བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། (སྨད་ཆ།)

Page 1

བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་ སྲིད་མི་སྣ་ངོ་སྤྲོད། སྨད་ཆ། རྩོམ་པ་པོ། རེ་མདོ་སེངྒེ། ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས།
རྩོམ་པ་པོ། རེ་མདོ་སེངྒེ། ཞུ་དག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། དཔར་ཐེངས་དང་པོ། ༢༠༢༠ དེབ་གྲངས། ༡༠༠༠ དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ bodyiglobjong.com ནས་ལྟ་ཀློག་ དང་ཕབ་ལེན་བྱེད་ཐུབ། Special Acknowledgement Funded by:DANIDA through CICED ལོ་རྒྱུས་ཀྱི་འདོད་ཚུལ་ཁག་རྩོམ་པ་པོའ་དགོངས་པ་ཡིན་པ་ ལས་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།

DEPARTMENT OF EDUCATION Central Tibetan Administration

Cable: SHERIG

Phone: +91-1892-222572/222721

Fax: +91-1892-223481

Email: Education@tibet.net Web: www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད། ༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་ བྱུང་བ་དང་། ཕྱི་ནང་གི་དཀའ་ཚེགས་རབ་དང་རིམ་པར་གདོང་ལེན་བྱེད་དགོས་བྱུང་ བའི་བརྒྱུད་རིམ་ཁྲོད། ཕྱི་ལོ་ ༡༩༦༠ ལོར་ཤེས་རིག་ལས་ཁུངས་ཆེད་འཛུགས་ཀྱིས། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་དང་། གནའ་དེང་ཟུང་འབྲེལ་ གྱི་ཤེས་ཡོན་སྤྲོད་སྤེལ་ཆེད། བསླབ་གཞི་སྒྱུར་བཟོ་དང་སློབ་དེབ་པར་སྐྲུན་སོགས་གང་ ཐུབ་ཞུས། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ གཏན་ལ་ཕབ་ཅིང་། ཕྱི་ལོ་ ༢༠༡༠ ནས་བཟུང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ དང་མཐུན་པའི་སྔོན་འགྲོ་དང་། གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་རྩ་ འཛིན་གཏན་འབེབས་དང་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་ ཁག་ཏུ་ལག་བསྟར་རིམ་པར་ཞུས། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཙོས་རང་རིགས་ ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་ གཏོང་སླད་ལོ་ལྟར་སྒྲུང་དེབ་དང་ཀློག་དེབ་སྣ་ཚོགས་འདོན་སྤེལ་ཞུ་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་ཀིརྟི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་ དཔོན་རེ་མདོ་སེངྒེ་ལགས་ཀྱིས། <<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའ་ཞབས་རྗེས་
འཚོལ་བ།>> ཞེས་པའི་དེབ་ཕྲེང་བཅུ་སྔ་ཕྱིར་དཔར་འགྲེམས་ཞུས་པར། ཀློག་པ་པོ་ མང་དག་ཅིག་ལ་ཕན་ཐོགས་གང་ལེགས་བྱུང་ཡོད། ད་ལན་སླར་ཡང་འདི་ལས་ནས་ འབོད་སྐུལ་ཞུས་པ་ལྟར། <<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པའི་དེབ་ཕྲེང་གསུམ་རྩོམ་འབྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་ མ་དང་འདྲ། ཡབ་མེས་ཀྱི་ཆེ་དགེའི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་ འདྲ། ཞེས་གསུངས་པ་བཞིན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་ན་བོད་མི་རིགས་ཀྱི་ བདེན་དོན་རྩོད་ལེན་བྱ་ཐབས་མེད་པས། རང་རིགས་བློ་གསར་གཞོན་ནུ་རྣམས་ཀྱིས་ ངེས་པར་དུ་བོད་ཀྱི་ལོ་རྒྱུས་ལྟ་ཀློག་བྱེད་པ་དང། སྔོན་བྱོན་ཡབ་མེས་རྣམས་ཀྱི་མཛད་ བཟང་ལ་སློབ་སྦྱོང་བྱས་ཏེ། རིགས་དང་མཐུན་པའི་ལས་བརྩམ་རྒྱུར་སྤྲོ་སྣང་དང་སྙིང་ སྟོབས་ཆེར་བསྐྱེད་གནང་དགོས། དེབ་ཕྲེང་གསུམ་པོ་འདི་དག་གི་བརྗོད་བྱ་ནི་དངོས་བྱུང་མི་སྣའི་ལོ་རྒྱུས་ཤ་སྟག་ ཡིན་ནའང་། རྗོད་བྱེད་ནི་ལོ་རྒྱུས་དེབ་ཐེར་འབྲི་ཐབས་ཀྱི་རྒྱ་ལས་བརྒལ་ཏེ། གཙོ་བོ་ ན་ཆུང་བློ་གསར་རྣམས་ལ་གོ་བདེ་ཡོང་ཆེད་གཏམ་རྒྱུད་ཀྱི་ལམ་ནས་བྲིས་ཡོད་པས། ཀློག་བདེ་བ་དང་ནང་དོན་རྟོགས་སླ་བའི་ཐུན་མིན་ཁྱད་ཆོས་ལྡན་ཡོད་ན། རྒྱ་ཆེའི་ ཀློག་པ་པོ་རྣམས་ལ་ཕན་རླབས་ཆེན་པོ་འབྱུང་ངེས་ཡིན། འདིར་བཀོད་མི་སྣ་རྣམས་ ཀྱི་ལོ་རྒྱུས་གནད་ཆེ་གང་ཐུབ་ཟུར་འདོན་གནང་ཐབས་ཞུས་འདུག་མོད། ད་དུང་ཡང་ ཆད་ལྷག་དང་ནོར་འཛོལ་འབྱུང་བ་ཡོད་སྲིད་ན། ལེགས་སྤེལ་ཉེས་འགོག་གི་དགོངས་ འཆར་ཇི་ཡོད་འདི་ལས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ ཉིན། ཤེས་རིག་ལས་ཁུངས་ནས།
དཀར་ཆག ཆེད་བརྗོད།........................................................................................................ III གླེང་བརྗོད། ....................................................................................................... VII དང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ངོ་སྤྲོད། ............................................................... 1 སྤྱང་གྲུང་འཛོམས་པའི་གཞོན་ནུ་མཁས་པ། ................................................................ 4 བོད་ནི་ལོ་རྒྱུས་ཀྱི་ཆེ་མཐོང་ལྡན་པ་ཞིག་ཡིན་པ་གསལ་འདོན་མཛད།........................... 11 བོད་ཀྱི་སྐྱེ་འགྲོ་རྣམས་སོག་དམག་གི་འཇིགས་པ་ལས་བསྐྱབས་པ། ............................ 19 སེ་ཆེན་ཁཱང་གིས་དབུ་བླར་བཀུར། ........................................................................ 24 ཆོས་བརྒྱུད་ཐམས་ཅད་མཉམ་གནས་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་པ། 29 བོད་ཡུལ་གྱི་ཤེས་ཡོན་འཕེལ་རྒྱས་མཛད་པ། ......................................................... 32 གཉིས་པ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ངོ་སྤྲོད། .............................................................. 43 མི་རྒྱུད་ཀྱི་མཚན་མཐོང་སྲུང་སྐྱོབ། ......................................................................... 46 ཕག་གྲུ་སྲིད་པས་བསྐོས་པའི་གངས་རི་ཡིན།........................................................... 53
བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་དུ་ཕེབས་པ། ............................................... 61 གཞན་གྱི་བཙན་ཤེད་ལ་མགོ་མི་སྒུར་བའི་སྙིང་སྟོབས་ཅན། 71 རྒན་མོ་གསེར་ཁུར་གྱི་དུས་རབས། ........................................................................ 80 གསུམ་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ངོ་སྤྲོད། 89 མི་ཚེའི་གྲ་སྒྲིག ................................................................................................. 92 ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ། ................................................................... 100 ལྔ་པ་དྲུག་པར་འཕོས་པའི་གསང་རྒྱ། ................................................................... 108 གསང་རྒྱའི་འོག་གི་འཛུགས་སྐྲུན།.........................................................................116 བཞི་པ། བཤད་སྒྲ་དབང་ཕྱུག་རྒྱལ་པོ། བཤད་སྒྲ་དབང་ཕྱུག་རྒྱལ་པོའ་ངོ་སྤྲོད། ................................................................ 125 ཆབ་སྲིད་ཆོས་ལུགས་དང་ཡ་མ་བྲལ་བར་གནང་ཡོད། ........................................... 129 དཔོན་གནས་དཀྱུས་མ་ཞིག་ནས་ལས་ཚན་རིམ་འཛེགས་ཀྱིས་ཕྱིན་པ། ..................... 132 བཀའ་བློན་དང་ཞབས་སྡོད་ནས་གནས་དབྱུང་བཏང་བ། 139 དགོན་པའི་སློབ་སྦྱོང་གི་ཤ གས་རྐྱེན་ཐེབས་པའི་ཆབ་སྲིད་མི་སྣ། ............................... 146 བཙོན་ཁང་ནས་ཐོན་རྗེས་ཀྱི་ལས་འགུལ། ............................................................. 151 སྡེ་སྲིད་བཤད་སྒྲ་ཞེས་མཚན་སྙན་ཆེན་པོར་གྱུར་པ། ............................................... 158 ཐུགས་རྗེ་ཆེ་ཞུ། ................................................................................................ 163
VII གླེང་བརྗོད། ༄༅། །<<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པ། སྟོད་ཆ་དང། བར་ཆ། སྨད་ཆ་གསུམ་གྱི་བདག་ཉིད་དུ་བསྐྲུན་པའི་ཀློག་དེབ་ འདི་དག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ ལྟར། འདས་པའི་ལོ་ཤས་ཀྱི་དུས་ཚོད་སྟོང་པ་དག་གི་ནང་དུ་རྩོམ་འབྲི་བྱས་ པ་ཞིག་ཡིན། ཀློག་དེབ་འདི་དག་གི་དམིགས་ས་གཙོ་བོ་ནི། བོད་ཀྱི་གཞི་ རིམ་སློབ་གྲྭའི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་ཕྲུག་རྣམས་ཡིན་ལ། བོད་ཕྱི་ ནང་གཉིས་ཀར་བོད་ཀྱི་བསམ་སྤྱོད་དང་གོམས་གཤིས། སེམས་ཁམས་ བཅས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་ཀློག་དེབ་འདང་ངེས་ཤིག་མེད་པའི་ སྟོང་ཆ་སྐོང་བའི་དོན་དུ་ཡང་ཡིན། ཀློག་དེབ་འདི་དག་འབྲི་བའི་སྐབས་སུ་བརྡ་ཆད་རེ་རེ་བ་དང། དེ་དག་ སྦྲེལ་བའི་ཚིག་གི་བརྗོད་པ། ནང་དོན་གྱི་བསམ་བློ། བྱུང་བ་འགོད་ལུགས་ བཅས་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་དང་རྩོམ་གཤིས་དབང་བཙན་པ་ མ་བྱས་པར། ཅི་ཐུབ་གང་ཐུབ་ཀྱིས་ཆེད་དུ་དམིགས་སའི་གཞི་རིམ་བར་མ་ དང། གཞི་རིམ་གོང་མའི་ན་གཞོན་སློབ་ཕྲུག་དག་གི་ཤེས་ཡོན་གྱི་གནས་ ཚད་དང་འཚམས་པོ་ཡོང་བར་འབད་བརྩོན་བྱས་ཡོད། ཀློག་དེབ་འདི་དག་གིས་ཀློག་པ་པོའ་སྐད་ཡིག་གི་གནས་ཚད་ཡར་
VIII རྒྱས་འགྲོ་བར་ཤ གས་རྐྱེན་ངེས་ཅན་འདོན་ཐུབ་པའི་ཐོག བོད་ཀྱི་ལོ་རྒྱུས་ ཐོག་བྱུང་བའི་ཆོས་སྲིད་རིག་གནས་དང་བཅས་པའི་གནས་སྟངས་མང་པོ་ ཞིག་དང། མིག་ལྟོས་འོས་པའི་མི་སྣ་གྲགས་ཅན་མང་པོ་ཞིག་གི་མི་ཚེའི་ བྱུང་རིམ། ཁོང་རྣམ་པས་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐད་ལ་དགོངས་ པ་བཞེས་ཚུལ། འགལ་རྐྱེན་དང་དཀའ་ཁག་རིགས་ལ་གདོང་ལེན་ཇི་ལྟར་ མཛད་པ། ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་ཅི་ཞིག་མཛད་ཀྱང་ཡ་རབས་སྤྱོད་ བཟང་གི་རྒྱ་ལས་མ་བརྒལ་ཞིང། ལྷག་བསམ་དང་རྣམ་དཔྱོད་ཡ་མ་བྲལ་ བ་སྐུ་ཚེའི་ཉམས་ལེན་གྱི་མཐིལ་དུ་མཛད་པ་བཅས་ཀྱི་རྣམ་ཐར་རྟོགས་ཐུབ་ ཅིང། མིག་དཔེར་འོས་པའི་མཛད་སྤྱོད་འདི་དག་ཀློག་དེབ་འདིའི་བརྗོད་བྱའི་ སྙིང་དོན་ཡིན་ལ། དགོས་པ་ནི་ཀློག་པ་པོའ་སྐད་ཡིག་གི་གནས་ཚད་མཐོར་ འདེགས་དང། གཤིས་རྒྱུད་ལ་བསམ་བློ་དང་བཟང་པོའ་ཀུན་སྤྱོད་དེ་དག་ གམ་དེ་དག་དང་རྗེས་སུ་མཐུན་པའི་དཔལ་ཡོན་ཚད་ལྡན་ཞིག་འབྱོར་ཐུབ་ པ་དེ་ཡིན། ཀློག་དེབ་འདི་དག་ཏུ་སྔ་མོའ་བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་བཅུ་ འདེམས་སྒྲུག་བྱས་པ་རྣམས་ཀྱི་སྐུ་ཚེའི་བྱུང་རིམ་ཡོངས་རྫོགས་འདོར་ལེན་ མེད་པར་སྟར་ཆགས་སུ་བསྒྲིགས་པ་ལྟ་བུ་ཞིག་མ་ཡིན་པར། གཏམ་བརྗོད་ ཟློས་གར་གྱི་རྩོམ་ཐབས་སྤྱད་ནས་མི་ཚེའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་ དམིགས་བསལ་བ་དང། ཤ གས་རྐྱེན་ཆེ་ཞིང་བག་ཆགས་ཟབ་པ། ཆབ་ སྲིད་ཀྱི་བསམ་བློའ་འཁྱེར་ཕྱོགས་དང་ཕྱག་ལས་གནང་སྟངས། རྒྱལ་ཁབ་ དང་མི་རིགས་ཀྱ ་དབུ་ཁྲིད་ཁྱད་པར་བ་ཞིག་ཏུ་ཇི་ལྟར་གྱུར་པའི་ཁྱད་ཆོས་
IX རྣམས་རྩལ་འདོན་བྱས་པ་དང་མཉམ་དུ། མི་སྣ་དེ་དང་དེའི་སྐབས་ཀྱི་བོད་ ཀྱི་ཆབ་སྲིད་དང། ཆོས་ལུགས། སྤྱི་ཚོགས། ཤེས་ཡོན། རིག་གཞུང་གི་ གནས་སྟངས་བཅས་ཕྱོགས་མང་པོ་ནས་མཚོན་ཐབས་བྱས་ཡོད། མི་སྣ་གྲགས་ཅན་འདི་དག་གི་གཞི་རྩའི་བྱུང་བ་དག་ནི། ཡོངས་ གྲགས་ཚད་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ལ་གཞི་བཅོལ་ནས་བྲིས་ ཡོད་པས་ཡིད་རྟོན་བྱེད་རུང་བ་ཞིག་ཡིན་ཡང། རྩོམ་གྱི་ཚིག་བརྗོད་དང་ ནང་དོན་ལ་གསོན་ཉམས་འདོན་ཐབས་དང། ཀློག་པ་པོས་མི་སྣ་དེ་དང་ དེའི་སྣང་བརྙན་གསོན་ཉམས་དོད་པོར་མཇལ་ཐུབ་པའི་དོན་དུ། ཀློག་དེབ་ འདི་དག་གི་ཐོག་མཐའ་བར་གསུམ་གྱི་མི་སྣའི་གཏམ་བརྗོད་དང། གཤིས་ སྤྱོད་ཀྱི་རྣམ་འགྱུར་མང་པོ་ཞིག་རྩོམ་པ་པོས་བཅོས་སྒྲིག་བྱས་ཤིང། མི་ སྣ་དེ་དང་དེའི་མི་ཚེའི་བྱས་པ་དང་གྲུབ་འབྲས་ལ་གཞིགས་ཏེ། འབྱུང་ སྲིད་པའི་གནད་དོན་འགའ་ཤས་ཀྱང་རྩོམ་པ་པོའ ་འཆར་སྣང་ལྟར་སྣོན་ འབྲི་བྱས་ཡོད། འོན་ཀྱང་བོད་ཀྱི་དེ་སྔའི་རྣམ་ཐར་དང་ལོ་རྒྱུས་ཀྱི་བསྟན་བཅོས་མང་ ཆེ་བར་རྩོམ་ཐབས་འདི་རིགས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་པས། ཚིག་བརྗོད་ དང་རྩོམ་ཐབས། མི་སྣ་འབྲི་བཞེངས་བྱེད་སྟངས་སོགས་གང་ཅིའི་ཐད་ནས་ འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཡང། རྒྱུ་ཆ་འཐུས་སྒོ་ཚང་བ་ཞིག་ ཡོད་མེད་ལྟ་བུའི་གནས་ཚུལ་ལ་ཁ་གཡར་ཏེ། སྟོང་ཆར་ལྷག་པའི་དགོས་ མཁོ་འདི་རིགས་ལ་ཛ་དྲག་གིས་ཁ་སྐོང་བྱེད་མ་ཐུབ་ན། མི་སྒེར་པ་ཞིག་ གི་ཐོག་གནམ་རྡིབ་པ་ལྟ་བུའི་གོད་ཆག་འབྱུང་མི་སྲིད་པ་གསལ་པོར་ཤེས་
X ཀྱང། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་སྤྱི་རྟ་སྒལ་རལ་གྱི་ངང་ཚུལ་དུ་ འགྱུར་ཉེན་ཆེ་བར་མ་ཟད། ལོ་རྒྱུས་དང་དུས་ཚོད་ཀྱི་འགྱུར་བས་ང་ཚོ་ལ་ ནམ་ཡང་ངང་སྒུག་བྱེད་མི་སྲིད་ལ། ཉམས་རྒུད་ནས་རྩ་བརླག་ཏུ་འགྲོ་བཞིན་ པའི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་ནི། ཉིན་རེ་ནས་ཉིན་རེར་ཛ་ དྲག་གི་ངང་ཚུལ་དུ་འགྱུར་བཞིན་པར་བློས་བཟོད་པ་ཞིག་མིན་པས། བོད་མི་ རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་སྐད་ཡིག་རྒྱུན་གནས་ཐུབ་པ་དང། ཡབ་ མེས་གོང་མ་རྣམས་ནས་བརྒྱུད་པའི་བསམ་བློ་དང་ཡ་རབས་བཟང་སྤྱོད་ཀྱི་ གོམས་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་དག ཡུལ་གྲུ་སྣ་ཚོགས་ སུ་ཁ་ཐོར་ནས་ཡོད་པའི་བོད་ཀྱི་ན་གཞོན་ཚོའི་གཤིས་རྒྱུད་ལ་དར་སྤེལ་ རྒྱུན་གནས་ཡོང་བའི་ཆ་རྐྱེན་དུ་གྱུར་ན་སྙམ་པའི་ལྷག་བསམ་གྱིས། སྒེར་ པའི་སློབ་སྦྱོང་དང་ངལ་གསོའ་དུས་ཚོད་མང་པོ་ཞིག་ཀློག་དེབ་འདི་དག་གི་ ཆེད་དུ་ཕངས་སེམས་མེད་པར་བཏང་བའི་ཁུལ་ཡིན། ཀློག་དེབ་འདི་དག་ཏུ་བཀོད་པའི་ཡབ་མེས་ཁོང་རྣམས་ཀྱིས་དུས་ སྐབས་སོ་སོའ་ལོ་རྒྱུས་ནང་བོད་ཀྱི་སྐད་ཡིག་དང། ཆོས་ལུགས། ཆབ་ སྲིད། འཛིན་སྐྱོང། སྒྱུ་རྩལ་རིག་གནས་སོགས་ཀྱི་གནས་བབ་ཕུན་སུམ་ཇེ་ ཚོགས་དང། འཐུས་སྒོ་ཇེ་ཚང་དུ་ཇི་ལྟར་བཏང་བའི་ལོ་རྒྱུས་ཀྱི་ཁྲོད་ནས་ ཀློག་པ་པོ་རྣམས་ལ་མ་འོངས་པའི་ལམ་བུ་གསར་པ་དང། བྱེད་ཐབས་ དམིགས་བསལ་བ་བཅས་ཀྱི་མིག་ལྟོས་བཟང་པོ་རྙེད་ངེས་པ་ཡིན་པས། ཁྱེད་རྣམས་ཀྱི་ཆེད་དུ་བསྐྲུན་པའི་ཀློག་དེབ་འདི་ཁྱེད་རྣམས་ཀྱིས་དོན་དང་ ལྡན་པར་ལོངས་སྤྱོད་པར་ཞུ།
XI མཐའ་མར་ཞུ་འདོད་པ་ནི། ཁོ་བོ་སྒྱུ་རྩལ་རྩོམ་རིག་པ་ཞིག་མིན་ལ། བྱིས་པའི་ཀློག་དེབ་དང་གཏམ་བརྗོད་ཟློས་གར་འབྲི་བའི་ཉམས་མྱོང་དང། སློབ་སྦྱོང་དམིགས་བསལ་བ་ཡོད་མཁན་ཞིག་དེ་བས་ཀྱང་མིན་པས། སྒྱུ་ རྩལ་རྩོམ་རིག་གི་གནས་ཚད་ཀྱི་ཐད་ནས་བལྟས་ན། ཀློག་དེབ་འདི་དག་ གི་ཐོག་མཐའ་བར་གསུམ་ལ་ཚིག་དོན་གཉིས་ཐད་ནས་སྐྱོན་ཆ་ཇི་སྙེད་ ཅིག་བྱུང་ཡོད་ངེས་པས། གཟུར་གནས་རྣམ་དཔྱོད་ལྡན་པ་ཚོས་དགོངས་ འཆར་ལྷུག་བརྗོད་ཡོང་བའི་རེ་བ་ཞུ། ཕྱི་ལོ་ ༢༠༡༩ ལོའ་ཟླ་ ༨ ཚེས་ ༨ སྟེ༑ རེས་གཟའ་ཕུར་བུའི་ཉིན་རྩོམ་པ་པོ་རེ་མདོ་སེངྒེས་ཡུ་རོབ་བྷེལ་ཇེམ་ རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨེན་ཁྲོ་ཕེན་ནས་བྲིས་པ་དགེའོ།། །།
དང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ།
1 འགྲོ་མགོན་ཆོས་རྒྱལ་འཕགས་པའི་ངོ་སྤྲོད་། ༄༅། །འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། ཕྱི་ལོ་ ༡༢༣༥ ལོར་ཡབ་ བསོད་ནམས་རྒྱལ་མཚན་དང། ཡུམ་མ་གཅིག་ཀུན་སྐྱིད་གཉིས་ཀྱི་སྲས་ སུ་འཁོན་གྱི་གདུང་རྒྱུད་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་སྐྱེས་སྟོབས་ ཀྱི་བློ་རིག་བཀྲ་ཞིང་རྣམ་དཔྱོད་ལ་འགྲན་ཟླ་བྲལ་བ། ཡི་གེ་འབྲི་ཀློག་དང། རིག་གནས་ཆེ་ཆུང་མང་ཆེ་བ་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་པ་ ཞིག་ཡིན། དགུང་ལོ་གསུམ་གྱི་ཐོག་ནས་ཆོས་མང་པོ་ཞིག་བློ་ཐོག་ནས་གསུང་ ཐུབ་ཀྱི་ཡོད་པས། སྐྱ་སེར་རྒན་གཞོན་ཀུན་ལ་ཡ་མཚན་ཆེན་པོ་བྱུང་སྟེ། བྱིས་པ་འདི་ནི་གཞན་དག་ཀུན་ལས་ཁྱད་དུ་འཕགས་པ་ཞིག་འདུ ག ཅེས་ ཡོངས་སུ་གྲགས་པས་མཚན་ལ་ཡང་འཕགས་པ་ཞེས་ཐོགས་པ་ཡིན། དགུང་ལོ་བཅུ་པའི་ཐོག་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ གྱི་ཕྱག་ཕྱིར་སོག་ཡུལ་དུ་ཕེབས། བོད་ཀྱི་སྐྱེ་འགྲོ་མཐའ་དག་སོག་དམག་ གི་འཇིགས་པ་ལས་བསྐྱབས། འགྲོ་མགོན་འཕགས་པའི་སྐུ་དུས་ནས་བཟུང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 2 སྟེ་ས་སྐྱ་པའི་ཆོས་སྲིད་ཀྱི་སྟོབས་ཤ གས་སྔར་ལས་ཀྱང་ཤིན་ཏུ་རྒྱས་པོ་ བྱུང་བས། བོད་ཁམས་ཡོངས་ལ་ས་སྐྱ་པས་དབང་སྒྱུར་བའི་དུས་སྐབས་ བྱུང་བ་ཡིན། སོག་པོའ་རྒྱལ་པོས་ཆོས་རྗེ་འཕགས་པ་རིན་པོ་ཆེ་མཆོག་ལ། བོད་ ཡུལ་དུ་ཆོས་བརྒྱུད་མ་འདྲ་བ་འགའ་ཤས་མཆིས་ཀྱང། ཆོས་བརྒྱུད་དེ་ དག་ལས་བྱིན་རླབས་ཆེ་བ་དང་བཟང་པོ་ནི། བླ་མ་འཕགས་པ་རིན་པོ་ ཆེའི་ཆོས་བརྒྱུད་འདི་ཉིད་ཡིན་པས། བོད་ཁམས་ཀྱི་མི་ཡོངས་རྫོགས་ལ་ བླ་མ་འཕགས་པའི་ཆོས་བརྒྱུད་འདི་ཁོ་ན་བྱེད་བཅུག་སྟེ། ས་སྐྱ་པའི་ཆོས་ བརྒྱུད་ཁྱབ་སྤེལ་བྱ་རྒྱུ་ཡིན་ལུགས་ཞུས་པ་ན། འཕགས་རིན་པོ་ཆེས། རང་ཉིད་གང་ལ་མོས་པ་ཡོད་པའི་ཆོས་ལུགས་རང་སོར་འཇོག་དགོས་པ་ ལས། བཙན་ཤེད་ཀྱིས་ཆོས་ལུགས་ལ་བཅོས་བསྒྱུར་བྱས་ན། ངེད་ས་སྐྱ་ པའི་བསྟན་པ་དང་རྒྱལ་པོ་ཁྱེད་རང་གི་ཆབ་སྲིད་གཉིས་ཀ་ལ་ཕན་ཐོགས་ གང་ཡང་མེད། ཅེས་གསུངས། ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་རླབས་ ཆེན་གྱི་དགོངས་པ་དེ་ལ་བརྟེན་ནས། བོད་ཁམས་སུ་ཆོས་བརྒྱུད་མཐའ་ དག་མཐུན་ལམ་མཉམ་གནས་ཐུབ་པ་བྱུང་ཞིང། རྒྱུ་མཚན་དེའི་དབང་ གིས་བོད་ཀྱི་མང་ཚོགས་ཁྲོད་དུ། འཕགས་པ་རིན་པོ་ཆེ་ལ་ཆོས་རྒྱལ་ ཞེས་པའི་མཚན་བསྟོད་འབུལ་སྲོལ་བྱུང་ཡོད། མདོར་ན། འཕགས་པ་རིན་པོ་ཆེས་བོད་སིལ་བུར་འཐོར་བའི་རྗེས་ སླར་ཡང་བོད་ཁམས་ཆིག་བསྒྲིལ་དང། ཁྲིམས་ལུགས་ལྡན་པའི་བོད་ ཀྱི་སྲིད་དབང་བསྐྱར་འཛུགས། བོད་ཁམས་སྤྱི་དང་ལྷག་པར་དུ་དགོན་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 3 སྡེ་ཁག་གི་ཤེས་ཡོན་འཕེལ་རྒྱས། བོད་ཀྱི་སྐད་ཡིག་བརྒྱུད་ལམ་དུ་རིག་ གནས་བཅུའི་མ་ལག་ཚང་བར་མཛད་པ་བཅས། བོད་ཀྱི་ཆོས་ལུགས་ དང། ཆབ་སྲིད། ཤེས་ཡོན་རིག་གནས། ཁྲིམས་ལུགས་བཅས་བོད་ ཁམས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་མཛད་རྗེས་རླབས་ཆེན་ བཞག་གནང་ཡོད།
