ཉིན་སྟོན་འཁོར་རྣམས་བདེ་ཆེན་ནས་ཐོན་ཏེ་ཚལ་ས་ཁུལ་གྱི་གུང་ཐང་དུ་འབྱོར།  གུང་ ཐང་དེ་བཞིན་ལྷ་སའི་ཉེ་འགྲམ་གྱི་སྐྱིད་ཆུའི་ཕ་རོལ་ན་ཆགས་ཡོད།  སྐབས་དེ་དུས་ཉེ་འཁོར་གྱི་

དགོ ན ་སྡེ འི ་ སེ ར ་མོ ་ བ་མང་པོ ་ འཛོ མ ས་ནས་ལྷ་ས་བར་གྱི ་ ཕེ བ ས་ལམ་དུ་སེ ར ་སྦྲེ ང ས་བསྒྲི ག ས་

ཏེ ་ མཛེ ས ་པར་བྱས།  ལྷ་སའི ་ གདན་ས་ཆེ ན ་པོ ་ གསུམ་གྱི ་ མཁན་པོ ་ དང་བླ་སྤྲུལ།  གཞུང་

ཞབས་རྩེ་དྲུང་རྣམ་པ།  རྒྱུད་གྲྭ་ཁག་གི་ལས་སྣེ་མཐོ་གྲས།  ཀུན་བདེ་གླིང་དང༌།  ཚེ་མཆོག་ གླིང༌།  བསྟན་རྒྱས་གླིང༌།  ཚེ་སྨོན་གླིང༌བཅས་ལྷ་སའི་གླིང་བཞིའི་མཁན་བླ་བཅས་ནས་ྋགོང་ས་

ཏཱ་ལའི་བླ་མ་སྟོན་འཁོར་རྣམས་ལ་ཕེབས་བསུ་བཞུས།  གུང་ཐང་དུ་རྒྱལ་ཚབ་ཀྱིས་གཞུང་འབྲེལ་


12 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གྱི་སྒོ་ནས་ྋགོང་ས་མཆོག་ལ་ཕེབས་བསུ་ཞུས།  རོལ་མོ་མཁན་གྱི་སེར་མོ་བ་རྣམས་ཀྱིས་བོད་ བརྒྱུད་ནང་བསྟན་གྱི་དམིགས་བསལ་རོལ་དབྱངས་སྙན་པར་དཀྲོལ་བའི་ཁྲོད་ྋགོང་ས་མཆོག་ཕེབས་ བྱམས་གཞན་ཞིག་གི་ནང་བཞུགས་ཏེ་གུང་ཐང་དུ་གནས་སྐབས་རིང་ཁོང་གི་ཆེད་བཞེངས་པའི་ཕོ་བྲང་

དུ་ཕེབས།  དེར་རྒྱལ་ཚབ་ཀྱིས་ཕེབས་བསུའི་གཏམ་བཤད་དང་བཅས་ྋགོང་ས་མཆོག་ལ་འབུལ་ རྟེན་སྣ་མང་ཕུལ།  ྋགོང་ས་མཆོག་དང་སྟོན་འཁོར་རྣམས་གུང་ཐང་དུ་ཟླ་བ་གཉིས་ཙམ་སྐུ་བཞུགས་ མཛད།།

ས་སྟག་ཟླ་བ་དང་པོ འ ་ི ཚེ ས ་བཞི ་   ༼ཕྱི​ི ་ ལོ ་   ༡༨༧༨  ཟླ་བ་  ༢  པའི ་ ཚེ ས ་  ༥༽  ཉི ན ་

ཡང་སྲི ད ་རི ན ་པོ ་ ཆེ འི ་ དབུ་སྐྲ་གཙུག་ཕུད་ནང་པ་སངས་རྒྱས་པའི ་ ལུགས་ལྟར་འབུལ་བཞེ ས ་

དང༌།  མཚན་གསོལ་སླད་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གཙང་བཀྲ་ ཤིས་ལྷུན་པོ་ནས་ཕེབས།།

ས་སྟག་ཟླ་བ་དང་པོའ ་ི ཚེས་བདུན་  ༼ཕྱི​ི་ལོ་  ༡༨༧༨  ཟླ་བ་  ༢  པའི་ཚེས་  ༨༽  ཉིན་ནང་

པའི་ཆོས་སྒོར་གསར་དུ་ཞུགས་ཏེ་ཡང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་གྲུབ་པ་དང་ཆོས་ མིང་སྩལ།  དེའི་གོང་སྐྱ་མིང་ལྟར་ཁོང་གི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་ཞེས་གྲགས་

ཀྱང༌།  དེའི་རྗེས་ནས་བཟུང་ཁོང་ལ་མཚན་གསར་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་ དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ཞེས་དང༌།  བསྡུས་ཏེ་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ།

དབུ་སྐྲ་

གཙུག་ཕུད་འབུལ་བཞེས་མ་གྲུབ་གོང་སྐུ་ལུས་ལ་སྐྱ་བོའ ་ི ན་བཟའ་བཞེས་ཀྱི་ཡོད་ཀྱང་དབུ་སྐྲ་གཙུག་ ཕུད་བཞེས་རྗེས་རབ་བྱུང་གི་རྟགས་ཆ་ལུགས་མནབས།  སྲིད་གཞུང་ནས་ཡང་སྲིད་རིན་པོ་ཆེ་

གསེར་ཁྲིར་འཁོད་བསྟུན་གསོལ་སྟོན་རྒྱ་ཆེན་བཤམས།  སྐབས་དེ་དུས་ྋགོང་ས་ཏཱ་ལའི་བླ་མ་ མཆོག་དགུང་གྲངས་གསུམ་ལ་ཕེབས་ཡོད།།

ས་སྟག་ཟླ་བ་དང་པོའ་ི ཚེས་བཅོ་བརྒྱད་  ༼ཕྱི​ི་ལོ་  ༡༨༧༨  ཟླ་བ་  ༢  པའི་ཚེས་  ༢༠༽  ཉིན་

ྋགོང་ས་མཆོག་དང་སྟོན་འཁོར་རྣམས་གུང་ཐང་ནས་སྐྱིད་ཆུ་བརྒལ་ཏེ་དབེན་གནས་རི་རྒྱ་བསམ་

གཏན་གླི ང་དུ་འབྱོར །  དགོ ན ་གནས་དེ ་ བཞི ན ་ཕོ ་ བྲང་པོ ་ ཏ་ལའི ་ཤར་ཕྱོ ག ས་སུ་མལ་ལེ ་ གསུམ་

ཙམ་གྱི​ི ་ སར་ཆགས་ཡོ ད ་ཅི ང ༌།  དེ འི ་ བྱང་ཕྱོ ག ས་སུ་རི ་ བོ ་ ཆུང་ངུ་ཞི ག ་དང༌།  ལྷོ ་ ཕྱོ ག ས་སུ་


པོ་ཏ་ལར་ཕེབས་བཞུགས།

13

རྒྱུག་ཆུ།  ཤར་དང་ནུབ་ཀྱི་ཕྱོགས་སུ་ལྷ་སའི་ཡུལ་ལྗོངས་བཅས་ཡོད།  དབེན་གནས་དེ་ནས་

རྒྱང་རི ང ་གི ་ ཡུལ་ལྗོ ང ས་རྣམས་ཤི ན ་ཏུ་མཛེ ས ་པར་མཐོ ང ་གི ་ ཡོ ད ་ཅི ང ༌།  གནས་དེ ་ ཧ་ཅང་ཁ་ ཁུ་སི མ ་པོ ་ ཞི ག ་ཡི ན །  གནས་དེ ར ་ྋགོ ང ་ས་མཆོ ག ་ལོ ་ འཁོ ར ་གཅི ག ་ལྷག་ཙམ་བཞུགས་ཡོ ད ་

ཅིང༌།  དུས་ཡུན་དེ་དག་གི་རིང་ཁོང་གིས་རང་ཉིད་མ་འོངས་པར་འོས་འགན་ཇི་འདྲ་ཞིག་འཁུར་

དགོ ས ་དང་འབྲེ ལ ་བའི ་ གྲ་སྒྲི ག ་གནང༌།  ྋགོ ང ་ས་ཏཱ་ལའི ་ བླ་མ་སྐུ་གོ ང ་མའི ་ ཡོ ང ས་འཛི ན ་ཕུར་

ལྕོ ག ་བྱམས་པ་རྒྱ་མཚོ ས ་ཡོ ང ས་འཛི ན ་གཙོ ་ བོ འ ་ི ཚུལ་དུ་ྋགོ ང ་ས་མཆོ ག ་ལ་ཉི ན ་རེ འི ་ བྱེ ད ་སྒོ ་ ཕྱག་ལེ ན ་དང༌།  གསུང་རབ་ཀློ ག ་འདོ ན །  ཀུན་སྤྱོ ད ་ཇི ་ ལྟར་དགོ ས ་མི ན ་སོ ག ས་ལེ ག ས་པར་

བསླབས།  བཤད་སྲོལ་ཞིག་ལ་རྒྱལ་ཚབ་ཀྱིས་དུས་ནས་དུས་སུ་ལྷ་ས་ནས་ཕེབས་ཏེ་ཕུར་ལྕོག་

དང་ལྷན་དུ་ྋགོང་ས་མཆོག་ཆོས་སྲིད་གཉིས་ཀྱི་གནས་ལ་མཁས་པ་ཞིག་ཡོང་ཆེད་སྐུ་ཡོན་འབུལ་ ལམ་ཞུས་པ་རེད་ཅེས་གྲགས།  སྐབས་དེ་དུས་ྋགོང་ས་མཆོག་གི་གསན་སྦྱོང་ཤིན་ཏུ་ནས་དམ་

པོ་ཡོད་པ་འདྲ།  ལན་གཅིག་མཇལ་བཅར་སྐབས་ྋགོང་ས་མཆོག་གིས་ཕྲན་ལ་ཁོང་གིས་ཡོངས་ འཛིན་ཕུར་ལྕོག་མཆོག་ལ་གུས་བཀུར་བརྩི་མཐོང་ཆེན་པོ་ཡོད་ཅེས་གསལ་པོར་གསུངས་བྱུང༌།།

བོད་གཞུང་གིས་ཨམ་བན་བརྒྱུད་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྱི་

གནས་ཚུལ་རྣམས་རྒྱ་ནག་གཞུང་ལ་གཏོང་བའི་གོམས་སྲོལ་ཞིག་ཆགས་ཡོད་ཅིང༌།  ཡང་སྲིད་རིན་ པོ་ཆེ་དང་ཁོང་གི་སྟོན་འཁོར་རྣམས་འཁྲུངས་ཡུལ་ནས་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་ཕེབས་ཐོན་ཟིན་

པའི་གནས་ཚུལ་མཁོ་སྤྲོད་བྱུང་རྗེས་རྒྱ་ནག་གི་གཞུང་ནས་འཕྲིན་ཞིག་བཏང་ཡོད་པ་དང༌།  འཕྲིན་ ཡིག་དེ་ནི་རྒྱ་ནག་གོང་མ་ཀོང་ཤུས་བཏང་བ་ཞིག་ཡིན་པ་དང་དེའི་ནང་ྋརྒྱལ་བའི་ཡོངས་འཛིན་རྣམ་ གཉིས་བསྐོ་གཞག་གི་གནས་ཚུལ་འཁོད་ཡོད་པ་གཤམ་གསལ་ལྟར།།

གོང་མ་མཆོག་གིས་རྒྱ་ནག་ཏུ་དབང་ལུང་བསྒྱུར་ནས་ལོ་ངོ་ལྔ་ཧྲིལ་པོར་འཁོར་བ་ས་ཡོས་

ཟླ་བ་དྲུག་པའི་ཚེས་ཉེར་གསུམ་  ༼ཕྱི་ལོ་  ༡༨༧༩  ཟླ་བ་  ༨  པའི་ཚེས་  ༡༠༽  ཉིན་བཏང་བའི་

འཕྲིན་ཡིག་ནང༌།  ཐུང་ཞན་རྗེ་དྲུང་ཧོ་ཐོག་ཐུ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་ཏཱ་ ལའི་བླ་མའི་ཡོངས་འཛིན་དགེ་རྒན་ཆེ་བ་དང༌།  ཕུར་ལྕོག་ནས་ལས་རོགས་བྱས་འཐུས་ལ་དེ་ག་ཡ་ མོན་ནས་ངེས་པའི་བཀའ་ལ་བརྩི་འཇོག་ཡོང་བ་གྱིས།


14 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ྋགོ ང ་ས་ཏཱ་ལའི ་ བླ་མ་མཆོ ག ་རི ་ རྒྱ་དགོ ན ་དུ་བཞུགས་གནང་ཞི ང ་དགུང་གྲངས་བཞི ར ་

ཕེ བ ས་ཡོ ད ་པ་རེ ད །  ལོ ་ དེ འི ་ ཟླ་བ་དྲུག་པའི ་   ༼ཕྱི​ི ་ ལོ ་   ༡༨༧༩  ཟླ་བ་  ༧  པ་དང་  ༨  པའི ་ མཚམས།༽  ནང་ཁོང་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ཀྱི་ཚུལ་དུ་ཕོ་བྲང་པོ་ཏ་ལར་སེང་གེས་

བཏེགས་པའི་བཞུགས་ཁྲིར་ཞབས་སོར་འཁོད་དགོས་པ་དང༌།  དེའི་གོང་ཙམ་ན་ལྷ་སྡོད་ཨམ་བན་ཕོ་ བྲང་པོ་ཏ་ལར་རྒྱལ་ཚབ་རིན་པོ་ཆེ་དང་མཇལ་འཕྲད་ཀྱིས་ྋརྒྱལ་བའི་ཡང་སྲིད་འཁྲུལ་མེད་ཡིན་པར་

ངོས་འཛིན་དང༌།  རྒྱ་ནག་གོང་མས་ྋགོང་ས་མཆོག་ལ་གནང་སྐྱེས་སུ་སྩལ་བའི་གསེར་གྱི་ཐམ་ག་

དེ་བཞིན་སྤྱན་འབུལ་ཞུས།  དེ་ནས་ཁོང་གིས་རྒྱལ་ཚབ་ལ་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་  ༼ཕྱི​ི་

ལོ་  ༡༨༧༩  ཟླ་བ་  ༧  ཚེས་  ༣༡༽  ཉིན་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཚུགས་ཆོག་པའི་ བཀའ་འཁྲོལ་སྤྲད།།

ྋགོང་ས་མཆོག་གི་ཁྲི་འདོན་གྱི་ཉིན་མོར་ཞོགས་པ་སྔ་མོ་ནས་ལྷ་སའི་ཡུལ་མི་རྣམས་ཀྱིས་

ཕེབས་ལམ་གཙང་ཞིང་ཡིད་དུ་འོང་བའི་བྱི་དོར་ལེགས་པར་བྱས་ནས་དཀར་ཐིག་གིས་མཛེས་པར་

བྱས།  ཁང་ཁྱིམ་ཡོད་ཚད་ཀྱི་ཡང་ཐོག་ཏུ་གདུགས་དང་དར་ཚོན་སྣ་ལྔས་བརྒྱན་པར་བྱས།  ཁོང་ རྣམ་པས་ྋགོང་ས་མཆོག་ཕེབས་བསུའི་ཆེད་དཀའ་ཚེགས་ལ་བཟོད་བསྲན་གྱིས་གྲ་སྒྲིག་ལེགས་པར་

བྱས།  རི་རྒྱ་ནས་ལྷ་སའི་བར་གྱི་ཕེབས་ལམ་མཐའ་གཉིས་སུ་གདན་ས་ཆེན་པོ་གསུམ་གྱི་སེར་མོ་ བ་རྣམས་ཀྱིས་སེར་སྦྲེངས་བསྒྲིགས་ཤིང་ཆེས་སྙན་པར་སྒྲོག་བཞིན་པའི་རོལ་དབྱངས་ཀྱི་ཁྲོད་ྋགོང་

ས་མཆོག་རི་རྒྱ་དགོན་ནས་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད།  མདུན་གྲལ་དུ་རྒྱལ་ཚབ་རིན་ པོ་ཆེ་དང༌།  བཀའ་བློན་ལྷན་རྒྱས།  གླིང་བཞིའི་བླ་གཙོ་ཁག  དེའི་མཇུག་གྲལ་དུ་རྒྱ་ནག་གི་

དཔོན་རིགས་ཆེ་ཁག་དང་དམག་དཔོན།  བལ་ཡུལ་དང༌།  ཀ་ཤི་མིར།  དེ་བཞིན་ཁྱིམ་མཚེས་

རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་དུས་སྟོན་དང་འབྲེལ་བའི་རང་ལུགས་ཀྱི་རྒྱན་དང་ཆ་ལུགས་སྤྲས་ཏེ་ ཆིབས་ཞབས་ཀྱི་ཁོངས་སུ་ཞུགས།  དེ་ལྟར་སྐད་ཡིག་དང་ཆ་ལུགས་མི་འདྲ་བའི་སྐྱེས་བུ་མང་དག་

ཅིག་གིས་འགྱིང་ཉམས་ལྡན་པའི་སྒོ་ནས་དུས་སྟོན་དེའི་ནང་མཉམ་ཞུགས་བྱས།  ཆིབས་ཞབས་ ཀྱི་དབུས་སུ་ྋགོང་ས་མཆོག་ཁ་དོག་སེར་པོའ ་ི གོས་བཟང་གིས་བརྒྱན་པའི་ཕེབས་བྱམས་ཀྱི་ནང་

དུ་བཞུགས།  ྋགོང་ས་ཏཱ་ལའི་བླ་མ་དེ་ཉིད་དགུང་གྲངས་ཆུང་ཡང་མི་མང་གི་ཕེབས་བསུའི་ཁྲོད་


པོ་ཏ་ལར་ཕེབས་བཞུགས།

15

འགྱིང་ཉམས་དང་བརྗིད་ཆགས་ཀྱི་ཚུལ་དུ་ཕེབས།  སེར་སྦྲེངས་ལྷ་ས་གྲོང་འཁྱེར་དུ་སླེབས་སྐབས་ མི་དཔོན་**གྱིས་བདུག་སྤོས་ལག་གིས་མཐོན་པོར་བཏེགས་ཏེ་སྣེ་འཁྲིད་ཞུས།  རྣམ་ཐར་ངོ་མཚར་ རིན་པོ་ཆེའི་ཕྲེང་བའི་ནང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཁྲིར་མངའ་གསོལ་ཉིན་སྐྱིད་པའི་

ཉི་མ་ཤར་བས་སྐྱེ་བོ་རྣམས་ཀྱི་བློ་སེམས་དགའ་སྤྲོས་ཁེངས་ཚུལ་འཁོད་འདུག  ལྷ་སའི་དབུས་སུ་ ཆགས་ཤིང་རྟེན་གཙོར་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཡོད་པའི་ཇོ་ཁང་གི་གཞུང་སྒོའ ་ི འགག་ཏུ་ཏཱ་

ལའི་བླ་མ་ཕེབས་བྱམས་ལས་བཤོལ་ཏེ་སྐུ་བརྙན་དེར་མཆོད་མཇལ་མཛད།  དེ་ནས་དེར་ཡོད་ཀྱི་ མི་ལོ་  ༡༣༠༠  འཁོར་བའི་འཕགས་པ་ལོ་ཀེ་ཤྭ་རའི​ི་སྐུ་བརྙན་ཞིག་ཡོད་པ་དེར་མཇལ་ཕྱག་འབུལ་

གནང་མཛད།  སྐུ་ངལ་ཡུད་ཙམ་གསོས་གནང་རྗེས་སླར་ཡང་ཕེབས་བྱམས་ནང་བཞུགས་ཏེ་ཕོ་བྲང་ པོ་ཏ་ལའི་རྒྱལ་སྒོ་འགག་ཏུ་འབྱོར།  དེ་ནས་སྐུ་འཁོར་རྣམས་རྡོའ ་ི ཐེམ་སྐས་བརྒྱུད་ཕོ་བྲང་གི་རྩེ་ཐོག་

ཏུ་འབྱོར།  རྩེ་ཐོག་ཏུ་འབྱོར་འཕྲལ་སྤྱན་རས་གཟིགས་ཀྱི་མཆོད་ཁང་དུ་བོད་མི་རྣམས་ཀྱིས་ཡོངས་

གྲགས་སུ་ལོ་ཀེ་ཤྭ་ར་ཞེས་འབོད་པའི་སྐུ་བརྙན་ཡོད་པ་དེའི་སྐུ་མདུན་དུ་ྋགོང་ས་མཆོག་གིས་ཐུགས་ སྨོན་མཛད།  སྐུ་བརྙན་དེ་ནི་ཕོ་བྲང་པོ་ཏ་ལའི་རྟེན་གཙོ་ཡིན་པ་དང༌།  བཤད་སྲོལ་དུ་མི་ལོ་ ༡༣༠༠

གོང་ཕོ་བྲང་པོ་ཏ་ལ་གསར་བཞེངས་སྐབས་སྐུ་བརྙན་དེ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཕོ་བྲང་པོ་ཏ་ ལ་ནས་འཕུར་ཏེ་ཕེབས་ཡོད་ཅིང༌།  སྐུ་བརྙན་དེར་རྫུ་འཕྲུལ་གྱི་ནུས་མཐུ་ལྡན་ཞེས་གྲགས།  དེ་ ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གཟིམ་ཆུང་ཉི་འོད་འགག་ཏུ་བཞུགས་པའི་ཆིང་གོང་མའི་འདྲ་ ཐང་ལ་གུས་འདུད་ཞུས།།

སེ ར ་མོ ་ བ་དང་གཞུང་ཞབས་དཔོ ན ་རི ག ས་ཕེ བ ས་བཅར་ཐོ ག ་རྒྱ་གླི ང ་སོ ག ས་ཀྱི ་ སྙན་

འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཁྲི་འདོན་གྲུབ་རྗེས།  ལྷ་ སྡོ ད ་རྒྱའི ་ བློ ན ་ཆེ ན ་གྱི ས ་ྋགོ ང ་ས་མཆོ ག ་ལ་གུས་འདུད་མཚོ ན ་པའི ་ ཚོ ན ་སྣ་ལྔའི ་ ཁ་བཏགས་

ཤི ག ་ཕུལ།  མཛད་སྒོ ་ དེ ར ་ཕེ བ ས་བཅར་གནང་མཁན་ཡོ ང ས་ལ་གསོ ལ ་ཇ་དང༌།  བཞེ ས ་ འབྲས།  བཞེ ས ་སྤྲོ །   ཤི ང ་འབྲས་ལ་སོ ག ས་བཏེ ག ས།  རྒྱལ་ཚབ་དང༌།  བླ་སྤྲུལ་ཆེ ་ ཁག

ཡོ ང ས་འཛི ན ་ཕུར་ལྕོ ག   ྋགོ ང ་ས་མཆོ ག ་གི ་ ཡབ།  བཀའ་བློ ན ་རྣམ་པ།  སྤྱི ་ ཁྱབ་མཁན་ **  ལྷ་སའི་མི་དཔོན།  ༼སྒྱུར་བ་པོའ ་ི མཆན།༽


16 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

པོ།  དེ་བཞིན་དཔོན་རིགས་ཁག་གིས་རང་རང་གི་གོ་གནས་དང་མཐུན་པའི་སྒོ་ནས་མཇལ་དར་ ཕུལ་ཏེ་ཁྲི་འདོན་གྱི་རྟེན་འབྲེལ་ཞུས།།

རྒྱ་ནག་གོང་མ་ཀོང་ཤུས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཁྲི་འདོན་གྱི་དུས་དང་བསྟུན་ཏེ་ཕྱག་

བྲིས་དང་གནང་སྐྱེས་ཕུལ།  ཞིང་པ་ཕལ་པ་ཞིག་ཡིན་པའི་ྋརྒྱལ་བའི་ཡབ་ལ་གོང་མས་ཁོང་གི་ནང་

མིར་ཆེས་མཐོ་བའི་གུང་གི་ཆོ་ལོ་སྩལ་ཏེ།  དེ་དང་མཚུངས་པའི་གཟིགས་སྐྱོང་གནང་རྒྱུ་ཡིན་ཞེས་ བཀའ་གནང༌།  ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་བལྟམས་ཡུལ་གྱི་མིང་དང་བསྟུན་ནས་ཡབ་གཞིས་ ཀྱི་མཚན་ལ་གླང་མདུན་ཞེས་གསོལ།།

གོང་མ་ཀོང་ཤུས་སྲིད་དབང་བཟུང་ནས་ལོ་ལྔ་འཁོར་བའི་ས་སྟག་ལོར་  ༼༡༨༧༩༽  ྋགོང་

ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་རིན་པོ་ཆེ་ངོས་འཛིན་དང་ཁྲི་འདོན་ཞུ་སྐབས་གནང་བའི་འཕྲིན་ ཡིག་གཤམ་གསལ།།

ཏཱ་ལའི ་ བླ་མའི ་ སྐྱེ ་ སྤྲུལ་རི ན ་པོ ་ ཆེ ་ ད་ཆ་ངོ ས ་འཛི ན ་གཏན་འཁེ ལ ་ཟི ན ་ཏེ ་ འདི ་ ལོ ་ ཟླ་བ་དྲུག་

པའི་ཚེས་བཅུ་གསུམ་  ༼ཕྱི​ི་ལོ་  ༡༨༧༩  ཟླ་བ་  ༧  པའི་ཚེས་  ༣༡༽  ཉིན་མངའ་གསོལ་བྱེད་ རྒྱུ་སོགས་ཤིན་ཏུ་བཀྲ་ཤིས་པའི་དོན་བཟང་པོར་སོང་གཤིས།  ངོས་ཀྱང་དགའ་སྤྲོ་ལྷག་པར་ཐོབ་

ཅིང༌།  ཏཱ་ལའི་བླ་མའི་མཆོག་སྤྲུལ་ལ་གནང་སྐྱེས་སུ་ཁ་བཏགས་སེར་པོ་གཅིག  གོང་མ་ཀོང་ཤུའི་

སྐུ་པར་གཅིག  རྡོ་རྗེ་དང་དྲིལ་བུ་ཆ་ཚང་གཅིག་བཅས་སྩལ་ཡོད།  ཕྱོགས་མཚུངས་ཏཱ་ལའི་བླ་ མ་སྐུ་གོང་མར་སྩལ་ཐོབ་བྱུང་བའི་གསེར་གྱི་ཐམ་ག་དེ་བཞིན་ཏཱ་ལའི་བླ་མ་གསེར་ཁྲིར་འཁོད་སྐབས་

ཐུགས་རྗེ་ཆེ་ཞུའི་ཞུ་ཡིག་ཐོག་ཕབ་འཐུས་དང༌།  འགྱོགས་བྱམས།  ཤིང་རྟ།  སྒ་འབོལ།  སྲབ་ མདའ།  ཁུ་རལ་སོགས་ཁ་དོག་སེར་པོ་ཡང་སྔར་ལམ་བེད་སྤྱོད་བགྱིད་འཐུས།  ཡབ་ཀུན་དགའ་

རིན་ཆེན་ལ་གུང་གི་ཆོ་ལོ་དང༌།  ནོར་བུའི་ཏོག  རྨ་བྱའི་སྒྲོ་མདོངས་བཅས་གསོལ་རས་ཡོད་པས་ དགའ་བར་གྱིས།།

ཉི ན ་གུང་ཡོ ལ ་བའི ་ རྗེ ས ་ཕོ ་ བྲང་པོ ་ ཏ་ལའི ་ ནང་བུད་མེ ད ་འཛུལ་ཞུགས་བྱེ ད ་མི ་ ཆོ ག ་པའི ་

སྒྲི ག ་སྲོ ལ ་ཞི ག ་ཡོ ད ་ཅི ང ༌།  ྋགོ ང ་ས་མཆོ ག ་གི ས ་ཀྱང་སྒྲི ག ་སྲོ ལ ་དེ ་ དང་མཐུན་པར་གནང་ དགོས།  དགུང་ལོ་བཞི་ལས་མ་སོན་པ་ཞིག་ཡིན་ཀྱང་དེའི་ཐད་ཁོང་ལ་ཡང་དམིགས་བསལ་གང་


པོ་ཏ་ལར་ཕེབས་བཞུགས།

17

ཡང་མེད།  ཞོགས་པའི་དུས་སུ་ཁོང་རང་གི་ཡུམ་དང་ལྷན་དུ་སྡོད་ཆོག་གི་ཡོད་ཀྱང་ཉིན་གུང་ཡོལ་ མཚམས་སུ་ཕོ ་ བྲང་གི ་ རྒྱལ་སྒོ འ ་ི ཉེ ་ འགྲམ་ནས་འཁར་རྔའི ་ སྒྲ་བྱུང་མ་ཐག་ཡུམ་ཕོ ་ བྲང་ནས་ཕྱི ར ་ ཐོན་བྱ་དགོས།  དེའི་རྗེས་གཟིམ་དཔོན་ཆེན་མོས་ཡུམ་གྱི་ཚུལ་དུ་ཁོང་ལ་ཞབས་ཏོག་ཞུ་དགོས་

པ་དང༌།  སྐབས་འགར་ཁོང་གི་ལྷན་དུ་གཟིམས་དགོས།  ྋགོང་ས་ཏཱ་ལའི་བླ་མ་མཆོག་དགུང་ ལོ་མཐོན་པོར་མ་སོན་བར་དུས་རྒྱུན་དུ་ཟླ་རེའི་ཚེས་བརྒྱད་དང་བཅོ་ལྔར་དབུ་ལ་ཁྲུས་ཆུ་བྱུག་སྟེ་

ཚེ་དབང་གནང་སྲོལ་ཞིག་ཡོད་པ་དེ་ནི་ཁོང་ལ་གནོད་གཞིའི་ནད་ཡམས་ལ་སོགས་པའི་ངན་རིགས་ རྣམས་ཕྱིར་བསྐྲད་དང༌།  སྐུ་ཁམས་བདེ་ལེགས་ངང་འཚར་ལོངས་ཡོང་བའི་ཆོ་ག་ཡིན།།

ད་ནི་ཕོ་བྲང་པོ་ཏ་ལའི་ནང་ཏཱ་ལའི་བླ་མ་གསར་པ་ཞིག་ཡོད་པ་དང༌།  ས་ཡོས་ཟླ་བ་དྲུག་

པའི ་ ཚེ ས ་བཅོ ་ ལྔ་  ༼ཕྱི​ི ་ ལོ ་   ༡༨༧༩  ཟླ་བ་  ༨  ཚེ ས ་  ༢༽  ཉི ན ་པཎ་ཆེ ན ་རི ན ་པོ ་ ཆེ ས ་ཁོ ང ་

བཀུར་འོ ས ་པའི ་ བཞུགས་ཁྲི འི ་ སྟེ ང ་འཁོ ད ་དུ་བཅུག་ནས་རྟེ ན ་འབྲེ ལ ་གྱི ་ དགའ་སྟོ ན ་མཛད།  ཁྲི ་ འདོ ན ་གྱི ་ དགའ་སྟོ ན ་དང་མ་འོ ང ས་པར་བཀྲ་ཤི ས ་པ་ཡོ ང ་བའི ་ སྨོ ན ་འདུན་དུ་ཁོ ང ་ལ་མཇལ་དར་

དང༌།  དེ་བཞིན་གྱི་འབུལ་རྟེན་དུ་མ་ཕུལ་གནང་མཛད།  དེ་ནས་བཟུང་ཉིན་ཤས་རིང་ཀུན་བདེ་ གླི ང ་དང༌།  ས་སྐྱ།  གནས་ཆུང༌།  བསྟན་རྒྱས་གླི ང ་ལ་སོ ག ས་པའི ་ དགོ ན ་སྡེ ་ དང་བླ་བྲང་

ཁག  འབྲས་ལྗོངས་ཀྱི་ཆོས་རྒྱལ་ཀྱི་སྐུ་ཚབ་དང༌།  བོད་གཞུང་གི་བཀའ་བློན་རྣམ་པས་སྒེར་དང་ ཚོགས་པ་གང་རུང་གི་སྒོ་ནས་དེ་ལྟའི་དགའ་སྟོན་གྲ་སྒྲིག་ཞུས།  དགའ་སྟོན་དེའི་ནང་མཉམ་ཞུགས་ ཆེད་ཤར་ཕྱོགས་ཁམས་ཀྱི་ས་ཁུལ་དང༌།  ནུབ་མངའ་རིས་ལ་སོགས་པའི་རྒྱང་རིང་གི་ས་ཐག་ནས་

སྐྱེ་བོ་མང་དག་ལྷ་སར་སླེབས།  དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་ྋགོང་ས་

མཆོག་གི་སྐུ་བསོད་ལ་བསྟོད་པ་འབུལ་བ་དང༌།  ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་བདེ་སྐྱིད་ གོང་འཕེལ་ཡོང་ཆེད་ཡིན།  དེ་ལྟའི་སྒོ་ནས་ཁྲི་འདོན་ལེགས་གྲུབ་བྱུང་ཡོད་པ་དང༌། སྲིད་སྐྱོང་གིས་ བྱུང་བ་དེ་དང་འབྲེལ་བའི་གནས་ཚུལ་གོང་མ་ཀོང་ཤུར་སྙན་སེང་ཞུས་ཡོད་པ་གཤམ་གསལ།།

ད་ལམ་ཏཱ་ལའི་བླ་མ་རིན་པོ་ཆེ་ས་ཡོས་ཟླ་བ་དྲུག་པའི་ཚེས་བཅུ་གསུམ་ ༼ཕྱི​ི་ལོ་  ༡༨༧༩  ཟླ་

བ་  ༧  ཚེ ས ་  ༣༡༽  ཉི ན ་པོ ་ ཏ་ལར་ཕེ བ ས་འཕྲལ་གོ ང ་མ་ཀའོ ་ ཚུང་  ཆཱེ ན ་ལུང༌གི ་ ཞལ་ཐང་

ལ་གུས་འདུད་མཛད་ཅི ང །  ས་ཡོ ས ་ཟླ་བ་དྲུག་པའི ་ ཚེ ས ་བཅུ་བཞི ་   ༼ཕྱི​ི ་ ལོ ་   ༡༨༧༩  ཟླ་


18 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

བ་  ༨  ཚེས་  ༡༽  ཉིན་བཀའ་ལུང་བཟང་པོའ ་ི གསེར་ཡིག་གསན་བཞེས་ཀྱིས་ཏཱ་ལའི་བླ་མ་རིན་ པོ ་ ཆེ ་ ནས་གསེ ར ་གྱི ་ རྒྱལ་ཁབ་ཆེ ན ་པོ ར ་ཞལ་ཕྱོ ག ས་ཏེ ་ གོ ང ་མ་ཁྱེ ད ་ཉི ད ་ཀྱི ་ བཀའ་དྲི ན ་ལ་གུས་

འདུད་ཞུ་བ་གནང་ཐོག  ཆུ་ཚོད་དགེ་བར་སེང་ཁྲིར་མངའ་གསོལ་མཛད་པར་གནམ་དཔྱད་ལེགས་ ཤིང༌།  གང་ཅིར་རྟེན་འབྲེལ་ལེགས་འགྲིགས་ཕུན་སུམ་ཚོགས་པ་བྱུང་བའི་གནས་ཚུལ་སྙན་སེང་ཞུ་ རྒྱུ་བྱུང་བར་དགའ་སྤྲོ་ཆེ།  ཞེས་འཁོད་ཡོད་པ་རེད།།  །།


པོ་ཏ་ལར་གསན་སྦྱོང་གནང་ཚུལ། V ༄།  །ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་པ་ནས་བཟུང་གོང་གསལ་གསོལ་གཟིམས་མཆོད་གསུམ་

ནས་དུས་རྟག་ཏུ་ཉེ་བར་གནས་ཏེ་ྋརྒྱལ་དབང་ཏཱ་ལའི་བླ་མ་མཆོག་གི་མཛད་སྤྱོད་ལ་གཟིགས་རྟོག་

གནང༌།  ཡོངས་འཛིན་གཙོ་བོ་ཕུར་ལྕོག་གིས་ྋརྒྱལ་དབང་མཆོག་ལ་རང་ཉིད་ཆོས་སྲིད་གཉིས་ ལྡན་གྱི་ཚུལ་དུ་མཛད་སྤྱོད་ཇི་ལྟར་སྤེལ་དགོས་པའི་མན་ངག་སྩལ།  ཕུར་ལྕོག་གིས་དགུང་གྲངས་

ཆུང་བའི་ྋརྒྱལ་དབང་ཏཱ་ལའི་བླ་མ་མཆོག་ལ་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་བྱ་དགོས་པའི་གདེང་ སྤོབས་བསྐྲུན་ཆེད་སྐུ་ངལ་ཧུར་བཞེས་གནང༌།  ཕྱེད་ཡོལ་ཕལ་མོ་ཆེར་ྋརྒྱལ་དབང་མཆོག་གིས་ བཞུགས་ཁྲིའི་སྟེང་འཁོད་དེ་བོད་ས་ག་གེ་མོ་ཙམ་ནས་མིན་པར་རྒྱང་ཐག་རིང་བའི་སོག་ཡུལ་སོགས་

ནས་ཕེབས་པའི་དད་ལྡན་སྐྱེ་བོ་ཤིན་ཏུ་མང་པོར་མཇལ་ཁ་གནང་དགོས་ཤིང༌།  མཇལ་བཅར་བ་ རྣམས་ཀྱིས་ཁོང་ལ་དད་གུས་ཆེས་ཆེར་གནང་བ་དེའི་རྐྱེན་གྱིས་ཁོང་གི་བློ་ངོར་རང་ཉིད་ྋགོང་ས་ཏཱ་ ལའི་བླ་མ་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་ངེས་པ་ཞིག་རིམ་གྱིས་སྐྱེས་ཡོད་ངེས་རེད།།

དེ ་ ནས་ྋརྒྱལ་དབང་མཆོ ག ་དགུང་ལོ ་ བདུན་ལ་ཕེ བ ས་ཤི ང །  དེ ་ ནི ་ ཁོ ང ་གི ས ་དགེ ་

བསྙེ ན ་གྱི ་ བསླབ་སྡོ མ ་བཞེ ས ་དགོ ས ་པའི ་ དུས་ཡི ན །  ཕོ ་ བྲང་ཆེ ན ་པོ ་ པོ ་ ཏ་ལའི ་ བླ་སྤྲུལ་ལས་

སྣེ ་ དང༌།  དེ ་ བཞི ན ་གྱི ་ དཔོ ན ་རི ག ས་རྣམས་ཀྱི ས ་རྟེ ན ་འབྲེ ལ ་དེ འི ་ སླད་སྔ་ས་ནས་སྟ་གོ ན ་བྱས་ ཟིན།  ཆུ་རྟ་ལོའ ་ི ཟླ་བ་དང་པོའ ་ི ཚེས་དྲུག་  ༼ཕྱི​ི་ལོ་  ༡༨༨༢  ཟླ་བ་  ༢  པའི་ཚེས་  ༢༣༽

ཉིན་

ཕོ་བྲང་པོ་ཏ་ལའི་གཟིམས་ཆུང་དབུས་མར་རྒྱལ་ཚབ་དང་ྋརྒྱལ་བའི་ཡོངས་འཛིན་གཅིག་ལྕོགས་

རྟ་ཚག་ཧོ་ཐོག་ཐུ་མཆོག་གིས་ཆོ་ག་དེའི་སྣེ་འདྲེན་གནང་ཞིང།  ྋརྒྱལ་དབང་མཆོག་གིས་དགེ་

བསྙེན་གྱི་བསླབ་སྡོམ་བཞེས ་གནང་མཛད།  རྟེ ན ་འབྲེལ ་དེ ་ དང་བསྟུན་རྒྱ་ནག་གོ ང་མ་ཀྭང་ཞུས་ ཕྱག་བྲིས་ཤིག་དང་འབུལ་རྟེན་སྩལ་བ་གཤམ་གསལ།།


20 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཤེས་རབ་ཀྱི་མགོན་པོ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ།  ས་སྟེང་དུ་ལྷའི་རྒྱལ་པོ་ཚངས་

པ་ལྟར་རྣམ་པར་རྒྱལ་བའི་རྒྱ་ནག་གོང་མས་བོད་ལ་བརྫངས་པའི་གསེར་ཡིག་གི་ནང་དོན།  ཞྭ་སེར་

དགེ་ལུགས་ཀྱི་བསྟན་པ་ཡངས་པའི་ས་གཞིའི་སྟེང་ཁྱབ་འཕེལ་ཇེ་ཆེར་ཡོང་སླད་ཏཱ་ལའི་བླ་མས་གསན་

སྦྱོང་ལ་སྔར་ལས་འབད་པ་ཧུར་ལེན་ཆེ་བ་གནང་གི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་དགའ་སྤྲོ་ རབ་ཏུ་ཆེ།  འཛམ་བུའི་གླིང་དེར་སངས་རྒྱས་པའི་བསྟན་པ་ཡུན་རིང་གསོན་གནས་ཡོང་བ་དེ་ནི་ངེད་

ཚོའི་བཅོས་མིན་གྱི་འདོད་འདུན་ཡིན།  དེང་འདིར་ཏཱ་ལའི་བླ་མར་རྡོའ ་ི སྙིང་པོ་ནོར་བུ་ལྗང་ལས་གྲུབ་

པའི་ཕྲེང་བ་དང༌།  གཡང་ཊི་ལས་གྲུབ་པའི་བཞེས་ཕོར་ལ་སོགས་པའི་འབུལ་རྟེན་དུ་མ་ཕུལ་ཡོད་པ་ རྣམས་དགྱེས་བཞེས་ཡོད་པ་མཁྱེན།

སྨོན་ལམ་ཆེན་མོ་ལོ་ལྟར་བོད་ཟླ་དང་པོའ ་ི སྐབས་བདུན་ཕྲག་གསུམ་གྱི་རིང་ལྷ་སར་ཚུགས་ཀྱི་

ཡོད་ཅིང༌།  དེ་ནི་རྒྱལ་ཁབ་ཀྱི་དུས་སྟོན་ཆེ་ཤོས་ཡིན།  བཤད་སྲོལ་ལྟར་ན་དུས་སྟོན་དེ་རྒྱ་གར་

དུ་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ནས་བཟུང་སྲུང་བརྩི་བྱེད་བཞིན་ཡོད།  ྋརྒྱལ་ དབང་ཏཱ་ལའི ་ བླ་མ་མཆོ ག ་དགེ ་ འདུན་པ་ཞི ག ་ཆགས་ཟི ན ་རྐྱེ ན ་ཁོ ང ་གི ས ་སེ ་ རྭ་དང༌།  འབྲས་

སྤུངས།  དགའ་ལྡན་གསུམ་ནས་སེར་མོ་བ་སྟོང་ཕྲག་ཉི་ཤུ་ལྷག་ཕེབས་ཞུགས་བྱས་པའི་ལོ་དེའི་སྨོན་ ལམ་གྱི་དུས་སྟོན་གྱི་ཚོགས་དབུར་བྱོན།  ཁོང་གི་མཛད་རྣམ་ནང་དུས་སྟོན་དེའི་སྐབས་མི་མང་གི་ སེམས་ནང་བརྗོད་ཀྱིས་མི་ལངས་པའི་དགའ་སྤྲོས་ཁེངས་ཞེས་འཁོད་འདུག  །

པོ་ཏ་ལའི་ནང་ཡང་སྲིད་རིན་པོ་ཆེའི་གསན་སྦྱོང་གི་ཆེད་དམིགས་བསལ་བཤད་གྲྭ་ཞིག་གསར་

འཛུགས་བྱས་ཡོད་པ་དང༌།  བཤད་གྲྭ་དེའི་དབུ་འཛིན་དུ་རྒྱལ་ཚབ་རྟ་ཚག་ཧོ་ཐོག་ཐུ་དང་ཁོང་གི་

ཕྱག་རོགས་སུ་ཕུར་ལྕོག་བསྐོ་གཞག་གནང།  སེ་རྭ་དགོན་པའི་བློ་བཟང་བསོད་ནམས་དང་དགའ་ ལྡན་དགོ ན ་པའི ་ བཟང་པོ ་ ཕུན་ཚོ ག ས་གཉི ས ་ཡོ ང ས་འཛི ན ་རྣམ་པ་གཉི ས ་ཀྱི ་ ཕྱག་རོ ག ས་སུ་བསྐོ ་

གཞག་གནང།  དེ་དང་ལྷན་དུ་ལྷ་སའི་ཉེ་འཁོར་གྱི་གདན་ས་ཆེན་པོ་གསུམ་ནས་དགེ་འདུན་པ་བཅུ་ འདེམས་སྒྲུག་གིས་ྋརྒྱལ་དབང་མཆོག་གི་ཞབས་ཞུར་བསྐོ་གཞག་བྱས།  ཁོང་རྣམས་དགེ་ལུགས་ པ་ཡིན་ཅིང༌།  དེ་སྐབས་ཀྱི་གྲགས་ཅན་མཁས་པ་ཡང་ཡིན།  དགེ་འདུན་པ་བཅུ་པོ་དེས་ྋརྒྱལ་ དབང་མཆོག་ལ་སློབ་འཁྲིད་བྱེད་དགོས་པ་དང་ཁོང་རྣམས་ལ་ཡོངས་གྲགས་སུ་མཚན་ཉིད་མཁན་པོ་


པོ་ཏ་ལར་གསན་སྦྱོང་གནང་ཚུལ།

21

ཟེར།  དེ་དག་གི་ཁོངས་སུ་དུས་ཕྱིས་ྋརྒྱལ་དབང་མཆོག་གི་ཉེ་གནས་ཤིག་ཏུ་གྱུར་པའི་བྷུ་རཱི་ཊ་ནས་

ཡིན་པའི་སོག་པོའ་ི དགེ་འདུན་པ་རྡོ་རྗེ་ཡིབ་ཅེས་བྱ་བ་དེ་ཡང་ཡོད།  ཁོང་གི་སྐོར་གནས་ཚུལ་རྒྱས་པ་ ལེ་ཚན་གཞན་ཞིག་གི་ནང་འབྲི་རྒྱུ་ཡིན།།

བཤད་གྲྭ་གསར་པ་དེ་ལས་ྋརྒྱལ་དབང་མཆོག་ལ་སློབ་སྦྱོང་གང་འདྲ་ཐོབ་ཡོད་དམ་ཞུས་ན་

དང་ཐོག་ཁོང་གིས་སློབ་སྦྱོང་ཀུན་གྱི་གཞི་རྩར་གྱུར་པའི་ཚད་མ་རིག་པ་སྦྱངས།  དེ་ཡང་བོད་དུ་རྩོད་

པའི་ལམ་ནས་ནང་ཆོས་གསན་སྦྱོང་བྱེད་ཀྱི་ཡོད་ཅིང༌།  དེའི་ཆེད་སྔ་རབས་རྒྱ་གར་གྱི་རིགས་ལམ་ ལག་བསྟར་བྱེད་ཀྱི་ཡོད།  ལམ་ལུགས་དེ་བཞིན་ནང་པའི་གྲུབ་མཐའ་ཀུན་གྱི་དོན་སྙིང་ལེགས་པར་ རྟོགས་སླད་མེད་དུ་མི་རུང་བ་ཞིག་ཡིན་རྐྱེན་ྋརྒྱལ་དབང་མཆོག་གིས་གོམ་སྟབས་དང་པོའ ་ི ཚུལ་དུ་

རིགས་ལམ་གྱི་གཞི་རྩ་བསྡུས་གྲྭའི་གནད་ལ་གསན་སྦྱོང་གནང༌།  དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཀྱི་འཛིན་གྲྭར་ཕེབས།  དེའི་ ཞོར་ལ་ཁོང་གིས་སེམས་ཙམ་པའི་གཞུང་ལ་གསན་སྦྱོང་མཛད།  དེའི་རྗེས་དབུ་མ་སློབ་འཁྲིད་གནང་

སའི་འཛིན་གྲྭར་ཕེབས།  འཛིན་གྲྭ་དེའི་ཕྱག་དཔེ་ནི་ཤཱུནྱཏཱ་འམ་སྟོང་ཉིད་ཀྱི་ལྟ་བ་དཔྱིས་ཕྱིན་པར་ སྟོན་པའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་དེ་རེད་འདུག  དེ་ནས་ཁོང་གིས་སོ་ སོར་ཐར་པའི་མདོ་སྟེ་དམ་ཆོས་འདུལ་བ་གསན་སྦྱོང་མཛད། གཟི་བརྗིད་ལྡན་ཞིང་སྒྲིག་ཁྲིམས་དམ་པའི་

དགེ་འདུན་པའི་མི་ཚེ་བསྐྱལ་བར་འདུལ་བའི་གཞུང་དཔྱིས་ཕྱིན་པའི་སྒོ་ནས་སྦྱོང་དགོས།  དེ་ནས་ ཐེག་དམན་གྱི་གཞུང་ཀུན་བཏུས་པ་དམ་པའི་ཆོས་མངོན་པ་མཛོད་སྦྱོང་དགོས།  དེ་དག་ལ་གསན་ སྦྱོང་གྲུབ་རྗེས་ཁོང་ལ་བོད་ཀྱི་ནང་བསྟན་ཁོངས་ནས་ཆེས་གལ་འགངས་ཆེ་བར་འཛིན་པའི་སྔགས་

གཞུང་ལ་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་ཚང་ཡོད་པར་ངོས་འཛིན་བྱེད།  དེར་དགོས་ངེས་ཀྱི་སྔོན་འགྲོའ ་ི ཆ་རྐྱེན་ལྟ་བུར་ཁོང་ནས་རྒྱུན་གཏན་དུ་ཁྲུས་གསོལ་གྱི་ཆོ་ག་ལྟ་བུའི་ཆོས་ཕྱོགས་ཀྱི་ཉམས་ལེན་ཆག་

མེད་ཐོག་དམ་ཚིག་གཙང་མར་སྲུང་དགོས།  གསན་སྦྱོང་དང་ཉམས་ལེན་གྱི་རིམ་པ་དེ་དག་ྋརྒྱལ་

དབང་མཆོག་གི་ཆེད་དུ་དམིགས་སུ་བཀར་ནས་གོ་སྒྲིག་བྱས་ཡོད་ཅིང༌།  བཤད་གྲྭ་གསར་པ་དེའི་ ནང་དེ་དག་ལག་བསྟར་ཚུལ་མཐུན་གྱི་སྒོ་ནས་གནང་འདུག  ཁོང་གི་བཤེས་གཉེན་རྣམས་པྲམཱཎ་འམ་

ནང་པའི་ཚད་མའི་རིགས་ལམ་ལ་ཕུལ་དུ་བྱུང་བ་ཤ་སྟག་ཡིན་པ་དང༌།  ཁོང་རྣམ་པས་ྋརྒྱལ་དབང་


22 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

མཆོག་ལ་སྐུ་ཡོན་འབུལ་སྐབས་གནད་དོན་མཐའ་དག་རིགས་ལམ་གྱིས་དཔྱད་པ་བྱས་ཏེ་དེ་དག་གི་

དོན་སྙིང་རྟོགས་ཐུབ་པར་སློབ་འཁྲིད་བྱས་ཡོད་ཅེས་ནན་བརྗོད་བྱ་དགོས་པ་གལ་ཆེ་བར་སྣང༌།  གོང་ གསལ་གྱི་སློབ་ཚན་དེ་དག་ཆེས་ཚད་མཐོ་ཞིང་དོན་རྟོགས་དཀའ་བའི་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ཤ་

སྟག་ཡིན་པས་ན་དགུང་ལོ་བཅུ་གཅིག་ལས་མ་སོན་པའི་བྱིས་པ་ཞིག་གིས་རྟོགས་པར་དཀའ།  དེར་ བརྟེན་ཁོང་གིས་མཁྱེན་ལྡན་དགེ་འདུན་པ་གཞན་དང་གནད་དོན་དེ་དག་གི་ཐད་བགྲོ་གླེང་བྱ་མི་ཐུབ་

པས་དེ་དག་ཁོང་གི་དགུང་ནའི་བབས་དང་བསྟུན་ནས་གོ་སྒྲིག་བྱས་ཡོད་པ་གོར་མ་ཆག  མ་ཟད་ཁོང་

རྣམས་ཀྱིས་སློབ་འཁྲིད་བྱེད་ཕྱོགས་དེ་ྋརྒྱལ་དབང་མཆོག་ལ་རང་ཉིད་བྱང་ཆུབ་སེམས་དཔའ་  ༼མ་ འོངས་པའི་སངས་རྒྱས།༽  ཞིག་གི་ཡང་སྲིད་ཏཱ་ལའི་བླ་མ་ཡིན་པའི་གདེང་སྤོབས་རྙེད་རྒྱུར་དམིགས་

པ་ཞིག་ཀྱང་ཡིན་སྲིད།  ཐ་མ་ཁོང་རྣམས་ཀྱི་སློབ་ཁྲིད་ཐབས་ལམ་ལ་བརྟེན་ནས་ྋརྒྱལ་དབང་མཆོག་

གིས་ནང་པའི་ལྟ་གྲུབ་ཀྱི་གོ་དོན་རྟོགས་ཐུབ་པ་ཞིག་བྱུང་ཡོད་ལ།  རང་ཉིད་ཀྱིས་རྟོགས་མི་ཐུབ་པའི་

ཤེས་བྱ་གང་ཡང་མེད་པའི་གདེང་ཚོད་ཅིག་ཀྱང་ཐོབ་ཡོད་པས་ཤེས་བྱའི་གནས་རྟོགས་པར་འབད་ བརྩོན་དེ་བས་ཀྱང་ཆེ་བ་བྱ་དགོས་པའི་ངེས་པ་རྙེད་ཡོད་ངེས་རེད།  ྋརྒྱལ་དབང་མཆོག་གི་མཛད་ རྣམ་དེའི་ནང་སྐྱེ་བོ་ཕལ་པའི་བློ་ཡུལ་དུ་ཤོང་དཀའ་བའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ ཐུགས་རྗེའི་དབང་གིས་རང་རྒྱུད་ལ་ཡོན་ཏན་དེ་དག་སྨིན་ཞེས་འཁོད་འདུག  །

གཏན་ཚིགས་དང་རྟགས།  དཔེ་མཚོན་སྣ་ཚོགས་ཀྱིས་གྲུབ་པའི་རྒྱ་གར་གྱི་ཚད་མའི་གཞུང་

ལུགས་དེ་དག་ཤིན་ཏུ་ནས་རྙོག་དྲ་ཚ་པོ་ཞིག་ཡིན་པས་ན།  ྋརྒྱལ་བའི་ཡོངས་འཛིན་བགྲེས་པ་ཕུར་

ལྕོག་མཆོག་གིས་ྋརྒྱལ་དབང་མཆོག་ལ་ཚད་མའི་གཞུང་རྟོགས་སླ་བ་དང་དོན་གོ་བདེའི་ཕྱིར་ཡོངས་ འཛིན་བསྡུས་གྲྭ་ཞེས་པའི་ཁྲིད་ཡིག་ཅིག་ལྗགས་རྩོམ་གནང༌།  ཕྱིས་སུ་ཁྲིད་ཡིག་དེ་པར་ཤིང་གི་སྟེང་

དུ་བརྐོས་ཏེ་པར་སྐྲུན་བྱས་པས་སློབ་སྒོར་ཞུགས་པའི་ལས་དང་པོ་བ་རྣམས་ལ་བེད་སྤྱོད་ཤིན་ཏུ་ཆེ་བ་ ཞིག་ཏུ་གྱུར་ཡོད།།

ྋརྒྱལ་དབང་མཆོག་གི་ཆེད་དུ་དམིགས་པའི་བཤད་གྲྭ་དེ་གསར་འཛུགས་བྱས་ནས་རིང་པོར་

མ་སོང་བར་མེ་ཁྱི་ལོའ་ི ཟླ་བ་བཞི་པའི་ཚེས་བརྒྱད་  ༼ཕྱི​ི་ལོ་  ༡༨༨༦  ཟླ་བ་  ༦  པའི་ཚེས་  ༩༽  ཉིན་ བཤད་གྲྭ་དེའི་འགོ་གཙོ་རྒྱལ་ཚབ་རྟ་ཚག་གློ་བུར་དུ་སྐུ་གཤེགས།  དེར་བརྟེན་གཞུང་གིས་ཁོང་གི་


པོ་ཏ་ལར་གསན་སྦྱོང་གནང་ཚུལ།

23

རྗེས་སུ་ལྷ་སའི་གླིང་བཞིའི་ཡ་གྱལ་གྱི་བསྟན་རྒྱས་གླིང་གི་དེ་མོ་ཧོ་ཐོག་ཐུ་བསྐོ་གཞག་བྱ་རྒྱུའི་དགོངས་

འཆར་བཏོན།  ཨམ་བན་གྱིས་བོད་གཞུང་གི་འདོད་འདུན་ལྟར་པེ་ཅིང་དུ་ཆགས་པའི་རྒྱ་གཞུང་ལ་ ཞུས་པས་པེ་ཅིང་ནས་དེ་ལྟར་ངོས་ལེན་སྤྲད་ནས་དེ་མོ་ཧོ་ཐོག་ཐུ་རྒྱལ་ཚབ་དང་ྋརྒྱལ་བའི་ཡོངས་ འཛིན་གཙོ་བོར་བསྐོ་གཞག་གནང།།

ཡོ ང ས་འཛི ན ་བགྲེ ས ་པ་དང་པོ ་ དེ ་ སྐུ་མ་གཤེ ག ས་གོ ང ་ྋརྒྱལ་དབང་མཆོ ག ་གི ་ སྐུ་ཚེ འི ་

ནང་ཐུགས་སེམས་སྐྱོ་དགོས་པའི་གནས་ཚུལ་ཐོག་མ་དེ་བྱུང་ཡོད་པ་ནི་ལྕགས་སྦྲུལ་ལོར་  ༼ཕྱི​ི་ ལོ་  ༡༨༨༡༽  དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་གསོལ་དང༌།  རང་ཉིད་ལ་མགོན་སྐྱབས་ཀྱི་ཚུལ་

དུ་གཟིགས་སྐྱོང་མཛད་མཁན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་སྐུ་གཤེགས་པ་དེ་ཡིན།  གལ་ སྲིད་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་ན་ཁོང་གིས་ྋརྒྱལ་དབང་མཆོག་ལ་རབ་བྱུང་གི་བསླབ་ སྡོམ་རྣམས་གནང་ངེས་ཡིན་པ་གོར་མ་ཆག  །

ྋརྒྱལ་དབང་མཆོག་གི་ཡབ་ཀུན་དགའ་རིན་ཆེན་ཡང་མེ་ཕག་ལོའ ་ི ཟླ་བ་དགུ་པའི་  ༼ཕྱི​ི་

ལོ་  ༡༨༨༧  ཟླ་བ་  ༡༠  དང་  ༡༡  པའི་མཚམས།༽  ནང་སྐུ་གཤེགས།  སྐབས་དེ་དུས་ཏཱ་ལའི་ བླ་མ་མཆོག་དགུང་གྲངས་བཅུ་གཉིས་རེད་འདུག  །

སྐབས་དེ་དུས་བོད་དང་རྒྱ་གར་དབྱིན་གཞུང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཏེ།  དབྱིན་

ཇིའི་དམག་སྡེ་ཞིག་ཆུ་འབི་ལུང་གཤོངས་དང་འབྲས་ལྗོངས་ཀྱི་ས་མཚམས་སུ་སླེབས་ཡོད་པ་དེ་ནི་རང་

གི་ཡབ་དང་བཀུར་འོས་དགེ་བའི་བཤེས་གཉེན་གཉིས་སྐུ་གཤེགས་ཟིན་པའི་ལོ་ཆུང་གི་ྋརྒྱལ་དབང་ཏཱ་ ལའི་བླ་མས་གདོང་ལེན་བྱ་དགོས་པའི་གནད་དོན་ཚབས་ཆེན་ཞིག་རེད།།

དེ་ལྟའི་སྐབས་ཡོངས་འཛིན་གཞོན་པ་ཕུར་ལྕོག་གིས་ྋརྒྱལ་དབང་མཆོག་ལ་གསན་སྦྱོང་དང་

འབྲེལ་བའི་བཀའ་སློབ་ལམ་སྟོན་སྩལ་བར་མ་ཟད།  ྋརྒྱལ་དབང་མཆོག་གི་ཐོས་བསམ་གྱི་མཛད་ པ་མཐར་ཕྱིན་པ་དང༌།  སྐུ་ཁམས་དང་ཐུགས་རྒྱུད་ལ་འགལ་རྐྱེན་མི་ཡོང་སླད་ཟླ་རེའི་ཉ་སྟོང་བརྒྱད་ གསུམ་ལ་ཉིན་གསུམ་རིང་བྱབས་ཁྲུས་སོགས་ཀྱི་ཆོ་ག་ཆག་མེད་དུ་མཛད།།

དགུང་ལོ་མཐོན་པོར་མ་སོན་ཅིང་སློབ་གཉེར་ལ་སྦྱང་བརྩོན་གནང་མུས་ཡིན་ཀྱང་ཁོང་ནས་

ཆོས་སྲིད་གཉིས་ལྡན་ནམ་ཆོས་དང་སྲིད་གཉིས་ཀྱི་དབུ་འཁྲིད་ཀྱི་ཚུལ་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་


24 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཁག་གི་ནང་ཕེབས་ཞུགས་མཛད།  སྐབས་དེ་དུས་གཙང་ཐོབ་རྒྱལ་དུ་འཁྲུངས་པའི་ཁྱེའུ་ཞིག་པཎ་ ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཡིན་པར་ངོས་འཛིན་གནང༌།  ས་བྱི་ལོའ ་ི ཟླ་བ་དང་པོའ ་ི ཚེས་བཅོ་ ལྔ་  ༼ཕྱི​ི་ལོ་  ༡༨༨༨  ཟླ་བ་  ༢  པའི་ཚེས་  ༢༦༽  ཉིན་ྋརྒྱལ་དབང་མཆོག་གིས་ཁྱེའུ་དེ་ཕོ་བྲང་

པོ་ཏ་ལར་གདན་འདྲེན་ཞུས་ཏེ་དབུ་སྐྲ་གཙུག་ཕུད་དང་མཚན་གསོལ་མཛད།  ྋརྒྱལ་དབང་མཆོག་ གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེར་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་པའི་ མཚན་དེ་སྩལ།།

ཁོང་གིས་ཉམས་མྱོང་གང་མང་གསོག་ཞོར་དུ་སློབ་གཉེར་གྱི་གནས་ལའང་ཡར་རྒྱས་གོང་

འཕེལ་རྒྱུན་ཆད་མེད་པར་མཛད་ཅིང༌།  སློབ་གཉེར་གྱི་གནད་ལ་ཡར་རྒྱས་ཇེ་ཆེར་ཡོང་སླད་སེ་རྭ་ དང༌།  འབྲས་སྤུངས།  དགའ་ལྡན་གསུམ་གྱི་ནང་ཕེབས་བཞུགས་ཀྱིས་གདན་ས་ཆེན་པོ་དེ་དག་

གི་གྲྭ་ཚང་བདུན་པོའ ་ི ནང་དགེ་འདུན་པ་མང་པོ་བསྡུས་པའི་དབུས་སུ་རྟགས་གསལ་གཏོང་གནང་ མཛད།  རྟགས་གསལ་དེ་དག་གི་སྐབས་ཁོང་གི་ཁ་གཏད་རྣམས་གྲྭ་ཚང་བདུན་པོ་ནས་འདེམས་སྒྲུག་ བྱས་པའི་དགེ་འདུན་པ་མཁྱེན་ཡོན་ཅན་ཤ་སྟག་ཡིན།།

ལོ་དེའི་ཟླ་བ་གསུམ་པའི་ཚེས་ལྔ་  ༼ཕྱི​ི་ལོ་  ༡༨༨༨  ཟླ་བ་  ༤  པའི་ཚེས་  ༡༥༽  ཉིན་ཁོང་

གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་འབྲས་སྤུངས་སུ་ཕེབས།  ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་རིང་

བར་དགོན་པ་དེའི་ནང་ཏཱ་ལའི་བླ་མར་དབང་བའི་ཕོ་བྲང་ཞིག་ཡོད་པ་དང༌།  དུས་ཕྱིས་སུ་དགོན་ སྡེ ་ དེ ་ ཉི ད ་ཀྱི ་ ནང་ཏཱ་ལའི ་ བླ་མའི ་ གཟི མ ་ཤག་དང་དཔེ ་ མཛོ ད ་ཁང་ཞི ག ་ཀྱང་ཉར་ཚགས་ལེ ག ས་པོ ་

བྱས་ཡོད་པ་དེའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དུས་ཡུན་གང་འཚམ་གྱི་བར་བཞུགས་ཞག་ མཛད།  གདན་ས་འབྲས་སྤུངས་ཀྱི་ནང་བློ་གསལ་གླིང༌།  སྒོ་མང༌།  བདེ་ཡངས་བཅས་གྲྭ་ཚང་ གསུམ་ཡོད།  དགེ་འདུན་པ་ཤེས་ཡོན་ཅན་རྣམས་ཀྱིས་ཏཱ་ལའི་བླ་མ་དགུང་ལོ་གཞོན་པ་ཁོང་དང་

རྟགས་གསལ་གཏོང་རྒྱུའི་ཆེ་མཐོང་ཕྱིར་ནང་ཕན་ཚུན་འགྲན་བསྡུར་བྱས།  གྲྭ་ཚང་གསུམ་པོ་དེ་དག་ གི་ནང་རྟགས་གསལ་གཏོང་གནང་སྒྲུབ་རྗེས་ཁོང་ནང་བསྟན་གསང་སྔགས་སློབ་གཉེར་གནང་ཡུལ་ སྔགས་པ་གྲྭ་ཚང་དུ་ཕེབས་ཤིང།  དེར་ཕྱག་ལེན་གནང་བཞིན་པའི་དམིགས་བསལ་གྱི་ཆོ་ག་རྣམས་

ལ་ཉམས་ཞིབ་གནང།  ལོ་དེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་  ༼ཕྱི​ི་ཟླ་  ༥  པའི་ཚེས་  ༢༥༽  ཉིན་


པོ་ཏ་ལར་གསན་སྦྱོང་གནང་ཚུལ།

25

ཁོང་སེ་རྭར་ཕེབས།  གདན་ས་དེའི་ནང་སྨད་དང་བྱེས་ཞེས་པའི་གྲྭ་ཚང་གཉིས་ཡོད།  སླར་ཡང་ཏཱ་

ལའི་བླ་མ་མཆོག་གིས་གྲྭ་ཚང་དེ་དག་གི་ནང་བགྲོ་གླེང་གནང་ཞིང་བགྲོ་གླེང་སྐབས་ཁོང་ལ་དྲི་བ་འཁྲུག་ པོ་དུ་མ་བཏང་ཡོད་པ་རྣམས་ལ་བཀའ་ལན་སྩལ།།

དགོན་སྡེ་དེ་གཉིས་ལ་ཕེབས་བཞུགས་མཛད་པ་དེ་ནི་ཏཱ་ལའི་བླ་མ་མཆོག་ལ་གྲྭ་སྐོར་གསན་

སྦྱོང་དང་འབྲེལ་བའི་ཉམས་མྱོང་བྱུང་བ་ཐོག་མ་དེ་ཡིན་ལ།  གསན་སྦྱོང་གོང་མཐོར་ཕྱིན་པའི་དགའ་ སྟོན་རྟེན་འབྲེལ་ཞིག་ཀྱང་ཡིན།  ཏཱ་ལའི་བླ་མ་མཆོག་གི་ཕོ་བྲང་ནས་དགོན་སྡེ་དེ་དག་གི་དགེ་འདུན་ པ་རྣམས་ལ་གསོལ་སྟོན་བཤམས།  དེ་ཡང་རྟགས་གསལ་གྱི་ནང་མཉམ་ཞུགས་བྱེད་པོ་རྣམས་ལ་

བཞེས་ཐུག་དང་བོད་ཇ།  སྐུ་འགྱེད་སོགས་ཕུལ།  སྐབས་དེ་དུས་རྟགས་གསལ་གྱི་ནང་མཉམ་ ཞུགས་བྱེད་མཁན་གྱི་དགེ་འདུན་པ་བགྲེས་པ་ཞིག་གིས་ང་ལ་གསུང་དོན་ལྟར་ན་དགེ་འདུན་པ་རྣམས་ བསྙེན་བཀུར་དེར་ཐུགས་སྤྲོ་པོ་ཞེ་དྲག་བྱུང་འདུག  །

ས་ཁྱི་ལོའ ་ི ཟླ་བ་ལྔ་པའི་ཚེས་བཅུ་དྲུག་  ༼ཕྱི​ི་ལོ་  ༡༨༨༨  ཟླ་བ་  ༧  པའི་ཚེས་  ༤༽  ཉིན་

ཁོ ང་དགའ་ལྡན་དུ་ཐེ ངས་དང་པོ ར ་ཕེ བ ས།  དགའ་ལྡན་ནི ་རི ་བོ ་དགེ ་ ལུགས་པའི ་ སྲོ ལ ་གཏོ ད ་པ་ པོ་ཙོང་ཁ་པས་ཕྱག་བཏབ་པ་ཞི ག་ཡི ན ་པ་དང༌།  དེ ་ནི ་རི ་བོ ་དགེ་ ལུགས་པའི་ དགོན ་སྡེ་ གཙོ་ བོ་

ཡིན།  དགོན་སྡེ་དེའི་གསེར་གདུང་ཞིག་གི་ནང་ཙོང་ཁ་པ་ཆེན་པོའ ་ི སྐུ་གདུང་ཉར་ཚགས་བྱས་ཡོད་ པ་དང༌།  བོད་ཀྱི་ས་ཕྱོགས་ཙམ་མིན་པར་སོག་ཡུལ་ནས་ཀྱང་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་

པའི་སྐྱེ་བོ་མང་དག་ཞིག་དགོན་སྡེ་དེར་མཆོད་མཇལ་དུ་ཡོང་གི་ཡོད།  ཏཱ་ལའི་བླ་མས་སྐུ་གདུང་ དེར་སྐུ་ཕྱག་ཕུལ་ནས་སྔོན་ཙོང་ཁ་པ་ཆེན་པོ་བཞུགས་མྱོང་ཡོད་པའི་གསེར་ཁྲིའི་སྟེང་དུ་ཞབས་སོར་

འཁོད།  དགོན་སྡེ་དེར་ཤར་རྩེ་དང་བྱང་རྩེ་ཞེས་གྲྭ་ཚང་གཉིས་ཡོད་པ་དང༌།  གྲྭ་ཚང་དེ་དག་གི་ ནང་རྟགས་གསལ་གཏོང་གནང་མཛད་སྐབས་ཏཱ་ལའི་བླ་མ་མཆོག་གིས་དགེ་འདུན་པ་མཁྱེན་ཡོན་ཅན་ རྣམས་ཀྱིས་བཏང་བའི་དྲི་བར་ལན་གནད་ལ་འཁེལ་བ་སྩལ།།

མཁྱེན་ཡོན་ཅན་གྱི་དགེ་འདུན་པ་ཞིག་བྱེད་འདོད་ཡོད་པའི་བོད་ཕྲུག་རྣམས་ལ་དགོན་སྡེ་ཁག་གི་

ནང་སྲོལ་རྒྱུན་གྱི་ལམ་ལུགས་ལྟར་སློབ་འཁྲིད་བྱེད་ཀྱི་ཡོད།  དང་ཐོག་ཁོང་རྣམས་ཀྱིས་གཞུང་ཆེན་ རྣམས་བློ་འཛིན་བྱེད་ཅིང༌།  དེའི་རྗེས་རང་གི་བློ་རིག་གོང་མཐོར་བཏང་སྟེ་རྟགས་གསལ་གྱི་ལམ་ནས་


26 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

སྦྱང་བརྩོན་མཐར་ཕྱིན་པ་བྱེད་ཀྱི་ཡོད།  རྟགས་གསལ་གཏོང་སྐབས་གཞུང་ཆེན་དང་བསྟན་བཅོས་

ཁག་ནས་ལུང་དྲངས་ཏེ་རང་ལུགས་འཇོག་པ་དང་གཞན་ལུགས་ལ་དགག་པ་བརྒྱབ་དགོས།  འོན་ ཀྱང་གཞུང་ཆེན་དང་བསྟན་བཅོས་དེ་དག་ཆེས་དཀོན་པོ་ཡོད་པས་ན་ཁོང་ཚོར་སྦྱང་བརྩོན་སྐབས་དཀའ་ ངལ་ཆེན་པོ་ཡོང་གི་ཡོད།  དེར་བརྟེན་ཏཱ་ལའི་བླ་མ་མཆོག་གི་ཆེད་གསར་འཛུགས་བྱས་པའི་བཤད་

གྲྭ་དེས་མཆིམས་འཇམ་པའི་དབྱངས་ཀྱིས་བརྩམས་པའི་སོ་སོར་ཐར་པའི་མདོའ ་ི འགྲེལ་པ་དང༌།  ཏཱ་ ལའི་བླ་མ་སྐུ་ཕྲེང་ལྔ་པས་བརྩམས་པའི་ཤེར་ཕྱིན་དང་དབུ་མའི་འགྲེལ་པ།  ཏཱ་ལའི་བླ་མ་སྐུ་ཕྲེང་དང་

པོའ ་ི གསུང་རྩོམ་འདེམས་སྒྲུག་སོགས་དཔར་སྐྲུན་གསར་དུ་བྱས།  གསར་དུ་དཔར་སྐྲུན་བྱས་པའི་ བསྟན་བཅོས་དེ་དག་གི་སྟེང་ཐོག་མར་ཇི་ལྟར་བརྩམས་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཕུར་ལྕོག་གིས་ བཀོད་གནང་མཛད།།

ཏཱ་ལའི ་ བླ་མ་སྐུ་གཞོ ན ་ནུ་ཁོ ང ་གི ས ་བཤད་གྲྭ་དང་དགོ ན ་སྡེ ་ ཆེ ན ་པོ ་ གསུམ་གྱི ་ ནང་རྟགས་

གསལ་གྱི་ལམ་གཙོ་བོར་བྱས་ཏེ་གཞུང་ཆེན་ལྔ་སྟེ་ཕར་ཕྱིན་དང།  དབུ་མ།  འདུལ་བ།  ཆོས་ མངོན་པ་མཛོད།  ཚད་མ་བཅས་ལ་གསན་སྦྱོང་གནང་གྲུབ་རྐྱེན་ཕུར་ལྕོག་གི་དྲུང་ནས་ཆེས་མཐོའ ་ི

ནང་པའི་ལྟ་གྲུབ་དང་ཉམས་ལེན་ཐོག་དཔེ་འཁྲིད་གཉིས་རེ་གསན་འགོ་བརྩམས།  བོད་ཀྱི་སྐད་དུ་

སློབ་ཚན་དང་པོ་དེར་འཁྲིད་དང༌།  གཅིག་ཤོས་དེར་ལམ་རིམ་བཀའ་ཆོས་ཞེས་གྲགས།*  དེ་གཉིས་ ཀ་མི་རབས་ནས་མི་རབས་བར་བརྒྱུད་པའི་འཁྲིད་ཡིན་ཅིང༌།  ཡོན་ཏན་ཚང་བའི་དགེ་འདུན་པ་ཁོ་

ནས་ཞུ་ཆོག་པ་ཞིག་ཡིན།  བཀའ་ཆོས་ཞེས་པ་དེ་ཙོང་ཁ་པས་ཕྱི​ི་ལོ་  ༡༤༠༣  ལོར་བརྩམས་པའི་ ལམ་རིམ་ཆེན་མོའ ་ི ནང་ཇི་ལྟར་གསལ་ཡོད་པ་ལྟར་སངས་རྒྱས་ཀྱི་གོ་འཕང་ལ་བསྙེགས་པའི་ལམ་

གྱི་རིམ་པ་སྟོན་པའི་སློབ་ཚན་ཞིག་ཡིན།  ཕྱག་དཔེ་འདི་ནི་དགེ་ལུགས་པའི་ཕྱག་དཔེ་གལ་ཆེ་ཤོས་

ཤིག་ཡིན་ཅིང།  དེའི་ནང་ནང་པའི་ཐེག་པ་སྤྱིའི་ངོ་སྤྲོད་ཆ་ཚང་བ་དང༌།  ནང་ཆོས་སློབ་གཉེར་གྱི་

གཞི་རྩར་གྱུར་པའི་གསང་སྔགས་ཀྱི་འགྲེལ་བརྗོད་ཀྱང་སྙིང་བསྡུས་ཚང་ཡོད།  ཕྱོགས་གཞན་ཞིག་

*  འདི་ནི་བོད་སྐད་ལ་སྦྱངས་པ་ཆེན་པོ་མེད་པའི་གཏམ་ཞིག་ཏུ་སྣང།  དངོས་འབྲེལ་བྱས་ན་ལུང་དང་འཁྲིད་ལ་གོ་བར་ སེམས།  རྣམ་ཀུན་ཆོས་པ་ཚོས་གཞུང་ཆེ་གེ་མོའ ་ི ལུང་དང་འཁྲིད་ཞུས་པའམ་ཐོབ་པ་ལ་ཁྲིད་ལུང་ཡོད་ཅེས་ཟེར་བ་ ཡིན།  འདི་དགེ་འདུན་ཁོ་ནས་ཞུ་ཆོག་པ་ཞིག་ཡིན་ཅེས་པ་ནི་གནས་ཚུལ་ནོར་བ་ཞིག་ཡིན།  ལུང་དང་ཁྲིད་དམ་ཁྲིད་ ལུང་ནི་དད་ལྡན་ཀུན་གྱིས་ཞུ་ཆོག་གོ  དེས་ན་རྩོམ་པ་པོས་ཁྲིད་ཅེས་པ་དེ་ལུང་ལ་གོ་བ་དང་བཀའ་ཆོས་ཞེས་པ་དེ་ཁྲིད་ ལ་གོ་བར་ཟད།  ༼སྒྱུར་བ་པོའ ་ི མཆན།༽


པོ་ཏ་ལར་གསན་སྦྱོང་གནང་ཚུལ།

27

ནས་ཁྲིད་ཟེར་བ་དེ་ནི་སྲོལ་རྒྱུན་གྱི་ལམ་ལུགས་དང་སྒེར་གྱི་མྱོང་ཚོར་ལ་གཞིར་བཞག་པའི་སྒོ་ནས་

གསང་སྔགས་ཀྱི་བརྗོད་གཞི་འདྲ་མིན་དང་འབྲེལ་བའི་སློབ་ཁྲིད་བྱེད་ལུགས་ཤིག་ཡིན།  སློབ་ཚན་

དེའི་ནང་སྒོམ་ཉམས་ལེན་བྱེད་པོ་རྣམས་ཀྱིས་ཀྱེ་རྡོ་རྗེའི་རྒྱུད།  འཁོར་ལོ་བདེ་མཆོག་གི་རྒྱུད།  རྡོ་

རྗེ་འཇིགས་བྱེད་ཀྱི་རྒྱུད་སོགས་བཀླགས་ནས་ཡི་དམ་གྱི་ལྷ་འདྲ་མིན་སྒོམ་སྒྲུབ་བརྒྱུད་ཏིང་ངེ་འཛིན་ ལ་གཞལ་ཐབས་གསལ་ཡོད།  བོད་ཀྱི་ནང་བསྟན་ལྟར་ན་གསང་སྔགས་ཉམས་ལེན་བྱེད་དགོས་ཚེ་ ཁྲིད་ངེས་པར་དུ་ཞུ་དགོས་པ་དང༌།  དེའི་ཕྱིར་མ་འོངས་པར་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཚུལ་དུ་

མི་མང་ལ་གཟིགས་སྐྱོང་གནང་དགོས་པའི་ཏཱ་ལའི་བླ་མ་མཆོག་གིས་དེ་དག་ཚང་མར་སློབ་སྦྱོང་གནང་ དགོས་གལ་ཆེན་ཡིན་པ་གོར་མ་ཆག  །

ྋརྒྱལ་དབང་མཆོག་གིས་དགོས་གལ་གྱི་གསན་སྦྱོང་ལེགས་གྲུབ་ཟིན་ཅིང་དགུང་གྲངས་ཉི་ཤུར་

ཕེབས་སྐབས་དགེ་སློང་གི་བསླབ་ཁྲིམས་  ༣༧༡**  བཞེས་དགོས་པའི་དུས་ལ་བབས།  དེ་སྔོན་ ཕྱི​ི་ལོ་  ༡༨༨༢  ཟླ་བ་  ༢  པའི་ཚེས་  ༢༣  ཉིན་ཁོང་གི་དབུ་སྐྲ་འབུལ་བཞེས་སྒྲུབ་ཟིན་ཅིང༌།  སྐུ་ ལུས་ལ་དགེ་འདུན་པའི་ན་བཟའ་བཞེས་ཏེ་དགེ་ཚུལ་གྱི་བསླབ་སྡོམ་བཞེས་གྲུབ་ཟིན་ཀྱང༌།  བོད་ ཀྱི་ནང་ཆོས་ཀྱི་ཕུལ་བྱུང་གི་ཚོགས་མི་ཞིག་ཡོང་ཕྱིར་ཁོང་ལ་དགེ་སློང་གི་ཁྱད་ཆོས་མཐའ་དག་ཚང་ དགོ ས །  དགེ ་ སློ ང ་གི ་ བསླབ་སྡོ མ ་བཞེ ས ་ཕྱོ ག ས་དང་འབྲེ ལ ་བའི ་ མཛད་སྒོ ་ རྣམས་རྩེ ་ ཡི ག ་ཚང་

ནས་གོ་སྒྲིག་ལེགས་པར་གནང།  ཤིང་ལུག་ཟླ་བ་དང་པོའ ་ི ཚེས་བཅུ་གཅིག  ༼ཕྱི​ི་ལོ་  ༡༨༩༥  ཟླ་

བ་  ༣  པའི་ཚེས་  ༧༽  ཉིན་ལྷ་སའི་དབུས་སུ་ཆགས་པའི་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི​ི་ སྐུ་བརྙན་གྱི་སྐུ་མདུན་དུ་ཁོང་གིས་དགེ་སློང་གི་བསླབ་སྡོམ་རྣམས་བཞེས།  བོད་མི་རྣམས་ཀྱིས་ཇོ་ ཁང་ནང་གི་སྐུ་བརྙན་དེ་ཤཱ་ཀྱ་མུ་ནི་སྐུ་དངོས་དང་ཁྱད་མེད་དུ་ངོས་འཛིན་བྱེད་ཀྱི་ཡོད་རྐྱེན་ཏཱ་ལའི་བླ་

མ་གཅིག་པུ་སྐུ་བརྙན་དེའི་མདུན་ས་ན་དགེ་སློང་གི་བསླབ་སྡོམ་བཞེས་ཆོག་པ་ཡིན།  ཆོ་གར་ཇི་

**  རྗེ་རིན་པོ་ཆེས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོའ ་ི ནང།  ཕམ་པ་བཞི་དང་ལྷག་མ་ནི།  །བཅུ་གསུམ་སྤང་ལྷུང་ སུམ་ཅུ་དང།  །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང།  །སོར་བཤགས་བཞི་དང་ཉེས་བྱས་ནི།  །བརྒྱ་དང་བཅུ་གཉིས་ བསྡོམ་པ་ཡིས།  །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས།  །སྤོང་བར་བྱེད་པ་དགེ་སློང་ངོ།  །ཞེས་དགེ་སློང་གི་བསླབ་ ཁྲིམས་  ༢༥༣  རྣམས་འགྲེལ་བརྗོད་གནང་ཡོད།  འདིར་ཊཱ་དྷཱས་དགེ་སློང་གི་བསླབ་ཁྲིམས་  ༣༧༡  ཅེས་བྲིས་ཡོད་པ་ དེ་འཁྲུལ་བ་ཡིན་ནམ་ཡང་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལས་གཞན་ཞིག་ཡིན་པར་དཔྱད་པར་ཞུ།  ༼སྒྱུར་ བ་པོའ ་ི མཆན།༽


28 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གསལ་ལྟར་ཕུར་ལྕོག་རིན་པོ་ཆེས་ཏཱ་ལའི་བླ་མར་དགེ་སློང་གི་བསླབ་སྡོམ་སྩལ་ཅིང༌།  གླིང་རིན་

པོ་ཆེ་***ལ་སོགས་པའི་དགེ་སློང་བགྲེས་པ་གཞན་འགས་བསླབ་སྡོམ་འབུལ་བཞེས་ཀྱི་མཛད་སྒོའ ་ི ཆོ་ ག་དང་སྟ་གོན་རྣམས་ལེགས་པར་སྒྲུབ་པའི་དམ་དོན་མཛད།  ཏཱ་ལའི་བླ་མར་དགེ་སློང་གི་བསླབ་ སྡོམ་  ༣༧༡  འཕུལ་ཕྱིར་ཆོས་ཕྱོགས་མཛད་སྒོ་ཞིབ་ནན་གནང་འདུག  །

དགེ ་ སློ ང ་གི ་ བསླབ་སྡོ མ ་འབུལ་བཞེ ས ་ཀྱི ་ མཛད་སྒོ ་ ལེ ག ས་པར་གྲུབ་རྗེ ས ་ཁོ ང ་ཏཱ་ལའི ་ བླ་

མའི་མཚན་གནས་མིང་དོན་མཚུངས་པ་ཞིག་ཏུ་གྱུར།****  སྐབས་དེ་དུས་  ༼ཕྱི​ི་ལོ་  ༡༨༩༥  ཟླ་

བ་  ༢  པའི ་ ཚེ ས ་  ༢༥  ནས་ཟླ་བ་  ༣  པའི ་ ཚེ ས ་  ༢༡༽  གདན་ས་ཆེ ན ་པོ ་ གསུམ་གྱི ་ དགེ ་

འདུན་རྣམས་སྨོན་ལམ་ཆེན་མོ ར་ཚོ གས་ཞུགས་ཀྱི ་ཆེ ད ་ལྷ་སར་འདུ་འཛོམ ས་བྱས་པ་དང་སྟབས་ འཁེལ།  སྨོན་ལམ་གྱི་དུས་སྟོན་དེ་ཇི་འདྲའི་ཆེན་པོ་ཞིག་ཡིན་པར་རྟོགས་པ་སླ།།

ཤིང་ལུག་ཟླ་བ་ལྔ་པའི་ནང་  ༼ཕྱི​ི་ལོ་  ༡༨༩༥  ཟླ་བ་  ༦  པ་དང་  ༧  པའི་བར།༽  རྒྱ་ནག་

གོང་མ་ཀྭང་ཞུས་ཤིས་ཚིག་གི་འཕྲིན་ཞིག་ཕུལ་ཡོད་པའི་ནང་ཏཱ་ལའི་བླ་མ་ནས་ཟླ་བ་དང་པོའ་ི ཚེས་བཅུ་

གཅིག་  ༼ཕྱི་ཟླ་  ༣  པའི་ཚེས་  ༧༽  ཉིན་དགེ་སློང་གི་སྡོམ་པ་བཞེས་ཟིན་པ་གོ་བས་ངོས་ཀྱང་ཡིད་ སྤྲོ་དཔག་མེད་བསྐྱེད་ཅིང་ད་ནས་བཟུང་ཏཱ་ལའི་བླ་མས་ཆོས་སྤྱོད་སློབ་གཉེར་འཁུར་བརྩོན་དང།  རང་ གི་འོས་འགན་བསྒྲུབས་ཏེ་འཛམ་གླིང་ནང་ཞྭ་སེར་གྱི་བསྟན་པ་རྒྱ་ཁྱབ་འཕེལ་ཐབས་གནང་དགོས་ངེས་

ཤིང།  ད་ལམ་ཁྱེད་ལ་ཕྱག་རྟགས་བྱུ་རུའི་བཟླས་ཕྲེང་གཅིག་དང༌།  གསེར་སྐུད་ལས་གྲུབ་པའི་ ཤུབས་བཅས་ཡོལ་གོ་གཅིག  གཡང་ཊི་དཀར་པོའ ་ི ཡོལ་གོ་གཅིག  རྒྱ་ཁུག་ཆེ་བ་གཅིག  རྒྱ་ ཁུག་ཆུང་བ་གཉིས།  ཕྱོགས་མཚུངས་ཡོངས་འཛིན་ཆེ་བ་ཕུར་ལྕོག་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་ བྱམས་པ་རྒྱ་མཚོར་དར་གྱི་ཁ་བཏགས་དཀར་པོ་གཅིག་བཅས་འཕུལ་ཡོད་ཅེས་འཁོད་འདུག། །  །།

***  ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས།  གླིང་སྤྲུལ་སྐུ་གོང་ མའི་གོང་མ།  ༼སྒྱུར་བ་པོའ ་ི མཆན།༽ ****  ཏཱ་ལའི་བླ་མའི་མཚན་གནས་མིང་དོན་མཚུངས་པ་ནི་མགོན་པོ་ཉིད་གསེར་ཁྲི་མངའ་གསོལ་ཞུ་བའི་ཉིན་ནས་ ཆགས་ཟིན་པ་ཞིག་རེ།  ༼སྒྱུར་བ་པོའ ་ི མཆན།༽


སྲིད་དབང་བཞེས་པ་དང་རྒྱལ་ཚབ། V ༄།  །དུས་རབས་བཅུ་བདུན་པ་ནས་བཟུང་བོད་དེ་ཆོས་ལྡན་གྱི་ལུང་པ་ཡིན་ཅིང༌།*  ྋགོང་ས་

ྋསྐྱབས་མགོན་ཏཱ་ལའི་བླ་མ་ནི ་ བོ ད ་ཀྱི ་ ནང་པའི ་ ཆོ ས ་ལུགས་ཀྱི ་ དབུ་ཁྲི ད ་དང་ཡུལ་དེ འི་ རྒྱལ་པོ ་ གཅིག་ལྕོགས་ཡིན།

འོན་ཀྱང་ྋགོང་ས་ྋསྐྱབས་མགོན་མཆོག་དགུང་ན་མ་སོན་བར་རྒྱལ་ཁབ་ཀྱི་

འཛིན་སྐྱོང་རྒྱལ་ཚབ་ཀྱིས་གནང་གི་ཡོད།  ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་གོང་མ་རྣམས་ ལ་མཚོན་ན་དགུང་གྲངས་བཅོ་བརྒྱད་དུ་ཕེབས་སྐབས་ཆབ་སྲིད་ཀྱི་ཁྲིར་འཁོད་ཡོད་ཀྱང༌།  ྋགོང་ ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་མཚོན་ན་དགུང་གྲངས་ཉི་ཤུ་དང་དགེ་སློང་གི་

བསླབ་སྡོམ་རྣམས་བཞེས་མ་ཚར་བའི་བར་རྒྱལ་ཚབ་ཀྱི་ཕྱག་ནས་སྲིད་དབང་བཞེས་ཕྱོགས་ཐད་དུས་ འགྱངས་བྱུང་ཡོད།  ཁོང་ནས་སྲིད་དབང་བཞེས་པའི་མཛད་སྒོ་དེ་ཤིང་ལུག་ཟླ་བ་བརྒྱད་པའི་ཚེས་

བརྒྱད་  ༼ཕྱི​ི་ལོ་  ༡༨༩༥  ཟླ་བ་  ༩  པའི་ཚེས་  ༢༦༽  ཉིན་ཚུགས།  འོན་ཀྱང་བོད་ཡིག་མཛད་ རྣམ་དེའི་ནང་དགུང་གྲངས་བཅོ་བརྒྱད་ཙམ་ནས་ཁོང་གིས་སྲིད་ཕྱོགས་ཀྱི་མཛད་པ་བཞེས་ཚུལ་འཁོད་

འདུག ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་སྲིད་དབང་བཞེས་ཕྱོགས་དེར་

དུས་འགྱངས་བྱུང༌རྐྱེན་ནི་རྙོག་ཟིང་ཅན་གྱི་ནང་ཁུལ་གྱི་ལས་དོན་ཙམ་མིན་པར་བསྟན་རྒྱས་གླིང་བླ་ བྲང་གི་བླ་གཙོ་རྒྱལ་ཚབ་དེ་མོས་ཁེ་དབང་གང་མང་ཐོབ་ཕྱིར་ཕར་ཙམ་རིང་སྲིད་དབང་དམ་སྲུང་བྱ་

*  དུས་རབས་དྲུག་པ་ནས་བཟུང་བོད་དེ་ཆོས་ལྡན་གྱི་ལུང་པ་ཞིག་ཏུ་གྱུར་ཟིན།  མ་ཡིག་ནང་  theocratic  country  ཞེས་པའི་གོ་དོན་ངོ་མ་ནི་འདིར་ཆོས་ལྡན་གྱི་ལུང་པ་ཞེས་བསྒྱུར་ཡོད་ཀྱང་དོན་ངོ་མ་ནི་འཇིག་རྟེན་བྱེད་པོ་འདོད་པའི་ བསམ་ཚུལ་ལ་གཞིར་བྱས་ཏེ་ཐ་སྙད་འདི་དག་བེད་སྤྱོད་བཏང་ཡོད།  དེར་བརྟེན་བོད་ནི་ཆོས་ལྡན་གྱི་ལུངས་པ་ཞིག་ཡིན་ ཀྱང་  theocratic  country  འམ་འཇིག་རྟེན་བྱེད་པོས་བསྐོས་པའི་ལུང་པ་ཞིག་ཏུ་ངོས་འཛིན་མི་བྱེད།  ༼སྒྱུར་བ་པོའ ་ི མཆན།༽


30 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

རྒྱུའི་རེ་འདོད་བྱས་པའི་རྐྱེན་གྱིས་ཡིན།  དོན་དངོས་ཐོག་ལའང་ཏཱ་ལའི་བླ་མ་འགའ་ཁྲིར་ཕེབས་ཁར་

དུག་ཕུལ་བའམ་བྱད་སྟེམས་དབང་གིས་སྐུ་མྱ་ངན་ལས་འདས་པ་བྱུང་ཡོད།  དེ་མོ་རང་ཉིད་ནས་

ཆབ་སྲིད་ཀྱི་དབང་ཆ་བཟུང་རྒྱུའི་རྔམས་སེམས་ཡོད་པ་ལྟ་བུར་མི་སྣང་ཡང་ཁོང་གི་ཚ་བོ་དང།  དྲུང་ ཡིག་གཅིག་ལྕོགས་ནོར་བུ་ཚེ་རིང་དང༌།  ཁོང་དང་ཉེ་བའི་མི་སྣ་འགའ་ཤས་དབང་ཆར་ཆགས་པའི་

མིག་ལོང་སྟེ་ཆབ་སྲིད་ཀྱི་བྱུས་ངན་འདྲ་མིན་བཤམས་ཡོད་པ་དེ་དག་གི་ནང་དེ་མོ་ཚུད་ཡོད་ཚོད་ འདུག  ཁོང་ཚོས་ལྷ་སྡོད་ཨམ་བན་གླ་རྔན་གྱིས་བསླུས་ཏེ་སྲིད་དབང་བཟུང་རྒྱུའི་ཐབས་ལམ་འཚོལ་ ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།།  ༼ཟུར་བྱང་གཉིས་པར་གཟིགས།༽

སྲི ད ་དབང་བཞེ ས ་པའི ་ ཉི ན ་མོ ་ དེ ར ་ྋགོ ང ་ས་ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མས་ཇོ ་ ཁང་གི ་

ཤཱཀྱ་མུ་ནི་དང་ཕོ་བྲང་པོ་ཏ་ལའི་ནང་བཞུགས་ཀྱི་སྤྱན་རས་གཟིགས་  ༼ཨབལོཀིཏེཤྭར༽  ཀྱི་སྐུ་

བརྙན་རྣམ་གཉིས་ཀྱི་སྐུ་མདུན་དུ་ཡུལ་ལ་བདེ་སྐྱིད་དང།  ཡུལ་མི་རྣམས་རང་ཉིད་ཀྱི་མི་ཚེ་བདེ་

སྐྱིད་ཀྱི་ངང་རོལ་རྒྱུ་ཡོང་བའི་ཐུགས་སྨོན་མཛད།  ཤིང་ལུག་ཟླ་བ་བརྒྱད་པའི་ཚེས་བརྒྱད་  ༼ཕྱི​ི་

ལོ་  ༡༨༩༥  ཟླ་བ་  ༩  པའི་ཚེས་  ༢༦༽  བཀྲ་ཤིས་པའི་ཉིན་དེར་གཞུང་ཞབས་དང༌།  དགོན་

སྡེ་ཁག་གི་མཁན་པོ་ལས་སྣེ་དང་སྤྲུལ་སྐུ་ལ་སོགས་པ་གདན་ཞུས་ཀྱིས་ཁོང་བོད་ཁ་བ་ཅན་ཡོངས་ཀྱི་ རྒྱལ་པོའ ་ི ཚུལ་དུ་ཁྲི་འདོན་གནང།  བོད་མི་ཡོངས་ཀྱིས་ཁོང་ནི་བོད་གངས་ཅན་གྱི་ཆོས་སྲིད་གཉིས་

ཀྱི་དབུ་ཁྲིད་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པར་ངོས་འཛིན་དང་བརྩི་བཀུར་ཞུས།  དེ་ལྟར་ ཡིན་པའི་མཚོན་དོན་དང་ཁྲི་འདོན་གྱི་རྟེན་འབྲེལ་ཞུ་ཆེད་ཁོང་ལ་གསེར་ལས་གྲུབ་པའི་ལྗིད་ཚད་སྤྱི་རྒྱ་

གཅིག་དང་ཕྱེད་ལྷག་ཅན་གྱི་འཁོར་ལོ་བཟོ་བཀོད་ཤིན་ཏུ་ལེགས་པ་རྩིབས་ཚད་སྤྱི་སོར་  ༣༠  ཅན་

ཞིག་དང༌།  དེ་བཞིན་དངུལ་ལས་གྲུབ་པའི་འཁོར་ལོ་བཞི།  དངུལ་དང་གསེར་གཉིས་བསྲེས་པའི་ རྒྱུ་ལས་གྲུབ་པའི་འཁོར་ལོ་གཅིག་བཅས་ཕུལ།།

སྐུ་ན་གཞོན་པའི་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་དེས་བོད་མི་རྣམས་ཀྱི་རེ་འདུན་སྐོང་

ཕྱིར་དོན་ཚན་ལྔ་ཅན་གྱི་སྦུག་དམ་བཀའ་རྒྱ་ཞིག་བསྩལ་ཡོད་པ་གཤམ་གསལ།།

ས་ཆ་རང་མཚན།  བོད་རྒྱལ་ཁབ་ཀྱི་བཀོད་པ་གསལ་བརྗོད་བྱེད་པ། མི་རིགས་རང་མཚན།  བོད་མིའི་མཐོང་སྣང་གསལ་བརྗོད་བྱེད་པ།


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

ཤེས་རིག་རང་མཚན།  བོད་ཀྱི་ཤེས་བྱའི་གནས་གསལ་བརྗོད་བྱེད་པ།

31

ཆོས་ལུགས་རང་མཚན།  བོད་ཀྱི་ཆོས་ལུགས་གསལ་བརྗོད་བྱེད་པ།

གཤིས་ལུགས་རང་མཚན།  བོད་རྒྱལ་ཁབ་ཀྱི་ཁྱད་ནོར་གསལ་བརྗོད་བྱེད་པ།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མས་གོང་གསལ་གྱི་དོན་གནད་ལྔའི་ནང་གསལ་བའི་དམིགས་ བསལ་གྱི་ཁྱད་ཆོས་རྣམས་གཞིར་བཞག་གི་སྒོ་ནས་ནང་སྲིད་འཛིན་སྐྱོང་དང་ཕྱི་འབྲེལ་སྲིད་བྱུས་ འཛིན་རྒྱུའི་དགོངས་པ་བཅངས།།

དོན་ཚན་དང་པོའ ་ི ནང་ཁོང་གིས་ལྷོ་ཕྱོགས་ས་མཚམས་སུ་རྒྱ་གར་དང་ཧི་མཱ་ལ་ཡའི་རི་རྒྱུད་

དང༌།  བྱང་མཚམས་སུ་ཤིན་ཅང་ཞིང་ཆེན་དང་ཀུན་ལུན་རི་རྒྱུད།  ནུབ་མཚམས་སུ་ལ་དྭགས་ དང་ཀ་ཤི་མིར།  ཤར་ཕྱོགས་སུ་ཟི་ཁྲོན་ཞིང་ཆེན་དང་དར་རྩེ་མདོ་བཅས་ཡོད་པའི་བོད་ས་ཡོངས་

རྫོགས་ཁོང་གི་དབང་འཛིན་འོག་ཡོད་པའི་གསལ་བསྒྲགས་གནང།  ས་མཚམས་དེ་དག་གི་ནང་ན་ ཡོད་པའི་ས་ཁུལ་དེ་སྔར་ནས་བོད་ཀྱི་ཡིན་པ་དང༌།  ཁོང་ནས་བོད་མིའི་བདེ་དོན་སླད་ས་ཁུལ་དེ་ དག་དང་འཚམས་པའི་ལས་དོན་ལག་བསྟར་བྱ་རྒྱུའི་ཐུགས་རེ་བཅངས།།

དོ ན ་ཚན་གཉི ས ་པའི ་ ནང་ཁོ ང ་གི ས ་བོ ད ་མི འི ་ ཁྱད་ཆོ ས ་རང་མཚན་པ་ནན་བརྗོ ད ་གནང་

ཡོད།  གནའ་རབས་ཀྱི་བཤད་སྲོལ་ལྟར་ན་བོད་མིའི་མེས་པོ་རྣམས་ལྷ་ཡུལ་ནས་ཡོང་བའམ་ཡང་

ན་རྒྱ་གར་ཨརྱན་འཕགས་པའི་མི་རིགས་ཀྱི་རྒྱུད་པ་ཡིན་ཞེས་བཤད་ཡོད་ཀྱང༌།  དོན་དངོས་ཐོག་ རྒྱ་ལ་སོགས་པའི་མི་རིགས་གཞན་དང་མི་འདྲ་བར་བོད་མི་རྣམས་བོད་དང་འབར་མའི་མི་རིགས་ ཀྱི་རྒྱུད་པ་ཡིན།  སྐབས་འགར་སོག་པོ་དང་མན་ཇུས་བོད་བཟུང་སྟེ་མིང་ཙམ་གྱི་དབང་ལུང་སྒྱུར་

ཡོད་ཀྱང༌།  དེ་ནི་བོད་མི་རྣམས་ཀྱི་འདོད་བློར་བབས་པ་ཞིག་མིན་པ་གོར་མ་ཆག  རྒྱུ་མཚན་

དེར་བརྟེན་དོན་དངོས་ཐོག་ཞི་བདེ་ལྷིང་འཇགས་ཅན་གྱི་འཛམ་གླིང་ཞིག་བསྐྲུན་ཐུབ་མེད།  ྋགོང་ ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་འདི་བཞིན་བོད་མི་རང་གིས་འཛིན་སྐྱོང་བྱེད་པ་མ་ གཏོགས་རྒྱལ་ཁབ་གཞན་གང་གི་དབང་སྒྱུར་འོག་སྡོད་རྒྱུ་མིན་པའི་ཐུགས་སྤོབས་བཅངས།།

དོ ན ་ཚན་གསུམ་པའི ་ ནང་ཁོ ང ་གི ས ་བོ ད ་རང་གི ་ སྐད་ཡི ག ་གི ་ ལམ་ནས་བོ ད ་མི འི ་ དཔལ་

ཡོན་དར་བའི་ཁྱད་ཆོས་གསལ་བརྗོད་བྱ་དགོས་པའི་འགྲེལ་བརྗོད་གནང་ཡོད།  བོད་མིར་རྒྱ་ནག་


32 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

དང༌།  སོག་པོ།  རྒྱ་གར་སོགས་ཡུལ་གཞན་དང་ཐ་དད་པའི་སྐད་ཡོད་ཅིང༌།  མི་ལོ་གཅིག་སྟོང་

སུམ་བརྒྱའི་གོང་ཙམ་ན་བོད་མིས་ལེགས་སྦྱར་གྱི་ཡི་གེའི་གཟུགས་དཔེར་བྱས་ཏེ་བོད་ཡིག་གསར་ བཟོ་བྱས།  ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་སྐད་དང་ཡི་གེས་འདས་པའི་དུས་ཡུན་ རིང་པོ་ཞིག་ནས་བོད་ཀྱི་རིག་གཞུང་དར་འཕེལ་གྱི་ཐད་ཕན་ནུས་ཇི་ལྟར་ཐོན་ཡོད་པ་གསལ་བརྗོད་ གནང་བ་དང་སྦྲགས།  མ་འོངས་པར་བོད་ཀྱི་དཔལ་ཡོན་ཡར་རྒྱས་དང་གོང་འཕེལ་མུ་མཐུད་ཡོང་ རྒྱུའི་ཐུགས་རེ་གནང༌།།

དོ ན ་ཚན་བཞི ་ པའི ་ ནང་ཁོ ང ་གི ས ་བོ ད ་བརྒྱུད་ནང་བསྟན་གྱི ་ ཐུན་མོ ང ་མ་ཡི ན ་པའི ་ ཁྱད་

ནོ ར ་བཟང་པོ ་ རྣམས་འབྲེ ལ ་བརྗོ ད ་དང་སྦྲགས་གོ ང ་འཕེ ལ ་གཏོ ང ་དགོ ས ་པའི ་ འགྲེ ལ ་བརྗོ ད ་གནང་

ཡོད།  བོད་མི་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཆ་ནས་བོད་དང༌།  རིག་

གཞུང༌།  ཆབ་སྲིད་ཀྱི་ལམ་ལུགས་སོགས་ཆགས་ཐུབ་པ་བྱུང་ཡོད་ཅིང༌།  དེ་དག་དང་བོད་ཀྱི་

སངས་རྒྱས་ཀྱི་བསྟན་པའི་བར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཡོད་ཅེས་ཟེར།  ྋསྐྱབས་ མགོ ན ་ཏཱ་ལའི ་བླ་མ་མཆོ ག ་གི ་ སྲི ད ་གཞུང་གི ་ སྲི ད ་བྱུས་རྣམས་སངས་རྒྱས་ཀྱི ་ བསྟན་པར་གཞི ར ་ བཞག་བྱས་པ་ཞིག་ཡིན་ཅིང༌།  དཔྱ་ཁྲལ་གྱི་གསུམ་ཆ་གཉིས་སངས་རྒྱས་ཀྱི་བསྟན་པ་ཡར་རྒྱས་ གོང་འཕེལ་དང་ཁྱབ་སྤེལ་གྱི་ཆེད་བེད་སྤྱོད་གཏོང་གི་ཡོད།།

མཐར་དོན་ཚན་ལྔ་པའི་ནང་ཁོང་གིས་སྙིང་རྗེ་ཆེ་ཞིང་གཤིས་ལུགས་འཇམ་པ་སོགས་བོད་མིའི་

ཁྱད་ཆོས་འབུར་དུ་ཐོན་པ་རྣམས་གསལ་བརྗོད་གནང་ཡོད།།

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྲིད་དབང་བཞེས་པའི་ཉིན་དེ་ནས་བརྩིས་

ཏེ་ལོ་བཅུའི་གོང་རྒྱ་ནག་གོང་མ་ཀོང་ཞུས་ཏཱ་ལའི་བླ་མར་བལ་ཡུལ་གྱི་གནད་དོན་དང་འབྲེལ་བའི་ཕྱག་ བྲིས་ཤིག་ཕུལ་ཡོད་པའི་ནང་གཤམ་གསལ་ལྟར་འཁོད་ཡོད།།

ཚངས་པའི་རྒྱལ་པོ།  ཤེས་རབ་ཀྱི་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་གོང་མ་ཆེན་

པོས་ཏཱ་ལའི་བླ་མར་སྤྲིངས་པའི་གསེར་ཡིག  ཆུ་ལུག་  ༼ཕྱི​ི་ལོ་  ༡༨༨༣༽  ལོར་ལྷ་སར་གནས་

སྡོད་བལ་པོའ ་ི རྒྱུ་དངོས་གཏོར་བཅོམ་དང་འབྲེལ་བའི་གྱོང་གུན་ཐད་ངོས་ནས་ཏཱ་ལའི་བླ་མའི་སྲིད་

གཞུང་གི་ཚབ་ཞུས་ཏེ་ཟི་ཁྲོན་ཞིང་ཆེན་གྱི་དངུལ་མཛོད་ནས་ཧྲོབ་སྲང་  ༦༧༥༧༩  རྒྱ་བོད་གཉིས་


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

33

དབར་བཞག་པའི་ཆིངས་ཡིག་དང་མཐུན་པའི་སྒོ་ནས་གུན་གསབ་ཏུ་སྤྲོད་དགོས་པའི་བཀའ་རྒྱ་བཏང་ ཟིན།  བོད་སྡོད་ཨམ་བན་གྱི་ཞུ་ནན་ལྟར་བོད་རྒྱལ་ཁབ་ཁྱོན་ཡོངས་ཀྱི་བདེ་འཇགས་ཀྱི་ཆེད་ངོས་

ནས་དེ་ལྟར་བྱས།  ང་ཚོས་བོད་མི་རྣམས་སྔ་རབས་ལྟར་ཞི་བདེ་དང་ཁྲིམས་ལུགས་ལེགས་སྲུང་ངང་ གནས་རྒྱུ་ཡོང་བའི་རེ་བ་བྱེད་བཞིན་ཡོད།།

ཟླ་བ་བཅུ་གཅིག་པའི་ཚེས་དྲུག་  ༼ཕྱི​ི་ལོ་  ༡༨༨༦  ཟླ་བ་  ༡༢  པའི་ཚེས་  ༣༠༽

གོང་མའི་ཐམ་ཀ

བལ་པོའ ་ི ཚོང་པ་དེ་དང་འབྲེལ་བའི་གནད་དོན་ཞིབ་ཕྲ་རྣམས་ཤེས་རྟོགས་བྱུང་མེད་ཀྱང༌།

མདོར་

བསྡུས་ཏེ་ཞུས་ན་ཕྱི​ི་ལོ་  ༡༨༥༦  ལོར་བོད་དང་གོར་ཥཱ་  ༼བལ་ཡུལ།༽  དབར་ཆིངས་ཡིག་ཅིག་

བཞག་ཡོད་པའི་དོན་ཚན་དགུ་པ་ལྟར་བལ་ཡུལ་གྱིས་གུན་གསབ་སྤྲོད་དགོས་པའི་ཞུ་གཏུགས་བྱས་ ཡོད་ཀྱང༌།  བོད་གཞུང་གིས་དེར་རྩིས་མེད་བྱས་རྐྱེན་རྒྱ་ནག་ཆིང་གོང་མས་གནས་ཚུལ་ཛ་དྲག་

ཏུ་འགྱུར་བར་དོགས་ནས་བོད་གཞུང་གི་ཚབ་བྱས་ཏེ་བལ་ཡུལ་ལ་གུན་གསབ་སྤྲད།  ཆིང་སྲིད་ གཞུང་གིས་གུན་གསབ་སྤྲོད་རྒྱུར་མི་འདོད་པའི་བོད་གཞུང་གི་བློ་སེམས་འགུག་རྒྱུ་ནི་གལ་ཆེ་བའི་ གནད་དོན་ཞིག་ཏུ་མཐོང་སྟེ་བལ་ཡུལ་ལ་གུན་གསབ་རྣམས་སྤྲད།།

སྐབས་དེ ་ དུས་ཆི ང ་སྲི ད ་གཞུང་གི ས ་བོ ད ་གཞུང་གི ་ ཐོ ག ་བཀོ ད ་བྱུས་བཏང་རྒྱུའི ་ ནུས་

ཤུགས་ཉམས་པའི་སྒང་ཡིན།  འོན་ཀྱང་ཕྱི​ི་ལོ་  ༡༨༧༦  ལོར་བཞག་པའི་ཆི་ཕུ་ཆིངས་ཡིག་གི་ ཁ་སྣོ ན ་ལྟར་ཆི ང་སྲི ད ་གཞུང་གི ས ་བོ ད ་ནང་དབྱི ན ་ཇི འི ་ འཚོ ལ ་ཞི བ ་པ་འགྲོ ་ ཆོ ག ་པའི ་ ཆོ ག ་མཆན་

སྤྲད།  ཆོག་མཆན་དེར་གཞིར་བཞག་ནས་སྐབས་དེའི་སྦེང་གཱལ་སྲིད་གཞུང་  (Bengal  government)

གི་ཀོལ་མན་  མཱ་ཁོ་ལེ་  (Colman  Macaulay)  ལ་ཕྱི​ི་ལོ་  ༡༨༨༥  ལོར་པེ་ཅིང་དུ་ཡོད་

པའི་དབྱིན་གཞུང་དོན་གཅོད་བརྒྱུད་བོད་ནང་དབྱིན་ཇིའི་ཆེད་གཉེར་དོན་གཅོད་ཅིག་གཏོང་ཆོག་ པའི་ཆོག་མཆན་ཐོབ།  འོན་ཀྱང་དོན་གཅོད་དེ་བོད་དུ་མ་བསྐྱོད་གོང་དབྱིན་ཇིའི་སྲིད་གཞུང་གི་

བཀའ་དགོ ང ས་ལྟར་ལས་འགུལ་དེ ་ མཚམས་འཇོ ག ་བྱ་དགོ ས ་བྱུང༌།  ཕྱི​ི ་ ལོ ་   ༡༨༨༦  ལོ འ ་ི ཟླ་

བ་  ༧  པའི་ཚེས་  ༢༤  ཉིན་དབྱིན་ཇི་དང་ཆིང་སྲིད་གཞུང་དབར་འབར་མ་དང་བོད་ཡུལ་གཉིས་


34 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

དང་འབྲེ ལ ་བའི ་ ཆི ང ས་ཡི ག ་ཅི ག ་བཞག་ཡོ ད ་པ་དང༌།  ཆི ང ས་ཡི ག ་དེ ་ བཞག་སྐབས་དབྱི ན ་

གཞུང་གིས་རང་ཉིད་ལ་འབར་མའི་ནང་ཁེ་ཕན་ཆེ་བ་ཐོབ་ཕྱིར་ཆི་ཕུ་ཆིངས་ཡིག་གི་འབྲུ་དོན་ནང་ དབྱི ན ་གཞུང་ལ་བོ ད ་དུ་ཆེ ད ་གཉེ ར ་དོ ན ་གཅོ ད ་མངགས་གཏོ ང ་ཆོ ག ་པའི ་ ཁེ ་ ཕན་དེ ར ་རྩི ས ་མེ ད ་ བྱས།  རྒྱུ་མཚན་དེ འི ་ དབང་གི ས ་མཱ་ཁོ ་ ལེ ་ གི ་ དོ ན ་གཅོ ད ་དེ ་ མངགས་གཏོ ང ་བྱས་མེ ད །  གོ ང ་ གསལ་གྱི ་ གནད་དོ ན ་དེ ་ བཞི ན ་བོ ད ་གཞུང་གི ་ མཉམ་ཞུགས་མེ ད ་པའི ་ སྒོ ་ ནས་བྱུང༌།  འོ ན ་ཀྱང་ ཡི ག ་ཆ་ཞི ག ་གི ་ ནང་ཕྱི​ི ་ ལོ ་   ༡༨༨༦  ལོ འ ་ི ཟླ་བ་དགུ་པའི ་ ནང་  ༼ཕྱི​ི ་ ཟླ་  ༡༠  དང་  ༡༡  པའི ་

མཚམས།༽  ྋགོ ང ་ས་ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མར་གདན་ས་གསུམ་གྱི ས ་ཕྱི ་ དགྲ་རྣམས་

ཕྱི ར ་འབུད་ཆེ ད ་དམི ག ས་བསལ་གྱི ་ སྨོ ན ་ལམ་ཞི ག ་ཚུགས་ཆོ ག ་པའི ་ བཀའ་ཁྲོ ལ ་ཞུས་ཡོ ད ་པ་