4 སྤྱང་གྲུང་འཛོམས་པའི་གཞོན་ནུ་མཁས་པ་། ༄༅། །འགྲོ་མགོན་འཕགས་པ་སྐུ་ན་གཞོན་དུས་ནས་ཡི་གེ་འབྲི་ཀློག་ ཙམ་དུ་མ་ཟད། རིག་པའི་གནས་ཆེ་ཆུང་མང་པོ་ཞིག་དཀའ་ཚེགས་ཆེན་ པོས་བསླབ་མ་དགོས་པར་མཁྱེན་གྱི་ཡོད། དེར་བརྟེན་དགུང་ལོ་གསུམ་ ཡས་མས་ནས་ཆོས་དཔེ་མང་པོ་ཞིག་ཐུགས་ཐོག་ནས་གསུང་ཐུབ་ཀྱི་ཡོད་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 5 སྟབས། ཉེ་འཁོར་གྱི་མི་རྣམས་ཤིན་ཏུ་ཡ་མཚན་ཆེན་པོར་གྱུར་ཏེ། བྱིས་པ་ འདི་ཀུན་ལས་ཁྱད་དུ་འཕགས་པ་ཞིག་འདུག ཅེས་པའི་གཏམ་གྱི་གྲགས་པ་ ཆེན་པོ་བྱུང་བས། འཕགས་པ་རིན་པོ་ཆེ་ཞེས་པའི་མཚན་རང་བཞིན་གྱིས་ ཐོགས་པ་བྱུང། ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་1ཡང་རང་གི་སྲས་ཀྱི་མཁྱེན་ ཡོན་ལ་ཡ་མཚན་སྐྱེ་ཡི་ཡོད་སྟབས། ཉིན་ཞིག་ས་སྐྱ་པཎྜི་ཏ་ཀུན་དགའ་ རྒྱལ་མཚན་གྱི་དྲུང་དུ་བཅར་ཏེ། བསླབས་ནས་ཤེས་པ་ཀུན་ལ་ཡོད་པས་ ངོ་མཚར་སྐྱེ་རྒྱུ་མེད་ཀྱང། མ་བསླབས་པར་རང་བཞིན་གྱིས་ཤེས་པ་འདི་ ངོ་མཚར་ཆེ་བ་ཞིག་རེད། འཕགས་པ་སྐུ་ན་གཞོན་དུས་ནས་བཟུང་སྟེ་རང་ བཞིན་གྱིས་རྒྱ་བོད་སོགས་ཀྱི་ཡི་གེ་འབྲི་ཀློག་ཤེས་པ་ཙམ་དུ་མ་ཟད། རྩིས་ དཀར་ནག་དང། རྒྱ་ཆེ་བའི་གཞུང་ལུགས་དུ་མ་ཞིག་མ་བསླབས་པར་ཡང་ ཤེས་ཀྱི་འདུག་པ་འདི་ཅི་འདྲ་ཡིན་ནམ། ཞེས་ཐེ་ཚོམ་དང་བཅས་བཀའ་འདྲི་ ཞུས་པ་རེད། ཆོས་རྗེ་ས་པཎ་གྱིས་ཞལ་འཛུམ་དང་བཅས། ཁྱེད་ཉིད་ཙམ་དུ་མ་ཟད་ མང་པོ་ཞིག་གིས་འཕགས་པའི་མཁྱེན་ཡོན་ལ་ཡ་མཚན་སྐྱེས་ཀྱི་ཡོད། སྐྱེ་ བོ་རང་འགའ་བ་ཞིག་ཡིན་ན། འདི་ཡ་མཚན་དགོས་པའི་གནས་ཚུལ་ཞིག་ 1 ཟངས་ཚ་བསོད་ནམས་རྒྱལ་མཚན། ཕྱི་ལོ་ ༡༡༨༤ ལོར་སྐུ་འཁྲུངས། ས་སྐྱ་པཎ་ཆེན་ ཀུན་དགའ་རྒྱལ་མཚན་གྱི་གཅུང་པོ་ཡིན། ཡབ་མེས་ཀྱི་ཆོས་མཐའ་དག་ལ་ལེགས་པར་ སྦྱངས། དབུ་རྩེ་རྙིང་མ་བཞེངས་པ་དང། དགོན་པ་ལ་ལྕགས་རི་མཛད་པ་སོགས་འཛུགས་ སྐྲུན་ཡང་རྒྱ་ཆེར་མཛད། ཕྱི་ལོ་ ༡༢༣༩ ལོར་སྐུ་གཤེགས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 6 ཡིན་པ་སྨོས་མ་དགོས་པ་རེད། ཡིན་ནའང་ངོས་ཀྱི་དབོན་པོ་འཕགས་པ་བློ་ གྲོས་རྒྱལ་མཚན་ལ་མཚོན་ན། ཡི་གེ་དང་སྐད་ལ་སོགས་པའི་རིག་གནས་ འདི་ཙམ་ཤེས། འདི་ཙམ་ནི་མི་ཤེས་བྱ་བའི་མཐའ་དང་མཚམས་འཇོག་རྒྱུ་ ཤིན་ཏུ་དཀའ། འཕགས་པ་ལ་ཁྱེད་ཀྱིས་མཐོང་བ་ལས་ལྷག་པའི་ཡོན་ཏན་ མང་པོ་ཡོད་ཀྱང། དེ་དག་ཐམས་ཅད་གཞན་གྱིས་བསླབ་པ་ལ་མ་ལྟོས་པ་ཤ་ སྟག་ཡིན། འཕགས་པ་ད་དུང་དགུང་ན་ཤིན་ཏུ་གཞོན་ཡང་མཁྱེན་ཡོན་ཀུན་ ལ་ཆགས་ཐོགས་མེད་པར་ཤིན་ཏུ་རྒྱ་ཆེ། ཞེས་གསུངས་པ་རེད། དེ་ལྟར་འཕགས་རིན་པོ་ཆེ་བོད་ཁམས་སུ་མཁས་པའི་སྙན་མཚན་ ཇི་ཙམ་ཆེན་པོར་གྱུར་ཀྱང། ང་རྒྱལ་མེད་ཅིང་ཤེས་ཡོན་གྱིས་ཚིམ་པ་མེད་ པའི་སྒོ་ནས་ཉིན་གཅིག་དང་དུས་ཚོད་གཅིག་ཀྱང་ཆུད་ཟོས་མི་མཛད་པར། རྒྱུན་དུ་ཁུ་བོ་ས་སྐྱ་པཎ་ཆེན་སོགས་ཀྱི་སྐུ་དྲུང་ནས་རིག་པ་མཐའ་མེད་ལ་ སློབ་སྦྱོང་གནང་གི་ཡོད་པར་མ་ཟད། ཉིན་རེར་དགེ་རྒན་གྱིས་འཆད་ཁྲིད་ མཛད་པའི་གཞུང་ཚན་ཙམ་གྱིས་ཐུགས་ཡིད་མ་ཚིམ་པར། བྱེད་ཐབས་སྣ་ ཚོགས་ཀྱི་སྒོ་ནས་འཆད་པའི་ངག་རྩལ་དང། རྩོད་པའི་རིགས་ལམ། རྩོམ་ པའི་ཉམས་བཅས་རང་གི་ཡོན་ཏན་ཕྱོགས་ཀུན་ནས་གོང་འཕེལ་དུ་བཏང་ སྟེ༑ མཁས་པའི་བྱ་བ་ཀུན་ལ་ཆགས་ཐོགས་པ་མེད་པ་ཞིག་ཡོང་བར་སྦྱོང་ བརྡར་རྒྱུན་ཆད་མེད་པར་གནང་གི་ཡོད། སྐབས་དེ་འདྲའི་ཉིན་ཞིག་ལ་ས་སྐྱའི་མི་ཆེན་སྐོར་ཞིག་ས་སྐྱ་པཎྜི་ཏ་ ཀུན་དགའ་རྒྱལ་མཚན་གྱི་སྐུ་དྲུང་དུ་འཛོམས་ཏེ། ས་སྐྱ་པའི་ཆོས་སྲིད་ཀྱི་ ལས་དོན་གལ་ཆེན་ཞིག་གི་ཐོག་བཀའ་བསྡུར་གནང་བཞིན་ཡོད། དེ་ནི་ཉེ་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 7 ཆར་སོག་པོ་རྒྱལ་པོའ་ཕོ་ཉ་དོ་རྟ་ནག་པོ་2སོགས་ས་སྐྱ་པཎ་ཆེན་སོག་ཡུལ་ དུ་གདན་འདྲེན་ཞུ་བར་འབྱོར་བའི་གནད་དོན་སྐོར་ཡིན། དེར་བརྟེན་ས་སྐྱའི་ ཆོས་སྲིད་ཀྱི་མི་དྲག་རྣམས་ཀྱིས་ཆོས་རྗེ་རིན་པོ་ཆེ་སོག་པོར་ཕེབས་རྒྱུར་ ཞལ་བཞེས་མི་གནང་བའི་རེ་འདུན་ཞུ་བཞིན་ཡོད་པ་རེད། ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས། ངའི་ལོ་ན་དང་གཟུགས་གཞིའི་གནས་ བབ་ཀྱི་ཐོག་ནས་བཤད་ན། ཉི་ལམ་དང་ཟླ་ལམ་བྱས་ཏེ་བྱེ་ཐང་བརྒྱུད་ནས་ སོག་ཡུལ་དུ་འགྲོ་ཐུབ་པ་མི་འདུག་ཀྱང། རྒྱལ་པོ་གདུག་རྩུབ་ཅན་ཆོས་ལ་ བསྒྱུར་བ་དང། ཡུལ་ཁམས་དེའི་སྐྱེ་འགྲོའ་སྡུག་བསྔལ་སེལ་བ། བོད་ཀྱི་སྣོད་ བཅུད་ལ་གོད་ཆག་མི་འབྱུང་བ་བཅས་ཀྱི་དོན་དུ། ང་བླ་རྒན་ཤི་ཡང་སོག་པོར་ མ་ཕྱིན་པར་ཐབས་མེད་དུ་གྱུར་ཡོད། གལ་སྲིད་ང་སོག་པོ་རྒྱལ་པོའ་མགྲོན་ འབོད་བྱུང་བ་ལྟར་སོག་ཡུལ་དུ་མ་ཕྱིན་ཚེ། སོག་པོའ་དཔུང་དམག་བོད་དུ་ ཡོང་ངེས་པ་ཡིན་པས། སྐབས་དེར་མི་ཕྱུགས་སྟོང་ཕྲག་མང་པོའ་ཚེ་སྲོག་ ལ་གནོད་འཚེ་ཡོང་རྒྱུ་ཡིན་པ་བཤད་མ་དགོས། དེ་ལས་ང་བླ་རྒན་ལ་ངལ་ བ་ཇི་ཙམ་ཆེ་ཡང་སོག་ཡུལ་དུ་སོང་ན་དགེ་མཚན་མི་ཆེའམ། ཞེས་སོགས་ གསུངས་ཏེ་ས་སྐྱ་པཎ་ཆེན་རང་ཉིད་སོག་ཡུལ་དུ་ཕེབས་འདུན་ཡོད་པ་དང། དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་བཅས་ཞིབ་ཕྲར་ངོ་སྤྲོད་གནང་བ་རེད། 2 དོ་རྟ་ནག་པོ། དོར་རྟ་ནག་པོ་ཞེས་འབྲི་བའང་ཡོད། གང་ལྟར་སོག་པོའ་རྒྱལ་པོ་གོ་དན་གྱི་ བློན་པོ་ཞིག་ཡིན་ཞིང། ཕྱི་ལོ་ ༡༢༤༠ ལོར་བློན་པོ་དོར་རྟ་ནག་པོས་སྣེ་ཁྲིད་པའི་དམག་ དཔུང་བོད་དུ་བཏང། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་བོད་མི་མཐོང་ཚད་ གསོད་པ་དང། རྒྱལ་ལྷ་ཁང་མེར་བསྲེགས། རྭ་སྒྲེང་ལ་ཡང་གནོད་པ་ཆེན་པོ་བྱས། གྲྭ་པ་ རབ་བྱུང་བ་ལྔ་བརྒྱ་ཙམ་བསད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 8 འོན་ཀྱང་ས་སྐྱའི་མི་དྲག་རྣམས་ཀྱིས་ཨུ་ཚུགས་མཐར་བསྐྱེལ་གྱི་སྒོ་ ནས། གང་ལྟར་ཡང་ཆོས་རྗེ་རིན་པོ་ཆེ་སོག་ཡུལ་དུ་ཕེབས་རྒྱུའི་ཐག་གཅོད་ འདི་ནི་ཕྱོགས་གང་ནས་བལྟས་ཀྱང། ང་ཚོས་སེམས་ཀྱིས་མི་བཟོད་པ་ཞིག་ འདུག གནས་ཚུལ་བཟང་ངན་ཅི་ལ་ཐུག་ཀྱང་རུང་བླ་མ་ཁྱེད་ཉིད་སོག་ཡུལ་ དུ་ཅིས་ཀྱང་མི་ཕེབས་པར་ཞུ། ཞེས་ཞུས་ཤིང། མི་རྒན་པ་འགའ་ཤས་ཀྱིས་ མིག་ཆུ་འདོན་བཞིན་ནན་ཏན་དང། ཚོར་ཤ གས་ཆེན་པོས་མུ་མཐུད་ཆོས་རྗེ་ ས་པཎ་སོག་ཡུལ་དུ་མི་ཕེབས་པའི་ཞུ་བ་འབུལ་བཞིན་ཡོད། སྐབས་དེར་ཆོས་རྗེའི་སྐུ་དྲུང་དུ་ཡོད་པའི་འཕགས་པ་རིན་པོ་ཆེ་དགུང་ ན་ཤིན་ཏུ་ཕྲ་ཡང། ས་སྐྱའི་མི་དྲག་ཚོས་ཞུ་འབོད་དང། ཆོས་རྗེ་རིན་པོ་ ཆེའི་བཀའ་ལན་བཅས་ལ་ཞིབ་ཏུ་གསན་པའི་མཐར། ཆོས་སྲིད་ཀྱི་མི་དྲག་ ཆེ་དགུ་མང་པོ་འཛོམས་པ་དེ་དག་གི་དཀྱིལ་ནས་ཡར་བཞེངས་ཏེ། ཕྱག་ གཉིས་ཐལ་མོ་སྦྱོར་བཞིན། ཆོས་རྗེ་བླ་མའི་ཐུགས་དགོངས་ཤིན་ཏུ་རྒྱ་ཆེ། བྱང་ཆུབ་སེམས་དཔའ་ལ་བསྟན་པ་དང་འགྲོ་བའི་དོན་ལས་དགོངས་རྒྱུ་ མེད། ཁུ་བོ་ཆོས་རྗེ་རིན་པོ་ཆེ་བོད་ཀྱི་སྐྱེ་འགྲོའ་དོན་དུ་སོག་ཡུལ་དུ་ཕེབས་ རྒྱུར་ངེས་ན། ཕྲན་ཡང་ཆོས་རྗེ་རིན་པོ་ཆེའི་སྐུ་རྗེས་སུ་ཞབས་ཕྱིར་སོག་ ཡུལ་དུ་འགྲོ་ཐུབ། སྐྱེས་བུ་དམ་པའི་དགོངས་པ་དང་ཐུགས་འདུན་ཤིན་ཏུ་ རྒྱ་ཆེ་བས། སུ་ཡིས་ཀྱང་ཆོས་རྗེ་རིན་པོ་ཆེའི་མཛད་པ་ལ་འགོག་རྐྱེན་བྱེད་ མི་རུང༌། ཞེས་གསུངས་པ་རེད། ཆོས་རྗེ་ས་པཎ་གྱིས་ཐུགས་དགྱེས་ཚོར་ཆེན་པོས་མདུན་གྱི་མི་དྲག་ ཚོ་ལ་གཟིགས་བཞིན། ཁྱོད་ཚོས་གོ་བྱུང་ངམ། ངའི་དབོན་པོ་འཕགས་པ་ད་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 9 དུང་དགུང་ལོ་བཅུ་ལས་སོན་མེད་ཀྱང། གཟིགས་རྒྱ་ཆེ་ཞིང་རྣམ་དཔྱོད་ལྡན་ པའི་སྐད་ཆ་འདི་འདྲ་ཤོད་ཀྱི་འདུག ཁྱེད་མི་རྒན་རྣམས་ཀྱིས་ཅུང་བསམ་བློ་ རྒྱ་ཆེན་པོ་གཏོང་ཐུབ་ཀྱི་མི་འདུག་གམ། ཞེས་ཆོས་རྗེ་ས་པཎ་གྱིས་འཕགས་ པ་རིན་པོ་ཆེའི་རྣམ་དཔྱོད་དང་སྙིང་སྟོབས་ལ། ཐུགས་དགྱེས་ཚོར་དང་ བཅས་བསྔགས་བརྗོད་ཆེན་པོ་མཛད་པ་རེད། འཕགས་པ་རིན་པོ་ཆེ་ནི་སྐུ་ན་གཞོན་དུས་ནས་ཉིན་རེའི་ཤེས་ཡོན་ སློབ་སྦྱོང་ཙམ་མ་ཡིན་པར། གནས་ཚུལ་བཟང་ངན་ཀུན་གྱི་ཐོག་དགོངས་ པ་གཏིང་ཟབ་མོ་བཞེས་ཏེ་རྒྱུས་ལོན་མཛད་མཁན་ཞིག་ཡིན་པར་མ་ཟད། ཐག་གཅོད་གང་འདྲ་ཞིག་ཡིན་ཡང་མིག་མདུན་གྱི་གནས་ཚུལ་རྐྱང་པ་ལ་ མི་གཟིགས་པར། ཕུགས་རྒྱང་རིང་པོར་གཙོ་བོ་གཟིགས་ནས་ཐག་གཅོད་ གནང་། འཕྲལ་གྱི་དཀའ་ངལ་དང་གནས་ཚུལ་ཆུང་ཚགས་རིགས་ལ། སྐབས་བསྟུན་གྱིས་གདོང་ལེན་གནང་བ་མ་གཏོགས། འཕྲལ་གྱི་དཀའ་ངལ་ གྱི་གནོན་ཤ གས་ལྟ་བུས་ཕུགས་རྒྱང་རིང་པོའ་དམིགས་ཡུལ་དང། ཐག་ གཅོད་ལ་ཤ གས་རྐྱེན་མ་ཐེབས་པ་མཛད་མཁན་ཞིག་ཡིན། སྤྱིར་དུས་སྐབས་དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཉམས་ ཆག་ཏུ་ཕྱིན་ཏེ་ཤིན་ཏུ་སྐྱོ་པོ་ཡིན་ཡང། བོད་དབུས་གཙང་ཕྱོགས་སུ་ཆོས་ ལུགས་དང་རིག་གནས་ཀྱི་སློབ་སྦྱོང་ཤིན་ཏུ་འཕེལ་རྒྱས་ཆེན་པོ་འགྲོ་ བཞིན་པའི་སྐབས་ཡིན་པས། ཆོས་ལུགས་རིག་གནས་དང་བཅས་པ་ལ་ མཁས་པ་མཚན་སྙན་ཅན་ཤིན་ཏུ་མང་པོ་བཞུགས་ཡོད་པར་མ་ཟད། རང་ ཉིད་བོད་ཁམས་ཀྱི་མཁས་ཤོས་དང་སྙན་གྲགས་ཆེ་ཤོས་ཡིན་སྙམ་པའི་ང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 10 རྒྱལ་ཅན་ཡང་མང་པོ་ཡོད་པའི་དུས་སྐབས་ཤིག་ཡིན། འོན་ཀྱང་འཕགས་པ་རིན་པོ་ཆེ་དགུང་ལོ་དགུ་ལས་སོན་མེད་པའི་ སྐབས་སུ་ཡང། མཁས་པ་མང་པོ་གདན་འཛོམས་པའི་དཀྱིལ་འཁོར་དེ་ དག་ཏུ་བགྲོ་གླེང་གནང་གི་ཡོད་པར་བརྟེན། འཕགས་པ་རིན་པོ་ཆེས་ གསུང་བཤད་རེ་གནང་བའི་སྐབས། གཟུ་བོར་གནས་པའི་མཁས་པ་ བགྲེས་སོང་མང་པོ་ཞིག་འཕགས་པ་རིན་པོ་ཆེའི་སར་བཅར་ཏེ། མི་ཚེར་ སྦྱངས་པ་བྱས་པའི་མཁས་པའི་མིང་འཛིན་པ་བདག་ཅག་རྒས་འཁོགས་ རྣམས་ལས། གཞོན་ནུ་ཁྱོད་ཀྱི་བཤད་པ་ལེགས་པར་འདུག ཅེས་ འཕགས་པ་རིན་པོ་ཆེ་ལ་བསྟོད་བསྔགས་མཛད་ཀྱི་ཡོད་པས། སྐབས་དེ་ འདྲ་ཞིག་ནས་བཟུང་འཕགས་པ་རིན་པོ་ཆེ་མཁས་པའི་ཁྲོད་དུ་ཡང་མཚན་ སྙན་ཆེན་པོར་གྱུར་པ་རེད།
11 བོད་ནི་ལོ་རྒྱུས་ཀྱི་ཆེ་མཐོང་ལྡན་པ་ཞིག་ཡིན་ པ་གསལ་འདོན་མཛད། ༄༅། །འཕགས་པ་རིན་པོ་ཆེ་སྐུ་ན་གཞོན་དུས་ནས་བཟུང། བོད་ཀྱི་རིག་ གནས་ཆེ་ཆུང་ཀུན་ལ་ཐོགས་པ་མེད་པའི་མཁས་པ་ཞིག་ཏུ་གྱུར་ཡོད་པར་ མ་ཟད། མི་ཆེ་ཆུང་སུ་དང་ཐུག་ཀྱང་སྤོབས་པ་ཆེན་པོས་བཀའ་མོལ་གནང་ ཐུབ་མཁན་ཞིག་དང། བཀའ་མོལ་གང་འདྲ་ཞིག་གནང་ཡང་བསམ་བློ་གཏོང་ རྒྱུ་ཡོད་པ་དང། ཕན་ཐོགས་ཡོད་པ་ཤ་སྟག་གནང་གི་ཡོད་སྟབས། ཤེས་ ཡོན་དོན་དུ་གཉེར་བའི་མི་ཆེ་ཆུང་སུ་འདྲ་ཞིག་ཡིན་ཡང། འཕགས་པ་རིན་ པོ་ཆེའི་བཀའ་མོལ་ལ་ཉན་སྤྲོ་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། འདི་ནི་ འཕགས་པ་རིན་པོ་ཆེ་ལ་གསུང་གི་ནུས་རྩལ་ཁྱད་པར་བ་ཞིག་ཡོད་པའི་རྒྱུ་ མཚན་གྱིས་ཡིན་པ་བཤད་མ་དགོས། འཕགས་པ་རིན་པོ་ཆེར་མི་མཐོ་དམན་སུ་ཞིག་གིས་དྲི་བ་དྲིས་ཀྱང། དེ་ལ་ཐུགས་སྤྲོ་སྣང་ཆེན་པོས་དང་ལེན་མཛད་ཅིང། དྲི་བའི་ལན་ཡང་དྲི་བ་ འདྲི་མཁན་དེ་ཉིད་ཀྱི་འདོད་པ་ཁེངས་པ་ཞིག་གནང་གི་ཡོད། འཕགས་པ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 12 རིན་པོ་ཆེས། དྲི་བ་དྲིས་ལན་གྱི་སྒོ་ནས་སློབ་སྦྱོང་བྱེད་པའི་ལམ་སྲོལ་འདི་ ནི༑ ཕ་རོལ་པོའ་ཤེས་རྟོགས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཡག་པོ་ ཞིག་དང། དྲིས་ལན་བྱེད་མཁན་རང་ཉིད་ལ་མཚོན་ན་ཡང། ཤེས་རབ་ཀྱི་ སྦྱིན་པའི་ཉམས་ལེན་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་ རྣམ་དཔྱོད་འཕེལ་རྒྱས་འགྲོ་བ་དང། དྲིས་ལན་ལེགས་པོ་འདེབས་ཐུབ་པར་ སྦྱོང་བརྡར་བྱེད་པའི་གོ་སྐབས་ཤིག་ཡིན། ཞེས་གསུངས་ཏེ། དོན་གཉེར་ ཅན་ཚོར་དྲིས་ལན་གནང་རྒྱུ་ནི། ཁོང་གིས་དཀའ་ངལ་གྱི་སྣང་བ་ཞིག་ཏུ་ གཏན་ནས་ཚོར་གྱི་མེད་པ་རེད། འཕགས་པ་རིན་པོ་ཆེར་ཚོགས་ཀྱི་དབུས་སུ་གཏམ་བཤད་མཛད་པ་ དང། གཞན་གྱི་དྲི་བ་ཆེ་ཆུང་ཀུན་ལ་ཐུགས་སྣང་ཆེན་པོས་ལན་འདེབས་ མཛད་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེས། ཁོང་ཉིད་ཀྱི་སྐུ་ ཚེའི་ནང་ཆོས་སྲིད་ཀྱི་མཛད་ཆེན་ཁག་འགྲུབ་པར་ཤ གས་རྐྱེན་ཆེན་པོ་ ཐེབས་ཐུབ་པ་བྱུང་ཡོད། དཔེར་ན། སོག་པོའ་རྒྱལ་པོ་སེ་ཆེན་ཁཱང་1གིས་ འཕགས་པ་རིན་པོ་ཆེར་དད་གུས་དང་ཡིད་ཆེས་ཞུ་བ་ཡང། འཕགས་པ་ རིན་པོ་ཆེའི་གནད་དུ་ཐེབས་པའི་དྲིས་ལན་ཁག་གིས་རྒྱལ་པོའ་ཡིད་འཕྲོག་ པ་ལས་བྱུང་བ་ཞིག་ཡིན། 1 སོག་པོའ་རྒྱལ་པོ་སེ་ཆེན་ཁཱང་། ཕྱི་ལོ་ ༡༢༡༥ ལོར་འཁྲུངས། ཕྱི་ལོ་ ༡༢༦༠ ལོ་ནས་ ཕྱི་ལོ་ ༡༢༩༤ ལོའ་བར་སྲིད་དབང་བཟུང། ཕྱི་ལོ་ ༡༢༦༤ ལོར་ཁོང་གིས་དབང་བསྒྱུར་ བའི་སྲིད་གཞུང་ལྟེ་གནས་པེ་ཅིང་དུ་སྤོས་ཏེ་རྒྱལ་ཁབ་ཀྱི་མིང་ཡོན་ཟེར་བར་བསྒྱུར། རྒྱལ་ ས་པེ་ཅིན་དུ་མ་སྤོས་གོང་གི་རྒྱལ་ས་ནི་བོད་སྐད་དུ་ཤང་ཏོ་མཁར་ཟེར་བ་དེ་ཡིན། ཕྱི་ལོ་ ༡༦༩༤ ལོར་སྐུ་འདས།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 13 དེ་སྔ་སོག་པོའ ་རྒྱལ་པོ་གོ་དན་ཁཱང་ 2 གིས་ས་སྐྱ་པཎ་ཆེན་བླ་མར་ བསྟེན་ནས་བཀའ་ཆོས་ཞུས་ཡོད་ཀྱང། སོག་པོའ་རྒྱལ་པོ་གོ་དན་དང་ས་ སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གཉིས་རིམ་བཞིན་དགོངས་པ་རྫོགས་ པའི་རྗེས། སོག་པོའ ་རྒྱལ་པོ་གསར་པར་སླེབས་པའི་སེ་ཆེན་ཁཱང་གི་ བསམ་པར། འཕགས་པ་རིན་པོ་ཆེ་ད་དུང་དགུང་ན་ཤིན་ཏུ་གཞོན་པས། བཀའ་ཆོས་ཚད་ལྡན་ཞིག་གནང་ཐུབ་ཀྱི་ཡོད་དམ་སྙམ་པའི་དོགས་པ་བྱུང་ སྟེ༑ ཐོག་མའི་སྐབས་འགྲོ་མགོན་འཕགས་པའི་དྲུང་ནས་བཀའ་ཆོས་ཞུ་ འདོད་བྱེད་ཀྱི་མེད་པ་རེད། སོག་པོ་རྒྱལ་པོ་སེ་ཆེན་ཁཱང་གི་བསམ་པར། སོག་པོའ་རྒྱལ་འབངས་ ལ་མཚོན་ན་འཕགས་པ་རིན་པོ་ཆེ་དེ་ཙམ་གལ་གནད་ཆེན་པོ་ཅན་ཞིག་ ཡིན་པ་གཏན་ནས་ཚོར་གྱི་མེད་སྟབས། ཁོ་པས་འཕགས་པ་རིན་པོ་ཆེ་ སོག་ཡུལ་དུ་མུ་མཐུད་བཞུགས་ཐབས་བྱེད་ཀྱི་མེད་པ་རེད། དེར་བརྟེན་ཐེངས་ཤིག་སེ་ཆེན་ཁཱང་གིས། བོད་དུ་སོག་པོའ་ཁྲལ་བསྡུ་ བ་གཏོང་རྒྱུར་ཐག་གཅོད་བྱས་ནས་ཡོད་པའི་སྐབས། འཕགས་པ་རིན་པོ་ ཆེས་བོད་དུ་སོག་པོའ་ཁྲལ་བསྡུ་བ་གཏོང་མི་རུང་བའི་ཞུ་བ་ཇི་ཙམ་ཞུས་ ཀྱང། དེ་ལ་སེ་ཆེན་ཁཱང་གིས་ཉན་འཇོག་གཏན་ནས་མི་བྱེད་པར། རང་གི་ 2 གོ་དན་ཁཱང། ཨོ་གོ་ཏའི་བུ་གཉིས་ཀྱི་ཆུང་བ་ཡིན། ཕྱི་ལོ་ ༡༢༣༤ ལོ་ནས་ལོ་བཅོ་བརྒྱད་ རིང་སྲིད་དབང་བཟུང། ཕྱི་ལོ་ ༡༢༤༤ ལོར་ས་པཎ་དགུང་ལོ་རེ་གསུམ། འགྲོ་མགོན་ འཕགས་པ་དགུང་ལོ་བཅུ། ཕྱག་ན་དགུང་ལོ་བརྒྱད་ལ་སླེབས་པ་བཅས་ཁུ་དབོན་གསུམ་ ཀ་ཧོར་ཡུལ་དུ་གདན་དྲངས། ཕྱི་ལོ་ ༡༢༥༡ ལོར་གོ་དན་ཁང་སྐུ་གཤེགས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 14 འདོད་པ་ལྟར་བོད་དུ་སོག་པོའ་ཁྲལ་བསྡུ་བ་གཏོང་རྒྱུར་འགྱུར་བ་གཏན་ ནས་མ་བཏང་བ་རེད། སེ་ཆེན་ཁཱང་གི་བརྩི་འཇོག་མེད་པའི་བྱེད་སྟངས་དེ་འཕགས་པ་རིན་ པོ་ཆེའི་ཐུགས་ལ་མ་བབས་པས། རྒྱལ་པོས་བོད་ཀྱི་ལས་དོན་ཐད་ངོས་ ཀྱི་བསམ་ཚུལ་ལ་བརྩི་འཇོག་གཏན་ནས་བྱ་རྒྱུ་མིན་ན། ང་རང་ཡུལ་བོད་ དང་ཁ་བྲལ་ནས་སོག་ཡུལ་ལ་འདུག་དགོས་པའི་རྒྱུ་མཚན་གང་ཡང་མེད། ཅེས་གསུངས་པར། རྒྱལ་པོ་སེ་ཆེན་ཁཱང་གིས་ཀྱང། འཕགས་པ་རང་ཉིད་ བོད་དུ་ཕྱིར་ཕེབས་རྒྱུའི་ཐུགས་འདུན་ཡོད་ཚེ། ངས་བཀག་འགོག་བྱ་ རྒྱུ་མིན་པས་ཐུགས་མོས་ལྟར་མཛོད། ཅེས་འཕགས་པ་རིན་པོ་ཆེར་མ་ རངས་པའི་རྣམ་འགྱུར་དང་བཅས་ལན་འདེབས་ཞུས། སྐབས་དེར་སེ་ཆེན་ཁཱང་གིས་གུས་ལུགས་མེད་པའི་ལན་འདེབས་ ཞུས་ཏེ་རྣམ་འགྱུར་མཁྲེགས་པོ་བཟུང་ནས་བསྡད་པ་མ་གཏོགས། འཕགས་ པ་རིན་པོ་ཆེ་སོག་ཡུལ་དུ་མུ་མཐུད་བཞུགས་རོགས། ཟེར་བ་ལྟ་བུའི་རྣམ་ འགྱུར་ཙམ་ཡང་སྟོན་གྱི་མེད་སྟབས། འཕགས་པ་རིན་པོ་ཆེ་འཁོར་དང་ བཅས་པ་དེ་མ་ཐག་ཕྱིར་བོད་དུ་ཕེབས་རྒྱུར་ཐག་གཅོད་མཛད་པ་རེད། འོན་ཀྱང་སེ་ཆེན་ཁཱང་གི་བཙུན་མོ་ཆ་བུ་འཕགས་པ་རིན་པོ་ཆེར་དད་ པ་བརྟན་པོ་ཡོད་མཁན་ཞིག་ཡིན་པས། འཕགས་པ་རིན་པོ་ཆེ་སོག་ཡུལ་ ནས་བོད་དུ་ཕེབས་རྒྱུར་མོ་ལ་ཕངས་སེམས་ཆེན་པོ་སྐྱེས་ཀྱི་ཡོད་སྟབས། མོས་རྒྱལ་པོ་སེ་ཆེན་ཁཱང་གིས་བོད་ལ་སོག་དམག་ཁྲལ་བསྡུ་བ་གཏོང་རྒྱུ་ མཚམས་འཇོག་བྱ་དགོས་པ་དང། འཕགས་པ་རིན་པོ་ཆེ་ཡང་རེ་ཞིག་བོད་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 15 དུ་མི་ཕེབས་པར་སོག་ཡུལ་དུ་བཞུགས་རྒྱུའི་རེ་སྐུལ་དང་བཅས། བླ་མ་དང་ རྒྱལ་པོ་གཉིས་ཀྱི་བར་ལ་འདུམ་ཞུས་ཏེ་འཕགས་པ་རིན་པོ་ཆེ་མུ་མཐུད་ སོག་ཡུལ་དུ་བཞུགས་རྒྱུའི་ཐབས་ཤེས་གནང་བ་རེད། སྐབས་ཤིག་ནས་རྒྱལ་པོ་སེ་ཆེན་ཁཱང་གིས། འཕགས་པ་རིན་པོ་ཆེ་ སྤྱོད་ལམ་ཞི་ཞིང་དུལ་བ་དང། ཞི་འཇམ་གཤིས་བཟང། སྐྱེས་བུ་གཞན་དག་ དང་མ་འདྲ་བ་ཞིག་ཏུ་མཐོང་གི་ཡོད་ཀྱང། འཕགས་པ་འདི་གཟིགས་རྒྱ་དང་ མཁྱེན་ཡོན་གང་འདྲ་ཞིག་ཡིན་ནམ་སྙམ་པའི་དོགས་པ་མུ་མཐུད་གནས་ ཡོད་སྟབས། རྒྱུན་དུ་འཕགས་པ་རིན་པོ་ཆེའི་གཟིགས་རྒྱ་དང་མཁྱེན་ཡོན་ ལ་ཚོད་ལྟ་བྱ་བའི་དོན་དུ། ཆོས་སྲིད་ཀྱི་གནད་དོན་མང་པོའ་ཐོག་དྲི་བ་སྣ་ ཚོགས་འདྲི་བཞིན་ཡོད་པ་རེད། འཕགས་པ་རིན་པོ་ཆེས་ཀྱང། རྒྱལ་པོ་སེ་ཆེན་ཁཱང་གིས་རང་ཉིད་ ལ་དྲི་བ་སྣ་ཚོགས་འདྲི་དགོས་པའི་དམིགས་ཡུལ་གསལ་པོར་མཁྱེན་གྱི་ ཡོད་སྟབས། རྒྱལ་པོས་ཆོས་སྲིད་ཀྱི་དྲི་བ་གང་འདྲ་ཞིག་དྲིས་ཀྱང། རྒྱལ་ པོའ ་ཐུགས་ཡིད་ཚིམ་ངེས་ཀྱི་བཀའ་ལན་གནང་ཐབས་ལ་འབད་བརྩོན་ གནང་གི་ཡོད། ཉིན་ཞིག་སེ་ཆེན་ཁཱང་གིས། བོད་ཀྱི་ཡུལ་དུ་མི་ཆེ་བ་སུ་དང་སུ་བྱོན་ ཡོད་དམ། ཞེས་དྲིས་པར། འཕགས་པ་རིན་པོ་ཆེས་སྤོབས་པའི་ཉམས་དང་ བཅས། ངེད་བོད་ཀྱི་ཡུལ་དུ་མི་ཆེ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱ་ བ་བྱོན་ཡོད། ཅེས་ལན་འདེབས་གནང་བ་རེད། སེ་ཆེན་ཁཱང་གིས། འོ་ན། མེས་དབོན་རྣམ་གསུམ་བྱ་བ་ཁོང་རྣམས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 16 ལ༑ ཆེ་བའི་ཡོན་ཏན་དང་རྒྱུ་མཚན་ཅི་ཞིག་ཡོད་དམ། ཟེར་བར། འཕགས་ པ་རིན་པོ་ཆེས། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་ པ་དང། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ། ཆོས་རྒྱལ་ཁྲི་རལ་པ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན། ཁོང་རྣམས་ཀྱི་སྐུ་ དུས་སུ། བོད་ལ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་ཅིང། དར་སྤེལ་རྒྱ་ ཆེར་མཛད་པ་རེད། ཅེས་ལན་འདེབས་མཛད། སེ་ཆེན་ཁཱང་གིས། དེ་རྣམས་ཆོས་ཕྱོགས་ཀྱི་བྱ་བ་ཡིན། རྒྱལ་པོ་ཁོ་ ཚོར་སྲིད་ལ་མཁས་པའི་ཡོན་ཏན་ཅི་ཞིག་ཡོད། ཅེས་དྲིས་པ་ན། འཕགས་ པ་རིན་པོ་ཆེས། སྲིད་ལུགས་ཀྱི་ཐད་ནས་རྒྱའི་ཐང་གི་སྲས་མོ་ཀོང་ཇོ་སྔ་ཕྱི་ གཉིས་ཞི་དྲག་ཟུང་འབྲེལ་གྱིས་བཙུན་མོར་བསུས་ཏེ། ཕྱི་འབྲེལ་སྔར་ལས་ ཀྱང་རྒྱ་སྐྱེད་བཏང་བར་མ་ཟད། འཛམ་གླིང་སུམ་གཉིས་བོད་ཀྱི་མངའ་འོག་ ཏུ་བཅུག་པ་སོགས། ཆོས་སྲིད་གཉིས་ཐད་ནས་མཛད་རྗེས་བསམ་གྱི་མི་ ཁྱབ་པ་ཡོད། ཅེས་སོགས་བོད་ཀྱི་བཙན་པོ་གོང་མ་རྣམས་ཀྱི་ལོ་རྒྱུས་ཞིབ་ ཏུ་ངོ་སྤྲོད་མཛད། སྐབས་དེར་ད་དུང་སེ་ཆེན་ཁཱང་གིས་འཕགས་པ་རིན་པོ་ཆེར་དེ་ཙམ་ ཡིད་ཆེས་བྱེད་ཀྱི་མེད་སྟབས། འཕགས་པའི་བཀའ་ལན་དེ་དག་དོན་དངོས་ ཤིག་ཡིན་པ་ངོས་འཛིན་བྱེད་ཐུབ་ཀྱི་མེད་པར་མ་ཟད། སེ་ཆེན་ཁཱང་གིས་ཁ་ ཐུག་ཏུ་འཕགས་པ་རིན་པོ་ཆེར། ཁྱེད་ཀྱིས་གནས་སྟངས་དང་མི་མཐུན་པའི་ རྫུན་བཤད་ཀྱི་འདུག ཅེས་བཤད་བཞིན་ཉན་འདོད་མེད་པའི་རྣམ་འགྱུར་ བསྟན་ཏེ་ཁས་ལེན་མ་ཞུས་པ་རེད།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 17 འཕགས་པ་རིན་པོ་ཆེས་ཞི་འཛུམ་གྱི་ཉམས་དང་བཅས། ང་བནྡེ་ཞིག་ གིས་རྫུན་བཤད་དགོས་པའི་རྒྱུ་མཚན་གཏན་ནས་མེད། ངའི་སྐད་ཆ་དེ་ དག་བདེན་པ་ཡིན་མིན་ཁྱེད་ཀྱིས་ཞིབ་འཇུག་གནང་རུང་བ་ཡིན། ཞེས་ གསུངས་པ་ན། སེ་ཆེན་ཁཱང་གིས་འཕགས་པའི་སྐད་ཆ་དེ་དག་བདེན་ པ་ཡིན་མིན་ཞིབ་འཇུག་བྱས་ཆོག་སྙམ་སྟེ། ལོ་རྒྱུས་མཁས་པའི་བློན་པོ་ འགའ་ཤས་ལ་རྒྱའི་སྔོན་གྱི་ལོ་རྒྱུས་ཡིག་ཚང་ཆེད་མངགས་ཀློག་ཏུ་བཅུག་ པ་ན། འཕགས་པས་གསུངས་པ་ཇི་བཞིན་རྒྱའི་ཡིག་ཚང་དུ་འཁོད་ཡོད་པ་ ར་འཕྲོད་བྱུང་བས། སེ་ཆེན་ཁཱང་བོད་ཀྱི་མེས་པོ་ཚོའི་ལོ་རྒྱུས་ལ་ངོ་མཚར་ ཆེན་པོ་སྐྱེས་པ་རེད། ཡང་ཉིན་ཞིག་སེ་ཆེན་ཁཱང་གིས། བོད་ཀྱི་ཡུལ་དུ་ཕོ་རྒོད་པོ་སུ་དང་སུ་ བྱུང་ཡོད་དམ། ཅེས་དྲིས་པར། འཕགས་པ་རིན་པོ་ཆེས། ངེད་བོད་ཀྱི་ཡུལ་ དུ་ཕོ་རྒོད་པོ་མི་ལ་རས་པ་ལྟ་བུ་བྱུང་ཡོད། མི་ལ་རས་པས་ཚེ་སྟོད་ལ་དགྲ་ བཏུལ་ཏེ་འཁོན་ལན་བརྩད། བར་དུ་ཆོས་བསྒྲུབས་ཏེ་སྡིག་སྒྲིབ་སྦྱངས་པ་ དང། དགྲ་གཉེན་ཐམས་ཅད་གཅིག་ཏུ་གཟིགས་ཏེ་འགྲོ་བའི་དོན་མཛད། མཐའ་མ་རང་གི་སྙིང་རུས་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་གྲུབ་པ་ ཐོབ་པ་བྱུང་ཡོད། འདི་ལས་ཕོ་རྒོད་པོ་སུ་ཡོད། ཅེས་པ་ན། སེ་ཆེན་ཁཱང་ གིས་ཀྱང། དེ་ལྟར་བདེན་པ་འདུག ཅེས་མི་ལ་རས་པའི་སྐུ་ཚེའི་མཛད་ པ་ལ་མོས་གུས་ཆེན་པོ་ཞུས། ཡང་ཉིན་ཞིག་རྒྱལ་པོ་སེ་ཆེན་ཁཱང་གིས། འོ་ན་བོད་ཀྱི་ཡུལ་དུ་མི་ ཡོན་ཏན་ཆེ་བ་སུ་དང་སུ་བྱོན་ཡོད་དམ། ཅེས་དྲིས་པ་ན། འཕགས་པ་རིན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 18 པོ་ཆེས་ཕྱག་གཉིས་ཐལ་མོ་སྦྱོར་བཞིན། བོད་དུ་ཡོན་ཏན་ཆེ་བ་བདག་གི་བླ་ མ་ཆོས་རྗེ་ས་སྐྱ་པ་ལྟ་བུ་བྱོན། ཞེས་པ་ན། སེ་ཆེན་ཁཱང་གིས། བླ་མ་ཆོས་ རྗེ་པའི་མཁྱེན་པ་ཇི་ཙམ་ཡིན། དེ་ལས་ཁྱེད་རང་གིས་ཇི་ཙམ་བསླབས་ཐུབ་ ཡོད་དམ། ཅེས་དྲིས། འཕགས་པ་རིན་པོ་ཆེས། བདག་གི་བླ་མ་ཆོས་རྗེ་པའི་མཁྱེན་པ་དེ་རྒྱ་ མཚོ་དང་འདྲ་ན། བདག་གིས་དེ་ལས་ཕུལ་གང་ཙམ་མ་གཏོགས་བསླབས་ ཐུབ་མེད། ཅེས་པ་ལྟ་བུས་མཚོན། སེ་ཆེན་ཁཱང་གི་བཀའ་འདྲི་ཡོངས་རྫོགས་ ལ་དྲིས་ལན་གནད་དུ་ཐེབས་པ་ཤ་སྟག་མཛད་པ་ན། སོག་པོའ་རྒྱལ་བློན་ དང་བཙུན་མོ་བཅས་འཕགས་པ་རིན་པོ་ཆེའི་མཁྱེན་ཡོན་དང་གཟིགས་རྒྱ་ ལ་ཡིད་མགུ་ཆེན་པོ་བྱུང་བ་རེད། སྐབས་དེར་བཙུན་མོ་ཆ་བུས་སེ་ཆེན་ཁཱང་ལ། འཕགས་པ་རིན་པོ་ཆེ་ དགུང་ན་གཞོན་ཡང་རྣམ་དཔྱོད་དང། གཟིགས་རྒྱ་གཞན་དང་མ་འདྲ་བ་ ཞིག་དང། ཆོས་པ་ཚད་ཐུབ་ཅིག་འདུག་པས་དེ་སྔ་ཁོང་བོད་དུ་མ་བཏང་བ་ ཤིན་ཏུ་ལེགས་པོ་བྱུང་འདུག ད་རྒྱལ་པོས་འཕགས་པའི་དྲུང་ནས་གསང་ སྔགས་ཀྱི་དབང་ཞུས་ན་མི་ལེགས་སམ་ཟེར་བ་ན། རྒྱལ་པོས། སྔོན་ལ་ཁྱོད་ ཀྱིས་གསང་སྔགས་ཀྱི་དབང་ཞུས། བཟང་པོ་འདུག་སྙམ་པ་བྱུང་ན་ངས་ཀྱང་ ཞུ༑ ཟེར་བ་ལས། ད་དུང་ཡང་འཕགས་པའི་དྲུང་ནས་དབང་ཞུ་འདོད་བྱེད་ཀྱི་ མེད་པ་རེད།