དེ ས ་བོ ད ་ལ་ཛ་དྲག་གི ་ གནས་ཚུལ་དེ ་ དང་འབྲེ ལ ་བའི ་ གནས་ཚུལ་གྱི ་ སྔོ ན ་བརྡ་ཞི ག ་བྱུང་ཡོ ད ་པ་ གོ ར ་མ་ཆག  སྐབས་དེ ་ དུས་བོ ད ་མི ་ རྣམས་ཀྱི ས ་སེ མ ས་ཁྲལ་གསར་པ་ཞི ག ་ཚོ ར ་བཞི ན ་ཡོ ད ་

པ་དང༌།  དབྱི ན ་གཞུང་གི ས ་བོ ད ་དང་ཚོ ང ་འབྲེ ལ ་བྱ་རྒྱུའི ་ གནོ ན ་ཤུགས་བྱེ ད ་ཀྱི ་ ཡོ ད ་པར་བློ ་ ཚབ་ཀྱང་བྱུང་ཡོད།  དེ་ལྟའི་གནས་སྟངས་འོག་གོང་མ་ཀོང་ཞུས་བོད་ལ་གོང་གི་ཡི་གེ་དེ་བཏང་

ཡོད་ཀྱང་བོད་ཀྱིས་གོང་མའི་དགོངས་འཆར་ལ་རྩིས་མེད་བྱས་ཏེ་ཕྱི​ི་ལོ་  ༡༨༨༧  ལོར་རྫ་ལེབ་ལ་ བརྒྱུད་འབྲས་ལྗོངས་སུ་བོད་དམག་བཏང༌།  འབྲས་ལྗོངས་དེ་བཞིན་ཕྱི​ི་ལོ་  ༡༨༦༡  ནས་བཟུང་

དབྱིན་ཇིའི​ི་སྲུང་སྐྱོབ་འོག་ཚུད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཟིན་པས་དབྱིན་གཞུང་གིས་བོད་དམག་

ཕྱིར་འཐེན་ཡོང་བའི་ནན་སྐུལ་བྱས་ཡོད་ཀྱང༌།  བོད་ཕྱོགས་ནས་དེར་ཉན་འཇོག་མ་བྱས།  ཕྱི​ི་

ལོ་  ༡༨༨༨  ལོར་དབྱིན་དམག་ཆུ་འབི་ཡུལ་གཤོངས་བར་སླེབས་ཡོད་ཅིང༌།  ཕྱིས་སུ་སྣ་ཐོད་ལའི་ བར་ཕྱིར་འཐེན་བྱས།  འཐབ་རྩོད་ཀྱི་གནད་དོན་དེར་གཞིགས་ནས་ཆིང་སྲིད་གཞུང་གིས་བོད་སྡོད་

ཨམ་བན་རྒྱ་གར་དུ་གྲོས་མོལ་བྱ་བར་མངགས་གཏོང་བྱས།  གྲོས་མོལ་མང་དག་བྱས་མཐར་ཕྱི​ི་ ལོ་  ༡༨༩༠  ཟླ་བ་  ༣  པའི་ཚེས་  ༡༧  ཉིན་ཀ་ལི་ཀ་ཏར་བོད་ཀྱི་སྐུ་ཚབ་མེད་པའི་ཐོག་དབྱིན་ཇི་ དང་ཆིང་སྲིད་གཞུང་དབར་བོད་དང་འབྲས་ལྗོངས་ཀྱི་གནད་དོན་ཐད་ཆིངས་ཡིག་ཅིག་བཞག་ཡོད་པ་

དང༌།  ཕྱི​ི་ལོ་  ༡༨༩༣  ཟླ་བ་  ༡༢  པའི་ཚེས་  ༥  ཉིན་རྡོ་རྗེ་གླིང་དུ་ཚོང་ལ་སོགས་པའི་གནད་

དོན་ཐག་གཅོད་ཀྱི་ཆིངས་ཡིག་ཅིག་བཞག་ཡོད་ཀྱང༌།  ཆིངས་ཡིག་དེ་དག་ཡིག་ཐོག་ཏུ་གནས་


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

35

པ་མ་གཏོགས་དོན་དངོས་ཐོག་གནད་དོན་ལ་ཡར་རྒྱས་གང་ཡང་བྱུང་མེད།  ཆིངས་ཡིག་དེར་མིང་ རྟགས་མ་བཀོད་མཁན་བོད་ཀྱིས་ཆིངས་ཡིག་ནང་འདི་དང་དེ་བྱེད་དགོས་ཞེས་འཁོད་ཡོད་པ་རྣམས་ གཅི ག ་ཀྱང་བྱས་མེ ད །  བོ ད ་ཀྱི ་ ཐད་རྒྱ་ནག་གི ་ དབང་འཛི ན ་ཡོ ད ་ཅེ ས ་པ་དེ ་ དོ ན ་མེ ད ་དུ་འགྱུར་

བཞིན་ཡོད་པར་གཞིགས་ཏེ་དབྱིན་ཇིས་གནད་དོན་དེར་ཡ་ལན་གྱི་ཐབས་ལམ་གཞན་ཞིག་འཚོལ་

དགོས་པའི་ཤེས་རྟོགས་བྱུང༌།  སྐབས་དེ་དུས་  ༼ཕྱི​ི་ལོ་  ༡༨༩༤  ནས་  ༡༨༩༥  བར།༽  རྒྱ་

ནག་དང་ཉི ་ ཧོ ང ་གཉི ས ་དམག་འཁྲུག་རྒྱག་སྐབས་ཉི ་ ཧོ ང ་གི ས ་རྒྱ་ནག་ཕམ་ཉེ ས ་བཏང་ཡོ ད ་པ་ དང༌།  ྋགོ ང ་ས་ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མ་སྐུ་ཕྲེ ང ་བཅུ་གསུམ་པས་བོ ད ་རྒྱལ་ཁབ་ཀྱི ་ རང་ བཙན་དང༌།  རང་ས་རང་སྲུང་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་སྦུག་དམ་བཀའ་རྒྱ་དེ་སྩལ།།

གནས་སྟངས་དེ་ལྟའི་འོག་དབྱིན་ཇིས་བོད་གཞུང་དང་ཐད་ཀར་འབྲེལ་བ་བྱ་རྒྱུའི་ཐག་གཅོད་

བྱས།  ཕྱི​ི ་ ལོ ་   ༡༨༩༩  ལོ ར ་རྒྱ་གར་གྱི ་ སྤྱི ་ ཁྱབ་སྐུ་ཞབས་ཁཱར་ཛན་  (Lord  Curzon)  གྱི ས ་ སྐབས་དེར་འབྲུག་ཡུལ་ནས་ཡིན་པའི་ཀ་ཛི་དབུ་རྒྱན་བརྒྱུད་༸གོང་ས་ཏཱ་ལའི་བླ་མར་ཕྱག་བྲིས་ཤིག་

ཕུལ་ཡོད་ཅིང༌།  དེའི་ནང་༸གོང་ས་མཆོག་གིས་འོས་འཚམས་ལྡན་པའི་བོད་ཀྱི་ཆེས་མཐོའ ་ི དཔོན་ རིགས་ཤིག་ས་མཚམས་དང་ཚོང་འབྲེལ་གྱི་རྩོད་རྙོག་སྐོར་གྲོས་བསྡུར་བྱ་རྒྱུའི་སླད་ཆེད་གཏོང་གནང་

དགོས་པའི་རེ་སྐུལ་ཞུས་འདུག  འོན་ཀྱང་སྤྱི་ཁྱབ་དེར་འདོད་བློ་ཁེངས་པའི་ལན་འདེབས་གང་ཡང་ ཐོབ་མེད་ཅིང༌།  དེ་རྗེས་གྲོས་མོལ་ཞིག་བྱུང་ཡོད་པ་དེ་ཡང་དོན་འབྲས་ལྡན་པ་ཞིག་བྱུང་མེད།།

བོ ད ་དང་དབྱི ན ་ཇི ་ དབར་གྱི ་ ཚོ ང ་འབྲེ ལ ་རྩོ ད ་རྙོ ག ་དེ ་ དུས་རབས་བཅོ ་ བརྒྱད་པ་ནས་ལྷག་

པའི་གནད་དོན་ཞིག་ཡིན་པ་དང༌།  ཕྱི​ི་ལོ་  ༡༧༧༤  ལོར་རྒྱ་གར་ཤར་ཕྱོགས་ཚོང་འབྲེལ་ལས་

ཁུངས་  (East  India  Company)  ཀྱི་སྤྱི་ཁྱབ་སྐུ་ཞབས་ཧེས་ཊིང་སི་  (Lord  Hastings)  མཆོག་ ནས་རང་གི་དྲུང་ཡིག་ཆེན་མོ་ཇོར་ཇི་  སྦོག་ལེ་  (George  Bogle)  བཀྲ་ཤིས་ལྷུན་པོར་མངགས་

གཏོང་བྱས།  དེའི་དམིགས་ཡུལ་ནི་པཎ་ཆེན་རིན་པོ་ཆེ་**དང་མཇལ་འཕྲད་ཞུ་རྒྱུ་དང་བསྟུན་བོད་ དང་རྒྱ་གར་བར་མཛའ་གྲོགས་ཀྱི་འབྲེལ་བ་ཡོང་བ།  ཚོང་འབྲེལ་གྱི་ཆིངས་ཡིག་གཏན་འབེབས་ ཡོང་བའི་དོན་དུ་པཎ་ཆེན་རིན་པོ་ཆེའི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མའི་***ཐོག་ **  པན་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས།  ༼སྒྱུར་བ་པོའ ་ི མཆན།༽ ***  ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།  ༼སྒྱུར་བ་པོའ ་ི མཆན།༽


36 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཕྱག་ལས་གནང་འདོ ད་ཡོད ་མེ ད ་སྐོ ར ་བཀའ་འདྲི ་ ཞུ་རྒྱུ་ཡི ན ་པ་རེ ད །  འོ ན ་ཀྱང་བོ ད ་འདི ་ བཞི ན ་ ཆིང་སྲིད་གཞུང་གི་མངའ་ཁོངས་ཡིན་པར་བསྙད་བཏགས་ཏེ་སྐབས་དེའི་ལྷ་སའི་སྲིད་གཞུང་གིས་

དགོ ང ས་འཆར་དེ ར ་མོ ས ་མཐུན་བྱས་མེ ད ་པ་མ་ཟད།  པཎ་ཆེ ན ་བླ་བྲང་བརྒྱུད་བོ ད ་དང་འབྲེ ལ ་ གཏུགས་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་པར་གཞིགས་ཏེ་དབྱིན་ཇིའི་ཐད་འཛིན་པའི་གཞུང་གི་བསམ་

བློའ ་ི འཁྱེར་སོ་དེ་བས་ཀྱང་མཁྲེགས་པ་ཞིག་བཟུང་ཡོད་འདུག  དུས་དེ་ནས་བཟུང་དབྱིན་ཇིས་སྦེང་ གཱལ་སྲིད་གཞུང་བརྒྱུད་བོད་དང་འབྲེལ་གཏུགས་ཡོང་བའི་རེ་བ་བཅངས་ཡོད་ཀྱང་བོད་ཕྱོགས་ནས་

དབྱིན་གཞུང་ཐད་འཛིན་པའི་ཞེ་འཁོན་དེ་མེད་པ་བཟོ་ཐུབ་མེད།  གནས་སྟངས་དེ་ལྟའི་འོག་གོང་ གསལ་གྱི་གནད་དོན་དེ་བྱུང༌།།

སྐབས་དེ་དུས་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་རུ་སུའི་གོང་མ་གཉིས་ཀྱི་དབར་

གསང་བའི་འབྲེལ་གཏུགས་ཤིག་བྱུང་ཡོད།  གནས་ཚུལ་དེ་དག་གོ་ཐོས་བྱུང་རྗེས་དབྱིན་ཇི་དང་རྒྱ་

གར་གཉིས་ཀྱིས་ཙོག་པུར་བསྡད་ནས་རྒྱང་ལྟ་བྱ་ཐབས་མེད་པར་གྱུར།  གནད་དོན་དེ་དག་ལ་བཟོད་ མ་ཐུབ་པར་དབྱིན་གཞུང་དང་རྒྱ་གར་སྲིད་གཞུང་གཉིས་ཀྱིས་ད་བར་ལེགས་སྒྲུབ་བྱུང་མེད་པའི་ཚོང་ འབྲེལ་ཆིངས་ཡིག་གི་རྩོད་རྙོག་མྱུར་དུ་སེལ་ཐབས་བྱས།  འོན་ཀྱང་ྋསྐྱབས་མགོན་ཏཱ་ལའི་བླ་མའི་

ཕྱོགས་ལ་རུ་སུའི་གོང་མའི་གསང་ཉུལ་བ་ཞིག་ཡོད་པས་རྒྱ་གར་དབྱིན་གཞུང་གིས་ཞུ་ནན་བྱས་ཡོད་ པ་རྣམས་ལ་བོད་གཞུང་གི་ཞལ་བཞེས་ཐོབ་རྒྱུ་དཀའ་བར་གྱུར་ཅིང།  གཅིག་རྗེས་གཉིས་མཐུད་ ཀྱིས་དོགས་གཞི་མང་པོ་ལངས།།

རུ་སུ་ནས་ཡི ན ་པའི ་ གསང་ཉུལ་བ་དེ ་ སུ་ཡི ན ་ཞེ ་ ན།  སོ ག ་ཡུལ་ནས་བོ ད ་དུ་བསླབ་པ་

སློབ་གཉེར་དུ་སླེབས་པའི་རྡོ་རྗེ་ཡིབ་  ༼སྐྱེས་ལོ་  ༡༨༤༩༽  ཅེས་པ་དེ་ཡིན།  ཁོང་གི་མིང་ངོ་ མར་ངག་དབང་རྡོ ་ རྗེ ་ ཞེ ས ་གྲགས་ཤི ང ༌།  དོ ན ་དངོ ས ་ཐོ ག ་ཁོ ང ་ནི ་ སྦཱ་ཡི ་ ཀལ་  (Baikal)  ནས་ ཡིན་པའི་སྦུ་རད་ཐུ་  (Buriat)  སོ ག ་པོ ་ ཞི ག ་ཡི ན ་པ་རེ ད །  ལོ ་ ན་གཞོ ན ་པའི ་ སྐབས་ལྷ་སའི ་ ཉེ ་ འགྲམ་དུ་ཡོ ད ་པའི ་ འབྲས་སྤུངས་སུ་ལོ ་ ཉི ་ཤུ་ཙམ་སློ བ ་གཉེ ར ་བྱས་མཐར་ཁོ ང ་ལ་དགེ ་ བཤེ ས ་ལྷ་

རམས་པའི་མཚན་གནས་ཐོབ་ཡོད་པ་རེད།  དེ་རྗེས་ཁོང་རང་ཉིད་ཀྱི་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་ ཀྱང༌།  ཕྱི​ི་ལོ་  ༡༨༨༠  ཙམ་དུ་སླར་ཡང་ལྷ་སར་འབྱོར་ཡོད་པ་རེད།  ཁོང་ལྷ་སར་འབྱོར་སྐབས་


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

37

ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བསླབ་པ་སློབ་གཉེར་གནང་བཞིན་པའི་སྐབས་དང་འཁེལ་ཡོད་ ཅི ང ༌།  གོ ང ་དུ་འགྲེ ལ ་བརྗོ ད ་བྱས་པ་བཞི ན །  ཁོ ང ་ྋགོ ང ་ས་ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མའི ་

བཤད་གྲྭར་ཞབས་ཞུ་སྒྲུབ་མཁན་དུ་འོ ས ་པའི ་ གྲོ ས ་མཐུན་བྱུང་ཡོ ད ་ཅི ང ༌།  ཁོ ང ་ལ་མཚན་ཉི ད ་ མཁན་པོའ ་ི མཚན་གནས་ཐོབ།  དུས་དེ་ནས་བཟུང་རང་གི་མཚན་གནས་ལྟར་ཁོང་ལ་མཚན་ཉིད་

མཁན་པོ་ཞེས་གྲགས།  གོ་སྐབས་ཡོད་ཚད་དམ་བཟུང་བྱས་ཏེ་ཁོས་ྋགོང་ས་ྋསྐྱབས་མགོན་ ཏཱ་ལའི་བླ་མ་མཆོག་ལ་རུ་སུའི་གོང་མ་ཛར་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པའི་འགྲེལ་བརྗོད་གང་

ཐུབ་བྱས།  ཕྱི་ཚུལ་དུ་རུ་སུའི་གོང་མ་ཛར་ནི་ཡི་ཤུ་བ་ཞིག་ཡིན་པར་སྣང་ཡང་ཐུགས་སེམས་ཀྱི་

ཆ་ནས་ཚུལ་ལྡན་གྱི ་ ནང་པ་སངས་རྒྱས་པ་ཞི ག ་རེ ད ་ཅེ ས ་འགྲེ ལ ་བརྗོ ད ་བྱས་ཡོ ད ་འདུག  དང་

ཐོག་ྋསྐྱབས་མགོན་ཏཱ་ལའི་བླ་མས་གཏམ་བཤད་དེར་དོགས་འཆར་བྱུང་ཡོད་ཀྱང༌།  རིམ་པས་ དེ་ལྟར་ཡིན་སྲིད་པའི་དགོངས་པ་འཆར།

མཚན་ཞབས་དེས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་

འགུག་ཕྱིར་བོད་བརྒྱུད་ནང་བསྟན་ནང་བཤད་སྲོལ་ཡོད་པའི་བྱང་ཕྱོགས་ཀྱི་ཞིང་ཁམས་ཤམ་བྷ་ལ་

ཞེས་པ་དེ་རུ་སུའི་རྒྱལ་ཁམས་ཡིན་པ་དང༌།  ཤམ་བྷ་ལའི་རིགས་ལྡན་རྒྱལ་པོ་ཞེས་པ་དེ་རུ་སུའི་

གོང་མ་ཛར་ཡིན་ཅིང་འཛམ་བུའི་གླིང་གི་ཉོན་མོངས་རྣམས་ཞི་བའི་ཕྱིར་ཕེབས་ཡོད་ཀྱང༌།  སྐབས་

དང་བསྟུན་པའི་སྒོ་ནས་རུ་སུའི་གོང་མས་གནད་དོན་དེ་སྦ་སྐུང་བྱས་ཏེ་ཡེ་ཤུ་བ་ཞིག་ཡིན་པའི་ཚུལ་ བཞེས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།  སྤྱང་གྲུང་གི་གཏམ་བཤད་དེ་ལྟའི་དབང་གིས་བོད་སར་ སྐྱེས་ཤིང་ཕྱི་གླིང་གི་མཁྱེན་རྒྱ་མེད་པའི་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མའི་དགོངས་ཕྱོགས་ ཤེས་བྱའི་གནས་གསར་པ་ཞིག་ཏུ་ཁ་ལོ་བསྒྱུར།།

ཕྱི​ི ་ ལོ་  ༡༨༩༨  ལོར་རྡོ་རྗེ་ཡིབ་རུ་སུར་བསྐྱོད་པ་དང་ཕྱི​ི ་ ལོ་  ༡༩༠༠  ལོར་ཡཱལ་

ཊར་  (Yalta)  རུ་སུའི་གོང་མ་ཛར་ནི་ཁོ་ལ་སེ་གཉིས་པ་  (Czar  Nicholas  II)  དང་ཐུག་འཕྲད་ ཀྱིས་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱས།  ཕྱི​ི་ལོ་  ༡༩༠༡  ཟླ་བ་  ༧  པའི་ཚེས་  ༦  ཉིན་

རུ་སུའི་གོང་མ་དང་སླར་ཡང་ཐུག་འཕྲད་བྱས་ཡོད་པ་དང་དེ་སྐབས་ཁོང་གིས་ྋགོང་ས་ྋསྐྱབས་ མགོན་ཏཱ་ལའི་བླ་མའི་ཕྱག་བྲིས་མཉམ་འཁྱེར་ཡོད་པ་དེ་ཛར་ལ་ཕུལ།།

རྡོ ་ རྗེ ་ ཡི བ ་རུ་སུ་ནས་ཕྱི ར ་འཁོ ར ་སྐབས་མེ ་ མདའ་མོ ་ སེ ལ ་  (Mosel  guns)  བཅུ་ལྷག་

དང༌།  ཆུ་ཚོད།  དེ་བཞིན་གྱི་འཕྲུལ་ཆས་གཞན་འགའ།  རུ་སུའི་ཡེ་ཤུའི་ཆོས་པའི་ཆོས་གོས་


38 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཆ་ཚང་གཅིག་བཅས་བོད་དུ་འཁྱེར་ཏེ་སླེབས་ཡོད་པས།  ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་ མཆོག་གིས་དེ་དག་ལ་ཤེས་འདོད་ཀྱི་འདུན་པ་ཆེན་པོས་གཟིགས་ཞིབ་གནང་ཡོད་པ་གོར་མ་ཆག  །

དུས་དེ ་ ནས་བཟུང་ཁོ ང ་གི ས ་ཤམ་བྷ་ལ་དང་འབྲེ ལ ་བའི ་ དེ བ ་ཆུང་ཞི ག ་བརྩམས་ཡོ ད ་པ་

དང༌།  དད་ལྡན་སྐྱེ་བོ་རྣམས་ལ་དེའི་སྐོར་འགྲེལ་བརྗོད་བྱས།  དེའི་གོང་དུས་རབས་བཅོ་བརྒྱད་

པའི ་ དུས་དཀྱི ལ ་ཙམ་ན་པཎ་ཆེ ན ་རི ན ་པོ ་ ཆེ ་ དཔལ་ལྡན་ཡེ ་ཤེ ས ་ཀྱི ས ་བྱང་ཤམ་བྷ་ལར་སྐྱེ ་ བའི ་

སྨོ ན ་ལམ་ཞེ ས ་པའི ་ སྙན་གྲགས་ཅན་གྱི ་ ཕྱག་དཔེ ་ ཞི ག ་ལྗགས་རྩོ མ ་གནང༌།  ཡི ན ་ནའང་ྋགོ ང ་ ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་གཉིས ་ཀས་ཤམ་བྷ་ལའི་སྐོར ་དེ ་

སྔ་ནན་བརྗོད་གང་ཡང་གནང་མེད་ཅིང༌།  དེ་ནི་ཆོས་བརྒྱུད་རྙིང་པའི་ནང་གི་བརྩི་སྲོལ་ཙམ་ཞིག་

རེ ད །  དུས་དེ ་ ནས་བཟུང་ཆབ་སྲི ད ་ཀྱི ་ དོ ན ་སྙི ང ་ཕྲན་བུ་ཡོ ད ་པའི ་ ཐོ ག ་ཆོ ས ་བརྒྱུད་གསར་པའི ་ ནང་དར་ཁྱབ་བྱུང་ཡོ ད །  ཡོ ང ས་གྲགས་ཀྱི ་ གནས་ཚུལ་ཞི ག ་ལ་པཎ་ཆེ ན ་སྐུ་ཕྲེ ང ་དགུ་པས་ཕྱི​ི ་

ལོ་  ༡༩༣༠  ལོར་ཚུ་  ཆིན་ཕོ་བྲང་  (Tzu  Chin  Palace)  གི་མདུན་དུ་མི་མང་སྟོང་ཕྲག་མང་པོའ ་ི ཁྲོད་དེའི་སྐོར་གསུང་བཤད་གནང༌།  རྡོ་རྗེ་ཨིབ་ཀྱི་ཐབས་བྱུས་མཁས་པའི་བཀོད་བྱུས་དབང་གིས་

ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རིམ་པས་རུ་སུར་བློ་ཇེ་ཉེར་ཕྱིན།  དེའི་དབང་གིས་རྒྱ་གར་དང་ དབྱིན་ཇིས་བོད་དང་གྲོས་མོལ་བྱེད་ཕྱོགས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་གོར་མ་ཆག  །

ཕྱི ་ ལོ ་   ༡༩༠༡  ལོ འ ་ི ཟླ་བ་  ༡༡  པའི ་ ཚེ ས ་  ༢  ཉི ན ་རུ་སུར་གནས་སྡོ ད ་དབྱི ན ་གཞུང་

སྐུ་ཚབ་ཀྱི ས ་རུ་སུས་བོ ད ་ཀྱི ་ དཀའ་རྙོ ག ་གི ་ ཐད་ཐེ ་ བྱུས་བྱས་ཡོ ད ་པ་དེ ར ་སྐྱོ ན ་བརྗོ ད ་ནན་པོ ་

བྱས།  སྐབས་དེ་དུས་རུ་སུས་གླིང་ཆེན་ཨེ་ཤི་ཡའི་ནང་རྒྱ་བསྐྱེད་ཀྱི་སྲིད་བྱུས་ཤིག་ལག་བསྟར་

བྱེད་བཞིན་པའི་སྐབས་ཡིན་པ་དང༌།  དབྱིན་ཇིས་རུ་སུའི་བྱེད་ཕྱོགས་དེར་དོགས་པ་བྱེད་ཀྱི་ཡོད་

ཅིང༌།  སྐབས་དེ་དུས་ཆིང་སྲིད་གཞུང་དང་རུ་སུའི་དབར་གསང་བའི་མཐུན་སྒྲིག་ཅིག་བྱུང་ཡོད་པའི་ འཆལ་གཏམ་ཞིག་ཁྱབ་གདལ་དུ་ཕྱིན་ཡོད་པས་དབྱིན་ཇིར་ཞེད་སྣང་བྱུང༌།  དབྱིན་ཇིས་ཕྱི་འབྲེལ་ འབྲེལ་ལམ་བརྒྱུད་ཡང་ནས་ཡང་དུ་རུ་སུའི་དམིགས་ཡུལ་དེ་དང་དེ་རེད་ཅེས་གླེང་སློང་བྱས་ཡོད་པ་

རེད།  རུ་སུས་བོད་ནང་དམིགས་ཡུལ་གང་ཡང་བཟུང་གི་མེད་སྐོར་དུས་རྟག་ཏུ་འགྲེལ་བརྗོད་བྱས་ ཡོད་ཀྱང༌།  བོད་དང་འབྲེལ་བའི་དབྱིན་ཇིའི་ལམ་ལ་འགོག་རྐྱེན་བཟོ་ཐབས་བྱས།  བོད་དང་འབྲེལ་


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

39

བའི་རུ་སུའི་བྱེད་ཕྱོགས་ཐད་དབྱིན་ཇིས་དོགས་པ་ཤུགས་ཆེ་བྱས་ཡོད་པ་དང༌།  རྒྱ་གར་དབྱིན་་ ཇིའི་སྲིད་གཞུང་གི་དགོངས་འཆར་ལས་བྱུང་བའི་ཤུགས་རྐྱེན་གྱིས་མཐར་དབྱིན་ཇིས་ལྷ་སར་སྐོར་

སྲུང་དང་བཅས་པའི་ཆེད་གཉེར་དོན་གཅོད་ཞིག་མངགས་གཏོང་བྱ་རྒྱུའི་ཐག་གཅོད་བྱས།  སྐབས་ འདིའི་ཆེད་གཉེར་དོན་གཅོད་ཀྱི་དམིགས་ཡུལ་ནི་དབྱིན་ཇིས་བཅངས་པའི་འདོད་འདུན་རྣམས་བོད་

ཀྱིས་ར་འཕྲོད་ཐུབ་སླད་ཆབ་སྲིད་ཀྱི་གནད་དོན་ཙམ་ཞིག་ཡིན་ཀྱང༌།  གཞུང་འབྲེལ་གྱི་སྒོ་ནས་ཆེད་ གཉེར་དོན་གཅོད་དེའི་དམིགས་ཡུལ་ནི་ཚོང་ཙམ་ཡིན་པའི་ཟོལ་བྱས།  དབྱིན་ཇིས་དོན་གཅོད་དེ་

བོད་དུ་མངགས་གཏོང་བྱ་དགོས་པའི་རྒྱུ་མཚན་ནི་ཕྱི​ི་ལོ་  ༡༨༩༠  དང་ཕྱི་ལོ་  ༡༨༩༣  ལོར་དབྱིན་ གཞུང་དང་ཆིང་སྲིད་གཞུང་དབར་བོད་དང་རྒྱ་གར་གྱི་ཚོང་འབྲེལ་ཐད་བཞག་པའི་ཆིངས་ཡིག་གི་འབྲུ་

དོན་བོད་ཀྱིས་ལག་བསྟར་བྱས་མེད་པ་དང༌།  རྒྱ་གར་དབྱིན་གཞུང་སྤྱི་ཁྱབ་བློན་ཆེན་གྱིས་ཕྱག་ བྲིས་ཐེངས་གསུམ་བསྟུད་མར་སྩལ་ཡོད་པར་ལན་གང་ཡང་བྱས་མེད་པའི་རྐྱེན་གྱིས་ཡིན་ཞེས་འགྲེལ་ བརྗོད་བྱས་ཡོད།།

བོད་དུ་བསྐྱོད་པའི་དབྱིན་ཇིའི་རྩ་བའི་འཆར་གཞི་དེ་བཞིན་ཕྱི​ི་ལོ་  ༡༩༠༣  ཟླ་བ་ ༢ པ་ནས་

བརྟན་པོ ར ་གྱུར་ཡོ ད །  དེ ་ ཡང་ཟླ་བ་  ༥  པའི ་ ནང་དབྱི ན ་ཇི འི ་ དམག་དཔོ ན ་ཕཱརན་སི ས ་  ཡཱང་ ཧཱས་སྦེཎ་  (Francis  Younghusband)  ཆེད་གཉེར་དོན་གཅོད་པ་གཙོ་བོ་དང་ཁོང་གི་ལས་རོགས་

སུ་འབྲས་ལྗོངས་ཀྱི་ཆབ་སྲིད་བློན་ཆེན་ཝཱཡཊ་  (White)  བསྐོ་གཞག་དང་བཅས་མཐའ་མའི་ཐག་ གཅོ ད ་བྱས།  ཆེ ད ་གཉེ ར ་དོ ན ་གཅོ ད ་མངགས་གཏོ ང ་གི ་ ལས་གཞི འི ་ མི ང ་དང་ལག་བསྟར་བྱེ ད ་

ཕྱོགས་སོགས་གང་ཅིར་གོམ་པ་གཟབ་ནན་སྤོས་ཡོད་ཅིང༌།  དང་ཐོག་དབྱིན་ཇིས་ཟླ་བ་  ༧  པའི་ ཚེས་  ༧  ཉིན་ཆིང་སྲིད་གཞུང་གི་སྐུ་ཚབ་ཅིག་གིས་བོད་གཞུང་གི་སྐུ་ཚབ་མཉམ་འཁྲིད་བྱས་ཏེ་གམ་

པ་རྫོང་དུ་དབྱིན་གཞུང་གི་སྐུ་ཚབ་དང་ཐུག་འཕྲད་ཡོང་བའི་རེ་སྐུལ་བྱས་ཡོད་པ་དང༌།  གལ་སྲིད་དེ་

ལྟར་མ་བྱུང་ཚེ་ཆེད་གཉེར་དོན་གཅོད་དེས་གཞིས་ཀ་རྩེ་དང་རྒྱལ་རྩེའི་བར་ཤར་བསྐྱོད་བྱ་རྒྱུའི་ཐག་ གཅོད་བྱུང་འདུག  །

གཏན་འབེབས་བྱས་པའི་གོང་གསལ་གྱི་ཉིན་དང་ས་གནས་དེར་བོད་གཞུང་གི་སྐུ་ཚབ་ཕེབས་

ཡོད་ཀྱང༌།  དབྱིན་ཇི་འདོད་བློ་ཚིམས་ཐུབ་པའི་ཆ་རྐྱེན་གང་ཡང་འཁྱེར་མེད།  དེ་ལས་ལྡོག་སྟེ་


40 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

བོད་གཞུང་སྐུ་ཚབ་ཀྱིས་དབྱིན་ཇིའི་ཆེད་གཉེར་དོན་གཅོད་དེ་འབྲས་ལྗོངས་ས་ཐོག་བར་ཕྱིར་འཐེན་ བྱ་དགོས་ཞེས་ནན་བརྗོད་བྱས། །དབྱིན་ཇིའི་ཆེད་གཉེར་དོན་གཅོད་དེས་བོད་གཞུང་གིས་བལ་ཡུལ་

བརྒྱུད་དབྱིན་ཇི་དང་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱས།  པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་གམ་ པ་རྫོང་དུ་ཡོད་པ་དེས་ཀྱང་དབྱིན་ཇིའི་སྐུ་ཚབ་ཕྱིར་འཐེན་ཡོང་བའི་རེ་སྐུལ་བྱས།།

ཕྱི​ི ་ ཟླ་  ༡༡  པའི ་ ཚེ ས ་  ༦  ཉི ན ་དབྱི ན ་ཇི འི ་ དཔོ ན ་རི ག ས་རྣམས་ཀྱི ས ་ཆེ ད ་གཉེ ར ་དོ ན ་

གཅོད་དེར་རང་གི་ལས་དོན་སྒྲུབ་སླད་ཤར་བསྐྱོད་དགོས་པའི་བཀའ་བཏང།  ཕྱི​ི་ཟླ་  ༡༡  པའི་ ཚེ ས ་  ༧  ཉི ན ་ལཱོ ན ་ཌོ ན ་  (London)   དུ་གནས་སྡོ ད ་རུ་སུའི ་ སྐུ་ཚབ་དེ ར ་གནད་དོ ན ་དེ ་ དང་

འབྲེ ལ ་བའི ་ གནས་ཚུལ་མཁོ ་ སྤྲོ ད ་བྱས།  ཕྱི ་ ཟླ་  ༡༢  པའི ་ ཚེ ས ་  ༡༢  ཉི ན ་སྲུང་དམག་དང་ བཅས་པའི་དབྱིན་ཇིའི་ཆེད་གཉེར་དོན་གཅོད་དེ་རྫ་ལེབ་ལ་བརྒྱུད་ཕྱི​ི་ལོ་  ༡༩༠༢  ཟླ་བ་  ༢  པའི་

ཚེས་  ༧  ཉིན་དུད་སྣར་འབྱོར།  ཕྱི​ི་ཟླ་  ༣  པའི་ཚེས་  ༢༨  ཉིན་ཆེད་གཉེར་དོན་གཅོད་དེའི་ དཔུང་སྣོ ན ་དཔུང་གསར་དུད་སྣར་འབྱོ ར ་ཡོ ད ་ཅི ང ༌།  དེ ་ ནས་མཉམ་འཛོ མ ས་ཀྱི ས ་རྒྱལ་རྩེ ར ་ བསྐྱོད།  སྐབས་དེའི་དམག་དཔུང་གི་ནང་དབྱིན་ཇི་  ༡༠༠  དང་རྒྱ་གར་བ་  ༡༢༠༠  ཡོད།།

འཐབ་འཛིང་དང་པོ་དེ་ཉིན་དེའི་ཉིན་གུང་ཡོལ་ཙམ་ན་བྱུང་ཡོད་ཅིང༌།  བོད་དམག་ནི་འགྲན་

ཟླར་འོ ས ་པ་ཞི ག ་མི ན ་པ་བརྗོ ད ་མི ་ དགོ ས །  འོ ན ་ཀྱང་དམག་དཔོ ན ་ཡཱང་ཧཱས་སྦེ ཎ ་ལ་གང་གི ས ་

བསུན་གཙིར་བྱས་ཡོད་དམ་ཟེར་ན་ཧི་མཱ་ལ་ཡའི་རི་བརྒྱུད་བརྒལ་དགོས་པའི་དངོས་ཟོག་འོར་འདྲེན་ གྱི་དམག་སྡེའི་ཆེད་རྟ་གང་མང་མཁོ་སྒྲུབ་ཀྱི་དཀའ་ངལ་དང༌།  ཆེས་གྲང་ངར་ཆེ་བའི་བོད་ཀྱི་གནམ་

གཤིས་ལས་སྐྱོབ་ཐུབ་པའི་སྟ་གོན་བྱ་དགོས་པ་བཅས་ཡིན།  བོད་དམག་ལ་ཆ་མཚོན་ན་དེང་དུས་ ཀྱི་གོ་ལག་སྤྲས་པའི་དབྱིན་དམག་ལ་འཐབ་འཛིང་གི་དམག་སྦྱོང་དང༌འཆར་གཞི་མེད།།

གནད་དོན་དེ་ཟློག་ཐབས་སུ་སྲོལ་རྒྱུན་ལྟར་བཅོ་བརྒྱད་དྲུག་ཅུའི་དམག་བྲེལ་འཚུབ་ངང་བསྡུ་

རུབ་བྱས།  དེ་གང་ཡིན་ཟེ ར ་ན་གྲྭ་རི ག ས་ཕུད་པའི ་ རང་ལོ ་ བཅོ ་ བརྒྱད་ནས་དྲུག་ཅུའི ་ བར་སོ ན ་ པའི་ཕོ་གཞོན་རྣམས་ཟ་བཅའ་རང་འཁྱེར་དང༌།  དམག་གི་སྦྱོང་བརྡར་གང་ཡང་མེད་པའི་ཐོག་བོད་

གཞུང་ནས་དམག་སར་གཏོ ང ་སྲོ ལ ་ཞི ག ་ཡོ ད ་པ་དེ ་ རེ ད །  ཁོ ང ་རྣམས་ལ་དམག་ཆས་ཀྱང་མེ ད ་

ཅིང༌།  མདོར་ན་ཁོང་ཚོ་ནི་སྒྲིག་འཛུགས་མེད་ཅིང་རང་ལོ་བཅོ་བརྒྱད་ནས་དྲུག་ཅུར་སོན་པའི་ལོ་


སྲིད་དབང་བཞེས་པ་དང་རྒྱལ་ཚབ།

41

གཞོ ན་དང་ལོ་རྒན་མཉམ་བསྲེ ས ་ཀྱི ་ མི ་ ཚོ ག ས་ཤི ག ་ལས་མ་འདས།  ཁོ ང ་ཚོ ར ་དགྲ་བོ ར ་འཐབ་

འཛིང་གི་ཐབས་བྱུས་གཅིག་ལས་མེད་པ་དེ་ནི་དགྲ་བོའ ་ི མདུན་སར་ཐོན་ནས་སྐད་ཤུགས་ཡོད་ཚད་ ཀྱིས་ཀི་སྒྲ་འདོན་རྒྱུ་དེ་རེད།  ཀི་སྒྲ་འདོན་རྒྱུ་དེས་དགྲ་བོས་འཐབ་ཕྱོགས་གཞན་དེར་མི་ཆ་མང་

པོ་ཡོད་པའི་ཚོར་སྣང་ཞིག་སྟེར་བས་འཐབ་རྒོལ་ཤུགས་ཆེ་བྱ་དགོས་བྱུང་གི་ཡོད་ཀྱང༌།  སྐབས་ དེ་དུས་བོད་དམག་རྣམས་སྔ་ས་ནས་ཉེ་འགྲམ་གྱི་རིའི་བར་བྲོས་ནས་གབ་ཟིན།  འཇབ་དམག་གི་ ཐབ་བྱུས་དེས་དེང་དུས་ཀྱི་གོ་ལག་ལྡན་པའི་དབྱིན་ཇི་དང་རྒྱ་གར་ཟུང་འབྲེལ་གྱི་དམག་དེར་དཀའ་

ངལ་སྟེར་ཡོད་ཀྱང༌།  བོད་པ་རྣམས་དཀའ་ངལ་ཆེན་པོ་ཞིག་དང་གདོང་ཐུག་ནས་ཡོད་པ་གསལ་ པོར་ཆགས།  བོད་དམག་རྣམས་རྩམ་པ་དང་ཆུ་གཅིག་པུར་བསྟེན་ནས་འཚོ་ཐུབ་ཀྱི་ཡོད་པ་མ་ཟད་

ཕར་ཚུར་འགྲོ་སྐྱོད་ཀྱང་སྟབས་བདེའི་ངང་བྱེད་ཐུབ་ཀྱི་ཡོད།  ཡུལ་གྱི་བཀོད་པར་རྒྱུས་མངའ་མེད་

པའི་དབྱིན་ཇི་དང་རྒྱ་གར་ཟུང་འབྲེལ་གྱི་དམག་མི་རྣམས་ལ་དཀའ་ཚེགས་ཆེན་པོ་བྱུང་ཡོད།  ཕྱི​ི་

ཟླ་  ༥  པའི་ཚེས་  ༡༤  ཉིན་དབྱིན་གཞུང་གིས་ཆེད་གཉེར་དོན་གཅོད་དེར་ལྷ་ས་བར་ཤར་བསྐྱོད་ བྱ་འཐུས་ཀྱི་བརྡ་ལན་འབྱོར།  ཆེད་གཉེར་དོན་གཅོད་དེའི་དཔུང་སྣོན་དཔུང་གསར་ཕྱི​ི་ཟླ་ ༥ པའི་ ཚེས་ ༢༤ ཉིན་རྒྱལ་རྩེར་འབྱོར་ཡོད་པ་དང༌།  ཕྱི​ི་ཟླ་  ༦  པའི་ཚེས་  ༢༦  ཉིན་དྲག་ཤུགས་དེ་ བས་ཀྱང་ཆེ་བའི་དམག་སྣོན་ཞིག་འབྱོར་ཡོད་པ་དེའི་ནང་དམག་མི་  ༣༠༠༠  དང་དོ་བོ་འོར་འདྲེན་

བྱེད་མི་  ༧༠༠༠  བཅས་ཡོད།  ཕྱི​ི་ཟླ་  ༧  པའི་ཚེས་  ༥  དང་  ༦  གི་འཐབ་འཁྲུག་སྐབས་རྒྱལ་ རྩེ་རྫོང་གི་འཛིང་རགས་གཏོར་བཤིག་ཕྱིན་ཏེ་ཕྱི​ི་ཟླ་  ༧  པའི་ཚེས་  ༡༤  ཉིན་དབྱིན་ཇི་དང་རྒྱ་གར་ ཟུང་འབྲེལ་གྱི་དམག་དེ་ལྷ་སར་ཤར་བསྐྱོད་བྱས།།

དབྱི ན ་དམག་དེ ་ ལྷ་ས་ནས་ཉི ན ་གསུམ་གྱི ་ རྒྱང་ཐག་བར་ཡོ ད ་པའི ་ ཆུ་ཤུར་དུ་འབྱོ ར ་བའི ་

གནས་ཚུལ་གོ ་ ཐོ ས ་བྱུང་སྐབས་ྋགོ ང ་ས་ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མ་མཆོ ག ་ཉེ ་ གནས་བདུན་

གྱིས་སྲུང་སྐྱོབ་འོག་སོག་ཡུལ་དུ་སྐྱབས་བཅོལ་ལ་ཕེབས།  བོད་ཟླ་ལྔ་པའི་ཚེས་བཅུ་བདུན་  ༼ཕྱི​ི་ ལོ་  ༡༩༠༤  ཟླ་བ་  ༦  པའི་ཚེས་  ༣༠༽  ཉིན་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་རྒྱལ་ཚབ་

ཏུ་བསྐོ་གཞག་དང༌།  ཁོང་གི་སྤུན་བྱམས་པ་ཆོས་བཟང་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་དོན་ཐད་ཞིབ་ ཕྲའི་ལྟ་རྟོག་བྱེད་པོར་བསྐོ་གཞག་གནང།།


42 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷ་སའི་བྱང་ཕྱོགས་སུ་ཡོད་པའི་འཕན་པོ་སྒོ་ལ་

དང་རྭ་སྒྲེང་དགོན་བརྒྱུད་ནག་ཆུ་ཁ་ཞེས་པའི་གྲོང་གསེབ་དེར་ཕེབས་ཤིང༌།  དེར་སྒྲུབ་ཁང་བླ་བྲང་ ཞེས་པའི་དགོན་སྡེ་ཞིག་གི་ནང་སོག་ཡུལ་དུ་བྲོས་བྱོལ་དུ་ཕེབས་རྒྱུའི་གྲ་སྒྲིག་མཛད།།

བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་  ༼ཕྱི​ི་ཟླ་  ༨  པའི་ཚེས་  ༣༽  ཉིན་དམག་དཔོན་ཡཱང་

ཧཱས་སྦེ ཎ ་དམག་སྡེ ་ དང་བཅས་ལྷ་སར་འབྱོ ར ་ཏེ །   ཕྱི​ི ་ ཟླ་  ༩  པའི ་ ཚེ ས ་  ༧  ཉི ན ་རྒྱལ་ཚབ་ དང༌།  དགའ་ལྡན་ཁྲི ་ པས་གཙོ ས ་པའི ་ བོ ད ་གཞུང་གི ་ སྐུ་ཚབ་དང་ཆི ང ས་ཡི ག ་གཅི ག ་གི ་ སྟེ ང ་

མཚན་རྟགས་བཀོ ད ་ཡོ ད ་ཅི ང ༌།  ཕྱི ས ་སུ་སི མ ་ལར་  (Simla)  ཆི ང ས་ཡི ག ་དེ ་ གཏན་འབེ བ ས་ བྱས།  བཀའ་ཤག་དང༌།  ཆོས་དང་སྲིད་ཀྱི་དབུ་འཁྲིད་རྣམས་ལྷན་དུ་འཛོམས་པའི་ཚོགས་འདུ་

རྒྱས་འཛོམས་གནང།  ལྷ་སར་གནས་སྡོད་རྒྱ་གཞུང་གི་སྐུ་ཚབ་ཀྱིས་དམག་དཔོན་ཡཱང་ཧཱས་སྦེཎ་ དང་གྲོ ས ་མོ ལ ་བྱས་ཡོ ད ་ཀྱང་ཆི ང ས་ཡི ག ་གི ་ སྟེ ང ་མཚན་རྟགས་བཀོ ད ་མེ ད །  གྲང་ངར་ཆེ ་ བའི ་ གནམ་གཤིས་ལ་བཟོད་རེག་ཐུབ་པའི་གྲ་སྒྲིག་མེད་པ་དང༌།  ཟ་བཅའ་འོར་འདྲེན་གྱི་དཀའ་ངལ་ དབང་གིས་སྐབས་འཕྲལ་ཆིངས་ཡིག་གི་སྟེང་མཚན་རྟགས་བཀོད་ཚར་མ་ཐག་དབྱིན་དམག་རྒྱ་གར་ གྱི་ཕྱོགས་སུ་ཕྱིར་ལོག་བྱས།།  །།


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ། V

༄།  །༸གོང་ས་ཏཱ་ལའི་བླ་མ་དང་ཁོང་གི་སྐུ་འཁོར་རྣམས་ནག་ཆུ་ཁ་བརྒྱུད་བྱང་ཕྱོགས་སུ་ཕེབས་ ཤི ང ༌།  བོ ད ་ཟླ་བརྒྱད་པའི ་ ནང་  ༼ཕྱི ་ ཟླ་  ༩  དང་  ༡༠  པའི ་ མཚམས།༽  མཚོ ་ སྔོ ན ་ཞི ང ་

ཆེན་གྱི་ཚྭ་འདམ་དུ་འབྱོར།  མཐར་ཕྱི་སོག་གི་སཱ་ཡིན་ནོན་  (Sainnoin)  མི་རིགས་ཀྱི་མངའ་

ཁོངས་སུ་གཏོགས་པའི་ས་ཁམས་བརྒྱུད་ཁལ་ཁ་ས་ཁུལ་དུ་འབྱོ ར ་སྐབས་བོ ད ་ཟླ་བཅུ་པ་  ༼ཕྱི ་

ཟླ་  ༡༡  དང་  ༡༢  པའི ་ མཚམས།༽  ཟི ན ་གྲུབ་ཅི ང ༌།  ཕྱི ་ སོ ག ་དང་ནང་སོ ག ་གཉི ས ་ཀའི ་ སྡེ ་ ཤོག་མང་པོའ ་ི དཔོན་རིགས་རྣམས་ཀྱིས་གུས་བཀུར་ཆེན་པོས་༸གོང་ས་ཏཱ་ལའི་བླ་མའི་ཕེབས་བསུ་

ཞུས།  ཁལ་ཁའི་སྤྲུལ་སྐུས་ཀྱང་༸གོང་ས་མཆོག་གི​ི་ཆེད་ཕེབས་བྱམས་ཤིག་འཁྱེར་ཏེ་ཕེབས་བསུ་ ཟབ་རྒྱས་ཞུས།  སོག་ཡུལ་ནང་དབང་ཚད་ཆེས་མཐོ་ཤོས་ཅན་གྱི་སྤྲུལ་སྐུ་དེས་རང་གནས་ནས་

གཤེགས་ཏེ་སྐྱེས་བུ་གཞན་ཞིག་མཇལ་བཅར་དུ་འགྲོ་བ་ནི་རྒྱུན་ལྡན་མ་ཡིན་པ་ཞིག་རེད།  ཁལ་ ཁ་ས་ཁུལ་གྱི ་ སྤྲུལ་སྐུ་རྗེ ་ བཙུན་དམ་པ་ཁོ ང ་ཕོ ་ བྲང་ཕོ ་ པོ ་ ཏ་ལའི ་ ཉེ ་ འདབས་སུ་འཁྲུངས་པ་ཞི ག ་ ཡི ན ་ཅི ང ༌།  ཁོ ང ་གི ས ་ད་དུང་རང་ཉི ད ་བོ ད ་རི ག ས་ཤི ག ་ཡི ན ་པའི ་ ངོ ་ བོ ་ ཉར་ཚགས་གནང་ནས་

ཡོད།  ཆོས་ཕྱོགས་ཀྱི་ཆ་ནས་ཁོང་དང་༸གོང་ས་ཏཱ་ལའི་བླ་མ་གཉིས་ཀྱི་བར་བླ་མ་དང་སློབ་མའི་ འབྲེལ་ལམ་ཞིག་ཡོད།།

ཕྱི​ི་ལོ་  ༡༩༠༥  ཟླ་བ་  ༢  པའི་ཚེས་  ༤  འམ་  ༥  ཉིན་༸གོང་ས་མཆོག་དགུང་གྲངས་

སུམ་ཅུར་ཕེབས་ཤིང།  ལོ་དེའི་ལོ་གསར་ཡང་ཁལ་ཁ་ས་ཁུལ་དུ་གཏོང་གནང་མཛད།  ཁལ་ཁ་ས་ ཁུལ་དུ་གནས་སྡོད་ཨམ་བན་གྱིས་ཆབ་སྲིད་དང་འབྲེལ་བའི་གནད་དོན་གོ་བསྡུར་ལ་བསྙད་བཏགས་

ཏེ་༸གོང་ས་མཆོག་དང་མཇལ་འཕྲད་ལན་མང་བྱས།  བོད་ཟླ་ལྔ་པའི་  ༼ཕྱི​ི་ཟླ་  ༧༽  ནང་པེ་


44 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཅིང་དུ་གནས་སྡོད་རུ་སུའི་སྐུ་ཚབ་ཀྱི ས ་༸གོ ང་ས་ཏཱ་ལའི་བླ་མ་དང་མཇལ་འཛོམ ས་བྱས་ཡོད་པ་

དང༌།  ཚིག་ཐོ་གཞིར་བཟུང་བྱས་པ་ཡིན་ན་ཁོང་གིས་སྐབས་དེ་དུས་༸གོང་ས་མཆོག་ལ་འབུལ་རྟེན་ མང་པོ་ཕུལ་ཡོད་ཅེས་གསལ་ཡོད་པ་དེས་རྡོ་རྗེ་ཡིབ་ཀྱིས་ད་དུང་ཡང་ཐེ་བྱུས་བྱེད་ཀྱི་ཡོད་པ་གསལ་

པོར་མཚོན་ཐུབ།  ཕྱི​ི་ལོ་  ༡༩༠༦  ཟླ་བ་  ༢  པའི་ཚེས་  ༢༣  མམ་  ༢༤  ཉིན་༸གོང་ས་ཏཱ་ལའི་ བླ་མ་མཆོག་དགུང་གྲངས་སོ་གཅིག་ཏུ་ཕེབས་ཤིང༌།  ལོ་གསར་གཉིས་པ་དེ་ཡང་ཁལ་ཁ་ས་ཁུལ་དུ་ གཏོང་གནང་མཛད།།

ལོ་དེར་༸གོང་ས་མཆོག་ཁལ་ཁ་ས་ཁུལ་ནས་ཕེབས་ཏེ་ད་ལྟ་ཀན་སུ་ཞིང་ཆེན་གྱི་ཁོངས་སུ་

གཏོགས་པའི་སྐུ་འབུམ་དགོན་པར་ཡུད་ཙམ་བཞུགས་ནས་རིམ་པས་ལྷ་སར་ཕྱིར་ཕེབས་ཀྱི་གྲ་སྒྲིག་

མཛད།  སྐུ་འབུམ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གསར་པ་  ༼དགེ་ལུགས།༽  སྲོལ་ གཏོ ད ་པ་པོ ་ ཙོ ང ་ཁ་པ་སྐུ་བལྟམས་ཡུལ་ཡི ན ་པས་བྱི ན ་རླབས་ཆེ ་ བའི ་ ས་ཚི ག ས་ཤི ག ་ཡི ན ་པ་

དང༌།  ཆོས་བརྒྱུད་གསར་པ་དེའི་གཙོ་འཛིན་༸གོང་ས་ཏཱ་ལའི་བླ་མར་ཆ་མཚོན་ན་ཁོང་གིས་ས་ ཚིགས་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་ངོས་འཛིན་མཛད།  ཕྱི་སོག་ལྟར་སྐུ་འབུམ་དུ་བཞུགས་ རིང་ཁོང་གིས་དད་ལྡན་རྣམས་ལ་གསུང་ཆོས་དང་བསླབ་སྡོམ་སོགས་དུ་མ་སྩལ་ཏེ་མཛད་བྲེལ་ཆེ་ སྟབས།  ལྷ་སར་ནམ་ཕྱིར་ལོག་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡང་དཀའ་བར་གྱུར།།

དེ་ལྟའི་སྐབས་པེ་ཅིང་དུ་བཞུགས་ཡོད་པའི་རྒྱ་ནག་གོང་མས་བརྫངས་པའི་བང་ཆེན་ཞིག་ཏཱ་

ལའི་བླ་མ་མཆོག་གི་སྐུ་མདུན་དུ་འབྱོར་ཡོད།  བང་ཆེན་དེས་གོང་མས་༸གོང་ས་མཆོག་པེ་ཅིང་

དུ་ཕེབས་བཅར་ཡོང་བའི་རེ་འདུན་ཞུ་བཞིན་ཡོད་པ་རྣམས་འགྲེལ་བརྗོད་ཞུས།  ཞུ་ནན་དེ་བཞིན་ གོང་མ་ཀྭང་ཞུ་དང་གོང་མའི་ཡུམ་ཚེ་ཞི་ཐའི་ཧུ་  (Dowager)  གཉིས་མོས་ཀྱི་མཚན་ཐོག་ནས་བྱས་

པ་ཞིག་ཡིན།  མགྲོན་འབོད་དེར་སྣང་མེད་བྱ་མ་ཐུབ་པར་གྱུར་ཏེ་༸གོང་ས་ཏཱ་ལའི་བླ་མས་འཆར་ གཞིར་འགྱུར་བཅོས་གནང་སྟེ་ཤར་ཕྱོགས་པེ་ཅིང་དུ་ཕེབས་རྒྱུའི་ཐུགས་ཐག་བཅད།  བོད་ཟླ་དང་

པོའ ་ི ཚེས་ལྔ་  ༼ཕྱི​ི་ལོ་  ༡༩༠༨  ཟླ་བ་  ༣  པའི་ཚེས་  ༧༽  ཉིན་ཁོང་དགུང་གྲངས་སོ་སུམ་དུ་ ཕེབས་སྐབས་༸གོང་ས་མཆོག་གིས་སྐུ་འབུམ་ནས་ཆིབས་ཁ་བསྒྱུར་ཏེ་པེ་ཅིང་གི་ཕྱོགས་སུ་ཕེབས་ འགོ་བརྩམས།  བོད་ཟླ་གསུམ་པའི་ནང་  ༼ཕྱི​ི་ཟླ་  ༥  པ་༽  ༸གོང་ས་མཆོག་དམ་ཚིག་གཙང་


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ།

45

མའི་ཅོ་ནེ་རྒྱལ་པོའ ་ི སྲུང་ཆ་དམ་དོན་དང་བཅས་ཏེ་ཧྲན་ཤཱི་ཞིང་ཆེན་  (Shansi  Province)  གྱི་མངའ་

ཁོངས་སུ་གཏོགས་པའི་རི་བོ་རྩེ་ལྔར་  (Wutaishan)  བར་ཆད་སྤུ་ཙམ་ཡང་མེད་པར་འབྱོར།  རི་

བོ་རྩེ་ལྔའི་རི་གཤམ་དུ་འབྱོར་སྐབས་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལག་ཏུ་བདུག་ སྤོས་དང་བཅས་མཇལ་འཕྲད་ཞུས་ཏེ་༸གོང་ས་མཆོག་རི་བོའ ་ི རྩེར་གདན་ཞུ་བྱས།  གནས་དེར་ མིང་དང་ཆིང་རྒྱལ་རྒྱུད་ཀྱི་གོང་མའི་བཞུགས་གནས་ཡོད་པར་མ་ཟད་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་

ལྔ་པ་བཞུགས་མྱོང་བའི་ཕོ་བྲང་ཞིག་ཀྱང་ཡོད།  དུས་གང་འཚམ་རིང་གནས་དེར་ལྷོད་བཞུགས་དང་

དེར་ཡོད་པའི་མཆོད་རྟེན་ཁག་ལ་གནས་མཇལ་མཛད།  ཉི་ཧོང་གི་ནི་ཤཱི་  ཧོན་གྷན་ཇི་ལྷ་ཁང་  (Nishi  Honganji  Temple)

གི་མཁན་པོ་ཀཱོ་ཛུའི་  ཨོ་ཏཱ་ནི་  (Kozui  Otani)  མཆོག་ནས་༸གོང་ས་

མཆོག་གནས་དེར་ཕེབས་བཞུགས་གནང་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་མ་ཐག་ལམ་སེང་ རང་གི་གཅུང་སཱོན་ཡུ་  ཨོ་ཏཱ་ནི་  (Sonyu  Otani)  རི་བོ་རྩེ་ལྔའི་ཕྱོགས་སུ་མངགས་གཏོང་བྱས།།

བོད་ཟླ་བཞི་པའི་  ༼ཕྱི​ི་ཟླ་  ༦  པ།༽  ནང་སཱོན་ཡུ་  ཨོ་ཏཱ་ནི་ཝུའུ་ཏའི་ཤན་དུ་འབྱོར་ཡོད་

ཅིང་དེ་ནི་ཉི་ཧོང་གི་ནང་པ་ཞིག་དང་༸གོང་ས་ཏཱ་ལའི་བླ་མའི་དབར་མཇལ་འཕྲད་བྱུང་བ་ཐེངས་དང་

པོ་དེ་ཡིན།  མཇལ་འཕྲད་དེའི་སྐབས་སཱོན་ཡུ་  ཨོ་ཏཱ་ནིས་༸གོང་ས་མཆོག་ལ་ཕྱོགས་གཉིས་ཀ་

ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་པས་ཕན་ཚུན་དབར་མཛའ་འབྲེལ་ཡོང་བའི་རེ་བ་ཡོད་ ལུགས་བརྗོད་པར་༸གོང་ས་མཆོག་གིས་དེར་མོས་མཐུན་མཛད།  སྐབས་དེར་ཕྱོགས་གཉིས་ནས་

ཕན་ཚུན་སློབ་ཕྲུག་བརྗེ་རེས་བྱེད་རྒྱུའི་མོས་མཐུན་ཞིག་བྱུང་ཡོད་འདུག  ནི་ཤཱི་  ཧོན་གྷན་ཇི་ལྷ་

ཁང་ནས་༸གོང་ས་མཆོག་ལ་ཇོ་དྷོ་མཱོན་ཆོས་རྒྱུད་  (Jodomon  School)  ཀྱི་བསྟན་བཅོས་གསུམ་ དང༌།  ཤི ན ་ཤུ་ཆོ ས ་རྒྱུད་  (Shinshu  Sect)  སྲོ ལ ་གཏོ ད ་པ་པོ ་ ཤཱི ན ་རཱན་  (Shinran)  གྱི ས ་ ལྗགས་རྩོམ་གནང་བའི་སཱན་ཇོ་  ཝཱ་སན་  (Sanjo  Wasan)  ཞེས་པའི་ཕྱག་དཔེ་ཞིག་ཕྱག་རྟགས་

སུ་ཕུལ།  ༸གོང་ས་མཆོག་གི་ངོས་ནས་སཱོན་ཡུ་  ཨོ་ཏཱ་ནིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ དང༌།  གཟུངས་འསྡུས་ཕྱོགས་བསྒྲིགས་ཤིག་གསོལ་རས་སྩལ།  མ་ཟད་༸གོང་ས་ཏཱ་ལའི་བླ་མ་

མཆོག་གིས་བོད་ཀྱི་བསྟན་འགྱུར་ཆ་ཚང་བ་ཞིག་གསོལ་རས་སྩལ་འཆར་ཡོད་ཀྱང་སྐབས་དེ་དུས་ འགྲུལ་བཞུད་གནང་བཞི ན ་པ་ཡི ན ་སྟབས་མ་འོ ང ས་པར་གནང་རྒྱུའི ་ ཞལ་བཞེ ས ་གནང།  ཞལ་


46 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

བཞེས་དེ་ཕྱི​ི་ལོ་  ༡༩༡༥  ལོར་སྒྲུབ་ཐུབ་པ་བྱུང་འདུག  ༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ ཆེད་སཱོན་ཡུ་  ཨོ་ཏཱ་རི་བོ་རྩེ་ལྔར་འབྱོར་སྐབས་ཕྱིས་སུ་སྲིད་བློན་ཆགས་པ་ཚ་རོང་ཡང་ཏཱ་ལའི་བླ་མའི་

ལྷན་དུ་ཆིབས་ཞབས་སུ་ཕེབས་ཡོད་པ་དང༌།  ཁོང་གིས་ང་ལ་གསུང་དོན་དུ་རི་གཤམ་ནས་ཉི་ཧོང་

གི་དགེ་འདུན་པ་དྲག་གྲས་དེ་ཚོན་མདངས་བཀྲ་བའི་ཆོས་གོས་དང་དེའི་སྟེང་གསེར་མདོག་ཅན་གྱི་

སྟོད་གོས་མནབས་ཤིང༌།  ཉེ་གནས་དགེ་འདུན་པ་དུ་མ་དང་བཅས་ཏེ་ཕེབས་བཞིན་སྐབས་༸གོང་ ས་མཆོག་དང་ཁོང་གཉིས་ཝུའུ་ཏའི་ཤན་གྱི་རྩེ་མོ་ནས་གཤམ་དུ་གཟིགས་ནས་བཞུགས་ཡོད་ཅེས་ དང།  ཡང་ཁོང་གིས་མུ་མཐུད་ནས་སྐབས་དེ་ནི་ངོས་ནས་ཉི་ཧོང་གི་དགེ་འདུན་པ་མཐོང་བ་ཐེངས་

དང་པོ་དེ་ཡིན་ལ།  མཐོང་སྣང་ཡང་ཤིན་ཏུ་ནས་ལེགས་པ་ཞིག་བྱུང་ཞེས་གསུངས།  སྐབས་དེ་ དུས་ཀྱི་སྐད་སྒྱུར་ནི་སཱི་པན་  (Sipen)  ཞེས་པ་ཞིག་ཡོད་པ་དེ་ཕལ་ཆེར་ཨེན་གྷ་  ཏེ་རཱ་མོ་ཊོ་ཡིན་པ་

འདྲ།  བོད་ཀྱི་ཡིག་ཆ་ཁག་གི་ནང་ཝུའུ་ཏའི་ཤན་དུ་༸གོང་ས་མཆོག་དང་ཉི་ཧོང་གི་དམག་དཔོན་ ཞིག་མཇལ་འཕྲད་བྱུང་ཡོད་ཅིང༌།  དམག་དཔོན་དེས་༸གོང་ས་མཆོག་ལ་གོ་ལག་དང་དེ་མིན་གྱི་ ཕྱག་རྟགས་མང་པོ་ཞིག་ཕུལ་ཡོད་པ་འཁོད་འདུག  ཁོང་ནི་པེ་ཅིང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་

དམག་དོན་ལས་ཁུངས་ཀྱི་དམག་དཔོན་ཡཱ་སུ་མཱ་ས་  ཕུ་ཀཱུ་ཤི་མ་  (Yasumasa  Fukushima)  ཞེས་ པ་དེ་ཡིན།།  ༼དཔར་རིས་  ༢༧  པར་གཟིགས།༽

༸གོ ང ་ས་ཏཱ་ལའི ་ བླ་མ་མཆོ ག ་གི ་ བོ ད ་ཡི ག ་མཛད་རྣམ་ནང་ལོ ་ དེ འི ་ ཟླ་བ་དྲུག་པའི ་   ༼ཕྱི​ི ་

ཟླ་  ༨  པ།༽  ནང་༸གོང་ས་མཆོག་དང་རུ་སུའི་བློན་ཆེན་ཞིག་དབར་མཇལ་འཕྲད་བྱུང་ཞེས་འཁོད་

འདུག  ཁོང་ནི་རུ་སུའི་གོང་མས་མངགས་གཏོང་བྱས་པའི་བློན་ཆེན་ཧོང་སེ་  (Hong-se)  ཞེས་

བྱ་བ་དེ་རེད།  ཁོང་ནི་༸གོང་ས་མཆོག་ལ་མོས་གུས་དད་པ་རྩེ་གཅིག་ཏུ་ཡོད་པ་དང༌།  ད་རེས་ རུ་སུའི་གོང་མའི་དམིགས་བསལ་སྐུ་ཚབ་ཀྱི་ཚུལ་དུ་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱུང་

བ་དེ་ཆེས་རླབས་ཆེན་གྱི་གོ་སྐབས་ཤིག་ཡིན་ཅེས་འགྲེལ་བརྗོད་བྱས་འདུག  ཁོས་མུ་མཐུད་ནས་ བརྗོད་དོན་རུ་སུའི་གོང་མར་སྲས་མེད་པས་ན་སྲས་ཤིག་འབྱུང་སླད་༸གོང་ས་མཆོག་གིས་ཐུགས་

སྨོན་གནང་སྐྱོང་ཡོང་བའི་ཞུ་ནན་ཕུལ།  དེ འི ་ རྗེ ས ་དོ ན ་དངོ ས ་ཐོ ག ་སྲས་ཤི ག ་འཁྲུངས།  སྲས་ དེ་སྤྱང་གྲུང་འཛོམས་ལ་རང་གི་ཕ་མ་དང་མི་འདྲ་བར་བཞིན་རས་ཀྱི་བཀོད་པ་བོད་རིགས་དང་ཆེས་


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ།

47

འདྲ་བ་ཞིག་བྱུང་ཡོད།  ༸གོ ང ་ས་མཆོ ག ་གི ས ་ཐུགས་སྨོ ན ་མཛད་པའི ་ དབང་གི ས ་རང་ལ་སྲས་ ཤིག་བྱུང་ཡོད་པར་བརྟེན་རུ་སུའི་གོང་མས་ནང་ཆོས་ལ་བཅངས་པའི་དད་མོས་དེ་བས་ཀྱང་ཆེ་བར་

གྱུར།  དེར་བརྟེན་ཁོང་གིས་དེ་སྔ་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཤེས་རྟོགས་གང་ཡང་མེད་པའི་

རུ་སུའི་རྒྱལ་ཁབ་ཀྱི་ནང་ནང་པའི་མཆོད་རྟེན་ཞིག་དང་བོད་བརྒྱུད་ནང་བསྟན་གྱི​ི་དགོན་པ་ཞིག་ཕྱག་ བཏབ།  གོང་མའི་སྲས་དེའི་མཚན་ལ་ཏཱ་ལའི་བླ་མའི་སྲས་ཞེས་གྲགས་ཤིང༌། གཟབ་ནན་གང་ལེགས་ ཀྱི་ཐོག་ནས་ཁོང་གསོ་སྐྱོང་ལེགས་པར་བྱས།།

༸གོང་ས་ཏཱ་ལའི་བླ་མ་མཆོག་བྱང་ཕྱོགས་སུ་སྐུ་བཞུགས་གནང་སྐབས་ཆིང་སྲིད་གཞུང་གིས་

བོད་ཀྱི་ཐད་ལག་ལེན་ཐབས་བྱུས་གསར་པ་ཞིག་བསྟར་རྒྱུའི་འཆར་བཀོད་བྱས།།

གོང་དུ་འགྲེལ་བརྗོད་བྱས་ཟིན་པ་བཞིན་ཡཱང་  ཧཱས་སྦེཎ་གྱིས་བོད་གཞུང་དང་ཆིངས་ཡིག་

འཇོག་སྐབས་ཨམ་བན་ཉིད་སྐབས་དེར་ཡོད་ཀྱང༌།  ཆིངས་ཡིག་གི་སྟེང་མིང་རྟགས་གང་ཡང་བཀོད་ མེད།  ཨམ་བན་གྱིས་བོད་འདི་མིང་ཙམ་གྱིས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པས་ན་ཆིངས་ཡིག་

འདི་ཁུངས་དག་མ་ཡིན་ཞེས་བརྗོད་འདུག  དེ་བཞིན་དུ་ཁོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལས་ གནས་བགྲེས་ཡོལ་ཕེབས་ཟིན་པའི་གསལ་བསྒྲགས་བྱས་པ་དང༌།  ཁོང་གི་ངོ་ཚབ་ཏུ་པཎ་ཆེན་རིན་

པོ་ཆེ་བསྐོ་གཞག་བྱ་རྒྱུའི་ཐབས་ཤེས་བྱས་ཀྱང་བོད་མི་རྣམས་ཀྱིས་ཨམ་བན་དེའི་བྱེད་སྟངས་ལ་བརྩི་ འཇོག་སྤུ་ཙམ་ཡང་མ་བྱས།  བོད་དང་དབྱིན་ཇིའི་དབར་ཆིངས་ཡིག་འཇོག་རྒྱུ་ཡོང་བའི་ཐད་གནོན་ ཤུགས་བྱེད་མཁན་གཙོ་བོ་ནི་དམག་དཔོན་ཡཱང་  ཧཱས་སྦེཎ་ཉིད་དང་ཁོང་གི་རྗེས་རྒྱ་གར་དབྱིན་གཞུང་ ཡིན་པ་མ་གཏོགས།  དབྱིན་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་དང་དབྱིན་ཇི་དང་རུ་སུའི་འབྲེལ་བར་

གཞིགས་ཏེ་ཆིངས་ཡིག་དེའི་ཐད་གནོན་ཤུགས་དེ་ཙམ་མ་བྱས།  རྒྱ་ནག་གི་བོད་ཐད་དབང་སྒྱུར་ ཡོད་ལུགས་ཀྱི་གནད་དོན་དེ་མིང་ཙམ་ཞིག་ཡིན་པར་བརྟེན་བོད་དང་ཐད་ཀར་གྲོས་མོལ་ཡོང་ཆེད་

དབྱིན་གཞུང་གིས་ཆེད་གཉེར་དོན་གཅོད་དེ་བོད་དུ་མངགས་གཏོང་བྱས།  འོན་ཀྱང་ཆིང་སྲིད་གཞུང་ གིས་ངོས་ལེན་མ་བྱས་པར་བརྟེན་ཕྱི​ི་ལོ་  ༡༩༠༦  ལོར་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་དབར་གྱི་

ཆིངས་ཡིག་  (Anglo-China  Convention)  གཏན་འབེབས་མ་བྱུང་བར་ཟླ་བ་བཅོ་བརྒྱད་རིང་ཆབ་

སྲིད་ཀྱི་གྲོས་མོལ་འདྲ་མིན་དང་བཅས་ཏེ་དེ་མུར་ལུས།  ཆིངས་ཡིག་འདི་མཇུག་སྒྲིལ་བྱུང་བའི་


48 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

དབང་གིས་ཕྱི​ི་ལོ་  ༡༩༠༤  ལོར་ལྷ་སར་བཞག་པའི་ཆིངས་ཡིག་དེར་ངོས་ལེན་ཐོབ་ཡོད་ཀྱང་དབྱིན་

ཇིས་བོད་འདི་མིང་ཙམ་གྱིས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་ཅེས་ངོས་ལེན་བྱས།  སྐབས་ འདིར་ཡང་བོད་ལ་གྲོས་མོལ་གི་ནང་མཉམ་ཞུགས་བྱེད་དུ་བཅུག་མེད།།

ཆི ང ་སྲི ད ་གཞུང་གི ་ ངོ ས ་ནས་སྔར་ལམ་བཞི ན ་བོ ད ་དེ ་ མི ང ་ཙམ་གྱི ས ་དབང་སྒྱུར་བྱ་རྒྱུའི ་

ཐད་འབད་བརྩོན་དྲག་པོ་བྱེད་བཞིན་ཡོད་པ་དང༌།  ཕྱི​ི་ལོ་  ༡༩༠༥  ཟླ་བ་  ༨  པར་ཀྲའོ་  འར་

ཕུང་  (Chao  Erh-feng)  ཟི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་ཏུ་བསྐོ་གཞག་བྱས་ཡོད་པ་དང༌།  ཁོས་ རང་གི་དམག་མི་རྣམས་ལ་བོད་ཤར་ཕྱོགས་ས་ཁུལ་དུ་ཤར་བསྐྱོད་དགོས་པའི་བཀའ་བཏང་ནས་ལོ་

ཕྱི་མའི་ལོ་མཇུག་ཏུ་འབའ་ཐང་བཙན་བཟུང་བྱས་ཤིང༌།  སྤྱི་ལོ་  ༡༩༠༩  ལོ་མཇུག་ཏུ་སྡེ་དགེ་

དང༌།  བྲག་གཡབ།  ཆབ་མདོ་བཅས་ཀྱི་ཕྱོགས་སུ་ཕྱིན།  ཡང་ཕྱོགས་གཞན་ཞིག་ནས་ཆིང་ སྲིད་གཞུང་གིས་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་དབར་བཞག་པའི་ཆིངས་ཡིག་གི་མཐའ་མའི་ཐག་ གཅོད་བྱུང་རྗེས་དབྱིན་གཞུང་ལ་གུན་གསབ་རྣམས་དུམ་བུ་གསུམ་དུ་བགོས་ཏེ་སྤྲོད་རྒྱུ་ཡིན་ཞེས་

འགྲེལ་བརྗོད་བྱས།  དེས་མ་ཚད་སྲིད་གཞུང་དེས་ཀྲང་  ཡིན་ཏཱང་  (Chang  Yin-t’ang)  ཨམ་

བན་དུ་བསྐོ་གཞག་བྱས་ནས་རྒྱ་གར་བརྒྱུད་ལྷ་སར་མངགས་གཏོང་བྱས།  ཁོ་ལྷ་སར་སླེབས་མ་ ཐག་བོད་དུ་གནས་སྡོད་རྒྱ་གར་དབྱིན་གཞུང་གི་ལས་མི་རྣམས་ཕྱིར་འབུད་དང༌།  ༡༩༠༤  ལོའ ་ི ཆིངས་ཡིག་དང་འབྲེལ་ཡོད་ཀྱི་མི་སྣ་རྣམས་གལ་གནད་ཆེ་བའི་ལས་གནས་ནས་གནས་དབྱུང་བཏང་

སྟེ་བོད་ནང་ཐེ་བྱུས་བྱེད་འགོ་བརྩམས།  རུ་སུའི་ཇུས་འཁྲིའི་འོག་ཕྱི​ི་ལོ་  ༡༩༠༧  ཟླ་བ་  ༨  པའི་ ནང་དབྱིན་ཇིས་བོད་ཀྱི་ཐད་རྒྱ་གཞུང་གི་དབང་བྱུས་ཡོད་པ་གསལ་བར་སྟོན་པའི་ཆིངས་ཡིག་གཞན་

ཞིག་འཇོག་རྒྱུའི་ཐག་གཅོད་བྱས།  དབྱིན་ཇིས་བོད་གཞུང་གི་ཤེས་རྟོགས་གང་ཡང་མེད་པའི་ཐོག་

བོད་འདི་རུ་སུ་དང་རྒྱ་གར་བར་གྱི་བར་ཆོད་ས་ཁུལ་ཞིག་ཏུ་བསྐྲུན་རྒྱུའི་ཀུན་སློང་བཅངས་ཡོད།  ཕྱི​ི་ ལོ་  ༡༩༠༨  ཟླ་བ་  ༢  པའི་ནང་ཆིང་སྲིད་གཞུང་གིས་དབྱིན་གཞུང་ལ་ཧིན་སྒོར་ས་ཡ་གཉིས་དང་ ཕྱེད་ཀའི་གུན་གསབ་སྤྲད་ཟིན་པས་རྒྱ་གར་དབྱིན་གཞུང་གི་དམག་རྣམས་ཆུ་འབི་ལུང་གཤོངས་ནས་

རང་སར་ཕྱིར་འཐེན་བྱ་དགོས་བྱུང༌།  ལོ་དེའི་ཟླ་བ་  ༤  པའི་ནང་ཨམ་བན་དེས་རྒྱ་གར་དང་དབྱིན་ གཞུང་གི་དཔོན་རིགས་མཉམ་དང་ལྷན་འཛོམས་བྱས་ཏེ་རྒྱ་གར་དང་བོད་དབར་གྱི་ཚོང་འབྲེལ་ཆིངས་


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ།

49

ཡིག་  (Indian-Tibetan  Trade  Treaty)  གི​ི་དོན་ཚན་རྣམས་ཐག་གཅོད་བྱས།  དེ་ལྟར་མ་འོངས་ པར་ཅི་བྱུང་གི་ཐད་གྲ་སྒྲིག་བྱས་ཏེ་རྒྱ་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འབུམ་ནས་པེ་ཅིང་ དུ་མགྲོན་འབོད་བྱས།།

ཟླ་བ་བདུན་པའི་  ༼ཕྱི​ི་ཟླ་  ༩  པ།༽  ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གདན་

ཞུའི་ཆེད་པེ་ཅིང་ནས་མངགས་གཏོང་བྱས་པའི་རྒྱ་གཞུང་གི་སྐུ་ཚབ་རྣམས་མཇལ་འཕྲད་བྱུང༌།  ཟླ་

བ་བདུན་པའི་ཚེས་གསུམ་  ༼ཕྱི་ཟླ་  ༩  པའི་ཚེས་  ༢༧  འམ་  ༢༨༽  ཉིན་དམག་མིའི་བསྲུང་བྱ་ དང༌བཅས་རྒྱ་ནག་གོང་མས་ཕུལ་བའི་ཕེབས་བྱམས་ནང་༸གོང་ས་མཆོག་པེ་ཅིང་དུ་འབྱོར།  ཟླ་བ་ བདུན་པའི་ཚེས་ཉི་ཤུ་  ༼ཕྱི​ི་ཟླ་  ༡༠  པའི་ཚེས་  ༡༤༽  ཉིན་ཁོང་ཚུ་ཡུན་  ཀོ་  (Tzuyun  Ko)  དུ་

ཡོད་པའི་གོང་མའི་ཕོ་བྲང་ཝང་ཤུ་  ཁྲན་  (Jen  Shou-tien)  དུ་ཕེབས་ཞུགས་ཀྱིས་གོང་མ་ཀྭང་ཞུ་ དང་ཁོང་གི་ཡུམ་ཚེ་ཞི་ཐ་ཧུ་གཉིས་དང་མཇལ་འཕྲད་གནང༌།  བདུན་ཕྲག་གཅིག་གི་རིང་ཁོང་ལ་ རྒྱལ་ཁབ་ཀྱི་སྐུ་མགྲོན་ཡིན་པའི་ཆེ་མཐོང་གནང་ཡོད་པ་དང༌།  གོང་མའི་ངོས་ནས་ཏཱ་ལའི་བླ་མར་པེ་ ཅིང་དུ་བཞུགས་རིང་འགྲོ་གྲོན་གྱི་ཆེད་དངུལ་སྲང་ཆིག་ཁྲི་གསོལ་རས་སྕལ།།

ཟླ་བ་དགུ་པའི་ཚེས་གཅིག་  ༼ཕྱི་ཟླ་  ༡༠  པའི་ཚེས་  ༢༥༽  ཉིན་ཡཱང་ཧོ་  ཀུང་མཆོད་

རྟེན་  (Young-ho

Kung)

དུ་ཏཱ་ལའི་བླ་མས་ཆོས་ཕྱོགས་ཀྱི་མཛད་པ་རླབས་ཆེན་ཞིག་བསྐྱངས་ཡོད་

པ་དེར་གོང་མ་ཀྭང་ཞུ་དང་གོང་ཡུམ་ཚེ་ཞི་ཐའི་ཧུ་གཉིས་ཀྱང་ཕེབས་ཞུགས་གནང་ཡོད་འདུག  ཆོས་

ཕྱོགས་ཀྱི་གཙོ་འཛིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱལ་ཁབ་ཆེན་མོའ ་ི གོང་མ་རྣམ་གཉིས་དུས་ སྟོན་གཅིག་ཏུ་ལྷན་འཛོམས་བྱས་ཏེ་ས་གཞི་ཁྱོན་ཡོངས་སུ་ཞི་བདེ་དང༌།  མི་མང་རྣམས་ལ་བདེ་སྐྱིད་ ཡོང་ཕྱིར་གསོལ་བ་སྨོན་ལམ་བཏབ།།

པེ་ཅིང་དུ་བཞུགས་རིང་༸གོང་ས་མཆོག་གིས་ཕྱིའི་རྒྱལ་ཁབ་འདྲ་མིན་གྱི་དཔོན་རིགས་དང་

བློན་ཆེན་རྣམས་ཀྱི་བར་མཇལ་འཕྲད་ཡང་ནས་ཡང་དུ་གནང༌།  གཞུང་འབྲེལ་སྣེ་ལེན་དང་མཇལ་ འཕྲད་ཀྱི་མཛད་འཕྲིན་རྣམས་གྲུབ་རྗེས་ཕྱི​ི་ལོ་  ༡༦༥༣  ལོར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ པེ་ཅིང་དུ་ཕེབས་སྐབས་ཁོང་གི་ཆེད་དུ་གསར་བཞེངས་བྱས་པའི་ཕོ་བྲང་སེར་པོར་བཞུགས་བཞག་

མཛད།  གཱོན་སུ་ཀི་  ཧ་ཡཱ་ཤི་  (Gonsuke  Hayashi)  ཞེས་པ་སྐབས་དེ་དུས་པེ་ཅིང་དུ་ཉི་ཧོང་གི་


50 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

བློན་ཆེན་ཡིན་པ་དེས་ཕྱིས་སུ་ཉི་ཧོང་དུ་ལོག་རྗེས་ཕྲན་ལ་སྐབས་དེ་དུས་ཏཱ་ལའི་བླ་མས་པེ་ཅིང་དུ་ཡོད་ པའི་ཉི་ཧོང་གི་སྐུ་ཚབ་ཁང་དུ་བདུན་གཅིག་རིང་བཞུགས་བཞག་གནང་ཡོད་པའི་གནས་ཚུལ་འགྲེལ་

བརྗོད་གནང་བྱུང༌།  དང་ཐོག་སྐུའི་བླ་སྨན་པ་དང༌།  ཕྱིས་སུ་སྤྱི་ཁྱབ་མཁན་པོའ ་ི གོ་གནས་སུ་བསྐོ་

གཞག་བྱུང་བའི་ཁྲིལ་ཁང་ནས་ཀྱང་ཉི་ཧོང་གི་སྐུ་ཚབ་ཁང་གིས་༸གོང་ས་མཆོག་ལ་སྣེ་ལེན་གཟབ་ རྒྱས་ཇི་འདྲ་གནང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བྱུང༌།།

༸གོ ང ་ས་མཆོ ག ་པེ ་ ཅི ང ་དུ་བཞུགས་བཞག་མཛད་སྐབས་གློ ་ བུར་དུ་ཟླ་བ་དགུ་པའི ་ ཚེ ས ་

ཉེ ར ་གཅི ག ་  ༼ཕྱི​ི ་ ཟླ་  ༡༡  པའི ་ ཚེ ས ་  ༡༤༽  ཉི ན ་གོ ང ་མ་ཀྭང་ཞུ་འདས་གྲོ ང ས་སུ་ཕྱི ན ་ཡོ ད ་

ཅི ང ༌།  དེ འི ་ ཕྱི ་ ཉི ན ་གོ ང ་ཡུམ་ཡང་འདས་གྲོ ང ས་སུ་ཕྱི ན །  ཟླ་བ་བཅུ་པའི ་ ཚེ ས ་ལྔ་  ༼ཕྱི​ི ་ ཟླ་  ༡༡  པའི་ཚེས་  ༢༨༽  ཉིན་༸གོང་ས་མཆོག་གིས་འདས་པོ་རྣམས་ཀྱི་ཆེད་ཐུགས་སྨོན་དང་ འདས་མཆོད་སླད་གོང་མའི་ཕོ་བྲང་དུ་ཕེབས།  བོད་དུ་སྲོལ་རྒྱུན་གྱི་བཤད་སྲོལ་ལྟར་ན་ཟླ་བ་བཅུ་

པའི་ཚེས་དགུའི་  ༼ཕྱི​ི་ཟླ་  ༡༢  པའི་ཚེས་  ༢༽  ཉིན་༸གོང་ས་མཆོག་ལ་འདས་གྲོངས་སུ་ཕྱིན་

ཟིན་པའི་གོང་མ་ཀོང་ཞུའི་རྒྱུད་འཛིན་པ་འདེམས་སྒྲུག་ཡོང་བའི་རེ་སྐུལ་ཞུས་པར་༸གོང་ས་ཏཱ་ལའི་

བླ་མ་མཆོག་གིས་ལོ་གསུམ་གྱི་བྱིས་པ་པིའུ་  ཡི་  (P’u  Yi)  ཆིང་རྒྱལ་རབས་ཀྱི་གོང་མ་དགུ་པར་ འདེམས་སྒྲུག་འོས་པའི་དགོངས་འཆར་སྩལ།།

བོ ད ་ཀྱི ་ ཡི ག ་ཚགས་ཁག་གི ་ ནང་གོ ང ་མ་ཀྭང་ཞུ་དང་གོ ང ་ཡུམ་ཚེ ་ ཞི ་ ཐའི ་ ཧུ་གཉི ས ་ཀྱི ས ་

༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཇི་ལྟར་ཞུས་ཡོད་མེད་ཀྱི་གནས་ཚུལ་ཙམ་ལས་འཁོད་མེད་ ཀྱང༌།  ༸གོ ང ་ས་མཆོ ག ་པེ ་ ཅི ང ་དུ་ཕེ བ ས་དོ ན ་དེ ་ ཡང་མཛའ་བརྩེ འི ་ འབྲེ ལ ་ལམ་ཙམ་གྱི ་ གནད་

དོན་ཞིག་མིན།  སྐབས་དེ་དུས་གོང་མས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་གི་གོ་གནས་སླར་

གསོའ ་ི དབང་ཚད་དང༌།  ནུབ་ཕྱོགས་བདེ་བའི་ཞིང་གི་དམ་ཚིག་ལྡན་པའི་བཀའ་ཉན་དང་འགོག་

པ་མེ ད ་པའི ་ སངས་རྒྱས་  (The  Most  Faithfully  and  Enlightened  Buddha  of  no  Restraint  in  the  Western  Paradise)

ཞེས་པའི་མཚན་གནས་ཡང་ཕུལ།  མཚན་གནས་དེའི་

ཚི ག ་གོ ང ་མ་བཞི ་ པོ ས ་༸གོ ང ་ས་ཏཱ་ལའི ་ བླ་མ་མཆོ ག ་ནི ་ རྒྱ་ནག་གི ་ མངའ་འོ ག ་ཏུ་ཡོ ད ་པའི ་ ཆབ་ འབངས་ཤིག་ཡིན་པ་ལས་གཞན་གང་ཡང་མི་མཚོན།  རྒྱ་ནག་གིས་རང་ཉིད་འཛམ་བུའི་གླིང་གི་


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ།

51

གཙོ་བོར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་༸གོང་ས་མཆོག་ལྟ་བུ་པེ་ཅིང་དུ་ཕེབས་སྐབས་ཕེབས་

དོན་ཡང་དེ་ལྟར་ཡིན་ཞེས་རྒྱ་ནག་རང་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང༌།  བོད་ཕྱོགས་ནས་ གནད་དོན་དེ་དང་འབྲེལ་བའི་ཐད་འགྲེལ་བརྗོད་ཕྱོགས་དང་རྣམ་པ་ཀུན་ནས་ཐ་དད་པ་ཞིག་བྱེད་ཀྱི་

ཡོད།  དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་རང་སྲིད་རང་སྐྱོང་དང་རང་དབང་གཏན་ལ་

ཕབ་པའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་གཏན་འབེབས་ཀྱིས་དྲིལ་བསྒྲགས་གནང་ཡོད་ཀྱང༌།  ཁོང་པེ་ ཅིང་དུ་དེ་ལྟར་ལས་སླ་པོར་ཕེབས་ཐུབ་པ་དང།  ཁོང་ཉིད་ནས་ཀྱང་ངང་འཐེན་གང་ཡང་མ་བྱས་པའི་ གནད་འགག་དེ་རང་ཡིན།།

༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཀྱང་པེ་ཅིང་དུ་ཕེབས་ནས་གོང་མ་ཧྲུན་

ཀྲི་  (Shun  Chin)  དང་མཇལ་འཕྲད་གནང་ཡོད་ཅིང༌།  ཕྱིས་སུ་གོང་མ་དེས་༸གོང་ས་ཏཱ་ལའི་བླ་ མ་མཆོག་པེ་ཅིང་དུ་ཕེབས་ཏེ་གོང་མ་དང་མཇལ་འཕྲད་བྱས་པ་དེས་བོད་རྒྱའི་མངའ་འོག་ཏུ་ཡིན་པ་ མཚོན་པའི་འགྲེལ་བརྗོད་བྱེད་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ད་ལྟ་༸གོང་ས་ཏཱ་ལའི་བླ་མ་སྐུ་

ཕྲེང་བཅུ་གསུམ་པ་མཆོག་པེ་ཅིང་དུ་ཕེབས་པའི་གནད་དོན་དང་འདིས་བོད་རྒྱའི་མངའ་འོག་ཏུ་ཡིན་པ་ མཚོན་མི་ཐུབ་པའི་རྒྱུ་མཚན་ལྟར་གོང་མའི་འགྲེལ་བརྗོད་བྱེད་ཕྱོགས་དེར་ངོས་ལེན་གཏན་ནས་གནང་

མེད།  རྒྱ་གཞུང་གིས་གསེར་གྱི་ཐམ་ཀ་དང་མཚན་གནས་ཕུལ་ཡོད་པ་རྣམས་༸གོང་ས་ཏཱ་ལའི་བླ་

མ་མཆོག་གིས་མཆོད་ཡོན་གྱི་འབྲེལ་བའམ་དད་གུས་ཅན་གྱི་སྦྱིན་བདག་ཅིག་གིས་ནང་པའི་དགེ་སློང་ ཞིག་མགྲོན་འབོད་དང་སྣེ་ལེན་ཞུས་པ་ཙམ་གྱི་སྒོ་ནས་ཞལ་བཞེས་གནང་ཡོད།  ༸གོང་ས་མཆོག་

གི་དགོངས་ཚུལ་ལྟར་ན་རྒྱལ་པོ་གཟུགས་ཅན་སྙིང་པོས་  (Bimbisara)  ཤཱཀྱ་མུ་ནིར་གདན་འདྲེན་

དང་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དེས་ཤཱཀྱ་མུ་ནི་དང་ཁོང་གི་སློབ་མ་རྣམས་རྒྱལ་པོ་དེའི་མངའ་འོག་ ཏུ་ཡིན་པ་མཚོན་མི་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།*  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡཱོན་

རྒྱལ་རབས་ཀྱི་གོང་མ་ཀུབ་ལཱེ་  ཁན་  (Khubliai  Khan)  དང་ས་སྐྱའི་འགྲོ་མགོན་འཕགས་པའི་བར་ དང༌།  མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་  (Yung  Lo)  དང་ཆོས་རྗེ་བརྒྱད་བཅས་བར་ཡང་མཆོད་

*  ཤཱཀྱ་མུ་ནི་ནི་སེར་སྐྱའི་གྲོང་གི་རྒྱལ་པོའ ་ི སྲས་ཡིན་ལ་གཟུགས་ཅན་སྙིང་པོ་རྒྱལ་པོའ ་ི ཁབ་ཀྱི་རྒྱལ་པོ་པདྨ་ཆེན་པོའ ་ི བུ་ཡིན།  དེ་སྐབས་རྒྱལ་པོའ ་ི ཁབ་དང་སེར་སྐྱའི་གྲོང་གཉིས་རྒྱལ་སྲིད་ཐ་དད་ཡིན་པ་ལས་གཅིག་འོག་གཅིག་ཏུ་བསྡུས་ པའི་ལོ་རྒྱུས་མེད།  དེ་ལྟའང་ཤཱཀྱ་མུ་ནིའི་གྲོང་ཁྱེར་སེར་སྐྱ་རྒྱལ་པོའ ་ི ཁབ་ཀྱི་ཁོངས་སུ་གཏོགས་པར་བཤད་ན་ལོ་རྒྱུས་ དང་མི་མཐུན།  ༼སྒྱུར་བ་པོའ ་ི མཆན།༽


52 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཡོན་གྱི་འབྲེལ་ལམ་དེ་ལྟར་བྱུང་ཡོད་པའི་འགྲེལ་བརྗོད་གནང་ཡོད།  ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པས་ གུ་ཤྲི་ཁན་དང་འབྲེལ་ལམ་བཙུགས།  གནད་དོན་དེ་དག་གཞིར་བཞག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་

གསུམ་པ་མཆོག་པེ་ཅིང་དུ་ཕེབས་ནས་ཡོན་བདག་ཆེན་པོར་ངོས་འཛིན་ཡོད་པའི་གོང་མ་ཀྭང་ཞུ་དང་ གོང་ཡུམ་ཚེ་ཞི་ཐའི་ཧུ་གཉིས་ཀྱི་དད་རྟེན་སླད་མཇལ་འཕྲད་དུ་ཕེབས།  མཐར་རང་ཉིད་ཆིང་སྲིད་

གཞུང་གི་རྙིའི་ནང་ཚུད་ཡོད་པའི་ཤེས་རྟོགས་བྱུང་བ་དང༌།  ས་ཐག་རིང་བའི་པེ་ཅིང་བར་དུ་ཕེབས་ ནས་རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་པར་ངོས་ལེན་གནང་རྒྱུ་སོགས་ཀྱི་བསམ་པ་གཏན་

ནས་མེད་སྟབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐུགས་དགོངས་མི་སྤྲོ་བར་གྱུར།  གནས་ཚུལ་དེ་ནི་ བསམ་ཡུལ་ལས་འདས་ཤིང་ཆེས་མ་རུང་བ་ཞིག་ཡིན།།

བཤད་སྲོལ་ཞིག་ལ་གོང་མ་དང་གོང་མར་སེམས་ཐག་ཉེ་བ་རྣམས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་

མཆོག་གི་ཐུགས་སེམས་འགུག་ཐུབ་པ་ཡོང་ཕྱིར་ཞི་འཇམ་གྱི་ལམ་ནས་འབྲེལ་གཏུགས་བྱ་རྒྱུ་ལས་ ཁོང་ལ་དྲག་རྩུབ་བྱ་རྒྱུ་ནི་ཐབས་ལམ་ཞིག་མིན་པར་ངོས་འཛིན་བྱས་ཞེས་གྲགས་ཀྱང༌།  སི་ཁྲོན་

ཞིང་ཆེན་གྱི་སྤྱི་ཁྱབ་དང་ཨམ་བན་ལ་སོགས་པའི་སྲིད་གཞུང་གི་དཔོན་རིགས་གཞན་འགས་༸གོང་ས་ ཏཱ་ལའི་བླ་མ་མཆོག་དང་འབྲེལ་གཏུགས་བྱ་སྐབས་ཐབས་བྱུས་སྲ་བརྟན་ཞིག་དགོས་པ་དང༌།  བོད་ དུ་རྒྱའི་བདག་དབང་ཡོད་པའི་གནད་དོན་སྲ་བརྟན་ཞིག་བསྐྲུན་ཚར་རྗེས་༸གོང་ཏཱ་ལའི་བླ་མ་ལྷ་སར་

གཏོང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད།  དེས་མ་ཚད་ཁོང་ཚོས་པེ་ཅིང་དུ་བཞུགས་རིང་༸གོང་ ས་ཏཱ་ལའི་བླ་མ་མཆོག་གིས་ཕྱིའི་རྒྱལ་ཁབ་ཀྱི་དཔོན་རིགས་དང་སྐུ་ཚབ་རྣམ་པར་འབྲེལ་གཏུགས་

དང༌།  བོད་ཐོག་འཛིན་པའི་རྒྱའི་སྲིད་བྱུས་ལ་སྐྱོན་བརྗོད།  ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་སྐྱོར་ ཞུས་པ་སོགས་ཀྱི་ཐད་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།།

གང་ལྟར་རུང་གནས་ཚུལ་དེ་འདྲ་ཞིག་གི་ངང་༸གོང་ས་ཏཱ་ལའི་བླ་མ་མཆོག་པེ་ཅིང་ནས་ཆིབས་

ཁ་བསྒྱུར།  པེ་ཅིང་དུ་ཕེབས་བཞུགས་གནང་བ་དེས་༸གོང་ས་མཆོག་ལ་ཁེ་ཕན་མང་དག་ཅིག་བྱུང་ ཡོད་སྲིད་ཀྱང༌།  དོན་དངོས་ཐོག་ཁོང་ནི་རྒྱའི་སྲིད་གཞུང་གི་གཡོ་ཐབས་འོག་རྦད་དེ་ཚུད་ཡོད།།

ཟླ་བ་བཅུ་པའི ་ ཚེ ས ་ཉེ ར ་བརྒྱད་  ༼ཕྱི​ི ་ ཟླ་  ༡༢  པའི ་ ཚེ ས ་  ༢༡༽  ཉི ན ་༸གོ ང ་ས་ཏཱ་

ལའི ་ བླ་མ་མཆོ ག ་པེ ་ ཅི ང ་ནས་ཆི བ ས་ཁ་བསྒྱུར་ཏེ ་ ཟླ་བ་བཅུ་གཉི ས ་པའི ་ ཚེ ས ་ཉེ ར ་དགུ་  ༼ཕྱི​ི ་


སོག་ཡུལ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་ཕེབས་པ།

53

ལོ ་   ༡༩༠༩  ཟླ་བ་  ༢  པའི ་ ཚེ ས ་  ༡༩༽  ཉི ན ་སྐུ་འབུམ་དུ་འབྱོ ར ་ཞི ང ༌།  ས་བྱ་ལོ འ ་ི ལོ ་

གསར་  ༼ཕྱི​ི་ལོ་  ༡༩༠༩  ཟླ་བ་  ༢  པའི་ཚེས་  ༢༠  དང་  ༢༡༽  གྱི་དགའ་སྟོན་དེར་གཏོང་ གནང་མཛད་ཅིང་དགུང་གྲངས་སོ་བཞིར་ཕེབས།  ཟླ་བ་དང་པོའ ་ི ཚེས་བཅོ་ལྔ་  ༼ཕྱི​ི་ཟླ་  ༣  པའི་

ཚེས་  ༦༽  ཉིན་སྐུ་འབུམ་ནས་ལྷ་སའི་ཕྱོགས་སུ་ཆིབས་ཁ་བསྒྱུར།  ཕྱིར་ལོག་ཕེབས་སྐབས་ ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་བདུན་པ་གཉིས་དང་འབྲེལ་བ་ཡོད་པའི་དགོན་སྡེ་རྣམས་ལ་

ཕར་ཙམ་ཕེབས་བཞུགས་གནང༌།  ཟླ་བ་དྲུག་པའི་  ༼ཕྱི​ི་ཟླ་  ༧  དང་  ༨  པ་༽  ནང་བོད་བྱང་

ཕྱོགས་ས་ཁུལ་གྱི་གལ་འགངས་ཆེ་བའི་ནག་ཆུ་ས་ཁུལ་གྱི་སྒྲུབ་ཁང་སྤྲུལ་སྐུས་ཏཱ་ལའི་བླ་མ་གདན་ ཞུ་གནང་ཡོད་པ་ལྟར་ས་གནས་དེའི་ཞབས་བརྟན་དགོན་དུ་ཕེབས་བཞུགས་ཀྱིས་སྐུ་ངལ་གསོ་བ་

གནང༌།  དགོན་གནས་འདིའི་སྤྲུལ་སྐུ་དེ་ཡང་༸གོང་ས་ཏཱ་ལའི་བླ་མའི་ཡོངས་འཛིན་ཕུར་ལྕོག་གི་ སློབ་མ་ཡིན་པས་ན་སྤྲུལ་སྐུ་དེ་དང་༸གོང་ས་མཆོག་གཉིས་ཀ་སློབ་དཔོན་གཅིག་གི་སློབ་མར་གྱུར་

ཡོད་པས་ཕན་ཚུན་བར་འབྲེལ་བ་ཟབ་མོ་ཡོད།  དགོན་གནས་དེར་༸གོང་ས་མཆོག་ལ་ངལ་གསོ་

དང་ལྷོད་བཞུགས་ལེགས་པོ་ཞིག་བྱུང་ཡོད་ངེས་ཡིན།  དེ་ནས་ཆིབས་ཁ་བསྒྱུར་ཏེ་རྭ་སྒྲེང་དགོན་ པ་བརྒྱུད་ཕྱི​ི་ལོ་  ༡༩༠༩  ལོའ ་ི ལོ་མཇུག་ཏུ་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད།།  །།


རྒྱ་གར་དུ་བྲོས་བྱོལ་ཕེབས་པ། V

༄།  །ལོ་ངོ་དྲུག་རིང་ཕྱི་ཡུལ་དུ་བཞུགས་རྗེས་ཟླ་བ་བཅུ་གཅིག་པའི་དཀྱིལ་  ༼ཕྱི་ལོ་  ༡༩༠༩  ཟླ་ བ་  ༡༢  པའི་ཟླ་མཇུག༽  ཙམ་ན་ྋརྒྱལ་དབང་མཆོག་ཕོ་བྲང་པོ་ཏ་ལར་ཕྱིར་ཕེབས་མཛད།  ཕྱིར་

ཕེབས་མཛད་སྐབས་བོད་གཞུང་གི་སྐུ་ཚབ་དང༌།  གདན་ས་གསུམ་གྱི་དགེ་འདུན་པ།  ལྷ་སའི་མི་ མང་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས།  ཕྱིར་ཕེབས་མཛད་མ་ཐག་རྒྱལ་ཚབ་བློ་བཟང་རྒྱལ་ མཚན་ནས་ྋརྒྱལ་དབང་མཆོག་ཕྱི་ཡུལ་དུ་ཕེབས་སྐབས་བོད་ནང་ཆབ་སྲིད་ཀྱི་གནས་སྟངས་ཇི་

ལྟར་བྱུང་ཡོད་མིན་གྱི་གནས་ཚུལ་སྙན་སེང་ཞུས།  དེ་ནས་རིང་པོར་མ་སོང་བར་ལོ་གསར་  ༼ཕྱི་

ཟླ་  ༢  པའི་ཚེས་  ༡༠༽  ཉིན་ྋརྒྱལ་དབང་མཆོག་དགུང་གྲངས་སོ་ལྔར་ཕེབས།  སྐབས་དེ་དུས་ སི་ཁྲོན་ནས་རྒྱའི་མདུན་སྐྱོད་དམག་སྡེ་ཞིག་ཁམས་ཕྱོགས་ནས་ལྷ་སར་སླེབས་ལ་ཉེ་བའི་གནས་ཚུལ་

ཞིག་ཁྱབ།  དེས་མ་ཚད་རྒྱ་དམག་དེས་ྋགོང་ས་མཆོག་འཛིན་བཟུང་བྱས་ཏེ་མི་གཏའི་ཚུལ་དུ་

རྒྱ་ནག་ཏུ་བཙན་འཁྲིད་བྱ་རྒྱུའི་འཆར་རྩིས་བཤམས་ཡོད་པའི་འཆལ་གཏམ་ཞིག་ཀྱང་ཁྱབ་གདལ་དུ་ ཕྱིན་ཡོད་འདུག  དེ་ལྟའི་སྐབས་ྋགོང་ས་མཆོག་གིས་དགའ་ལྡན་ཁྲི་འཛིན་པ་ཚེ་སྨོན་གླིང་དགོན་

པའི་བླ་གཙོ་ཧོ་ཐོག་ཐུ་ཕོ་བྲང་པོ་ཏ་ལར་བཀས་སྐོང་སྟེ་རང་ཉིད་ཕྱི་ཡུལ་དུ་ཕེབས་སྐབས་རྒྱལ་ཁབ་

འཛིན་སྐྱོང་གི་དབང་ཚད་གནང་ནས་རྒྱལ་ཚབ་ཏུ་བསྐོ་གཞག་གནང༌།  ༼དཔར་ངོས་  ༢༠  པར་

གཟིགས།༽  ཟླ་བ་དང་པོའ ་ི ཚེས་གསུམ་  ༼ཕྱི་ལོ་  ༡༩༡༠  ཟླ་བ་  ༢  པའི་ཚེས་  ༡༢༽  ཉིན་ ནོ ར ་གླི ང ་ཕོ ་ བྲང་དུ་ཕེ བ ས་ཐོ ན ་མཛད་དེ ་ རྒྱ་དམག་གི ་ བཙན་འཛུལ་ལས་གཡོ ལ ་ཆེ ད ་རྒྱ་གར་དུ་

ཕེབས་རྒྱུའི་གྲ་སྒྲིག་ལེགས་པར་མཛད།  ཕྱིས་སུ་སྲིད་བློན་ཚ་རོང་ཞབས་པད་ཅེས་གྲགས་པའི་སྐུ་ བཅར་སྤྱན་བསལ་གནམ་གང་གིས་རྒྱའི་དམག་ལ་གཡོལ་ཐབས་ཀྱི་ཐབས་བྱུས་མཁས་པའི་དབང་


རྒྱ་གར་དུ་བྲོས་བྱོལ་ཕེབས་པ།

55

གིས་ྋགོང་ས་མཆོག་ཟླ་བ་དང་པོའ ་ི ཚེས་བཞིར་  ༼ཕྱི་ཟླ་  ༢  པའི་ཚེས་  ༡༣༽  ཉིན་གསུམ་ གྱི་སར་ཡོད་པའི་ལྕགས་ཟམ་དུ་ཉིན་གཅིག་གི་ནང་འབྱོར་ཐུབ་པ་བྱུང༌།  ༼དཔར་ངོས་  ༢༡  པར་ གཟིགས།༽  རྒྱུག་ཆུ་དེ་བརྒལ་རྗེས་ྋགོང་ས་མཆོག་དང་སྐུ་འཁོར་རྣམས་ཆིབས་རྟར་བཅིབས་

ཏེ ་ བསམ་སྡི ང ས་དང༌།  རྫ་ར་བརྒྱུད་ར་ལུང་དགོ ན ་དུ་ཡུད་ཙམ་བཞུགས་རྗེ ས ་ཕག་རི ་ རྫོ ང ་དུ་ འབྱོར།  དེ་ནས་ས་མཚམས་སྲུང་མི་དང༌།  པིང་པིང་ཐང༌།  རིན་ཆེན་སྒང་ལ་སོགས་པའི་ལ་

ལུང་བརྒྱུད་ཀ་སྦུག་གི་ཕྱོགས་སུ་ཕེབས།  ཀ་སྦུག་དེ་བཞིན་སྔ་ས་ནས་རྒྱ་གར་གྱི་ཁྱབ་ཁོངས་སུ་ ཡོད་པས་ན་དེར་འབྱོར་དུས་ྋགོང་ས་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ནས་སི་ཁྲོན་གྱི་དམག་

གིས་རྗེས་དེད་ལ་ཐུགས་ཁྲལ་གནང་མི་དགོས་པ་བྱུང༌།  ཀ་སྦུག་ཏུ་ཉིན་བདུན་རིང་སྐུ་བཞུགས་ གནང།  སྐབས་དེར་ཀ་ཛི་ཨོ་རྒྱན་ཞེས་པ་འབྲུག་གི་སྐུ་དྲག་ཅིག་ཡོད་པ་དེ་དང་ཁོང་གི་ནང་མིས་

ྋགོང་ས་མཆོག་ལ་སྣེ་ལེན་གཟབ་རྒྱས་ཞུས།  ྋགོང་ས་མཆོག་རྒྱ་གར་ས་ཐོག་ཏུ་སྐྱབས་བཅོལ་ དུ་ཕེབས་ཡོད་པའི་གནས་ཚུལ་ཐོས་མ་ཐག་རྒྱ་གར་དབྱིན་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་

གྱི་ཚུལ་དུ་རྡོར་གླིང་དུ་མགྲོན་འབོད་ཀྱིས་ཞག་བདུན་ཙམ་གྱི་རིང་སྣེ་ལེན་གཟབ་རྒྱས་ཞུས།  དེའི་ རྗེས་ྋགོང་ས་མཆོག་ནས་པ་ཊ་བྷུ་གཞུང་ལམ་  (Patabuu  Street)  དུ་ཡོད་པའི་དབྱིན་ཇིའི་ཁང་པ་

ཞིག་གཡར་གནང་གིས་དེར་བཞུགས་བཞག་མཛད།  དེ་ལྟའི་སྐབས་དབྱིན་གཞུང་གིས་སི་ཁྲོན་གྱི་ དམག་ལྷ་ས་བར་སླེབས་ཡོད་པ་ནི་ཕྱི་ལོ་  ༡༩༠༦  ལོའ ་ི ཆིངས་དོན་དང་འགལ་བ་ཞིག་ཡིན་པས་ན་ རྒྱ་དམག་ལྷ་ས་ནས་ཕྱིར་འཐེན་བྱ་དགོས་པའི་ངོ་རྒོལ་ཤུགས་ཆེ་འབོད་སྐུལ་ཞུས།།

པེ་ཅིང་དུ་བཞུགས་རིང་ྋགོང་ས་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་གྱི་དཔོན་རིགས་

ཁག་དང་མཇལ་འཕྲད་གནང་ཡོད་པ་དང༌།  མཇལ་འཕྲད་དེ་དག་གི་སྐབས་ཁོང་རྣམས་ལ་གསང་

བའི་ཐོག་བོད་ཀྱི་གནད་དོན་ཉག་ཕྲ་བ་རྣམས་འགྲེལ་བརྗོད་གནང༌།  རྒྱ་ནག་ནས་བོད་དུ་ཕྱིར་ལོག་

གྲུབ་རྗེ ས ་རང་ཉི ད ་ཆི ང་སྲིད ་གཞུང་གི ས ་བཀོ ལ ་སྤྱོ ད ་འོ ག ་ཚུད་ཡོ ད ་པ་མཁྱེ ན ་རྟོ ག ས་བྱུང་སྐབས་

དགོངས་པ་འཚོམས།  སྔ་དུས་བོད་ཀྱི་དགྲ་བོར་གྱུར་པའི་དབྱིན་གཞུང་ལ་རོགས་སྐྱོར་ཡོང་བའི་ རེ་སྐུལ་ཞུས།  ཕྱོགས་གཞན་ཞིག་ནས་ཁོང་གིས་ཆིང་སྲིད་གཞུང་གི་བྱེད་ཕྱོགས་ཐད་སྐྱོན་བརྗོད་

གནང་སྐབས་ཚིག་དང་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་ཀྱི་ཐད་འཛེམས་ཟོན་གང་ཡང་མ་གནང།  རྒྱ་


56 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གར་དུ་འབྱོར་སྐབས་ྋགོང་ས་མཆོག་གིས་བོད་འདི་ཆིང་སྲིད་གཞུང་གི་མངའ་འོག་ཏུ་ཡིན་ཞེས་ པ་དེར་ངོས་ལེན་གཏན་ནས་གནང་མེད་པའི་ཁར་བོད་རང་དབང་རང་བཙན་ཡིན་པའི་འགྲེལ་བརྗོད་

ནན་པོ་གནང༌།  ཁོང་གིས་དབྱིན་གཞུང་ནས་འདོད་བློ་ཁེངས་པའི་ལན་ཞིག་ཐོབ་པའི་རེ་བ་གནང་

ཡང་དེ་ལྟར་མ་བྱུང༌།  ཁོང་གིས་རུ་སུའི་གོང་མར་ཡང་རེ་སྐུལ་ཞུས་ཡོད་ཀྱང་གྲུབ་འབྲས་གནད་ལ་ འཁེལ་བ་ཞིག་མ་ཐོབ།།

ྋགོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས་དབྱིན་གཞུང་གིས་འབྲས་ལྗོངས་སུ་བསྐོ་གཞག་

གནང་བའི་གཞུང་ཞབས་ཅཱལ་སེ་  སྦེལ་  (Charles  Bell)  དང༌།  རྡོར་གླིང་དུ་གནས་སྡོད་ཆབ་ སྲིད་ཀྱི་འབྲེལ་གཏུགས་མི་སྣ་སཱར་དྷཱར་  བྷ་དྷུར་  ལཱ་དྷེན་  (Sardar  Bahadur  Laden)  ལགས་ གཉིས་ལ་ྋགོང་ས་མཆོག་སྣེ་ལེན་ཞུ་རྒྱུ་དང༌།  སྐྱབས་བཅོལ་དུ་ཕེབས་པའི་བོད་གཞུང་དང་གྲོས་ མོལ་བྱ་རྒྱུའི་ལས་འགན་གནང༌།།

ཅཱལ་སེ་  སྦེལ་ལ་འབྲུག་ཡུལ་གྱི་ཐད་རྟོག་ཞིབ་བྱ་རྒྱུའི་ལས་འགན་ཡང་ཡོད།  ཁོང་ནི་བོད་

སྐད་ཐོག་བཀའ་མོལ་གནང་རྒྱུར་ཡག་པོ་ཡོད་པ་དང།  བོད་དང་གྲོས་མོལ་བྱ་རྒྱུའི་ལས་གནས་

ཐོག་བསྐོ་གཞག་མ་བྱུང་གོང་ནས་ཁོང་གིས་བོད་ཀྱི་རྒྱུན་སྐད་ལག་དེབ་  (Manual  of  Colloquial  Tibetan)

ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་ཅིང༌།  རང་གཤིས་འཇམ་པས་ཁོང་ལ་བོད་

མི་རྣམས་ཀྱིས་དགའ་པོ་ཡང་བྱེད་ཀྱི་ཡོད།  ལཱ་དྷེན་ལགས་ནི་བོད་སྐད་དང་དབྱིན་སྐད་གཉིས་ཀར་ ཡག་པོ་ཡོད་པ་དང།  ཁོང་ཡང་སྤྱང་གྲུང་འཛོམས་ཤིང་ཁ་གསང་པོ་ཡོད་པའི་དབང་གིས་བོད་དང་

དབྱིན་ཇིའི་དབར་གྱི་གོ་རྟོགས་ཇེ་ཆེར་ཡོང་རྒྱུར་ཞབས་འདེགས་ཤུགས་ཆེ་གནང་ཡོད།  དེས་མ་ ཚད་ཁོང་ནི་ནང་པ་ཞིག་ཡིན་པར་བརྟེན་ྋགོང་ས་མཆོག་གིས་མཉེས་པོ་གནང་ཡུལ་དུ་གྱུར།།

སྟོན་པ་ཤཱཀྱ་མུ་ནི་སྐུ་བལྟམས་སའི་ཡུལ་རྒྱ་གར་དུ་འབྱོར་བའི་གོ་སྐབས་དམ་བཟུང་མཛད་

དེ་སྟོན་པས་ཞབས་ཀྱིས་བཅགས་པའི་གནས་ཆེན་ཁག་ལ་ྋགོང་ས་མཆོག་གིས་གནས་གཟིགས་ བསྐྱངས།  སྐུ་འཁོར་དུ་བཀའ་བློན་རྣམས་དང་དེ་བཞིན་གྱི་མི་སྣ་གཞན་མང་དག་ཅིག་ཕེབས་ཡོད་ པས་གནས་སྐོར་གྱི་འགྲུལ་ཚོ་གཞི་རྒྱ་ཆེ་བ་ཞིག་བྱུང་ཡོད་ཅེས་གྲགས།།