19 བོད་ཀྱི་སྐྱེ་འགྲོ་རྣམས་སོག་དམག་གི་ འཇིགས་པ་ལས་བསྐྱབས་པ་། ༄༅། །འཕགས་ པ་རིན་པོ་ཆེ་སོག་ ཡུལ་དུ་ཕེབས་ པའི་སྐབས་དགུང་ ལོ་བཅུ་ལས་ཟིན་ མེད་ཅིང། ཟླ་བ་ འགའ ་ ཤས་རིང་ མྱ་ངམ་གྱི་བྱེ་ཐང་ མང་པོ་བརྒྱུད་ནས་ཕེབས་དགོས་པ་དང། དེ་སྔར་ཕེབས་བཞུད་རྒྱུན་ རིང་པོ་མཛད་མ་མྱོང་བ་སོགས་ཀྱིས་གདོང་ལེན་དཀའ་བའི་སྐུ་ངལ་སྣ་ ཚོགས་དང་འཕྲད་ཀྱང། ཐུགས་ཞུམ་པ་དང་སྐྱོ་ངལ་གྱི་རྣམ་འགྱུར་གཏན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 20 ནས་མེད་པར། བོད་སོག་གི་མི་རྒན་རྣམས་དང་སྤྱི་མཚུངས་ཀྱིས་ཕེབས་ ཀྱི་ཡོད་པར་མ་ཟད། ནངས་ནུབ་ཀྱི་དུས་ཚོད་བར་གསེང་ནམ་ཡོད་ལ་ རྒྱུན་དུ་ཆོས་རྗེ་རིན་པོ་ཆེའི་སྐུ་དྲུང་དུ་བཅར་ཏེ་སློབ་ཁྲིད་ཞུ་བཞིན་ཡོད། ཉིན་ཞིག་ཆོས་རྗེ་ས་པཎ་གྱི་སྐུ་འཁོར་རྒན་གྲས་ཤིག་འཕགས་པ་རིན་ པོ་ཆེའི་སར་བཅར་ཏེ། སྐུ་དབོན་འཕགས་པ་རིན་པོ་ཆེ། ཁྱེད་ཀྱིས་ཉིན་ གང་པོར་ཕེབས་ལམ་དུ་གྲང་ངར་དང། བྱེ་རྡུལ་གྱི་ཁྲོད་དུ་སྐུ་ངལ་ཚད་མེད་ མྱོང་གི་ཡོད། ཁྱེད་རང་ད་དུང་དགུང་ན་ཡང་ཤིན་ཏུ་གཞོན། ནངས་ནུབ་ལ་ སྐུ་ངལ་གསོས་ན་མ་གཏོགས། སྐུ་གཟུགས་ཀྱིས་ལྕོགས་དཀའ། སྤྱིར་སྐུ་ ཡོན་གསན་བཞེས་དང་དབང་ལུང་གི་བརྒྱུད་པ་ཞུ་དགོས་པ་གལ་ཆེ་ཡང། བོད་དུ་ཕྱིར་འཁོར་བའི་རྗེས་སུ་ཆོས་རྗེ་རིན་པོ་ཆེའི་དྲུང་ནས་ཞུས་ཀྱང་ཆོག ཅེས་ཞུས། དེ་ལྟ་བུའི་སྐལ་བ་བཟང་པོ་བྱུང་ན་ལེགས་ཀྱང། ཆོས་རྗེ་བླ་མ་ རིན་པོ་ཆེའི་སྐུ་ཚེ་ང་ཚོ་ལ་ཇི་ཙམ་དབང་མིན་མི་ཤེས། ཆོས་རྗེ་ཁོང་གི་ མཁྱེན་ཡོན་རྒྱ་མཚོ་ལྟ་བུ་ལས་ང་ཚོས་ཆུ་ཐིགས་ཙམ་ལས་ལེན་ཐུབ་ཀྱི་ མེད་ཀྱང། མ་འོངས་པར་འགྱོད་པ་མེད་པའི་འབད་བརྩོན་ཞིག་ཅིས་ཀྱང་ བྱ་དགོས། ཁོང་གི་ཡོན་ཏན་ནི་གངས་སེང་གི་འོ་མ་ལྟ་བུ་ཡིན་པས། ང་ ཚོའི་བློ་ཡིས་ཚོགས་ཀྱི་མི་འདུག ཆོས་རྗེ་བླ་མའི་སྐུ་ཚེ་ལ་བར་ཆད་མེད་ པར་ཤོག ཅེས་འཕགས་པས་ཕྱག་གཉིས་ཐལ་མོ་སྦྱོར་བཞིན། ཐུགས་སྐྱོ་ ཉམས་ཀྱིས་གསུངས། སྐབས་དེར་སྐུ་འཁོར་བགྲེས་སོང་དེས་མིག་ཆུ་འདོན་བཞིན། ཆོས་རྗེ་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 21 རིན་པོ་ཆེ་སྐུ་ན་བགྲེས་པའི་ཐོག་སྐུ་གཟུགས་ཀྱང་དེ་ཙམ་ཐང་པོ་མེད། ཉིན་ མང་པོར་བྱེ་ཐང་བརྒྱུད་ནས་ཕེབས་པའི་སྐབས། ང་ལ་རྒྱུན་དུ་སེམས་ཁྲལ་ ཆེན་པོ་ཡོང་གི་འདུག ཡིན་ན་ཡང་ཆོས་རྗེ་བླ་མས་ཐུགས་རེ་གཏོད་ས་གཏན་ ནས་འཕྱུག་མི་འདུག མ་འོངས་པར་ཕ་ཤ ལ་བུ་ཡིས་ཟིན་པ་ཞིག་དགོས་པ་ རེད་ལ། ཟིན་པ་ཡོང་ངེས་ཤིག་ཀྱང་འདུག ཅེས་ཞུ་བཞིན་དགའ་སྐྱོ་འདྲེས་ མས་མིག་ཆུ་མང་པོ་བཏང། སོག་ཡུལ་དུ་བྱོན་པའི་རྗེས་དུས་ཡུན་རིང་པོར་མ་འགོར་བར་ཆོས་ རྗེ་ས་སྐྱ་པཎ་ཆེན་སྐུ་གཤེགས། སྐབས་དེར་འཕགས་པ་རིན་པོ་ཆེ་དགུང་ ལོ་བཅུ་བདུན་ལས་ཕེབས་མེད་ཀྱང། ཆོས་རྗེའི་དགོངས་རྫོགས་ཀྱི་བྱ་བའི་ རྐང་འགན་གཙོ་བོ་བཞེས་ཏེ། དགོངས་རྫོགས་ཀྱི་བྱ་བའི་ཐོག་མཐའ་བར་ གསུམ་འཐུས་སྒོ་ཚང་བར་སྒྲུབ་པར་མ་ཟད། ཆོས་རྗེ་ས་པཎ་གྱི་ཐུགས་ཀྱི་ རེ་འདུན་ལྟར་སོག་པོའ་རྒྱལ་འབངས་རྣམས་བློ་ཁ་ཆོས་ལ་བསྒྱུར་བ་དང། བོད་ཀྱི་སྐྱེ་འགྲོ་ཐམས་ཅད་སོག་དམག་གི་འཇིགས་པ་ལས་སྐྱོབ་རྒྱུའི་ དམ་བཅའ་མཛད། སྐབས་དེར་འགྲོ་མགོན་འཕགས་པ་དགུང་ན་ཤིན་ཏུ་གཞོན་པས། ཐོག་ མའི་སྐབས་སོག་པོའ་རྒྱལ་འབངས་རྣམས་ཀྱིས་ཆོས་རྗེ་ས་པཎ་ལྟར་ཡིད་ ཆེས་དང་བརྩི་མཐོང་ཞུ་ཡི་མེད་སྟབས། འཕགས་པའི་ཞབས་ཕྱི་བའི་གྲས་ ནས་རྒན་པ་མང་པོ་ཞིག་གིས། ང་ཚོ་སོག་པོ་ལ་དགོས་མཁོ་མེད་ན་བོད་ དུ་ཕྱིར་ལོག་འགྲོ་ཟེར་ནས་བསམ་འཆར་ཤོད་ཀྱི་ཡོད་ཀྱང། འགྲོ་མགོན་ འཕགས་པས་ཆོས་རྗེ་རིན་པོ་ཆེའི་ཐུགས་དགོངས་དང། རང་ཉིད་ཀྱི་དམ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 22 བཅའ་ཐུགས་ལ་བཅངས་ནས་མུ་མཐུད་སོག་ཡུལ་དུ་བཞུགས་པ་ལས་བོད་ དུ་ཕྱིར་ཕེབས་མེད། ཆོས་རྗེ་ས་པཎ་དགོངས་པ་རྫོགས་པའི་ལོ་གཉིས་ཀྱི་རྗེས་སུ། སོག་ པོའ་རྒྱལ་པོ་སེ་ཆེན་ཁཱང་གིས། འཕགས་པ་རིན་པོ་ཆེ་ཁོང་གི་ཕོ་བྲང་དུ་ གདན་འདྲེན་ཞུས། ཐོག་མའི་སྐབས་རྒྱལ་པོ་རང་ཉིད་ལ་གཞན་གྱིས་དྲིས་ པའི་དཀའ་གནད་ཀྱི་དྲི་བ་རེ་དྲིས་པ་མ་གཏོགས། བླ་མར་བསྟེན་པ་དང་ ཆོས་འབྲེལ་ཞུ་རྒྱུའི་བསམ་བློ་གཏོང་གི་མེད། འཕགས་པ་རིན་པོ་ཆེས་རྒྱལ་ པོའ་དྲི་བ་ཡོངས་རྫོགས་ལ་བཀའ་ལན་གནད་དུ་ཐེབས་པ་ཤ་སྟག་མཛད་ པས། རྒྱལ་པོ་འཕགས་པ་རིན་པོ་ཆེའི་རྣམ་དཔྱོད་དང་མཁྱེན་རྒྱ་ལ་ཧ་ལས་ དགོས་པར་གྱུར། ཡིན་ན་ཡང་སེ་ཆེན་ཁཱང་གིས་འཕགས་པ་རིན་པོ་ཆེ་ལས་གསུང་ ཆོས་ཞུ་འདོད་བྱེད་ཀྱི་མེད་པར་མ་ཟད། འཕགས་པ་རིན་པོ་ཆེ་སོག་ཡུལ་ དུ་བཞུགས་བཞིན་པའི་སྐབས། བོད་དུ་དམག་ཁྲལ་བསྡུ་བ་དང། ནོར་སྡུད་ ལ་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་མཛད་པས། འཕགས་པ་རིན་པོ་ཆེས། བོད་ས་རྒྱ་ཆུང་ཞིང་འབྱོར་པ་མེད་པས། བོད་ལ་སོག་དམག་ཁྲལ་བསྡུ་བ་ མི་གཏོང་བའི་ཞུ་བ་ནན་ཆེར་ཕུལ་ཡང། སེ་ཆེན་ཁཱང་གིས་ཁོ་རང་གི་ཐག་ གཅོད་ལ་འགྱུར་བ་གཏོང་དུ་མ་ཉན་པ་ན། འཕགས་པ་རིན་པོ་ཆེས། དེ་ལྟར་ ན་བོད་ཀྱི་བནྡེ་སོག་ཡུལ་དུ་ཡོང་ནས་བསྡད་པ་ལ་དགོས་པ་མི་འདུག་པས་ ཕྱིར་བོད་དུ་འགྲོ་རྒྱུ་ཡིན། ཞེས་འཕགས་པ་སྟོན་འཁོར་དང་བཅས་པ་སོག་ ཡུལ་ནས་བོད་དུ་ལོག་རྒྱུའི་ཐག་གཅོད་མཛད་དགོས་བྱུང་ཡོད།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 23 སྐབས་དེར་སེ་ཆེན་ཁཱང་གི་བཙུན་མོ་ཆ་བུས། བནྡེ་འདི་འདྲ་ཡོན་ ཏན་ཆེ་བ་རྗེས་མ་ཐོབ་དཀའ་བས། བོད་ལ་མ་བཏང་བར་ཆོས་ཀྱི་དྲི་བ་ ཞུས་ན་དགེ་མཚན་ཆེ་ལུགས་ནན་གྱིས་ཞུས་པ་ན། སེ་ཆེན་ཁཱང་གིས་ ཀྱང་བཙུན་མོའ་གཏམ་བདེན་པར་གོ་ནས་བོད་དུ་སོག་དམག་གཏོང་རྒྱུའི་ ཐག་གཅོད་ལ་འགྱུར་བ་བཏང་སྟེ། འཕགས་པ་རིན་པོ་ཆེ་དགེ་རྒན་གྱི་ ཚུལ་དུ་ཉར་ནས་མུ་མཐུད་བགྲོ་གླེང་སྣ་ཚོགས་ཞུས། གང་ལྟར་ཡང་མཐའ་ མ་སོག་པོའ་རྒྱལ་པོས་འཕགས་པ་རིན་པོ་ཆེའི་ཐུགས་རེ་ལྟར། བོད་དུ་ དམག་ཁྲལ་བསྡུ་བ་དང། ནོར་སྡུད་ལ་གཏོང་རྒྱུའི་ཐག་གཅོད་ལ་འགྱུར་བ་ བཏང་སྟེ། བོད་ཀྱི་སྐྱེ་འགྲོ་རྣམས་ཀྱིས་སོག་པོའ་དཔུང་དམག་གི་གདུག་ རྩུབ་མྱོང་མ་དགོས་པའི་གྲུབ་འབྲས་ཆེན་པོ་བྱུང་ཡོད། སྐབས་ཤིག་ནས་སོག་པོའ་རྒྱལ་པོ་སེ་ཆེན་ཁཱང། འཕགས་པ་རིན་ པོ་ཆེར་དད་གུས་ཚད་མེད་བྱུང་བར་མ་ཟད། འཕགས་པའི་དྲུང་ནས་བཀའ་ ཆོས་ཞུས་ཏེ་བླ་མ་བསྟེན་རྒྱུའི་མོས་གུས་སྐྱེས་ནས་འཕགས་པ་རིན་པོ་ཆེར་ དེ་ལུགས་སྙན་སེང་ཞུས། འཕགས་པས། སྤྱིར་ཁྱེད་ཀྱིས་ཆོས་ཞུ་བའི་དམ་ ཚིག་ཐུབ་དཀའ། ལྷག་པར་དུ་ད་རེས་ལོ་ཙཱ་བ་མཁས་པ་ཡང་མེད་པས་ཕྱིས་ སུ་བལྟ་ཆོག ཅེས་གསུངས་ཏེ། འཕྲལ་དུ་གསུང་ཆོས་མ་གནང་བར་ངང་ སྒུག་བྱེད་དུ་བཅུག
24 སེ་ཆེན་ཁཱང་གིས་དབུ་བླར་བཀུར། ༄༅། །སེ་ཆེན་ཁཱང་ལ་སྔར་ལས་ཀྱང་འཕགས་པའི་དྲུང་ནས་བཀའ་ཆོས་ ཞུ་འདོད་ཆེན་པོ་བྱུང་སྟེ། འཕགས་པ་ལ་ནན་གྱིས་ཞུས་པ་ན། འཕགས་ པས། དབང་ཞུས་པའི་རྗེས་དབང་གི་དམ་ཚིག་ལ་གནས་དགོས་པ་ཡིན། རྒྱལ་པོས་དབང་གི་དམ་ཚིག་སྲུང་ཨེ་ཐུབ་སྙམ་པའི་དོགས་པ་ཡོང་གི་འདུག ཅེས་གསུངས། རྒྱལ་པོས། དབང་གི་དམ་ཚིག་བསྲུང་དགོས་པ་གང་དང་གང་ཡོད། ཅེས་ཞུས་པར། འཕགས་པ་རིན་པོ་ཆེས། སྤྱིར་དབང་གི་དམ་ཚིག་ལ་ཤིན་ ཏུ་མང་པོ་ཡོད་ཀྱང། སྤྱོད་ལམ་གྱི་ཐོག་ནས་འགྱུར་བ་གཏོང་དགོས་པ་ མངོན་གསལ་དོད་ཤོས་ནི། དབང་ཞུས་གྲུབ་པའི་རྗེས་སུ་གྲལ་གྱི་རིམ་པ་ ལྟ་བུ་ཡིན་ན་ཡང། བླ་མ་གྲལ་འགོར་བཞུགས་པའི་འོག་ཏུ་སློབ་མ་འདུག་ དགོས་པ་དང། དེ་བཞིན་ལུས་ཀྱིས་བླ་མ་ལ་ཕྱག་འཚལ་བ། ངག་གིས་བླ་ མའི་ཡོན་ཏན་ལ་དང་བས་བསྔགས་པ་བརྗོད་པ། ཡིད་ཀྱིས་བླ་མའི་ཐུགས་ དང་མ་འགལ་བར་བྱ་དགོས་པ་བཅས་ཡིན། རྒྱལ་པོ་ཁྱེད་ཀྱིས་དབང་གི་ དམ་ཚིག་འདི་དག་སྲུང་ཐུབ་བམ། ཞེས་དྲིས།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 25 རྒྱལ་པོས་བསམ་བློ་ཇི་ཙམ་བཏང་ཡང། བླ་མའི་དྲུང་ནས་ཆོས་ཞུ་ རྒྱུའི་རེ་འདུན་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་ཀྱང། བླ་མ་སྙིང་རྗེའི་བདག་ ཉིད་ཅན་ཡིན་པས་རྒྱལ་ཁབ་ཀྱི་ལས་དོན་ཡོངས་རྫོགས་བླ་མའི་དགོངས་ པ་དང་བསྟུན་དགོས་ན། འཁོར་འབངས་རྣམས་གནོན་མི་ཐུབ་པའི་སྐྱོན་ འབྱུང་ངེས་པས་ཅི་བྱེད་དགོས་སྙམ་ནས་ཡོད་པའི་སྐབས། བཙུན་མོ་ཆ་ བུས་ཀྱང་སེ་ཆེན་ཁཱང་གིས་བླ་མ་འཕགས་པའི་དྲུང་ནས་ཆོས་ཞུ་དགོས་ པ་གལ་ཆེན་པོར་མཐོང་གི་ཡོད་སྟབས། མོས་རྒྱལ་པོ་ལ་དཀའ་ངལ་མི་ ཡོང་བའི་ཐབས་ཤེས་ཤིག་ལ་བསམ་བློ་བཏང་བ་རེད། བཙུན་མོ་ཆ་བུས་ཉིན་ཞིག་བླ་མ་དང་རྒྱལ་པོ་གཉིས་ཞལ་འཛོམས་ པའི་སར། ཆབ་སྲིད་ཀྱི་ལས་དོན་གལ་ཆེ་བའི་རིགས་ལ། འཁོར་ འབངས་གནོན་པའི་དོན་དུ་རྒྱལ་པོ་གོང་དུ་བཞུགས། ཆོས་ཀྱི་འདུ་ འཛོམས་ཀྱི་སྐབས་སུ་བླ་མ་གོང་ལ་བཞུགས་རྒྱུར་མ་ཟད། བླ་མའི་བཀའ་ གསུང་ཅི་སྒྲུབ་བྱ་རྒྱུ་དང། ལྷག་པར་དུ་བོད་ཀྱི་བྱ་བ་བླ་མའི་དགོངས་པ་ བཞིན་ཞུ་རྒྱུ་ལས། བླ་མ་ལ་མ་ཞུས་པར་རྒྱལ་པོས་ཐག་གཅོད་མི་བྱ་རྒྱུ་ བྱས་ན། ཞེས་བར་གནས་ཀྱི་བསམ་ཚུལ་བཏོན་པར། བླ་མ་དང་རྒྱལ་པོ་ གཉིས་ཀས་དེ་ལྟར་གནང་རྒྱུའི་ཞལ་བཞེས་མཛད། འཕགས་པ་རིན་པོ་ཆེས་གསང་སྔགས་ཀྱི་དབང་བསྐུར་བའི་གྲ་སྒྲིག་ ཡོངས་སུ་ཟིན་པ་ན། སེ་ཆེན་ཁཱང་གིས་དབུས་པའི་བློན་ཆེན་མང་པོ་ཞིག་ལ་ གསང་སྔགས་ཀྱི་དབང་བསྐུར་ཐོག་མ་དེ་མཛད། སོག་པོའ་རྒྱལ་བློན་རྣམས་ བླ་མའི་དབང་བསྐུར་ལ་ཤིན་ཏུ་དད་པ་དང་མགུ་པོ་བྱུང་སྟེ། མུ་མཐུད་ནས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 26 བླ་མའི་མདུན་ནས་དབང་བསྐུར་ཐེངས་གཉིས་པ་དང་གསུམ་པ་ཞུས་ཤིང། དབང་ལན་དང་པོ་ཞུ་བའི་སྐབས་ཀྱི་དབང་ཡོན་དུ། བོད་ཁྲི་སྐོར་བཅུ་གསུམ་ དང། དབང་ལན་གཉིས་པའི་སྐབས་ཀྱི་དབང་ཡོན་དུ། བོད་ཆོལ་ཁ་གསུམ་ གྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཕུལ། ས་སྐྱ་པས་བོད་ཁམས་ཡོངས་ལ་དབང་ བསྒྱུར་བའི་སྲིད་དབང་ཡང་དུས་འདི་ནས་བྱུང་བ་ཡིན། སེ་ཆེན་ཁཱང་གི་བསམ་པར། དབང་ལན་གསུམ་པ་ཞུས་པའི་དབང་ ཡོན་དུ་དེ་ལས་ཡུལ་ཁམས་རྒྱ་ཆེ་བ་དང། རིན་ཐང་བྲལ་བའི་རིན་པོ་ཆེ་སྣ་ ཚོགས་འབུལ་རྒྱུའི་འཆར་གཞི་ཡོད་ཀྱང། སྐབས་དེར་སོག་པོའ་རྒྱལ་བློན་ རྣམས་ཀྱིས་རྒྱ་མིའི་གྲངས་འབོར་འཕེལ་ན། སོག་པོའ་ཆབ་སྲིད་དང་དབང་ སྒྱུར་ལ་ངོ་ལོག་ཡོང་རྒྱུའི་ཉེན་ཁ་ཡོད་ལུགས་ཟེར་ནས། ལོ་བཅོ་བརྒྱད་ཡན་ གྱི་རྒྱ་མི་ཁྲི་སྟོང་མང་པོ་ཞིག་ལོ་རེ་བཞིན་རྨ་ཆུའི་ཡུར་བར་དེད་ནས་ངན་ གསོད་བྱེད་ཀྱི་ཡོད། འཕགས་པ་རིན་པོ་ཆེར་མཚོན་ན། རྒྱ་མི་ཁྲི་ཕྲག་མང་པོ་གདུག་རྩུབ་ ཆེན་པོས་ངན་གསོད་བྱ ད་བཞིན་པ་འདི་ནི། རང་གི་སྙིང་ལ་གྲི་བཙུགས་པ་ ལས་ཀྱང་ན་ཟུག་ཆེ་བ་ཞིག་ཡིན་པས། སེམས་ཅན་འདི་དག་གི་ཚེ་སྲོག་ སྐྱོབ་པའི་ཐབས་ཤིག་བྱ་དགོས་སྙམ་པ་སྔོན་མ་ནས་ཡོད། དེར་བརྟེན་སོག་ པོའ་རྒྱལ་བློན་རྣམས་ཀྱིས་དབང་ཐེངས་གསུམ་པ་ཞུ་བའི་སྐབས། འཕགས་ པ་རིན་པོ་ཆེས། ལོ་རེ་བཞིན་རྒྱ་མི་ཁྲི་སྟོང་མང་པོ་ངན་གསོད་བྱེད་བཞིན་ པའི་སྡིག་ལས་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན། རྒྱལ་པོའ་བསམ་པར། འདི་ནི་རང་གི་ཆབ་སྲིད་བརྟན་ལྷིང་དང་འབྲེལ་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 27 བའི་གནད་དོན་གལ་ཆེན་ཞིག་ཡིན་ཡང། བླ་མའི་བཀའ་དང་དུ་མ་བླངས་ན་ མི་འགྲིག་སྙམ་སྟེ། དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ་རྒྱའི་མི་ ཡུར་ཆེན་པོ་ཕུལ་ཏེ། ཉིན་དེ་ནས་བཟུང་རྒྱ་མི་ཁྲི་སྟོང་མང་པོ་ངན་གསོད་ བྱེད་པའི་སྡིག་ལས་ཚབས་ཆེན་དེ་མཚམས་འཇོག་བྱས་པར་མ་ཟད། དེ་དང་ མཉམ་དུ་སོག་པོའ་ཡུལ་གྱི་གོམས་སྲོལ་དུ་ཆགས་པའི་སྡིག་ལས་ཚབས་པོ་ ཆེ་དང། རྩུབ་སྤྱོད་ཀྱི་རིགས་མང་པོ་ཞིག་ཀྱང་བཀག་སྡོམ་བྱས་པས། སོག་ ཡུལ་གྱི་མི་ཕྱུགས་ཀུན་ལ་ཞི་འཇམ་བག་ཕེབས་ངང་བདེ་སྐྱིད་ཀྱི་འཚོ་བ་ལ་ སྤྱོད་པའི་སྐལ་བ་བཟང་པོ་ཐོབ་པ་རེད། སེ་ཆེན་ཁཱང་གིས་བླ་མའི་བཀའ་ལྟར་རྒྱའི་མི་ཡུར་ཆེན་པོ་དབང་ཡོན་ དུ་ཕུལ་བ་ལ། འཕགས་པ་རིན་པོ་ཆེ་ཤིན་ཏུ་ཐུགས་མཉེས་པོ་བྱུང་སྟེ། ནམ་ མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར། །རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་ མཚོ་ཁེངས། །འདི་འདྲ་བཅད་པའི་དགེ་བ་གང་དེ་ནི། །མཁྱེན་རབ་དབང་ ཕྱུག་ཐུགས་དགོངས་རྫོགས་པའི་ཕྱིར། །ཕན་བདེའི་བསྟན་པ་རབ་ཏུ་རྒྱས་ པ་དང། །མི་དབང་སྐུ་ཚེ་ཡུན་དུ་བརྟན་ཕྱིར་བསྔོ། །ཞེས་བསྔོ་བ་མཛད་ ཅིང། རྒྱལ་བློན་རྣམས་ཀྱི་དགེ་སྒྲུབ་རླབས་པོ་ཆེ་དང། ཆོས་ཀྱི་བྱ་བ་འདི་ ལ་འཕགས་པ་རིན་པོ་ཆེ་ཡིད་མགུ་བྱུང་བའི་བསྔགས་བརྗོད་ཀྱང་མཛད། འཚེ་བའི་ལས་ལ་དགའ་ཞིང་རང་མཐོང་དང་གདུག་རྩུབ་ཆེ་བའི་སེ་ ཆེན་ཁཱང་ནི། འགྲོ་མགོན་འཕགས་པ་རིན་པོ་ཆེའི་མཛད་སྤྱོད་དང་བྱིན་ རླབས་ལ་བརྟེན་ནས། ཞི་དུལ་བག་ཡོད་ཀྱི་མི་བྱམས་སེམས་ཅན་ཞིག་ཏུ་ གྱུར་པར་མ་ཟད། འཕགས་པ་རིན་པོ་ཆེ་སྤྱི་བོའ་གཙུག་ཏུ་བཀུར་བ་དང།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 28 དཔལ་ས་སྐྱ་པའི་བསྟན་པ་ཉམས་ལེན་གྱི་གཙོ་བོར་འཛིན་པའི་དད་པ་ཅན་ གྱི་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་པ་རེད། སེ་ཆེན་ཁཱང་གིས། ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤ གས་ཇི་ ཙམ་རྒྱས་ཀྱང་རུང། མིའི་བདེ་སྐྱིད་ངོ་མ་ནི་ཆོས་ཀྱི་སློབ་སྟོན་ལ་བརྟེན་ ནས་ཡོང་དགོས་པའི་གནས་ལུགས་ལ་གོ་བ་གཏིང་ཟབ་བརྙེད་པས། རྒྱུན་ དུ་བྱ་བ་ཐམས་ཅད་ཀྱི་ནང་ནས་བླ་མའི་དམ་ཚིག་དང། ཆོས་ཀྱི་ཉམས་ ལེན་གཉིས་གལ་གནད་ཆེ་ཤོས་སུ་འཛིན་གནང་གི་ཡོད།
29 ཆོས་བརྒྱུད་ཐམས་ཅད་མཉམ་གནས་ཐུབ་པའི་ ཁོར་ཡུག་བཟང་པོ་བསྐྲུན་པ། ༄༅། །སྐབས་ཤིག་ནས་སེ་ཆེན་ཁཱང་གི་བསམ་པར། བོད་ཡུལ་དུ་ཆོས་ བརྒྱུད་མ་འདྲ་བ་འགའ་ཤས་མཆིས་ཀྱང། ཆོས་བརྒྱུད་དེ་དག་ལས་བྱིན་ རླབས་ཆེ་ཤོས་དང་བཟང་ཤོས་ནི། བླ་མ་འཕགས་པ་རིན་པོ་ཆེའི་ཆོས་ བརྒྱུད་འདི་ཉིད་ཡིན་པས། བོད་ཁམས་ཀྱི་མི་ཡོངས་རྫོགས་ལ། བླ་མ་ འཕགས་པའི་ཆོས་བརྒྱུད་འདི་ཁོ་ན་བྱེད་བཅུག་སྟེ། ས་སྐྱ་པའི་ཆོས་བརྒྱུད་ ཁྱབ་སྤེལ་ཞུས་ན། བླ་མ་འཕགས་པ་ཐུགས་མཉེས་པོ་ཡོང་གི་རེད་སྙམ་པའི་ འཆར་སྣང་ཞིག་བྱུང་བ་རེད། དེར་བརྟེན་རྒྱལ་པོ་སེ་ཆེན་ཁཱང་གིས། རང་ཉིད་ལ་བྱུང་བའི་འཆར་སྣང་ ཇི་བཞིན་འཕགས་པ་རིན་པོ་ཆེར་སྙན་སེང་ཞུས་ཏེ། ས་སྐྱ་པའི་ཆོས་བརྒྱུད་ མ་ཡིན་པའི་བོད་ཀྱི་ཆོས་བརྒྱུད་གཞན་དག་ཐམས་ཅད་རྩ་མེད་གཏོང་རྒྱུའི་ གྲ་སྒྲིག་བྱས། འོན་ཀྱང་འཕགས་རིན་པོ་ཆེའི་དགོངས་ཚུལ་ནི། སེ་ཆེན་ཁཱང་ གི་བསམ་ཚུལ་ལས་ལྡོག་པ་ཡིན་པས། ཁོང་གིས་རྒྱལ་པོ་སེ་ཆེན་ཁཱང་ལ། རྒྱལ་པོ་ཁྱེད་ཀྱི་བསམ་པ་ལྟར་ཆོས་བརྒྱུད་གཞན་དག་ལ་གཏོར་བཅོམ་གྱི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 30 འཚེ་བ་བྱས་ན། ངེད་ས་སྐྱ་པའི་ཆོས་བརྒྱུད་ལ་གནོད་པ་ལས་ཕན་ཐོགས་ ཏིལ་འབྲུ་ཙམ་ཡང་མེད་པར་མ་ཟད། རྒྱལ་པོ་ཁྱེད་རང་གི་ཆབ་སྲིད་ཉམས་ རྒུད་དུ་འགྲོ་རྐྱེན་དང། སྤྱི་ཚོགས་ལ་བདེ་འཇགས་མེད་པའི་ཟིང་ཆེན་པོ་ ཞིག་ཡོང་རྒྱུའི་རྐྱེན་རྩར་འགྲོ་ངེས་ཡིན་པས། ལས་ངན་དེ་རིགས་གཏན་ ནས་བྱེད་མི་རུང། ཞེས་གསུངས། སེ་ཆེན་ཁཱང་གིས། ཆོས་བརྒྱུད་བཟང་པོ་གཅིག་ཡོད་ན་འགྲིག་པ་ ལས། མ་འདྲ་བ་སྣ་ཚོགས་ཤིག་ཡོད་དགོས་པའི་རྒྱུ་མཚན་ཡོད་དམ། ཞེས་ པ་ན། འཕགས་པ་རིན་པོ་ཆེས། མི་རང་རང་གི་ཆོས་ལུགས་གང་ཡིན་པ་ རང་སོར་བཞག་སྟེ་སྐྱོང་དུ་བཅུག་ན་བཟང། མི་མཐོ་དམན་སུ་འདྲ་ཞིག་ ཡིན་ནའང། རང་གིས་དད་པ་དང་ཉམས་ལེན་ཞུ་རྒྱུའི་ཆོས་ལུགས་གང་ ཡིན་པ་དེ། གང་ཟག་རང་གི་མོས་པ་དང་མཐུན་པ་ཞིག་དགོས་པ་གལ་ཆེ། དེ་ལྟར་མ་ཡིན་པར་ཆོས་ལུགས་བཟང་པོ་འདི་དང། ངན་པ་འདི་ཟེར་ནས་ ཆོས་ལུགས་ལ་བཟང་ངན་གྱི་ཐག་གཅོད་བྱེད་མི་ཐུབ། དེ་ལས་ཆོས་བརྒྱུད་ གང་ཡོད་པ་ཡོངས་རྫོགས་རང་སོར་བཞག་པ་ལས་དགེ་མཚན་ཆེ་བ་མེད། ཅེས་གསུངས། འཕགས་པ་རིན་པོ་ཆེས་དགོངས་པ་རྒྱ་ཆེན་པོས་གནས་ལུགས་དང་ རྒྱུ་མཚན་ཞིབ་ཕྲར་གསུངས་པ་ན། སེ་ཆེན་ཁཱང་འཕགས་པ་རིན་པོ་ཆེའི་ དགོངས་ཚུལ་དེ་ལ་ཡི་རངས་ཆེན་པོ་བྱུང་བར་མ་ཟད། འཕགས་པ་རིན་པོ་ ཆེའི་དགོངས་བཞེད་ལྟར། ས་སྐྱ་པས་གཙོས་བོད་ཀྱི་ཆོས་ལུགས་ཡོངས་ རྫོགས་མཐུན་སྒྲིལ་དང་མཉམ་གནས་ཐུབ་པ་ལ་སེ་ཆེན་ཁཱང་རང་གི་སྲིད་
འགྲོ་མགོན་ཆོས་རྒྱལ་འཕགས་པ། 31 གཞུང་ངོས་ནས་མཐུན་འགྱུར་གང་དགོས་བསྒྲུབ་རྒྱུ་ཡིན་པའི་དམ་བཅའ་ ཕུལ་བ་རེད། སྐབས་དེར་འཕགས་པ་རིན་པོ་ཆེ་ནི་དགུང་ལོ་ཉི་ཤ ་ལས་མ་སོན་པའི་ གཞོན་ནུ་ཞིག་ཡིན་ཡང། སེ་ཆེན་ཁཱང་གི་བཀའ་འདྲི་ལ་དགོངས་པ་ཡངས་ པའི་བཀའ་ལན་འདི་ལྟར་གནང་བ་དེས། འཕགས་པ་རིན་པོ་ཆེ་ཆོས་ལུགས་ ཐོག་མཁས་པ་ཕུལ་དུ་ཕྱིན་པ་ཞིག་ཡིན་པར་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ ཀྱང་ཤིན་ཏུ་གཟིགས་རྒྱང་ཡངས་པོ་ཞིག་ཡིན་པ་རྟོགས་ཐུབ་པར་མ་ཟད། ཆོས་བརྒྱུད་ཡོངས་རྫོགས་མཉམ་གནས་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་ ཁོང་གིས་བསྐྲུན་པ་རེད་ལ། དེ་ལ་བརྟེན་ནས་སེ་ཆེན་ཁཱང་གི་ཆབ་སྲིད་ དང་ས་སྐྱ་པའི་ཆོས་ལུགས་གཉིས་ཀ་སྙན་གྲགས་ལྡན་པའི་ངང་ནས་རྒྱུན་ གནས་ཐུབ་པ་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད།
32 བོད་ཡུལ་གྱི་ཤེས་ཡོན་འཕེལ་རྒྱས་མཛད་པ་། ༄༅། །འཕགས་པ་རིན་པོ་ཆེས་གཞན་གྱིས་རང་ལ་དད་འབུལ་ཞུས་པའི་ རྒྱུ་རྫས་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་མ་ཟད། རྒྱས་སྤྲོས་ཆེ་ བའི་གཙུག་ལག་ཁང་དང་ལྷ་རྟེན་འདྲ་མིན་བཞེངས་སྐྲུན་བྱེད་པ་ལས། སྤྱི་ སྒེར་གྱི་ཤེས་ཡོན་སློབ་སྦྱོང་དང་འཆད་ཉན་གྱི་འདུ་འཛོམས་ལྟ་བུའི་རིགས་ ལ་བཏང་སྟེ། ཆོས་སྲིད་ཀྱི་ཤེས་ཡོན་དང་འཇོན་ཐང་ལྡན་པའི་མི་སྣ་གསོ་ སྐྱོང་བྱ་བའི་དོན་དུ་གཏོང་རྒྱུ་གལ་ཆེ་བར་བརྩི་གནང་གི་ཡོད། སྐབས་དེར་བོད་ཀྱི་མང་ཚོགས་སྤྱི་ཡོངས་ཀྱི་སློབ་སྦྱོང་གི་ཆ་རྐྱེན་ ཤིན་ཏུ་སྐྱོ་ཞིང། དགོན་སྡེ་ཁག་ལ་མཚོན་ན་ཡང། སློབ་སྦྱོང་གི་ཆ་རྐྱེན་ ཡོངས་རྫོགས་དགེ་འདུན་པ་རང་ངོས་ནས་འཚོལ་སྒྲུབ་བྱ་དགོས་པ་མ་ གཏོགས། ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་སྦྱོར་བའི་སྤྱི་པའི་ སྒྲིག་འཛུགས་ལྟ་བུ་གཅིག་ཀྱང་མེད་པས། འཕགས་པ་རིན་པོ་ཆེས་རང་ ཉིད་ལ་དད་འབུལ་བྱུང་བའི་དངོས་རྫས་རྣམས་སྤྱི་པའི་སློབ་སྦྱོང་གི་དོན་དུ་ གསོལ་སྩལ་མཛད་བཞིན་པ་ནི། སློབ་གཉེར་བ་ཚོ་ལ་རྣག་ཐོག་གཙགས་ འཁེལ་ལྟ་བུའི་ཤིན་ཏུ་དགོས་མཁོ་ཅན་ཞིག་ཏུ་གྱུར་ཡོད།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 33 དེ་དུས་ཀྱི་འཆད་ཉན་སློབ་གཉེར་གནང་མཁན་གཙོ་བོ་དགེ་འདུན་པ་ རྣམས་ཡིན་པས། འཕགས་པ་རིན་པོ་ཆེས་དགེ་འདུན་གྱི་སྡེ་རྣམས་ལ་འཚོ་ བའི་ཆ་རྐྱེན་གང་འོས་སྦྱོར་བཞིན་པར་མ་ཟད། གྲྭ་པ་ཚོའི་རྒྱུན་གྱི་འཆད་ཉན་ དང་ཉམས་ལེན་ལ་བར་ཆད་མི་ཡོང་བའི་དོན་དུ། གྲྭ་པ་ཚོའི་ཁང་པར་གཞུང་ གི་ཕོ་ཉ་སོགས་བཙན་ཤེད་ཀྱིས་འབབ་སྡོད་མི་ཆོག་པ་དང། གྲྭ་པ་ཚོ་ལ་འུ་ ལག་དང། ཁྲལ་མི་བསྐུལ་བའི་བཀའ་ཡིག་གནང་དུ་བཅུག་སྟེ། དགེ་འདུན་ པའི་སྡེའི་འཆད་ཉན་སློབ་གཉེར་རྒྱུན་གནས་དང། བརྟན་འཇགས་ཡོང་བའི་ དོན་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད། སྤྱིར་འཕགས་པ་རིན་པོ་ཆེ་སྐུ་གཞོན་དུས་ནས་བཟུང་སྟེ་གསན་ བསམ་སློབ་གཉེར་ལ་ཐུགས་སྣང་དང། འབད་བརྩོན་ཆེན་པོ་གནང་མཁན་ ཞིག་ཡིན་པར་མ་ཟད། རང་ཉིད་དང་འབྲེལ་བའི་དགོན་སྡེ་ཁག་དང། མང་ཚོགས་སྤྱི་ཡོངས་ཀྱི་ཤེས་ཚད་གོང་མཐོར་གཏོང་བ་ལ་ཐུགས་སྣང་ དམིགས་བསལ་གནང་མཁན་ཞིག་ཡིན་པས། སློབ་གཉེར་བ་མི་གཅིག་ ཡིན་ན་ཡང་དེའི་འདུན་པ་ལ་སྣང་ཆུང་མི་མཛད་པར། དྲི་བར་ལན་འདེབས་ གནང་བ་སོགས་བྱེད་ཐབས་སྣ་ཚོགས་ཀྱིས་དེའི་གོ་རྟོགས་ཇེ་མཐོར་འགྲོ་ བར་རོགས་རམ་གང་ནུས་གནང་གི་ཡོད། སྐུ་ན་སོན་པའི་སྐབས་སུ་ཡང་རྒྱུ་ནོར་གང་ཐོབ་པ་ཐམས་ཅད་ཕངས་ སེམས་མེད་པར་བོད་ཀྱི་དགོན་སྡེ་ཁག་གི་འཆད་ཉན་སློབ་གཉེར་གྱི་དོན་དུ་ བཏང་གནང་གི་ཡོད། འཕགས་པ་རིན་པོ་ཆེས་དགོན་སྡེ་ཁག་ལ་འཆད་ཉན་ གྱི་མཐུན་རྐྱེན་སྦྱོར་བ་ནི། སྒེར་པའི་ཆོས་དད་ཀྱི་གནད་དོན་དང་འབྲེལ་བ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 34 མེད་པ་ཞིག་མིན་ཡང། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་དང་རྒྱུན་ འཛིན་བྱེད་པའི་ལྟེ་གནས་གཙོ་བོ་དགོན་སྡེ་ཁག་འདི་དག་ཆགས་ཡོད་པར་ མ་ཟད། བོད་ཀྱི་མང་ཚོགས་སྤྱི་ཡོངས་ཀྱི་ཡ་རབས་བཟང་པོའ་ཀུན་སྤྱོད་ དང། བསམ་བློའ་སློབ་གསོ་བཅས་ཀྱི་འབྱུང་ཁུངས་ཀྱང་ཆོས་བརྒྱུད་རིས་ མེད་ཀྱི་དགོན་སྡེ་ཁག་འདི་དག་ཆགས་ཀྱི་ཡོད་སྟབས། དགོན་སྡེ་ཁག་ མཐུན་རྐྱེན་སྦྱོར་སའི་ཡུལ་གཙོ་བོ་ཞིག་ཏུ་བཟུང་ཡོད། སྐབས་ཤིག་ལ་སེ་ཆེན་ཁཱང་གི་བཙུན་མོ་ཆ་བུས་འཕགས་པ་རིན་པོ་ ཆེར་དབང་ཡོན་དུ་མུ་ཏིག་རྡོག་པོ་གཅིག་ཕུལ། སྤྱིར་འཕགས་པ་རིན་པོ་ ཆེ་རང་ཉིད་ལ་མཚོན་ན། མུ་ཏིག་རྡོག་པོ་གཅིག་དེ་ཙམ་མ་ཟད་འཇིག་རྟེན་ གྱི་རྒྱུ་ནོར་གང་འདྲ་ལ་ཡང་སྲེད་པ་གཏན་ནས་མེད་མཁན་ཞིག་ཡིན་ཡང། སྐབས་དེར་བོད་ཁམས་འཕེལ་རྒྱས་ཀྱི་དོན་དུ་རྒྱུ་ནོར་དགོས་མཁོ་ཤིན་ཏུ་ ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན་པ་གཟིགས་ཀྱི་ཡོད། དེར་བརྟེན་འཕགས་པ་རིན་པོ་ཆེས། བཙུན་མོ་ཆ་བུས་ཕུལ་བའི་མུ་ ཏིག་རྡོག་པོ་དེ་སོག་པོའ་ཕྱུག་བདག་གཅིག་ལ་གསེར་བྲེ་ཆེན་གང་དང་དངུལ་ བྲེ་ཆེན་སྟོང་གི་རིན་བྱས་ཏེ་བཙོང་དུ་བཅུག གསེར་དངུལ་དེ་དག་ཡོངས་ རྫོགས་ཕྱིས་སུ་བོད་ཀྱི་དགོན་སྡེ་ཁག་གི་སློབ་སྦྱོང་གི་མཐུན་རྐྱེན་དུ་གནང་ སྟེ༑ དགེ་འདུན་པ་སྟོང་ཕྲག་མང་པོ་མཉམ་འདུས་ཀྱིས་ཐོག་ནས། འཆད་ཉན་ སློབ་གཉེར་དང། བརྒལ་བརྟག་བགྲོ་གླེང་བྱེད་པའི་འདུ་འཛོམས་གྲགས་ཅན། གཙང་གི་ཆུ་མིག་ཆོས་འཁོར་ཞེས་པའི་འཆད་ཉན་གྱི་འདུ་ར་ཆེན་པོ་ཞིག་ཆེད་ དུ་བཙུགས་གནང་བ་རེད།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 35 གཙང་གི་ཆུ་མིག་ཆོས་འཁོར་1ཞེས་པ་ནི། ཤིན་ཏུ་སྙན་གྲགས་ཆེ་བའི་ འཆད་ཉན་གྱི་འདུ་འཛོམས་ཤིག་ཡིན་ལ། འཆད་ཉན་གྱི་འདུ་འཛོམས་དེར་ དགེ་འདུན་པ་རྐྱང་པ་ཁྲི་ཕྲག་བདུན་ལྷག་འཛོམས་ཀྱི་ཡོད་པས། འཕགས་ པ་རིན་པོ་ཆེས་འཆད་ཉན་དུ་འཛོམས་པའི་དགེ་འདུན་པ་དེ་དག་ལ་རྒྱུན་གྱི་ ཞལ་ཟས་དང་སྐུ་འགྱེད་གྱ་ནོམ་པ་འབུལ་གྱི་ཡོད་པར་མ་ཟད། དགེ་འདུན་ པ་འབུམ་ཕྲག་མ་ཟིན་ཙམ་དེ་དག་ལ་དུས་ཡུན་ཟླ་ཕྱེད་ལྷག་རིང་འཕགས་པ་ རིན་པོ་ཆེ་རང་ཉིད་ཀྱིས་ཀྱང་མདོ་སྔགས་ཀྱི་གཞུང་ལུགས་མང་པོའ་འཆད་ ཁྲིད་གནང་གི་ཡོད། འདི་ལྟར་འཕགས་པ་རིན་པོ་ཆེས་བོད་དུ་འཆད་ཉན་སློབ་གཉེར་གྱི་ འགན་ཁུར་རྒྱ་ཆེར་བཞེས་པར་མ་ཟད། ཁོང་གིས་བོད་ཀྱི་གཞོན་རབས་ སློབ་གཉེར་བའི་ཁྲོད་དུ་འཆད་ཉན་གྱི་ལམ་སྲོལ་རྨད་དུ་བྱུང་བ་ཞིག་གཏིང་ ཚུགས་པ་ཡོང་བར་དམིགས་བསལ་ཐུགས་འགན་བཞེས་ཡོད། དཔེར་ན། འཕགས་པ་རིན་པོ་ཆེ་རང་ཉིད་ཀྱི་སྐུ་ཚེའི་ཉམས་མྱོང་གཞི་ལ་བཞག་སྟེ། འཆད་ཉན་གྱི་ལམ་སྲོལ་གལ་གནད་ཆེ་བ་མང་པོ་ཞིག་དྲི་བ་དྲིས་ལན་གྱི་ ལམ་ནས་གསལ་འདོན་གནང་གི་ཡོད་པ་ལྟ་བུ་ཡིན། སྐབས་ཤིག་ལ་འཕགས་པ་རིན་པོ་ཆེའི་སྐུ་དྲུང་དུ་སློབ་མ་ནམ་མཁའ་ 1 གཙང་གི་ཆུ་མིག་ཆོས་འཁོར། ཕྱི་ལོ་ ༡༢༧༧ ལོར་འགྲོ་མགོན་འཕགས་པ་སོག་ཡུལ་ ནས་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་གཙང་གི་ཆུ་མིག་རིང་མོར་དགེ་འདུན་ཁྲི་ བདུན་འཚོགས་པའི་ཆོས་འཁོར་ཞིག་གནང་བ་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་ཆུ་མིག་ཆོས་ འཁོར་ཟེར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 36 འབུམ་བྱ་བ་ཞིག་ཡོད། སློབ་མ་ནམ་མཁའ་འབུམ་གྱིས་རྒྱུན་དུ་འཕགས་པ་ རིན་པོ་ཆེའི་མདུན་ནས་སློབ་ཁྲིད་ཞུ་བ་དང་མཉམ་དུ། ཆོས་ཀྱི་ནང་དོན་དང་ འབྲེལ་བའི་དྲི་བ་མང་པོ་ཞུ་ཡི་ཡོད་ལ། འཕགས་པ་རིན་པོ་ཆེར་འཆད་ཉན་ གྱི་ལམ་སྲོལ་དང་འབྲེལ་བའི་བཀའ་འདྲི་འགའ་ཤས་ཀྱང་ཞུས་ཡོད། ཉིན་ཞིག་སློབ་མ་ནམ་མཁའ་འབུམ་གྱིས། སློབ་མའི་རྒྱུད་ལ་ཡོན་ ཏན་སྐྱེ་བ་ལ་བླ་མའི་བྱིན་རླབས་དང། སློབ་མ་རང་ཉིད་ཀྱི་མོས་གུས་ གཉིས་ཡོད་པ་ལས། གང་སྟོབས་ཆེ་བ་ཡིན་ལགས། ཞེས་བཀའ་འདྲི་ ཞུས་པར། འཕགས་པ་རིན་པོ་ཆེས། ཐུན་མོང་བའི་ཡོན་ཏན་ལ་མཚོན་ན། སློབ་མ་རང་ཉིད་ཀྱི་མོས་གུས་སྟོབས་ཆེ་བའི་སྐབས་ཡོད་ཀྱང། མཆོག་ གི་དངོས་གྲུབ་དང་ཡོན་ཏན་ལ་མཚོན་ན། བླ་མ་དང། སློབ་མ། ཉན་རྒྱུའི་ གདམས་ངག་གསུམ་གའི་སྟོབས་འཛོམས་དགོས་པ་ཡིན། ཞེས་པའི་ བཀའ་ལན་གནང། ནམ་མཁའ་འབུམ་གྱིས་བསྐྱར་དུ་བླ་མ་རིན་པོ་ཆེར། གནད་དོན་འདི་ དཔེ་དང་བཅས་གསུངས་པའི་རེ་སྐུལ་ཞུས་པ་ན། འཕགས་པ་རིན་པོ་ཆེས། དཔེར་ན། མེ་རྡོ་དང། མེ་ལྕགས། སྤྲ་བ་གསུམ་འཛོམས་ན་མེ་འབྱུང་བ་ ལྟར་ཡིན། བླ་མ་བྱིན་རླབས་ཀྱི་རྒྱུན་མ་ཆད་པར་ཡོད་པ་ཞིག་དང། སློབ་མ་ མོས་གུས་ཀྱི་རྟེན་འབྲེལ་མ་འཆུག་པ་ཡོད་པ་ཞིག ཉན་རྒྱུའི་གདམས་ངག་ བསྲེས་ལྷད་མེད་པ་གཙང་མ་དང་བཟང་པོ་ཞིག་ཡིན་ན། སློབ་མའི་རྒྱུད་ལ་ ཡོན་ཏན་སྐྱེ་བ་ལ་དཀའ་ངལ་མེད་པ་ཡིན། འོན་ཀྱང་དེང་སང་ཡོན་ཏན་འདི་ གསུམ་སྐྱོན་མེད་པ་འཛོམས་པ་ཤིན་ཏུ་དཀའ། ཞེས་བཀའ་ལན་གནང།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 37 བཀའ་ལན་འདི་དག་གིས་མཚོན་པའི་འཕགས་པ་རིན་པོ་ཆེས་རང་ ཉིད་ཀྱི་ཐུགས་མྱོང་གཞི་ལ་བཞག་སྟེ། འཆད་ཉན་ལམ་སྲོལ་དང་འབྲེལ་ བའི་དགོངས་ཚུལ་གལ་གནད་ཅན་མང་པོ་གསུངས་ཡོད། འཕགས་པ་ རིན་པོ་ཆེའི་བཀའ་ལན་འདི་དག་གིས་སྐབས་དེའི་སློབ་གཉེར་བ་མང་པོ་ ཞིག་ལ། འཆད་ཉན་གྱི་ལམ་སྲོལ་ས་ཆོད་ལྡན་པ་ཞིག་རྙེད་པར་ཤ གས་ རྐྱེན་ཆེན་པོ་ཐེབས་ཡོད་ལ། ཆོས་སྲིད་གཉིས་ཐད་ནས་ས་སྐྱ་པའི་གནས་ སྟངས་ཤིན་ཏུ་སྟོབས་ཆེན་པོར་ཆགས་པ་ཡང། འཕགས་པ་རིན་པོ་ཆེའི་ རྨད་དུ་བྱུང་བའི་མཛད་བྱུས་འདི་དག་དང་འབྲེལ་བ་གཏིང་ཟབ་ཡོད་པ་ སྨོས་མ་དགོས། དེ་བཞིན་འཕགས་པ་རིན་པོ་ཆེས། བོད་ལ་ཚད་ལྡན་གྱི་ལོ་ཙཱ་བ་ དགོས་མཁོ་ཆེན་པོར་གཟིགས་ཀྱི་ཡོད་སྟབས། ན་གཞོན་སློབ་གཉེར་ བ་མང་པོ་ཞིག་ལ་མཐུན་རྐྱེན་སྦྱར་ཏེ་ལོ་ཙཱ་བའི་སློབ་སྦྱོང་བྱེད་བཅུག་ ཡོད། རྒྱུ་མཚན་ནི་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ དང། རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་ཏེ་ཆོས་ལུགས་ཀྱི་ གཞུང་ལུགས་མང་པོ་ཞིག་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་ཟིན་ཡོད་ཀྱང། ཐུན་མོང་བའི་རིག་གནས་དང་སྒྱུ་རྩལ་གྱི་གཞུང་ལུགས་ཆ་ཚང་བ་ཞིག་ བོད་བསྒྱུར་ཐུབ་མེད་པའི་སྟོང་ཆ་ལྷག་ཡོད་སྟབས། ས་སྐྱ་པཎ་ཆེན་གྱིས་ སྙན་ངག་གི་གཞུང་ལུགས་ཆ་ཚང་བ་ཞིག་བོད་འགྱུར་བྱ་དགོས་པའི་ཞལ་ ཆེམས་མཛད་ཡོད། དེར་བརྟེན་འཕགས་པ་རིན་པོ་ཆེས་བོད་ཀྱི་གཞོན་སྐྱེས་སྐོར་ཞིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 38 ལ་རྒྱ་གར་གྱི་སྐད་ཡིག་དང་རྩོམ་རིག་ལ་དམིགས་བསལ་སྦྱངས་པ་བྱེད་ བཅུག་པའི་རྗེས། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ 2ལ་ལེགས་སྦྱར་གྱི་ སྐད་ཡིག་ཐོག་ཡོད་པའི་སྙན་ངག་མེ་ལོང་མ་ཆ་ཚང་བ་བོད་ཀྱི་སྐད་ཡིག་ ཐོག་ཕབ་བསྒྱུར་བྱ་དགོས་པའི་བཀའ་མངགས་མཛད་པ་རེད། བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཀྱང་ས་ སྐྱ་པཎ་ཆེན་གྱི་ཞལ་ཆེམས་དང། འཕགས་པ་རིན་པོ་ཆེའི་བཀའ་དགོངས་ དང་དུ་བླངས་ཏེ། སྙན་ངག་མེ་ལོང་མ་ལེའུ་གསུམ་ཡོངས་སུ་རྫོགས་པ་བོད་ སྐད་དུ་བསྒྱུར་ཏེ། བོད་ལ་སྙན་ངག་གི་རིག་གནས་ཆ་ཚང་བ་མེད་པའི་སྟོང་ ཆ་བསྐངས་པ་3དང། བོད་ཀྱི་སྐད་ཡིག་ཐོག་རིག་གནས་ཆེ་ཆུང་བཅུ་ཚང་ 2 ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི། ལ་སྟོད་ལྷོའ་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་ བོང་ར་ཞེས་པར་སྐུ་བལྟམས། འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དང་དུས་མཉམ། འགྲོ་མགོན་འཕགས་པས་བདག་རྐྱེན་གནང་ནས་(༡༢༦༥)བལ་ཡུལ་དུ་ལོ་ཙཱ་སློབ་ཏུ་བྱོན་ ཏེ་པཎྜི་ཏ་ས་དབང་བཟང་པོའ་དྲུང་ནས་སྒྲ་དང་། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་ བརྗོད་སོགས་རིག་གནས་ཆུང་བ་ལྔ་གཙོ་བོར་བྱང་ཆུབ་པ་གསན་སྦྱོང་མཛད་དེ་བསྟན་ བཅོས་མང་དུ་བསྒྱུར་གནང་བ་མ་ཟད། སྙན་ངག་གི་བཤད་རྒྱུན་སྔར་བས་དར་སྤེལ་མཛད་ ཐོག་སློབ་མ་མཁས་པ་དུ་མ་གསོ་སྐྱོང་མཛད། 3 བོད་ལ་སྙན་ངག་གི་རིག་གནས་ཆ་ཚང་བ་མེད་པའི་སྟོང་ཆ་བསྐངས་པ། འདིའི་སྔོན་དུ་ ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གིས་སྙན་ངག་མེ་ལོང་མ་ལེའུ་དང་པོ་དང་ གཉིས་པའི་དབུ་ནས་གང་འཚམ་ཞིག་བོད་སྐད་དུ་བསྒྱུར་ཡོད་ཀྱང། དེ་ནི་ཆ་ཚང་བ་ཞིག་མ་ ཡིན་པས་སྐབས་དེར་བོད་ལ་སྙན་ངག་གི་རིག་གནས་ཆ་ཚང་བ་ཞིག་དར་ཐུབ་མེད། དེར་ བརྟེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་ལེའུ་གསུམ་ཆ་ཡོངས་རྫོགས་ བོད་སྐད་དུ་བསྒྱུར་བ་ནས་བོད་ཀྱི་སྐད་ཡིག་ཐོག་སྙན་ངག་གི་རིག་གནས་ཆ་ཚང་བ་ཞིག་ དར་སྤེལ་ཐུབ་པ་བྱུང་བ་ཡིན།
འགྲོ་མགོན་ཆོས་རྒྱལ་འཕགས་པ། 39 བར་མཛད་པའི་བྱས་རྗེས་ཆེན་པོ་བཞག་གནང་ཡོད། ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས། འཕགས་པ་ཁུ་དབོན་གྱི་ ཐུགས་བཞེད་ལྟར། སྙན་ངག་མེ་ལོང་མ་ཡོངས་སུ་རྫོགས་པ་བོད་བསྒྱུར་ མཛད་པ་ནས་བཟུང། བོད་ལ་སྙན་ངག་གི་རིག་གནས་མགོ་མཇུག་ཚང་བ་ ཞིག་བྱུང་བ་ཡིན་པས། སྐབས་དེར་འཕགས་པ་རིན་པོ་ཆེས། ད་ཆོས་རྗེ་ ས་པཎ་གྱི་དགོངས་གཞི་ཡོངས་སུ་གྲུབ་པ་ཡིན་ལ། ང་རང་གི་བསམ་དོན་ ཡོངས་སུ་གྲུབ་སོང། ཞེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་པར་གྲགས།།
གཉིས་པ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན།
43 ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ངོ་སྤྲོད་། ༄༅། །བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཡོད་པའི་ཏའི་སི་ཏུ་བྱང་ཆུབ་ རྒྱལ་མཚན་ནི། ཡབ་ཕག་གྲུའི་དཔོན་པོ་རིན་ཆེན་སྐྱབས་དང། ཡུམ་ འབུམ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༣༠༢ ལོར་སྐུ་འཁྲུངས། སྐུ་ན་ གཞོན་དུས་ནས་བཟུང། ཕྱི་ནང་གི་དཀའ་ཁག་ཆེ་ཆུང་ཀུན་ལ་གདོང་ལེན་ གནང་ཐུབ་མཁན་ཞིག་དང། དཀའ་ངལ་ཅན་གྱི་བྱ་བ་གང་འདྲ་ཞིག་དང་ འཕྲད་ཀྱང། གཞན་སུ་གང་ལ་ཡང་ཁག་འཇོག་དང་རེ་ལྟོས་མི་བྱེད་པར། རང་ཉིད་ཀྱིས་འགན་དུ་བླངས་ནས་འགྲུབ་པར་འབད་བརྩོན་ལྷོད་མེད་ གནང་མཁན་ཞིག་ཡིན། མི་ཕལ་མོ་ཆེར་རྒྱུ་རྐྱེན་དང་གནས་སྟངས་མ་འདྲ་བའི་དཀའ་ངལ་ སྣ་ཚོགས་འཕྲད་ངེས་ཀྱང། ཇི་ཙམ་དཀའ་ངལ་འཕྲད་པའི་ཚོད་ཀྱིས་ རང་ཚུགས་ཇེ་བརྟན་དང། སྤྱང་གྲུང་དོད་པོས་དཀའ་ངལ་ལ་གདོང་ལེན་ བྱས་ཏེ། རང་ཉིད་དཀའ་ངལ་དེ་ལས་གྲོལ་བའི་ཐབས་ལམ་འཚོལ་བ་ མ་གཏོགས། ནམ་ཡང་ཁོང་ཁྲོ་དང་ཚོར་བའི་གཞན་དབང་དུ་མི་འགྲོ་བ་ ནི༑ སྐྱེས་བུ་ཁྱད་པར་བ་ཞིག་གི་ངང་ཚུལ་ཡིན་པ་བཞིན། བྱང་ཆུབ་རྒྱལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 44 མཚན་ནི་སྐུ་ན་གཞོན་དུས་ནས་ཁྱད་ཆོས་འདི་རང་གཤིས་སུ་མངའ་བ་ ཞིག་ཡིན་པས། ཁོང་འགོག་རྐྱེན་དང་དཀའ་ངལ་ཐམས་ཅད་ལས་རྣམ་ པར་རྒྱལ་ཐུབ་པ་བྱུང་ཡོད། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་དོན་མེད་དུ་མཐོ་དམའ་སུ་ལ་ཡང་ གནོད་འཚེ་དང་བཙན་འཛུལ་བྱེད་མཁན་ཞིག་མིན་ཡང། རང་ཉིད་ལ་དབང་ བའི་མངའ་ཐང་དང་མཁར་དབང། འབངས་མང་ཚོགས་བཅས་རང་གི་ཚེ་ སྲོག་དང་བསྡོས་ནས་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པར་མ་ཟད། གཞན་ པའི་བཙན་འཛུལ་དང་དྲག་གནོན་གྱི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ ཏེ༑ རང་གི་གནས་བབ་དང་དབང་ཐང་རྒྱུན་གནས་ཡོང་བར་གནང་ཐབས་ འཇམ་རྩུབ་ཅི་རིགས་ལག་བསྟར་མཛད་ཅིང། རང་ལ་དབང་བའི་མངའ་ ཐང་དང་ལོངས་སྤྱོད་ཕྲ་མོ་ཙམ་ཡང་ཕ་རོལ་པོའ་བཙན་འཕྲོག་དང་འཇིགས་ སྐུལ་གྱི་འོག་ཏུ་གཏན་ནས་ཤོར་མི་འཇུག་མཁན་ཞིག་ཡིན། མདོར་ན། བྱང་ཆུབ་རྒྱལ་མཚན་གྱི་རང་ཚུགས་བརྟན་པོ་དང། བློ་ རིག་གྲུང་པོ། ཁོག་རྒྱ་ཡངས་པོ། འགན་ཁུར་དང་ལེན་གྱི་བསམ་བློ་ལྷད་ མེད་པ་བཅས་ལ་བརྟེན་ནས། ཕག་མོ་གྲུ་པའི་མིག་མདུན་གྱི་འགོག་རྐྱེན་ ཡོངས་རྫོགས་བསལ་ཏེ། རང་ཉིད་ཕ་རོལ་པོའ་བཙན་གནོན་ལས་རྣམ་ པར་རྒྱལ་ཏེ་མངའ་ཐང་དང་རང་དབང་བསྐྱར་གསོ་མཛད་པར་མ་ཟད། བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་པའི་སྲིད་དབང་སྲ་བརྟན་ཞིག་ ཚུགས་ཐུབ་ཡོད།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 45 ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་ཡོངས་ལ་དབང་ བསྒྱུར་ཏེ་ཆབ་སྲིད་ཀྱི་གོ་གནས་མཐོ་ཤོས་འཛིན་པའི་སྐབས་སུ་ཡང། ཆེ་ ཉམས་དང་རྒྱས་སྤྲོས་མཛད་ནས་མི་བཞུགས་པར་བོད་ཁམས་སྤྱིའི་བདེ་ སྡུག་ལ་དགོངས་པ་གཏིང་ཟབ་བཞེས་ཏེ། རྒྱུན་གྱི་འཚོ་བ་དང་བདེ་འཇགས་ གང་ཅིའི་ཐད་ནས་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ལས་གཞི་སྣ་ ཚོགས་གསར་གཏོད་མཛད་པས། བོད་ཀྱི་ལོ་རྒྱུས་ཐོག་རྒད་མོ་གསེར་ཁུར་ གྱི་དུས་སྐབས། ཞེས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་དང་ཞི་བདེ་བག་ཕེབས་ ཀྱི་དུས་སྐབས་ཤིག་བྱུང་བས། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་བོད་ཀྱི་ ལོ་རྒྱུས་ཐོག་ཤིན་ཏུ་མཚན་སྙན་ཆེ་བའི་དཔོན་པོ་ཞིག་ཏུ་གྱུར་པ་ཡིན།
46 མི་རྒྱུད་ཀྱི་མཚན་མཐོང་སྲུང་སྐྱོབ་། ༄༅། །བྱང་ཆུབ་རྒྱལ་མཚན་དགུང་ལོ་བཅུ་གཉིས་ཐོག་ས་སྐྱར་བྱོན། སྐབས་དེར་ས་སྐྱ་ནི་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ལྟེ་གནས་གཙོ་བོ་ ཡིན་པས། བྱང་ཆུབ་རྒྱལ་མཚན་ལྟ་བུར་མཚོན་ན། གཞོན་དུས་ནས་ཆོས་ སྲིད་ཀྱི་གནད་ཡོད་མི་སྣ་ཁག་ལ་འབྲེལ་ལམ་འཛུགས་པ་དང། ཤེས་ཡོན་ སློབ་སྦྱོང་བྱེད་པ། ལས་ཀའི་ཉམས་མྱོང་གསོག་པ་བཅས་ཀྱི་དོན་དུ་ས་སྐྱར་ འབྱོན་པ་ནི། སྐབས་དེའི་བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད་རྣམས་ཀྱི་འགྲོ་ལུགས་ལྟ་ བུ་ཞིག་ཏུ་གྱུར་ཡོད། སྐབས་དེར་བོད་ཀྱི་རྫོང་དཔོན་ཁག་གི་སྐུ་སྲས་མང་ཆེ་བ་ནི། བྱང་ ཆུབ་རྒྱལ་མཚན་དང་འདྲ་བར་ས་སྐྱར་སློབ་སྦྱོང་སོགས་ཀྱི་དོན་དུ་ཡོང་གི་ ཡོད་སྟབས། བྱང་ཆུབ་རྒྱལ་མཚན་དང་གནས་བབས་མཚུངས་པའི་བྱིས་པ་ མང་པོ་ཞིག སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་ལྟེ་གནས་གཙོ་བོ་ཡིན་པའི་ ས་སྐྱར་རང་བཞིན་གྱིས་འདུས་ཡོང་བ་ནི། རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུ་ ཞིག་ཏུ་གྱུར་ཡོད། སྐུ་སྲས་འདི་དག་ནི་མང་ཚོགས་དཀྱུས་མའི་བྱིས་པ་རྣམས་དང་མི་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 47 འདྲ་བར། མ་འོངས་པར་ཆོས་སྲིད་ཀྱི་འགན་དབང་དམིགས་བསལ་བ་རེ་ ཐོབ་ངེས་པ་ཤ་སྟག་ཡིན། རྒྱུ་མཚན་ནི། སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་ ལམ་ལུགས་ནང་གདུང་རྒྱུད་དང་མི་རྒྱུད་ཀྱིས་དབང་འཛིན་ལམ་ལུགས་དར་ ཆེ་བས། ཕ་ཤ ལ་བུ་འཛིན་ལྟ་བུའི་དཔོན་གནས་ཤིག་ཐོབ་ངེས་པར་གྱུར་ ཡོད། དེར་བརྟེན་སྐུ་སྲས་འདི་དག་མང་ཆེ་བ་ནི་གཞན་ལས་ཁྱད་དུ་འཕགས་ པའི་ཤེས་ཡོན་དང་འཇ ན་ཐང་ཡོད་མེད་གང་ལྟར་ཡང། རང་ཉིད་གཞན་དང་ མ་འདྲ་བ་ཞིག་ཡིན་སྙམ་པའི་ང་རྒྱལ་ཞིག་རང་བཞིན་གྱིས་སེམས་རྩ་ན་ ལྡིང་བཞིན་ཡོད། འོན་ཀྱང་སྐུ་སྲས་འདི་དག་ས་སྐྱར་སླེབས་ཟིན་པའི་རྗེས་རང་ཉིད་ཀྱི་ ཡོང་ཁུངས་ཇི་ཙམ་མཐོ་པོ་ཡིན་མིན་ལ་མ་ལྟོས་པར། ལས་ཀ་གང་འདྲ་ ཞིག་གོ་སྒྲིག་བྱེད་དགོས་ཀྱི་ཡོད་མེད་སོགས་ས་སྐྱ་པའི་གཞུང་གི་དཔོན་ རིགས་ཚོས་ཐག་གཅོད་གང་བྱེད་ལྟ་བུ་ཡིན་པ་ལས། ས་སྐྱར་སྐུ་དྲག་གི་ རིགས་སྲས་ཡིན་པའི་དཔུང་ཤ གས་ངོམ་ས་མེད་ལ། ལས་གནས་རང་མོས་ ཀྱིས་འདེམས་ཀ་བྱེད་པའི་ལུགས་སྲོལ་ཞིག་གཏན་ནས་མེད། ཡིན་ནའང་ གཞུང་གིས་གོ་སྒྲིག་གནང་བའི་ལས་ཀ་དེ་དོ་བདག་རང་ཉིད་ལ་འདོད་མོས་ མེད་ཚེ། དེ་ལ་དགོངས་པ་ཞུ་འཁྲོལ་གྱི་ལམ་ལུགས་ཤིག་ཡོད། བྱང་ཆུབ་རྒྱལ་མཚན་ཐོག་མར་ས་སྐྱར་སླེབས་པའི་སྐབས་ས་སྐྱའི་ བཞི་ཐོག་བླ་བྲང་1གི་ལས་ཚན་ནང་མའི་བྱ་བ་ཞིག་གོ་སྒྲིག་གནང་ཡོད་ཀྱང། 1 ས་སྐྱའི་བཞི་ཐོག་བླ་བྲང་། ས་སྐྱ་པས་བོད་སྤྱི་ལ་དབང་བསྒྱུར་བ་ནི་བདག་ཉིད་ཆེན་པོ་ བཟང་པོ་དཔལ་ཡན་ཆད་ཡིན་ལ། འདི་པས་སྔ་རྗེས་སུ་བཙུན་མོ་དྲུག་ཁབ་ཏུ་བཞེས་པར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 48 དེ་ནི་བདག་ཆེན་བཟང་པོ་དཔལ་ 2གྱི་ཉིན་རེའི་མཛད་འཕྲིན་དང་ཐད་ཀར་ འབྲེལ་བ་ཡོད་པ་ཞིག་ཡིན་ཞིང། བདག་ཆེན་བཟང་པོ་དཔལ་ནི། སྐབས་ དེའི་ས་སྐྱའི་དབང་འཛིན་པ་མཐོ་ཤོས་ཀྱི་གྲས་ཡིན་པས། བྱང་ཆུབ་རྒྱལ་ མཚན་ལ་བདག་ཆེན་པའི་བླ་བྲང་གི་ལས་ཚན་ནང་མའི་བྱ་བ་ཞིག་ཐོབ་ པ་ནི་དགའ་འོས་པ་ལྟ་བུ་ཞིག་ཡིན་ཡང། བདག་ཆེན་ཁོང་ཐུགས་གཤིས་ གཏུམ་དྲག་ཅན་ཞིག་ཡིན་པས། རྒྱུན་དུ་གཤམ་འོག་གི་ལས་བྱེད་རྣམས་ལ་ བཀའ་བཀྱོན་ཡང་ཡང་གནང་མཁན་ཞིག་ཡིན། བྱང་ཆུབ་རྒྱལ་མཚན་ནི་སྐབས་དེར་དགུང་ལོ་བཅུ་གཉིས་ལས་མ་ སོན་པའི་བྱིས་པ་ཞིག་ཡིན་ཡང། རང་གི་ཉིན་རེའི་འགྲོ་སྟངས་འདུག་ སྟངས་ཙམ་མ་ཡིན་པར། ས་སྐྱའི་གཞུང་ནས་གོ་སྒྲིག་གནང་བའི་ལས་ཀ་དེ་ སྲས་སྲོས་བཅུ་ལྷག་འཁྲུངས། ཕྱི་ལོ་ ༡༣༢༤ ལོར་བདག་ཉིད་ཆེན་པོ་བཟང་པོ་དཔལ་སྐུ་ གཤེགས་པའི་ལོ་དེར་སྲས་རྣམས་ཕན་ཚུན་མ་མཐུན་པར་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་ གཅུང་པོ་རྣམས་ལ་བཞི་ཐོག་བླ་བྲང་དང། རིན་ཆེན་སྒང་བླ་བྲང། ལྷ་ཁང་བླ་བྲང། དུས་ མཆོད་བླ་བྲང་བཅས་སོ་སོར་བགོས། བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཇོ་མོ་གསུམ་ པ་ནམ་མཁའ་རྒྱལ་མོའ་སྲས་གསུམ་གྱི་འབྲིང་བ་མཁས་བཙུན་ནམ་མཁའ་ལེགས་པ་ལ་ བླ་བྲང་གཅིག་གནང་བ་དེ་ནས་བྱུང་བའི་གདུང་རྒྱུད་རྣམས་ལ་བཞི་ཐོག་བླ་བྲང་པ་ཞེས་ ཟེར་བ་ཡིན། 2 བདག་ཉིད་ཆེན་པོ་བཟང་པོ་དཔལ། ཕྱ ་ལོ་ ༡༢༦༢ ལོར་སྐུ་འཁྲུངས། འཁོན་གྱི་གདུང་རྒྱུད་ གཙང་མ་ཡིན་མིན་ཐད་རྩོད་གླེང་སྣ་ཚོགས་བྱུང་ཡང། ཕྱིས་སུ་དྷ་རྨ་པཱ་ལ་རིགས་སྲས་ མེད་པར་གྲོངས་པས་གདུང་རྒྱུད་ཉག་ཕྲར་གྱུར་པའི་སྐབས་བསྐྱར་དུ་རྒྱ་ནག་ནས་གདན་ འདྲེན་ཞུས་ཏེ་ས་སྐྱའི་ཁྲི་ལ་བསྐོས། ལོ་ངོ་ཉི་ཤ ་རྩ་གྲངས་ལ་གདན་ས་བཟུང་སྟེ་དགུང་ལོ་ རེ་གཅིག་པ། ཕྱི་ལོ་ ༡༣༢༢ ལོར་སྐུ་གཤེགས།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 49 རང་ཉིད་ལ་འཚམ་པོ་ཡོད་མེད་དང། ལས་གནས་དེ་རྒྱུན་སྐྱོང་བྱས་ཚེ་གྲུབ་ འབྲས་གང་འདྲ་ཡོང་རྒྱུ་ཡིན་མིན་བཅས་ཀྱི་ཐད། བསམ་བློ་ཞིབ་ཚགས་པོ་ གཏོང་གནང་གི་ཡོད། དེར་བརྟེན་བྱང་ཆུབ་རྒྱལ་མཚན་ས་སྐྱར་འབྱོར་ནས་དུས་ཡུན་རིང་པོ་ མ་སོང་བའི་ཉིན་ཞིག་ལ། ཁོང་གི་བསམ་པར། གཞུང་ནས་གོ་སྒྲིག་གནང་ བའི་ལས་གནས་འདིར་མུ་མཐུད་དེ་བསྡད་ཚེ། ཉིན་ཞིག་རང་གི་ཐོག་ལ་ཡང་ བདག་ཆེན་བཟང་པོ་དཔལ་ཐུགས་མ་དགྱེས་པ་ཡོང་སྲིད་པ་དང། སྐབས་དེ་ ལ་བཀའ་བཀྱོན་འདྲ་མིན་ཡང་ཕེབས་སྲིད་པ་ཡིན་པས། དེ་ལྟར་བྱུང་ན་རང་ ཉིད་ཙམ་དུ་མ་ཟད་ཕག་གྲུའི་མི་རྒྱུད་ཀྱི་མཚན་ཤས་ལ་ཡང་གནོད་པ་ཡོང་ རྒྱུ་ཡིན་སྙམ་པའི་དགོངས་ཚུལ་ཞིག་བྱུང་བ་རེད། འདི་ལྟར་བསམ་བློ་ཞིབ་ཏུ་བཏང་བའི་མཐའ་མར་རང་ཉིད་སྒེར་པའི་ ཉིན་རེའི་འགྲོ་སྟངས་ལས། ཕག་གྲུ་མི་རྒྱུད་ཀྱི་ཆེ་མཐོང་དང་མཚན་གནས་ སྲུང་སྐྱོབ་བྱ་དགོས་པ་གལ་གནད་ཆེ་བར་མཐོང་བས། བདག་ཆེན་པའི་བླ་ བྲང་གི་ལས་ཚན་ནང་མ་ནས་དགོངས་པ་ཞུ་རྒྱུ་ཐག་གཅོད་མཛད་པ་རེད། ཉིན་ཞིག་བྱང་ཆུབ་རྒྱལ་མཚན་གྱིས་འབྲེལ་ཡོད་ས་སྐྱའི་གཞུང་ལ་ དགོངས་ཤོག་ཕུལ་ཏེ། བདག་ཆེན་པའི་བླ་བྲང་གི་ལས་ཚན་ནང་མའི་ལས་ གནས་དེ་མཚམས་འཇོག་བྱས་པར་མ་ཟད། མ་འོངས་པར་ཆོས་སྲིད་ཀྱི་ ལས་དོན་གང་ཞིག་སྒྲུབ་ཀྱང་རུང་ཤེས་ཡོན་སློབ་སྦྱོང་ནི། ཐོག་མཐའ་བར་ གསུམ་ལ་མེད་དུ་མི་རུང་བ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་སྟེ། ཉིན་གཅིག་ཀྱང་དོན་མེད་ཆུད་ཟོས་སུ་མི་གཏོང་བར་ཆོས་ལུགས་དང།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 50 ཆབ་སྲིད། རིག་གནས་བཅས་སོ་སོར་མཁས་པའི་བཤེས་གཉེན་རྣམས་ ཀྱི་དྲུང་ནས་རྒྱུན་དུ་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་མཛད་དེ། རང་ གི་ཤེས་རྒྱ་མཐོང་རྒྱ་དང་ཉམས་མྱོང་བཅས་རྒྱུན་མ་ཆད་པར་འཕེལ་རྒྱས་ གཏོང་གི་ཡོད། བྱང་ཆུབ་རྒྱལ་མཚན་གྱིས་བདག་ཆེན་པའི་བླ་བྲང་གི་ལས་ཚན་ནང་ མ་ནས་དགོངས་པ་ཞུས་པའི་རྗེས་སུ་ཡང། བདག་ཆེན་བཟང་པོ་དཔལ་ གྱིས་ཕྱོགས་ཡོང་གི་གཞོན་ནུ་དེ་དག་ལས་བྱང་ཆུབ་རྒྱལ་མཚན་ལ་ དམིགས་བསལ་ཐུགས་སྣང་གནང་གི་ཡོད། བྱང་ཆུབ་རྒྱལ་མཚན་ས་སྐྱར་ འབྱོར་ནས་དུས་ཡུན་གང་འཚམ་ཕྱིན་པ་ན། ཁོང་ག ་སྙིང་རུས་དང། རང་ ཚུགས། ལས་དོན་སྒྲུབ་པའི་འཇོན་ནུས། མི་ལ་འབྲེལ་ལམ་འཛིན་སྟངས་ བཅས། ཕྱོགས་གང་ཐད་ནས་བདག་ཆེན་བཟང་པོ་དཔལ་གྱི་ཐུགས་ལ་ཤིན་ ཏུ་འཇུག་པོ་བྱུང་ཞིང། མ་འོངས་པར་ཆབ་སྲིད་ཀྱི་མདུན་ལམ་ཆེན་པོ་ཡོད་ མཁན་ཞིག་དང། བོད་ཁམས་སྤྱི་ལ་ཕན་པ་སྒྲུབ་ཐུབ་མཁན་ཞིག་ཡོང་རྒྱུ་ ཡིན་པའི་ཚོད་དཔག་ཀྱང་གནང་གི་ཡོད། དེར་བརྟེན་བདག་ཆེན་བཟང་པོ་དཔལ་གྱིས་བྱང་ཆུབ་རྒྱལ་མཚན་ ལན་མང་པོར་སྐུ་དྲུང་དུ་བཀའ་འགུག་གནང་བ་དང། གསོལ་རས་ཀྱང་མང་ པོ་གནང་གི་ཡོད་པར་མ་ཟད། ཁྱོད་མ་འོངས་པར་ཁྲི་དཔོན་བཟང་པོ་ཞིག་ ཡོང་རྒྱུ་ཡིན་པས། ཆོས་ཕྱོགས་ཀྱི་སློབ་སྦྱོང་རྐྱང་པ་མ་ཡིན་པར་རྒྱལ་པོའ་ ལུགས་ཀྱི་བསྟན་བཅོས་སོགས་ཆབ་སྲིད་ཀྱི་སྐོར་དང། འཇིག་རྟེན་མི་ ལུགས་ཀྱི་ཤེས་བྱ་ཆེ་ཕྲ་ཀུན་ལ་སློབ་སྦྱོང་བྱེད་དགོས། ཞེས་སོགས་ཐུགས་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 51 རེ་ཆེན་པོས་རྒྱུན་དུ་བསླབ་བྱ་གནང་གི་ཡོད། བདག་ཆེན་གྱི་སློབ་སྟོན་དེས་ བྱང་ཆུབ་རྒྱལ་མཚན་གྱི་སློབ་སྦྱོང་དང། མི་ཚེའི་ཁ་ཕྱོགས་ལ་ཤ གས་རྐྱེན་ གཏིང་ཟབ་ཅིག་ཐེབས་ཡོད་པ་གསལ་པོ་ཡིན། དེའི་རྒྱུ་མཚན་ནི། ཕྱིས་སུ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་ དུ་གྱུར་ཏེ་ཆབ་སྲིད་བསྐྱངས་པའི་སྐབས། བླ་མ་བདག་ཆེན་པ་ཁོང་གིས་ ཕྲན་ཐུགས་ལ་བཏགས་ཏེ། རྒྱུན་དུ་དམིགས་བསལ་གཟིགས་སྐྱོང་དང། ཤ་ཚ་ཅན་གྱི་སློབ་སྟོན་མང་པོ་གནང་གི་ཡོད། ད་ལྟའི་ངའི་གནས་སྟངས་ ཀྱི་ཐོག་ནས་བསམ་བློ་གཏོང་བའི་སྐབས། བདག་ཆེན་པ་ཁོང་གིས་ང་ བསོད་ནམས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མཁྱེན་པ་ཡིན་འདུག་པས། དག་སྣང་དང་མོས་གུས་བསམ་གྱིས་མི་ཁྱབ་པ་ཞིག་རྒྱུན་དུ་ཡོང་གི་འདུག ཅེས་གཞན་ལ་བཀའ་མོལ་གནང་བའི་སྐབས་རྒྱུན་པར་གསུང་གི་ཡོད་པ་ ལས་ཤེས་ཐུབ། བྱང་ཆུབ་རྒྱལ་མཚན་གྱི་གཞི་རྩའི་ཐུགས་གཤིས་དང། གཞོན་ནུའི་ དུས་ཀྱི་བསམ་བློ་གཏོང་ཕྱོགས། རང་གི་མིག་མདུན་གྱི་ཁ་ཕྱོགས་ལ་རང་ ཉིད་ཀྱིས་སྟངས་འཛིན་བྱེད་པའི་ནུས་པ་ལྡན་པ་བཅས་ནི། བྱང་ཆུབ་རྒྱལ་ མཚན་མ་འོངས་པར་མི་སྣ་མཚན་སྙན་ཅན་ཞིག་ཏུ་འགྱུར་བ་དང། ཆོས་ སྲིད་ཀྱི་དམིགས་ཡུལ་མངོན་གྱུར་ཡོང་བའི་གོམ་སྟབས་གལ་གནད་ཆེ་ ཤོས་སུ་གྱུར་ཡོད་པ་སྨོས་མ་དགོས། སྤྱིར་མི་སུ་འདྲ་ཞིག་ཡིན་ཡང་རུང། རང་གི་མི་ཚེ་ལེགས་ཉེས་དང། གྲུབ་འབྲས་ལྡན་པ་ཞིག་ཡོང་ཐུབ་མིན་ནི། རང་གི་གཤིས་ཀ་གྲུབ་སྟངས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 52 དང། མི་ཚེ་འགོ་འཛུགས་བྱེད་སྟངས་ལ་རག་ལུས་པས། གཤིས་ཀ་གང་ འདྲ་ཞིག་ཏུ་འགྲུབ་མིན་རང་ལ་རང་དབང་ཆ་ཚང་མེད་ཀྱང། རང་གི་མི་ཚེ་ འགོ་འཛུགས་བྱེད་པའི་སྐབས་བྱང་ཆུབ་རྒྱལ་མཚན་ལྟར་བློ་རིག་བསྒྲིམས་ ཏེ༑ ཁ་ཕྱོགས་མ་ནོར་བ་ཞིག་དང། གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་བྱ་དགོས་ པ་ནི་གལ་གནད་ཆེ་ཤོས་སུ་གྱུར་ཡོད་པ་གསལ་པོ་ཡིན།