མཚམས་འདི ར ་ང་ཚོ ས ་ྋརྒྱལ་མཆོ ག ་སྐུ་ཕྲེ ང ་བཅུ་གསུམ་པ་ཡང་བསྐྱར་སྐྱབས་བཅོ ལ ་

དུ་ཕེ བ ས་ཏེ ་ བོ ད ་དུ་བཞུགས་མེ ད ་པའི ་ སྐབས་ཆི ང ་སྲི ད ་གཞུང་གི ས ་བོ ད ་ནང་གང་བྱས་ཡོ ད ་པ་


རྒྱ་གར་དུ་བྲོས་བྱོལ་ཕེབས་པ།

57

དང༌།  ཆིང་སྲིད་གཞུང་དང་དབྱིན་གཞུང་གཉིས་དབར་གནད་དོན་གང་འདྲ་བྱུང་ཡོད་མེད་ཀྱི་ཐད་ རྟོག་ཞིབ་བྱ་རྒྱུ་ཡིན།།

ཁམས་དང་ལྷ་སའི་ཁུལ་དུ་སི་ཁྲོན་དམག་གིས་མི་གསོད་དང༌།  གཏོར་བཅོམ་ཆེས་གདུག་

རྩུབ་དང་མ་རུངས་པ་ཞིག་བྱས་ཡོད་ཅིང༌།  དེ་ནི་ཡཱང་  ཧཱས་སྦེཎ་གྱི་དྲག་པོའ ་ི དོན་གཅོད་བོད་དུ་ སླེབས་སྐབས་ཀྱི་དྲག་སྤྱོད་དང་དཔེ་བསྡུར་བྱ་འོས་པ་ཞིག་བྱུང་ཡོད།  སི་ཁྲོན་དམག་གིས་བོད་དུ་

གཏོར་བཅོམ་དང་མི་གསོད་ཁྲག་སྦྱོར་བྱས་པ་དེ་བཞིན་བོད་མི་རྣམས་ཀྱི་བློ་ཡུལ་དུ་ཡུན་རིང་བར་ འཇིགས་སྣང་དང་བཅས་ཏེ་དྲན་དགོས་པ་ཞིག་བྱུང།  ྋགོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་དུ་ ཕེབས་སྐབས་ཆིང་སྲིད་གཞུང་གིས་ཁོང་གནས་དབྱུང་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པར་

མ་ཟད་པཎ་ཆེ ན ་རི ན ་པོ ་ ཆེ ་ རྒྱལ་ཚབ་ཏུ་བསྐོ ་ གཞག་བྱ་རྒྱུའི ་ ཐབས་ཤེ ས ་ཀྱང་བྱས་ཡོ ད །  ཀུན་ གཟིགས་པཎ་ཆེན་མཆོག་ནས་གོ་གནས་དེ་ཞལ་བཞེས་གནང་མི་སྲིད་ལ་ྋགོང་ས་མཆོག་གིས་རྒྱའི་

གསལ་བསྒྲགས་དེར་སྣང་བ་གང་ཡང་བྱས་མེད།  རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་གང་སྒྲུབ་ཐུབ་

ཡོད་ཅེ་ན།  ཆིང་སྲིད་གཞུང་ཉམས་རྒུད་མ་ཤོར་གོང་ཤིས་ཁམས་  (Sikang)  ཞིང་ཆེན་གསར་ འཛུགས་ཐུབ་པ་དེ་ཡིན།  བོད་མི་རྣམས་ལ་ཆ་མཚོན་ན་ཁོང་ཚོའི་ལམ་ལུགས་ཕལ་མོ་ཆེ་ཆེས་ དལ་པོའ ་ི ངང་འགྲོ་བཞིན་ཡོད་པ་དང༌།  ཐམས་ཅད་སྐྱབས་བཅོལ་དུ་ཡོད་པའི་བོད་གཞུང་གི་རྒྱང་ རིང་སྟངས་འཛིན་འོག་ཡོད་པ་ལྟ་བུ་ཞིག་ཏུ་སྣང༌།།

ཕྱི་ལོ་  ༡༩༡༡  ཟླ་བ་  ༡༠  པའི་ཚེས་  ༡༠  ཉིན་ཝུ་ཆཱང་  (Wu-chang)  དུ་དམག་གི་སྲིད་

སྒྱུར་གྱི ་ གྱེ ན ་ལངས་བྱུང་བར་བརྟེ ན ་ཆི ང ་སྲི ད ་གཞུང་གི ་ སྲི ད ་དབང་མགོ ་ རྟི ང ་སློ ག   སུན་  ཀྲུང་ ཧྲན་  (Sun  Yat-sen)  གྱིས་སྣེ་འཁྲིད་པའི་འོག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང༌།  ཁོང་

རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོ་གཞག་བྱས།  རྒྱལ་ཁབ་དབུ་བརྙེས་ནས་རིང་པོར་མ་སོང་གོང་ ཡོན་  ཧྲེ་ཁ་  (Yuan  Shih-k’ai)  ཀྱིས་རང་གི་དམག་ཤུགས་བེད་སྤྱོད་བྱས་ཏེ་གསར་དུ་དབུ་བརྙེས་

པའི་སྤྱི་མཐུན་རྒྱལ་ཁབ་དབང་ལུང་བསྒྱུར་ཡོད་པས་ན་སུན་  ཀྲུང་ཧྲན་གྱིས་སྲིད་འཛིན་གོ་གནས་ ནས་དགོངས་པ་ཞུས།  གསར་བརྗེའི་གནས་ཚུལ་དེ་ཐོས་མ་ཐག་ལྷ་ས་དང་བོད་ཤར་ཕྱོགས་ས་ཁུལ་

དུ་གནས་སྡོད་ཆིང་སྲིད་གཞུང་གི་དམག་མི་རྣམས་ལ་སེམས་འཚབ་ཆེན་པོ་བྱུང༌།  དམག་སྡེ་དེ་དག་


58 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

སྒྲིག་འཛུགས་མེད་པར་གྱུར་ནས་དམག་མི་འགའ་ཟིང་སློང་མི་ཚོགས་ཀྱི་རྣམ་པར་གྱུར།  ལྷ་ས་དང་ ཉེ་འཁོར་གྱི་ས་ཁུལ་ཁག་ཏུ་ནང་འཁྲུག་ལངས་ཤིང་སྐབས་དེ་དུས་བསྟན་རྒྱས་གླིང་དགོན་པ་མེར་སྲེག་ བཏང༌།  གླིང་དེ་བཞིན་རྒྱའི་དམག་མི་རྣམས་ཀྱིས་འཛིན་བཟུང་བྱས་ཏེ་འཛིང་རགས་སུ་བེད་སྤྱོད་

བྱས་ཡོད་འདུག མཐར་སྦེང་གྷལ་སྲིད་གཞུང་གིས་བར་འདུམ་བྱས་ཏེ་འཛིན་བཟུང་བྱས་པའི་རྒྱ་དམག་

རྣམས་འབྲས་ལྗོངས་སུ་གནས་སྤོར་བྱས་ཏེ་མཐར་མཚོ་ལམ་བརྒྱུད་རྒྱ་ནག་ཏུ་ཕྱིར་སློག་བཏང༌།  ཕྱི་ ལོ ་   ༡༩༡༢  ཟླ་བ་  ༦  པའི ་ ནང་བོ ད ་དབུས་ཕྱོ ག ས་ཀྱི ་ ས་ཁུལ་དུ་རྒྱའི ་ དབང་བྱུས་མེ ད ་པར་

གྱུར།  ཕྱི་ལོ་  ༡༩༡༢  ཟླ་བ་  ༦  པའི་ནང་ྋགོང་ས་མཆོག་རྒྱ་གར་ནས་ལྷ་སར་ཆིབས་ཁ་བསྒྱུར་ ཏེ་ཕྱི་ལོ་  ༡༩༡༣  ཟླ་བ་  ༡  པོའ ་ི ནང་ལྷ་སར་ཞབས་སོར་འཁོད། ལྷ་སར་ཞབས་སོར་འཁོད་མ་ཐག་ ྋགོང་ས་མཆོག་གིས་རུ་སུ་དང་འབྲེལ་ཐག་ཉེ་བའི་སོག་པོ་དང་མཉམ་དུ་ཆིངས་ཡིག་ཅིག་བཞག  །

ཡོན་  ཧྲེ་ཁས་ཆིང་རྒྱལ་རབས་ཀྱི་མངའ་ཁོངས་སུ་གཏོགས་པའི་ཡུལ་ལུང་རྣམས་རྒྱ་ནག་

སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པ་ཡིན་པའི་ཁྱབ་བསྒྲགས་བྱས།  ཁོས་བོད་རྒྱའི་

ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད།  བོད་ཤར་ཕྱོགས་ཀྱི་ས་ཁུལ་རྣམས་རྒྱའི་སྲིད་ གཞུང་གི་ཐད་ཀའི་དབང་བྱུས་སུ་གཏོགས་པའི་ཞིང་ཆེན་ཞིག་ཏུ་བསྒྱུར་ཐབས་བྱས།  དབྱིན་གཞུང་ གིས་ཁྱབ་བསྒྲགས་དེར་ངོས་ལེན་མེད་པའི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་ཀྱང་བོད་འདི་རྒྱའི་མངའ་

འོག་ཏུ་ཡོད་པར་ངོས་འཛིན་བྱས་ཡོད་པར་མ་ཟད།  བོད་རྒྱལ་ཁབ་རྒྱའི་མངའ་ཁོངས་ཡིན་པར་ བརྩི་འཇོག་གིས་ྋགོང་ས་མཆོག་གིས་བོད་རང་བཙན་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་

ཡོད་པ་དེར་སྣང་ཆེན་མ་བྱས།  ྋགོ ང་ས་མཆོ ག ་རྒྱ་གར་ནས་ལྷ་སར་ཕྱི ར ་ལོ ག ་ཕེ བ ས་སྐབས་ ཡོན་  ཧྲེ་ཁས་ཏར་འཕྲིན་ཞིག་བཏང་ཡོད་པའི་ནང་རྒྱ་ནག་གིས་ཏཱ་ལའི་བླ་མ་གསེར་ཁྲི་མངའ་གསོལ་

བྱེད་པ་དི་བཞིན་གོང་མ་ཁྲིར་མངའ་གསོལ་བ་ལྟ་བུ་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་ པའི་བཀའ་ལན་དུ་ྋགོང་ས་མཆོག་གིས་རང་ཉིད་གསེར་ཁྲིར་མངའ་གསོལ་གྱི་ཐད་རྒྱ་ནག་གི་ཆོག་

མཆན་དགོས་དོན་མེད་པ་དང༌།  རང་ཉིད་རྒྱ་ནག་གི་ཆབ་འབངས་ཤིག་ཏུ་ངོས་འཛིན་བྱ་རྒྱུའི་ཐད་ ངོས་ལེན་གཏན་ནས་གནང་མེད་པར།  དེ་ལས་ལྡོག་སྟེ་རང་ཉིད་བོད་རྒྱལ་ཁབ་ཀྱི་རྒྱལ་པོ་ཡིན་པའི་

ཁྱབ་བསྒྲགས་མཛད་པ་དེར་བོད་མི་རྣམས་ཀྱིས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཡོངས་


རྒྱ་གར་དུ་བྲོས་བྱོལ་ཕེབས་པ།

59

ཁྱབ་གསལ་བསྒྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌།  ཡོན་  ཧྲེ་ཁས་སྣེ་ཁྲིད་པའི་སྲིད་གཞུང་གིས་

བདེན་དོན་འཁྱོག་བཤད་ཀྱིས་ཕྱི་ཟླ་  ༡༠  པའི་ཚེས་  ༢༨  ཉིན་ྋགོང་ས་མཆོག་གིས་བོད་འདི་རྒྱ་ ནག་གི་མངའ་ཁོངས་སུ་ཡིན་པའི་ངོས་འཛིན་བྱས་ལུགས་ཁྱབ་བསྒྲགས་བྱས།  བོད་གཞུང་ནས་ ཡོན་ ཧྲེ་ཁའི་བྱེད་ཕྱོགས་དེ་དག་ལ་དོགས་ཏེ་བོད་དམག་བོད་ཤར་ཕྱོགས་ས་ཁུལ་དུ་མངགས་གཏོང་ མཛད།།

དབྱིན་གཞུང་གིས་བོད་ནི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པར་ངོས་འཛིན་བྱས་ཡོད་པ་དེར་

ྋགོང་ས་མཆོག་ཐུགས་མཉེས་པོ་བྱུང་མེད་པར་མ་ཟད།  དབྱིན་གཞུང་གི་བྱེད་ཕྱོགས་དེས་བོད་ རྒྱལ་ཁབ་འཆི་གསོན་གང་གི་གནས་སུ་ཡང་བཞག་མེད་པས་ྋགོང་ས་མཆོག་དགོངས་འཚོམས་

གནང་ཡོད་ཀྱང༌།  དབྱིན་གཞུང་གིས་ྋགོང་ས་མཆོག་ལ་མཛའ་མཐུན་གྱི་སྣེ་ལེན་གཟབ་རྒྱས་ཞུས་

ཡོད་པའི་དབང་གིས་ཁོང་གི་ཉེ་གནས་འགའི་ལངས་ཕྱོགས་དབྱིན་ཇིར་ཉེ་བར་གྱུར་ཡོད་པ་བཞིན་ གཞུང་ཞབས་གཞན་འགའི་བསམ་ཕྱོགས་ལའང་འགྱུར་བ་དེ་ལྟར་ཕྱིན།།

རུ་སུས་སོག་ཡུལ་ནང་ལས་འགུལ་ལེགས་གྲུབ་བྱུང་བར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཧང་སང་

ཡོད་པ་དང༌།  རྒྱ་ནག་རང་ངོས་ནས་མགྱོགས་མྱུར་ལག་བསྟར་མ་བྱས་ན་བོད་དེ་ཕལ་ཆེར་དབྱིན་

གཞུང་གི་བཀོད་བྱུས་འོག་ཚུད་རྒྱུ་ཡིན་པའི་འཇིགས་སྣང་ཡང་བྱེད་ཀྱི་ཡོད།  དེར་བརྟེན་རྒྱ་གཞུང་ གིས་དབྱིན་གཞུང་ལ་སྲིད་གཞུང་གཉིས་དབར་གྲོལ་མོལ་ཞིག་ཡོང་བའི་གྲོས་འཆར་བཏོན་ཡོད་པ་

ལྟར་ཕྱི་ལོ་  ༡༩༡༣  དང་  ༡༩༡༤  ཡི་སིམ་ལའི་ཚོགས་འདུ་དེ་འཚོགས་པ་རེད།  རྒྱ་གར་དབྱིན་ གཞུང་གིས་བོད་རྒྱ་ནག་གི་མངའ་འོག་ལ་ཡོད་པར་བཤད་པ་དེ་ད་ཆ་དོན་སྙིང་གང་ཡང་མེད་པར་གྱུར་

ཟིན་སྟབས་བོད་ཐོག་བདག་དབང་ཡོད་པར་ཨུ་ཚུགས་བྱེད་པའི་རྒྱ་ནག་གི་སྐུ་ཚབ་ཙམ་ལས་བོད་ ཀྱི་སྐུ་ཚབ་མེད་ན་སྙིང་པོ་རྩ་བ་ནས་མེད་སྟབས་བོད་ཀྱི་སྐུ་ཚབ་ཀྱང་ངེས་པར་གྲོས་མོལ་ནང་འཛུལ་

དགོ ས ་པའི ་ཨུ་ཚུགས་བྱས།  དེ ར ་བརྟེ ན ་དབྱི ན ་ཡུལ་དང༌།  རྒྱ་ནག  བོ ད ་བཅས་རྒྱལ་ཁབ་ གསུམ་སིམ་ལའི་ཆིངས་མོལ་ནང་འཛུལ་ཞུགས་བྱས།།

རྒྱའི་སྐུ་ཚབ་ཀྱིས་བོད་ནི་རྒྱའི་མངའ་འོག་ཡིན་པར་ནན་བརྗོད་བྱས་པར་མ་ཟད།  ཀོང་པོ་རྒྱ་

མདའ་ཤིན་ཅང་ཞིང་ཆེན་གྱི་མངའ་ཁོངས་སུ་འཇུག་ཐབས་བྱས་ཡོད་པ་དང༌།  ལོ་རྒྱུས་ཀྱི་གཞི་རྩ་


60 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

མེད་པའི་ཁུངས་མེད་ཀྱི་རྩོད་གླེང་མང་ཙམ་བྱས།  བོད་ཀྱི་སྐུ་ཚབ་གཙོ་བོ་ནི་བློན་ཆེན་བཤད་སྒྲ་ཡིན་

པ་དང༌།  ཁོང་གིས་རྒྱའི་འདོད་ཚུལ་ལ་དགག་ལན་གྱི་དགོས་ངེས་ཡིག་ཆ་མང་དག་ཅིག་སྤྱན་འབུལ་

ཞུས་ཡོད་པར་བརྟེན།  ལས་རོགས་སུ་ཅཱལ་སེ་  སྦེལ་དང་བཅས་དབྱིན་གཞུང་གི་སྐུ་ཚབ་མེག་  མཱ་ ཧཱོན་  (Mac  Ma-hon)  གྱིས་གྲོས་མོལ་འགོ་བཙུགས་ནས་མཇུག་མ་བསྡུས་བར་བོད་རྒྱའི་བར་

འདུམ་སྒྲིག་ཡོང་བའི་ཐབས་ཤེས་བྱས།  གྲོས་མོལ་གྱི་མགོ་ནས་མཇུག་བར་བོད་ཀྱི་སྐུ་ཚབ་རྣམས་

ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་རང་བཙན་ཡིན་པའི་ཐད་རྒྱལ་ཁབ་གཞན་གཉིས་པོའ ་ི ངོས་ལེན་ ཡོང་བ་བྱ་རྒྱུ་དེ་ཡིན་ཡང༌།  དབྱིན་གཞུང་གི་ངོས་ནས་བོད་ཕྱོགས་ནས་དབྱིན་གཞུང་དང་འབྲེལ་

ཐག་ཉེ་བར་བྱས་ཏེ་སྔར་ལྟར་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་འོག་མ་ཚུད་པར་སྲིད་གཞུང་སྲ་བརྟན་

ཞིག་འཛུགས་རྒྱུའི་ཐད་བོད་ལ་རོགས་སྐྱོར་བྱས་ན་ཕན་ཐོགས་ཆེ་བའི་ངོས་འཛིན་བྱས།  འོན་ཀྱང་

དབྱིན་གཞུང་གིས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་འཆར་རྩིས་མེད་སྟབས་ བོད་ཀྱི་སྐུ་ཚབ་རྣམས་ལ་བོད་ནི་རྒྱའི་མངའ་འོག་ཏུ་ཡིན་པར་ངོས་འཛིན་བྱ་དགོས་པའི་གནོན་ཤུགས་

སྤྲད།  འོན་ཀྱང་བོད་ཕྱོགས་ནས་བོད་ཐོག་རྒྱའི་དབང་སྒྱུར་  (suzerainty)  ཡོད་ཅེས་པ་མིང་ཙམ་ གྱི་གནད་དོན་ཞིག་ལས་དོན་དངོས་ཐོག་སྙིང་དོན་གང་ཡང་མེད་པ་གསལ་པོ་བཟོ་ཐབས་སྒོ་ཀུན་ནས་

བྱས།  གྲོས་མོལ་མང་དག་བྱས་མཐར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་སིམ་ལའི་ཆིངས་ཡིག་གི་ སྟེང་མིང་རྟགས་བཀོད་རྒྱུར་ངོས་ལེན་བྱས་མེད།  དེར་བརྟེན་ཆིངས་ཡིག་འདི་བོད་དང་དབྱིན་ཇི་

གཉིས་ཁོ་ནའི་དབར་ནུས་ལྡན་ཞིག་ཏུ་གྱུར་ཡོད།  ཕྱི་ཟླ་  ༧  པའི་ཚེས་  ༣  ཉིན་ཆིངས་ཡིག་གི་

སྟེང་མིང་རྟགས་བཀོད་ཡོད་པ་དང༌།  ཉིན་དེ་རང་ལ་བོད་དང་དབྱིན་ཇིའི་དབར་ཚོང་གི་ཆིངས་ཡིག་

ཅིག་ཀྱང་བཞག  དེ་ནས་བཟུང་བོད་དབྱིན་ཇི་དང་འབྲེལ་ཐག་ཉེ་བར་གྱུར་ཡོད་ཅིང་རྒྱལ་ཁབ་དེ་

གཉིས་དབར་མཛའ་མཐུན་གྱི་འབྲེལ་བ་ངེས་པའི་རྣམ་པ་ཞིག་ཤར།  འོན་ཀྱང་དེ་ནི་བོད་ཕྱོགས་ནས་ བཟང་རེ་ཆེ་དྲགས་པ་ཡིན་ཏེ་ཕྱིས་སུ་དབྱིན་གཞུང་གིས་བོད་རྒྱབ་སྐྱུར་བྱས་རྐྱེན་བོད་ཀྱིས་བློ་ཕམ་ དགོས་པའི་མྱོང་ཚོར་དུ་མ་མྱངས་དགོས་བྱུང་ཡོད།།  །།


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། V

༄།  །ཡུན་རི ང ་ཕྱི ་ ཡུལ་དུ་བཞུགས་རྗེ ས ་ྋརྒྱལ་དབང་མཆོ ག ་གི ས ་རྒྱལ་ཁབ་ཀྱི ་ ནང་གི ་ ལམ་ ལུགས་དང་བོ ད ་བརྒྱུད་ནང་བསྟན་ཡར་རྒྱས་གོ ང ་འཕེ ལ ་གཏོ ང ་སླད་འབད་བརྩོ ན ་ཤུགས་ཆེ ར ་

མཛད།  སོག་ཡུལ་དང་རྒྱ་ནག་ནང་ཉམས་ལེན་བྱེད་བཞིན་པའི་ནང་ཆོས་ཡ་མ་ཟུང་དང༌།  རྒྱ་

གར་དུ་ནང་བསྟན་ལ་བསྲེ་ལྷད་དང་ཉམས་རྒུད་འགྲོ་བཞིན་ཡོད་པ་དེས་ྋགོང་ས་མཆོག་ལ་འཛམ་གླིང་ ནང་དར་ཁྱབ་ཕྱིན་པའི་ནང་ཆོས་ཀྱི་ནང་ནས་བོད་བརྒྱུད་ནང་བསྟན་དེ་ཆེས་ཡང་དག་ཅིག་ཡིན་པའི་

ངེས་པ་རྙེད་ཡོད་པ་དང༌།  དེར་བརྟེན་ཁོང་གིས་བོད་བརྒྱུད་ནང་བསྟན་ཡར་རྒྱས་གོང་འཕེལ་སླད་ འབད་པ་ཤུགས་ཆེ་མཛད་ཡོད།།

ལྷ་སར་ཞབས་སོར་འཁོད་དེ་ལོ་གྲངས་གཉིས་སོང་རྗེས་ྋརྒྱལ་དབང་མཆོག་གིས་བོད་བརྒྱུད་

ནང་བསྟན་ཡར་རྒྱས་གོང་འཕེལ་གཏོང་བའི་ཆོད་སེམས་དེ་མཚོན་ཕྱིར་ནོར་གླིང་ཕོ་བྲང་དུ་མཉམ་ མེད་ཙོང་ཁ་པས་མཛད་པའི་ལམ་རིམ་ཆེན་མོའ ་ི བཀའ་འཁྲིད་གནང༌།  བཀའ་འཁྲིད་དེ་ཡང་ནང་ སོག་ནས་ཡིན་པའི་བཱ་རིན་བླ་མ་*ཞེས་གྲྭ་པ་བགྲེས་སོང་ཞིག་གིས་ཞུ་ནན་བྱས་པ་ལྟར་གནང་ཡོད་ ཅིང༌།  ྋརྒྱལ་དབང་མཆོག་གི་བཀའ་འཁྲིད་ཞུ་བར་གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་པ་སྟོང་ ཕྲག་མང་པོ་ཕེབས་ཡོད།།

ཕྱི་ལོ་  ༡༩༡༨  ལོར་ྋགོང་ས་མཆོག་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་རྡོ་རྗེ་ཐེག་

པའི་ཡི་དམ་གཙོ་བོ་རྡོ་རྗེ་འཇིགས་བྱེད་བསྙེན་ཆེན་ཆེད་ལོ་གསུམ་རིང་ནོར་གླིང་ཕོ་བྲང་གི་གཟིམ་

ཁང་ཞིག་ཏུ་བཅད་རྒྱ་དམ་པོར་བཞུགས་བཞག་མཛད།  བསྙེན་མཚམས་སུ་བཞུགས་རིང་རྟགས་ *  འཇིགས་མེད་བློ་གྲོས།  ༼སྒྱུར་བ་པོའ ་ི མཆན།༽


62 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གསལ་པོ ་ ཐོ ན ་ཅི ང ་ཁོ ང ་གི ་ སྒོ མ ་གྲོ ག ས་ནག་ཆུ་སྒྲུབ་ཁང་སྤྲུལ་སྐུ་ཞེ ས ་པ་ཞི ག ་ཡོ ད ་པ་དེ ་ བསྙེ ན ་

མཚམས་ཀྱི་སྐབས་སྙུན་གཞི་བཞེས་ཏེ་མྱ་ངན་ལས་འདས་རྐྱེན་ྋརྒྱལ་དབང་མཆོག་ཐུགས་ཕམ་

བྱུང་སྟེ་འཇིགས་བྱེད་བསྙེན་ཆེན་ལ་བར་ཆད་བྱུང་ལ་ཉེ་ཡང༌།  ྋརྒྱལ་དབང་མཆོག་གིས་སླར་ ཐུགས་བརྩོན་བསྐྱེད་དེ་བསྙེན་ཆེན་མཐར་ཕྱིན་མཛད་དེ་ཡི་དམ་དེའི་བླ་ན་མེད་པའི་གོ་འཕང་ཐོབ་

པར་མཛད།  བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་གྱི་ཚུལ་དུ་བོད་མི་རྣམས་ལ་ལམ་སྟོན་མཛད་

པོའ ་ི ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་གསང་སྔགས་ཀྱི་སྒྲུབ་པ་འདི་ལྟ་བུ་ཐོབ་དགོས་པ་ནི་

གལ་འགངས་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན།  སྒྲུབ་དཀའ་བའི་ཉམས་ལེན་འདི་སྙིང་རུས་ཆེན་

པོས་ལེགས་པར་སྒྲུབ་པའི་སྒོ་ནས་ྋགོང་ས་མཆོག་ནི་ཁྱད་དུ་འཕགས་པའི་དབུ་ཁྲིད་ཅིག་ཡིན་པ་ གསལ་པོར་སྟོན་རྒྱུ་གལ་ཆེན་ཡིན།།

བསླབ་པ་དང་སློབ་གཉེར་གོང་མཐོར་གཏོང་སླད་ཁོང་གིས་གདན་ས་ཆེན་པོ་གསུམ་གྱི་དགེ་

འདུན་པ་ཚོའི་ནང་ནས་དགེ་བཤེས་ཀྱི་དམ་བཅའི་གཙོ་བོ་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་བཞེས་ ཕྱོགས་དེ་ཕྱོགས་ཞེན་སྤོང་བ་ཞིག་ཡོང་ཕྱི ར ་དེ འི་ཐད་གཟིགས་ཞིབ་མཛད།  དགོ ན་སྡེ་སོ་སོ འ ་ི

མཁན་པོ་བསྐོ་གཞག་ལ་མཚོན་ནའང་ཕྱོགས་ཞེན་དང།  ལྐོག་རྔན་ལ་སོགས་པའི་ལམ་ནས་བསྐོ་ གཞག་མི་ཡོང་བའི་སླད་འོས་མི་རྣམས་ཀྱི་བར་ཚོགས་ཡོངས་ཀྱི་དབུས་སུ་མཚན་ཉིད་ཀྱི་རྩོད་པའི་ འགྲན་བསྡུར་ཚུགས་ཏེ་ཤེས་བྱའི་གནས་ལ་མཁས་པ་རྣམས་མཁན་པོར་བསྐོ་གཞག་མཛད།།

ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་འབད་བརྩོན་གནང་བའི་མཛད་རྗེས་གཙོ་བོ་

ཞིག་ནི་ནང་ཆོས་དང་འབྲེལ་བའི་ཕྱག་དཔེ་དང་གླེགས་བམ་རྣམས་སླར་ཡང་དཔར་སྐྲུན་གནང་རྒྱུ་དེ་

ཡིན།  དང་ཐོག་བུ་སྟོན་གྱིས་མཛད་པའི་ཕྱག་དཔེ་གྲངས་  ༢༥༧  གླེགས་བམ་  ༢༨  ནང་དཔར་

སྐྲུན་མཛད་ཅིང་དེའི་ཕྱག་དཔེ་ངོ་མ་སོག་ཡུལ་ནང་མ་གཏོགས་བོད་ནང་རག་ཐབས་བྲལ་བ་ཞིག་ཏུ་ གྱུར་ཡོད།  ཁོང་གིས་ཕྱག་དཔེ་དེ་དག་ལ་ཟབ་ནན་གྱིས་ཞུ་དག་མཛད་ཅིང་དཔར་སྐྲུན་གྱི་འགྲོ་གྲོན་

ཡང་ཁོང་ཉིད་ནས་གཏོང་གནང་མཛད།  མཛད་པ་དེ་ལེགས་གྲུབ་བྱུང་བའི་རྐྱེན་གྱིས་ཁོང་ལ་བོད་ འགྱུར་བྱས་པའི་སྡེ་སྣོད་གསུམ་  ༼བཀའ་འགྱུར།༽  གྱི་གླེགས་བམ་རྣམས་དཔར་སྐྲུན་བྱ་རྒྱུའི་

དགོངས་པ་འཁྲུངས།  དཔར་སྐྲུན་གྱི་རྒྱུ་ཆ་མཁོ་སྒྲུབ་ཕྱིར་ཁོང་གིས་འབྲུག་དང་དེ་དང་ས་ཐག་ཉེ་བའི་


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།

63

ལྷོ་བྲག་ཏུ་མི་སྣ་མངགས་གཏོང་མཛད་ཡོད་ཅིང༌།  ཐོག་མར་ཁོང་གིས་དཔར་སྐྲུན་བྱེད་མི་རྣམས་ལ་

སྦྱོང་བརྡར་དང་དེ་ནས་དགོས་ངེས་ཀྱི་ཆ་རྐྱེན་རྣམས་ལེགས་པར་མཁོ་སྒྲུབ་བྱུང་རྗེས་དཔར་སྐྲུན་གྱི་

ལས་གཞི་དངོས་སུ་ཚུགས།  བོད་ཀྱི་དཔར་སྐྲུན་ལམ་སྲོལ་དེ་བཞིན་པར་རྩ་ཤིང་ལེབ་ཀྱི་སྟེང་བཀོད་ ཅིང་པར་སྐྲུན་བྱ་འདོད་ཡོད་རིགས་ཀྱིས་སྣག་ཚ་དང་ཤོག་བུའི་འགྲོ་གྲོན་རང་ངོས་ནས་བཏང་སྟེ་དཔར་

བླངས་རུང་བ་ཞིག་ཡིན།  ལི་ཐང་དང།  ཅོ་ནེ།  སྡེ་དགེ་བཅས་དང་དེ་མིན་བོད་དབུས་ཕྱོགས་ ཀྱི་ས་ཁུལ་ཁག་ཅིག་ཏུ་སྔ་མོ་ནས་བཀའ་འགྱུར་དཔར་སྐྲུན་བྱས་ཡོད་ཀྱང༌།  དུས་དེའི་བར་སྣར་ཐང་

གི་དཔར་རྩར་གཞི་བཅོལ་ཏེ་དཔར་སྐྲུན་མང་དག་ཅིག་བྱས་རྐྱེན་པར་ཤིང་རྣམས་ཀྱི་ཡི་གེ་མི་གསལ་ བར་གྱུར་ཡོད་ཅིང་སླར་ཡང་དཔར་སྐྲུན་བྱ་རྒྱུ་དཀའ་བར་གྱུར་ཡོད་པར་བརྟེན་ཁོང་གིས་ལྷ་སར་དཔར་

སྐྲུན་གྱི་ལས་གཞི་གསར་པ་འདི་བཙུགས་པ་རེད།  ཁོང་གིས་སྣར་ཐང་དཔར་མ་ལ་གཞི་བཅོལ་ ཞིང་སྡེ་དགེའི་དཔར་མར་བསྡུར་ཞིབ་ཀྱིས་བཀའ་འགྱུར་པར་སྐྲུན་གྱི་ལས་གཞི་དབུ་ཚུགས།  དེ་ ནས་རིམ་བཞིན་དཔར་རྩ་ཤིང་ལེབ་ཀྱི་སྟེང་བརྐོས་གནང་མཛད།  དེ་སྔ་མཚན་ཞབས་ཞུ་མྱོང་བའི་ བདེ་དབྱངས་ཞེས་པར་དཔར་སྐྲུན་གྱི་ལས་འགན་བཀལ་ཡོད་ཅིང་ཁོང་གི་ལས་རོགས་སུ་ཕྱི་སོག་

ནས་ཡིན་པའི་གྲྭ་ཆོས་གྲགས་བསྐོ་གཞག་མཛད།  ྋརྒྱལ་དབང་མཆོག་ཉིད་ནས་དཔར་གཞི་རྙིང་ པ་རྣམས་ཀྱི་དཔར་ཤིང་ཡོད་དོ་ཅོག་ལ་གཟིགས་ཞིབ་གནང་བ་མ་ཟད་པར་གཞི་གསར་དུ་བརྐོས་པ་

རྣམས་ལ་ཡང་གཟིགས་ཞིབ་མཛད།  འདི་ནི་ཡོངས་གྲགས་སུ་དཔར་མ་ཁུངས་དག་ཅེས་འབོད་པའི་ ལྷ་སའི་དཔར་མ་དེ་ཡིན།  ༼དཔར་ངོས་  ༢༠  པར་གཟིགས།༽  ྋརྒྱལ་དབང་མཆོག་སྐུ་མྱ་ངན་

ལས་འདས་པའི་དབང་གིས་བསྟན་འགྱུར་དཔར་སྐྲུན་གྱི་ལས་འཆར་དེར་དོ་ཕོག་བྱུང།  དཔར་སྐྲུན་

གྱི་འགྲོ་གྲོན་ཤུགས་ཆེ་ཡིན་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐད་གནོན་ཤུགས་ལྕི་བོ་མི་ཡོང་ཕྱིར་འགྲོ་ གྲོན་རྣམས་སྐུ་སྒེར་ཉིད་ནས་གཏོང་གནང་མཛད།  མི་མང་གིས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་ སྟེ་སེམས་འགུལ་ཤུགས་ཆེ་ཐེབས་ནས་ཐ་ན་ལྷ་སའི་མི་མང་དབུལ་ཕོངས་དང་ས་ཐག་རིང་བའི་སོག་

ཡུལ་བཅས་ནས་རང་ནུས་ཡོད་ཚད་ཀྱིས་ཞལ་འདེབས་ཕུལ།  ལྷ་སའི་རྒན་མོ་དབུལ་པོ་ཞིག་གིས་ དཔར་སྐྲུན་དེའི་ཐད་ཞལ་འདེབས་ཕུལ་ཕྱིར་རང་གི་དངོས་ཟོག་རྣམས་བཙོང་ཡོད་པ་ལྟ་བུའི་གནས་ ཚུལ་མང་དག་ཅིག་བྱུང་ཡོད་འདུག  །


64 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ྋརྒྱལ་དབང་མཆོག་དེ་ཉིད་ཀྱིས་ནང་ཆོས་སློབ་གཉེར་དར་ཁྱབ་ཀྱི་ཐད་ཐུགས་བསམ་ནན་པོ་

བཞེས་ཡོད།  དཔེར་ན་ཁོང་གིས་འབྲས་སྤུངས་དགོན་དུ་ཕེབས་ནས་སློབ་གཉེར་གྱི་ཐད་དོན་གཉེར་ ཆེ་བའི་དགེ་འདུན་པ་རྣམས་ཀྱི་ཁེ་ཕན་སླད་གདན་སའི་ཕོ་བྲང་དཔེ་མཛོད་ནང་ཡོད་པའི་པར་ཤིང་གོང་ འོག་འཁྲུག་ཡོད་པ་རྣམས་ཀྱི་གོང་འོག་ལེགས་པར་བསྒྲིགས།།

ྋརྒྱལ་དབང་མཆོག་རྒྱ་གར་ནས་ཕྱིར་ཕེབས་རྗེས་བོད་ནང་ཞི་བདེ་དང་བག་ཕེབས་སླར་གསོ་

བྱུང་ཡོད་ཅིང༌།  དེ་ནས་ཁོང་གིས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཁྲ་འབྲུག་དང་བསམ་ཡས།  ལྷ་ སའི་ཇོ་ཁང༌།  ཕོ་བྲང་པོ་ཏ་ལ་སོགས་པ་ཉམས་གསོའ ་ི ལས་གཞི་དབུ་བཙུགས།  དམིགས་བསལ་

དུ་ལྡེབས་རིས་ཉམས་གསོའ ་ི ཐད་ཐུགས་ཁུར་ཆེ་བཞེས་མཛད།  གདན་ས་ཆེན་པོ་གསུམ་དང་དེ་ བཞིན་གྱི་གལ་འགངས་ཆེ་བའི་ཁང་ཆེན་ཁག་ལ་ཉམས་གསོ་མཛད།  དམག་འཁྲུག་གིས་གཏོར་ བཤིགས་བཏང་རྗེས་བོད་ཡུལ་འདི་ད་ཆ་ཉམས་གསོའ ་ི ལམ་དུ་གཤེགས་བཞིན་པ་ཞིག་ཏུ་གྱུར།།

ཕྱོགས་གཞན་ཞིག་ནས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་མཆོག་གིས་མ་འོངས་

པའི་སངས་རྒྱས་རྒྱལ་བ་བྱམས་པའི་སྐུ་བརྙན་རྒྱུ་གསེར་དང་ལི་ལས་གྲུབ་པ་ཞིག་གསར་བཞེངས་ དང༌།  སྐུ་བརྙན་དེའི་བཞུགས་གནས་ཆེད་ཐོག་བརྩེགས་ལྔ་ཅན་གྱི་མཆོད་ཁང་གསར་བཞེངས་

མཛད་དེ་འཛམ་གླིང་ནང་ཞི་བདེ་དར་ཁྱབ་ཡོང་བའི་གསོལ་སྨོན་མཛད།  ནང་པ་སངས་རྒྱས་པའི་

དབུ་ཁྲིད་དེ་གཉིས་ཀས་བོད་རྒྱལ་ཁབ་འདི་བཞིན་ནང་བསྟན་དར་ཁྱབ་ཕྱིན་ཡོད་པའི་ཡུལ་ཞིག་ཡིན་ པའི་ཆེ་མཐོང་ཉར་ཚགས་ཀྱི་ཐད་འབད་པ་ཧུར་བཞེས་མཛད།།

སྐབས་དེ་དུས་བོད་ནང་བོད་གཞུང་གིས་བཟོ་བསྐྲུན་བྱས་པའི་དངུལ་ཊཾ་དང་ཆིང་སྲིད་གཞུང་

གིས་བཟོ་བསྐྲུན་བྱས་པའི་དངུལ་ཊཾ།  དེའི་རྗེས་ཁ་སྣོན་ལྟ་བུར་གསར་སྐྲུན་བྱས་པའི་ཟངས་ཀྱི་ཊཾ་

ཀ་རྣམས་བོད་ཀྱི་དངུལ་དུ་བེད་སྤྱོད་བྱེད་བཞིན་ཡོད།  ྋརྒྱལ་དབང་མཆོག་ལ་རྒྱའི་ཊཾ་ཀ་རྣམས་ བོད་ནས་ཕྱིར་བཏོན་གྱིས་བོད་ཊཾ་ཁོ་ན་བེད་སྤྱོད་ཡོང་བ་བྱ་རྒྱུའི་དགོངས་ཚུལ་ཞིག་ཡོད་པས་ཁོང་

གིས་དེ་དང་འབྲེལ་བའི་ཁྲིམས་ཤིག་ཀྱང་དྲིལ་བསྒྲགས་མཛད་པས་བོད་ནང་ཊཾ་ཀའི་འཁོར་རྒྱུན་ནང་

ཊཾ་ཀ་མ་ལྡང་བའི་དཀའ་ངལ་དང༌།   རིན་འབབ་ཆུང་བའི་རྗེས་སྣོན་གྱི་ཊཾ་ཀའི་དགོས་མཁོ་ཡང་བྱུང་ བར་བརྟེན་ཁོང་གིས་རྒྱ་གར་གྱི་ཟངས་དང་གཤའ་དཀར་གྱི་ཊཾ་ཀར་དཔེ་བླངས་ཏེ་བོད་ཀྱི་ཟངས་ཊཾ་


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།

65

གསར་སྐྲུན་བྱ་དགོས་པའི་བཀའ་སྩལ།  ལས་དོན་དེ་དང་འབྲེལ་བའི་དཀའ་ངལ་བྱུང་ཚེ་ཁོང་གིས་

ཕྲན་ལ་འབྲེལ་གཏུགས་ཡང་ནས་ཡང་དུ་གནང་གི་ཡོད།  ཊཾ་ཀ་བཟོ་བསྐྲུན་ཆེད་རྒྱ་གར་ནས་ནང་

འདྲེན་བྱས་པའི་ཟངས་ལེབ་རྣམས་ཀྱི་སྟེང་ཉི་ཧོང་གི་ཀོ་སཱ་ཀ་ཟངས་ཀྱི་གཏེར་ཁ་  (Kosaka  Copper  Mine)

ལས་ཁང་ནས་ཐོན་པའི་ཕུ་ཇཱི་ཏ་གྷུ་མཱིའི་  (Fujitagumi)  ཚོང་རྟགས་འཁོད་ཡོད་པ་

ཕྲན་གྱིས་མཐོང་བྱུང༌།  ངོས་ནས་ཁོང་ལ་ཉི་ཧོང་ནང་གསེར་ཊཾ་བེད་སྤྱོད་ཀྱི་གནས་ཚུལ་སྙན་སེང་ ཞུས་པས་བོད་འདི་གསེར་ཐོན་ཁུངས་ཆེ་བའི་ཡུལ་ཞིག་ཡིན་གཤིས་ཁོང་གིས་གསེར་ཊཾ་བེད་སྤྱོད་བྱ་

རྒྱུར་ཐུགས་ཐག་བཅད།  འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་བོད་ཀྱི་གསེར་ཊཾ་རྣམས་གསེར་ལྗང་

རྡུངས་ལས་གྲུབ་པ་ཞིག་ཡིན་སྟབས་ཕྱི་མི་འདོད་རྔམ་ཅན་རྣམས་ཀྱིས་གསེར་ཊཾ་གང་མང་བསྡུ་རུབ་ ཀྱིས་རྒྱ་གར་ལ་འཁྱེར་ཏེ་ཕྱིན་ཡོད་པར་བརྟེན་གསེར་ཊཾ་གསར་བཟོ་དང་བེད་སྤྱོད་མཚམས་འཇོག་བྱ་

དགོས་བྱུང༌།  དེའི་ཚབ་ཏུ་ཤོག་དངུལ་བེད་སྤྱོད་བྱ་རྒྱུ་འགོ་ཚུགས།  ལས་འགུལ་དེ་ལྟ་བུའི་ལམ་ ནས་ྋགོང་ས་མཆོག་གིས་བོད་ཡུལ་དེང་རབས་ཅན་དུ་སྒྱུར་ཐབས་ལ་ཤུགས་སྣོན་མཛད།།

རྒྱ་གར་ནས་ཕྱིར་འཁོར ་རྗེས ་ཕྱི ་ཡུལ་གྱི ་གནས་བབ་ལ་གཞི ག ས་ཏེ ་ྋརྒྱལ་དབང་མཆོ ག ་

གིས་བོད་འདི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་སྒྱུར་དགོས་པར་དགོངས།  ཁོང་གིས་ཐོག་མར་

བོད་དམག་གི་སྒྲིག་འཛུགས་སླར་སྒྲིག་བྱ་རྒྱུར་ཐུགས་དགོངས་བཞེས།  ཁོང་ལ་བོད་ཀྱི་སྲོལ་རྒྱུན་ དམག་གིས་ཕྱིའི་བཙན་འཛུལ་འགོག་མི་ནུས་པའི་མཁྱེན་རྟོགས་བྱུང་ཡོད་པ་དང༌།  ཉི་ཧོང་གིས་

ཉེ་བའི་ཆར་རུ་སུ་ཕམ་ཉེས་སུ་བཏང་ཡོད་པར་བརྟེན་ཉི་ཧོང་ནི་དཔེ་མཚོན་ལེགས་པོ་ཞིག་ཡིན་པར་ དགོངས།  ཁོང་གིས་ཉི་ཧོང་གི་ལམ་ལུགས་ལག་བསྟར་བྱ་རྒྱུར་ཐུགས་དགོངས་བཞེས་ཡོད་པ་ལྟར་

བོད་གཞུང་གིས་ལྷ་སར་གནས་སྡོད་བྱེད་པའི་ཉི་ཧོང་གི་དམག་དཔོན་ཟུར་པ་ཡ་སུ་ཇི་རུ་  ཡ་ཇི་མ་ བོད་དམག་ལ་སློབ་སྟོན་བྱ་རྒྱུའི་རེ་སྐུལ་ཞུས།  དམག་སྦྱོང་དངོས་གཞི་མ་ཚུགས་གོང་ལམ་ལུགས་

གང་ཞིག་ལག་བསྟར་བྱ་དགོས་མིན་གྱི་ཐད་བསམ་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་རྐྱེན་དམག་སྦྱོང་ གི་ལམ་ལུགས་གང་ཞིག་བོད་དམག་ལ་འཚམས་ཤིང་གྲུབ་འབྲས་ཆེ་བ་ཡོང་མིན་རྟོགས་ཕྱིར་བོད་

གཞུང་གིས་དབྱིན་ཇི་དང་རུ་སུའི་ལམ་ལུགས་ཀྱང་ལག་བསྟར་བྱ་རྒྱུའི་ཐུགས་ཐག་བཅད།  དེ་མཐུན་ བོད་དམག་རྣམས་དམག་སྡེ་གསུམ་དུ་བགོས་ཏེ་ལམ་ལུགས་དེ་གསུམ་གའི་སྒོ་ནས་དམག་སྦྱོང་སྤྲད།།


66 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

མེར་སྲེག་ཟིན་པའི་བསྟན་རྒྱས་གླིང་བླ་བྲང་ཆགས་ཡུལ་གྱི་ཐང་དུ་ཕྱི་སོག་ནས་ཡིན་པའི་སོག་

པོ་ཞིག་གིས་རུ་སུའི་ལམ་ལུགས་ཀྱི་སྒོ་ནས་སྦྱོང་བརྡར་སྤྲད།  རྒྱ་གར་དུ་དབྱིན་ཇིའི་དམག་སྦྱོང་

ལམ་ལུགས་ཀྱི་རྒྱུས་མངའ་ཡོད་པ་ཞིག་གིས་སྔར་རྒྱའི་དམག་སྒར་གནས་པའི་ས་ཚིགས་སུ་དབྱིན་ ལུགས་ལྟར་བོད་དམག་ལ་སྦྱོང་བརྡར་སྤྲད།  ཡ་སུ་ཇི་རུ་  ཡ་ཇི་མས་ཉི་ཧོང་གི་ལམ་ལུགས་ལྟར་ ནོར་གླིང་ཕོ་བྲང་གི་རྒྱབ་ངོས་སུ་ཡོད་པའི་དམག་སྒར་གསར་པར་བོད་དམག་རྣམས་ལ་དམག་སྦྱོང་

སྤྲད།  དམག་སྒར་གསར་པ་དེ་བཞིན་ཉི་ཧོང་གི་དམག་སྦྱོང་སློབ་སྡེར་དཔེ་བླངས་ཏེ་གསར་རྒྱག་

བྱས་པ་ཡིན་ཞེས་གྲགས།  ༼དཔར་ངོས་  ༢༢  དང་  ༢༣  པར་གཟིགས།༽  ཁོང་གིས་དམག་སྦྱོང་ གི་སྐབས་བཀའ་བརྡ་རྣམས་ཉི་ཧོང་གི་སྐད་ཐོག་སྤྲོད་ཀྱི་ཡོད་པ་དང༌།  ཕྱིས་སུ་ཁོང་ྋརྒྱལ་བའི་སྐུ་ སྲུང་བར་བསྐོ་གཞག་བྱས།  དུས་སྐབས་ཤིག་ལ་ཁོང་ནི་ྋགོང་ས་མཆོག་ཕྱིར་ཕེབས་སྐབས་མེད་ དུ་མི་རུང་བའི་སྐུ་འཁོར་ཞིག་ཏུ་གྱུར་ཡོད་ཀྱང་སྟབས་མི་ལེགས་པ་ཞིག་ལ་ྋརྒྱལ་དབང་མཆོག་ལོ་

གསུམ་རིང་ཕྱིར་མི་ཐོན་ཅིང་མཇལ་བཅར་ཡང་མི་གནང་བར་སྐུ་མཚམས་སུ་བཞུགས་བཞག་མཛད་

སྐབས་མི་འགས་བྱུས་བཏོན་ཏེ་ཁོང་ལས་གནས་ནས་གནས་དབྱུང་བཏང༌།  ཡཱ་ཇཱི་མར་དེ་ལྟ་བུའི་ ལས་གནས་ཐོབ་ཡོད་པར་དབྱིན་གཞུང་གི་ལྟ་ཚུལ་ཅི་འདྲ་ཡོང་མིན་ཐད་བོད་གཞུང་གི་དཔོན་རིགས་ འགས་འཇིགས་སྣང་བྱེད་ཀྱི་ཡོད་པ་དེ་ནི་ཁོང་ལས་གནས་ནས་གནས་དབྱུང་བཏང་དགོས་པའི་རྒྱུ་ མཚན་གཙོ་བོ་ཞིག་ཡིན།།

གོང་གསལ་གནས་ཚུལ་དེའི་རྗེས་བོད་དམག་གི་སྒྲིག་འཛུགས་ཆ་ཚང་དབྱིན་ལུགས་ལྟར་

བྱས།  བོ ད ་དམག་ལ་ཡོ ད ་པ་ནི ་ བོ ད ་མདའ་ལས་བོ ད ་རང་ངོ ས ་ནས་མེ ་ མདའ་དང་མདེ འུ ་ལ་ སོགས་པའི་དེང་དུས་ཀྱི་གོ་ལག་བཟོ་སྐྲུན་བྱེད་ཀྱི་མེད་སྟབས་དེ་དག་མཁོ་སྒྲུབ་སླད་དབྱིན་གཞུང་

ལ་རེ་དགོས་བྱུང་ཡོད་པ་དང༌།  དབྱིན་གཞུང་གིས་བོད་ལ་མེ་མདའ་  ༥༠༠༠  དང་དེ་དག་རེར་ མདེའུ་  ༣༠༠  བཅས་མཁོ་སྤྲོད་བྱས།  དང་ཐོག་གོ་ལག་དེ་དག་དབྱིན་གཞུང་གིས་བོད་ལ་རིན་

མེད་ཐོག་མཁོ་སྤྲོད་བྱས་པར་ངོས་འཛིན་བྱས་ཤིང།  ྋརྒྱལ་དབང་མཆོག་གིས་ཐུགས་དགོངས་ ཟབ་བཞེས་ཀྱིས་གོ་ལག་དེ་དག་ལ་རིན་གོང་སྤྲད་དེ་ཉོ་སྒྲུབ་བྱ་རྒྱུ་ལས་དབྱིན་ཇིའི་འབུལ་བ་དེར་ཞལ་

བཞེས་གནང་མེད། འོན་ཀྱང་བོད་གཞུང་ནས་གོ་ལག་དེ་དག་གི་རིན་གོང་སྤྲོད་ཐུབ་ཀྱི་མེད་སྟབས་བོད་


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།

67

མི་རྣམས་ཀྱི་སྟེང་དཔྱ་ཁྲལ་འཕར་མ་ཞིག་འགེལ་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་མ་བྱུང།  དགེ་ འདུན་པ་གཉིས་པོ་དེ་མ་གཏོགས་བོད་མི་གཞན་བྱིངས་ནས་མི་རེས་ཊཾ་ཀ་གཉིས་རེ་དཔྱ་ཁྲལ་གྱི་ཚུལ་

དུ་འབུལ་དགོས་བྱུང་ཡོད།  དཔྱ་ཁྲལ་ལམ་ལུགས་གསར་པ་དེར་ཨམ་ཊཾ་ཞེས་གྲགས།  འོན་ཀྱང་ སྐབས་དེ་དུས་ནས་བཟུང་རྒྱལ་སྤྱིའི་གནོན་ཤུགས་དབང་གིས་དབྱིན་གཞུང་ནས་བོད་ལ་གོ་ལག་

མཁོ་སྤྲོད་མཚམས་འཇོག་བྱས་ཡོད་པ་དང་ཆབས་ཅིག་ཉི་ཧོང་གིས་བོད་ལ་གོ་ལག་མཁོ་སྤྲོད་ཀྱི་ཐད་ བཀག་འགོག་ཀྱང་བྱས་ཡོད།  སྐབས་དེ་དུས་དབྱིན་གཞུང་གི་བྱེད་ཕྱོགས་དང་བསམ་ཕྱོགས་དེར་ ྋརྒྱལ་དབང་མཆོག་ཐུགས་ཕམ་ཤུགས་ཆེ་བྱུང་ཡོད།།

ྋརྒྱལ་དབང་མཆོག་རྒྱ་གར་ནས་རང་ཡུལ་དུ་ཕྱིར་འཁོར་ཏེ་ ཕྱི་ལོ་  ༡༩༢༡  ལོར་དབྱིན་

ཇི འི ་ རྒྱལ་པོ ས ་ྋགོ ང ་ས་མཆོ ག ་ལ་རྟ་དང་བཅས་པའི ་ཤི ང ་རྟ་གསུམ་དང༌།  ཤི ང ་རྟའི ་ ཁ་ལོ ་ པ་ བཅས་ཕུལ།  ཤིང་རྟ་དེ་དག་དུམ་བུར་བཤིགས་ཏེ་རི་བོ་ཧི་མཱ་ལ་ཡ་བརྒྱུད་འོར་འདྲེན་བྱས་ཏེ་ལྷ་

སར་སླེབས་སྐབས་སླར་ཡང་ཤིང་རྟ་རྣམས་བསྒྲིགས་ཀྱང་ལྷ་སའི་ནང་ཤིང་རྟ་གཏོང་འོས་པའི་གཞུང་

ལམ་ལེགས་པོ་མེད་སྟབས་ྋརྒྱལ་དབང་མཆོག་ནས་དབྱིན་རྒྱལ་གྱི་ལག་རྟགས་རྣམས་བེད་སྤྱོད་

གནང་ཐུབ་པ་བྱུང་མེད།  དེར་བརྟེན་ཁོང་གིས་རྟ་དེ་དག་བེད་སྤྱོད་བྱ་རྒྱུར་དགོངས་ཏེ་རང་གི་ཉེ་ གནས་ཤིག་རྟ་བཞོན་ཏུ་བཅུག་སྐབས་རྟ་འདྲོགས་ཏེ་འཕག་ཚགས་རྒྱག་སྐབས་རྟ་ལས་ལྷུང་སྟེ་རྟ་པར་

རྨས་སྐྱོན་ཚབས་ཆེ་ཕོག  རྟ་དེ་དག་ཤིང་རྟ་འདྲེན་རྒྱུར་མ་གཏོགས་བཞོན་རྟའི་ཚུལ་དུ་སྦྱོང་བརྡར་ སྤྲད་མེད་པ་ཞིག་ཡིན་ཕྱིར་རྟ་པར་རྨས་སྐྱོན་བྱུང་ཡོད་པ་དེ་ཧང་སང་དགོས་པའི་གནད་དོན་ཞིག་

མིན།  འོན་ཀྱང་བོད་ཀྱི་བསམ་བློའ ་ི འཁྱེར་སྟངས་ལྟར་ྋརྒྱལ་དབང་མཆོག་གིས་དེ་དབྱིན་ཇི་ལྷག་ བསམ་རྣམ་དཀར་མིན་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱས་ཡོད་ཅིང༌།  རིན་གོང་ཆེ་བའི་ཕྱག་

རྟགས་དེ་དག་གི་ཐད་དེ་རྗེས་ཐུགས་སྣང་མཛད་མེ ད།  ཤིང་རྟ་དང་རྟ་རྣམས་བོ ད་དུ་འཁྱེར་ཡོང་

མཁན་གྱི་ཤིང་རྟ་ཁ་ལོ་པས་ཟས་སུ་རྩམ་པ་བསྟེན་ནས་གནས་མ་ཐུབ་པ་དེ་གནས་སྐབས་བཟོད་ཐབས་ བྱས་ཡོད་ཀྱང་མཐར་བཟོད་སྒོམ་མ་ཐུབ་པ་མ་ཟད་མཐར་བོད་དུ་སྡོད་སྐབས་རང་ལ་བྱེད་ལུགས་བྱེད་ སྟངས་གང་འདྲ་བྱས་ཡོད་པ་རྣམས་ལ་སྐྱོ་སྣང་དང་བཅས་རྒྱ་གར་དུ་ཕྱིར་ལོག་བྱས།  གནད་དོན་དེ་ ནི་ཕྱོགས་གཉིས་བར་གཅིག་གིས་གཅིག་ལ་བསམ་ཤེས་མེད་པའི་དབང་གིས་བྱུང་ཡོད་པ་ཞིག་ཡིན་


68 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཅིང།  བསམ་ཤེས་མེད་པ་དེའི་དབང་གིས་བོད་པས་དབྱིན་ཇིར་ཡིད་ཆེས་བློས་བཀལ་ཆུང་དུ་ཕྱིན་ པའི་དཔེ་མཚོན་གཞན་ཞིག་ཡིན།།

ཕྱི་ཡུལ་དུ་ལན་གཉིས་ཕེབས་སྐབས་ྋརྒྱལ་དབང་མཆོག་ལ་ཕྱིའི་གནས་སྟངས་ཇི་འདྲ་ཡིན་

མིན་རྟོག་ཞིབ་ཀྱི་གོ་སྐབས་ཐོབ་ཡོད་པར་བརྟེན་ཁོང་གིས་བོད་ཀྱི་ངོས་ནས་རིམ་བཞིན་རང་གི་སྒོ་ཕྱེ་

ནས་ཕྱི་ཡུལ་ཁག་དང་འབྲེལ་གཏུགས་བྱ་རྒྱུ་ནི་དགོས་གལ་ཆེ་བ་ཞིག་ཡིན་པར་དགོངས།  དབྱིན་ གཞུང་གི ས ་རྒྱ་གར་ནས་རྒྱལ་རྩེ ་ བར་གློ ག ་འཕྲི ན ་གི ་ བརྒྱུད་ལམ་ཞི ག ་གསར་འཛུགས་བྱས་ཟི ན ་

ཅིང༌།  ྋརྒྱལ་དབང་མཆོག་གིས་གློག་འཕྲིན་གྱི་བརྒྱུད་ལམ་དེ་ངེས་པར་དུ་ལྷ་ས་བར་འཛུགས་

དགོས་པར་དགོངས།  ཕྱི་ལོ་  ༡༩༢༠  ལོར་དགོས་མཁོ་དེ་ལེགས་སྒྲུབ་བྱུང་ཡོད་པ་དང༌།  གློག་

འཕྲིན་གྱི་བརྒྱུད་ལམ་གསར་པ་དེའི་འགྲོ་གྲོན་བོད་གཞུང་ནས་གཏོང་གནང་མཛད།  གློག་འཕྲིན་དང་ ཁ་པར་རྣམས་ྋརྒྱལ་བའི་གཟིམ་ཆུང་བརྒྱུད་མཐར་ལྷ་སའི་གློག་འཕྲིན་ལས་ཁུངས་སུ་ཐུག་ཐུབ་པ་

ཞིག་ཡོང་ཕྱིར་ནོར་གླིང་ཕོ་བྲང་བརྒྱུད་བཏང་ཡོད།  དེ་ལྟར་བྱེད་རྐྱེན་ཁོང་གིས་གློག་འཕྲིན་དང་ཞལ་ པར་རྣམས་གསན་ཐུབ་པའི་སླད་ཡིན་ཏེ་ཁོང་དེའི་ཐད་ཐུགས་སྣང་ཆེན་པོ་ཡོད།།

ཕྱི་ལོ་  ༡༩༢༤  ལོར་བོད་གཞུང་གིས་འགྲོ་གྲོན་བཏང་སྟེ་རྒྱལ་རྩེར་དབྱིན་ཇིའི་སློབ་གྲྭ་ཞིག་

གསར་འཛུགས་བྱས།  སྐབས་དེ་དུས་བོད་གཞུང་ནས་ཕྱི་མི་འགར་བོད་ནང་ཡོང་ཆོག་པའི་ཆོག་

མཆན་གནང་ཡོད་པ་དང༌།  བོད་ཀྱི་རྒྱལ་སྒོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རིམ་བཞིན་ཇི་ཆེར་དབྱེ་ཐུབ་ ཐབས་ཤིག་ཏུ་སྣང༌།  དེའི་གོང་ཙམ་ན་ཕྱི་ལོ་  ༡༩༡༦  ལོར་དབྱིན་ཇིའི་རི་འཛེགས་མཐུན་ཚོགས་

ཀྱིས་རི་བོ་ཇོ་མོ་གླང་མའི་མཐོ་ཚད་འཇལ་རྒྱུར་ཐག་བཅད་དེ་བོད་གཞུང་ལ་དེ་ལྟར་བྱ་ཆོག་པའི་བཀའ་ འཁྲོལ་ཞུས་པ་དང༌།  ྋརྒྱལ་དབང་མཆོག་དང་ཁོང་གི་བཀའ་བློན་རྣམས་ཀྱིས་དབྱིན་ཇིས་དེ་ལྟར་

རི་ལ་འཛེགས་དོན་ཅི་ཡིན་གྱི་རྒྱུ་མཚན་མཁྱེན་མེད་པ་གོར་མ་ཆག་ཅིང༌།  དེ་བས་ཀྱང་ཧང་སང་ དགོས་པའི་གནད་དོན་ཞིག་ལ་ཁོང་རྣམ་པར་ཇོ་མོ་གླང་མ་དེ་བཞིན་བོད་སའི་མངའ་ཁོངས་སུ་ཡོད་

པ་ཡང་ཤེ ས ་རྟོ གས་མེད་པ་དེ ་ ཡི ན །  བོ ད ་གཞུང་གི ས ་སྙན་ཞུ་དེ ར ་ཆོ ག ་མཆན་གནང་མེ ད ་ཀྱང་

ལོ་རྗེས་མར་དབྱིན་ཇིའི་ཞུ་དོན་དེར་ཆོག་མཆན་སྤྲད་ཀྱང་ལྷ་སར་ཡོང་མི་ཆོག་པའི་ཆ་རྐྱེན་བཏོན་

ཡོད།  དེ་ནས་བཟུང་ཡུ་རོབ་ཀྱི་ཡུལ་མི་རྣམས་བོད་དུ་འགྲོ་ཆོག་བདེ་བར་གྱུར།  བོད་གཞུང་དང་


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།

69

བོད་མི་དཀྱུས་མ་རྣམས་ཀྱིས་བོད་འདི་འཛམ་གླིང་གི་ཡུལ་གྲུ་གཞན་དང་འབྲེལ་མེད་དུ་སྡོད་རྒྱུ་ནི་ཁེ་

ཕན་མེད་པ་ཞིག་ཏུ་རྟོགས་འགོ་ཚུགས་ཡོད་ཀྱང༌།  ཕྱི་ཡུལ་དུ་བཞུགས་བཞག་མཛད་སྐབས་ཀྱི་ ཉམས་མྱོང་ལ་གཞི་བཅོལ་ཏེ་ྋརྒྱལ་དབང་མཆོག་ནས་སྒོ་དབྱེའི་སྲིད་བྱུས་ཤིག་ལག་བསྟར་གྱི་ལས་ འགོ་སྔ་ས་ནས་ཚུགས་ཟིན།  འབྲས་ལྗོངས་སུ་གནས་སྡོད་དབྱིན་ཇིའི་དཔོན་རིགས་སྐུ་ཞབས་ཅཱལ་

སེ་  སྦེལ་  (Charles  Bell)  ནི་ྋརྒྱལ་དབང་མཆོག་གི་མཛའ་གྲོགས་ཤིག་ཡིན་སྟབས་དབྱིན་བོད་ བར་གྱི་གྲོས་མོལ་ལེགས་གྲུབ་བྱུང་ཡོད།  ཕྱིས་སུ་བོད་ནས་སློབ་ཕྲུག་བཞི་དབྱིན་ཡུལ་དུ་སློབ་ གཉེར་ཆེད་མངགས་གཏོང་སྐབས་གོ་ནོར་དང༌།  རྒྱལ་རྩེར་དམག་སྦྱོང་སྤྲོད་སྐབས་ཀྱི་དཀའ་རྙོག

ལྷོ་ཕྱོགས་སུ་མོན་རྟ་དབང་དང་འབྲེལ་བའི་ས་མཚམས་ཀྱི་རྩོད་རྙོག  དབྱིན་གཞུང་གིས་བོད་ལ་གོ་ ལག་མཁོ་སྤྲོད་མཚམས་འཇོག་དང་འབྲེལ་བའི་ཐག་གཅོད།  རང་བྱུང་གཏེར་ཁ་འཚོལ་ཞིབ་དང་ འབྲེལ་བའི་གནས་ཚུལ་སྦས་སྐུང་བྱས་ཡོད་པ་ལ་སོགས་པའི་གནད་དོན་དུ་མར་བརྟེན་ནས་བོད་ཀྱིས་ དབྱིན་གཞུང་ཐད་འཛིན་པའི་ལྟ་ཚུལ་ལེགས་པོ་བྱུང་མེད་པར་སོང་རྒྱལ་ཁབ་དེ་གཉིས་དབར་སྔར་ཡོད་ ཀྱི་འབྲེལ་བ་ཟབ་མོ་མེད་པར་གྱུར།།

བར་སྐབས་ཁམས་ཁུལ་དུ་བོ ད ་རྒྱའི ་ དབར་རྩོ ད ་རྙོ ག ་མང་པོ ་ བྱུང་ཡོ ད ་པ་དང༌།  ཕྱོ ག ས་

གཉིས་ཀས་དམག་དང་བཅས་ཏེ་གཅིག་གིས་གཅིག་ལ་གདོང་ལེན་བྱས།  བོད་གཞུང་གིས་བཀའ་

བློན་བླ་མ་ཁམས་ཁུལ་དུ་མངགས་གཏོང་མཛད་དེ་རྒྱའི་བཙན་འཛུལ་འགོག་ཐབས་བྱས།  བོད་རྒྱ་

གཉིས་དཀའ་རྙོག་གི་གནད་དོན་དེ་ལྟའི་འོག་གནས་བཞིན་པའི་སྐབས་ཕྱི་ལོ་  ༡༩༢༧  ལོར་བོད་དུ་ སྐྱེས་པའི་རྒྱ་མོ་ལིའུ་  མན་ཆིན་  (Lin  Man-chin)  ལ་སོགས་པའི་རྒྱ་རིགས་འགའ་གཞུང་འབྲེལ་ མ་ཡིན་པའི་ཆེད་གཉེར་ལས་དོན་ཞིག་གི་སླད་ལྷ་སར་སླེབས།  ཕྱི་ལོ་  ༡༩༣༠  ལོར་པེ་ཅིང་དབྱི་

ཧོ་  ཀུང་དགོན་གྱི་མཁན་པོ་གཡུང་དགོན་ཛ་སག་  (Yungon  Dzasa)  གིས་སྣེ་འཁྲིད་པའི་གཞུང་ འབྲེལ་སྐུ་ཚབ་ཚོགས་མི་ཞིག་བོད་དུ་སླེབས་ཡོད་པར་བོད་ཀྱིས་སྣེ་ལེན་ཞུས་ཡོད་པ་དང༌།  སྐུ་ ཚབ་ཚོགས་མི་དེ་དག་གིས་ལྷག་བཞིན་པའི་དཀའ་རྙོག་སེལ་ཐབས་སུ་རྒྱ་གཞུང་གི་མཛུབ་སྟོན་དང་

དྲི་བ་ཁག་འཁྱེར་ཡོད་ཅིང༌།  རྒྱ་གར་དབྱིན་གཞུང་གི་ཤེས་རྟོགས་མེད་པའི་སྒོ་ནས་ྋརྒྱལ་དབང་ མཆོག་གིས་སྐུ་ཚབ་ཚོགས་མི་དེ་གཉིས་ལ་སྣེ་ལེན་གནང་ཡོད་པ་དེ་དང་སྔར་གྱི་བྱུང་རབས་དེ་དག་


70 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ལ་བརྟེན་རྒྱ་གར་དབྱིན་གཞུང་གིས་ྋརྒྱལ་དབང་མཆོག་གི་དགོངས་པ་བཞེས་ཕྱོགས་དེར་འདོད་བློ་

མི་ཁེངས་པར་གྱུར་ཡོད་པ་ནི་རང་བཞིན་གྱི་གནད་ཅིག་ཡིན་པ་གོར་མ་ཆག  ༡༩༢༥  ལོའ ་ི གོང་ ཙམ་ན་གནས་ཚུལ་དེ་འདྲ་ཡོང་གི་རེད་སྙམ་པ་སུས་ཀྱང་དྲན་ཡོད་ཀྱི་མ་རེད།  བོད་ཕྱོགས་ནས་ རྟག་ཏུ་རྒྱ་ནག་ལ་བོད་ས་རང་སྐྱོང་དང་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་གྱི་ཐད་ཕྱི་བཤོལ་གོམ་པ་ གང་ཡང་བྱེད་རྒྱུ་མིན་པ་དང།  བོད་ཀྱི་ཐད་རྒྱའི་དབང་ཆ་ཡོད་ཅེས་པ་དེར་ངོས་ལེན་གཏན་ནས་

མེད་ཅེས་འགྲེལ་བརྗོད་བྱས།  ྋརྒྱལ་དབང་མཆོག་གི་ཐུགས་འདོད་ནི་བོད་འདི་རྒྱ་ནག་དང་གཞུང་ འབྲེལ་མཛའ་མཐུན་གྱི་འབྲེལ་བ་ཡོད་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཐོབ་

རྒྱུ་དེ་ཡིན།  མ་ཟད་ཁོང་གིས་གོ་སྐབས་ཐོབ་ཚད་ལ་བོད་འདི་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ཕྱི་ དགྲའི་བཙན་འཛུལ་ལས་སྐྱོབ་དགོས་ཞེས་ནན་བརྗོད་གནང་ཡོད།  ཕྱི་དགྲས་བོད་ནང་བཙན་འཛུལ་ ཡང་ནས་ཡང་དུ་བྱས་ཡོད་པ་དང་དེ་དག་གི་སྐབས་དགོན་པ་དང་མཆོད་རྟེན་དུ་མ་གཏོར་བཅོམ་བཏང་

ཡོད།  ྋརྒྱལ་དབང་མཆོག་གི་དགོངས་གཞི་ནི་རྒྱལ་སྤྱིའི་རོགས་སྐྱོར་འོག་བོད་འདི་སུཝིཊ་ཛར་ ལཱེནཊ་  (Switzerland)  ལྟ་བུའི་ཕྱོགས་སྒྲིལ་སྤངས་པའི་ཡུལ་ཁག་ཅིག་ཏུ་བསྒྱུར་ཏེ་ཕྱིའི་རྒྱལ་ཁབ་ གང་གིས་ཀྱང་བོད་དུ་དམག་གི་བཙན་འཛུལ་བྱས་མི་ཆོག་པ་བཟོ་རྒྱུ་དེ་ཡིན།།

ཕྱི་ལོ་  ༡༩༢༣  ལོར་གློ་བུར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་ནས་སོག་ཡུལ་དུ་བྲོས་

བྱོལ་དུ་ཕེབས།  ྋརྒྱལ་དབང་མཆོག་ནི་ཁོང་ལས་དགུང་གྲངས་བདུན་གྱིས་བགྲེས་པ་ཞིག་ཡིན་པ་

དང་ཁོང་གི་དགེ་བའི་བཤེས་གཉེན་ཡང་ཡིན།  ཕྱི་ཡུལ་དུ་སྐྱབས་བཅོལ་དུ་མ་ཕེབས་པའི་ལོ་བཞི་ འམ་ལྔའི་གོང་ཙམ་ན་ྋརྒྱལ་དབང་མཆོག་མཇལ་འཕྲད་ཞུ་བར་ནོར་གླིང་ཕོ་བྲང་དུ་ཀུན་གཟིགས་པཎ་

ཆེན་མཆོག་ཕེབས་ཡོད་པ་དང༌།  སྐབས་དེ་དུས་ཁོང་གཉིས་ཉིན་གང་བཀའ་མོལ་གནང་སྟེ་བཞུགས་ ཤིང་པཎ་ཆེན་མཆོག་ནས་བཀའ་མོལ་མཚམས་འཇོག་གིས་རང་ཤག་ཏུ་ལོག་ཕེབས་དགོས་པའི་

དུས་ཚོད་ཀྱང་བརྗེད་གནང་འདུག  པཎ་ཆེན་རིན་པོ་ཆེ་མཆོག་ནོར་གླིང་ཕོ་བྲང་ནས་ཕྱིར་ཕེབས་ སྐབས་ྋརྒྱལ་དབང་མཆོག་གིས་ཕྱག་ཏུ་ས་གཞུ་བསྣམས་ཏེ་ཕོ་བྲང་གི་མདུན་སྒོའ ་ི བར་ཕེབས་སྐྱེལ་

མཛད།  ཁོང་རྣམ་གཉིས་ཀྱི་བར་བུ་སྤུན་ལྟ་བུའི་འབྲེལ་བ་ཟབ་མོ་ཡོད་པར་སྣང་བས་ན་ཁོང་གཉིས་

འབྲེལ་ལམ་རྒྱང་རིང་དུ་སོང་ཡོད་པ་ནི་སུས་ཀྱང་རྟོགས་དཀའ་བ་ཞིག་ཡིན།  དོན་དངོས་ཐོག་ཁོང་


ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།

71

གཉིས་ཀྱི་བར་མི་མཐུན་པ་གང་ཡང་མེད་ཀྱང་ཁོང་རྣམ་གཉིས་ཀྱི་མཐོ་རིམ་ཉེ་གནས་རྣམས་ཀྱི་བར་མ་

འགྲིགས་མ་མཐུན་པ་བྱུང་ཡོད་ངེས་འདྲ།  དེ་ཡང་བླ་བྲང་གཞན་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ ཆེའི་བླ་བྲང་ཡང་དཔྱ་ཁྲལ་མི་ཕོག་པའི་ཁོངས་སུ་གཏོགས་ཀྱང་བོད་ཀྱི་སྲུང་སྐྱོབ་དང་དམག་གི་འགྲོ་ གྲོན་ཆེད་བོད་གཞུང་ནས་པཎ་ཆེན་བླ་བྲང་གི་གཞིས་ཀ་ཁག་ནས་དཔྱ་ཁྲལ་བསྡུ་རྒྱུའི་ཐག་གཅོད་བྱས་

ཡོད་པ་དེ་ནི་དབུ་ཁྲིད་དེ་གཉིས་དབར་གྱི་འགལ་ཟླའི་འབྱུང་རྐྱེན་གཙོ་བོ་ཡིན།  པཎ་ཆེན་རིན་པོ་ ཆེའི་བླ་བྲང་བཀྲ་ཤིས་ལྷུན་པོས་རང་གི་གཞིས་ཀ་ཁག་ནས་བྱུང་བའི་དཔྱ་ཁྲལ་བེད་སྤྱོད་བྱས་ཏེ་དགེ་

འདུན་པ་དུ་མར་འཚོ་བ་སྦྱར་ཏེ་ཤེས་ཡོན་མཁོ་སྤྲོད་བྱེད་ཀྱི་ཡོད་ཁར་བོད་གཞུང་ནས་དཔྱ་ཁྲལ་གསར་ པ་ཕབ་པ་དེས་བླ་བྲང་གི་ཐད་དཀའ་ངལ་ལྕི་བོ་ཞིག་བཟོས་ཡོད་པར་མ་ཟད།  གནད་དོན་ཞིག་དང་ འབྲེལ་ཏེ་པཎ་ཆེན་རིན་པོ་ཆེའི་ཉེ་གནས་དཔོན་ཆེན་ཞིག་བཙོན་འཇུག་བྱས་ཡོད་པས་ཕན་ཚུན་བར་

མི་མཐུན་པ་དེ་བས་ཀྱང་ཆེ་བར་གྱུར།  སྐབས་དེ་དུས་པཎ་ཆེན་མཆོག་ནས་ཡུལ་གྲུ་གཞན་ཞིག་ཏུ་

ཕེབས་ནས་རྩོད་རྙོག་དེ་དག་དང་རྒྱང་ཐག་རིང་བའི་སར་གནས་རྒྱུ་བྱུང་ན་སྙམ་པའི་དགོངས་པ་ཞིག་ བཞེས་ཡོད་སྲིད།།

ཀུན་གཟིགས་པཎ་ཆེན་མཆོག་སོག་ཡུལ་བརྒྱུད་པེ་ཅིང་དུ་ཕེབས་ཡོད་པ་དང༌།  མི་མང་

སྟོང་ཕྲག་འདུས་པའི་སར་དུས་འཁོར་གྱི་དབང་དང་ནང་བསྟན་དར་སྤེལ་མཛད།  པཎ་ཆེན་མཆོག་

ཕྱི་ཡུལ་དུ་ཕེབས་ཡོད་པ་དེས་ྋརྒྱལ་དབང་མཆོག་ལ་ཐུགས་ཁྲལ་བྱུང་ཡོད་ཅིང་ཁོང་གིས་པཎ་ཆེན་ མཆོག་ཕྱིར་ཕེབས་ཡོང་བའི་རེ་སྨོན་མཛད་པ་དང་ཕན་ཚུན་འཕྲིན་ཡིག་གི་ལམ་ནས་འབྲེལ་གཏུགས་

མང་ཙམ་མཛད།  བོད་གཞུང་གི་ངོས་ནས་པཎ་ཆེན་མཆོག་བོད་དུ་ཕྱིར་ལོག་ཕེབས་སྐབས་རྒྱ་

དམག་མཉམ་འཁྲིད་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང༌།  གལ་སྲིད་དེ་ལྟར་བྱུང་ཚེ་བོད་འདི་

སླར་ཡང་རྩོད་རྙོག་ནང་ལྷུང་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།  པཎ་ཆེན་རིན་པོ་ཆེ་ལ་མཚོན་ ན་ཁོང་རྣམས་ལ་ཡོད་པའི་དོགས་འཆར་རྣམས་དོར་ཐུབ་མེད་པ་དང་དེར་བརྟེན་ཁོང་བོད་དུ་ཕྱིར་

ལོག་ཕེབས་རྒྱུ་དེ་དུས་འགྱངས་ཕྱིན།  ཀུན་གཟིགས་པཎ་ཆེན་མཆོག་གི་ངོས་ནས་ྋརྒྱལ་དབང་ མཆོག་སྐུ་འཚོ་བཞུགས་རིང་དམག་ཤུགས་ལ་བརྟེན་ནས་བོད་དུ་ཕྱིར་ལོག་བྱ་རྒྱུའི་ཀུན་སློང་གཏན་ ནས་མེད་ཅིང༌།  ཁོང་གི་ངོས་ནས་ཕན་ཚུན་བར་འདུམ་བྱེད་པོ་འོས་ཤིང་འཚམས་པ་ཞིག་ཐོབ་རེ་


72 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

གནང་ཡོད།  དེར་བརྟེན་ཁོང་གིས་དབྱིན་ཇིར་རེ་སྐུལ་བྱས་ཡོད་ཀྱང་དབྱིན་ཇིས་པཎ་ཆེན་རིན་ པོ་ཆེའི་དགོངས་པ་ལྟར་བྱས་ཚེ་བོད་ཀྱི་ནང་སྲིད་ལ་ཐེ་བྱུས་འགྲོ་ཡི་ཡོད་པའི་རྒྱུ་མཚན་དང་བཅས་

ཏེ་ཁས་ལེན་མ་བྱས།  བཤད་སྲོལ་ལ་དབྱིན་གཞུང་གིས་བར་འདུམ་བྱ་རྒྱུར་ཁས་ལེན་མ་བྱས་པ་

དེར་པཎ་ཆེན་རིན་པོ་ཆེ་ཐུགས་ཕམ་ཤུགས་ཆེན་བྱུང་ཡོད་ཅེས་གྲགས།  ྋརྒྱལ་དབང་མཆོག་ གིས་གནད་དོན་དེར་ཐུགས་འཚབ་ཤུགས་ཆེ་གནང་ཡོད་པ་དང་ཁོང་གིས་པཎ་ཆེན་མཆོག་ལ་རྒྱ་

སོག་གཉིས་སུ་ཕེབས་བཞུགས་དང་འབྲེལ་བའི་ཉེན་བརྡ་དང༌།  མགྱོགས་མྱུར་བོད་དུ་ཕྱིར་ཕེབས་

ཡོང་བའི་རེ་སྐུལ་ཞུས།  བོད་ནང་ལ་ཆ་མཚོན་ན་དེ་སྔ་ྋརྒྱལ་དབང་མཆོག་ཡུན་རིང་ཕྱི་ཡུལ་དུ་ བཞུགས་ནས་བོད་དུ་ཕྱིར་ལོག་ཕེབས་པ་དེས་བོད་དུ་སླར་ཡང་ཞི་བདེ་བསྐྲུན་པར་ངོས་འཛིན་བྱེད་

ཀྱི་ཡོད་པར་བརྟེན་བོད་མི་རྣམས་ལ་དགའ་ཚོར་ཤུགས་ཆེན་བྱུང་ཡོད།  འོན་ཀྱང་ད་ལྟའི་ཆར་པཎ་

ཆེན་མཆོག་གིས་བོད་ཡུལ་ནས་ཞི་བདེ་བོར་ཏེ་ཕེབས་པར་ཡུལ་མི་རྣམས་མི་བདེ་བར་གྱུར།  པཎ་ ཆེན་མཆོག་ཐུགས་གཤིས་འཇམ་ཞིང་ཡ་རབས་ཅན་ཞིག་ཡིན་པར་བརྟེན་ཡུལ་མི་དཀྱུས་མ་རྣམས་

ཀྱི ས ་ཁོ ང ་ལ་དགའ་པོ ་ བྱེ ད ་ཀྱི ་ ཡོ ད ་པ་དང༌།  ཕྱོ ག ས་གཞན་ཞི ག ་ནས་ྋརྒྱལ་དབང་མཆོ ག ་གི ་

གནང་ཕྱོགས་ཀྱི་ཐད་དགག་པ་བྱེད་མཁན་ཡང་འགའ་ཡོད།  ཕྱི་ལོ་  ༡༩༣༧  ཟླ་བ་  ༡༢  པའི་ ཚེས་  ༡  ཉིན་མཚོ་སྔོན་ཞིང་ཆེན་  (Tsinghai)  གྱི་སྐྱེ་རྒུ་མདོ་  (Yu-shu)  ས་གནས་སུ་དགོངས་ པ་གཞན་དོན་དུ་མ་ཕེབས་བར་ལོ་གྲངས་བཅུ་བཞིའི་རིང་པཎ་ཆེན་མཆོག་ལ་ཐུགས་ལྷོད་ལྷོད་ངང་

བཞུགས་རྒྱུའི་གོ་སྐབས་ཉིན་གཅིག་ཀྱང་ཐོབ་མེད།  ལྷ་སའི་ནང་ལའང་དེ་དང་འབྲེལ་བའི་དངོས་

དོན་གང་ཡིན་ཚོད་དཔག་གི་གནད་དོན་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད།  ཕྱི་ལོ་  ༡༩༣༣  ཟླ་ བ་  ༡༢  པའི་ནང་ྋརྒྱལ་དབང་མཆོག་དགོངས་པ་གཞན་དོན་དུ་ཕེབས་སྐབས་ཀུན་གཟིགས་པཎ་

ཆེན་རིན་པོ་ཆེ་ཡང་མྱ་ངན་གྱི་གནས་སུ་ལྷུང་ཡོད་ཅིང༌།  ཁོང་གིས་ྋརྒྱལ་བའི་ཡང་སྲིད་མྱུར་དུ་ བྱོན་པའི་གསོལ་སྨོན་མཛད།།  །།


ཉིན་རེའི་མཛད་རིམ། V

༄།  །ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ནི་ཞིང་པའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཡོད་ཀྱང༌།  ཁོང་ གི ་ སྐུ་གཟུགས་ཀྱི ་ འཁྱེ ར ་སོ ་ བརྗི ད ་རྔམས་ལྡན་ཞི ང །  སྐྱེ ས ་སྟོ བ ས་ཀྱི ་ གཟི ་ བརྗི ད ་ལྡན་པ་ཞི ག ་

ཡོ ད །  འཛམ་གླི ང ་ཤར་ཕྱོ ག ས་ཡུལ་གྲུའི ་ མི ་ རྣམས་ཀྱི ་ ཐུན་མོ ང ་གི ་ ཁྱད་ཆོ ས ་ལྟར་ཁོ ང ་གི ་ སྐུ་ གཟུགས་ཐུང་ཙམ་ཡོ ད །  ཁོ ང ་གི ་ སྤྱན་གཉི ས ་ཅུང་ཙམ་འབུར་དུ་ཐོ ན ་ཅི ང ་འོ ད ་མདངས་དང་རྣོ ་

ལ།  རྣ་གཤོག་གཉིས་སྟུག་ཅིང་ཆེ་ལ་ཞལ་ར་ཆེས་ལེགས་པ་ཞིག་ཀྱང་ཡོད།  ཁོང་གི་རང་གཤིས་

ནི་ཉི་ཧོང་གི་ཡུལ་མི་ཕལ་མོ་ཆེ་ལྟར་ཚོར་བ་རྣོ་ཞིང་བསམ་ཤེས་མྱུར་བ།  ཐག་གཅོད་འཁྲུལ་བ་ མེ ད ་པར་གནང་ཐུབ་པ་བཅས་ཡོ ད །  ཕོ ་ བྲང་པོ ་ ཏ་ལ་ནི ་ ཁོ ང ་གི ་ གཞུང་འབྲེ ལ ་བཞུགས་གནས་ ཡིན་པ་དང་དེར་ཁོང་གིས་ལོ་གསར་ལ་སོགས་པའི་མཛད་རིམ་ཁག་གི་ཐད་སྤྱན་ཞིབ་གནང་གི་ཡོད་

ཀྱང༌།  དུས་རྒྱུན་ཁོང་ཕོ་བྲང་པོ་ཏ་ལའི་ནུབ་ཕྱོགས་སུ་མེ་ལེ་གཅིག་དང་ཕྱེད་ཀྱི་སར་ཆགས་ཡོད་

པའི་ནོར་གླིང་ཕོ་བྲང་དུ་བཞུགས་བཞག་མཛད་ཀྱི་ཡོད།  ༼དཔར་ངོས་ ༡༤ པར་གཟིགས།༽  དེ་

ནི ་ ས་གཞི ་ ཁོ ད ་སྙོ མ ས་པ་ཞི ག ་གི ་ སྟེ ང ་ཆགས་ཡོ ད ་ཅི ང ་མདུན་དུ་རྒྱུག་ཆུ་ཞི ག ་ཀྱང་ཡོ ད ་པས་རྟ་ དང།  བོད་ཁྱི་ལ་སོགས་པའི་སེམས་ཅན་གྱི་རིགས་ལ་ཐུགས་མཉེས་པོ་ཡོད་པའི་ྋགོང་ས་ཆེན་

པོས་སྲོག་ཆགས་དེ་དག་མཉམ་འཁྲིད་བྱ་རྒྱུ་སྟབས་བདེ་ཡོད་པར་བརྟེན་ནོར་གླིང་ཕོ་བྲང་ནི་ཁོང་གི་ ཐུགས་འབབ་དང་མཐུན་པ་ཞིག་ཡོད།  ཁོང་ནི་རང་བྱུང་ཁོར་ཡུག་ལ་དགའ་མོས་ཅན་ཞིག་ཡིན་པ་ དང༌།  ནོར་གླིང་ཕོ་བྲང་གི་ནང་གུ་ཡངས་སྟབས་བདེའི་འཚོ་བར་རོལ་ཐུབ་ཀྱི་ཡོད་པས་ན་ྋརྒྱལ་

དབང་མཆོག་གིས་ཕོ་བྲང་པོ་ཏ་ལ་ལས་ནོར་གླིང་ཕོ་བྲང་དུ་བཞུགས་རྒྱུར་ཐུགས་མོས་ཆེ་བ་གནང་

གི ་ ཡོ ད །  ནོ ར ་གླི ང ་ཕོ ་ བྲང་དུ་སྤྱི ་ ཁྱབ་མཁན་པོ ་ དང༌།  མགྲོ ན ་གཉེ ར ་ཆེ ན ་མོ །   སྐུའི ་ བླ་སྨན་


74 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

པ།  བཀའ་བློན་རྣམས་ལྷན་འཛོམས་གནང་སའི་ཚོགས་ཁང་ཞིག  ཆོས་ཕྱོགས་དང་འབྲེལ་བའི་

བྱེད་སྒོ་ཁག་གི་ཐད་གཟིགས་སྐྱོང་གནང་མཁན་གྱི་ཡིག་ཚང༌།  སྐུའི་མགྲོན་གཉེར་དང་དེ་བཞིན་གྱི་ ཉེ་གནས་རྣམས་ཀྱི་ཆེད་བཞུགས་གནས་ཡོད།

ནོར་གླིང་ཕོ་བྲང་གི་ཁང་བཟང་གཙོ་བོ་དེ་གཟི་བརྗིད་

ལྡན་པ་ཞིག་ཡོད་ཅིང༌།  དེའི་རྒྱབ་ངོས་སུ་སྤྱན་བསལ་གླིང་ཀ་ཡོད་པ་དང༌།  གླིང་ཀ་དེའི་ནང་རྫིང་

བུ་དང་ཉི་ཧོང་ནས་རྩ་སྤོས་བྱས་པའི་མེ་ཏོག་གི་རིགས་ཀྱང་མཐོང་རྒྱུ་འདུག  སྤྱན་བསལ་གླིང་ཀའི་ ནང་ྋགོང་ས་ཆེན་པོས་རང་གི་ཉེ་གནས་རྣམས་དང་བཀའ་མོལ་གནང་གི་ཡོད།  ཕྲན་ལ་མཚོན་ན་ ྋགོང་ས་ཆེན་པོ་གླིང་ཀ་དེར་དབུ་གུར་ནང་བཞུགས་ཡོད་སྐབས་མཇལ་བཅར་ཞུ་རྒྱུའི་བསྐལ་བཟང་ ལན་མང་ཐོབ་མྱོང༌།།

དབྱར་དུས་སུ་ལ་སྟོད་པ་ཞེས་འབོད་པའི་གོས་དཀར་ཅན་གྱི་སྔགས་པ་བཞི་ཡོད་པ་རྣམས་

ཀྱིས་ལྷ་སའི་ཉེ་འཁོར་གྱི་རི་རྣམས་སྲུང་སྐྱོབ་དང་གནམ་གཤིས་ལ་བསྒྱུར་བཅོས་ཀྱི་བྱེད་སྒོ་སྤེལ་གྱི་

ཡོད་པ་དང༌།  ཁོང་རྣམས་བྱེད་སྒོ་དེའི་སླད་བོད་གཞུང་གིས་བསྐོ་གཞག་བྱས་པ་ཡིན།  ཕོ་བྲང་པོ་

ཏ་ལ་ཚུད་པའི་གྲོང་ཁྱེར་ལྷ་ས་ནི་རྩ་ཆེའི་གནས་ཤིག་ཡིན་པ་དང༌།  གནས་དེར་རྩི་ཤིང་དང་ཤིང་ལོ་ སྔོ་སེང་ངེར་ཡོད་སྐབས་གནམ་གཤིས་ངན་པས་སྐྱོན་ཆག་ནམ་ཡང་གཏོང་མི་ཆོག་པར་ངོས་འཛིན་

བྱེད་ཀྱི་ཡོད།  རྒྱུ་མཚན་དེར་བརྟེན་གནམ་གཤིས་ངན་པའི་གནོད་འཚེ་ལས་སྐྱོབ་ཕྱིར་ལ་སྟོད་པ་ དེ་དག་འཇོག་གི་ཡོད།  ཁོང་རྣམས་ཀྱིས་ནམ་མཁའི་ཀློང་གི་འགྱུར་ལྡོག་ལ་གཟིགས་ཞིབ་བྱ་དགོས་

ཤིང།  དུས་ངེས་མེད་ལ་འབབ་ཉེན་ཆེ་བའི་སེར་བའི་གནས་སྟངས་ལ་དོགས་ཟོན་ཐོག་ནས་གྲོང་

ཁྱེར་སེར་བ་ལས་སྲུང་སྐྱོབ་བྱ་དགོས།  སོ་ནམ་ཞིང་ལས་པ་སྒེར་པ་རྣམས་ཀྱིས་ཀྱང་རེ་སྐུལ་ལྟར་

ལ་སྟོད་པ་རྣམས་ཀྱིས་ཞིང་པའི་ཕྱུགས་ནོར་སེར་བའི་འཇིགས་པ་ལས་སྐྱོབ་པར་བྱེད་ཀྱི་ཡོད།  ནམ་ མཁར་སྤྲིན་ནག་གིས་ཁེངས་སྐབས་རང་ཉིད་ཀྱི་ནུས་མཐུ་བེད་སྤྱོད་བྱས་ཏེ་ལ་སྟོད་པ་རྣམས་ཀྱིས་རང་

ཉིད་ཀྱི་ཁྱབ་ཁོངས་སུ་ཚུད་པའི་ས་ཕྱོགས་ཀྱི་མཁའ་ནས་སྤྲིན་རྣམས་དེད་དགོས།  དབྱར་ཁ་ཞིག་

ཁོང་རྣམས་ཀྱིས་རེ་རེ་བཞིན་བསྲུངས་ནས་ཡོད་སྐབས་ནམ་མཁའི་ཟུར་ཞིག་ནས་ཁོང་རྣམས་ཀྱི་ནུས་ མཐུས་འཇོམས་མི་ཐུབ་པའི་སྤྲིན་ནག་ཅིག་མཁའ་ལ་འཕྱུར་ཏེ་ཕོ་བྲང་པོ་ཏ་ལའི་ཐོག་ཏུ་སེར་བ་བབས་

པས་ཐོག་སྟེང་གི་མེ་ཏོག་རྣམས་སེར་བས་བཅོམ།  གཅེས་པར་འཛིན་པའི་རང་གི་མེ་ཏོག་མཛེས་པོ་


ཉིན་རེའི་མཛད་རིམ།

75

རྣམས་སེར་བས་བཅོམ་རྐྱེན་ྋརྒྱལ་དབང་མཆོག་དགོངས་པ་འཚོམས་ཏེ་གོས་དཀར་སྔགས་པ་བཞི་

པོ་དེ་བཀུག་སྟེ་རྟ་ལྕག་གིས་ཉེས་པ་བཏང།  དེས་ལོ་གང་བོར་མེ་ཏོག་བཞད་རྒྱུ་ཡོད་པའི་ལྡུམ་རྭ་

དེར་ཁོང་ཐུགས་མཉེས་པོ་གནང་གི་ཡོད་པ་གསལ་པོར་ཤེས་ཐུབ།  ལན་གཅིག་ཁོང་གིས་རྒྱ་གར་ དབྱིན་གཞུང་གི་གྲོས་མོལ་སྐུ་ཚབ་ཚོགས་མི་སྐུ་ཞབས་ཅཱལ་སེ་  སྦེལ་ལ་དབྱིན་ཡུལ་གྱི་རྒྱལ་ས་ལཱོན་ ཌོན་ནས་མེ་ཏོག་གི་ས་བོན་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་ལྟར་ཕྱག་སོན་བྱུང་རྗེས་ས་བོན་

རྣམས་སྤྱན་བསལ་གླིང་ཀར་བཏབ་ཀྱང་ཐེའུ་ཤར་ཐུབ་པ་བྱུང་མེད་པས་ཁོང་གིས་ངའི་སར་མི་ཞིག་ མངགས་གཏོང་མཛད་དེ་ཐེའུ་ཤར་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་བཀའ་འདྲི་གནང་བྱུང་བར་ང་རང་

སྐྱེ་དངོས་རིག་པ་སྨྲ་བའམ།  མེ་ཏོག་གཅེས་སྐྱོང་མཁན་གང་ཡང་མིན་སྟབས་ས་བོན་དེ་དག་སྨིན་

མེད་པའི་རྒྱུ་མཚན་ཅི་ཡིན་བསམ་ཡུལ་དུ་འཆར་ཐུབ་པ་ཞིག་མ་བྱུང༌།  འོན་ཀྱང་ས་བོན་བཏབ་ཡུལ་ གྱི་གླིང་ཀ་དེ་བཞིན་གཙང་པོའ ་ི ཉེ་འགྲམ་ན་ཡོད་པས་ན་ས་བཅུད་ཞན་ཞིང་བྱེ་མའི་རྐྱེན་གྱིས་མེ་ཏོག་

ཤར་ཐུབ་པ་བྱུང་མེད་ཅེས་ལམ་སེང་ལན་བཏབ།  ཕྲན་ལ་ྋགོང་ས་ཆེན་པོས་མེ་ཏོག་གི་ཆེད་ས་

ལུད་གྲ་སྒྲིག་བྱ་དགོས་ཞེས་པའི་བཀའ་ཕེབས་པས་ཕྲན་གྱིས་རང་ནུས་ཡོད་ཚད་ཀྱིས་དཀའ་ཚེགས་ ཆེན་པོས་སྒྲུབ་ཐབས་བྱས།  མ་ཟད་ཉི་ཧོང་དུ་ཕྱིར་ལོག་སྐབས་ཁོང་གིས་ཕྲན་ལ་པདྨའི་ས་བོན་

བསྐུར་ཤོག་ཅེས་བཀའ་མངགས་གནང་བྱུང༌།  ནང་པའི་བཀའ་དང་བསྟན་བཅོས་ཁག་གི་ནང་འགྲེལ་

བརྗོད་བྱས་པའི་མེ་ཏོག་པདྨ་དེ་བཞིན་ད་ཆ་ཉི་ཧོང་མ་གཏོགས་རྒྱ་ནག་དང་རྒྱ་གར་དུ་མཐོང་རྒྱུ་མེད་ པར་གྱུར་ཡོད་ཅིང༌།  ྋགོང་ས་ཆེན་པོས་མེ་ཏོག་དེ་བདག་གཅེས་གནང་རྒྱུར་ཐུགས་འདོད་ཆེན་པོ་

གནང་གི་ཡོད།  ཕྲན་ནས་ཀྱོ་ཊོ་གཙུག་ལག་སློབ་གཉེར་ཁང་  (Kyoto  University)  གི་རྩི་ཤིང་ཚན་ པར་  (Botanical  Institute)  མེ་ཏོག་པདྨའི་ས་བོན་གཏོང་རྒྱུའི་རེ་སྐུལ་བྱས་པ་ལྟར་ཚ་དྲོད་ཆེ་བའི་ ཡུལ་ལུང་བརྒྱུད་དེ་བོད་ཡུལ་དུ་གཏོང་དགོས་སྟབས་དགོས་ངེས་ཀྱི་སྲུང་སྐྱོབ་ལེགས་པོ་བྱས་ཡོད་

ཀྱང༌།  ྋགོང་ས་ཆེན་པོ་ཐུགས་ཕམ་དགོས་པ་ཞིག་ལ་ཀ་ལི་ཀ་ཏར་མ་འབྱོར་གོང་མེ་ཏོག་དེ་རྙིད་དེ་ བེད་མེད་དུ་གྱུར།།

ྋགོང་ས་མཆོག་གིས་ནོར་གླིང་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་ལས་ཁང་ཁག་ཏུ་ལམ་

ཞོར་དུ་ཆིབས་བསྒྱུར་གྱིས་བཀའ་འགྱུར་རིན་པོ་ཆེའི་དཔར་རྩ་ཤིང་བརྐོས་བྱ་ཡུལ་གྱི་དཔར་ཁང་


76 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

དང༌།  སངས་རྒྱས་ཀྱི ་ སྐུ་བརྙན་འབྲི ་ ཕྱོ ག ས་དང་འབྲི ་ ཡུལ།  ནང་བསྟན་བཀའ་དང་བསྟན་

འགྱུར་རྣམས་ལག་བྲི ས ་བྱེ ད ་ཕྱོ ག ས།  གསེ ར ་ཊཾ ་ བཟོ ་ སྐྲུན་བྱེ ད ་ཚུལ་སོ ག ས་ལ་ལམ་སྟོ ན ་ཐད་ ཀར་གནང་གི་ཡོད།།

ྋགོ ང ་ས་ཆེ ན ་པོ ་ དེ ་ ཉི ད ་རི ག ་རྩལ་འདྲ་མི ན ་སྣ་ཚོ ག ས་ལ་མཉེ ས ་པོ ་ གནང་མཁན་ཞི ག ་

ཡིན།  ཁོང་ནི་ནང་བསྟན་དང་འབྲེལ་བའི་རི་མོ་འབྲི་ཕྱོགས་ལའང་མཁས་པ་ཞིག་ཡིན།

ཕྲན་གྱིས་

སྐྱབས་འཇུག་ཞུས་པ་ལྟར་ྋགོང་ས་ཆེན་པོས་ཉི་ཧོང་ནས་ནང་འདྲེན་བྱས་པའི་གོས་ཆེན་མ་ཡིན་པར་

སོག་ཡུལ་བརྒྱུད་བོད་དུ་འབྱོར་བའི་རུ་སུའི་རས་གཞིའི་སྟེང་རྗེ་ཙོང་ཁ་པའི་སྐུ་བརྙན་ཕྱག་བྲིས་མཛད་ དེ་ཕྲན་ལ་གསོལ་རས་སུ་སྩལ་བྱུང༌།  ༼དཔར་ངོས་ ༤ པར་གཟིགས།༽  དེ་ལྟར་ཁོང་གིས་ངར་ གཟིགས་རྟོག་གནང་ཞིང།  ད་ལྟ་ཕྱི་མིག་ལྟ་དུས་ཕྲན་ལ་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཡོད་པའི་ མཚོན་བྱེད་གསལ་པོར་ཐོན་པའི་མཛད་ཕྱོགས་རྣམས་ཕྲན་གྱི་མིག་ལམ་དུ་གསལ་པོར་འཆར་ཐུབ།།

ྋགོང་ས་ཆེན་པོ་མཆོག་ནི་སོག་སྐད་ལ་མཁས་པ་ཞིག་ཡིན་པ་དང༌།  བློན་ཆེན་ཚ་རོང་

གིས་ཀྱང་སོག་སྐད་ཡག་པོ་ཤེས་སྟབས་སྐབས་འགར་ཁོང་གཉིས་ཀྱིས་རྒྱལ་ཁབ་དང་འབྲེལ་བའི་ གནད་དོན་གལ་ཆེ་རྣམས་སོག་སྐད་ཀྱི་ལམ་ནས་གོ་བསྡུར་གནང་གི་ཡོད།  ྋགོང་ས་ཆེན་པོས་

སྒྱུ་རྩལ་དང་འབྲེལ་བའི་དངོས་རྫས་རྣམས་ལའང་ཞིབ་ཚགས་ཆེན་པོ་གནང་གི་ཡོད་ཅིང༌།  ཁོང་ གིས་སོག་ཡུལ་གྱི་ཤོ་རྩེད་ལ་མཉེས་པོ་གནང་གི་ཡོད་ཀྱང་བར་གསེང་གི་སྐབས་སུ་མ་གཏོགས་ཤོ་

རྩེད་ལ་དབུ་འཁོར་གྱི་མེད།  ཁོང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཡང་བསྲི་ཚགས་

ཀྱི ་ འཚོ ་ བར་རོ ལ ་མཁན་ཞི ག ་ཡི ན །  ཁོ ང ་གི ་ སྐུ་ལུས་སུ་སྟབས་བདེ ་ ཞི ང ་འགུལ་སྐྱོ ད ་བདེ ་ བའི ་

སོག་ཆས་ཁ་དོག་སེར་པོ་ཞིག་བཞེས་ཀྱི་ཡོད།  གང་ལྟར་ཁོང་ནི་སྟབས་བདེའི་འཚོ་བར་དགའ་ མོས་གནང་མཁན་ཞིག་ཡིན།།

ཁོང་གི ་ ཞལ་ཟས་རྣམས་གསོ ལ ་ཐབ་ཆེ ན ་མོ ་ བས་བཟོ ་ ཡི ་ ཡོ ད ་པ་དང༌།  ཞོ ག ས་ཟས་སུ་

གསོལ་ཇ་དང་བོད་མིའི་ཁ་ཟས་གཙོ་བོ་རྩམ་པ་བཞེས་ཀྱི་ཡོད་ཅིང་ཟུར་ཟས་སུ་གསོལ་སྐྲུམ་སྐམ་

པོ་དང་སྐྲུམ་ཁུ་མཆོད་ཀྱི་ཡོད།  ཁོང་གི་ཉིན་གུང་གསོལ་ཚིགས་སུ་བཞེས་ཐུག་ཆིའི་རྩིའམ་ཏིག་ ཧྲུག་དང་ཡང་ན་དེ་དང་འདྲ་བའི་ཞལ་ཟས་ཡང་པོ་མཆོད་ཀྱི་ཡོད།  དགོང་དྲོའ ་ི གསོལ་ཚིགས་ཕལ་


ཉིན་རེའི་མཛད་རིམ།

77

མོ་ཆེར་བཞེས་འབྲས་དང༌།  རྒྱ་ལུགས་ལྟར་བཟོས་པའི་བཞེས་ཚལ་དང་གསོལ་སྐྲུམ་བཞེས་ཀྱི་ ཡོ ད །  ཁོ ང ་གི ་ གསོ ལ ་ཚི ག ས་རྣམས་སྟབས་བདེ ་ ཞི ང ་གསོ ལ ་ཚི ག ས་འདི ར ་དགའ་དང་དེ ར ་མི ་

དགའ་བའི་ཁྱད་པར་གནང་གི་མེད་པ་ལྟ་བུར་མངོན།  བོད་མི་རྣམས་ཀྱི་གོམས་གཤིས་ལྟར་ཁོང་

གིས་ཞོགས་པ་ཡར་བཞེངས་ནས་བཟུང་བོད་ཇ་མང་པོ་བཞེས་ཀྱི་ཡོད།  བོད་ཇ་ནི་མར་བསྲེས་ཏེ་

བསྲུབས་ཏེ་བཟོས་པའི་བཏུང་བྱ་ཤིན་ཏུ་གར་གྲས་ཤིག་ཡིན་པ་དང༌།  དེ་ནི་  soup  ལྟ་བུ་ཡིན་ཞིང་ ྋགོང་ས་ཆེན་པོས་ཉིན་རེར་གསོལ་ཇ་དེ་བཞེས་ཕོར་ཉི་ཤུ་ཙམ་བཞེས་ཀྱི་ཡོད་པ་འདྲ།།

ྋགོང་ས་ཆེན་པོ་མཆོག་ཉིན་ལྟར་ཞོགས་པའི་ཆུ་ཚོད་ལྔ་པ་ནས་དྲུག་པའི་བར་སྐུ་བཞེངས་

གནང་གི་ཡོད་པ་དང༌།  སྔ་དྲོའ ་ི ཞལ་འདོན་རྣམས་ཁོང་གི་གཟིམ་ཆུང་དུ་གནང།  དེ་སྐབས་འཛམ་ གླིང་དུ་ཞི་བདེ་ཡོང་ཆེད་སྐྱབས་འགྲོ་དང༌།  མཎྜལ་འབུལ་བ་དང་གསང་སྔགས་ཀྱི་བསྐྱེད་རྫོགས་ ཀྱི་ཕྱག་ལེན།  དེ་བཞིན་སངས་རྒྱས་ཀྱི་བཀའ་རྣམས་ཞལ་འདོན་གྱི་ཚུལ་དུ་སྐྱོར་འདོན་གནང་གི་

ཡོད།  དེ་ནས་ཁོང་གིས་སྐུ་ན་ཆུང་དུས་སྐབས་སློབ ་གཉེ ར ་གནང་ཟིན ་པའི་ བསྟན་བཅོ ས ་མངོ ན ་ རྟོགས་རྒྱན་དང༌།  དབུ་མ་འཇུག་པ།  འདུལ་བ་མདོ་རྩ་བ།  མངོན་པ་མཛོད།  ཚད་མ་རྣམ་ འགྲེལ་ལ་སོགས་པའི་བསྟན་བཅོས་ལྔ་ལས་གང་རུང་རེས་མོས་སུ་སྐྱོར་འདོན་གནང་གི་ཡོད།  དེའི་ རྗེས་ཡི་དམ་ལྷ་ཚོགས་རྣམས་རང་གི་བློ་ངོར་རྟག་ཏུ་གནས་པ་ཡོང་ཕྱིར་ཐུན་དྲུག་བླ་མའི་རྣལ་འབྱོར་

སྐྱོར་འདོན་གནང་བར་མཛད།  གོང་གསལ་གྱི་ཆོ་ག་ཕྱག་ལེན་དང་སྐྱོར་འདོན་རྣམས་ལ་ཧ་ལམ་ དུས་ཡུན་ཆུ་ཚོད་གཉིས་ཙམ་འགོར་གྱི་ཡོད་ཅིང༌།  དེའི་སྐབས་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཁོང་གི་

གཟིམ་ཆུང་ནང་འཛུལ་ཞུགས་བྱ་མི་ཆོག་ཅིང༌།  དེ་དག་གྲུབ་རྗེས་ྋགོང་ས་ཆེན་པོས་དྲིལ་བརྡ་ཞིག་ གནང་བ་དང་གཟིམ་ཆུང་གི་ཕྱིར་སྒུག་བཞིན་པའི་དགེ་འདུན་པ་རྒན་གྲས་ཤིག་ཡོད་པ་དེས་ཁོང་ལ་རྒྱུ་ གསེར་ལས་གྲུབ་པའི་གསོལ་ལྟིར་ནས་གསོལ་ཇ་འདེགས་འབུལ་ཞུ་ཡི་ཡོད།།

ཞོགས་ཚིགས་བཞེས་གྲུབ་རྗེས་བོད་ཕྱི་ནང་གཉིས་ནས་ཡོང་བའི་དད་ལྡན་སྐྱེ་བོ་རྣམས་ཀྱིས་

ཕུལ་བའི་ཞུ་ཡིག་ཁག་ལ་གཟིག ས་ཞི བ ་གནང་གི ་ ཡོད ་པ་དང༌།  དེ ་ དག་གི ་ ལྗགས་ལན་ཡང་སྐུ་ ཉིད་ཀྱིས་ཕྱག་སྨྱུག་བསྣམས་ནས་འབྲི་གནང་མཛད་ཀྱི་ཡོད།  ནང་པའི་བླ་གཙོ་ཡིན་སྟབས་ཁོང་གི་

ཆབ་སྲིད་ཀྱི་མཛད་ཕྱོགས་དང་མི་འདྲ་བར་ཁོང་གིས་དད་ལྡན་སྐྱེ་བོ་རྣམས་ཀྱི་ཆེད་གསོལ་སྨོན་དང་


78 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཁོང་རྣམས་ལ་བཀའ་ལན་ལས་སླ་པོའ ་ི ངང་གནང་གི་ཡོད།  ཁོང་གིས་ཞུ་གཏུགས་བྱེད་མཁན་གྱི་ སྐྱེ་བོ་དེ་དབུལ་ཕྱུག་དང༌།  ཁྱིམ་གཞིས་ལེགས་ཉེས་ཅི་འདྲ་ཡིན་མིན་སོགས་ཀྱི་ཐད་ཐུགས་སྣང་ ཁྱད་འབྱེད་མེད་པར་ཚང་མ་འདྲ་མཉམ་དུ་ངོས་འཛིན་གནང་གི་ཡོད།  སྐྱེ་བོ་ཞིག་འདས་གྲོངས་

སུ་ཕྱིན་སྐབས་སྤུན་ཉེ་རྣམས་ཀྱིས་ྋརྒྱལ་དབང་མཆོག་ལ་འདས་པོའ ་ི སྐྱེ་བ་ཕྱི་མ་བདེ་ལེགས་ཡོང་ བའི་སྐྱབས་འཇུག་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་པ་དང༌།  ཆོས་ཕྱོགས་ཀྱི་མཛད་འཕྲིན་དེའི་ཆེད་

དད་ལྡན་སྐྱེ་བོ་རྣམས་ཀྱིས་ྋགོང་ས་ཆེན་པོར་འབུལ་རྟེན་སྟོང་མིན་ཙམ་ཞིག་ཕུལ་གྱི་ཡོད།  སྐུ་ དྲག་དང་ཞིང་བདག  དེ་བཞིན་གཞུང་གི་ལས་བྱེད་ཁག་གི་ངོས་ནས་སྐྱབས་ཞུའི་རྟེན་དུ་སྲོལ་རྒྱུན་

ལྟར་རྒྱུ་རག་ལས་གྲུབ་ཅིང་གསེར་གྱི་རྩི་ཡོད་པའི་སྟོན་པའི་སྐུ་བརྙན་ཞིག་དང༌།  འདས་པོའ ་ི རྒྱུན་ གོས།  རྒྱན་ཆ།  རྟ་དང་སྒ་བཅས་པ་ྋགོང་ས་ཆེན་པོར་ཕུལ་དགོས།  དེ་དང་ལྷན་དུ་རང་རང་ གི་འབབ་སྐལ་དང་མཐུན་པའི་དངུལ་ཡང་ཕུལ་སྲོལ་ཡོད།།

ྋགོང་ས་ཆེན་པོ་མཆོག་ནི་འདས་དང་མ་འོངས་ད་ལྟ་བཅས་དུས་གསུམ་མཁྱེན་པའི་སྤྲུལ་སྐུ་

ཞིག་ཡིན་ཕྱིར་དད་ལྡན་སྐྱེ་བོ་རྣམས་ཀྱིས་ཁོང་ནི་རང་གི་འཁྲུལ་སྣང་དང་སེམས་ངལ་རྣམས་སེལ་ མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།  དེར་བརྟེན་ཁོང་ཚོས་རང་གི་དཀའ་ངལ་རྣམས་ཡིག་ཐོག་ ཏུ་བཀོ ད ་དེ ་ ྋགོ ང ་ས་ཆེ ན ་པོ ས ་བཀའ་སློ བ ་ལམ་སྟོ ན ་གནང་སྐྱོ ང ་ཡོ ང ་བའི ་ རེ ་ སྐུལ་ཞུ་ཡི ་ ཡོ ད ་པ་ དང༌།

དེ་དག་གི་ལན་ཡང་ྋགོང་ས་ཆེན་པོ་ཉིད་ཀྱིས་གནང་གི་ཡོད།  ཁོང་གིས་དད་ལྡན་སྐྱེ་བོ་

རྣམས་ལ་རང་རང་གི་དཔལ་འབྱོར་གནས་བབ་དང་མཐུན་པའི་སྒོ་ནས་སྡིག་བཤགས་ཆེད་གསུང་ རབ་འདི ་ དང་འདི ་ འདོ ན ་དགོ ས ་པའམ་ཡང་ན་དགེ ་ འདུན་པ་གདན་འདྲེ ན ་གྱི ས ་ཞབས་རི མ ་སྒྲུབ་