53 ཕག་གྲུ་སྲིད་པས་བསྐོས་པའི་གངས་རི་ཡིན་། ༄༅། །བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱར་སློབ་སྦྱོང་གནང་ནས་ཡོད་པའི་ སྐབས་སུ། ཁོང་དང་མཉམ་དུ་ཁྲི་དཔོན་དང་སྡེ་དཔོན་ཁག་གི་བུ་ཕྲུག སློབ་ གཉེར་ལ་བཅར་བའི་བྱིས་པ་གཞན་དག་ཀྱང་མང་པོ་ཡོད་ཅིང། བྱིས་པ་དེ་ དག་ལ་འཚོ་བའི་གནས་སྟངས་དང། ཁྱིམ་རྒྱུད་ཀྱི་གནས་སྟངས་བཅས་ཀྱི་ ཐད་ནས་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོད། དཔོན་རིགས་ཀྱི་སྲས་དང། འབྱོར་ལྡན་པའི་ཁྱིམ་རྒྱུད་ནས་ཡོང་བའི་བྱིས་པ་རིགས་ཤིག་གིས་ཁྱིམ་ རྒྱུད་ཀྱི་དབང་ཤེད་དང་ཕ་མའི་རྒྱུ་ཤེད་ལ་བརྟེན་ནས། བྱིས་པ་དཀྱུས་མའི་ རིགས་ལ་རྒྱུན་དུ་མཐོང་ཆུང་དང་བརྙས་བཅོས་བྱེད་ཀྱི་ཡོད། ཡིན་ན་ཡང་བྱང་ཆུབ་རྒྱལ་མཚན་ནི། རྒྱུན་དུ་བྱིས་པ་སྙོམས་ཆུང་ རྣམས་དང་འགྲོགས་ཤིང། སྙོམས་ཆུང་དེ་དག་ལ་མཐུན་འགྱུར་དང་འགོ་ འདྲེན་བྱེད་པ་ལས། འབྱོར་ལྡན་ཡིན་པའི་བྱིས་པ་ང་རྒྱལ་ཅན་དང། ལྟ་ བ་མཐོན་པོའ ་རིགས་ཀྱི་སློབ་ཕྲུག་སུ་ལའང་རྒྱལ་ཁ་མི་སྟེར་ཞིང། དེ་ དག་གི་གཉའ ་ གནོན་འོག་ནས་ཡོད་པའི་བྱིས་པ་སྙོམས་ཆུང་རིགས་ སྲུང་སྐྱོབ་བྱ་བའི་དོན་དུ། ཁོ་ཚོའི་ང་རྒྱལ་དང་བཙན་ཤེད་ལ་རྒྱུན་དུ་བྱེད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 54 ཐབས་སྣ་ཚོགས་ཀྱིས་ཁ་གཏད་གཅོག་གི་ཡོད། དེར་བརྟེན་སྡེ་དཔོན་མི་ དྲག་གི་སྲས་དེ་དག་གིས་བྱང་ཆུབ་རྒྱལ་མཚན་ལ་དགའ་པོ་བྱེད་ཀྱི་མེད་ པ་སྨོས་མ་དགོས། ཐེངས་ཤིག་སློབ་དཔོན་ནམ་བློ་ཟེར་བ་དང། བྱང་ཆུབ་རྒྱལ་མཚན་ གཉིས་གནད་དོན་ཞིག་གི་ཐོག་ལྟ་ཚུལ་མ་མཐུན་པའི་རྩོད་གླེང་བྱུང་བ་ རེད། སྐབས་དེར་བྱང་ཆུབ་རྒྱལ་མཚན་ལ་མི་དགའ་བའི་བྱིས་པ་གཞན་ དག་གིས་ཀྱང་གོ་སྐབས་དེ་བཟུང་ནས་སློབ་དཔོན་ནམ་བློ་ཟེར་བ་དང་ དཔུང་བསྒྲིགས་བྱས་ཏེ། བྱང་ཆུབ་རྒྱལ་མཚན་ལ་དམའ་འབེབས་ལྟ་བུའི་ ཚིག་ངན་སྣ་ཚོགས་བཤད། ཁོང་ཚོའི་བར་དུ་རྩོད་གླེང་བྱུང་བའི་སྐབས་ ཀྱི་གནས་ཚུལ་ཐམས་ཅད་བླ་མ་མཉམ་མེད་པས་ 1གསན་པ་རེད། ཕྱི་ཉིན་སློབ་གཉེར་བ་རྣམས་འཛོམས་པའི་དབུས་སུ་བླ་མ་མཉམ་ མེད་པས། བྱང་ཆུབ་རྒྱལ་མཚན་གྱི་ཐོག་དཔུང་སྒྲིག་བྱེད་མཁན་གྱི་བྱིས་པ་ ཁེངས་དྲེགས་ཅན་དེ་དག་ལ་ཐུགས་མ་མཉེས་པའི་རྣམ་འགྱུར་དང་བཅས། ཁྱེད་ཚོ་རླུང་གིས་བདས་པའི་བྱེ་རི་ཡིན། ཕག་གྲུ་དཔོན་པོ་སྲིད་པས་བསྐོས་ པའི་གངས་རི་ཡིན། ཞེས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ནི། བྱིས་པ་ཁེངས་ དྲེགས་ཅན་དེ་དག་གིས་འགྲན་ཡ་ཡོང་བ་ཞིག་མིན་པ་དང། རང་མཐོང་ང་ 1 བླ་མ་མཉམ་མེད་པ། མཚན་གཞན་བླ་མ་དམ་པ་ཡང་ཞུ་ཞིང། མཚན་དངོས་ནི་བླ་མ་དམ་ པ་བསོད་ནམས་རྒྱལ་མཚན་ཡིན། ཕྱི་ལོ་ ༡༣༡༢ ལོར་རིན་ཆེན་སྒང་དུ་སྐུ་འཁྲུངས། ས་ སྐྱ་དང། སྙེ་ཐང། བོ་དོང། བསམ་ཡས་སོགས་སུ་བསྟན་འགྲོའ་དོན་རྒྱ་ཆེར་བསྐྱངས། དགུང་ལོ་རེ་བཞི་པ། ༡༣༧༥ ལོར་སྐུ་གཤེགས།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 55 རྒྱལ་ཅན་དེ་དག་ལས་ཁྱད་པར་བ་ཞིག་ཡིན་པའི་ཁྱད་ཆོས་གསལ་འདོན་ མཛད་པ་རེད། བླ་མ་མཉམ་མེད་པས། བྱང་ཆུབ་རྒྱལ་མཚན་ནི་སྲིད་པས་བསྐོས་ པའི་གངས་རི་ལྟ་བུ་ཡིན་པས། ཁོང་གི་དབང་ཐང་དང་བསོད་ནམས་ལ་ ཁྱེད་ཅག་སུ་གང་གིས་ཀྱང་འགྲན་ཟླ་ཡོང་བ་ཞིག་གཏན་ནས་མིན། ཞེས་ བྱང་ཆུབ་རྒྱལ་མཚན་ལ་བསྔགས་བརྗོད་ཆེན་པོ་མཛད་པའི་ཉིན་དེ་ནས་ བཟུངས། ས་སྐྱར་ཡོད་པའི་གཞོན་སྐྱེས་སློབ་གཉེར་བ་དེ་དག་བྱང་ཆུབ་ རྒྱལ་མཚན་གྱི་ཐོག་མ་དགའ་བའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ཏེ། དེ་དག་ ཐམས་ཅད་བྱང་ཆུབ་རྒྱལ་མཚན་ལ་བརྩི་འཇོག་ཆེ་ཞིང། ཕག་གྲུ་དཔོན་ པོ་ཞེས་མཚན་འབོད་ཞུ་བ་ལས། མཐོང་ཆུང་དང་དམའ་འབེབས་ལྟ་བུའི་ ཚ ག་ངན་གྱི་རིགས་ཤོད་པ་ལྟ་ཞོག རང་ཉིད་ལས་ཡུལ་གོང་མ་དང་ཁྱད་ དུ་འཕགས་པ་ཞིག་ཡིན་པའི་གུས་ཞབས་བྱེད་ཀྱི་ཡོད། ཐེངས་ཤིག་བྱང་ཆུབ་རྒྱལ་མཚན་སོགས་སློབ་གཉེར་བ་རྣམས་སྟོན་ ཆུ་མིག་ཆོས་ཐོག་ཏུ་ཕེབས་པའི་སྐབས། བླ་མ་མཉམ་མེད་པས་སློབ་གཉེར་ བ་ཚོར། དཔོན་པོ་ཡག་པོ་ཞིག་བྱེད་པ་ལ་ལས་ཀ་ཆེ་ཕྲ་མཐའ་དག་སྔོན་ ལ་རང་གིས་སྒྲུབ་ཤེས་པར་བྱེད་དགོས། ཞེས་གསུངས་ནས། གནས་ཁང་ ལ་གད་བདར་བྱ་བ་དང། མེ་འབུད་ཆུ་ལེན་བྱེད་པ། མེ་ཤིང་འཐུ་བ། བཟའ་ བཏུང་གཡོ་སྐོལ་བྱེད་པ་སོགས། ཉིན་རེའི་ལས་ཀ་ཡོངས་རྫོགས་དཔོན་ རྒྱུད་ཀྱི་སློབ་གཉེར་བ་རྣམས་ལ་གཅིག་མཚུངས་ཀྱིས་རེས་འཁོར་ནས་བྱེད་ དུ་འཇུག་གི་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 56 འོན་ཀྱང་དཔོན་རིགས་དང་འབྱོར་ལྡན་པའི་སྲས་མང་ཆེ་བས་རང་གི་ ཉིན་རེའི་ལས་རེས་སྐབས་ཞབས་འབྲིང་གཞན་དག་ལ་བྱེད་དུ་འཇུག་པ་མ་ གཏོགས། རང་གིས་མེ་འབུད་ཆུ་ལེན་དང་བཟའ་བཏུང་གཡོ་སྐོལ་སོགས་ ལས་ཀ་ཆེ་ཆུང་གང་ཡང་འཇོན་གྱི་མེད་ལ། དཔོན་ཉམས་བྱས་ཏེ་སྡོད་པ་ ལས་བྱ་བ་འདི་རིགས་ལ་མཐོང་ཆུང་གི་ལྟ་ཚུལ་བཟུང་སྟེ་ཨེ་འཇོན་ལྟ་བའི་ འབད་བརྩོན་ཡང་བྱེད་ཀྱི་མེད། ཡིན་ནའང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བླ་མ་མཉམ་མེད་པའི་ གསུང་དེ་ཤིན་ཏུ་བདེན་པར་གོ་ནས། རང་གི་ཉིན་རེའི་ལས་རེས་སྐབས་ ཞབས་འབྲིང་དང་གྲོགས་པོ་སུ་གང་གི་ཡང་རོགས་རམ་དང་ལེན་མི་བྱེད་ པར། རང་སྐལ་རྡོ་ཡིན་ཡང་མུར་བྱ་བ་ཡིན་པས། ང་རང་གི་ལས་འགན་ང་ རང་གིས་བསྒྲུབ་རྒྱུ་ཡིན། ཞེས་རང་གི་ཉིན་རེའི་ལས་འགན་དེ་དག་ལ་དཀའ་ བའི་སྣང་བ་ཅུང་ཟད་ཀྱང་མེད་པར། ལས་དོན་ཐམས་ཅད་རང་ཐོག་ནས་སྤྲོ་ སྣང་ཆེན་པོས་སྒྲུབ་གནང་གི་ཡོད་སྟབས། ཉིན་རེའི་འཚོ་བ་དང་འབྲེལ་བའི་ ལས་ཀ་དེ་དག་གི་ཁྲོད་ནས། བྱང་ཆུབ་རྒྱལ་མཚན་གྱིས་མི་ཚེར་ཕན་ཐོགས་ ཡོད་པའི་ཉམས་མྱོང་མང་པོ་བསགས་ཐུབ་ཡོད། བདག་ཉིད་ཆེན་པོ་བཟང་པོ་དཔལ་སོགས་ཀྱིས་སློབ་སྟོན་གནང་བའི་ དགོངས་དོན་ལྟར། བྱང་ཆུབ་རྒྱལ་མཚན་གྱིས་རྒྱུན་དུ་ཆོས་ཕྱོགས་ཀྱི་ སློབ་སྦྱོང་གནང་བའི་ཞོར་དུ། འཇིག་རྟེན་ལུགས་ཀྱི་བསླབ་བྱ་ཆེ་ཕྲ་ཀུན་ལ་ ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་སྟབས། སློབ་དཔོན་རྣམས་ཀྱིས་འཇིག་ རྟེན་གྱི་བྱ་བ་ཆུང་ཚགས་ནས་བཟུང་སྟེ། སློབ་སྟོན་མཛད་ཀྱི་ཡོད་པ་དེས་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 57 ཁོང་གི་མི་ཚེའི་བྱ་གཞག་ལ་ཕན་ཐོགས་དང་ཤ གས་རྐྱེན་ཆེན་པོ་བྱུང་ཡོད། དཔེར་ན། བྱང་ཆུབ་རྒྱལ་མཚན་ས་སྐྱར་བཞུགས་པའི་སྐབས། བླ་མ་ མཉམ་མེད་པས་རྒྱུན་གྱི་སློབ་སྦྱོང་གི་ཞོར་དུ་རྟ་བཞོན་སྟངས་དང། མདའ་ རྡོ་མཆོང་གསུམ་རྒྱག་སྟངས། ཚོགས་པའི་དབུས་སུ་གཏམ་ཤོད་སྟངས། མི་མང་པོ་ལ་འགོ་ཁྲིད་བྱེད་སྟངས་སོགས། མི་ཆོས་ལུགས་ཀྱི་བསླབ་བྱ་ མང་པོ་ཞིག་མཛུབ་ཁྲིད་གནང་གི་ཡོད་པས། བླ་མ་མཉམ་མེད་པའི་ཤ་ ཚའི་ལམ་སྟོན་དེས། བྱང་ཆུབ་རྒྱལ་མཚན་ལ་ལས་དོན་དངོས་ཀྱི་ཁྲོད་དུ། གཞན་དག་ལས་ཀྱང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྟབས། ཁོང་གིས་ བླ་མ་མཉམ་མེད་པ་བཀའ་དྲིན་ཆེ་ཤོས་སུ་བརྩིས་ཏེ། རྒྱུན་དུ་གུས་ཞབས་ དང་བརྩི་བཀུར་ཆེན་པོ་ཞུ་གི་ཡོད། ཕྱིས་སུ་བྱང་ཆུབ་རྒྱལ་མཚན་སྣེའུ་གདོང་2དུ་ཡོད་པའི་སྐབས་སུ་ཡང་ ཨ་ཏུ་ལ་༣བྱ་བ་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱིས་བརྩི་མཐོང་ཆེན་པོ་ཞུ་ ས་ཞིག་ཡོད་པ་དེས། ཉིན་གཅིག་བྱང་ཆུབ་རྒྱལ་མཚན་རྟ་རར་ཁྲིད། རྟ་བྲེས་ ཀྱི་ཁ་ཤིང་གོག་ལ་ཁད་ཅིག་འདུག་པ་དེ་བྱང་ཆུབ་རྒྱལ་མཚན་ལ་མིག་སྟོན་ བྱེད་བཞིན། ཁྱེད་ཁྲི་དཔོན་རྣམས་ཀྱི་བློ་ཞིབ་ཚགས་དགོས་པ་ཡིན། འདི་ལ་ ས་ཕག་གསུམ་བཞག་ན་འགྲིགས་ཡོད། དེ་ལྟར་བྱས་ན་རྟ་ལ་ནད་རིགས་མི་ 2 སྣེའུ་གདོང། བོད་ཀྱི་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་ཞིག་ཡིན་ལ། ཕག་གྲུ་བྱང་ཆུབ་རྒྱལ་ མཚན་གྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་པའི་སྐབས་སྣེའུ་གདོང་རྩེའི་ཕོ་བྲང་ ཡང་རྫོང་ཁག་གཅིག་གི་སྲིད་འཛིན་ལྟེ་གནས་ནས་རྒྱལ་ཁབ་གཅིག་གི་དབང་བསྒྱུར་ལྟེ་ གནས་སུ་འགྱུར་བ་ཕྱིན་ཏེ་ལོ་རྒྱུས་སྟེང་མཚན་སྙན་ཆེ་བའི་ཕོ་བྲང་ཞིག་ཏུ་གྱུར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 58 ཡོང་བར་ཕན་ཐོགས། རྟ་རབ་ལ་དངུལ་བྲེ་རེ་དང། དངུལ་བྲེ་རེ་ལ་གསེར་ སྲང་བརྒྱད་ཡིན་པས། རྟ་གཅིག་ལ་ཤི་སྐྱོན་བྱུང་ན་གྱོང་གུད་ཇི་ཙམ་ཕོག་ གི་ཡོད་མེད་གསལ་པོ་ཤེས་དགོས། ཞེས་རྟ་གསོ་སྐྱོང་གནང་སྟངས་ནས་ བཟུང་སྟེ། ཆེ་ས་རྒྱལ་ཁབ་སྐྱོང་སྟངས་བར་གྱི་འཇིག་རྟེན་མི་ཆོས་ལུགས་ ཀྱི་བསླབ་བྱ་ཞིབ་ཚགས་གནང་གི་ཡོད། བྱང་ཆུབ་རྒྱལ་མཚན་གྱིས་ཁོང་རྣམ་པའི་བསླབ་བྱ་ཆེ་ཕྲ་ཀུན་ལ་ཤིན་ ཏུ་ཐུགས་སྣང་ཆེན་པོས་ཉན་ཞིབ་མཛད་ཀྱི་ཡོད་པར་མ་ཟད། ཁོང་གིས། ཨ་ ཏུ་ལའི་མཛུབ་ཁྲིད་དེ་ངའི་སེམས་ལ་ཕན་ཤོས་ཤིག་བྱུང། དེ་ནས་བཟུང་སྟེ་ ངས་ཞིང་གི་འོབ་རྩིག་ཞིག་པ་ཚུན་ཆོད་ལ་ལྟ་རྟོག་བྱས་པ་ཡིན། ཞེས་འཇིག་ རྟེན་མི་ཆོས་ཀྱི་བསླབ་བྱ་དེ་དག་གིས་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱི་ མི་ཚེ་དང་ལས་དོན་གཉིས་ཀར་ཤ གས་རྐྱེན་ཆེན་པོ་ཐེབས་ཡོད་པ་གསལ་ འདོན་མཛད་ཡོད། སྐབས་དེ་ཤེད་ཅིག་ལ་མི་མང་པོ་ཞིག་གིས་དུས་ཚོད་ལ་ཁག་གཡར་ ནས། དེང་སང་དུས་ངན་ཡིན་པས་མི་བཟང་པོ་བྱེད་མི་ཐུབ་ཟེར་ནས་ཤོད་ ཀྱི་ཡོད། ཡིན་ན་ཡང་ཨ་ཏུ་ལ་བྱ་བ་བྱང་ཆུབ་རྒྱལ་མཚན་གྱིས་དམིགས་ བསལ་གུས་བཀུར་ཞུ་སའི་བླ་མ་དེས། བྱང་ཆུབ་རྒྱལ་མཚན་ཡང་སྤྱི་ཚོགས་ ཀྱི་ཤ གས་རྐྱེན་ངན་པ་དེའི་དབང་དུ་འགྲོ་སྲིད་དགོངས་ཏེ། རྒྱུན་དུ་བསླབ་བྱ་ མཛད་པའི་སྐབས། རང་ཉིད་མི་བཟང་པོ་བྱས་ན། དུས་ཚོད་ཀྱང་བཟང་པོ་ ཡོང་བ་ཡིན། ཁྱོད་ཀྱིས་རྒྱུན་དུ་སྤྱོད་པ་བཟང་པོ་གྱིས། སྔར་གྱི་མི་བཟང་པོ་ རྣམས་ཀྱི་སྤྱོད་པ་དང། རྣམ་ཐར་བཟང་པོ་རྣམས་ལ་མིག་ལྟོས་བྱོས། རང་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 59 གི་སྤྱོད་པ་བཟང་ན། དུས་ཚོད་བཟང་པོ་རང་བཞིན་གྱིས་ཡོང་བ་ཡིན། ཞེས་ སློབ་སྟོན་གནང་གི་ཡོད། ཨ་ཏུ་ལའི་བསླབ་བྱ་དེས། བྱང་ཆུབ་རྒྱལ་མཚན་གྱི་མི་ཚེ་ལ་ཤ གས་ རྐྱེན་ཟབ་མོ་ཐེབས་ཡོད་པར་སྣང་སྟེ། ཁོང་གི་བསམ་པར། རང་གི་མི་ ཚེ་དང་དུས་ཚོད་བཟང་ངན་གང་འདྲ་ཞིག་ཏུ་འགྱུར་མིན་ནི། རང་ཉིད་ཀྱི་ བསམ་བློ་དང་བྱ་སྤྱོད་ལ་རག་ལུས་པ་ཞིག་མ་གཏོགས། སྤྱི་ཚོགས་དང་ ཁོར་ཡུག་ལ་ཁག་འཇོག་བྱེད་པ་དང། དུས་ངན་སྙིགས་མའི་མཐའ་ཡིན་ ཞེས་རང་གིས་རང་ལ་གུ་ཡངས་གཏོང་མི་རུང་བའི་ལྟ་ཚུལ་འགྱུར་བ་མེད་ པ་ཞིག་བྱུང་སྟེ། འགྲན་རྩོད་དང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཡ་ང་བ་ དེའི་ཁྲོད་དུ་ཡང་རང་ཚུགས་བརྟན་པོར་གནས་ཐུབ་ཡོད་པར་མ་ཟད། མི་ གཤིས་དང་ལས་དོན་གང་ཅིའི་ཐད་ནས་གཞན་ལས་ཁྱད་པར་དུ་འཕགས་ པའི་གྲུབ་འབྲས་ལྡན་པ་ཞིག་ཀྱང་བྱུང་ཡོད། སྤྱིར་མི་རེ་རེ་ལ་དམིགས་ཡུལ་དང་ཁ་ཕྱོགས་མ་འདྲ་བ་རེ་ཡོད་པ་ བཞིན། བྱང་ཆུབ་རྒྱལ་མཚན་ནི། གཞོན་དུས་ནས་མང་ཚོགས་ཀྱི་སྣེ་ཁྲིད་ པའི་དཔོན་པོ་བཟང་པོ་བྱེད་འདོད་ཡོད་མཁན་ཞིག་ཡིན་པས། བྱང་ཆུབ་ རྒྱལ་མཚན་ས་སྐྱར་ཡོད་པའི་སྐབས། ཉིན་ཞིག་ཁོང་གི་སློབ་དཔོན་ལ་རང་ གིས་ཕ་ཤ ལ་བུ་འཛིན་བྱས་ཏེ། མ་འོངས་པར་ཕག་གྲུའི་ཁྲི་དཔོན་བྱེད་འདོད་ ཡོད་ལུགས་ཞུས་པར། སློབ་དཔོན་གྱིས། ཁྱེད་དཔོན་པོ་བྱེད་འདོད་པར་ང་ ལ་དགག་བྱ་མེད། ཁྱེད་དཔོན་པོ་རབ་ཅིག་བྱེད་འདོད་ན། གཡོག་པོ་རབ་ ཅིག་བྱེད་ཤེས་དགོས། དཔོན་པོ་འབྲིང་ཞིག་བྱེད་འདོད་ན། གཡོག་པོ་འབྲིང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 60 ཞིག་བྱེད་ཤེས་དགོས། དཔོན་པོ་ཐ་མ་ཞིག་བྱེད་འདོད་ན་ཡང། གཡོག་པོ་ ཐ་མ་ཞིག་བྱེད་ཤེས་དགོས་པ་ཡིན། རང་གིས་གཡོག་ལ་བསླབ་མ་ཤེས་ན། དཔོན་པོ་བཟང་པོ་ཞིག་ཡོང་ཐབས་མེད། ཅེས་རྒྱུས་སྟོན་མཛད། སློབ་སྟོན་ དེས་བྱང་ཆུབ་རྒྱལ་མཚན་ལ་ཤ གས་རྐྱེན་ཟབ་མོ་ཐེབས་ཡོད་པ་སྨོས་མ་ དགོས་ཤིང། ཁོང་ཕག་གྲུའི་ཁྲི་དཔོན་བཟང་པོ་ཞིག་ཆགས་པ་ཡང། བསླབ་ བྱ་དེ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གསལ་པོ་ཡིན།
61 བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་ དཔོན་དུ་ཕེབས་པ་། ༄༅། །བྱང་ཆུབ་རྒྱལ་མཚན་གྱིས་དགུང་ལོ་ཉི་ཤ ་ཡས་མས་ཐོག ས་ སྐྱར་ཆོས་སྲིད་ཀྱི་སློབ་སྦྱོང་ཡོངས་སུ་གྲུབ་པ་ན། ས་སྐྱའི་མཐོ་རིམ་དཔོན་ པོ་རྣམས་ཀྱིས་ཁོང་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཤིང། ཏའི་སི་ཏུ་ 1ཞེས་ པའི་གོ་གནས་དང། སྟག་མགོ་ནོར་བུ་གསུམ་པ་ 2ཞེས་པ་ཙན་དན་ལས་ གྲུབ་པའི་ཐམ་ཀ་བཅས་ཁོང་ལ་དབང་ཐོབ་ཏུ་གནང། འདི་ནི་ས་སྐྱའི་དཔོན་ པོ་རྣམས་ཀྱིས། བྱང་ཆུབ་རྒྱལ་མཚན་གྱི་ཐུགས་གཤིས་དང། རྣམ་དཔྱོད། འཇོན་ནུས་བཅས་ལ་གདེང་འཇོག་ཆེན་པོ་བྱས་པའི་མཚོན་རྟགས་ཤིག་ ཡིན་པ་གསལ་པོ་ཡིན། ཐོག་མའི་སྐབས་ས་སྐྱའི་དཔོན་ཆེན་རྣམས་ཀྱིས་སི་ཏུ་བྱང་ཆུབ་རྒྱལ་ 1 ཏའི་སི་ཏུ། ས་ཆ་དང་མི་མང་ལ་བདག་སྐྱོང་བྱེད་པའི་དཔོན་རིགས་ཆེ་གྲས་ལ་སྤྱོད་པའི་ རྒྱ་སྐད་ཀྱི་གོ་གནས་ཤིག་ཡིན་ཞིང། སྔར་རྒྱ་ནག་ཏུ་ཕེབས་པའི་བོད་ཀྱི་བླ་ཆེན་སོགས་ ལ་མཚན་གནས་འདི་ཕུལ་བ་མང་པོ་ཡོད། 2 སྟག་མགོ་ནོར་བུ་གསུམ་པ། ས་སྐྱ་པས་བོད་ཡོངས་ལ་དབང་བསྒྱུར་བའི་སྐབས་ཕག་ གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་གནང་བ་རྒྱུ་ཆ་ཙན་དན་ལས་གྲུབ་པའི་སྟག་རིས་ ཅན་གྱི་ཐམ་ཀ་ཞིག་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 62 མཚན་གྱི་དབང་སྒྱུར་སྲ་བརྟན་དང། ཁོང་གི་སྲིད་དབང་ནུས་ཤ གས་ལྡན་ པ་ཞིག་ཡོང་བ་ལ་མཐུན་འགྱུར་གང་དགོས་གནང་གི་ཡོད་པར་མ་ཟད། ས་ སྐྱའི་བདག་ཆེན་གྱིས་ཀྱང་རང་གི་སྲས་བླ་མ་མཁས་བཙུན་པ་དང། བྱང་ ཆུབ་རྒྱལ་མཚན་གཉིས་ཕན་ཚུན་ལ་རོགས་རེས་དང། མཐུན་འགྱུར་གནང་ རེས་བྱ་དགོས་པའི་ཐུགས་རེ་ནན་ཏན་མཛད་ཀྱི་ཡོད། ཏའ ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཐོག་མར་ཕག་གྲུ 3འི་ཁྲི་དཔོན་ གྱི་སྲིད་དབང་རྩིས་ལེན་བྱེད་པའི་སྐབས། དེ་སྔའི་ཁྲི་དཔོན་འགའ་ཤས་ཀྱི་ བྱེད་སྤྱོད་མ་ལེགས་པའི་དབང་གིས། སྣེའུ་གདོང་རྫོང་ཁོངས་ཀྱི་ཁྱིམ་ཚང་ མང་པོ་ཞིག་གཡའ་བཟང་བའི་མངའ་ཁོངས་སུ་ཤོར་ཡོད་པར་མ་ཟད། ཕག་ གྲུའི་འཛིན་སྐྱོང་དང་དཔལ་འབྱོར་གྱི་གནས་བབས་གང་ཅིའི་ཐད་ནས་ཤིན་ ཏུ་ཉམས་ཆག་དང་ནུས་མེད་དུ་གྱུར་པའི་སྐབས་ཤིག་ཡིན། དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱི་བསམ་པར། རང་གི་ལས་ཀའི་ རིམ་པ་དང་པོ་ནི། ཕྱི་ནང་གི་ལས་དོན་ཉམས་ཆག་ཏུ་ཕྱིན་པའི་རིགས་ བསྐྱར་གསོ་བྱས་ཏེ། ཕག་གྲུའི་མང་ཚོགས་རྣམས་ཆོས་སྲིད་གཉིས་ཐད་ ནས་ཡར་རྒྱས་དང་བདེ་སྐྱིད་ལྡན་པ་ཞིག་བྱེད་དགོས་པ་ཡིན་པས། དེའི་ 3 ཕག་གྲུ། ཕག་མོ་གྲུ་པ་ཞེས་པའི་བསྡུས་ཚིག་སྟེ། ལྷོ་ཁ་ཟངས་རི་མཐར་རྩའི་གྲོང་མདར་ གྲོང་ལ་ཕག་མོ་དང་གྲུ་ལ་ཕག་གྲུ་ཟེར་ཞིང། གདན་ས་མཐིལ་བྱ་བ་དེ་ནི་དྭགས་པོ་ལྷ་ རྗེའི་སློབ་མ་རྡོ་རྗེ་རྒྱལ་པོས་ཕྱི་ལོ་ ༡༡༥༨ ལོར་ཕྱག་བཏབ། དེ་ནས་བཟུང་རྡོ་རྗེ་རྒྱལ་པོར་ ཕག་མོ་གྲུ་པ་ཞེས་མཚན་ཐོགས། ཕྱི་ལོ་ ༡༣༥༤ ལོར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ གྱིས་བོད་ཡོངས་ལ་དབང་བསྒྱུར་རྗེས་སྡེ་སྲིད་ཕག་མོ་གྲུ་པ་ཞེས་མཚན་ཐོགས་པ་ནས་ བཟུང་ཕག་གྲུའི་སྡེ་སྲིད་ན་རིམ་ལ་སྡེ་སྲིད་ཕག་མོ་གྲུ་པ་ཞེས་འབོད།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 63 རྨང་གཞི་ལྟ་བུར་ནང་ཁུལ་གྱི་མཐུན་ལམ་དང་ནུས་ཤ གས་ཆིག་སྒྲིལ་བྱ་ བ་དང། ལམ་ལུགས་བེད་མེད་དང་རྙིང་རུལ་དུ་གྱུར་པའི་རིགས་ལ་བསྒྱུར་ བཅོས། སྣེའུ་གདོང་ཕོ་བྲང་དུ་ཡོད་པའི་ལས་བྱེད་ཕན་ཐོགས་མེད་པའི་ རིགས་ལ་འགྱུར་བ་གཏོང་དགོས་པ་བཅས་ནི། ཤིན་ཏུ་གལ་གནད་ཆེན་ པོར་གཟིགས་ཀྱི་ཡོད། བསམ་བློའ་གཞི་རྩ་དེ་འདྲ་ལ་བརྟེན་ནས་བྱང་ཆུབ་རྒྱལ་མཚན་གྱིས་ རང་ཉིད་ཕག་གྲུའི་ཁྲི་དཔོན་དུ་སླེབས་མ་ཐག ཐོག་མར་སྣེའུ་གདོང་སྲིད་ གཞུང་གི་ལས་བྱེད་མི་སྣ་ལ་གཙང་བཤེར་བྱས་ཏེ། མི་གཤིས་བརྟན་ཞིང་ ཤེས་འཇོན་ལྷག་བསམ་ལྡན་པའི་འཕྱོངས་རྒྱས་པ་ཧོར་གཞོན་ནུ་བཟང་པོ་ ནང་གཉེར་དུ་བསྐོས། འདིས་མཚོན་ནང་གི་ལས་བྱེད་ཆེ་ཕྲ་མང་པོ་ལ་འཕོ་ འགྱུར་བཏང་ཞིང། སྒྲིག་གཞི་དང་འཛིན་སྐྱོང་གི་ལམ་ལུགས་ལ་བསྒྱུར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 64 བཅོས་གང་དགོས་མཛད་དེ། ཕག་གྲུའི་ཆོས་སྲིད་ཀྱི་ལས་གཞི་ཁག་བྱང་ ཆུབ་རྒྱལ་མཚན་རང་ཉིད་ཀྱི་དམིགས་ཡུལ་ལྟར་མངོན་གྱུར་ཡོང་བའི་རྨང་ གཞི་བརྟན་པོ་མཛད། ཕག་གྲུ་བྱང་ཆུབ་རྒྱལ་མཚན་ན ་ལས་དོན་ཆེ་ཕྲ་གང་ཞིག་སྒྲུབ་ཀྱང་ རུང། ཤིན་ཏུ་ཞིབ་ཚགས་དང་གོ་རིམ་ལྡན་པར་སྒྲུབ་མཁན་ཞིག་ཡིན་པས། ཕག་གྲུ་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ཙམ་མ་ཡིན་པར། ཕྱི་ ནང་གི་འཛུགས་སྐྲུན་ཐམས་ཅད་མིག་ལྟོས་ལ་མཛེས་ཤིང། བཀོད་ལེགས་ ཡིད་འོང་ལྡན་པ་རང་བཞིན་གྱིས་ཡོང་གི་ཡོད། ནང་གི་བསྒྱུར་བཅོས་དང་མི་སྣ་བསྐོ་གཞག་ཐམས་ཅད་བྱང་ཆུབ་རྒྱལ་ མཚན་རང་ཉིད་ཀྱི་འདོད་པ་བཞིན་ཚགས་ཚུད་པོ་བྱུང་བའི་རྗེས། དེ་སྔ་སྣེའུ་ གདོང་བ་ལ་ཕོ་བྲང་རྙིང་རུལ་ཐོར་ཞིག་ཏུ་འགྲོ་ལ་ཉེ་བ་ཞིག་ལས་མེད་པ་དེ་ བསྐྱར་གསོ་དང་རྒྱ་སྐྱེད་བྱས་ཏེ། ཕྱི་རྫིག་ནང་རྫིག་གི་ཕག་གྲུའི་སྲིད་གཞུང་ གི་རྣམ་པ་གསལ་འདོན་མཛད་པ་རེད། ཕག་གྲུའི་སྲིད་གཞུང་གི་ལྟེ་གནས་སྣེའུ་གདོང་ཕོ་བྲང་གི་བཟོ་བཀོད་ མཛེས་སྡུག་ལྡན་པ་དང། རྒྱ་ཁྱོན་ཆེན་པོ་ཞིག་ལེགས་གྲུབ་བྱུང་བ་ཙམ་མ་ ཡིན་པར། ཡུལ་ཁམས་སྤྱི་ཡོངས་ལྗང་མདོག་ཅན་དུ་བསྒྱུར་རྒྱུའི་འཆར་འགོད་ ཞིབ་ཕྲ་མཛད་དེ། རི་ལུང་མང་པོར་ལྗོན་ཤིང་གསར་འཛུགས་ཀྱི་ཁོར་ཡུག་ བདག་སྐྱོང་དང། ཆུ་ཆེན་མང་པོ་ལ་ཟམ་པ་འཛུགས་པའི་འཛུགས་སྐྲུན་གྱི་ ལས་གཞི་ཡང་ཤིན་ཏུ་རྒྱ་ཆེར་མཛད། འདི་ལྟར་སྟོབས་ཤ གས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་ཟིན་པའི་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 65 རྗེས། དེ་སྔོན་གཡའ་བཟང་བའི་ལག་ཏུ་ཤོར་བའི་ས་ཁང་མི་གསུམ་དཔུང་ ཤ གས་ཀྱིས་ཕྱིར་བླངས་ཏེ། ཕག་གྲུའི་མངའ་ཐང་ཉམས་གསོ་དང་རྒྱ་ སྐྱེད་ཀྱི་གོམ་པ་ཐོག་མར་སྤོ་བར་གྲ་སྒྲིག་བྱེད་བཞིན་པའི་སྐབས་ཤིག་ལ། གཡའ་བཟང་བ་ 4ལ་རང་བཞིན་གྱིས་དངངས་སྐྲག་ཅིག་བྱུང་སྟེ། མེ་ཆུང་ དུས་ནས་གསོད་ཐབས་བྱ་དགོས་ཞེས་པའི་དཔེ་ལྟར། ཕག་གྲུའི་སྟོབས་ ཤ གས་མ་རྒྱས་གོང་ནས་ལང་རྒྱུ་མེད་པར་བྱ་རྒྱུར་ཐག་གཅོད་བྱས་ཏེ། གཡའ་བཟང་བའི་དཔོན་ཚུལ་འབུམ་འོད་ཀྱིས་ཕག་གྲུའི་སྟེང་དུ་དམག་ དྲངས་ཏེ་ཚུར་རྒོལ་བྱས་པ་རེད། གློ་བུར་དུ་ཚུར་རྒོལ་བྱས་པ་དེས་ཕག་གྲུའི་མི་རྒྱུ་གཉིས་ཀ་ལ་གནོད་ སྐྱོན་ངེས་ཅན་བཟོས་ཡོད་ཀྱང། བྱང་ཆུབ་རྒྱལ་མཚན་གྱིས་མིའི་ཚེ་སྲོག་ དང་རྒྱུ་ནོར་ལ་གྱོང་གུད་འཕར་མ་མི་ཡོང་བའི་དོན་དུ་འཕྲལ་མར་གཡའ་ བཟང་བ་ལ་ཕར་རྒོལ་མ་བྱས་པར། གྱོད་དོན་ཁྲིམས་ས་ནས་ཐག་གཅོད་ ཡོང་བའི་ཐུགས་རེ་བྱས་ཏེ་ས་སྐྱའི་ཁྲིམས་ས་ལ་གཏུགས་བཤེར་མཛད། བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ཁྲིམས་ལ་གཏུགས་པའི་སྐབས། ས་ སྐྱའི་དཔོན་ཆེན་རྣམས་ཀྱིས་དྲང་བདེན་ལ་རྒྱབ་གནོན་ཡོང་བ་དང། ཁྲིམས་ ཐོག་ནས་གཡའ་བཟང་བ་དང་ཕག་གྲུའི་བར་གྱི་དཀའ་རྙོག་རིགས་སྤྱི་དང། ལྷག་པར་དུ་ཕག་གྲུའི་ཐོག་གཡའ་བཟང་བའི་དམག་གིས་ཚུར་རྒོལ་བྱས་པའི་ 4 གཡའ་བཟང་བ། ལྷོ་ཁ་ས་ཁོངས་སུ་ཡོད་པའི་སྣེ་གདོང་རྫོང་གི་ལུང་པ་ཞིག་སྟེ། སྔ་མོ་ བོད་ཁྲི་སྐོར་བཅུ་གསུམ་ནང་གི་ཡ་གྱལ་ཞིག་ཡིན། གཡའ་བཟང་ཆོས་རྗེས་ཕྱི་ལོ་ ༡༢༠༦ ལོར་གཡའ་བཟང་གི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་གཡའ་བཟང་བཀའ་བརྒྱུད་ ཅེས་སུ་གྲགས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 66 དཀའ་རྙོག་རྣམས་སེལ་ཐུབ་པའི་རེ་བ་ཆེན་པོ་ཞུས་ཡོད། འོན་ཀྱང་དོན་དངོས་ སུ་ས་སྐྱའི་ཁྲིམས་རར་ཐག་གཅོད་བྱེད་པའི་སྐབས། ཚལ་པ་དཔོན་ 5གྱིས་ གཡའ་བཟང་བ་ལ་མཐུན་ཕྱོགས་ལྟ་བུས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ཕག་ གྲུ་པ་ལ་བདེན་པ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། ས་སྐྱའི་དཔོན་པོ་རྣམས་ ཀྱིས་ཚལ་པ་དཔོན་གྱི་སྟོབས་ཤ གས་མ་བཟོད་ནས། ཕག་གྲུ་དང་གཡའ་བཟང་ བའི་ཁ་མཆུ་ཐག་གཅོད་དྲང་བདེན་ཞིག་གཏན་ནས་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས། ངེད་ཕག་མོ་གྲུ་པའི་ ངོས་ནས་ས་སྐྱའི་གཞུང་ས་ལ་གོང་བཀུར་དང་ཡིད་ཆེས་གཙང་མ་ཞུས་པ་ ཡིན་ཡང། ས་སྐྱའི་ཁྲིམས་ར་ནས་བདེན་རྫུན་གོ་ལྡོག་པའི་ཐག་གཅོད་དེ་ ལྟར་བྱ་རྒྱུ་ཡིན་ན། ཕག་གྲུས་དྲང་བདེན་མིན་པའི་ཐག་གཅོད་དེ་གཏན་ནས་ ཁས་ལེན་བྱེད་མི་ཐུབ། ཅེས་ས་སྐྱའི་ཁྲིམས་ཁང་གི་ཐག་གཅོད་ཁས་ལེན་ མ་གནང་བ་རེད། གནས་ཚུལ་དེའི་རྐྱེན་པས་ས་སྐྱའི་དཔོན་རིགས་རྣམས་ཀྱིས། ཕག་ གྲུའི་རྫོང་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་མི་ འདུག ཅེས་ནག་ཉེས་ཆེ་མདོག་གིས་ཉེས་པ་གང་སར་བསྒྲགས་ཤིང། དེ་ མ་ཐག་བྱང་ཆུབ་རྒྱལ་མཚན་སྣེའུ་གདོང་གི་ཁྲི་ལས་འབེབས་རྒྱུའི་ཐག་གཅོད་ 5 ཚལ་པ་དཔོན། མཚན་རྒྱས་པ་ལ་ཚལ་པ་དཔོན་སི་ཏུ་ཀུན་དགའ་རྡོ་རྗེའམ་སི་ཏུ་དགེ་བའི་ བློ་གྲོས་ཞེས་བྱ་ཞིང། ཕྱི་ལོ་ ༡༣༠༩ ལོར་འཁྲུངས། ཕྱི་ལོ་ ༡༣༦༥ ལོར་སྐུ་གཤེགས། དགུང་ལོ་བཅོ་ལྔ་པ། ཕྱི་ལོ་ ༡༣༡༣ ལོར་ཚལ་པ་ཁྲི་དཔོན་དུ་བསྐོས་པ་ནས་ལོ་ཉི་ཤ ་རྩ་ བརྒྱད་རིང་ཁྲི་དཔོན་གྱི་གོ་གནས་བཟུང། རྗེས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་ མཐུན་པའི་རྐྱེན་གྱིས་ཕྱི་ལོ་ ༡༣༥༢ ལོར་སྲིད་དབང་ཤོར།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 67 བྱས་པར་མ་ཟད། བྱང་ཆུབ་རྒྱལ་མཚན་གྱི་བསམ་ཚུལ་ལ་ཉན་འཇོག་གཏན་ ནས་མི་བྱེད་པར། རླངས་ཀྱི་མི་རྒྱུད་6ཡིན་ཟེར་བའི་བསོད་ནམས་རྒྱལ་མཚན་ ཞེས་པ་ཞིག་ཕག་གྲུའི་ཁྲི་དཔོན་དུ་བསྐོ་རྒྱུ་ཡིན་པའི་ཁྱབ་བསྒྲགས་ཀྱང་དེ་མ་ ཐག་བྱས་པ་རེད། འོན་ཀྱང་བྱང་ཆུབ་རྒྱལ་མཚན་གྱིས། ཁོ་བོ་ས་སྐྱས་བསྐོས་པའི་ ཁྲིམས་མཐུན་གྱི་ཕག་གྲུའི་ཁྲི་དཔོན་ཡིན། ངས་རང་ཉིད་ཁྲི་དཔོན་ལས་ཕབ་ དགོས་པའི་ནག་ཉེས་བསགས་པ་དང། ཁྲིམས་འགལ་གྱི་ནོར་འཁྲུལ་བྱས་ པའི་བདེན་དཔང་ར་འཕྲོད་པ་ཞིག་མེད་ཚེ། ངས་ཕག་གྲུའི་ཁྲི་དཔོན་གྱི་ལས་ གནས་མི་སུ་ལ་ཡང་རྩིས་སྤྲོད་བྱེད་ཀྱི་མིན། ཞེས་ས་སྐྱས་རང་ལ་ནག་མེད་ ཉེས་འགེལ་བྱས་པ་ཡིན་པའི་གནས་ལུགས་སྣ་ཚོགས་བགྲངས་ཏེ། ས་སྐྱས་ ཕག་གྲུའི་ཁྲི་དཔོན་དུ་གསར་དུ་བསྐོ་གཞག་བྱས་པའི་བསོད་ནམས་རྒྱལ་ 6 རླངས་ཀྱི་རྒྱུད་པ། གནམ་ལྷ་མཆེད་བརྒྱད་ཀྱི་ནང་གི་མང་ལྡོམ་སྟག་བཙན་གྱིས་ཇོ་མོ་རོང་ བཟའ་ཁྱེ་ལུམ་ཞེས་པ་བླངས་པ་ལ་སྲས་མ་བྱུང་སྟབས། མང་ལྡོམ་སྟག་བཙན་གྱིས་སྨན་ བཙུན་ཞིག་དང་བཤོས་པ་ལས་སྲས་ཤིག་འཁྲུངས་པ་མས་ལྷ་རིའི་རྩེར་ཁྱེར་ཏེ་གཡའ་ སྒྲོམ་ཞིག་ཏུ་སྲས་བཞག་ནས། མང་ལྡོམ་གྱི་སྲས་མིན་ན་བྱ་དང་གཅན་གཟན་གྱིས་ཟ་ བར་ཤོག་ཅེས་སྨོན་ལམ་བཏབ། དེ་མང་ལྡོམ་ལ་བཤད་ནས་ཕྱི་ཉིད་ནངས་སྔ་བར་ཡབ་ ཡུམ་གཉིས་ཆས་ཏེ་བལྟས་པར། ཁྱེའི་གཡུའི་ཟུར་ཕུད་ཅན་སྤྱི་གཙུག་ན་རྙངས་པ་དཀར་ པོ་ཡོད་པ་དེ་ཐང་དཀར་རྒོད་ཀྱི་གཤོག་པས་བཀབ་ཅིང་། གཅན་གཟན་དང་རི་དྭགས་ རྣམས་ཀྱིས་སྐོར་བ་བྱེད་པ། འཇའ་ཚོན་གྱི་གུར་གྱིས་རྣམ་པར་སྤྲས་པ་བཅས་གཟིགས་ པས། ཡབ་དགྱེས་ཏེ། རླངས་སོ། །རླངས་སོ། །རླངས་སོ་ལན་གསུམ་གསུངས་ནས་ཁྱེའུ་ དེའི་མཚན་ལ་ལྷ་རིགས་འཕན་པོ་ཆེ་རླངས་ཞེས་གསོལ་བར་གྲགས་པ་དེ་ནས་མི་རབས་ རིམ་པར་གྱེས་པ་ལ་རླངས་ཀྱི་གདུང་རྒྱུད་ཅེས་འབོད་སྲོལ་བྱུང།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 68 མཚན་ལ་སྣེའུ་གདོང་གི་སྲིད་དབང་རྩིས་སྤྲོད་གནང་གི་མེད་པ་རེད། བྱང་ཆུབ་རྒྱལ་མཚན་གྱི་གནང་སྟངས་དེ་ལ་ས་སྐྱའི་དཔོན་རིགས་ རྣམས་ཁོང་ཁྲོ་ཆེན་པོ་ལངས་ཀྱང། འཕྲལ་དུ་ལག་བསྟར་བྱ་འོས་པའི་ཞི་ དྲག་གི་བྱེད་ཐབས་འཚམ་པོ་ཞིག་མ་རྙེད་པས། དེ་མ་ཐག་བྱང་ཆུབ་རྒྱལ་ མཚན་ལ་དངོས་སུ་ལག་པ་འཆང་ཐུབ་ཀྱི་མེད་པར་བརྟེན། རེ་ཞིག་བྱང་ ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་ནས་འབེབས་ཐུབ་ཀྱི་མེད། ཟླ་བ་འགའ་ཤས་སོང་བའི་རྗེས་སུ་ས་སྐྱའི་དཔོན་ཆེན་དབང་བརྩོན་ གྱིས། ས་སྐྱའི་སྟོན་མོ་ཞིག་ལ་ཁ་གཡར་ནས་ཕག་གྲུའི་དཔོན་བྱང་ཆུབ་རྒྱལ་ མཚན་སྟོན་ཐོག་ལ་མགྲོན་འབོད་བྱས་ཏེ། གཡོ་ཐབས་ཀྱི་སྒོ་ནས་ས་སྐྱས་ འཛིན་བཟུང་བྱས་པར་མ་ཟད། སྣེའུ་གདོང་གི་སྲིད་དབང་གསར་དུ་བསྐོས་ པའི་ཁྲི་དཔོན་བསོད་ནམས་རྒྱལ་མཚན་ལ་རྩིས་སྤྲོད་བྱ་དགོས་པ་དང། སྟག་མགོ་ནོར་བུ་གསུམ་པ་ཡང་ཕྱིར་ས་སྐྱ་པ་ལ་རྩིས་སྤྲོད་ཡོང་ཐབས་སུ། བྱང་ཆུབ་རྒྱལ་མཚན་གྱི་ཐོག་འཇམ་རྩུབ་ཀྱི་བྱེད་ཐབས་སྣ་ཚོགས་ལག་ བསྟར་བྱས། འོན་ཀྱང་བྱང་ཆུབ་རྒྱལ་མཚན་གྱིས། ངའི་ལག་ནས་ས་སྐྱས་ ཕག་གྲུའི་ཁྲི་དཔོན་ཚ་ལེན་བྱེད་དགོས་པར། ངས་ས་སྐྱ་གོང་མའི་ཞབས་ འདེགས་མ་སྒྲུབ་པ་དང། མི་སེར་ལ་གནོད་པའི་ལས་ཀ་འདི་བྱས་ཁུངས་ སྐྱེལ་ར་འཕྲོད་ཅིག་ངེས་པར་དགོས། རང་གཞན་ཀུན་ཡིད་ཆེས་འཕེར་བའི་ ཁུངས་སྐྱེལ་ཚད་ལྡན་ཞིག་མེད་ཕྱིན། ངས་ཕག་གྲུའི་ཁྲི་དཔོན་གྱི་ལས་ཀ་ བསོད་ནམས་རྒྱལ་མཚན་གྱིས་མཚོན། མི་སུ་ལ་ཡང་ནམ་ཡང་རྩིས་སྤྲོད་ བྱ་རྒྱུ་མིན་པ་ཐག་གཅོད་ཡིན། ཞེས་ཟེར་ནས། ཞི་དྲག་གི་བྱེད་ཐབས་ཇི་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 69 ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ས་སྐྱ་པས་འཛིན་བཟུང་ གིས་བཙོན་ལས་བྱེད་བཞིན་པ། ཙམ་སྤྱད་ཀྱང་ས་སྐྱའི་དཔོན་ཆེན་གྱི་བཙན་བཀའ་དང་ལེན་གནང་གི་མེད། མཐའ་མ་ས་སྐྱའི་དཔོན་ཆེན་འུ་ཐུག་པའི་ངང་ནས། བྱང་ཆུབ་རྒྱལ་ མཚན་དངོས་སུ་ས་སྐྱའི་བཙོན་ཁང་དུ་བཙོན་འཇུག་བྱས་པར་མ་ཟད། ཟླ་བ་ གསུམ་ལྷག་རིང་བཙོན་ཁང་དུ་ཁྲིམས་ལས་ངན་དགུ་སྣ་ཚོགས་ལག་བསྟར་ བྱས་ཏེ། མུ་མཐུད་ཕག་གྲུའི་སྲིད་དབང་དང་སྟག་མགོ་ནོར་བུ་གསུམ་པ་ ལོན་ཐབས་བྱས་ཀྱང། བྱང་ཆུབ་རྒྱལ་མཚན་གྱི་ཁ་ནས་ས་སྐྱར་དགོས་རྒྱུའི་ ཚིག་གཅིག་ཀྱང་མ་ཐོན་པ་རེད། དེར་བརྟེན་ས་སྐྱའི་དཔོན་ཆེན་གྱིས། ད་ལན་ཁྱོད་ཀྱིས་ཕག་གྲུའི་ ཁྲི་དཔོན་ལས་དགོངས་པ་ཞུས་ཏེ་བསོད་ནམས་རྒྱལ་མཚན་ལ་ཕག་ གྲུའི་སྲིད་དབང་རྩིས་སྤྲོད་བྱས་པ་ཡིན་ན། མ་འོངས་པའི་ལོ་གཉིས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 70 གསུམ་རྗེས་སུ་བསྐྱར་དུ་ཁྱེད་རང་ཕག་གྲུའི་ཁྲི་དཔོན་ལ་བསྐོ་རྒྱུ་ཡིན། ཞེས་ཟེར་ནས་འཇམ་པོའ ་ཚིག་གིས་བྱང་ཆུབ་རྒྱལ་མཚན་ལ་ཞུ་བ་ འབུལ་དགོས་བྱུང་ཡོད། འདི་ལྟར་ས་སྐྱའི་དཔོན་རིགས་རྣམས་ཀྱིས་འཇམ་རྩུབ་ཀྱི་བྱེད་ཐབས་ གང་འདྲ་ལག་བསྟར་བྱས་ཀྱང། བྱང་ཆུབ་རྒྱལ་མཚན་གྱིས་སྔར་བཞིན་ དཔོན་གནས་རྩིས་སྤྲོད་མ་བྱས་པར་མ་ཟད། ས་སྐྱའི་དཔོན་རིགས་ཚོར། ཁྱེད་ཅག་ལ་འདི་ལྟ་བུའི་མཛད་དཀའ་ཡོད་ན། ང་དང་བསོད་ནམས་རྒྱལ་ མཚན་གྱི་སྐེ་ལ་ཐེའུ་བརྒྱབས་ཏེ། ས་སྐྱའི་ཁྲིམས་ར་ཆེན་པོར་བདེན་རྫུན་ ཞིབ་བཤེར་བྱེད་པར་གཏོང་རོགས། ཡང་མིན་ན་ང་ཁྱོད་ཚོས་བསད་དེ་ཕག་ གྲུའི་ཁྲི་དཔོན་རྩིས་ལོངས། དེ་གཉིས་གང་རུང་མ་ཡིན་པའི་ལམ་ཁ་གསུམ་ པ་ཞིག་ཁྱེད་ཚོ་ལ་གཏན་ནས་མེད། ཅེས་ཐོག་མའི་དམ་བཅའ་ལ་འགྱུར་བ་ གཏན་ནས་མ་བཏང་བས། ས་སྐྱའི་དཔོན་ཆེན་རྣམས་འུ་ཐུག་ཐབས་ཟད་ཀྱི་ གནས་སུ་གྱར་བ་རེད།
71 གཞན་གྱི་བཙན་ཤེད་ལ་མགོ་མི་སྒུར་ བའི་སྙིང་སྟོབས་ཅན་། ༄༅། །གཡའ་བཟང་ཁྲི་དཔོན་གྱིས་ཕག་གྲུའི་ཐོག་རྒྱུན་དུ་སུན་གཙེར་ བཟོ་བཞིན་ཡོད་པར་མ་ཟད། ཁོ་ཚོའི་མཐུན་ཕྱོགས་ཀྱི་ཚོགས་འདུ་ཞིག་ གི་ཐོག ང་དབྱར་ཁ་ཡར་འབྲོག་ལ་སྡོད་རྒྱུ་དང། དགུན་ཁར་སྣེའུ་གདོང་ ལ་སྡོད་ཀྱི་ཡིན། ཞེས་ཡར་འབྲོག་དང་སྣེའུ་གདོང་གཉིས་ཀ་གཡའ་བཟང་ བའི་མངའ་ཁོངས་སུ་བཙན་ལེན་བྱ་རྒྱུ་ཡིན་པའི་ཁ་ཕོ་བཤད། འདི་དག་གི་ རྐྱེན་པས་གཡའ་བཟང་བ་དང་ཕག་གྲུའི་བར་གྱི་འགལ་ཟླ་ནི། སྔར་ལས་ ཀྱང་ཚབས་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྱུར་བཞིན་ཡོད། འགལ་ཟླ་དེའི་རྐྱེན་པས་གཡའ་བཟང་བ་དང་ཕག་གྲུའི་བར་ལ་དམག་ འཁྲུག་ལན་མང་ཡོང་གི་ཡོད་པར་མ་ཟད། ས་སྐྱའི་གཞུང་གིས་བར་འདུམ་ དང་བཀོད་ཁྱབ་སྔ་ཕྱི་ལན་འགའ་བྱས་ཀྱང། ཕྱོགས་གཉིས་ཀ་ལ་ནུས་པ་ ཐོན་གྱི་མེད་པ་རེད། མཚམས་ཤིག་ལ་ས་སྐྱའི་དཔོན་རིགས་རྣམས་ཀྱིས་གཡའ་བཟང་བ་ དང་ཕག་གྲུ་ཕྱོགས་གཉིས་ཀས་མུ་མཐུད་ས་སྐྱའི་བཀོད་ཁྱབ་དང་ལེན་མ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 72 བྱས་ཚེ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་སྲོག་ཐོག་གཏོང་རྒྱུ་དང། དེའི་རྗེས་ སུ་གཡའ་བཟང་དང། ཕག་གྲུ། ཐང་པོ་ཆེ་བཅས་ས་སྐྱའི་མངའ་ཁོངས་ཀྱི་ རྫོང་མཁར་རྙོག་དྲ་ཅན་རྣམས་དམག་གིས་བཙན་ལེན་བྱས་ཏེ། ས་སྐྱའི་ གཞུང་གིས་ཐད་ཀར་དབང་སྒྱུར་དང་སྟངས་འཛིན་བྱ་རྒྱུ་ཡིན་པའི་ཐག་ གཅོད་བྱས་པ་རེད། ས་སྐྱའི་སྲིད་གཞུང་གི་ཐག་གཅོད་ཀྱི་གནས་ཚུལ་དེ་བྱང་ཆུབ་རྒྱལ་ མཚན་གྱིས་ཐོས་མ་ཐག གལ་སྲིད་ས་སྐྱས་ཕག་གྲུའི་ཐོག་དྲག་གནོན་བྱས་ ཚེ། ཕག་གྲུ་རང་ཁོངས་ཀྱི་དམག་མི་ཚོར་ས་སྐྱའི་འགྲན་ཡ་ཐུབ་པའི་སྟོབས་ ཤགས་ཡོད་མེད་དང། རྫོང་གཞིས་ཁག་གི་བཙན་ཆ་སྲ་ཚུགས་ཡོད་མེད། ལས་བྱེད་དང་མི་མང་གི་སེམས་ཤ གས་བཅས་ལ། བྱང་ཆུབ་རྒྱལ་མཚན་ རང་ཉིད་ཀྱིས་བསྐྱར་ཞིབ་ནན་ཏན་མཛད་ཀྱི་ཡོད། བྱང་ཆུབ་རྒྱལ་མཚན་གྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསྐྱར་ ཞིབ་ནན་ཏན་མཛད་པའི་རྗེས། ཞན་ཆའི་རིགས་འགའ་ཤས་གཟིགས་པ་ རྣམས་ཛ་དྲག་གིས་ཚགས་ཚུད་དང་འཕེལ་རྒྱས་སུ་བཏང་བ་དང་མཉམ་དུ། ཕག་གྲུའི་མཐུན་ཕྱོགས་ཡིན་པའི་ཡར་འབྲོག་ཁྲི་དཔོན་ 1ལ། ངེད་ཕག་གྲུ་ 1 ཡར་འབྲོག་ཁྲི་དཔོན། སྔར་ས་སྐྱས་བོད་ལ་དབང་བསྒྱུར་བའི་སྐབས། ཁྲི་སྐོར་བཅུ་ གསུམ་སོ་སོར་ཁྲི་དཔོན་རེ་བསྐོས་པ་ལས། སྡེ་པ་སྣ་དཀར་རྩེ་པར་ཡར་འབྲོག་ཁྲི་དཔོན་ གྱི་གོ་གནས་ཐོབ་པ་ནས་སྣ་དཀར་རྩེའི་རྫོང་འདི་ཕོ་བྲང་ལྟ་བུ་བྱས་ཤིང༌། ས་སྐྱའི་དཔོན་ ཆེན་ཨང་ལེན་ཞེས་འབྲི་གུང་པར་དམག་དྲངས་པ་པོ་དེ་དང༌། ༸རྒྱལ་དབང་ལྔ་པའི་ཡུམ་ ཡང་མི་ཚང་འདིའི་མི་རྒྱུད་ནས་ཕེབས་པའི་སྐོར་ལྔ་པ་ཆེན་པོ་རང་ཉིད་ཀྱི་རྣམ་ཐར་ནང་ གསལ།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 73 པ་ལ་དཔུང་རོགས་དགོས་མཁོ་ནམ་བྱུང་ན། དེ་དུས་དམག་མི་གཏོང་ཆོག་ གིས་གྲ་སྒྲིག་ཨང་གསར་དགོས་པའི་ལན་བསྐུར་ཏེ། ཕྱོགས་ཡོངས་ནས་ བཙན་འཛུལ་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་འཐུས་ཚང་བྱས་ནས་ཡོད། ཉིན་ཞིག་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དམག་མི་དང་བཅས། སྣེའུ་གདོང་ཕྱོགས་སུ་ཞིབ་དཔྱོད་ལ་འབྱོར་བའི་སྐབས། བྱང་ཆུབ་རྒྱལ་ མཚན་གྱིས་སྐབས་དེའི་ས་སྐྱའི་སྲིད་གཞུང་གི་དབང་འཛིན་པ་ཚོའི་ལག་ འོག་ཏུ། བོད་ལ་བདེ་སྐྱིད་ཡོང་བའི་རེ་བ་ཆེན་པོ་མེད་པ་གསལ་པོ་མཁྱེན་ གྱི་ཡོད་ཀྱང། མ་མཐའ་ཡང་དྲག་པོའ་གཡུལ་འཁྲུག་བྱེད་མ་དགོས་པ་དང། ཞི་གྲོས་ཀྱི་ལམ་ནས་གནད་དོན་ཐག་གཅོད་བྱུང་ན་སྙམ་པའི་རེ་བ་མུ་མཐུད་ འཛིན་གྱི་ཡོད་སྟབས། ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་ལ་སྣེ་ལེན་གང་ རྒྱས་གྲ་སྒྲིག་ཞུས་ནས་ཡོད། དཔོན་ཆེན་རྒྱལ་བ་བཟང་པོ་སྣེའུ་གདོང་ས་གནས་སུ་འབྱོར་མ་ཐག བྱང་ཆུབ་རྒྱལ་མཚན་གྱིས་རྒྱལ་བ་བཟང་པོར་གསེར་དངུལ་གྱི་ཕྱག་རྟགས་ གྱ་ནོམ་པ་ཕུལ་ཏེ། གཡའ་བཟང་དང་ཕག་གྲུའི་གྱོད་དོན་འདི་དྲང་བདེན་གྱི་ ཐག་གཅོད་གཙང་མ་གནང་ཐུབ་ན། ཕག་གྲུ་དང་གཡའ་བཟང་བ་ཕྱོགས་ གཉིས་ཀར་ཕན་ཐོགས་འབྱུང་རྒྱུ་ཙམ་དུ་མ་ཟད། ས་སྐྱའི་སྲིད་གཞུང་གི་ མཚན་སྙན་དང་མཛད་འཕྲིན་མཐོར་འདེགས་ཡོང་རྒྱུར་ཕན་ཐོགས་ཡོད་ པས། དཔོན་ཆེན་གྱིས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས། ཞེས་གཡའ་ ཕག་གཉིས་ཀྱི་འགལ་ཟླ་ཞི་འགྲིག་ཡོང་བའི་དོན་དུ། ས་སྐྱའི་གཞུང་གིས་ འགན་ཁུར་ཡག་པོ་བཞེས་དགོས་པའི་རེ་སྐུལ་ནན་ཏན་ཞུས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 74 འོན་ཀྱང་དཔོན་ཆེན་རྒྱལ་བ་བཟང་པོའ་ལན་འདེབས་གནང་སྟངས་ དང། ལས་བྱེད་ཚོའི་བྱ་སྤྱོད་དང་རྣམ་འགྱུར་མང་པོའ་ཐོག་ནས། ས་སྐྱའི་ གཞུང་ལ་གཡའ་ཕག་གཉིས་ཀྱི་གྱོད་དོན་འདི་ཐག་གཅོད་དྲང་བདེན་དང། ཞི་འགྲིག་བྱ་རྒྱུའི་ཀུན་སློང་མེད་པའི་རྟགས་མཚན་གསལ་པོ་མཐོང་བ་ན། ཕག་གྲུ་བྱང་ཆུབ་རྒྱལ་མཚན་ས་སྐྱའི་གཞུང་གི་གནང་ཕྱོགས་ལ་བློ་ཕམ་ ཚད་མེད་བྱུང། སྐབས་དེར་བྱང་ཆུབ་རྒྱལ་མཚན་གྱིས་དཔོན་ཆེན་རྒྱལ་བ་བཟང་པོ་ 2ལ་ཉེན་བརྡའི་ཚུལ་དུ། གལ་སྲིད་དཔོན་ཆེན་གྱིས་གྱོད་དོན་འདི་ཐག་གཅོད་ དྲང་མོ་མ་བྱས་པར་ང་རང་ཉིད་བསད་ཀྱང་འགྱོད་པ་གཏན་ནས་མེད། འོན་ ཀྱང་ཉིན་ཞིག་ངའི་རོ་ལ་ཤར་ནུབ་གང་ས་ནས་བདག་པོ་རྒྱག་མཁན་རེ་ སླེབས་ཡོང། དེ་དུས་ས་སྐྱའི་ཆབ་སྲིད་བརྟན་བརླིང་ལ་གནོད་པ་འབྱུང་ངེས་ པར་མ་ཟད། དཔལ་ས་སྐྱ་པའི་སྲིད་དབང་འཐོར་ཞིག་ཏུ་འགྲོ་བའི་རྐྱེན་རྩར་ ཡང་འགྱུར་སྲིད་པས། གནས་ལུགས་འདི་དཔོན་ཆེན་གྱི་ཐུགས་ནས་ནམ་ ཡང་མ་བསྙེལ་བ་གནང་དགོས། ཞེས་གུས་ཞབས་དང་བཅས་ཞུས་ཏེ་ཕྱིར་ སྣེའུ་གདོང་དུ་ཐོན། 2 ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ། ས་སྐྱའི་དཔོན་རབས་བཅུ་དགུ་པ་ཡིན། ཐོག་མའི་ སྐབས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་དང་མི་མཐུན་པའི་འགལ་བ་བྱུང་ཡང། ཕྱིས་དཔོན་ ཆེན་དང་ཕག་གྲུའི་བར་ནང་འགྲིག་བྱུང་ཡོད། ས་སྐྱ་ནང་མ་འགྲིག་ནས་དཔོན་ཆེན་འཛིན་ བཟུང་བྱས་པའི་སྐབས་ཕག་གྲུས་བཙོན་ནས་བཏོན་པར་མ་ཟད། དཔོན་ཆེན་རྒྱལ་བཟང་ པ་ལྷ་རྩེར་སྐུ་བཀྲོངས་པའི་སྐབས་སུ་ཡང་ཕག་གྲུས་དམག་དྲངས་ཏེ་ས་སྐྱ་པར་འཁོན་ ལན་བརྩད་ཡོད།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 75 བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་དཔོན་རིགས་ཚོས་ལྐོག་ཇུས་སྣ་ ཚོགས་བསྒྲིགས་ནས་ཡོང་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། ཧོར་ གཞོན་ནུ་བཟང་པོ་སོགས་སྣེའུ་གདོང་གི་བློན་པོ་ནང་མ་རྣམས་ལ་ས་སྐྱ་ པའི་དཔོན་རིགས་ཚོས་ང་འཛིན་བཟུང་དང་བཙན་ཁྲིད་བྱེད་སྲིད་ཀྱང། ང་ མེད་པའི་ཤ ལ་དུ་ས་སྐྱའི་ཞི་དྲག་གི་དཔོན་རིགས་སུ་ཞིག་སླེབས་ཀྱང་རུང། སྣེའུ་གདོང་རྫོང་མཁར་རྩིས་སྤྲོད་བྱ་རྒྱུ་ཕར་བཞག ཐ་ན་སྣེའུ་གདོང་རྩེའི་རྒྱ་ སྒོ་བརྒལ་ནས་ནང་དུ་ས་སྐྱ་པའི་དཔོན་རིགས་གཅིག་ཀྱང་གཏོང་མི་རུང། ཞེས་གནས་ཚུལ་བཟང་ངན་གང་ལ་ཐུག་ཀྱང་རུང། སྣེའུ་གདོང་ཕོ་བྲང་ བཙན་ཆ་དམ་པོས་སྲུང་སྐྱོབ་བྱ་དགོས་པའི་ཞལ་བཀོད་མཛད། དེ་ནས་ཅང་མ་འགོར་བར་ས་སྐྱ་པའི་གཞུང་གིས་བྱང་ཆུབ་རྒྱལ་ མཚན་བསྐྱར་དུ་འཛིན་བཟུང་བྱས་ཏེ། བཙོན་འཇུག་ཐེངས་གཉིས་པ་དེ་ བྱས། ཉིན་ནས་ཉིན་བསྟུད་ཚ་འཇམ་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ བྱས་ཏེ། བྱང་ཆུབ་རྒྱལ་མཚན་གྱི་ལག་ནས་སྣེའུ་གདོང་ལོན་པའི་ཐབས་ ཇུས་གང་ཡོང་བྱས་ཀྱང། སྣེའུ་གདོང་ས་སྐྱས་བཙན་ལེན་བྱེད་མ་ཐུབ་པའི་ ཐོག བྱང་ཆུབ་རྒྱལ་མཚན་ས་སྐྱའི་དཔོན་རིགས་ཚོའི་བྱ་སྤྱོད་ཐབས་རྡུགས་ ལ་ཞེན་པ་གཏིང་ནས་ལོག་སྟེ། ནམ་ཞིག་ས་སྐྱ་པ་ལ་ངོ་ལོག་བྱ་རྒྱུ་ཡིན་པའི་ སེམས་ཐག་གཙང་བཅད་བྱས་པ་རེད། བྱང་ཆུབ་རྒྱལ་མཚན་ས་སྐྱའི་བཙོན་ཁང་དུ་སྲོག་ལ་ཐུག་པའི་ཉེན་ ཁའི་གནས་སུ་ཡོད་ཀྱང། ཁོང་གི་བསམ་པར། ས་སྐྱ་པའི་དཔོན་རིགས་ ཚོའི་བྱ་སྤྱོད་ལ་བལྟས་ན། སྣེའུ་གདོང་ཕོ་བྲང་ལ་གསང་བརྡ་ཞིག་གཏོང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 76 མ་ཐུབ་ཚེ། ཁོ་ཚོ་ས་སྐྱ་པའི་དཔོན་རིགས་ཚོའི་གཡོ་འོག་ཏུ་ཚུད་མི་ཡོང་ ངམ་སྙམ་པའི་དོགས་པ་བྱུང་བས། ལྐོག་ཏུ་སྣེའུ་གདོང་ཕོ་བྲང་དུ་གཞོན་ནུ་ བཟང་པོ་སོགས་ཀྱི་སར་ཕོ་ཉ་ཞིག་གཏོང་རྒྱུའི་གྲ་སྒྲིག་བྱས། བྱང་ཆུབ་རྒྱལ་མཚན་གྱིས་གསང་བའི་ཕོ་ཉ་དེ་བརྒྱུད་ནས། ངས་སྟག་ ས་སྐྱ་པས་བསྐྱར་དུ་ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་འཛིན་བཟུང་བྱས་ཏེ་ ཁྲི་དཔོན་གྱི་གོ་གནས་བཙན་གྱིས་ལེན་ཐབས་བྱས་པ། མགོ་ནོར་བུ་གསུམ་པ་མེར་བསྲེགས་ཟིན་པས། ས་སྐྱའི་ལག་ཏུ་སྟག་མགོ་ ནོར་བུ་གསུམ་པ་ཤོར་འགྲོ་བའི་དོགས་པ་མེད། དེ་མིན་ང་པགས་པ་དམར་ པོ་བ ཤ ས་ཏེ་ས་ལ་དྲུད་ཀྱི་འདུག་ཟེར་བའི་གཏམ་བྱུང་ཡང། སྣེའུ་གདོང་ གི་སྲིད་དབང་ས་སྐྱའི་ལག་ཏུ་གཏན་ནས་གཏོང་མི་ཉན། ཞེས་པའི་གསང་ འཕྲིན་ཞིག་བསྐུར། གསང་འཕྲིན་དེ་ཧོར་གཞོན་ནུ་བཟང་པོའ ་ལག་པར་འབྱོར་མ་ཐག ཧོར་གཞོན་ནུ་བཟང་པོས་སྣེའུ་གདོང་རྫོང་གི་བཙན་བྱ་སོགས་སྔར་ལས་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 77 ཀྱང་ཇེ་དམ་དུ་བཏང། སྐབས་དེར་ས་སྐྱའི་གཞུང་གིས། བྱང་ཆུབ་རྒྱལ་ མཚན་རྒྱང་འ བུ ད་བཏང་བ་ཡིན་ཞེས། གླང་ཞིག་ལ་ཁ་ཕྱིར་བསྒྱུར་ཏེ་ བཞོན་དུ་བཅུག དམག་མི་མང་པོས་བསྐོར་ནས་གཙང་ཕྱོགས་སུ་མཐར་ སྐྲོད་བྱས། ཡིན་ན་ཡང་བྱང་ཆུབ་རྒྱལ་མཚན་གྱིས་སྤོབས་པའི་ཉམས་དང་ བཅས། རང་ལ་སེམས་ཁུར་བྱེད་བཞིན་པའི་མང་ཚོགས་རྣམས་ལ། ཁྱོད་ ཚོ་སེམས་མ་སྐྱོ། ང་མགྱོགས་པོ་ཕྱིར་སླེབས་ཡོང། གླང་ལ་ཁ་ཕྱིར་བསྒྱུར་ ཏེ་བསྐྱོན་པ་འདི་མྱུར་དུ་ཕྱིར་ལོག་རྒྱུའི་རྟེན་འབྲེལ་ཡིན། ཞེས་སྐད་གསང་ མཐོན་པོས་བསྒྲགས། ལམ་བར་དུ་ས་སྐྱ་ལ་དགའ་བའི་མི་མང་པོ་ཞིག་གིས་བྱང་ཆུབ་རྒྱལ་ མཚན་གྱི་ངོ་ལ་ཐལ་བ་བཏབ་ནས་ངོ་རྒོལ་བྱས་པ་ན། བྱང་ཆུབ་རྒྱལ་མཚན་ ཁོང་ཁྲོ་གཏན་ནས་ལང་གི་མེད་པར་མ་ཟད། དགའ་སྤོབས་ཀྱི་རྣམ་འགྱུར་ དང་བཅས། ཁོ་ཚོས་ངའི་ཁ་ལ་ཐལ་བ་གཏོར་བ་འདི་ས་སྐྱ་ངའི་ཁ་ལ་འོང་ བའི་སྔ་ལྟས་ཡིན་པས། ང་ལ་མཚོན་ན་འདི་རྟེན་འབྲེལ་ཤིན་ཏུ་ལེགས་པོ་ བྱུང། ཞེས་ཟེར་བ་ན། མང་ཚོགས་རྣམས་བྱང་ཆུབ་རྒྱལ་མཚན་གྱི་བྱ་སྤྱོད་ ཡ་མཚར་བར་གྱུར། བྱང་ཆུབ་རྒྱལ་མཚན་གྱིས་འདི་ལྟར་སྐུ་ངལ་ཚད་མེད་མྱོང་དགོས་ བྱུང་ཡང། དཀའ་ཁག་སྔ་ཕྱི་ཀུན་ལ་བློ་རིག་གྲིམ་པོས་གདོང་ལེན་བྱེད་ཀྱི་ ཡོད། སྐབས་དེ་འདྲ་ཞིག་ལ་བསམ་ཡུལ་ལ་མེད་པའི་གནས་ཚུལ་གློ་བུར་ བ་ཞིག་བྱུང་བ་ནི། ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་དབང་བརྩོན་ གཉིས་ཀྱི་བར་དུ། དབང་ཆའི་ཐོག་ནས་ནང་ཁུལ་ལ་མ་འཆམ་པའི་འགལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 78 ཟླ་ཞིག་བྱུང་བ་རེད། ས་སྐྱ་པ་ལ་མཚོན་ན་འགལ་ཟླ་འདི་ས་སྐྱའི་སྲིད་དབང་ཐོར་ཞིག་ དང། ཉམས་རྒུད་དུ་འགྲོ་བའི་རྐྱེན་རྩ་ཞིག་ཏུ་གྱུར་ཡོད་ཀྱང། བྱང་ཆུབ་ རྒྱལ་མཚན་ལ་མཚོན་ན། འདི་ནི་རང་ཉིད་ཀྱི་བདེན་པ་མཐའ་གསལ་ཡོང་ བ་དང། རང་གི་དམིགས་ཡུལ་མངོན་གྱུར་ཡོང་བའི་གོ་སྐབས་ལེགས་ ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་སྨོས་མ་དགོས། སྣེའུ་གདོང་རྫོང་མཁར་གྱི་མི་སུ་གང་གི་ཡང་བློ་ཡུལ་ན་མེད་པ་ཞིག་ ལ༑ བྱང་ཆུབ་རྒྱལ་མཚན་གློ་བུར་དུ་བཙོན་གྲོལ་ཐོབ་སྟེ་སྣེའུ་གདོང་ཕོ་བྲང་ དུ་འབྱོར། ཁོང་ཕྱིར་བྱོན་མ་ཐག་ཕྱི་ནང་གི་བློན་པོ་རྣམས་ཚོགས་འདུར་ བསྡུས་ཏེ། ང་མེད་པའི་རིང་གཞོན་ནུ་བཟང་པོས་གཙོས་ཁྱེད་རྣམས་ཀྱིས་ ནུས་ཤ གས་ཆིག་སྒྲིལ་བྱས་ཏེ། རང་ས་གཞན་ལག་ཏུ་མ་ཤོར་བར་སྲུང་སྐྱོབ་ ཧོར་གཞོན་ནུ་བཟང་པོ། ཐུབ་པ་ཤིན་ཏུ་ལེགས། ཞེས་ཕྱི་ ནང་གི་བློན་པོ་དང་འབངས་མང་ ཚོགས་རྣམས་ཀྱི་སྙིང་སྟོབས་ལ་ བསྔགས་བརྗོད་མཛད། ཁོང་གིས་མུ་མཐུད་དེ། དེང་སྐབས་ས་སྐྱ་ནང་ཁུལ་ལ་ མི་འགྲིགས་པའི་འགལ་ཟླ་ཞིག་ འབྱུང་བཞིན་ཡོད་སྟབས། ད་ཆ་ང་ཚོས་འཐབ་རྩོད་བྱེད་པའི་གོ་སྐབས་ཡག་ ཤོས་ཤིག་ལ་སླེབས་ཡོད། དེར་བརྟེན་བློན་འབངས་སུ་ཞིག་ཡིན་ཡང་ན་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 79 སོ་རྒས་ཟེར་བ་དང། ལུས་ལ་ནད་གཞི་ཡོད་ཟེར་བ། ཆོས་བྱེད་དགོས་ཟེར་ བ་སོགས་བྱ་བ་དང་གནས་ཚུལ་གང་ལ་ཡང་ཁག་འཇོག་བྱེད་མི་རུང། ད་ ལྕགས་ཚ་ཐོག་ཏུ་བརྡུང་དགོས་ཞེས་པའི་དཔེ་ལྟར་ཡིན་པས། སྔར་བཞིན་ ནུས་ཤ གས་ཆིག་སྒྲིལ་བྱས་ཏེ་ཕག་གྲུའི་མངའ་ཐང་གཞན་ལག་ཏུ་ཤོར་བ་ རྣམས་ཕྱིར་ལོན་ཐུབ་པར་བྱ་རྒྱུ་ཡིན། ཞེས་གསུངས་ནས་དམག་གི་སྟོབས་ ཤགས་ལ་བསྐྱར་ཞིབ་དང་གྲ་སྒྲིག་འཐུས་ཚང་བྱས་པ་རེད། གཡའ་བཟང་བས་ཚལ་པ་སོགས་ཀྱི་རྒྱབ་དཔུང་ལ་བརྟེན་ནས། ཕག་ གྲུའི་ཐོག་བརྙས་བཅོས་ལན་མང་བྱས་དང་བྱེད་བཞིན་པར་མ་ཟད། ཕག་ གྲུའི་ས་ཁང་མང་པོ་བཙན་འཕྲོག་བྱས་ཏེ་བདག་བཟུང་བྱས་ནས་ཡོད་པར་ བརྟེན། གཡའ་བཟང་བ་ནི། ཕག་གྲུའི་སྙིང་ནད་ཆེ་ཤོས་ཡོད་ས་ཞིག་ཏུ་རང་ བཞིན་གྱིས་ཆགས་ཡོད་ལ། གཡའ་བཟང་བའི་ངན་སྤྱོད་ལ་རྒྱབ་དཔུང་བྱེད་ མཁན་ཚལ་པ་སོགས་དང། ས་སྐྱའི་དཔོན་རིགས་ཚོའི་བྱ་སྤྱོད་ལ་བྱང་ ཆུབ་རྒྱལ་མཚན་ཡིད་གཏིང་ནས་ཞན་པ་ལོག་པ་ཞིག་བྱུང་ཡོད། དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱིས་དང་ཐོག་གཡའ་བཟང་བའི་ཐོག་ དམག་དྲངས་ཏེ། དུས་ཡུན་ཐུང་ངུའི་ནང་སྔོན་ཤོར་གྱི་ས་ཁང་མི་གསུམ་ཕྱིར་ བཙན་འཕྲོག་བྱས་པར་མ་ཟད། རིམ་པས་ས་སྐྱ་པའི་མངའ་དབང་ཡོངས་ རྫོགས་ལ་བྱང་ཆུབ་རྒྱལ་མཚན་གྱིས་དབང་སྒྱུར་བྱས་པས། ཕག་གྲུས་བོད་ ཁམས་ཡོངས་ལ་དབང་བསྒྱུར་བའི་ལོ་རྒྱུས་བྱུང་བ་རེད།