དགོས་པ།  བཀའ་འགྱུར་གྱི་པོད་རྣམས་རིམ་པས་དག་འདོན།  དགེ་འདུན་གྱི་སྡེ་ལ་བསྙེན་བསྐུར་

ཞུ་དགོས་པ་སོགས་ཀྱི་ལམ་སྟོན་གནང་གི་ཡོད་པ་རེད།  ྋགོང་ས་ཆེན་པོས་སྩལ་བའི་བཀའ་སློབ་ ལམ་སྟོན་རྣམས་གསལ་པོ་རང་མེད་ཀྱང༌།  ཞུ་བ་པོ་ཚོའི་མ་འོངས་པའི་བྱེད་ཕྱོགས་ཐག་གཅོད་

ཐུབ་ཀྱི་ཡོད།  ཉིན་ལྟར་དེ ་ལྟའི་སྐྱབས་ཞུ་དང་ཞུ་ཡིག ་བཞི ་བཅུ་ལས་མི ་ཉུང་བ་ཡོང་གི ་ཡོ ད ་པ་ དང༌།  དེ་དག་ཚང་མར་ྋགོང་ས་ཆེན་པོས་སྔ་དྲོ་ལྗགས་ལན་གནང་གི་ཡོད།།

ཕྱི་དྲོར་ྋགོང་ས་ཆེན་པོས་ཆབ་སྲིད་དང་འབྲེལ་བའི་ཕྱག་ལས་ཁག་གནང་གི་ཡོད།  རེས་

གཟའ་ཕུར་བུ་ནམ་ཡིན་ལ་ནོར་གླིང་ཕོ་བྲང་དུ་སྲིད་བློན་ཐེ་བའི་བཀའ་བློན་ལྷན་རྒྱས་དང་དེ་བཞིན་གྱི་


ཉིན་རེའི་མཛད་རིམ།

79

བློན་ཆེན་ཁག་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་དང༌།  དེ་སྐབས་ཁོང་རྣམ་པས་ ྋགོང་ས་ཆེན་པོར་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་དཀའ་རྙོག་སྙན་སེང་ཞུས་ཏེ་དེ་དག་གི་ཐོག་

ཐག་གཅོད་གནང་སྐྱོང་ཡོང་བ་ཞུ་གི་ཡོད།  ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་འཆར་འབུལ་

གང་རུང་ཐད་ྋགོང་ས་ཆེན་པོས་ཐག་གཅོད་གང་ཡང་མ་སྩལ་ཚེ་བཀའ་བློན་རྣམ་པས་དེ་ྋགོང་ས་ ཆེན་པོའ ་ི དགོངས་པར་མ་བབས་པར་བརྩིས་ཏེ་ཕྱིར་སྩོལ་ཡོང་བ་ཞུ་བ་དེ་ལམ་སྲོལ་ཞིག་རེད། སྒེར་ གྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་ནན་པོ་གནང་ཕྱོགས་དེས་སེམས་ནང་གནོངས་ཡོད་པ་ཚོར་ ཞེད་སྣང་སྐྱེ་བར་བྱེད་ཀྱི་ཡོད།  སྐུ་ན་གཞོན་དུས་ྋགོང་ས་ཆེན་པོ་རང་གི་ཉེ་གནས་རྣམས་ཀྱི་བཀོད་

བྱུས་འོག་ཚུད་དེ་སྐབས་འགར་སྒེར་གྱི་གནད་དོན་དང་འབྲེལ་བའི་ཐད་དྲང་བཞག་མ་ཡིན་པའི་ཐག་ གཅོད་གནང་ཡོད།  དེར་བརྟེན་ཁོང་གི་ཉེ་གནས་ཀྱི་གྲལ་ནས་འགས་ལྐོག་རྔན་སྤྲད་དེ་གལ་འགངས་

ཆེ་བའི་གོ་གནས་ལེན་ཐུབ་པ་བྱུང་ཡོད།  འོན་ཀྱང་ྋགོང་ས་ཆེན་པོས་ཆབ་སྲིད་ཀྱི་རྣམ་དཔྱོད་ཕུལ་ དུ་བྱུང་བའི་སྒོ་ནས་ལམ་ལུགས་ངན་པ་དེ་རིམ་བཞིན་རྩ་མེད་བཟོས་ཡོད།།

ྋགོང་ས་ཆེན་པོ་ཆོས་ཕྱོགས་དང་ཆབ་སྲིད་གཉིས་ཀའི་དབུ་ཁྲིད་ཡིན་པར་སོང་མཇལ་ཁ་

ཡང་ཡང་གནང་དགོས་ཤིང༌།  མཇལ་ཁ་ཕལ་མོ་ཆེ་གཞུང་གི་མི་སྣ་གསར་བསྐོ་དང༌།  གཞུང་

འབྲེལ་ཕྱོགས་བསྐྱོད་ནས་ཕྱིར་འཁོར་འབྱོར་ཕྱག་ཞུ་མཁན་ཚོར་གནང་གི་ཡོད།  དེ་ཙམ་མ་ཟད་ས་ ཐག་རིང་པོ་ནས་སླེབས་པའི་དད་ལྡན་སྐྱེ་བོ་རྣམས་ལ་ཡང་མཇལ་ཁ་གནང་གི་ཡོད།  གོང་གསལ་

གྱི་མཇལ་ཁ་རྣམས་ཉིན་ལྟར་དགོང་དྲོའ ་ི ཆུ་ཚོད་  ༣  པ་ནས་  ༤  པའི་བར་གྱི་གསོལ་ཇའི་བར་ གསེང་སྐབས་གནང་གི་ཡོད།  མཇལ་ཁ་དེ་དག་ནོར་གླིང་ཕོ་བྲང་གི་ཕོ་བྲང་དབུས་མའི་ཚོམས་ཆེན་ ནང་གནང་གི་ཡོད་པ་དང༌།  ཚོམས་ཆེན་གྱི་དབུས་སུ་ཞལ་ལྷོར་བསྟན་པའི་བཞུགས་ཁྲི་ཞིག་ཡོད་

པ་དང་དེའི་སྟེང་མཐོ་ཚད་མི་ཊར་གཅིག་དང་ཕྱེད་ཅན་གྱི་ཚོན་སྣ་ལྔའི་གོས་ཆེན་ལས་གྲུབ་པའི་ཁྲི་

གདན།  བཞུགས་ཁྲིའི་སྟེང་ཡ་ཐོག་ནས་ཁྲི་གདུགས་སེར་པོ་ཞིག་དཔྱངས་ཡོད།  ཚོམས་ཆེན་ གྱི་རྩིག་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པའི་མཛད་བཟང་གསལ་བའི་སྐུ་ཐང་བཀལ་ཡོད་པ་དང༌།  ཀ་ བའི་ངོས་སུ་རྒྱ་ལུགས་ལྟར་བྲིས་པའི་མེ་ཏོག་དང་བྱ་རིགས་འདྲ་མིན་གྱིས་ཁེངས།  ཕྱམ་སྟེགས་ ཀྱི ་ སྟེ ང ་བལ་པོ འ ་ི ལུགས་ལྟར་སེ ང ་གེ འི ་ དབྱི བ ས་བརྐོ ས ་ཡོ ད ་པ་དེ ་ དག་ལས་བོ ད ་ཀྱི ་ བཟོ ་ བཀོ ད ་


80 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

རི ག ་རྩལ་གྱི ་ འབྱུང་ཁུངས་གསལ་པོ ར ་མངོ ན །  ཚོ མ ས་ཆེ ན ་ནང་གི ་ ཀ་བའི ་ ངོ ས ་སུ་གསེ ར ་ མདོག་ཅན་གྱི་གོས་ཆེན་གྱི་ཀ་འཕན་བཀལ་ཡོད་པ་དང༌།  ཚོ མས་ཆེན་གྱི་ནང་ཞི་ལྷིང་གི་ཁོར་

ཡུག་ཞིག་བསྐྲུན་ཕྱིར་ཀ་བ་གཉིས་ཀྱི་བར་ན་དར་ཡུག་དང་ཏིང་སྒྲ་སྒྲོག་པའི་དྲིལ་བུ་ཅན་གྱི་བསང་ ཕོར་བཏགས་ཡོད།  བཞུགས་ཁྲིའི་གཡས་ཕྱོགས་སུ་སྤྱི་ཁྱབ་མཁན་པོ་དང་བློན་ཆེན།  མགྲོན་ གཉེར་ཆེན་མོ་བཅས་བཞུགས་ཀྱི ་ ཡོ ད ་པ་དང༌།  ཁོ ང་རྣམ་གཉི ས ་ཀྱི ་ ཉེ ་ འཁོ ར ་ན་བཀའ་གྲོ ས ་པ་

རྣམས་དང༌།  ྋགོ ང ་ས་ཆེ ན ་པོ འ ་ི ཉེ ་ གནས།  དེ ་ བཞི ན ་དྲུང་ཡི ག ་ཆེ ན ་མོ ་ བཅས་བཞུགས་ཀྱི ་ ཡོད།  མཇལ་བཅར་སྐབས་སྲིད་བློན་ཆེན་མོ་དང༌།  བཀའ་བློན་གཞན་རྣམས་ཕེབས་ཡོད་ཚེ་ཁོང་

རྣམས་ཀྱི་བཞུགས་གྲལ་བཞུགས་ཁྲིའི་རྒྱབ་ཏུ་ཡོད།  ཚོམས་ཆེན་གྱི་རྒྱལ་སྒོའ ་ི ཕྱོགས་གཉིས་སུ་ གཟུགས་ཀྱི་རིང་ཚད་མི་ཊར་གཅིག་དང་གྲངས་ཆུང་བདུན་ནམ་ཡང་ན་མི་ཊར་གཅིག་དང་གྲངས་ཆུང་

བརྒྱད་ཅན་གྱི་གཟིམ་འགག་བཞི་ཡོད།  གཟིམ་འགག་དེ་དག་ཟབ་ནན་གྱི་སྒོ་ནས་འདེམས་སྒྲུག་བྱེད་ ཀྱི་ཡོད།།

བཞུགས་ཁྲི འི ་ སྟེ ང་ཞབས་སོ ར ་འཁོ ད ་རྗེ ས ་ྋགོ ང ་ས་ཆེ ན ་པོ ས ་ཐོ ག ་མར་བློ ན ་ཆེ ན ་རྣམས་

དང་དེ ་ ནས་རི མ ་བཞི ན ་གོ ་ གནས་ལྟར་གཞུང་ཞབས་གཞན་རྣམས་ལ་མཇལ་ཁའི ་ བཀའ་དྲི ན ་ བསྐྱངས།  རེ་རེ་བཞིན་ཁོང་རྣམས་ཀྱིས་བཞུགས་ཁྲིའི་སྐུ་མདུན་དུ་བཅར་ནས་གུས་འདུད་ཞུ་ཡི་

ཡོ ད ་པ་དང༌།  ྋགོ ང ་ས་ཆེ ན ་པོ ས ་ཁོ ང ་རྣམས་ཀྱི ་ མགོ ་ བོ ར ་ཕྱག་གཉི ས ་བཞག་སྟེ ་ ཕྱག་དབང་ བྱི ན ་རླབས་གནང་གི ་ ཡོ ད །  གཞུང་འབྲེ ལ ་མཇལ་བཅར་གྱི ་ གོ ་ སྐབས་ཐོ བ ་པའི ་ སྐྱེ ས ་བུ་རྣམས་ མགྲོན་གཉེར་ཆེན་མོས་སྣེ་འཁྲིད་འོག་བཞུགས་ཁྲིའི་སྐུ་མདུན་དུ་བཅར་ཏེ་སྐུ་ཕྱག་ལན་གསུམ་ཕུལ་

ཏེ༑  གསེར་རྩི་དང་དངུལ་རྩི་ལྡན་པའི་མཎྜལ་འདེགས་འབུལ་ཞུ་ཡི་ཡོད།  དེའི་རྗེས་མཇལ་བཅར་ བ་རྣམས་ཀྱིས་ྋགོང་ས་ཆེན་པོར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཚོན་པའི་སྟོན་པའི་སྐུ་བརྙན་

དང༌།  གླེགས་བམ།  མཆོད་རྟེན་ཆུང་ངུ་བཅས་འདེགས་འབུལ་ཞུ་ཡི་ཡོད།  ྋགོང་ས་ཆེན་ པོས་འབུལ་རྟེན་དེ་དག་བཞེས་ཏེ་དད་ལྡན་རྣམས་ཀྱི་མགོ་བོར་ཕྱག་བཞག་སྟེ་ཕྱག་དབང་སྩོལ་གྱི་ ཡོད།  དེ་ནས་སྤྱི་ཁྱབ་མཁན་པོའ ་ི སྣེ་འཁྲིད་འོག་གཟིམ་དཔོན་ཆེན་མོས་ཕྱག་ཏུ་རྒྱུ་གསེར་ལས་ གྲུབ་པའི་གསོལ་ཇའི་ཁོག་ལྟིར་ཞིག་བསྣམས་ཏེ་བཞུགས་ཁྲིའི་སྐུ་མདུན་དུ་བཅར་ནས་སྐུ་ཕྱག་ལན་


ཉིན་རེའི་མཛད་རིམ།

81

གསུམ་ཕུལ་མཐར་རང་གི་ཨམ་ཕྲག་ནས་གསོལ་ཕོར་བཏོན་ཏེ་གསོལ་ཇའི་ལྗགས་བྲོ་མྱོང་བར་བྱེད་

ཀྱི་ཡོད་པ་དེ་ནི།  གསོལ་ཇའི་ལྗགས་བྲོ་མྱོང་བའི་གསོལ་སྟོན་ཡིན།  དེ་ནས་ྋགོང་ས་ཆེན་པོར་ རྒྱུ་གཡང་ཊི་ལས་གྲུབ་པའི་གསོལ་ཕོར་ཞིག་གི་ནང་གསོལ་ཇ་འདེགས་འབུལ་ཞུས་ཏེ་རིམ་བཞིན་

ཉེ་གནས་གཞན་རྣམས་ལ་གསོལ་ཇ་འདེགས་འབུལ་ཞུ་ཡི་ཡོད།  དེ་ལྟར་བྱས་ཏེ་མཇལ་བཅར་གྱི་ མཛད་སྒོ་མཇུག་བསྡུ་བར་བྱེད་ཀྱི་ཡོད།།  །།


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན། V

༄།  །གོང་དུ་བརྗོད་ཟིན་པ་བཞིན་ཕྱི་ལོ་   ༡༩༠༨  ལོར་ྋགོང་ས་མཆོག་དང་ཉི་ཧོང་མི་རིགས་ དབར་འབྲེལ་བ་ཐོག ་མ་དེ ་བྱུང༌།  ཁོ ང ་རྣམས་ནི ་ ནི ་ ཤཱི ་   ཧོ ན ་གྷན་ཇི ་ དགོ ན ་ནས་ཡི ན ་པའི ་ སཱོ ན ་ ཡུ་  ཨོ་ཏཱ་ནི།  པེ་ཅིང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དམག་དོན་ལས་ཁུངས་ཀྱི་དམག་དཔོན་ཡཱ་

སུ་མཱ་ས་  ཕུ་ཀཱུ་ཤི་མ།  པེ་ཅིང་དུ་གནས་སྡོད་ཉི་ཧོང་གི་བློན་ཆེན་གཱོན་སུ་ཀི་  ཧ་ཡཱ་ཤཱི་བཅས་ ཡིན།  ཕྱི་ལོ་  ༡༩༡༡  ལོར་སཱོན་ཡུ་  ཨོ་ཏཱ་ནི་མཆོག་གིས་མངགས་གཏོང་བྱས་པའི་བྷུན་ཀྱོ་  ཨོ་

ཀི་དང་ྋགོང་ས་མཆོག་རྣམ་གཉིས་བར་རྡོར་གླིང་དུ་མཇལ་འཛོམས་བྱུང་ཡོད་པ་དང༌།  ལོ་དེར་

ཁོང་གིས་བོད་ཀྱི་མཁས་དབང་དགེ ་ འདུན་ཚ་བ་ཁྲི ་ སྤྲུལ་ཉི ་ ཧོ ང་དུ་གདན་དྲངས་ཡོ ད །  ཚ་བ་ཁྲི ་ སྤྲུལ་ནི ་ ལྷ་སའི ་ ཉེ ་ འདབས་སུ་ཆགས་པའི ་ སེ ་ རྭ་དགོ ན ་དུ་གནས་བཞུགས་བྱེ ད ་མཁན་གྱི ་ སྤྲུལ་སྐུ་

ཞིག་ཡིན་པ་དང༌།  ཁོང་ནི་ཕུལ་དུ་བྱུང་བའི་མཁས་དབང་ཞིག་ཀྱང་ཡིན་ཞིང༌།  ཉི་ཧོང་ནས་བོད་ དུ་ཕྱིར་ལོག་བྱས་རྗེས་ཁོང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སློབ་གཉེར་གྱི་ཐད་ཞབས་ཞུ་ མཛད།  དེ་ནས་ཁོང་ལ་ནང་མ་མཁན་ཆེན་ནམ་སྐུ་སྒེར་དྲུང་ཡིག་གི་གོ་གནས་ཐོབ།། ནི་ཤཱི་

ཕྲན་ཀྱོ་ཊོར་

(Kyoto)

སློབ་འབྲིང་ལོ་རིམ་གསུམ་པའི་ཚུད་རྒྱུགས་གྲ་སྒྲིག་བྱས་ཏེ་སྡོད་སྐབས་

ཧོན་གྷན་ཇི་མཆོད་རྟེན་དུ་ཚ་བ་ཁྲི་སྤྲུལ་དང་མཇལ་འཕྲད་བྱུང༌།  སཱོན་ཡུ་  ཨོ་ཏཱ་ནི་མཆོག་

གིས་ཕྲན་ལ་ཁོང་དང་ལྷན་དུ་རྒྱ་གར་བརྒྱུད་བོད་དུ་སློབ་གཉེར་བའི་ཚུལ་དུ་འཛུལ་ཞུགས་བྱ་དགོས་

པའི་བཀའ་མངགས་གནང༌།  ཕྱི་ལོ་  ༡༩༡༢  ལོར་བྷུན་ཀྱོ་  ཨོ་ཀི་ཀ་སྦུག་བརྒྱུད་བོད་དུ་ཕེབས་

ཡོད་ཅིང༌།  ལམ་བར་ཀ་སྦུག་ཏུ་སླར་ཡང་ྋརྒྱལ་དབང་མཆོག་གི་མཇལ་བཅར་ཞུས།  བོད་དུ་

སྐུ་བཞུགས་རིང་ཁོང་གིས་བོད་ཡིག་སློབ་གཉེར་དང༌།  བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བའི་ཐེག་


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན།

83

པ་ཆེན་པོའ ་ི མདོ་དང༌།  འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའ ་ི

མདོ་གཉིས་བོད་ཡིག་ནས་ཉི་ཧོང་གི་སྐད་དུ་ཕབ་སྒྱུར་བྱས།  བོད་ནང་ལོ་གཅིག་ཙམ་རིང་བཞུགས་ རྗེས་ཁོང་རྒྱ་གར་དུ་ཕྱིར་ལོག་ཕེབས།།

ཕྱི ་ ལོ ་   ༡༩༡༡  ལོ འ ་ི ཟླ་བ་  ༡  པའི ་ ནང་ཁྲི ་ སྤྲུལ་མཆོ ག ་ཉི ་ ཧོ ང ་ནས་རྒྱ་གར་བརྒྱུད་བོ ད ་

དུ་ཕེབས་སྐབས་ང་ཡང་ཁོང་གི་ལྷན་དུ་ཕྱིན།  སྐབས་དེ་དུས་ྋགོང་ས་མཆོག་རྒྱ་གར་རྡོར་གླིང་

དུ་སྐྱབས་བཅོལ་དུ་བཞུགས་ཡོད་ཅིང༌།  དེ་སྐབས་ཕྲན་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའ ་ི མཇལ་བཅར་གྱི ་ གོ ་ སྐབས་ཤི ག ་ཐོ བ ་བྱུང༌།  སྐབས་དེ ་ དུས་ྋགོ ང ་ས་མཆོ ག ་གི ས ་ཕྲན་ལ་དགེ ་ ཚུལ་གྱི་བསླབ་སྡོམ་ཆ་ཚང་བ་གནང་བ་དང་ྋརྒྱལ་དབང་རང་ཉིད་ཀྱི་མཚན་ཐུབ་བསྟན་རྒྱ་མཚོའི་ཆ་

ཤས་དང་བཅས་ཕྲན་ལ་ཐུབ་བསྟན་རྒྱལ་མཚན་ཞེས་ཆོས་མིང་གསོལ་རས་སྩལ།  ཕྲན་ལ་བོད་དུ་ འགྲོ་བསྐྱོད་ཆོག་པའི་གཞུང་འབྲེལ་ཆོག་མཆན་གནང་བྱུང་ལ།  བོད་དུ་སྡོད་རིང་དགོས་ངེས་ཀྱི་ཆ་ རྐྱེན་མང་དག་ཅིག་མཁོ་སྐྲུན་བྱ་རྒྱུའི་ཞལ་བཞེས་ཀྱང་གནང་བྱུང༌།།

དེ་ནས་རིང་པོ་མ་སོང་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཁྲི་སྤྲུལ་ལ་སོགས་པའི་

ཉེ་གནས་དུ་མ་དང་བཅས་བོད་དུ་ཕྱིར་ལོག་ཕེབས།  འོན་ཀྱང་ཕྲན་ཁོང་དག་གི་ལྷན་དུ་འགྲོ་ཐུབ་ མ་བྱུང༌།  སྐབས་དེ་དུས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་མངགས་གནང་བ་ལྟར་ཕྲན་

གྱིས་རྡོར་གླིང་དུ་ལྷ་ས་ནས་ཕེབས་པའི་བོད་ཀྱི་སྐུ་དྲག་ཅིག་གི་མདུན་ནས་བོད་ཡིག་ལ་སྦྱང་བརྩོན་ ལོ་གཅིག་དང་ཕྱེད་ཀ་བྱས།  སྐབས་དེ་དུས་རྒྱ་གར་དབྱིན་གཞུང་གིས་བོད་ནང་ཕྱི་གླིང་པ་རྣམས་ འགྲོ་བསྐྱོད་ཀྱི་ཐད་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་སྟབས་ཉི་ཧོང་དུ་ཕྱིར་ལོག་བྱ་ཁུལ་གྱིས་ཕྲན་

ཀ་ལི་ཀ་ཏར་ཕྱིན།  དེ་ནས་རྫུན་ཆས་སྤྲས་ཏེ་བོད་ཀྱི་ཕྱོགས་སུ་ཕྱིན།  ཕྱི་ལོ་  ༡༩༡༣  ལོའ ་ི ཟླ་

བ་  ༧  པའི་ནང་བོད་ཀྱི་གནས་མཇལ་བའི་ཆས་སྤྲས་ཏེ་འབྲུག་ཡུལ་དུ་འཛུལ་ཞུགས་བྱས།  ཡུལ་ དེའི་གནམ་གཤིས་ཚ་དྲོད་དང་རླན་གཤེར་ཆེ་བ།  གཅན་གཟན།  དུག་སྦྲུལ་སོགས་ཀྱིས་ཕྲན་

ལ་དཀའ་ངལ་དུ་མ་སྤྲད་བྱུང་ལ།  དོགས་པ་རྣམ་རྟོག་ཆེ་བའི་ཡུལ་མི་རྣམས་ཀྱིས་ཕྲན་ལ་བརྙས་ བཅོས་ཀྱང་བྱས་བྱུང༌།  ཡུལ་མི་རྣམས་མགོ་སྐོར་གཏོང་ཆེད་རྐང་པར་ལྷམ་མེད་པར་དམར་རྗེན་ དུ་འགྲོ་དགོས་པ་ཡང་བྱུང༌།  འགྲོ་བསྐྱོད་བདེ་བའི་ལམ་མེད་ཀྱང་ཕྲན་གྱིས་རི་བོ་ཇོ་མོ་ལྷ་རིའི་ཤར་


84 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཕྱོགས་ནས་བསྐོར་ཏེ་ཧི་མཱ་ལ་ཡའི་རི་རྒྱུད་བརྒལ་ཏེ་བོད་དུ་སླེབས་ཐུབ་པ་བྱུང༌།  འབྲུག་ཡུལ་ནང་

འཛུལ་ཞུགས་བྱས་ནས་ཉིན་སོ་ལྔའི་རྗེས་ལྷ་སར་སླེབས་ཐུབ་པ་བྱུང་སོང་ལ།  ནོར་གླིང་ཕོ་བྲང་དུ་ ཕྲན་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའ ་ི མཇལ་བཅར་ཆེས་གཟི་བརྗིད་ཅན་ཞིག་ཐོབ་བྱུང༌།།

ྋགོང་ས་ྋསྐྱབས་མགོན་ཆེན་པོས་གནང་བའི་ལམ་སྟོན་ལྟར་སོག་ཡུལ་ནས་ཡིན་པའི་སློབ་

ཕྲུག་ཕལ་མོ་ཆེ་སློབ་གཉེར་བྱ་ཡུལ་ཧར་གདོང་ཁང་ཚན་དུ་འཛུལ་ཞུགས་བྱས།  དེ་ནི་སེ་རྭ་ཐེག་ ཆེན་གླིང་གི་བྱེས་པ་མཁས་མང་གྲྭ་ཚང་གི་ཁྱབ་ཁོངས་ཤིག་ཡིན།  ཁང་ཚན་དེར་ལོ་བཅུ་བསྡད་ པ་ཡིན།

ཕྲན་གྱིས་ཁང་ཚན་དེའི་ནང་བོད་ཀྱི་དགེ་འདུན་པ་བྱིངས་དང་མཚུངས་པའི་སྒོ་ནས་ནང་

བསྟན་སློབ་གཉེར་བྱས།  སློབ་གཉེར་གྱི་དུས་ཡུན་སྐབས་ཕྲན་ལ་ྋགོང་ས་ྋསྐྱབས་མགོན་ཆེན་

པོས་གཟིགས་སྐྱོང་ལེགས་པོ་གནང་བྱུང་ལ།  ཁོང་གི་དྲུང་ནས་སློབ་གཉེར་དང་འབྲེལ་བའི་བཀའ་

སློབ་ལམ་སྟོན་དང༌།  ལམ་རིམ་ཆེན་མོའ ་ི བཀའ་ཁྲིད་ཞུ་རྒྱུའི་སྐལ་བ་ཡང་བྱུང༌།  ཕྲན་ལ་ཁོང་ གི་སྐུ་དྲུང་ནས་དགེ་ཚུལ་དང་དགེ་སློང་གི་བསླབ་སྡོམ་ཆ་ཚང་ཞུ་རྒྱུའི་བསྐལ་བཟང་ཡང་ཐོབ་བྱུང༌།། ༼དཔར་ངོས་ ༡ པོ་ནས་ ༣ པར་གཟིགས།༽

བོད་ནང་འཛུལ་ཞུགས་བྱེད་མཁན་གྱི་ཉི་ཧོང་བ་དང་པོ་དེ་ང་མིན།  ཕྱི་ལོ་  ༡༩༠༠  ལོའ ་ི

ཟླ་བ་  ༧  པའི ་ ནང་ཨི ་ ཀཱའི ་   ཀཱ་ཝ་གྷུ་ཆཱི ་ ལྷ་སར་འབྱོ ར ་ཡོ ད ་ཅི ང ༌།  སྐབས་དེ ་ དུས་ྋགོ ང ་ས་ ྋསྐྱབས་མགོན་ཆེན་པོ་སྐུ་སྙུན་ཡོད་པའི་སྐབས་དང་འཁེལ་ཡོད་པ་དང༌།  བཤད་སྲོལ་ཞིག་ལ་ སྐུའི་བླ་སྨན་པས་ྋགོང་ས་མཆོག་ལ་ངོ་སྤྲོད་བྱས་རྗེས་ཀཱ་ཝ་གྷུ་ཆཱིས་ྋགོང་ས་ྋསྐྱབས་མགོན་ཆེན་

པོར་སྙུན་གཞི་གང་ཕོག་ཡོད་མིན་བརྟག་དཔྱད་བྱ་ཐུབ་པ་བྱུང་ཡོད་ཅེས་གྲགས།  འོན་ཀྱང་ྋགོང་ ས་མཆོག་ལ་གནད་དོན་དེ་དང་འབྲེལ་བའི་དོགས་འདྲི་ཞུ་སྐབས་ཕྲན་ལ་འདོད་བློ་ཁེངས་པའི་ལྗགས་

ལན་ཞི ག ་གནང་མ་བྱུང༌།  དེ ར ་བརྟེ ན ་ཀཱ་ཝ་  གྷུ་ཆཱི ་ བོ ད ་དུ་ཐེ ང ས་དང་པོ ་ འབྱོ ར ་སྐབས་ྋགོ ང ་

ས་མཆོག་དང་མཇལ་འཛོམས་བྱུང་ཡོད་མིན་གསལ་པོར་ཤེས་མ་ཐུབ།  ཕྱི་ལོ་  ༡༩༡༤  ལོར་ ཁོ ང ་ལྷ་སར་ཐེ ང ས་གཉི ས ་པ་ཕེ བ ས་ཡོ ད ་ཅི ང ༌།  ནང་བསྟན་དང་འབྲེ ལ ་བའི ་ དཔེ ་ ཆ་བསྡུ་རུབ་

བྱས།  སྐབས་དེ ་ དུས་ཕྲན་ལྷ་སར་སློ བ ་གཉེ ར ་བྱེ ད ་མུས་སྐབས་ཡི ན ་ཅི ང ་ཁོ ང ་ལ་ྋགོ ང ་ས་ ྋསྐྱབས་མགོན་ཆེན་པོ་མཇལ་བཅར་ཞུ་རྒྱུ་བྱུང་མེད།  ཕྲན་གྱིས་ཤེས་རྟོགས་བྱུང་བ་ལ་ཁོང་གིས་


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན།

85

བོད་དུ་ཡོང་དགོས་པའི་རྒྱུ་མཚན་རྣམས་ཡིག་ལམ་ནས་འགྲེལ་བརྗོད་བྱས་ཡོད་པ་དང༌།  ཀུན་ གཟིགས་པཎ་ཆེན་རིན་པོ་ཆེས་ཁོང་ལ་དཔེ་ཆ་བསྡུ་རུབ་ཀྱི་ཐད་རོགས་རམ་གནང་འདུག  ཕྱིས་ སུ་ཁོང་རྒྱ་ནག་ཏུ་སྐྱབས་བཅོལ་ཞུ་སྐབས་པཎ་ཆེན་རིན་པོ་ཆེས་ཅོ་ནེ་པར་ཁང་གི་བཀའ་འགྱུར་པར་

མ་ཞིག་གསོལ་རས་སྩལ་ཡོད་འདུག  ད་ལྟའི་ཆར་གསོལ་རས་དེ་ཉི་ཧོང་གི་རྒྱལ་ས་ཊོཀ་ཡཱོ་ཡི་ཏཱོ་ ཡོ་  བྷུན་ཀོ་དཔེ་མཛོད་ནང་ཡོད།།

ཕྱི ་ ལོ ་   ༡༩༡༠  ལོ ར ་བོ ད ་དུ་ཕེ བ ས་ཡོ ད ་པའི ་ བྷུན་ཀྱོ ་   ཨོ ་ ཀི​ི ་ དང་ཡ་སུ་ཇི ་ རུ་  ཡ་ཇི ་ མ་

གཉི ས ་ཀྱི ་ སྐོ ར ་སླར་ཡང་འགྲེ ལ ་བརྗོ ད ་བྱ་དགོ ས ་གལ་ཆེ ར ་མ་མཐོ ང ༌།  གོ ང ་དུ་འགྲེ ལ ་བརྗོ ད ་

བྱས་ཟི ན ་པ་བཞི ན ་ཡ་སུ་ཇི ་ རུ་  ཡ་ཇི ་ མས་ཉི ་ ཧོ ང ་གི ་ ལུགས་ལྟར་བོ ད ་དམག་ལ་དམག་སྦྱོ ང ་ སྤྲད།  དེར་བརྟེན་སྐབས་ཤིག་ལ་ལྷ་སའི་ནང་ཉི་ཧོང་གི་མི་སྣ་གསུམ་ཡོད་པ་གསལ་པོར་རྟོགས་

ཐུབ་ཅི ང ༌།  བོ ད ་མི ་ རྣམས་ཀྱི ས ་ཉི ་ ཧོ ང ་དང་འབྲེ ལ ་བའི ་ གནད་དོ ན ་ཤེ ས ་འདོ ད ་བྱེ ད ་ཀྱི ་ ཡོ ད ་ འདུག  ཆོས་ལུགས་གཅིག་མཚུངས་ཡིན་སྟབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཉི་ཧོང་ལ་

དམིགས་བསལ་དགའ་མོས་བྱེད་ཀྱི་ཡོད།  དཔེ་མཚོན་ཙམ་ཞིག་བརྗོད་ན།  ལན་ཞིག་ྋགོང་ས་

མཆོག་གིས་ནི་ཤཱི་  ཧོན་གྷན་ཇི་མཆོད་རྟེན་གྱི་མཁན་པོར་བོད་ཀྱི་བཀའ་འགྱུར་བྲིས་མ་ཞིག་གསོལ་ རས་སུ་སྩལ།  ཕྱག་དཔེ་དེ་རིན་ཐང་བྲལ་བ་ཞིག་ཡིན་ཅིང༌།  སྔར་རྒྱལ་རྩེ་དཔལ་འཁོར་ཆོས་

སྡེའི་ནང་ཉར་ཚགས་གནང་བའི་ཕྱག་དཔེ་ཞིག་ཡིན།  གནད་དོན་དེ་བོད་དང་ཉི་ཧོང་གི་དབར་རིག་ གཞུང་བརྗེ་རེས་དང་འབྲེལ་བའི་བཀྲ་ཤིས་དུས་བཟང་ཞིག་ཡིན་པར་ངོས་འཛིན་བྱ་དགོས་པ་གལ་ ཆེར་མཐོང༌།།

ལྷ་སར་སྡོད་སྐབས་ཕྲན་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དང་མཇའ་བཅར་གྱི་གོ་སྐབས་

ཡང་ནས་ཡང་དུ་ཐོབ་བྱུང་ལ།  ལེའུ་གོང་མ་ཞིག་གི་ནང་བརྗོད་ཟིན་པ་ལྟར་ཁོང་གིས་ཕྲན་ཁོང་གི་ སྐུ་སྒེར་ཕྱི་འབྲེལ་སློབ་སྟོན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅིང༌།  གནད་དོན་སྣ་མང་གི་ཐད་

ཕྲན་ལ་དོགས་འདྲི་གནང་གི་ཡོད།  ཞབས་ཞུ་དེའི་ཞོར་དུ་ཕྲན་གྱིས་ཁོང་ལ་འཛམ་གླིང་དམག་ཆེན་ དང་པོ་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་དང༌།  གསར་ཤོག་ཕབ་སྒྱུར་ལ་སོགས་པའི་ཞབས་ ཞུ་བསྒྲུབས།།


86 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ང་རང་དུས་ཚོ ད ་ཕལ་མོ ་ ཆེ ་ དགོ ན ་པར་བསྡད་སྟབས་ྋགོ ང ་ས་མཆོ ག ་གི ་ མཇལ་ཁ་ཡང་

ཡང་ཞུ་རྒྱུ་མི་རན་པ་རེད།  དགོན་པར་གྲྭ་པ་དཀྱུས་མ་ལྟར་གནས་སྡོད་བྱ་རྒྱུ་ནི་རང་ཉིད་ཀྱི་བདེ་

འཇགས་ལ་ཁེ ་ ཕན་ཆེ ་ བ་ཞི ག ་ཡི ན ་པར་སེ མ ས་ཏེ ་ ངོ ས ་ནས་སྐབས་འགར་མ་གཏོ ག ས་ྋགོ ང ་ས་ ྋསྐྱབས་མགོ ན ་ཆེ ན ་པོ ་ དང་མཇལ་འཕྲད་མ་ཞུས།  སྐབས་ཤི ག ་དབྱི ན ་ཡུལ་གྱི ་ རྒྱལ་ས་ལཱོ ན ་ ཌོ ན ་ནས་དབྱི ན ་ཇི ་ ཞི ག ་གི ས ་ྋགོ ང ་ས་མཆོ ག ་ལ་ལྕགས་ཀྲི ན ་གྱི ་ ཞལ་ཟས་འདྲ་མི ན ་སྣ་ཚོ ག ས་

བསྐུར་ཡོད་ཀྱང་ཁོང་གིས་གཅིག་ཀྱང་བཞེས་མེད།  དེ་ནི་བློ་ཕམ་དགོས་པ་ཞིག་ཡིན་ཀྱང་ྋགོང་ ས་མཆོག་གིས་ཟས་དུག་གི་ཉེན་ཁར་འཛེམས་ཏེ་ཕྱི་གླིང་ནས་འབྱོར་བའི་གསོ ལ་ཆས་བཞེས་ཀྱི་

མེ ད །  ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ས ་ཟ་ཆས་དེ ་ དག་ཕྲན་ལ་གཡུག་དགོ ས ་པའི ་ བཀའ་

མངགས་གནང་བྱུང་བར་ཕྲན་གྱིས་དེ་དག་ཚང་མ་མཉམ་འཁྱེར་བྱ་སྐབས་ངོ་མཚར་གྱི་གནད་ཅིག་ ལ་ཁོང་གིས་ཕྲན་ལ་ལྕགས་ཀྲིན་དེ་དག་རེ་རེ་བྱས་ཏེ་འཁྱེར་ཞེས་བཀའ་གནང༌བྱུང།  དོན་ལ་ཁོང་ གིས་ཕྲན་ལ་ཡང་ནས་ཡང་དུ་མཇལ་བཅར་ཞུ་བར་ཡོང་དགོས་པའི་བཀའ་མངགས་གནང༌།  ཕྲན་ ལ་མཚོན་ན་ལྕགས་ཀྲིན་སྣ་རེ་ལེན་པར་འགྲོ་སྐབས་ྋགོང་ས་མཆོག་དང་མཇལ་བཅར་རེ་ཐོབ་ཀྱི་ ཡོད་པས་ན་གནད་དོན་དེ་ངོ་མཚར་ཅན་ཞིག་ཏུ་སྣང༌།།

ངོ ས ་ནས་གོ ང ་དུ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ འ ་ི རྒྱུན་ལྡན་གྱི ་ འཚོ ་ བ་ཅི ་ འདྲའི ་ བསྲི ་

ཚགས་ཅན་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཟིན་ཀྱང༌།  ཁོང་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་ སྟབས་གཞུང་འབྲེ ལ ་ཆོ ས ་ཕྱོ ག ས་ཀྱི ་ མཛད་རི མ ་ཁག་ལ་ཕེ བ ས་སྐབས་ཁོ ང ་གི ས ་ན་བཟའ་ཤི ན ་

ཏུ་ལེགས་པོ་བཞེས་ཀྱི་ཡོད་ཅིང༌།  གཡས་གཡོན་དང་རྒྱབ་མདུན་དུ་རྒྱས་སྤྲོས་ཀྱིས་བརྒྱན་པ་ གནང་གི་ཡོད།  སྐུ་ཆས་ན་བཟའ་རྣམས་ཉི་ཧོང་དང་རུ་སུ་ནས་ཐོན་པའི་གོས་ཆེན་ལས་གྲུབ་པ་

ཡིན་སྟབས་ཆེ་མཐོང་ལྷག་པར་འཕེལ།  ཁོང་གིས་ཀྱོ་ཊོའ ་ི ནཱི་ཤི་ཇཱིན་  (Nishijin)  རས་ཆའི་བཟོ་ གྲྭར་རྒྱ་བྱ་དང༌།  མེ་ཏོག་པདྨའི་འདྲ་རིས་ཅན་གྱི་གོས་ཆེན་ཤིན་ཏུ་ལེགས་པ་ཞིག་འཐག་དགོས་

པའི་བཀའ་མངགས་གནང་ཡོད་ཅིང༌།  སི་ཁྲོན་ནས་ཐོན་པའི་རྒྱའི་གོས་ཆེན་རྙིང་གྲས་ཤིག་ལས་

དཔེ་བླངས་ཏེ་དཔེ་རིས་འབྲི་གནང་མཛད་དེ་ཉི་ཧོང་དུ་འཐག་བཅུག་པ་གནང་ཡོད།  བཏགས་ཟིན་ པའི་གོས་ཆེན་དེ་བོད་དུ་འབྱོ ར ་སྐབས་ཁོང་གི ས ་དེ ་དག་ལས་སྐུ་བེ ར ་རམ་མཐོ་རི མ ་བླ་ཆེ ན ་ཁག་


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན།

87

གི ས ་བཞུགས་ཁྲི འི ་ སྟེ ང ་བཞུགས་སྐབས་མནབས་པའི ་ ཟླ་གམ་མཐུག་པོ ་ ཞི ག ་བཟོ ་ གནང་མཛད་ ཡོད་ཅིང༌།  ཁོང་གིས་སྐུ་བེར་དེ་ཡང་ལོ་གསར་གྱི་དུས་སྟོན་སྐབས་ལན་གཅིག་བཞེས་ཀྱི་ཡོད་པ་

དང༌།  དེ་རྗེས་གཞན་གྱི་ལག་པས་མ་རེག་ཆེད་ལམ་སེང་བསྡུ་གསོག་གནང་སྟེ་ཐའི་ཙི་རྒྱབ་ནས་

བཞག་གནང་གི་ཡོད།  ཁོང་གིས་དེ་ལྟར་མཛད་དགོས་དོན་ཡང་ཁོང་ཉིད་དགོངས་པ་གཞན་དོན་ དུ་གཤེགས་རྗེས་སྐུ་གདུང་གསེར་གྱི་མཆོད་རྟེན་ནང་འཇོག་གི་ཡོད་པ་དང༌།  དེ་སྐབས་སྐུ་གོས་

སུ་བེད་སྤྱོད་ཡོང་ཕྱིར་ཟླ་གམ་མམ་སྐུ་བེར་དེར་གཅེས་ཉར་གནང་གི་ཡོད།  ནཱི་ཤི་ཇཱིན་ནས་ཐོན་ པའི་གོས་ཆེན་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དམིགས་བསལ་མཉེས་ཚོར་ཆེན་པོ་གནང་ གི་ཡོད་པའི་གནས་ཚུལ་དེ་བོད་ཀྱི་བླ་ཆེན་ཁག་དང་ཆོས་ཕྱོགས་མི་སྣ་རྣམ་པའི་ཁྲོད་ཡོངས་གྲགས་

ཡིན།  ཕྲན་གྱིས་ཀྱང་ནཱི་ཤི་ཇཱིན་ནས་ཐོན་པའི་གོས་ཆེན་ལས་གྲུབ་པའི་སྐུ་བེར་ཞིག་ཙོང་ཁ་པའི་

སྐུ་བཞུགས་སའི་གསེར་གྱི་མཆོད་སྡོང་ལ་ཕུལ་བ་ཡིན་ཅིང༌།  སྐུ་བེར་འདེགས་འབུལ་གྱི་མཛད་

སྒོའ ་ི ཐད་དྲུང་ཡིག་ཆེན་མོས་གཟིགས་ཞིབ་གནང་བྱུང༌།  ལོ་དེའི་སྟོན་དུས་སུ་ལྷ་སའི་ཇོ་ཁང་གི་ ཇོ་བོའ ་ི སྐུ་བརྙན་ལ་ནཱི་ཤི་ཇཱིན་ནས་ཐོན་པའི་གོས་ཆེན་ལས་གྲུབ་པའི་སྐུ་བེར་ཞིག་འདེགས་འབུལ་ ཞུས།  ཕྲན་གྱི ་ བྱེ ད ་ཕྱོ ག ས་དེ ར ་ྋགོ ང ་ས་མཆོ ག ་ཐུགས་དགྱེ ས ་ཏེ ་ ཇོ ་ ཁང་དུ་སྐུ་བཅར་མཛད་

ཅིང༌།  ཉི་ཧོང་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ཁྱབ་དང༌།  གོང་འཕེལ་རྟག་ཏུ་ཡོང་བའི་ གསོལ་སྨོན་མཛད།  ལོ་ངོ་བཅུའི་རིང་སློབ་གཉེར་བྱས་ཤིང་བསླབ་པ་མཐར་སོན་ས་སེ་རྭ་དགོན་ དུ་ཡང་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཕྲན་གྱིས་ཉི་ཧོང་ནས་ཐོན་པའི་གོས་ཆེན་ལས་གྲུབ་པའི་སྐུ་ བེར་ཞིག་འཕུལ་བ་ཡིན།།

ལྷ་སར་མི་ལོ་བཅུ་ཙམ་གནས་སྡོད་བྱས་རྗེས་ལྷ་ས་བཞག་སྟེ་འགྲོ་དགོས་པའི་དུས་ལ་བབས་

པས་ན།  ཕྲན་གྱིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཕྱག་དཔེའི་རིགས་དང་དངོས་རྫས་གང་ མང་བསྡུ་རུབ་བྱས།  ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྲན་ལ་བུ་སྟོན་གྱི་གསུང་འབུམ་ཆ་ཚང་

དང༌།  དེ་བཞིན་གྱི་དཔེ་ཆ་དཀོན་རིགས་འགའ་གསོལ་རས་བསྩལ་གནང་བྱུང་བ་མ་ཟད་མ་འོངས་ པར་ཐོན་རེ་ཆེ་བའི་དཔེ་རིགས་གལ་འགངས་ཆེ་བ་ཁག་དང༌།  བཀའ་འགྱུར་ལྷ་ས་པར་མ་ཞིག་ ཀྱང་གསོལ་རས་སྩལ་རྒྱུའི་ཞལ་བཞེས་མཛད།།


88 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ལྷ་ས་ནས་ཕྱི ར ་ཐོ ན ་གྱི ་ དུས་ལ་ཉེ ་ བའི ་ སྐབས་ྋགོ ང ་ས་མཆོ ག ་གི ས ་ཕྲན་ལ་ནོ ར ་གླི ང ་ཕོ ་

བྲང་གི་མདུན་ཕྱོགས་ནས་རྟར་བཞོན་ཏེ་འགྲོ་ཆོག་པའི་ཆོག་མཆན་ཡོད་ཅེས་བང་མི་གཏོང་གནང་ མཛད།  ངོ ས ་ནས་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ར ་སྐུ་བདེ ་ བར་འཚོ ་ བཞུགས་ཡོ ང ་བའི ་ རེ ་

སྐུལ་ཞུ་བར་བཅར་བའི ་ ཉི ན ་དེ ར ་ཁོ ང ་གི ས ་ཕྲན་ལ་ཕྱག་རྗེ ས ་དང་གསེ ར ་གྱི ་ དམ་ཕྲུག་འཁོ ད ་པའི ་

འཇམ་གོ ས ་ཤི ག ་གསོ ལ ་རས་སྩལ།  ༼དཔར་ངོ ས ་  ༥  པར་གཟི ག ས།༽  ངོ ས ་ནས་གསོ ལ ་ རས་དེ ་ རང་གི ་ སྤྱི ་ བོ ར ་བཞག་སྟེ ་ སྐུའི ་ དྲུང་ནས་ཕྱི ར ་ཐོ ན ་བྱས།  དེ ་ ནས་བཀའ་བློ ན ་ཚ་རོ ང ་གི ་ ཁྱི མ ་གཞི ས ་སུ་བཅར་ཏེ ་ ཁོ ང ་དང་ཁོ ང ་གི ་ ནང་མི ་ ལྷན་རྒྱས་ལ་ག་ལེ ར ་བཞུགས་ཞེ ས ་གྱེ ས ་ཕྱག་

ཞུས་ཏེ་རང་གི་ཤར་ཕྱོགས་སུ་ཡོད་པའི་ཕོ་བྲང་པོ་ཏ་ལར་ལྟ་བཞིན་ལྟ་བཞིན་རྟ་ཁ་ནུབ་ཕྱོགས་སུ་ བསྒྱུར།  སྐབས་དེ་དུས་ཕྲན་གྱི་བློ་ངོར་འདས་པའི་དུས་ཀྱི་དྲན་ཤེས་དང་སྣང་བས་ཁེངས།།

བོ ད ་ནང་མི ་ ལོ ་ བཅུའི ་ བར་གནས་སྡོ ད ་བྱ་རི ང ་ྋགོ ང ་ས་མཆོ ག ་དང༌།  བཀའ་བློ ན ་ཚ་

རོང༌།  དེ་བཞིན་གྱི་མཐོ་དམན་འདྲ་མིན་གྱི་བོད་རིགས་གཞན་རྣམས་ལ་འབྲེལ་འདྲིས་ཀྱི་གོ་སྐབས་

ཐོ བ ་བྱུང་ལ།  ཁོ ང ་རྣམས་ཀྱི ་ སྐུ་དྲི ན ་ལ་བརྟེ ན ་ནས་ཕྲན་ལ་སློ བ ་གཉེ ར ་མཐར་སོ ན ་བྱ་རྒྱུའི ་ གོ ་

སྐབས་བྱུང༌།  ཕྱི་ལོ་  ༡༩༢༣  ལོའ ་ི ལོ་མཇུག་ཏུ་རྟ་བརྒྱད་ཅུའི་སྟེང་སྡེ་དགེ་པར་མའི་བཀའ་འགྱུར་

ཆ་ཚང་བཞི་དང༌།  བསྟན་འགྱུར་ཆ་ཚང་གསུམ།  དེ་བཞིན་ནང་བསྟན་དང་འབྲེལ་བའི་པོད་སྣ་ མང་བཀལ་ཏེ་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ཏེ་ཕྱིན།  ཡང་སྣར་ཐང་པར་མའི་བསྟན་འགྱུར་དང་ བཀའ་འགྱུར་ཆ་ཚང་བ་ཞིག་ཀྱང་བགྲོད་ལམ་གཞན་བརྒྱུད་བཏང་བ་ཡིན།།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་སྲིད་ཕྱོགས་ཀྱི་རྒྱལ་པོ་ཡིན་པར་མ་ཟད་བོད་

བརྒྱུད་ནང་བསྟན་གྱི་བླ་ཆེན་ཡང་ཡིན་ཕྱིར་ཁོང་ལ་རང་གི་འདོད་མོས་ཇི་ཡོད་རྣམས་ལེགས་པར་ སྒྲུབ་པའི་གོ་བབས་ཤིག་ཡོད།  འོན་ཀྱང་ལོ་དང་ཟླ་བའི་བརྒྱུད་རིམ་གྱི་ཁྲོད་ཁོང་གིས་རང་ཉིད་ཀྱི་

ཐོག་ཏུ་འོས་འགན་ཇེ་མང་དུ་འགྲོ་བཞིན་པ་ཚོར།  བོད་ནང་མི་མང་གིས་གླ་ཡོན་གཅིག་ཀྱང་མེད་

པའི་ཐོག་སྲིད་གཞུང་ལ་ཞབས་འདེགས་ཞུ་རྒྱུའི་ལམ་སྲོལ་འུ་ལག་ཅེས་པ་ཞིག་ཡོད་ཅིང༌།  ལམ་ སྲོ ལ ་དེ འི ་ ནང་རྟ་དྲེ ལ ་སོ ག ས་ཞབས་འདེ ག ས་ཀྱི ་ ཚུལ་དུ་སྤྲོ ད ་དགོ ས ་པའི ་ ལམ་སྲོ ལ ་རྟ་འུལ་ཞེ ས ་

པ་ཞིག་ཀྱང་ཡོད།  འཁྲུག་ཆ་དོད་པའི་ལྷ་ས་དང་གཞིས་རྩེའི་བར་གྱི་བགྲོད་ལམ་གྱི་ཉེ་འཁོར་ན་


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན།

89

གནས་པའི་མི་མང་རྣམས་ཀྱི་ཐད་རྟ་འུལ་ཤུགས་ཆེན་ཕོག་གི་ཡོད་སྟབས་ལམ་སྲོལ་དེ་དྲང་བདེན་ ཞིག་མིན་པ་ཆགས་རྒྱུ་རེད།  དེར་བརྟེན་ྋགོང་ས་མཆོག་གིས་རྟ་འུལ་དགོས་ཚེ་བདལ་གླ་སྤྲོད་ དགོས་པ་སོགས་ཀྱི་སྒོ་ནས་ས་ཚིགས་དེ་དག་གི་དཀའ་རྙོག་སེལ་རྒྱུའི་ཕྱག་ལས་གནང།།

ཕྲན་རང་ཡུལ་དུ་ཕྱི ར ་ལོ ག ་བྱ་རྒྱུར་ཉེ ་ བའི ་ སྐབས་ནང་བསྟན་དང་འབྲེ ལ ་བའི ་ གླེ ག ས་བམ་

ཁག་དང༌།  ལམ་ཆས་རྣམས་འོར་འདྲེན་གྱི་ཆེད་ཤེད་མོ་ལེགས་པའི་རྟ་མང་པོ་དགོས་པ་ནི་གལ་

ཆེའི་གནད་ཅིག་ཏུ་གྱུར།  རྒྱལ་ཁབ་ཀྱི་སྐུ་མགྲོན་རྣམས་ལ་རྟ་འུལ་སྤྲོད་ཕྱོགས་ཀྱི་ལམ་སྲོལ་ཞིག་ ཡོ ད ་པས་ཕྲན་གྱི ས ་ཀྱང་ལམ་དུ་བདལ་གླ་མི ་ དགོ ས ་པའི ་ ཐོ ག ་རྟ་འུལ་ཐོ བ ་རེ ག ་ཡོ ང ་བའི ་ རེ ་ སྨོ ན ་ བྱས།  འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྲན་ལ་སྩལ་བའི་ལམ་ཡིག་གི་སྟེང་རྟ་འུལ་

སྤྲོད་དགོས་པའི་གནས་ཚུལ་གང་ཡང་འཁོད་མེད་པས་ཕྲན་གྱིས་ཚ་རོང་ཞབས་པད་ལ་རང་གི་བློ་

ཕམ་འགྲེལ་བརྗོད་དང༌།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཇལ་བཅར་ཞུ་རྒྱུ་དང་དང་རྟ་འུལ་ གཏོང་གནང་བའི་རེ་སྐུལ་ཞུས་པས།  མཇལ་བཅར་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མི་ མང་གི་དཀའ་སྡུག་འགྲེལ་བརྗོད་ནན་མོ་གནང་བྱུང་བས་ཕྲན་གྱིས་བདལ་གླ་སྤྲད་དེ་རྟ་བསྡུ་རུབ་བྱ་ དགོས་བྱུང།།

ཕྲན་རང་ཉིད་ཀྱི་ཁྱིམ་དུ་འབྱོར་རྗེས་ྋགོང་ས་མཆོག་གིས་ཐུགས་བརྩེའི་འཕྲིན་ཡིག་བསྟུད་

མར་བསྐུར་གནང་མཛད་བྱུང༌།  ངོ ས ་ནས་ཤེ ས ་རྟོ ག ས་བྱུང་གསལ་ལ་པཎ་ཆེ ན ་རི ན ་པོ ་ ཆེ ་ ཕྱི ་ གླི ང ་དུ་སྐྱབས་བཅོ ལ ་དུ་ཕེ བ ས་པ་དང༌།  བོ ད ་རྒྱའི ་ འབྲེ ལ ་བ་ལེ ག ས་མཐུན་མ་བྱུང་བ་སོ ག ས་ ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྐུ་ངལ་ཆེན་པོ་འཕྲད་ཡོད་འདུག  གནས་ཚུལ་ཇི་ལྟར་ ངན་ཡང་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ས ་བོ ད ་འདི ་ མི ང ་ཙམ་མི ན ་པར་དོ ན ་དངོ ས ་ཐོ ག ་རང་

དབང་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་དང༌།  བོད་འདི་དེང་དུས་ཅན་ཞིག་ ཏུ་བསྒྱུར་རྒྱུའི ་ དགོ ང ས་བཞེ ས ་མཛད།  འོ ན ་ཀྱང་དེ ་ དག་ལས་སླ་པོ འ ་ི ངང་སྒྲུབ་ཐུབ་པ་ཞི ག ་ག་ ལ་ཡིན།  ཁོང་གི ས ་སྩལ་བའི ་ ཕྱག་བྲི ས ་རྣམས་དང༌།  ཁོ ང ་དང་འབྲེ ལ ་འདྲི ས ་ཆེ ་ བའི ་ སྐྱེ ས ་བུ་

རྣམས་ཀྱི ས ་བཏང་བའི ་ ཕྱག་བྲི ས ་ལས་ངས་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ སྐུ་ཁམས་གསལ་ ཐང་ཡིན་པ་ཤེས་རྟོགས་བྱུང༌།  གཤམ་དུ་འཁོད་པའི་ཁོང་གི་ཕྱག་བྲིས་དེ་ཕྱི་ལོ་  ༡༩༣༣  ལོར་


90 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ྋགོང་ས་ྋསྐྱབས་མགོན་ཆེན་པོ་དགོངས་པ་གཞན་དོན་དུ་མ་གཤེགས་གོང་ཙམ་ན་འབྱོར་བ་ཞིག་

ཡིན།  ཕྱག་བྲིས་འདིའི་ནང་ྋགོང་ས་མཆོག་གིས་ཉི་ཧོང་གི་ཐད་ཁོང་གི་གཟིགས་ཕྱོགས་ལེགས་ པོ་ཡོད་པ་རྣམས་ཁ་གསལ་གྱི་ཚུལ་དུ་བཀོད་ཡོད་ཅིང༌།  ཕྱག་བྲིས་དེ་ཡང་བོད་ཀྱི་གཞུང་འབྲེལ་