80 རྒན་མོ་གསེར་ཁུར་གྱི་དུས་རབས་། ༄༅། །ས་སྐྱ་པའི་དཔོན་རིགས་ཙམ་དུ་མ་ཟད་གཡའ་བཟང་དང་ཚལ་པ་ སུ་ལ་ཡིན་ན་ཡང། རང་ཉིད་ཕག་གྲུའི་མངའ་འོག་ཏུ་ཤོར་འགྲོ་བ་ནི། རྨི་ ལམ་ནང་དུ་ཡང་འཁོར་མ་མྱོང་བའི་གནས་ཚུལ་ཡ་མཚར་བ་དང་ཤིན་ཏུ་ གློ་བུར་བ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་བྱང་ཆུབ་རྒྱལ་མཚན་གྱིས་དགྲ་ བོ་ལ་ཁ་གཏད་བྱས་པ་དང་མཉམ་དུ། ནང་ཁུལ་གྱི་མཐུན་སྒྲིལ་དང་སྟོབས་ ཤགས་གོང་སྤེལ་གཏོང་བར་འབད་བརྩོན་ལྷོད་མེད་གནང་གི་ཡོད་སྟབས། ཕག་གྲུའི་ནུས་ཤ གས་ཉིན་རེ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ། ཁྲི་དཔོན་སྤྱིར་ བཏང་བ་ཞིག་ནས་བོད་ཁམས་ཡོངས་ལ་དབང་བསྒྱུར་བའི་སྲིད་གཞུང་ སྟོབས་ཤ གས་ལྡན་པ་ཞིག་ཏུ་གྱུར་པ་རེད། བར་ལམ་ནས་ས་སྐྱ་པའི་སྐབས་གདུང་རྒྱུད་ཀྱི་ཞལ་ངོ་སྔ་ཕྱི་རྣམས་ འདོད་པ་ཐ་དད་དུ་གྱུར་ཅིང། དཔོན་ཆེན་རྣམས་དུས་ཡུན་ཐུང་ངུ་རེའི་ནང་ འཕོ་ལེན་གྱི་འགྱུར་བ་མང་པོ་བྱུང་བས། འཛིན་སྐྱོང་གི་ལམ་སྲོལ་མིག་ ལྟོས་བཟང་པོ་ཅན་ཞིག་འཇོག་ཐུབ་མེད་པར་མ་ཟད། ཁྲིམས་ལུགས་ཀྱི་ ནང་དུ་ཡང་སོག་པོའ་ཤན་ཞུགས་ངན་པ་མང་པོ་ཐེབས་ཏེ། བོད་རང་གི་ རིག་གཞུང་དང་འཚོ་བའི་གནས་སྟངས་ལ་མི་འཚམ་ཞིང། རྩུབ་སྤྱོད་དང་ སྡིག་པའི་ལས་ཤས་ཆེར་ཡོད་པ་ཞིག་ཏུ་གྱུར་ཡོད།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 81 དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱི་བསམ་པར། མངའ་འབངས་ རྒྱ་ཆེན་པོ་ཡོད་པའི་འཛིན་སྐྱོང་གི་སྡེ་ཁག་ཅིག་ལ་མཚོན་ན། ཉམ་ཆུང་ འདབས་ནས་མ་ཤོར་བ་དང། རྒོད་པོ་སྒང་ཤོར་དུ་མ་སོང་བ། བཟང་ངན་ མཐོ་དམན་ཀུན་ལ་ཚད་ཐིག་གཅིག་ཅིང། དྲང་སྙོམས་སྤྱི་ཕན་ཅན་གྱི་ཁྲིམས་ ལུགསཤིག་དགོས་གལ་ཆེན་པོར་གཟིགས་ཏེ། རྒྱུན་དུ། མི་ཡོངས་རྫོགས་ འདོད་པ་གཅིག་པ་ཡོང་ཐུབ་ཐབས་མེད་ཀྱང། སྤྱིའི་ཁེ་ཕན་གཞི་ལ་བཞག་ པའི་ཁྲིམས་ལུགས་ཤིག་གི་འོག་ཏུ་ངེས་པར་དུ་བསྡུ་ཐུབ་པ་བྱ་དགོས། དེ་ ལྟར་ཡོང་བ་ལ་ཁྲིམས་ལུགས་སྤུས་གཙང་ཚད་ལྡན་ཞིག་མེད་མི་རུང་བ་ ཡིན། ཞེས་གསུངས་ཏེ་ཕག་གྲུ་པའི་སྲིད་གཞུང་ལ་ཁྲིམས་ལུགས་ཚད་ལྡན་ ཞིག་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད། སྤྱིར་བོད་ལ་མཚོན་ན། ཆོས་རྒྱལ་གོང་མ་ཚོའི་སྐུ་དུས་ནས་བཟུང། བོད་རང་གི་སྤྱི་ཚོགས་ཀྱི་གནས་བབ་དང་འཚམས་པའི་ཞི་དྲག་གི་ཁྲིམས་ ལུགས་འཐུས་སྒོ་ཚང་བ་ཞིག་ཡོད་ཀྱང། བར་ལམ་སྤྱི་ཚོགས་ཀྱི་འགྱུར་བ་ སྣ་ཚོགས་པའི་དབང་གིས་ཁྲིམས་ལུགས་དེ་དག་ལ་རྒྱལ་ཁབ་གཞན་པའི་ ཁྲིམས་ལུགས་དང། སྤྱི་ཚོགས་ཀྱི་ཤ གས་རྐྱེན་ངན་པ་སྣ་ཚོགས་ཐེབས་ཏེ་ རང་བཞིན་གྱིས་བེད་མེད་ལྟ་བུར་གྱུར་ཡོད། དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱི་བསམ་པར། ཁྲིམས་ལུགས་ ནི༑ རང་གི་སྤྱི་ཚོགས་ཀྱི་གནས་བབ་དང་འཚམ་པ་དང། རིག་གཞུང་གི་ སེམས་ཁམས་ལ་གཙོ་བོ་བསྟུན་དགོས་པ་ཞིག་མ་གཏོགས། གཞན་པའི་ ཤ གས་རྐྱེན་དང་མིག་ལྟོས་རྐྱང་པས་ཐག་གཅོད་བྱེད་རུང་བ་ཞིག་མིན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 82 པའི་ལྟ་ཚུལ་བརྟན་པོ་ཡོད་སྟབས། ཁོང་གིས་ཁྲིམས་ལུགས་བཅོས་བསྒྱུར་ བྱ་དགོས་པ་ནི། སྲིད་དབང་སྲ་བརྟན་ཡོང་བར་གལ་གནད་ཆེ་བའི་གོམ་ སྟབས་དང་པོར་འཛིན་གྱི་ཡོད། ཁོང་གིས་ཕྱོགས་མང་པོར་དགོངས་བཞེས་དང་ཞིབ་འཇུག་མཛད་ པའི་མཐའ་མ། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་1ཞེས་པ་ཞིག་དངོས་སུ་གཏན་ འབེབས་མཛད་པ་རེད། ཁྲིམས་ཡིག་དེ་ནི་རང་འདོད་གང་བསམ་ལྟར་བྱས་ པ་ཞིག་མ་ཡིན་པར། ཆོས་རྒྱལ་གོང་མ་ཚོས་གཏན་འབེབས་མཛད་པའི་མི་ ཆོས་དང། ལྷ་ཆོས། རྒྱལ་ཁྲིམས། དམག་དོན་གྱི་ཁྲིམས་ལུགས་བཅས་ཞི་ དྲག་གི་ཁྲིམས་སྲོལ་མང་པོ་གཞི་རྩར་བཟུང་བའི་ཐོག བོད་མི་རང་གི་དངོས་ ཡོད་སྤྱི་ཚོགས་ཀྱི་གནས་སྟངས་དང་མཐུན་པ་སྟེ། འབངས་འཁོར་རྣམས་ ཡང་དག་པར་བསྐྱངས་པའི་ཁྲིམས་ཡིག་དྲང་སྙོམས་ལྡན་པ་ཞིག་ཡིན། བར་སྐབས་སྣེའུ་གདོང་རྩེའི་དཔོན་པོ་སྔ་ཕྱི་མང་པོ་ཞིག་ཆང་རག་ལ་ ཚོད་མེད་སྤྱོད་པ་དང། ཚུལ་མིན་གྱིས་བུད་མེད་བསྟེན་པ་སོགས་འཆལ་ 1 ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ། སྡེ་སྲིད་ཕག་གྲུ་པས་བོད་ལ་དབང་སྒྱུར་བྱེད་པའི་སྲིད་དབང་ དངོས་སུ་འགོ་ཚུགས་པ་དང་། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་ བའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ཞེས་པ་ནི། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་ རའི་ཞལ་ལྕེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་ རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། བསྙོན་ཧམ་མནའ་ བསྒག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་ བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ཡིན།
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 83 སྤྱོད་ཅན་དུ་གྱུར་པའི་དབང་གིས་སྣེའུ་གདོང་རྫོང་མཁར་གྱི་ལས་དོན་མང་ པོ་ལ་འཐུས་ཤོར་ཕྱིན་ཡོད་པར་མ་ཟད། ཕག་གྲུའི་མངའ་ཁོངས་ཡིན་པའི་ས་ ཁང་མང་པོ་ཞིག་ཀྱང་གཞན་ལག་ཏུ་ཤོར། འདི་ལྟར་ཕག་གྲུའི་དཔོན་རིགས་ འགའི་བྱས་ཉེས་ཀྱི་དབང་གིས་བར་སྐབས་ཤིག་ལ་ཕག་གྲུའི་སྲིད་དབང་ དང་མངའ་ཐང་ལ་ལྷུང་བབ་ཆེན་པོ་བྱུང་ཡོད། བྱང་ཆུབ་རྒྱལ་མཚན་རང་ཉིད་ལ་མཚོན་ན། ཆབ་སྲིད་ཀྱི་གོ་གནས་ དེ་ཙམ་གལ་ཆེན་པོར་གཟིགས་ཀྱི་མེད་ཀྱང། ཕག་གྲུའི་མངའ་ཐང་ཉིན་ རེ་བཞིན་ཉམས་རྒུད་དུ་ཕྱིན་ཏེ། ཕག་གྲུའི་གནས་བབས་ཤིན་ཏུ་སྐྱོ་པོར་ འགྱུར་བཞིན་པ་དེ་བྱང་ཆུབ་རྒྱལ་མཚན་གྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ ན་ཟུག་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་བརྟེན། ནུས་ཤ གས་ཡོད་དགུ་རྩལ་ སྤྲུགས་བྱས་ཏེ་ཕག་གྲུ་གནས་བབ་ཉམས་རྒུད་དེ་ལས་སྐྱོབ་ཐབས་བྱ་ དགོས་པ་ནི། བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱི་རེ་བ་དང་དམིགས་ཡུལ་ གཙོ་བོར་གྱུར་ཡོད། དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁམས་ལ་དབང་བསྒྱུར་ བའི་སྲིད་དབང་སྲ་བརྟན་ཆགས་པ་ན། འདས་པའི་ལོ་རྒྱུས་ནང་ཕག་གྲུ་ ཉམས་རྒུད་དུ་ཕྱིན་པའི་ལོ་རྒྱུས་ལས་ཉམས་མྱོང་བླངས་ཏེ། བོད་ཁམས་ སྤྱི་དང་ལྷག་པར་དུ་སྣེའུ་གདོང་རྩེའི་ཕོ་བྲང་ཕྱི་ནང་གི་མིའི་ཀུན་སྤྱོད་ཐོག་ ཤིན་ཏུ་དོ་དམ་མཛད་ཅིང། སྣེའུ་གདོང་རྩེའི་ཕོ་བྲང་ལ་རྒྱལ་སྒོ་ཕྱི་ནང་ གསུམ་ཡོད་པ་ལས། རྒྱལ་སྒོ་ནང་མ་ལ་ནག་ཆང་ཐར་ས་མེད་པ་ལྟ་བུའི་ ཁྲིམས་སྲོལ་ཤིན་ཏུ་དམ་པོ་མཛད་ཡོད་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 84 ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་སྣེའུ་གདོང་རྩེའི་ཕོ་བྲང་ཕྱི་ནང་ ཀུན་ལ་ཚུལ་མིན་གྱི་སྤྱོད་ལམ་འཆལ་པོའ་རིགས་གནས་ས་མེད་པ་བྱས་ པར་མ་ཟད། རང་ཉིད་དང་རང་གི་ཉེ་འཁོར་ནས་བཟུང་སྟེ་མི་དྲག་ཆེ་ཆེ་རྫིག་ རྫིག་རྣམས་ཀྱང་ཁྲིམས་ཀྱི་རྒྱ་ལས་འདའ་ས་མེད་པར་བྱས་ཏེ། སྤྱི་སྙོམས་ དྲང་ཚུགས་ཅན་གྱི་ཁྲིམས་སྲོལ་དམ་པོ་ལག་བསྟར་མཛད་ཀྱི་ཡོད། བྱང་ཆུབ་རྒྱལ་མཚན་གྱིས་འགྲིག་རང་རྩ་ནས་བསྡམས་པའི་གནང་ སྟངས་དེས་མང་ཚོགས་ལ་ཁྲིམས་སྲོལ་བརྩི་སྲུང་གི་ཤ གས་རྐྱེན་ཆེན་པོ་ ཐེབས་ཀྱི་ཡོད་པ་སྨོས་མ་དགོས་ལ། མཛད་སྤྱོད་འདིས་མཚོན་པའི་བྱང་ ཆུབ་རྒྱལ་མཚན་གྱི་སྤྱི་ཕན་དང་དྲང་ཚུགས་ལྡན་པའི་སྤྱོད་ལམ་མང་པོ་ཞིག་ ནི། མང་ཚོགས་ཀྱི་མིག་ལྟོས་ཞུ་ས་དང་ཡིད་དབང་འཕྲོག་པའི་གཞི་རྩ་ཞིག་ ཏུ་གྱུར་ཡོད་པ་རེད། དེར་བརྟེན་མང་ཚོགས་རྣམས་བྱང་ཆུབ་རྒྱལ་མཚན་ལ་ཉིན་རེ་བཞིན་ ཡིད་ཆེས་དང་བརྩི་མཐོང་ཇེ་ཆེར་འགྲོ་བཞིན་ཡོད་ལ། བྱང་ཆུབ་རྒྱལ་མཚན་ གྱིས་ཀྱང་རང་ཉིད་ལ་ཡིད་ཆེས་དང་རེ་བཅོལ་བྱེད་པའི་རེ་བ་ཅན་རྣམས་རེ་ ས་ནས་བསླུ་མི་རུང། ཞེས་རང་གི་བདེ་སྡུག་ལས་ཀྱང་མང་ཚོགས་ཀྱི་བདེ་ དོན་གལ་གནད་ཆེ་བར་བརྩིས་ཏེ། མང་ཚོགས་ལ་གང་དགོས་མཁོ་ཆེ་བ་ དང། ཕན་ཐོགས་ཆེ་བའི་རིགས་སྔར་ཡོད་ཉམས་གསོ་དང། སྔར་མེད་ གསར་སྐྲུན་བྱ་བར་འབད་བརྩོན་ལྷོད་མེད་གནང་གི་ཡོད། སྐབས་དེར་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། འགྲིམ་འགྲུལ་གྱི་ཆ་རྐྱེན་ ཤིན་ཏུ་སྐྱོ་བ་དང། ལམ་བར་དུ་བདེ་འཇགས་མེད་པ། རི་ལུང་བརྒྱུད་ནས་
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 85 འགྲོ་བའི་སྐབས་ཞག་ཚིགས་མེད་པ་སོགས་ནི། མང་ཚོགས་ཀྱི་དཀའ་ཁག་ ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད་པ་རེད། དེར་བརྟེན་བྱང་ཆུབ་རྒྱལ་མཚན་གྱིས་མང་ཚོགས་ཀྱི་དངོས་ཡོད་ དཀའ་ཁག་དེ་རིགས་སེལ་ཐབས་སུ། བོད་ཀྱི་གཙང་པོ་ཆེ་ཁག་ལ་ལར་ཟམ་ པ་བཙུགས་པ་དང། ལ་ལར་ཀོ་གྲུ་གསར་འཛུགས་བྱས་པར་མ་ཟད། ཞག་ ཚིགས་ཀྱང་མང་པོ་གསར་འཛུགས་བྱས་ཤིང། ཇག་བཅོམ་གྱི་ཉེན་ཁ་ཡོད་ སའི་ལ་འཕྲང་དང་ས་སྟོང་མང་ཆེ་བར་འཇིགས་སྐྱོབ་ཀྱི་བདེ་སྲུང་གསར་ འཛུགས་མཛད་པ་སོགས་ལ་བརྟེན་ནས། བོད་ཁམས་སྟོད་སྨད་བར་གསུམ་ ལ་ཞི་བདེ་ལྷིང་འཇགས་བྱུང་བས། དུས་སྐབས་འདི་ལ་རྒད་མོ་གསེར་ཁུར་ གྱི་དུས་རབས་ཞེས་སུ་གྲགས་པ་བྱུང།། །།
གསུམ་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
89 སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ངོ་སྤྲོད་། ༄༅། །སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། ཕྱི་ལོ་ ༡༦༣༣ ལོར་ཡབ་ཨ་ སུག་དང། ཡུམ་བུ་འཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐྱིད་ཤོད་ཉང་བྲན་ གྲོང་སྨད་དུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་ལྷན་སྐྱེས་སུ་རྣམ་རིག་ བཀྲ་ཞིང་སྤྱང་གྲུང་འཛོམས་པ་ཞིག་ཡོད་པར་མ་ཟད། དགུང་ལོ་བརྒྱད་ ཡས་མས་ནས་བཟུང་༸རྒྱལ་དབང་ལྔ་པ་ཆེན་པོ་དང། རང་གི་ཁུ་བོ་སྡེ་ སྲིད་འཕྲིན་ལས་རྒྱ་མཚོ། འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་སོགས་ ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང། རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་ མཛད་པས། ཁོང་ནི་ཕྱིས་སུ་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་རྐྱང་པ་མ་ཡིན་ པར། གསུང་རྩོམ་མང་པོ་བཞུགས་པའི་མཁས་པ་མཚན་སྙན་ལྡན་པ་ཞིག་ ཏུ་གྱུར་པ་རེད། སངས་རྒྱས་རྒྱ་མཚོ་དགུང་ན་གཞོན་དུས་ནས་༸རྒྱལ་དབང་ལྔ་པ་ཆེན་ པོ་མཆོག་དང། སྡེ་སྲིད་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་བརྩི་མཐོང་དང་ ཐུགས་རེ་ཆེན་པོ་གནང་གི་ཡོད་པའི་ཐོག ཁོང་ཆོས་སྲིད་ཀྱི་རིག་གནས་ཀུན་ ལ་མཁྱེན་རྒྱ་ཡངས་ཤིང། རྣམ་དཔྱོད་ཕུལ་དུ་བྱུང་བ་དང་ལྡན་པ་ཞིག་ཡིན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 90 པས། སྐབས་དེའི་བོད་ཀྱི་ཆོས་སྲིད་ཀྱི་མི་སྣ་གྲགས་ཅན་རྣམས་ཀྱི་ནང་དུ་རང་ བཞིན་གྱིས་བརྩི་མཐོང་ཆེན་པོ་ལྡན་པ་ཞིག་ཏུ་གྱུར་ཡོད། སངས་རྒྱས་རྒྱ་མཚོའི་ཐུགས་ཀྱི་གཤིས་ཀ་མ་འདྲ་བ་ཞིག་ནི། གཞན་ པས་རང་ཉིད་ལ་མཐོང་ཚུལ་ལེགས་ཉེས་ཇི་ལྟར་ཡོད་མེད་ལ་མ་ལྟོས་པར། རང་གི་རིན་ཐང་རང་ཉིད་ཀྱིས་བསྐྲུན་དགོས་པའི་གནས་ལུགས་ལ་གོ་ རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་པས། སྐུ་ན་གཞོན་དུས་ནས་བཟུང་ ཤེས་ཡོན་སློབ་སྦྱོང་དང་ཉམས་མྱོང་རིམ་བསགས་ཀྱི་ཐོག་ནས། རང་གི་མི་ ཚེ་རིན་ཐང་ལྡན་པ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་གནང་གི་ཡོད། དགུང་ལོ་ཉེར་བདུན་པའི་ཐོག་༸རྒྱལ་དབང་ལྔ་པ་ཆེན་པོའ་བཀའ་ འབྲེལ་ལྟར་སྡེ་སྲིད་ཀྱི་མཛད་འགན་བཞེས་པའི་སྐབས། སྡེ་སྲིད་སངས་ རྒྱས་རྒྱ་མཚོས་གང་བྱས་ཐམས་ཅད་༸རྒྱལ་དབང་རང་ཉིད་ཀྱིས་མཛད་པ་ དང་ཁྱད་མེད་པའི་ཁྱབ་བསྒྲགས་མཛད་པས། སྡེ་སྲིད་གཞན་དག་ལས་ཀྱང་ མཚན་སྙན་དང་དབང་ཤ གས་ལྡན་པ་ཞིག་ཏུ་རང་བཞིན་གྱིས་གྱུར་ཅིང། ཆོས་སྲིད་ཀྱི་མཛད་པ་མཐའ་དག་ཀྱང་སྡེ་སྲིད་གོང་མ་དག་ལས་ཁྱད་པར་ དུ་འཕགས་པ་ཞིག་ཏུ་གྱུར་ཡོད། ༸རྒྱལ་དབང་ལྔ་པ་ཆེན་པོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་མ་ འོངས་པའི་ཤ ལ་འཛིན་པ་ཞིག་ཡོང་བའི་ཐུགས་རེ་མཛད་ཀྱི་ཡོད་པ་ ལྟར། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་༸གོང་ས་ལྔ་པ་ཆེན་པོ་སྐུ་འཚོ་ བཞུགས་སྐབས། ཆོས་སྲིད་གཉིས་ཐད་ནས་༸རྒྱལ་བའི་ཐུགས་དགོངས་ ཟིན་པའི་སྲི་ཞུ་འགྲན་ཟླ་མེད་པ་ཞུས་ཡོད་པར་མ་ཟད། ༸རྒྱལ་དབང་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 91 མཆོག་སྐུ་གཤེགས་པའི་རྗེས་སུ་ཡང་བོད་ཁམས་ཀྱི་བདེ་སྡུག་གི་ཁུར་ ཆེན་མཐའ་དག་སྡེ་སྲིད་རང་ཉིད་རྐྱང་པའི་ཕྲག་ཏུ་བླངས་ཏེ། དཀའ་ལས་ དང་རྙོག་འཛིང་གི་ཐུགས་སུན་ཇི་ལྟར་བྱུང་ཡང་བོད་སོག་མཆོད་ཡོན་ བར་གྱི་འགལ་ཟླའི་རྩོད་པ་དང། སྤྱི་ཚོགས་ཀྱི་རྙོག་འཛིང་ཆེ་བའི་འགལ་ ཟླའི་བར་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མཐའ་དག་ནོར་ འཛོལ་འཐུས་ཤོར་མེད་པར་རྒྱུན་སྐྱོང་མཛད་ཡོད། ༸གོང་ས་ལྔ་པ་ཆེན་པོའ་སྐུ་ཚེའི་རིང་གི་འཛུགས་སྐྲུན་གྱི་ལས་གཞི་ གཙོ་བོ་དང་རྒྱ་ཆེ་ཤོས་ནི། ལྷ་སའི་ཕོ་བྲང་དམར་པོའ་འཛུགས་སྐྲུན་ཡིན་ ནའང། ༸གོང་ས་ལྔ་པ་ཆེན་པོ་གློ་བུར་དུ་སྐུ་གཤེགས་པས་འཕྲོ་ལུས་སུ་ གྱུར་པའི་ཕོ་བྲང་དམར་པོའ་འཛུགས་སྐྲུན་གྱི་ལས་གཞི་མཐའ་དག་སྡེ་སྲིད་ ཉིད་ཀྱིས་རྐང་འགན་བཞེས་ཏེ་ཡོངས་སུ་གྲུབ་པར་མ་ཟད། ཕོ་བྲང་པོ་ཏ་ལ་ ཞེས་པ་འཛམ་གླིང་ནང་སྙན་གྲགས་ལྡན་པ་ཞིག་ཏུ་མཛད་ཡོད། ༸གོང་ས་ལྔ་པ་ཆེན་པོའ ་ཞལ་ཆེམས་ལྟར་༸རྒྱལ་དབང་ཉིད་སྐུ་ གཤེགས་པའི་རྗེས་སུ་ལོ་མང་རིང་གསང་རྒྱ་ཞུས་ཏེ། དྲུག་པ་ཚངས་ དབྱངས་རྒྱ་མཚོ་ཁྲི་འདོན་མ་ཞུས་པའི་བར་དུ་༸གོང་ས་ལྔ་པ་ཆེན་པོ་སྐུ་ མ་བཞུགས་པའི་མྱ་ངན་གྱི་ཁུར་ཡོངས་རྫོགས་སྡེ་སྲིད་རང་ཉིད་རྐྱང་པས་ བཞེས་པར་མ་ཟད། ཤིན་ཏུ་ཛ་དྲག་ཆེ་བའི་དུས་སྐབས་དེ་འདྲ་ཞིག་ལ་ཡང་ དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་དར་འཕེལ་རྒྱུན་གནས་དང། རྒྱ་བོད་ཧོར་ གསུམ་འཆམ་མཐུན་ཞི་འཇམ་ངང་གནས་ཐུབ་པའི་ཆབ་སྲིད་ཀྱི་ཁོར་ཡུག་ གཙང་མ་ཞིག་བསྐྲུན་གནང་བ་རེད།
92 མི་ཚེའི་གྲ་སྒྲིག་། ༄༅། །མིའི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་ཐུབ་མིན་ནི། མི་ཚེའི་གོ་ རིམ་དང་གྲ་སྒྲིག་བྱེད་སྟངས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་པས། དཀོན་མཆོག་དོན་གྲུབ་1ཀྱིས་རང་གི་མི་ཚེ་འོད་སྣང་ལྡན་པ་ཞིག་ཏུ་བསྐྲུན་ པར་འདོད་ཀྱི་ཡོད་སྟབས། རྒྱུན་པར་གོ་རྟོགས་དང་ཤེས་རབ་ཀྱི་འོད་སྣང་ ཕྲ་མོ་རེ་རེ་ནས་རང་སྟེང་ལ་བསྡུ་ལེན་ཐུབ་པར་འབད་བརྩོན་ལྷོད་མེད་ གནང་གི་ཡོད། དཀོན་མཆོག་དོན་གྲུབ་ཀྱིས་བྱིས་པ་རྣམས་དང་མཉམ་དུ་རྩེད་མོ་རྩེས་ པའི་སྐབས་སུ་ཡང་བྱིས་པ་གཞན་དག་དང་མ་འདྲ་བར། རྒྱུན་དུ་ལྡུམ་བུ་དང་ སྔོ་རིགས་སྣ་ཚོགས་འཐུ་བ་དང། སྔོ་སྣ་ཚོགས་བཏུས་པ་དེ་དག་སྨན་དང་ རང་ཉིད་སྨན་པ་ཡིན་པའི་ཚུལ་བྱས་ཏེ། གཞན་དག་ལ་སྨན་བཅོས་བྱེད་ཀྱི་ 1 དཀོན་མཆོག་དོན་གྲུབ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཞོན་དུས་ཀྱི་མཚན་ལ་དཀོན་ མཆོག་དོན་གྲུབ་ཅེས་ཞུ་བ་དང། ཕྱིས་སུ་༸གོང་ས་ལྔ་པ་ཆེན་པོས་ཆོས་མིང་ལ་སངས་ རྒྱས་རྒྱ་མཚོ་ཞེས་གསོལ་སྩལ་མཛད། ཕྱིས་སུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞེས་པའི་མཚན་འབོད་ཞུ་སྲོལ་དར།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 93 ཡོད་པ་ལྟ་བུའི་རྩེད་མོ་རྩེ་ཡི་ཡོད། དཀོན་མཆོག་དོན་གྲུབ་ཀྱི་སྨན་པ་ཡིན་ ཁུལ་ལྟ་བུའི་རྩེད་མོ་འདི་ཡང་ཕྱིས་སུ་དོན་ངོ་མར་གྱུར་ཏེ། དཀོན་མཆོག་ དོན་གྲུབ་སྟེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། བོད་ཀྱི་གསོ་བ་རིག་པའི་ གཞུང་ལུགས་དང་ལག་ལེན་གཉིས་ཀ་ལ་མཁས་པའི་སྨན་པ་སྙན་གྲགས་ ཅན་ཞིག་ཏུ་གྱུར་པ་རེད། དེ་བཞིན་བྱིས་པ་མང་པོས་མཉམ་དུ་རྩེད་མོ་རྩེས་པའི་ཟུར་དུ། དཀོན་མཆོག་དོན་གྲུབ་ཀྱིས་ས་གཞོང་ 2ཞིག་གི་ནང་རི་མོ་སྣ་ཚོགས་བྲིས་ ཏེ་སྡོད་རྒྱུར་ཤིན་ཏུ་དགའ་པོ་བྱེད་ཀྱི་ཡོད། སྐབས་དེར་མི་མང་ཆེ་བར་ དཀོན་མཆོག་དོན་གྲུབ་མ་འོངས་པར་བོད་ཀྱི་རྩིས་རིག་དང། སྒྲ་གཞུང་ ལ་མཁས་པ་ཆེན་པོ་ཞིག་ཏུ་ཆགས་རྒྱུ་ནི། བསམ་བློའ ་ཟུར་ཙམ་ལ་ཡང་ བྱུང་ཡོད་མི་སྲིད་ཀྱང། དཀོན་མཆོག་དོན་གྲུབ་ཀྱི་རྩེད་མོ་ཕལ་ཆེ་བ་ནི། རང་གི་མི་ཚེའི་ནང་འབྱུང་རྒྱུའི་སྔོན་བརྡ་ལྟ་བུའི་གྲ་སྒྲིག་ཤ་སྟག་ཏུ་གྱུར་ ཏེ༑ ཕྱིས་སུ་ཁོང་དོན་ངོ་མར་སྒྲ་གཞུང་དང་རྩིས་རིག་ལ་མཁས་པ་ཆེན་པོ་ ཞ ག་ཏུ་གྱུར་པ་རེད། ཕྱི་ནང་གི་སློབ་གསོ་བ་གྲགས་ཅན་མང་པོ་ཞིག་གི་བཤད་སྲོལ་ལ། བྱིས་པའི་དུས་ཀྱི་རྩེད་མོ་ནི་བྱིས་པ་དེའི་གཤིས་ཀ་དང་འབྲེལ་བ་གཏིང་ ཟབ་ཡོད་པ་ཞིག་དང། མིའི་མི་ཚེ་ཡང་མི་རང་ཉིད་ཀྱི་གཤིས་ཀས་བཟོས་པ་ ཞིག་ཡིན་སྟབས། བྱིས་པའི་དུས་ཀྱི་རྩེད་མོ་དང། དགའ་ཕྱོགས། གཤིས་ཀ་ 2 ས་གཞོང། བོད་ལུགས་སྲོལ་རྒྱུན་གྱི་རྩིས་སྦྱོང་བྱེད་ཅིག་སྟེ། ས་རྡུལ་སྲབ་སྲབ་བླུགས་ ནས་རྩིས་བྱ་སའི་ཤིང་གི་གཞོང་པའི་མིང། སྒྲའི་རི་མོ་འགོད་ས་ལ་སྒྲ་གཞོང་ཞེས་ཟེར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 94 བཅས་ནི། མི་དེ་དང་དེའི་མི་ཚེ་གང་འདྲ་ཞིག་ཏུ་ཆགས་རྒྱུ་ཡིན་པར་འབྲེལ་ བ་གཏིང་ཟབ་ཡོད་པ་ཞིག་ཡིན། ཞེས་བཤད་པའི་རྒྱུ་མཚན་ཡང་འདི་འདྲ་ལ་ ཐུག་པ་ཡིན་ངེས། སྤྱིར་བཏང་གི་བྱིས་པ་མང་ཆེ་བས། ཕ་མ་དང་མཉམ་དུ་ཁྱིམ་ལ་སྡོད་ རྒྱུར་དགའ་མོས་བྱེད་པ་ལས། ཕ་མ་སོགས་བརྩེ་བའི་ཁྱིམ་མི་རྣམས་དང་ཁ་ བྲལ་ནས་རྒྱུས་མེད་ཀྱི་སར་འགྲོ་སྡོད་བྱ་རྒྱུར་དགའ་པོ་མི་བྱེད་ཀྱང། དཀོན་ མཆོག་དོན་གྲུབ་ནི་བྱིས་པ་དེ་དག་གི་དགའ་ཕྱོགས་ལས་ལྡོག་སྟེ། ཆུང་ དུས་ནས་བཟུང་ཕ་མ་དང་མཉམ་དུ་གྲོང་ཁྱིམ་དུ་མི་སྡོད་པར་དགོན་པའི་ནང་ ཤེས་ཡོན་སློབ་སྦྱོང་བྱེད་པར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་དཀོན་མཆོག་དོན་གྲུབ་ཀྱིས་སྨྲ་ཤེས་པ་ཙམ་ནས། ཁྱིམ་ དུ་གསོས་དལ་ལྷོད་གཡེང་ངང་སྡོད་རྒྱུར་སུན་སྣང་ཡོད་པ་ལྟ་བུས། རྒྱུན་ དུ་འབྲས་སྤུངས་དགོན་པ་ཡོད་སའི་ཕྱོགས་བསྟན་ནས། ང་དེ་ལ་འགྲོ་ དགོས་ཀྱི་ཡོད། ཅེས་ཕ་མ་གཉིས་ལ་རྒྱུན་དུ་འབྲས་སྤུངས་ལ་ཁྲིད་རྒྱུའི་ རེ་བ་ཞུ་ཡི་ཡོད། དཀོན་མཆོག་དོན་གྲུབ་དགུང་ལོ་བཞིའི་ཐོག ཡབ་ཨ་སུག་སྐུ་གྲོངས་ པས་བཞུགས་མེད་ཀྱང། བྱིས་པ་རྒྱུན་དུ་འབྲས་སྤུངས་ལ་འགྲོ་འདོད་ཆེན་ པོ་བྱེད་ཀྱི་ཡོད་པར་བརྟེན། ཡུམ་གྱིས་བྱིས་པས་རྒྱུན་དུ་འབྲས་སྤུངས་ལ་ འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཞིག་ཡོད་ངེས་སྙམ་ཡང། དཀོན་མཆོག་དོན་གྲུབ་དགུང་ལོ་བརྒྱད་ལ་སླེབས་པའི་བར་དུ་འབྲས་སྤུངས་ དགོན་པར་དངོས་སུ་ཁྲིད་མཁན་བྱུང་མེད། དགུང་ལོ་བརྒྱད་ཀྱི་ཐོག་ཡུམ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 