ཕྱག་བྲིས་སྩལ་ཕྱོགས་ཀྱི་ཡིག་བྱང་སོགས་མེད་པས་ན་ཆེས་ནང་ཚགས་ཀྱི་རྣམ་པ་མཚོན་པའི་ཕྱག་ བྲིས་ཤིག་ཡིན།།  ༼དཔར་ངོས་  ༢༩  པར་གཟིགས།༽

ཆེད་དོན།  ད་ལམ་ཁྱེད་རང་ནས་བསྟན་དོན་ཞབས་འདེགས་སྙིང་བཅངས་ཀྱིས་ཛ་སག་ཚ་

རོང་པར་གནས་ཚུལ་སྤེལ་བ་འདི་གར་སྙན་གསོལ་ཞིབ་ངེས་ཡིད་ལ་འདྲོངས།  དེ་སྔ་ངོས་རི་བོ་རྩེ་ལྔ་ ཨུ་ཐའི་དུ་སྡོད་སྐབས་ཉི་ཧོང་ནས་ཆེད་ལྷགས་ནང་པའི་བླ་ཆེན་སོན་ཡོ་  ཨོ་ཏཱ་ནི་  (Sonyu  Otani)  ནི་ ཤི་  ཧོན་གྷན་ཇི་  (Nishi  Honganji)  ནས་ཡིན་པ་ཁོང་དང་སྔ་ཕྱིར་ཐུག་མོལ་གྱིས་ནང་ཆོས་ཐེག་

པ་ཆེན་པོའ ་ི ཤིང་རྟའི་སྲོལ་འབྱེད་དང༌།  འཇམ་མགོན་བླ་མ་ཙོང་ཁ་པ་དང་གཞན་ཡང་སྔོན་གྱི་བླ་

ཆེན་བཅས་ཀྱི་སྐོར་ཞིབ་འཕྲོས་བྱུང་ཞིང༌།  དེ་རྗེས་ངོས་རྒྱ་གར་དུ་བསྐོར་བསྐྱོད་འདི་ནས་ཚ་བ་ཁྲི་ སྤྲུལ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཉི་ཧོང་གི་རྒྱལ་ས་ལྟེ་བའི་འདབས་འབྲེལ་ནང་པའི་

དགོན་ཆེན་ནི་ཤི་  ཧོན་གྷན་ཇི་དུ་ཆོས་རྒྱུན་སྤེལ་བར་ངོ་བསྐྱོད་ཀྱིས་ཕྱིར་འཁོར་བྱུང་བ་དང༌།  ཉི་ཧོང་

གྲྭ་ཐུབ་བསྟན་བཀྲ་ཤིས་བོད་བསྐྱོད་ཀྱིས་ལོ་འཁོར་ལྷག་ཙམ་བསྡད་དེ་ཕྱིར་ལོག  ཐུབ་བསྟན་རྒྱལ་ མཚན་ཡང་བོད་དུ་འབྱོར་ནས་འདི་གའི་སློབ་མར་ཆོས་སྡེ་ཆེན་པོ་སེ་རྭ་ཐེག་ཆེན་གླིང་དུ་ལོ་མང་རིང་

ནང་ཆོས་སློབ་གཉེར་ཚོགས་འགྲིམ་གཙོ་འདོན་དང་ངའི་སློབ་མ་བྱས་ཤིང།  ད་ལྟ་ཉི་ཧོང་དུ་ཕྱིར་ལོག་ བྱས་ཏེ་ལོ་ངོ་གཉིས་ཙམ་ཕྱིན་པ་དང༌།  དེ་རྗེས་ཡ་སུ་ཇི་རུ་  ཡ་ཇི་མ་ཟེར་བའི་ཉི་ཧོང་གི་མི་རིགས་

བོད་ལ་ཡོང་ནས་ངའི་སྐུ་སྲུང་དམག་མི་དང༌།  དེ་དག་གི་དགེ་རྒན་བཅས་ལ་དྲག་པོའ ་ི སློབ་སྦྱོང་

རོགས་རམ་བྱས་ནས།  དེང་སྐབས་ཉི་ཧོང་དུ་ཕྱིར་ལོག་སྡོད་མུས་བཅས་བོད་དང༌།  ཉི་ཧོང་གཉིས་

མཐུན་ལམ་འབྲེལ་བ་བཟང་པོ་ཡོད་མུས་ཁར།  ནང་པ་སངས་རྒྱས་པ་སྤྱིའི་ཆོས་ལུགས་ཀྱི་ལ་རྒྱར་ བརྟེན་པས་ཡུལ་གཉིས་ཧ་ཅང་གི་མཐུན་འབྲེལ་ཆེན་པོ་ཡོད།།

བོད་ལྗོངས་ཆོས་ཀྱི་ཞིང་འདིར་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང༌།  ད་བར་ཆོས་

དང༌།  གོམས་གཤིས་ལུགས་སྲོལ་བཟང་པོ་རྣམས་མི་ཉམས་གོང་འཕེལ་དང་འབྲེལ་ཆོས་སྲིད་ཟུང་


ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན།

91

དུ་འབྲེལ་བའི་གཞུང་སྲིད་སྐྱོང་བཞིན་པ་ཡིན།  འོན་ཀྱང་བོད་འདི་སྟོབས་ཆེན་རྒྱལ་ཁབ་གཞན་དང་

འདྲ་བའི་དྲག་པོའ ་ི སྟོབས་ཤུགས་དང༌།  རིག་གཞུང་གཞན་གྱི་ཉམས་མྱོང་མེད།  བོད་པའི་དམག་ མི་རྣམས་ཀྱི་དམིགས་ཡུལ་ནི་རང་ས་རང་སྲུང་བྱེད་ཐབས་ཡིན་ཞིང་ནུས་པ་དམན།  ནང་པའི་འཛིན་

སྐྱོང་གཞིར་བཞག་ཐོག་བོད་དམག་གི་སྟོབས་ཤུགས་རིམ་པས་ཤུགས་ཆེ་རུ་གཏོང་དགོས་སྙམ་གྱི་

ཡོད།  ལུང་པ་གཉིས་ཕན་ཚུན་མཛའ་འབྲེལ་མཉམ་རུབ་སླད་དབྱིན་ཇིའི་གཞུང་ནས་རོགས་རམ་ ལེན་བཞིན་ཡོད།  ངས་ཉི་ཧོང་གཞུང་ལ་རེ་འདུན་ཞུ་རྒྱུར་ཟི་ཁྲོན་དང༌།  ཀན་སུ།  ཡུན་ནན་ སོགས་བོད་དང་ས་འདྲེས་རྒྱ་མིའི་ཞིང་ཆེན་ཁག་ནས་བོད་ལ་བསུན་གཙེར་ནམ་ཡང་མ་བྱེད་ཅེས་

རྒྱ་ནག་གཞུང་ལ་བཀའ་སློབ་གནང་འོས་དང༌།  རྒྱ་ནག་གཞུང་ལ་བོད་ལ་མཆོད་ཡོན་གྱི་མཐུན་ ལམ་ལས་དགྲ་འཚེར་མི་འབྱུང་ཞིང༌།  བོད་ལྗོངས་ཆབ་སྲིད་འཕེལ་ཐབས་རང་ས་རང་སྲུང་གི་ནུས་

སྟོབས་ལ་མཐུན་འགྱུར་ནང་སློབ་གསལ་ཆ་འཕྲལ་འཕྲལ་ཡོད་པ་ཞེས་ཁྱོད་རང་ནས་ཞིབ་ལྷོངས་ངེས་

གསོ ལ ་ཐོ ག ་འདི ར ་ཡང་ཕྱི ར ་གསལ་ཇི ་ བྱུང་གནས་ཚུལ་སྐབས་འཕྲལ་སོ ་ སོ ར ་བསྟན་དོ ན ་འཁུར་ བསམ་སྔར་བཞིན་ཆེ་བསྐྱེད་ཀྱིས་འབུལ་ལུགས་དགོས་རྒྱུ་ཡིད་འཇགས་བྱེད།  བོད་ལུགས་ཆུ་བྱ་ ཟླ་བ་  ༥  པའི་ཚེས་  ༢༦  བཟང་པོར་བྲིས།།

གོང་གསལ་གྱི་ཕྱག་བྲིས་འདི་ཕྲན་ལ་ལག་སོན་བྱུང་ནས་རིང་པོར་མ་སོང་བར་ཆུ་བྱ་ལོའ་ི ཟླ་བ་

བཅུ་པའི་ཚེས་སུམ་ཅུ་  ༼ཕྱི​ི་ལོ་  ༡༩༣༣  ཟླ་བ་  ༡༢  པའི་ཚེས་  ༡༧༽  ཉིན་ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ཟིན་ཞེས་པའི་གནས་ཚུལ་ཞིག་གོ་ཐོས་བྱུང༌།  དང་ ཐོག་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་སེམས་ཏེ་གནས་ཚུལ་དེར་ཡིད་ཆེས་མ་བྱུང༌།  འོན་ཀྱང་དེ་ནི་ དངོས་ཡོད་གནས་ཚུལ་རེད་འདུག  །

དགོ ང ས་པ་གཞན་དོ ན ་དུ་མ་གཤེ ག ས་པའི ་ གོ ང ་གི ་ བདུན་ཕྲག་གཅི ག ་ཙམ་རི ང ་ཁོ ང ་ལ་

མགུལ་ཆམས་ཕོག་ཡོད་པ་དང༌།  ནོར་གླིང་ཕོ་བྲང་དུ་ངལ་གསོའ ་ི ཚུལ་དུ་བཞུགས་བཞག་མཛད་

ཡོད་ཅིང༌།  དེ་སྐབས་ཀུན་འཕེལ་དང་ལུང་ཤར།  གནས་ཆུང་ཆོས་རྗེ་སོགས་ཀྱིས་ཁོང་ལ་གམ་

བཅར་ཞུས་ཡོད་འདུག  ཁོང་རྣམ་པས་ཞབས་ཞུ་གང་ལེགས་གནང་ཡང།  ྋགོང་ས་ྋསྐྱབས་ མགོན་ཆེན་པོ་དགོངས་པ་གཞན་དོན་དུ་ཕེབས་ཡོད་ཅིང༌།  བོད་གཞུང་གི་ངོས་ནས་སྐུ་ཁམས་དྲག་ སྐྱེད་ཡོང་སླད་ཞབས་རིམ་མང་དག་གནང་ཡོད་ཀྱང་གྲུབ་འབྲས་བྱུང་མེད།།


92 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

སྐུ་མྱ་ངན་ལས་འདས་རྗེས་སྨོན་ལམ་ཆེན་པོ་ཞིག་ཚུགས་ཡོད་པ་དང༌།  དེ་སྐབས་ཕོ་བྲང་

པོ་ཏ་ལ་དང་ཇོ་ཁང༌།  མཆོད་རྟེན་གྱི་རྒྱ་ཕིབས་སོགས་བཀྲག་མདངས་ཆེ་བའི་དངོས་རྫས་རྣམས་ དར་ནག་གིས་གཡོགས་ཤིང༌།  བོད་རྒྱལ་ཁབ་མྱ་ངན་གྱི་གནས་སུ་ལྷུང༌།  པོ་ཏ་ལར་ྋགོང་ས་

ྋསྐྱབས་མགོན་ཆེན་པོའ ་ི སྐུ་གདུང་ཉར་ཚགས་ལེགས་པར་བྱས་ཏེ་གསེར་གྱི་མཆོད་རྟེན་ཆེན་པོ་ ཞིག་གི་ནང་བཞུགས་སུ་གསོལ་ཡོད།།  །།


ཟུར་བྱང་དང་པོ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ། V ༄།  །བཙན་པོ་སྲོང་བཙན་སྒམ་པོའ ་ི   ༼ཕྱི་ལོ་  ༦༡༧  ནས་  ༦༥༠  ཙམ༽  དུས་སུ་བོད་དུ་

ནང་པ་སངས་རྒྱས་པའི་བསྟན་པ་དར་འགོ་ཚུགས་ཡོད་པ་དང༌།  བཤད་སྲོལ་ལ་ཁྲི་སྲོང་ལྡེའུ་བཙན་ ༼ཕྱི་ལོ་  ༧༤༢  ནས་  ༧༩༧༽  གྱི་སྐབས་མི་མང་གི་ཁྲོད་ནང་ཆོས་གཞི་རྒྱ་ཆེ་བའི་སྒོ་ནས་དར་ ཁྱབ་བྱུང༌།  འོན་ཀྱང་བཙན་པོ་གླང་དར་མའི་  ༼ཕྱི་ལོ་  ༨༠༣  ནས་  ༨༤༦༽  སྐབས་ནང་ཆོས་

ཉམས་ལེན་དང་སློབ་གཉེར་ལ་བཀག་འགོག་ཤུགས་ཆེ་བྱས་ཡོད་རྐྱེན་བར་མཚམས་ཆད།  དུས་ རབས་བཅུ་པའི་སྨད་ཙམ་དང་དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་བར་ས་གནས་ཁག་གི་མངའ་

བདག་ནས་དགོ ན ་སྡེ ་ སོ ག ས་ཀྱི ་ ཐད་རམ་འདེ ག ས་ཤུགས་ཆེ ་ དང༌།  ཆོ ས ་བརྒྱུད་ཁག་འདྲ་མི ན ་ སྲོལ་འབྱེད།  དགོན་སྡེ་གསར་བཞེངས་སོགས་ཀྱི་ལམ་ནས་བསྟན་པ་སླར་གསོ་བྱས་ཡོད་པ་དེ་

ད་བར་ཉམས་ཆག་མེད་པར་གནས་ཡོད།  བསྟན་པ་སྔ་དར་དང་མི་འདྲ་བར་བསྟན་པ་ཕྱི་དར་གྱི་

སྐབས་འབྲོམ་སྟོན་དང་ཨ་ཏི་ཤས་སྲོལ་ཕྱེ་བའི་བཀའ་གདམས་ཆོས་བརྒྱུད་དང༌།  མར་པས་སྲོལ་ ཕྱེ་བའི་བཀའ་བརྒྱུད།  འབྲོག་མི་ལོ་ཙཱ་བས་སྲོལ་ཕྱེ་བའི་ས་སྐྱའི་ཆོས་བརྒྱུད་སོགས་གསར་དུ་བྱུང་

ཡོད།  མཉམ་མེད་ཙོང་ཁ་པ་བློ་བཟང་གྲགས་པའི་  ༼ཕྱི་ལོ་  ༡༣༥༧  ནས་  ༡༤༡༩༽ སྐུ་དུས་ ན་བཀའ་གདམས་ཆོས་བརྒྱུད་ཀྱི་ཐད་ཡར་རྒྱས་གོང་འཕེལ་བྱུང་སྟེ་བཀའ་གདམས་གསར་མའམ་དགེ་

ལུགས་ཆོས་བརྒྱུད་གསར་དུ་བྱུང་ཞིང་དར་ཁྱབ་ཆེན་པོ་བྱུང་ཡོད།  ཙོང་ཁ་པར་གྲགས་ཅན་སློབ་

མ་མང་དག་ཅིག་ཡོད་པའི་ཁོངས་ནས་ཕུལ་དུ་བྱུང་བ་བདུན་ཡོད་ཅིང༌།  དེའི་ནང་ནས་དགེ་འདུན་ གྲུབ་པས་  ༼ཕྱི་ལོ་  ༡༣༩༡  ནས་  ༡༤༧༥༽  བཀྲ་ཤིས་ལྷུན་པོའ ་ི དགོན་པ་ཕྱག་བཏབ།  གདན་

ས་ཆེ ན ་པོ ་ དགའ་ལྡན་གྱི ་ ཁྲི ་ ཐོ ག ་གསུམ་པ་མཁས་གྲུབ་རྗེ ་ དགེ ་ ལེ ག ས་དཔལ་བཟང་པོ ་   ༼ཕྱི ་


94 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ལོ་  ༡༣༨༥  ནས་  ༡༤༣༨༽  ནི་ཕུལ་བྱུང་གི་མཁས་པ་ཞིག་ཡིན།  ྋརྒྱལ་བ་དགེ་འདུན་གྲུབ་པ་

ནི་ཏཱ་ལའི་བླ་མ་རིམ་བྱོན་གྱི་སྐུ་ཐོག་དང་པོ་དང༌།  མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་པཎ་ཆེན་ རིམ་བྱོན་གྱི་སྐུ་ཐོག་དང་པོ་ཡིན།  འོན་ཀྱང་དབུ་ཁྲིད་ཁོང་གཉིས་ལ་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་ ཞེས་མཚན་ཐོན་པ་ནི་དུས་ཡུན་གང་འཚམ་རྗེས་ལ་ཡིན།།

ཕྱི་ལོ་ ༡༤༠༩ ལོར་ཙོང་ཁ་པ་བློ་བཟང་གྲགས་པས་དགའ་ལྡན་དགོན་པ་ཕྱག་བཏབ་པ་ནས་

བཟུང་དགོན་པ་དེ་དགེ་ལུགས་པའི་མ་དགོན་དུ་གྱུར།  ཕྱི་ལོ་  ༡༤༡༦  ལོར་འཇམ་དབྱངས་ཆོས་ རྗེ་བཀྲ་ཤིས་དཔལ་ལྡན་  ༼ཕྱི་ལོ་  ༡༣༧༩  ནས་  ༡༤༤༩༽  གྱིས་དཔལ་ལྡན་འབྲས་སྤུངས་

དགོ ན ་པ་ཕྱག་བཏབ།  དབུས་གཙང་ནང་དགེ ་ ལུགས་པའི ་ བསྟན་པ་དར་ཁྱབ་ཀྱི ་ སྟ་གོ ན ་དུ་ཕྱི ་ ལོ་  ༡༤༡༩  ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་རྭ་ཐེག་ཆེན་གླིང་ཕྱག་བཏབ།།

ཕྱི་ལོ་  ༡༤༧༥  ལོར་ྋརྒྱལ་བ་དགེ ་ འདུན་གྲུབ་པ་སྐུ་མྱ་ངན་ལས་འདས་རྗེས་ཡང་

སྲི ད ་ཀྱི ་ ཚུལ་དུ་གཙང་རྟ་ནག་རྡོ ་ རྗེ ་ གདན་དུ་དགེ ་ འདུན་རྒྱ་མཚོ ་ སྐུ་བལྟམས་ཡོ ད ་ཅི ང ༌།  ཕྱི ་ ལོ ་   ༡༥༠༩  ལོ ར ་ཁོ ང ་གི ས ་ཆོ ས ་འཁོ ར ་རྒྱལ་ཕྱག་བཏབ་ནས་ཕྱི ་ ལོ ་   ༡༥༡༢  ལོ ར ་བཀྲ་ཤི ས ་ ལྷུན་པོ འ ་ི མཁན་པོ ་ དང༌།  ཕྱི ་ ལོ ་   ༡༥༡༧  ལོ ར ་གདན་ས་འབྲས་སྤུངས་ཀྱི ་ མཁན་པོ །   ཕྱི ་ ལོ་  ༡༥༢༦  ལོར་སེ་རྭ་དགོན་གྱི་མཁན་པོར་གྱུར།།

ཁོང་ནི་དགེ་ལུགས་པའི་སྤྲུལ་སྐུ་དང་པོར་ངོས་འཛིན་བྱས་ཡོད་པར་བརྟེན་ཆུང་བྱིས་པའི་དུས་

ནས་ཁོང་ལ་དམིགས་བསལ་གྱི་གཟིགས་སྐྱོང་ལེགས་པོ་ཐོབ་ཡོད་པ་འདྲ།  སྐབས་དེ་དུས་དགེ་ ལུགས་དར་ཁྱབ་ཀྱི་ཁ་གཏད་དུ་བཀའ་བརྒྱུད་པ་དང་བྱེ་བྲག་ཀརྨ་ཞྭ་དམར་པ་ལངས་ཏེ།  དེའི་རྒྱུད་ སྐུལ་ལྟར་གཙང་དམག་དབུས་ཀྱི་སྐྱིད་ཤོད་བར་སླེབས་ཏེ་དགེ་ལུགས་པ་རྣམས་སྨོན་ལམ་ཆེན་མོའ ་ི

ཚོགས་གྲལ་ནས་ཕྱིར་འབུད་བྱས།  གནད་དོན་དེ་དག་གིས་རྐྱེན་བྱས་ཏེ་དགེ་ལུགས་པ་རྣམས་

ནས་རང་གི་ཆོས་བརྒྱུད་ལ་གཙོ་འཛིན་ཞིག་དགོས་པ་གལ་ཆེར་རྟོགས་ཏེ་ཕྱི་ལོ་  ༡༥༡༧  ལོར་དགེ་ འདུན་རྒྱ་མཚོ་དགེ་ལུགས་པའི་བླ་གཙོའི་ཚུལ་དུ་འབྲས་སྤུངས་དགོན་པའི་མཁན་པོར་བསྐོ་གཞག་

དང༌།  ཁོ ང ་གི ་ འོ ག ་ལ་དགའ་ལྡན་དགོ ན ་པའི ་ མཁན་པོ ་ བསྐོ ་ གཞག་བྱས།  ལོ ་ དེ ་ ཉི ད ་དུ་དགེ ་ ལུགས་པ་རྣམས་ཀྱིས་སླར་ཡང་ལྷ་སའི་སྨོན་ལམ་གྱི་ཐད་ལྟ་རྟོག་བྱ་ཐུབ་པ་བྱུང་ཡོད།  དུས་དེ་ནས་ བཟུང་དགེ་ལུགས་པའི་གཙོ་འཛིན་ཏཱ་ལའི་བླ་མའི་ལོ་རྒྱུས་དབུ་ཚུགས།།


ཟུར་བྱང་དང་པོ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ།

95

ཕྱི་ལོ་  ༡༥༤༢  ལོར་དགེ་འདུན་རྒྱ་མཚོ་སྐུ་མྱ་ངན་ལས་འདས་རྗེས་ཕྱི་ལོ་  ༡༥༤༣  ལོར་

ཁོང་གི་ཡང་སྲིད་དུ་སྐྱིད་ཤོད ་དུ་བསོ ད ་ནམས་རྒྱ་མཚོ ་ སྐུ་འཁྲུངས།  སྐུ་བལྟམས་པའི་ ཉི ན ་ནས་ རང་བཞིན་གྱིས་དགེ་ལྡན་པའི་བླ་གཙོར་གྱུར།  དགུང་ལོ་བཅུར་  ༼ཕྱི་ལོ་  ༡༥༤༩༽  ཕེབས་ སྐབས་ཁོང་འབྲས་སྤུངས་དགོ ན ་པའི་ མཁན་པོ ར ་བསྐོ་གཞག་དང༌།  དགུང་ལོ ་བཅུ་དྲུག་  ༼ཕྱི ་

ལོ་  ༡༥༥༨༽  ཏུ་ཕེབས་སྐབས་སེ་རྭ་དགོན་པའི་མཁན་པོར་མངའ་གསོལ་བྱས།  ན་ཚོད་ལོན་ སྐབས་ཁོང་གི་ཆོས་བརྒྱུད་ཀྱི་དད་ལྡན་སྐྱེ་བོ་རྣམས་ཀྱིས་རེ་བཟང་བཅངས་ཡོད་པ་དང༌།  ཀརྨ་པའི་ ཆོས་བརྒྱུད་དང་འགྲན་བསྡུར་གྱི་ཚུལ་དུ་དགེ་ལུགས་པའི་ཆོས་བརྒྱུད་དར་སྤེལ་སླད་སོག་ཡུལ་དུ་

ཞབས་སོར་འཁོད།  ཕྱི་ལོ་  ༡༥༧༧  ལོར་ཁོང་གིས་དུས་དེའི་སྐབས་ཀྱི་གྲགས་ཅན་དཔའ་བོ་ཐུ་ མེད་ཨལ་ཏན་ཁང་རང་གི་ཆབ་འོག་ཏུ་བཅུག་ཡོད་པ་དང༌།  སོག་རྒྱལ་དེས་བསོད་ནམས་རྒྱ་མཚོར་ དད་གུས་ཤུགས་ཆེ་གནང་གི་ཡོད་ཅིང་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ།།

དུས་དེ་ནས་བཟུང་ཁོང་གི་ཡང་སྲིད་རིམ་བྱོན་རྣམས་ལ་ཏཱ་ལའི་བླ་མ་ཞེས་གྲགས་ཤིང༌།  མཚན་

གྱི་ཆ་ཤས་སུ་རྒྱ་མཚོ་ཞེས་ད་བར་རྒྱུན་ཆད་མེད་པར་ཡོངས་སུ་གྲགས།།

ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་ཕྱི་ལོ་  ༡༥༨༨  ལོར་དགོངས་པ་གཞན་དོན་དུ་ཕེབས་

ཡོ ད ་པ་དང༌།  ཁོ ང ་གི ་ ཡང་སྲི ད ་ཕྱི ་ ལོ ་   ༡༥༨༩  ལོ ར ་ཨལ་ཏན་ཁང་གི ་ སྤུན་ཉེ འི ་ ཁོ ང ས་སུ་སྐུ་ བལྟམས།  ཁོང་ནི་སོག་ཡུལ་དུ་སྐུ་བལྟམས་ཤི ང་ཏཱ་ལའི ་ བླ་མ་སྐུ་ཕྲེ ང་བཞི ་ པ་ཡོ ན ་ཏན་རྒྱ་མཚོ ་ ཡིན།  དགུང་ལོ ་བཅོ་ལྔར་ཕེ བ ས་སྐབས་བོ ད ་དུ་གདན་འདྲེ ན ་ཞུས་ནས་ནང་པའི ་ དགེ ་ སློ ང ་ཡང་

དག་ཅི ག ་ཏུ་གྱུར།  ཕྱི ་ ལོ ་   ༡༦༠༣  ལོ ར ་ཁོ ང ་འབྲས་སྤུངས་དང་སེ ་ རྭ་གཉི ས ་ཀྱི ་ མཁན་པོ ར ་

གྱུར།  ཁོང་གི་སྐུ་དུས་སུ་ཡང་དགེ་ལུགས་ཀྱི་བསྟན་པར་གཙང་དམག་གིས་བརྡབ་གསིག་བཏང་ ཡོ ད ་པ་དང༌།  ཕྱི ་ ལོ ་   ༡༦༡༠  ལོ ར ་ཀརྨ་ཕུན་ཚོ ག ས་རྣམ་རྒྱལ་གྱི ས ་དབུས་ཕྱོ ག ས་སུ་དམག་

དྲངས་པའི་རྐྱེན་གྱིས་ཕྱི་ལོར་མ་གཏོགས་ཏཱ་ལའི་བླ་མ་འབྲས་སྤུངས་སུ་ཞབས་སོར་འཁོད་ཐུབ་པ་ བྱུང་མེ ད །  ཕྱི ་ལོ ་   ༡༦༡༦  ལོ ར ་དགུང་གྲངས་ཉེ ར ་བརྒྱད་ལ་ཕེ བ ས་སྐབས་ཏཱ་ལའི ་ བླ་མ་ཡོ ན ་

ཏན་རྒྱ་མཚོ ་ སྐུ་མྱ་ངན་ལས་འདས་ཤི ང ༌།  ཕྱི ་ ལོ ་   ༡༦༡༧  ལོ ར ་ཡར་ཀླུང་འཕྱོ ང ས་རྒྱས་སུ་

སྙན་གྲགས་ཆེ ་ བའི ་ ྋརྒྱལ་དབང་ལྔ་པ་ཆེ ན ་པོ ་ ངག་དབང་བློ ་ བཟང་རྒྱ་མཚོ ་ སྐུ་བལྟམས།  ཁོ ང ་


96 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ལ་སྔགས་པ་ཆེ ན ་པོ ་ ཞེ ས ་ཀྱང་གྲགས།  ཕྱི ་ ལོ ་   ༡༦༢༢  དགུང་གྲངས་དྲུག་ཏུ་ཕེ བ ས་སྐབས་

འབྲས་སྤུངས་དང་སེ ་ རྭ་དགོ ན ་དུ་ཁྲི ར ་གསོ ལ ་མཛད།  ཁོ ང ་གི ་ སྐུ་ཐོ ག ་གོ ང ་མའི ་ སྐབས་ཀརྨ་པ་

དང་གཙང་དམག་གིས་དགེ་ལུགས་པར་བརྡབ་གསིག་ཇི་ལྟར་བཏང་ཡོད་པ་མུ་མཐུད་ནས་གནས་ ཡོ ད ་སྟབས་དགེ ་ ལུགས་ཆོ ས ་བརྒྱུད་ཀྱི ་ དར་ཁྱབ་ཐད་འགོ ག ་རྐྱེ ན ་ཆེ ན ་པོ ་ བྱས་ཡོ ད །  སྐབས་ དེ ་ དུས་ཏཱ་ལའི ་ བླ་མར་བརྩི ་ འཇོ ག ་ཆེ ན ་པོ ་ བྱེ ད ་མཁན་རྣམས་ནི ་ ཆོ ས ་ཕྱོ ག ས་ནས་པཎ་ཆེ ན ་ཆོ ས ་ ཀྱི ་ རྒྱལ་མཚན་ཡི ན ་པ་དང༌།  སྲི ད ་ཕྱོ ག ས་ནས་བསོ ད ་ནམས་རབ་བརྟན་  ༼བསོ ད ་ནམས་ ཆོས་འཕེལ།༽  ཡིན།  འགྱུར་ལྡོག་དང་འཕོ་འགྱུར་མང་པོའ ་ི རྗེས་དགེ་ལུགས་པའི་རྒྱབ་སྐྱོར་དུ་

སོག་པོ་ཨོ་རོད་  (Oirat)  ཀྱི ་ གོ ་ཤྲི ་ ཁང་  (Thorobeehu  Gushi  Gegen  Khan)  བྱུང་ཡོད ་པ་ དང༌།  ཁོས་ཕྱི་ལོ་  ༡༦༤༢  ལོར་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་ དབང་ཆ་ཚང་ཏཱ་ལའི ་ བླ་མར་ཕུལ་ཡོ ད ་ཅི ང ༌།  རྒྱལ་ཁབ་ཀྱི ་ དམག་དང་འབྲེ ལ ་བའི ་ གནད་དོ ན ་

གྱི ་ ཐད་ལྟ་རྟོ ག ་ཁོ ང ་ཉི ད ་ཀྱི ས ་བྱས་ཏེ ་ ཏཱ་ལའི ་ བླ་མ་སྐྱོ བ ་པ་པོ འ ་ི ཚུལ་དུ་གནས།  ཆོ ས ་ཕྱོ ག ས་

མི ན ་པའི ་ རྒྱལ་ཚབ་ཀྱི ་ ཚུལ་དུ་བསོ ད ་ནམས་ཆོ ས ་འཕེ ལ ་བསྐོ ་ གཞག་བྱས།  ཏཱ་ལའི ་ བླ་མ་རི མ ་ བྱོན་གྱིས་བོད་ས་ཡོངས་ལ་དབང་ལུང་བསྒྱུར་བའི་དུས་དེ་ནས་དབུ་ཚུགས་ཡོད་པ་དང༌།  དུས་

དེ་ཏཱ་ལའི་བླ་མའི་སྲིད་གཞུང་དབུ་བརྙེས་པའི་དུས་ལའང་ངོས་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་ཕྱི་

ལོ ་   ༡༦༥༤  ལོ ར ་འདས་གྲོ ང ས་མ་ཕྱི ན ་བར་གོ ་ཤྲི ་ ཁང་ནི ་ བོ ད ་ཀྱི ་ རྒྱལ་པོ ་ ངོ ་ མ་དེ ་ རེ ད །  ཕྱི ་

ལོ་  ༡༦༥༨  ལོར་བསོད་ནམས་ཆོས་འཕེལ་འདས་གྲོངས་སུ་ཕྱིན་རྗེས་ྋརྒྱལ་མཆོག་སྐུ་ཕྲེང་ལྔ་ པས་བོད་ས་ཡོངས་ཀྱི་རྒྱལ་སྲིད་ཐད་ཀར་སྐྱོང་གནང་མཛད།  ཕྱི་ལོ་  ༡༦༦༠  ལོར་གོ་ཤྲི་ཁང་གི་

སྲས་བསྟན་འཛིན་ད་ཡན་ཁང་ལ་ཏཱ་ལའི་བླ་མས་གོ་ས་ཞིག་སྩལ་ཡོད་ཀྱང་སྲས་དེར་བོད་ཡུལ་དབང་ སྒྱུར་དང་འབྲེལ་བའི་དབང་ཚད་གང་ཡང་མེད།  བསྟན་འཛིན་ད་ཡན་ཁང་གི་སྲས་བསྟན་འཛིན་

ཏཱ་ལའི་ཁང་ནི་དགེ་ལུགས་པའི་སྐྱབས་དང་ཡོན་བདག་ཙམ་ཞིག་ལས་གཞན་གང་ཡང་མིན།  དེ་ ལྟར་བྱས་ཏེ་ཏཱ་ལའི་བླ་མའི་སྲིད་དབང་སྲ་བརྟན་ཞིག་ཏུ་གྱུར་ཡོད་པ་དང༌།  ཕྱི་ལོ་  ༡༦༧༩  ལོར་ སངས་རྒྱས་རྒྱ་མཚོ་རྒྱལ་ཚབ་བམ་སྡེ་སྲིད་དུ་བསྐོ་གཞག་བྱས་རྗེས་ཏཱ་ལའི་བླ་མའི་སྲིད་གཞུང་གི་ དབང་ཚད་སྲ་བརྟན་ཅན་དེ་ལྡོག་ཏུ་མེད་པ་ཞིག་ཏུ་གྱུར།།


ཟུར་བྱང་དང་པོ། ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ།

97

ཕྱི ་ ལོ ་   ༡༦༤༢  ལོ ར ་ཏཱ་ལའི ་ བླ་མར་ཆབ་སྲི ད ་ཀྱི ་ དབང་ཚད་འབུལ་བཞེ ས ་བྱུང་སྐབས་

བསོད་ནམས་ཆོས་འཕེལ་སྡེ་སྲིད་དུ་བསྐོ་གཞག་བྱས་ཏེ།  ཆོས་ཕྱོགས་ཀྱི་ཐད་ཞབས་འདེགས་ ཤུགས་ཆེ་མཛད་པ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་  ༼ཕྱི་ལོ་  ༡༥༧༠  ནས་  ༡༦༦༢༽  མཆོག་

ལ་པཎ་ཆེན་བླ་མ་ཞེས་མཚན་གསོལ་དང་བསྟོད་བསྔགས་ཀྱང་ཤུགས་ཆེར་མཛད།  དེ་ནས་བཀྲ་ ཤིས་ལྷུན་པོའ ་ི ཁྲི་འཛིན་ཡང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་གནང་རྒྱུའི་ཐག་གཅོད་ཀྱང་བྱས་ཡོད་

པ་དེ ་ནི་ལོ་རྒྱུས་ནང་པཎ་ཆེ ན ་བླ་མ་ཞེ ས ་བྱུང་གཞི འི ་ ཐོ ག ་མ་དེ ་ ཡི ན །  པཎ་ཆེ ན ་བློ ་ བཟང་ཆོ ས ་

ཀྱི་རྒྱལ་མཚན་ནི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང༌།  ཁོང་གིས་ཕྱི་ལོ་  ༡༦༠༡  ནས་བཟུང་བཀྲ་

ཤི ས ་ལྷུན་པོ འ ་ི དགོ ན ་པའི ་ ཁྲི ་ འཛི ན ་གནང་ཡོ ད ་ཅི ང ༌།  ཕྱི ་ ལོ ་   ༡༦༡༧  ནས་  ༡༦༢༡  བར་ སེ ་ རྭ་དང་འབྲས་སྤུངས་དགོ ན ་གཉི ས ་ཀྱི ་ མཁན་པོ ་ གནང༌།  ཁོ ང ་གི ས ་ཏཱ་ལའི ་ བླ་མ་སྐུ་ཕྲེ ང ་

བཞི་པ་དང་ལྔ་པ་གཉིས་ལ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་ཞབས་ཞུ་བསྒྲུབས།  ཁོང་ བཀྲ་ཤིས་ལྷུན་པོའི་ ཁྲིར་མ་ཕེབས་གོང་དགོན་པ་དེའི་ཁྲི་འཛིན་གདན་ས་དགའ་ལྡན་གྱི་ཁྲི་ འཛི ན ་ལྟར་འདེ མ ས་སྒྲུག་བྱེ ད ་སྲོ ལ ་ཞི ག ་ཡོ ད །  འོ ན ་ཀྱང་གཙང་ཕྱོགས་སུ་དགེ ་ ལུགས་ཀྱི ་ བསྟན་པ་སྲ་བརྟན་དང་འབྲེ ལ ་བའི ་ ཆབ་སྲི ད ་ཀྱི ་ གནད་དོ ན ་ལ་གཞི ག ས་ཏེ ་ པཎ་ཆེ ན ་རི མ ་བྱོ ན ་

བཀྲ་ཤིས་ལྷུན་པའི་ཁྲི་འཛི ན ་དུ་བསྐོ་གཞག་བྱས་པ་ཡིན་སྲིད།  ཕྱིས་སུ་མཁས་གྲུབ་དགེ་

ལེ ག ས་དཔལ་བཟང་  ༼ཕྱི ་ ལོ ་   ༡༣༨༥  ནས་  ༡༤༣༨༽  དང༌།  བསོ ད ་ནམས་ཕྱོ ག ས་ ཀྱི ་ གླང་པོ །   ༼ཕྱི ་ ལོ ་   ༡༤༣༩  ནས་  ༡༥༠༤༽  དབེ ན ་ས་པ་བློ ་ བཟང་དོ ན ་གྲུབ་  ༼ཕྱི ་

ལོ་  ༡༥༠༥  ནས་  ༡༥༦༥  འམ་  ༡༥༦༥/༦༽ བཅས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ སྐུ་ཕྲེང་དུ་ངོས་འཛིན་བྱས།།*

སྐབས་འགར་པཎ་ཆེ ན ་བླ་མ་རི མ ་བྱོ ན ་གྱི ་ སྐུ་ཐོ ག ་དང་པོ ་ ས་པཎ་ཀུན་དགའ་རྒྱལ་མཚན་

དང༌།  གཡུང་སྟོན་རྡོ་རྗེ་དཔལ་ཡིན་ཞེས་བརྗོད་སྲོལ་ཞིག་ཡོད་ཀྱང༌།  དེ་ནི་ཕྱིས་སུ་གསར་དུ་དར་ བའི་བརྩི་སྲོལ་ཞིག་ཡིན།།**

*  རྩི་སྟངས་འདི་ཡི་དབང་དུ་བྱས་ན་པཎ་ཆེན་བློ་བཟང་ཆོས་རྒྱན་པཎ་ཆེན་སྐུ་ཕྲེང་བཞི་པ་ཡིན།  ༼སྒྱུར་བ་པོའ ་ི མཆན།༽ **  འདི་ནི་འཁྲུངས་རབས་ཀྱི་དབང་དུ་བྱས་པ་ཡིན་ན་ལས་སྐུ་ཕྲེང་གི་དབང་དུ་བྱས་པ་ཞིག་གཏན་ནས་མིན།  ༼སྒྱུར་བ་ པོའ ་ི མཆན།༽


98 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ཡང་བཤད་སྲོལ་གཞན་ཞིག་ལ་པཎ་ཆེན་བླ་མ་ནི་རྒྱལ་རོགས་ལྟ་བུར་བརྩི་སྲོལ་ཡོད་ཀྱང་

བོད་ནང་དེ་ལྟའི་ཆབ་སྲིད་ལམ་ལུགས་ཤིག་གཏན་ནས་མེད།  ཕྱིས་སུ་རྒྱ་ནག་ཆིང་རྒྱལ་རབས་ ཀྱིས་བོད་ས་དབུས་དང་གཙང་གཉིས་དུམ་བུར་བཏང་སྟེ་དབང་སྒྱུར་གྱིས་རང་གི་ཆབ་སྲིད་བཀོད་ བྱུས་འོག་འཇུག་ཐབས་སུ་པཎ་ཆེན་བླ་མ་ནི་རྒྱལ་རོགས་ཡིན་པ་ལྟ་བུར་བརྩིས་པ་རེད།།

ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་རྣམ་གཉིས་གཅིག་གིས་གཅིག་ལ་ཕན་ཚུན་བླ་མ་དང་སློབ་མའི་

ཚུལ་དུ་བཞུགས་ཡོད་ཀྱང༌།  ཆོས་ཕྱོགས་ཀྱི་གནས་བབ་དང་གནད་དོན་ལ་ཐུག་ཚེ་ཏཱ་ལའི་བླ་མ་ གོང་མ་དང་པཎ་ཆེན་བླ་མ་འོག་མ་ཡིན།  ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མའི་གོ་གནས་ད་བར་ཡང་ སྤྲུལ་ཁྱེའུ་ངོས་འཛིན་གྱི་ལམ་ནས་ཕེབས་ཤིང་ཤུལ་འཛིན་བྱེད་བཞིན་པ་རེད།།  །།


ཟུར་བྱང་གཉིས་པ། དེ་མོའ ་ི དོན་རྐྱེན། V ༄།  །རྒྱལ་ཚབ་རྟ་ཚག་ཧོ ་ ཐོ ག ་ཐུ་ཕྱི ་ ལོ ་   ༡༨༨༦  ལོ འ ་ི ཟླ་བ་  ༦  པའི ་ ཚེ ས ་  ༩  ཉི ན ་སྐུ་

མྱ་ངན་ལས་འདས་རྗེ ས ་བསྟན་རྒྱས་གླི ང ་གི ་ མཁན་པོ ་ དེ ་ མོ ་ ཧོ ་ ཐོ ག ་ཐུ་རྒྱལ་ཚབ་ཏུ་བསྐོ ་ གཞག་ བྱས།  བསྟན་རྒྱས་གླིང་ནི་ྋརྒྱལ་དབང་རིམ་བྱོན་སྐུ་ན་ཆུང་དུས་སྐབས་རྒྱལ་ཚབ་ཀྱི་ཞབས་ཞུ་

སྒྲུབ་མཁན་གླིང་ཆེ་ཁག་བཞིའི་ནང་གསེས་ཤིག་ཡིན།  དེ་རྗེས་ཕྱི་ལོ་  ༡༨༩༥  ལོར་ྋརྒྱལ་མཆོག་ སྐུ་ཕྲེང་བཅུ་གསུམ་པ་དགུང་གྲངས་ཉི་ཤུར་ཕེབས་ནས་དགེ་སློང་གི་བསླབ་སྡོམ་བཞེས་གྲུབ་རྗེས་དེ་

མོ་རྒྱལ་ཚབ་ཀྱི་ལས་གནས་ནས་ཕྱིར་འཐེན་བྱས།  སྲོལ་རྒྱུན་ལྟར་ན་ྋརྒྱལ་དབང་རིམ་བྱོན་དགུང་ གྲངས་བཅོ་བརྒྱད་དུ་ཕེབས་སྐབས་རྒྱལ་ཚབ་ཀྱིས་ྋརྒྱལ་དབང་མཆོག་ལ་ཆབ་སྲིད་ཀྱི་དབང་ཚད་

རྣམས་འབུལ་དགོས་ཀྱང༌།  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་གྱི་སྐབས་ཆབ་སྲིད་ཀྱི་དབང་ཚད་ འབུལ་བཞེས་ཀྱི་ཐད་དུས་འགྱངས་བྱུང་ཡོད།།

ཡོངས་གྲགས་སུ་དེ་མོའ ་ི ཚ་བོ་ནོར་བུ་ཚེ་རིང་གིས་རང་གི་མཐུན་གྲོགས་དང་བོད་སྡོད་ཨམ་

བན་གྱི་རོགས་སྐྱོར་ལ་བརྟེན་ནས་ྋགོང་ས་ཏཱ་ལའི་བླ་མ་གནས་དབྱུང་བཏང་སྟེ་དེ་མོའ ་ི སྲིད་གཞུང་ ཞིག་འཛུགས་རྒྱུའི་གྲོས་ངན་བཅངས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང༌།  དེ་ལྟའི་སྐབས་

ྋགོང་ས་ཏཱ་ལའི་བླ་མར་ངན་སྔགས་འདེབས་རྒྱུའི་བྱུས་ངན་གསལ་ཐོན་བྱུང།  ྋརྒྱལ་དབང་མཆོག་ གི་མཛད་རྣམ་ངོ་མཚར་རིན་པོ་ཆེའི་ཕྲེང་བའི་ནང་ྋགོང་ས་ཏཱ་ལའི་བླ་མའི་གཟིམ་ལམ་རྣམས་ལ་རྙིང་ མའི་དགེ་འདུན་པ་ཞིག་གིས་བརྟག་དཔྱད་གནང་བའི་བྱུང་འབྲས་ལ་གཞིགས་རྗེས་ྋགོང་ས་ཏཱ་ལའི་

བླ་མ་ཐུགས་བློ་མི་བདེ་བ་བྱུང་སྟེ་ཁོང་གིས་གནས་ཆུང་ཆོས་རྗེར་བཀའ་འདྲི་གནང་སྐབས་གནས་ཆུང་

གིས་སྐུ་ཕྱྭར་གནོད་པ་རྩོམ་པའི་བྱུས་ངན་ཞིག་ཡོད་པའི་གསང་བརྡ་གནང་ཞེས་འཁོད་འདུག  དེ་


100 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

རྗེས་འཚོལ་ཞིབ་བྱེད་སྐབས་སྐུ་ཕྱྭར་གནོད་པ་གཏོང་བའི་ཤོག་རིལ་གྱི་སྟེང་ངན་སྔགས་བྲིས་པ་འགའ་ ྋགོང་ས་ཏཱ་ལའི་བླ་མའི་ཞབས་ལྷམ་གྱི་ནང་དང་སྒ་ཁེབས་འོག་ནས་ཐོན་ཡོད།  དེ་དུས་ཆབ་སྲིད་ཀྱི་

དབང་ཚད་ཡོངས་རྫོགས་ྋགོང་ས་ཏཱ་ལའི་བླ་མའི་ཕྱག་ན་ཡོད་སྟབས་ཁོང་གིས་ལམ་སེང་དོགས་པ་ ཡོད་པའི་སྐྱེས་བུ་རྣམས་ལ་དྲི་བརྩད་བྱ་དགོས་པའི་བཀའ་མངགས་གནང༌།  དྲི་བརྩད་སྐབས་སྲིད་ སྐྱོང་ཟུར་པ་དེ་མོའ ་ི བཀོད་འདོམས་འོག་ཁམས་ཉག་རོང་གི་བླ་མ་ཞིག་གིས་ལས་དེ་བརྩམས་ཡོད་

པའི་ར་འཕྲོད་གསལ་པོ་བྱུང་།  དེ་ནས་ྋགོང་ས་ཏཱ་ལའི་བླ་མས་སྲིང་སྐྱོང་ཟུར་པ་དང་ཁོང་གི་སྤུན་ ཉེ་རྣམས་འཛིན་བཟུང་བྱ་དགོས་པའི་བཀའ་ཕབ་གནང་སྟེ་ཁོང་ཚོ་བཙོན་འཇུག་བྱས།  ཁོང་རྣམས་ ཀྱི་ཐད་ཉེས་པ་ཆེན་པོ་བཀལ་ཡོད་པས་རིང་པོར་མ་སོང་བར་ཚང་མ་བཙོན་ཁང་ནང་འདས་གྲོངས་སུ་ ཕྱིན།  དེ་མོའ ་ི རྒྱུ་དངོས་རྣམས་གཞུང་བཞེས་དང་བསྟན་རྒྱས་གླིང་བླ་བྲང་གི་ས་གཞིས་རྣམས་བླ་

བྲང་གཞན་རྣམས་ཀྱི་བར་ལ་བགོས་ཏེ་བླ་བྲང་བོད་གཞུང་གི་བདག་སྐྱོང་འོག་བསྡུ་འཇུག་བྱས།  དོན་ རྐྱེན་དེ་ནི་ྋགོང་ས་ཏཱ་ལའི་བླ་མ་དང་བསྟན་རྒྱས་གླིང་བླ་བྲང་ལ་དགའ་མོས་ཅན་གྱི་སྐྱེས་བུ་རྣམས་ཀྱི་

བར་འགལ་ཟླ་བྱུང་རྐྱེན་དེ་ཡིན།  དུས་དེ་ནས་བཟུང་སྐྱེས་བུ་འགས་ྋགོང་ས་ཏཱ་ལའི་བླ་མའི་མཛད་ ཕྱོགས་དེར་སྐྱོན་བརྗོད་བསྟུད་མར་བྱས་ཡོད།།  །།


འདུལ་བའི་ཡོ་ཆས་ཁག

༡༽  རྣམ་སྦྱར་ཉེར་ལྔ།

༡༽  ཏཱ་དྷཱས་དགེ་སློང་གི་བསླབ་སྡོམ་བཞེས་སྐབས་ᨊརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་མཆོག་གིས་སྩལ་བའི་

འབྲེལ་ཡོད་དཔར་རིས་ཁག་ཅིག


102 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༢༽  བླ་གོས།

༣༽  མཐང་གོས།

༢༽  ཏཱ་དྷཱས་དགེ་སློང་གི་བསླབ་སྡོམ་བཞེས་སྐབས་ᨊརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ མཆོག་གིས་སྩལ་བའི་འདུལ་བའི་ཡོ་ཆས་ཁག


འབྲེལ་ཡོད་དཔར་རིས་ཁག་ཅིག

103

༤༽  རྒྱུ་ལྕགས་ལས་གྲུབ་པའི་ལྷུང་བཟེད།

༥༽  འཁར་གསིལ།

༣༽  ཏཱ་དྷཱས་དགེ་སློང་གི་བསླབ་སྡོམ་བཞེས་སྐབས་ᨊརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ མཆོག་གིས་སྩལ་བའི་འདུལ་བའི་ཡོ་ཆས་ཁག


104 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༤༽  ᨊརྒྱལ་དབང་མཆོག་གིས་བཞེངས་གནང་མཛད་པའི་རྗེ་ཡབ་སྲས་གསུམ་གྱི་ཞལ་ཐང།


འབྲེལ་ཡོད་དཔར་རིས་ཁག་ཅིག

105

༥༽  ཏཱ་དྷཱ་ལྷ་ས་ནས་ཐོན་སྐབས་ᨊརྒྱལ་དབང་མཆོག་གིས་སྩལ་བའི་ཕྱག་རྗེས་དང་ཕྱག་ཐམ་ འཁོད་པའི་ཞལ་ཐང།


106 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༥༽  ཕྱི་ལོ་  ༡༩༠༥  ལོར་རྒྱལ་དབང་མཆོག་སོག་ཡུལ་དུ་ཕེབས་བཞུགས་གནང་སྐབས་ བསྒྲོན་པའི་སྐུ་དཔར།*

*  སྐུ་དཔར་འདི་མཛད་རྣམ་འདིའི་མདུན་ཤོག་ན་འཁོད་པའི་སྐུ་དཔར་དང་དུས་མཚུངས་སུ་ཕྱི་ལོ་  ༡༩༡༠  ལོར་རྒྱ་གར་ གྱི་གྲོང་འཁྱེར་ཀ་ལི་ཀ་ཏར་བསྒྲོན་པ་ཞིག་གོ  །  ༼སྒྱུར་བ་པོའ ་ི མཆན།༽


འབྲེལ་ཡོད་དཔར་རིས་ཁག་ཅིག

107

༧༽  ཕྱི་ལོ་  ༡༩༡༡  ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྡོར་གླིང་དུ་སྐུ་བཞུགས་ གནང་སྐབས་བསྒྲོན་པའི་སྐུ་དཔར་ཞིག


108 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༨༽  ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནོར་གླིང་ཕོ་བྲང་དུ་སྐུ་བཞུགས་གནང་སྐབས་ ཕྱི་ལོ་  ༡༩༣༠  ལོར་བསྒྲོན་པའི་སྐུ་དཔར་ཞིག


༩༽  ཕོ་བྲང་པོ་ཏ་ལའི་ནུབ་སྒོ་མཆོད་རྟེན་བྲག་སྒོ་ཀཀྣི།

འབྲེལ་ཡོད་དཔར་རིས་ཁག་ཅིག

109


༡༠༽  ཕོ་བྲང་པོ་ཏ་ལ།

110 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག


༡༡༽  གྲོང་ཁྱེར་ལྷ་སའི་ཕྱོགས་ནས་མཇལ་བའི་ཕོ་བྲང་པོ་ཏ་ལ།

འབྲེལ་ཡོད་དཔར་རིས་ཁག་ཅིག

111


112 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༡༢༽  ཕོ་བྲང་པོ་ཏ་ལའི་སྐུ་རྒྱབ་ན་ཆགས་པའི་ཀླུ་ཁང།


༡༣༽  བྷུན་ཀྱོ་ཡིས་གདན་འདྲངས་པའི་ᨊརྒྱལ་དབང་མཆོག་གི་ཕེབས་བྱམས།

འབྲེལ་ཡོད་དཔར་རིས་ཁག་ཅིག

113


བཞུགས་བཞིན་པའི་སྐུ་དཔར།

༡༤༽  སྤྱི་ཁྱབ་མཁན་པོ་དང་སེར་མོ་བ་ཁག་ཅིག་ནོར་གླིང་ཕོ་བྲང་དུ་ཆགས་པའི་༸རྒྱལ་དབང་མཆོག་གི་གཟིགས་ཤག་གི་ཕྱི་ངོས་ན་

114 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག


༡༥༽  ནོར་གླིང་ཕོ་བྲང་དུ་ཆགས་པའི་ᨊརྒྱལ་དབང་མཆོག་གི་གཟིམ་ཤག

འབྲེལ་ཡོད་དཔར་རིས་ཁག་ཅིག

115


༡༦༽  ᨊརྒྱལ་དབང་མཆོག་སོག་ཡུལ་དུ་ཉེན་གཡོལ་ཕེབས་སྐབས་ལམ་བར་ནས་གནས་སྐབས་རིང་སྐུ་བཞུགས་གནང་ཡུལ་རྭ་སྒྲེང་དགོན།

116 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག


༡༧༽  དགེ་ལུགས་ཀྱི་དགོན་གཙོ་དགའ་ལྡན།

འབྲེལ་ཡོད་དཔར་རིས་ཁག་ཅིག

117


༡༨༽  གྲོང་ཁྱེར་ལྷ་སའི་དབུས་སུ་ཆགས་པའི་ཇོ་ཁང་།

118 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག


གསུང་ཆོས་གནང་གི་ཡོད།

༡༩༽  ཇོ་ཁང་གི་མདུན་ནས་དགའ་ལྡན་ཁྲི་པས་གསུང་ཆོས་གནང་བཞིན་པའི་དཔར་རིས།  གནས་འདིར་ᨊརྒྱལ་དབང་མཆོག་གིས་ཀྱང་

འབྲེལ་ཡོད་དཔར་རིས་ཁག་ཅིག

119


120 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༢༠༽  ᨊརྒྱལ་དབང་མཆོག་རྒྱ་གར་དུ་བྲོས་བྱོལ་ཕེབས་སྐབས་རྒྱལ་ཚབ་ཀྱི་ཐུགས་འགན་ བཞེས་མཁན་ཚེ་སྨོན་གླིང་གི་བླ་སྤྲུལ།


འབྲེལ་ཡོད་དཔར་རིས་ཁག་ཅིག

༢༡༽  ཕྱི་ལོ་  ༡༩༢༣  ལོར་སྒྲོན་པའི་བོད་ཀྱི་དམག་སྤྱི་ཚ་རོང་གི་སྐུ་དཔར།

121


122 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༢༢༽  ནོར་གླིང་ཕོ་བྲང་གི་རྒྱབ་ངོས་སུ་ཆགས་པའི་བོད་ཀྱི་དམག་སྒར་ཞིག

༢༣༽  ཉི་ཧོང་གི་ལུགས་སུ་དམག་སྦྱོང་གནང་བཞིན་པའི་སྐུ་སྲུང་དམག་སྒར།


འབྲེལ་ཡོད་དཔར་རིས་ཁག་ཅིག

123

༢༤༽  ཕྱི་ལོ་  ༡༩༢༠  ལོར་བསྒྲོན་པའི་བོད་དམག་གི་དཔོན་རིགས་ཁག་ཅིག་གི་དཔར་རིས།

༢༥༽  བཀའ་བློན་ལྷན་རྒྱས་དང་དབྱིན་ཇིའི་ས་གཏེར་སྔོག་འདོན་པ་ཁག་ཅིག


124 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག

༢༦༽  རྩོམ་པ་པོ་ལྷ་སར་བཞུགས་སྐབས་དབྱིན་ཇིའི་དམག་དཔོན་ཞིག་དང་ལྷན་དུ་བསྒྲོན་པའི་ སྐུ་དཔར།


༢༧༽  ཡཱ་སུ་མཱ་ས་  ཕུ་ཀཱུ་ཤི་མར་ཐུང་མདའ་ཞིག་བསྐུར་གནང་བྱུང་བ་དེ་ལག་སོན་བྱུང་ཞེས་འཁོད་པའི་ᨊརྒྱལ་དབང་མཆོག་གི་ཕྱག་བྲིས།

འབྲེལ་ཡོད་དཔར་རིས་ཁག་ཅིག

125


༢༨༽  ལྷ་ས་དཔར་མའི་བཀའ་འགྱུར་ནང་གི་བྱེ་བྲག་སྡེ་གསུམ་གྱི་འདུལ་བའི་པོད་ཀྱི་ཤོག་ལྷེ་དང་པོ་དང་གཉིས་པའི་ངོ་བཤུས།

126 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག


༢༩༽  ᨊརྒྱལ་དབང་མཆོག་གིས་ཏཱ་དྷཱར་སྩལ་བའི་ཕྱག་བྲིས་ཀྱི་ཤོག་ལྷེ་དང་པོ་དང་མཐའ་མའི་ངོ་བཤུས།

འབྲེལ་ཡོད་དཔར་རིས་ཁག་ཅིག

127


༣༠༽  ༸རྒྱལ་དབང་མཆོག་གི་མཛད་རྣམ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཅེས་བྱ་བའི་པོད་ཀྱི་ཤོག་ལྷེ་དང་པོ་དང་གཉིས་པའི་ངོ་བཤུས།

128 ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག




Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.