95 གྱིས་དཀོན་མཆོག་དོན་གྲུབ་འབྲས་སྤུངས་ལ་ཁྲིད་དེ། ཁོ་རང་གི་ཁུ་བོ་སྡེ་ སྲིད་འཕྲིན་ལས་རྒྱ་མཚོ་3འབྲས་སྤུངས་སུ་བཞུགས་པའི་སར་སྡོད་དུ་བཅུག་ པ་རེད། དཀོན་མཆོག་དོན་གྲུབ་ལ་མཚོན་ན། གྲོང་ཁྱིམ་བཞག་ནས་འབྲས་ སྤུངས་དགོན་པར་འགྲོ་རྒྱུ་བྱུང་བ་ནི་ཁོང་གི་ཐུགས་རེ་གཙོ་བོ་ཞིག་འགྲུབ་ པ་བྱུང་ཡོད་ལ། གྲོང་ཁྱིམ་ནས་དགོན་པར་གནས་སྤོ་བྱས་པ་དེ་ནི་དཀོན་ མཆོག་དོན་གྲུབ་ཀྱི་མི་ཚེའི་འགྱུར་བའི་འགོ་འཛུགས་ཆེན་པོ་ཞིག་ཡིན་པར་ མ་ཟད། གནས་ཀྱི་འགྱུར་བ་འདི་ནི་ཁོང་གི་མི་ཚེའི་གྲ་སྒྲིག་གི་གོམ་སྟབས་ ཆེ་ཤོས་ཤིག་ཀྱང་ཡིན། དཀོན་མཆོག་དོན་གྲུབ་འབྲས་སྤུངས་ལ་འབྱོར་བ་ན། བུང་བ་པདྨའི་ ཚལ་དུ་སླེབས་པ་ལྟར་ཤིན་ཏུ་སྤྲོ་སྣང་ཆེན་པོ་དང་བཅས་༸གོང་ས་ལྔ་པ་ ཆེན་པོ་མཆོག་དང། སྡེ་སྲིད་འཕྲིན་ལས་རྒྱ་མཚོ། མཁས་དབང་དཔལ་ ལྡན་ཕུན་ཚོགས། འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་སོགས་ཆོས་སྲིད་ ལུགས་གཉིས་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་ཞིང། ཉམས་མྱོང་ཕུན་སུམ་ཚོགས་ པའི་མཁས་པ་མང་པོ་བཞུགས་པ་རྣམས་ཀྱི་དྲུང་ནས་རིག་གནས་ཆེ་ཆུང་ ཀུན་ལ་སློབ་སྦྱོང་ཚིམ་པ་མེད་པར་མཛད་ཀྱི་ཡོད། 3 སྡེ་སྲིད་འཕྲིན་ལས་རྒྱ་མཚོ། ལྷ་སའི་ཉང་བྲན་དུ་སྐུ་འཁྲུངས། འདི་ལ་གྲོང་སྨད་པ་འཕྲིན་ ལས་རྒྱ་མཚོ་ཡང་ཟེར། ཐོག་མའི་སྐབས་དགའ་ལྡན་ཕོ་བྲང་པར་སྨན་པའི་བྱ་བ་བསྒྲུབས། ཕྱི་ལོ་ ༡༦༦༠ ལོར་སྡེ་སྲིད་ཀྱི་འགན་བཞེས། ༸གོང་ས་ལྔ་པ་ཆེན་པོའ་སྐུ་དུས་ཀྱི་སྡེ་ སྲིད་རིམ་པ་གཉིས་པ་དེ་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 96 དཀོན་མཆོག་དོན་གྲུབ་ཀྱིས་ཆོས་ལུགས་དང་རིག་གནས་ཀྱི་ཤེས་བྱ་ སྣ་ཚོགས་ལ་རྒྱུན་དུ་སྦྱངས་པ་ལྷོད་མེད་གནང་གི་ཡོད་པ་དང་མཉམ་དུ། སྤྱི་ ཚོགས་ཐོག་གི་གནས་ཚུལ་བཟང་ངན་སྣ་ཚོགས་ལ་རྒྱུན་པར་ཐུགས་སྣང་ མཛད་ཀྱི་ཡོད་སྟབས། སྤྱི་ཚོགས་ཁྲོད་ཀྱི་དཀར་ནག་ཁྲ་གསུམ་གྱི་གནས་ ཚུལ་མང་ཆེ་བ་ཁོང་གིས་གསལ་པོར་མཁྱེན་གྱི་ཡོད་པར་མ་ཟད། དེ་དག་ གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ཡང་ཞིབ་འཇུག་གཏིང་ཟབ་གནང་ཐུབ་ མཁན་ཞིག་ཡིན། ༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་དགོངས་པ་བཞེས་སྟངས་དང། གསུང་མོལ་གནང་སྟངས། ཕྱི་ནང་གི་མི་མཐོ་དམན་བར་གསུམ་ལ་འབྲེལ་ བ་གནང་སྟངས། རྒྱུན་གྱི་མཛད་སྤྱོད་དང་ཕྱག་ལས་གནང་སྟངས་བཅས་ནི། དཀོན་མཆོག་དོན་གྲུབ་ཀྱིས་མིག་ལྟོས་ཀྱི་གཞི་གཙོ་བོར་བཟུང་སྟེ། རང་གི་ མི་ཚེ་ཡང་༸ལྔ་པ་ཆེན་པོའ་མཛད་སྤྱོད་བཟང་པོ་དེ་དག་དང་རྗེས་སུ་མཐུན་ པ་ཞིག་ཡོང་བར་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་གནང་གི་ཡོད། ལྷག་པར་དུ་༸གོང་ས་ལྔ་པ་ཆེན་པོ་མཆོག་ཆོས་སྲིད་ཀྱི་གནད་དོན་ དམིགས་བསལ་བའི་རིགས་དང། དཀའ་ཁག་དང་རྙོག་འཛིང་ཆེ་བའི་ལས་ དོན་གྱི་རིགས་ལ་ཐུག་པའི་སྐབས། མཁྱེན་རྒྱ་ཆེན་པོ་དང་གཟིགས་རྒྱང་ ཡངས་པོས་གནད་དོན་ཐག་གཅོད་དང། དཀའ་རྙོག་སེལ་ཐབས་གང་འདྲ་ གནང་གི་ཡོད་མེད་དཀོན་མཆོག་དོན་གྲུབ་ཀྱིས་དམིགས་བསལ་ཐུགས་ སྣང་མཛད་དེ། ༸གོང་ས་ལྔ་པ་ཆེན་པོའ་ཐབས་ཇུས་དང་ཐུགས་ཀྱི་ཉམས་ མྱོང་གི་རིགས་མཐའ ་ དག་རང་གི་བསམ་བློ་དང་སྤྱོད་ལམ་གྱི་གོམས་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 97 གཤིས་ལ་འཇགས་ཐུབ་པ་ཡོང་བར་འབད་བརྩོན་མཛད་ཅིང། གཞན་དག་ ལ་ཡང་དེ་ལྟར་སྐུལ་མ་གནང་གི་ཡོད། དེར་བརྟེན་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་རྒྱུན་གྱི་དགོངས་པ་ བཞེས་སྟངས་དང། ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་སྐྱོང་སྟངས། གཟིགས་རྒྱང་ཡངས་པོས་དབྱེ་ཞིབ་དང་རྟོག་དཔྱོད་གནང་སྟངས། ཉིན་རེའི་ འཚོ་བའི་ཁྲོད་ཀྱི་མཛད་སྤྱོད་སོགས་ཀྱིས། དཀོན་མཆོག་དོན་གྲུབ་ཀྱི་མི་ ཚེ་དང་ལས་དོན་སྒྲུབ་སྟངས་ལ་ཤ གས་རྐྱེན་ཆེན་པོ་ཐེབས་ཡོད་པ་སྨོས་མ་ དགོས་ལ། ཕྱིས་སུ་དཀོན་མཆོག་དོན་གྲུབ་ཀྱིས་བོད་ཁམས་སྤྱིའི་ཆོས་སྲིད་ ཀྱི་མཛད་འགན་བཞེས་པའི་སྐབས། རྙོག་གླེང་དང་འགོག་རྐྱེན་མཚམས་མ་ ཆད་པར་རུ་འཛིང་བ་ལྟ་བུའི་ཁྲོད་དུ་རླབས་ཆེན་གྱི་ལས་དོན་མང་པོ་ཞིག་ ལེགས་འགྲུབ་ཐུབ་པ་བྱུང་ཡོད་པ་ཡང། ༸གོང་ས་ལྔ་པ་ཆེན་པོའ་ཆོས་སྲིད་ ཀྱི་ཤ གས་རྐྱེན་ལ་འབྲེལ་བ་གཏིང་ཟབ་ཡོད་པ་སྨོས་མ་དགོས་པ་ཡིན། དཀོན་མཆོག་དོན་གྲུབ་དགུང་ལོ་བརྒྱད་པའི་ཐོག ༸གོང་ས་ལྔ་པ་ཆེན་ པོའ་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་སྐབས། ༸གོང་ས་ལྔ་པ་ཆེན་ པོས་སངས་རྒྱས་རྒྱ་མཚོ་ཞེས་པའི་ཆོས་མིང་བསྩལ། དུས་དེ་ནས་བཟུང་ ཡོངས་གྲགས་སུ་སངས་རྒྱས་རྒྱ་མཚོ་ཞེས་པའི་མཚན་འབོད་ཞུ་སྲོལ་བྱུང་ བ་དང། ཕྱིས་སུ་སྡེ་སྲིད་ཀྱི་མཚན་གནས་བཞེས་པ་ནས། སྡེ་སྲིད་སངས་ རྒྱས་རྒྱ་མཚོ་ཞེས་མཚན་སྙན་ཆེན་པོར་གྱུར་པ་རེད། སངས་རྒྱས་རྒྱ་མཚོས་མཁས་དབང་དཔལ་ལྡན་ཕུན་ཚོགས་ཀྱི་དྲུང་ དུ༑ ཐོག་མར་ཡི་གེ་འབྲི་ཀློག་སློབ་པའི་སྐབས། གློ་བུར་དུ་ཡ་མཚར་བྱེད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 98 དགོས་པ་ལྟ་བུའི་ཆར་པ་ཤ གས་ཆེན་པོ་ཞིག་བབས་པ་ན། དཔལ་ལྡན་ ཕུན་ཚོགས་ཀྱིས། འདི་ནི་ཁྱེད་ལ་ཡོན་ཏན་ཆར་པ་འབབ་འབབ་ཡོང་བའི་ རྟེན་འབྲེལ་ཡིན། རྟེན་འབྲེལ་ཤིན་ཏུ་ལེགས། ཞེས་དགྱེས་ཚོར་ཆེན་པོས་ གསུངས་མྱོང་བ་བཞིན་རྟེན་འབྲེལ་དེ་དོན་ལ་གནས་པ་བྱུང་ཡོད། སངས་ རྒྱས་རྒྱ་མཚོ་ལ་ཆོས་སྲིད་ཀྱི་ཡོན་ཏན་ཆར་པ་འབབ་འབབ་བཞིན་བྱུང་སྟེ། ཕྱིས་སུ་མཚན་སྙན་ཆེ་བའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཏུ་གྱུར་པ་རེད། སངས་རྒྱས་རྒྱ་མཚོས་དགུང་ལོ་ཉེར་བདུན་པའི་ཐོག དགའ་ལྡན་ཕོ་ བྲང་4པའི་སྡེ་སྲིད་ཀྱི་མཚན་གནས་བཞེས། སྡེ་སྲིད་གོང་མ་རིམ་བྱོན་གྱིས་ ༸གོང་ས་ལྔ་པ་ཆེན་པོས་ཆབ་སྲིད་དབུ་ཁྲིད་ཀྱི་མཚན་གནས་བཞེས་ པའི་འོག་ཏུ་བློན་ཆེན་ལྟ་བུའི་མཛད་འགན་བཞེས་ཀྱི་ཡོད་ཀྱང། སྡེ་སྲིད་ སངས་རྒྱས་རྒྱ་མཚོ་ནི་སྡེ་སྲིད་གོང་མ་དག་དང་མ་འདྲ་བར་བོད་ཀྱི་ཆབ་ སྲིད་ཀྱི་འགན་དབང་མཐོ་ཤོས་དེ་བཞེས་དགོས་བྱུང་ཡོད། 4 དགའ་ལྡན་ཕོ་བྲང་། དེ་སྔོན་སྡེ་སྲིད་ཕག་མོ་གྲུ་པའི་སྐབས་རྡོ་ཁང་སྔོན་མོའམ་མིང་གཞན་ འབྲས་སྤུངས་དཔོན་ཁང་ཡང་ཟེར་བ་སྣེ་གདོང་པའི་དཔོན་རིགས་རྣམས་འབྲས་སྤུངས་ སུ་ཡོང་སྐབས་འཚེར་ཤག་བྱེད་པ་དེ་ཕྱི་ལོ་ ༡༥༡༨ ལོར་༸རྒྱལ་བ་སྐུ་ཕྲེང་གཉིས་པ་ དགེ་འདུན་རྒྱ་མཚོར་ཕུལ། ཁོང་གིས་དགའ་ལྡན་ཕོ་བྲང་ཞེས་མིང་བསྒྱུར་གནང་བ་ནས་ ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བླ་བྲང་ལྟ་བུར་གྱུར་ཡོད། རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ ནམས་རྒྱ་མཚོའི་སྐབས་སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་པ་སྐུ་སྒེར་མཛོད་པ་སྐུ་ མདུན་པ་ཆོས་བཟང་འཕྲིན་ལས་ཀྱིས་རྒྱ་སྐྱེད་གསར་སྐྲུན་གནང། ༸གོང་ས་ལྔ་པ་ཆེན་ པོས་བཟུང་བའི་སྲིད་གཞུང་གི་མིང་ལ་ཡང་དགའ་ལྡན་ཕོ་བྲང་ཞེས་འདོགས་གནང་ཡོད། གནམ་བསྐོས་དགའ་ལྡན་ཕོ་བྲང་ཞེས་ཟེར་བ་ཡང་ཡོད།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 99 དུས་ཚོད་འདི་ནི་ཁོང་ལ་མཚོན་ན། གསན་བསམ་སློབ་གཉེར་ལ་ འབད་བརྩོན་ལྷོད་མེད་གནང་བཞིན་པའི་སྐབས་ཤིག་ཡིན་པས། གློ་བུར་ བའི་འགྱུར་ལྡོག་འདིས་ཁོང་གི་ཤེས་ཡོན་སློབ་སྦྱོང་ལ་གནོད་སྐྱོན་ཆེན་པོ་ ཐེབས་ཡོད་པ་སྨོས་མ་དགོས་ལ། ཁོང་གི་མི་ཚེ་ཆབ་སྲིད་ཀྱི་ཁོར་ཡུག་ནང་ དུ་ཚུད་པ་འད འི་དབང་གིས་མཐའ་མ་སྐུ་སྲོག་ཀྱང་སོག་པོའ་དཔུང་དམག་ གི་ལག་ཏུ་ཤོར་དགོས་གྱུར་པས། སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱི་མི་ཚེ་ལ་ མཚོན་ན་ཆབ་སྲིད་ཀྱི་ཁོར་ཡུག་ནང་དུ་ཚུད་པ་འདིས་གནོད་པ་ལས་ཕན་ ཐོགས་ཆེ་བ་བྱུང་མེད། ཁོང་གིས་ཀྱང་ཐོག་མ་ནས་གནས་ཚུལ་འདི་ལྟ་བུ་ ཡོང་རྒྱུར་ཚོད་དཔག་མཛད་ཡོད་པར་སྣང་སྟེ། ཆབ་སྲིད་ཀྱི་ཐུགས་འགན་ བཞེས་མ་དགོས་པར་གཙོ་འདོན་གྱིས་འབད་བརྩོན་ཆེན་པོ་གནང་ཡོད། གང་ལྟར་སངས་རྒྱས་རྒྱ་མཚོས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ བཞེས་པ་ནས་བཟུང་། རྒྱུན་དུ་འཛིན་སྐྱོང་སོགས་ཀྱི་ལས་དོན་གྱི་བྲེལ་བ་ ཤིན་ཏུ་ཆེ་ཡང། སློབ་སྦྱོང་གི་བྱ་བ་གཏན་ནས་མཚམས་འཇོག་བྱེད་མྱོང་ མེད་པས། དཔལ་ལྡན་ཕུན་ཚོགས་ཀྱིས་ལུང་བསྟན་གསུངས་མྱོང་བ་ལྟར། ཁོང་ལ་ཡོན་ཏན་ཆར་པ་འབབ་འབབ་ལྟར་བྱུང་བས། ཆོས་ལུགས་དང་རིག་ གནས་གཉིས་ཀར་མཁྱེན་རྒྱ་ཤིན་ཏུ་ཆེ་བའི་མཁས་པ་སྙན་གྲགས་ཅན་ཞིག་ ཏུ་གྱུར་པ་རེད།
100 ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་། ཡིན་ལ། ༸གོང་ས་ལྔ་པ་ཆེན་པོས་རང་ཉིད་ཀྱི་ཆབ་སྲིད་རྒྱུན་འཛིན་པ་ཡོང་ རྒྱུའི་ཐུགས་རེ་གནང་སའི་མི་སྣ་གཙོ་བོ་ཞིག་ཀྱང་ཡིན། འོན་ཀྱང་སངས་ རྒྱས་རྒྱ་མཚོ་རང་ཉིད་ཀྱི་བསམ་པར། ༸གོང་ས་ལྔ་པ་ཆེན་པོའ་ཞབས་ དྲུང་གི་ཤེས་ཡོན་སློབ་གཉེར་བ་ཞིག་དང། ཞབས་ཕྱི་བ་དཀྱུས་མ་ཞིག་གི་ གནས་བབ་ཐོག་ནས་མི་ཚེ་མཐའ་འཁྱོང་བྱ་འདོད་ཡོད་པ་མ་གཏོགས། བོད་ ཀྱི་ཆབ་སྲིད་དང། འཛིན་སྐྱོང་གི་ལས་སྣེར་ཞུགས་རྒྱུར་སྤྲོ་བ་དང་འདུན་པ་ ༄༅། །གོང་དུ་ བཤད་པ་ལྟར་སངས་ རྒྱས་རྒྱ་མཚོ་སྐུ་ན་ གཞོན་དུས་ནས་ བཟུང། ༸གོང་ས་ ལྔ་པ་ཆེན་པོས་གསོ་ སྐྱོང་གནང་སྟེ་སྐྱེད་ སྲིང་མཛད་པ་ཞིག་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 101 གཏན་ནས་མེད་མཁན་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་རྒྱ་མཚོས་རང་གི་གཞུང་ ལུགས་ཀྱི་གོ་རྟོགས་དང་གཟིགས་རྒྱ་ཇེ་ཆེར་གཏོང་བའི་སླད་དུ། རྒྱུན་དུ་ རིག་གནས་དང་ཆོས་ལུགས་ཀྱི་གཞུང་ལུགས་ཁག་ལ་སྦྱང་བརྩོན་གནང་ སྟེ༑ ཤེས་ཡོན་དང་རིག་གནས་ཀྱི་ལས་རིགས་ཐོག་ནས་༸གོང་ས་ལྔ་པ་ ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པ་སྒྲུབ་པ་དང། བོད་མི་རིགས་ལ་ཕན་ པའི་ལས་དོན་བསྒྲུབ་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་སྟབས། ཉིན་གཅིག་ ཀྱང་རང་གི་དུས་ཚོད་དོན་མེད་གཡེང་བའི་དབང་དུ་མི་གཏོང་བར། སྐུ་ཡོན་ གསན་བསམ་ལ་ཐུགས་བརྩོན་ལྷོད་མེད་གནང་གི་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོས་སངས་རྒྱས་རྒྱ་མཚོ་དགུང་ལོ་ཉེར་གསུམ་ པའི་ཐོག རང་གི་ཆབ་སྲིད་ཀྱི་རྒྱུན་འཛིན་པ་བོད་གཞུང་དགའ་ལྡན་ཕོ་ བྲང་པའི་ཆབ་སྲིད་ཀྱི་དབང་འཛིན་སྡེ་སྲིད་ལ་བསྐོས་ཀྱང། སངས་རྒྱས་རྒྱ་ མཚོས་རང་ཉིད་ཀྱི་དམིགས་ཡུལ་དང་ཕུགས་བསམ་ངོ་མ་གང་ཡིན་༸གོང་ ས་མཆོག་ལ་ཞིབ་ཕྲར་སྙན་སེང་ཞུས་ཏེ། རབ་ན་སྤྱིར་བཏང་ཆབ་སྲིད་ཀྱི་ འགན་དབང་ལེན་མ་དགོས་པ་དང། མ་མཐའ་ཡང་ལོ་ཤས་རིང་ཆབ་སྲིད་ ཀྱི་ཁུར་ལེན་མ་དགོས་པ་དགོངས་འཁྲོལ་གནང་རོགས། ཞེས་༸གོང་ས་ལྔ་ པ་ཆེན་པོར་ཆབ་སྲིད་ཀྱི་ལས་གནས་ནས་དགོངས་འཁྲོལ་ཡོང་བའི་ཞུ་བ་ ནན་གྱིས་ཕུལ། ༸གོང་ས་ལྔ་པ་ཆེན་པོས་ཀྱང་སངས་རྒྱས་རྒྱ་མཚོའི་ཞུ་བ་ལ་མཐའ་ གཅིག་ཏུ་དགག་བྱ་དང། རང་གི་དགོངས་ཚུལ་གང་ཡིན་པ་ཇི་བཞིན་ཞུ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 102 དགོས་པའི་བཙན་ཤེད་མ་མཛད་པར། སངས་རྒྱས་རྒྱ་མཚོའི་བསམ་ཚུལ་ དང་རེ་འདུན་ལ་བརྩི་མཐོང་མཛད་པ་ལྟ་བུས་རེ་ཞིག་སྡེ་སྲིད་ཀྱི་མཛད་ འགན་བཞེས་མ་དགོས་པར་དགོངས་འཁྲོལ་གནང་བ་རེད། འོན་ཀྱང་༸གོང་ས་ལྔ་པ་ཆེན་པོའ་དགོངས་པར་སངས་རྒྱས་རྒྱ་མཚོ་ རང་གི་ཆབ་སྲིད་ཀྱི་ཤ ལ་འཛིན་པར་བསྐོ་རྒྱུའི་གཞི་རྩའི་འཆར་གཞི་ལ་ འགྱུར་བ་ཕྱིན་མེད་སྟབས། ལོ་བཞིའི་རྗེས་ཏེ་སངས་རྒྱས་རྒྱ་མཚོ་དགུང་ལོ་ ཉེར་བདུན་པའི་ཐོག བསྐྱར་དུ་སངས་རྒྱས་རྒྱ་མཚོ་དགའ་ལྡན་ཕོ་བྲང་པའི་ ཆབ་སྲིད་དབང་འཛིན་པ་སྟེ་སྡེ་སྲིད་ལ་བསྐོས་པར་མ་ཟད། སངས་རྒྱས་རྒྱ་ མཚོས་སྡེ་སྲིད་ཀྱི་མཚན་གནས་ཐོག་ནས་སྤྱི་པའི་ཆབ་སྲིད་ཀྱི་ལས་དོན་ཅི་ བྱས་ཐམས་ཅད་༸རྒྱལ་དབང་རང་ཉིད་ཀྱི་མཛད་པ་དང་ཁྱད་མེད་ཡིན་པའི་ བཀའ་ཁྱབ་བསྒྲགས། གོང་དུ་བཤད་པ་ལྟར་སངས་རྒྱས་རྒྱ་མཚོ་ནི། ཤེས་ཡོན་སློབ་གཉེར་ ལ་འདུན་པ་ཆེན་པོ་ཡོད་མཁན་ཞིག་མ་གཏོགས། ཆབ་སྲིད་དང་འཛིན་ སྐྱོང་གི་ལས་སྣེར་ཞུགས་རྒྱུར་སྤྲོ་བ་གཏན་ནས་མེད་མཁན་ཞིག་ཡིན་ པས། རང་ཉིད་དགའ་སྣང་ཆེན་པོ་ཡོད་སའི་དམིགས་འདུན་ལ་འགྱུར་བ་ བཏང་སྟེ། ཁ་ཕྱོགས་གཞན་པ་ཞིག་ཏུ་འགྲོ་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་ སྨོས་མ་དགོས་ཀྱང། ༸གོང་ས་ལྔ་པ་ཆེན་པོས་བསྐྱར་དུ་བཀའ་ནན་གྱིས་ བསྐོ་གཞག་མཛད་པ་ལྡོག་ཐབས་མ་མཆིས་པར་བརྟེན། སངས་རྒྱས་རྒྱ་ མཚོས་རང་ཉིད་ཀྱི་མངོན་འདོད་བློས་བཏང་གནང་སྟ ། བོད་ཀྱི་ཆབ་སྲིད་ དབང་འཛིན་པ་སྡེ་སྲིད་ཀྱི་ལས་འགན་དང་དུ་ལེན་རྒྱུ་ཁས་ལེན་ཞུས། དེ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 103 ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞེས་པའི་མཚན་ཆགས་ཏེ། བོད་ ཀྱི་ལོ་རྒྱུས་ཐོག་ཤིན་ཏུ་སྙན་གྲགས་ཆེ་བའི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ ཏུ་གྱུར་པ་རེད། སྤྱིར་༸གོང་ས་ལྔ་པ་ཆེན་པོའ་སྐུ་རིང་ལ་སྡེ་སྲིད་ཀྱི་མཚན་གནས་ བཞེས་པའི་མི་སྣ་རིམ་པ་ལྔ་བྱོན་ཡོད་ཀྱང། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ ནི༑ སྡེ་སྲིད་གོང་མ་གཞན་དག་དང་མ་འདྲ་བར། ཆོས་སྲིད་ཀྱི་བྱ་བ་གང་ འདྲ་བྱས་པ་ཡིན་ཡང་༸གོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་མཛད་པ་དང་ ཁྱད་མེད་ཡིན། ཞེས་པའི་བཀའ་ཁྱབ་བསྒྲགས་མཛད་པའི་སྡེ་སྲིད་གཅིག་ པུ་དེ་ཡིན་པས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་གོང་མ་དག་ལས་རང་ བཞིན་གྱིས་བརྩི་མཐོང་དང་ཤ གས་རྐྱེན་ཆེ་བར་ཆགས་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། ཤེས་ཡོན་སློབ་གཉེར་བ་ཞིག་གློ་ བུར་དུ་ཆབ་སྲིད་ཀྱི་སྟེགས་བུའི་ཐོག་སླེབས་པ་ཞིག་ཡིན་པས། ཐོག་མའི་ སྐབས་ཆབ་སྲིད་ཀྱི་ལས་དོན་ཐོག་ཉམས་མྱོང་དང་རྒྱུས་མངའ་ཆེན་པོ་ ཞིག་མེད་པ་སྨོས་མ་དགོས་ཀྱང། སྐུ་ན་གཞོན་དུས་ནས་བཟུང་ཉིན་རེའི་ སློབ་སྦྱོང་ཙམ་མ་ཡིན་པར་རྒྱུན་གྱི་བྱ་བ་ཆེ་ཕྲ་ཀུན་ལ་ཐུགས་སྣང་ཆེན་པོ་ གནང་མཁན་ཞིག་དང། ཆབ་སྲིད་ཀྱི་ལས་སྣེའི་ཐོག་ཞུགས་རྒྱུར་འདོད་ པ་ཡོད་མེད་ལ་མ་ལྟོས་པར་སྐུ་ན་གཞོན་དུས་ནས་བཟུང་ཆབ་སྲིད་དང། འཛིན་སྐྱོང་གི་འགྲོ་ལུགས་ལ་ཡང་ཐུགས་སྣང་ཆེན་པོ་མཛད་མཁན་ཞིག་ ཡིན་པས། མི་ཕལ་པ་ཞིག་ཆབ་སྲིད་ཀྱི་དབང་འཛིན་པར་སླེབས་པ་དང་མ་ འདྲ་བའི་ཁྱད་པར་ཆེན་པོ་ཡོད་ལ། ལྷག་པར་དུ་ཐོག་མའི་སྐབས་༸གོང་ས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 104 ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་ཡོད་པར་བརྟེན། ཁོང་ལ་སློབ་སྟོན་དང་རྒྱབ་ དཔུང་བྲག་རི་ལྟ་བུ་ཡོད་སྟབས། རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ལས་དོན་ གང་འདྲ་ཞིག་ལ་ཐུག་ཀྱང་རུང། ཐག་གཅོད་བྱ་རྒྱུ་དཀའ་སྣང་ཞིག་ཏུ་གཏན་ ནས་ཚོར་གྱི་མེད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ བཞེས་པའི་དུས་ནི། ༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་པའི་སྲིད་ དབང་བཙུགས་ནས་དུས་ཡུན་རིང་པོ་མ་སོང་བའི་སྐབས་ཤིག་ཡིན་པས། སྐབས་དེར་གཞུང་གི་སྲིད་འཛིན་གྱི་སྒྲིག་གཞི་དང། འཛིན་སྐྱོང་ལམ་ ལུགས། གཞུང་གི་སྲི་ཞུ་བ་རྣམས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང་ཉམས་ མྱོང་སོགས་ཕྱོགས་མང་པོ་ཞིག་ལ་ལེགས་བཅོས་དང། འཐུས་སྒོ་ཇེ་ཚང་ དུ་གཏོང་དགོས་པའི་ཞན་ཆའི་གནད་དོན་མང་པོ་ཞིག་ཡོད་པས། བཟའ་ བཏུང་གི་ལོངས་སྤྱོད་ལྟ་བུ་ཞིག་ཡིན་ན་ཟ་ཆོག་ཆོག་གི་གནས་སྐབས་ ཤིག་གཏན་ནས་མིན། དེར་བརྟེན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་༸གོང་ས་ལྔ་པ་ཆེན་པོ་ མཆོག་གི་སློབ་སྟོན་དང། སྡེ་སྲིད་གོང་མ་རྣམས་ཀྱི་མཛད་ལམ་བཅས་མིག་ ལྟོས་སུ་བཟུང་བའི་ཐོག སྲིད་གཞུང་གི་སྒྲིག་གཞི་དང། སྒྲིག་སྲོལ། ཁྲིམས་ ལུགས་སོགས་ལ་སྣོན་འཕྲི་སྤོར་གཅོག་གང་དགོས་གནང་སྟེ། རྒྱལ་ཁབ་ བདེ་སྐྱིད་ལྡན་པ་སྐྱོང་བར་འབད་བརྩོན་ལྷོད་མེད་མཛད་ཀྱི་ཡོད། སྡེ་སྲིད་ཀྱི་བསམ་པར་མང་ཚོགས་ཀྱི་སྣེ་ཁྲིད་བྱ་བ་ལ། མང་ཚོགས་ ཀྱི་དངོས་ཡོད་གནས་སྟངས་གང་འདྲ་ཞིག་ཡིན་མིན་ཤེས་དགོས་པ་གལ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 105 ཆེན་པོར་གཟིགས་ཏེ། རང་ཉིད་དངོས་སུ་དབུས་གཙང་དང། དྭགས་ཀོང་ སོགས་ཡུལ་གྲུ་མང་ཆེ་བ་དང། ལྷ་སའི་ལས་ཁུངས་ཁག ཐ་ན་མི་སེར་ སྒེར་པའི་ཁྱིམ་ཚང་ཚུན་ཆད་ལ་གསང་བའི་སྒོ་ནས་ཕེབས་ཏེ། མང་ཚོགས་ ཀྱི་འཚོ་བ་དང་འཕྲོད་བསྟེན་སོགས་དཀའ་ངལ་གྱི་གནས་སྟངས་མང་པོ་ལ་ བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པར་མཛད། སྤྱི་ཚོགས་ཀྱི་འཚོ་བའི་ གནས་སྟངས་མཁྱེན་པའི་རྨང་གཞི་དེའི་ཐོག་ནས་གཞུང་གི་སྲིད་བྱུས་དང་ ལམ་ལུགས་ལ་བཅོས་བསྒྱུར་དང་ལེགས་བཅོས་གང་དགོས་གནང་སྟེ། དུས་ཀྱི་འགྱུར་བ་དང་བསྟུན་པའི་ལམ་ལུགས་ཚད་ལྡན་ཞིག་བཟོ་རྒྱུའི་གྲ་ སྒྲིག་འཐུས་སྒོ་ཚང་བ་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་སྲིད་དབང་བཟུང་བའི་ལོ་ གསུམ་པ་ལ། སྔར་ཡོད་ཕག་གྲུའི་ཁྲིམས་ཡིག་1དང། གཙང་པ་རྒྱལ་པོའ་ 1 ཕག་གྲུའི་ཁྲིམས་ཡིག ཕག་གྲུ་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་གཙོ་བོ་ནི། ཏཱ་སི་ཏུ་བྱང་ ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་བའི་བོད་ཀྱི་བཅའ་ཁྲིམས་ཁྲིམས་ཡིག་ཞལ་ ལྕེ་བཅོ་ལྔ་ཞེས་པ་ཡིན་ཞིང། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་ འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། བསྙོན་ཧམ་མནའ་བསྒག་གི་ཞལ་ ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་ གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔའི་སྒོ་ནས་གཏན་ལ་ཕབ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 106 ཁྲིམས་ཡིག2 སྡེ་སྲིད་སྔ་མ་དག་ནས་བརྒྱུད་པའི་ཁྲིམས་སྲོལ་མ་འདྲ་བ་ཡོད་ པ་བཅས་ལ་ཡུལ་དུས་དང་སྤྱི་ཚོགས་ཀྱི་གནས་སྟངས་གཞི་ལ་བཞག་སྟེ། ལེགས་བཅོས་དང་ཁ་སྐོང་གང་དགོས་གནང་ནས་ཁྲིམས་ཡིག་དྭངས་ཤེལ་ མེ་ལོང་དང། ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་3ཞེས་པ་གསར་རྩོམ་མཛད། ཁྲིམས་ལུགས་སྤྱི་ཚོགས་ཀྱི་གནས་བབ་དང་འཚམ་པར་འཐུས་སྒོ་ཇེ་ཚང་ དུ་བཏང་བ་དེས། གཞུང་དང་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ལ་ཕན་ཐོགས་ ངེས་ཅན་བྱུང་ཡོད་པ་སྨོས་མ་དགོས་པ་རེད། དེ་བཞིན་གཞུང་གི་སྒྲིག་གཞི་དང་དཔོན་གནས་བསྐོ་གཞག་གི་ཐད་ ལའང། སྔར་གྱི་ལས་ཚན་ཁོངས་སུ་མ་ཚུད་པ་མང་པོ་གསར་འཛུགས་ དང། བཅོས་སྒྲིག་བྱས་པའི་ཐོག་ནས་གཏན་འབེབས་མཛད་ཅིང། ལས་ བྱེད་སོ་སོའ་བྱེད་སྒོའ་རིམ་པ་དང་བཅས་ཡི་གེར་བཀོད་དེ་ཁྲིམས་སྲོལ་ དང་ལམ་ལུགས་ཀྱིས་དབང་བསྒྱུར་བའི་འཛིན་སྐྱོང་གི་སྒྲོམ་གཞི་བརྟན་ 2 གཙང་པ་རྒྱལ་པོའ་ཁྲིམས་ཡིག གཙང་པ་སྡེ་སྲིད་ཀྱིས་བོད་ལ་དབང་བསྒྱུར་བའི་སྐབས་ ཀྱི་ཁྲིམས་ཡིག་གཙོ་བོ་ནི། སྔར་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་སྤེལ་སེར་ བ་ལ་སྒྲིག་ཏུ་བཅུག་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ཡིན། ཁྲིམས་ཡིག་ཞལ་ལྕེ་སྟེ་ བཅོ་ལྔའི་ཐོག་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་ཞེས་པ་བསྣན་ཏེ་བཅུ་དྲུག་མཛད་ཡོད། 3 ཞལ་ལྕེ་བཅུ་གསུམ་ནི། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ ཞལ་ལྕེ། བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་ བསྡུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ཡིན།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 107 པོ་ཞིག་བཙུགས། དེ་བཞིན་ཕྱོགས་མཐའི་རྫོང་གཞིས་ཁག་དང། ཐོན་ཟོག་ཁྲལ་རིགས་ ཀྱི་འབབ་སྡུད་ཞིབ་ཚགས་མེད་པའི་རིགས་ལའང་ཞིབ་འཇུག་མཐིལ་ཕྱིན་ པར་གནང་སྟེ། ལག་བསྟར་བྱེད་ཆོག་ཆོག་གི་སྒྲིག་སྲོལ་ཞིབ་ཚགས་ཅན་ གཏན་འབེབས་མཛད་པ་བཅས་བོད་ཀྱི་ཆབ་སྲིད་དང། དཔལ་འབྱོར། འཛིན་སྐྱོང་ལམ་ལུགས་བཅས་ལ་དུས་དང་བསྟུན་པའི་ལེགས་བཅོས་ཆེན་ པོ་གནང་ཐུབ་ཡོད།
108 ལྔ་པ་དྲུག་པར་འཕོས་པའི་གསང་རྒྱ་། ༄༅། །སྟབས་ཉེས་པ་ཞིག་ལ་སངས་རྒྱས་རྒྱ་མཚོས་སྡེ་སྲིད་ཀྱི་ཐུགས་ འགན་བཞེས་པའི་ལོ་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༦༨༢ ལོར་༸གོང་ས་ལྔ་པ་ ཆེན་པོ་མཆོག་གློ་བུར་དུ་སྐུ་གཤེགས། ༸གོང་ས་ལྔ་པ་ཆེན་པོ་ངག་དབང་ བློ་བཟང་རྒྱ་མཚོ་མཆོག་ནི། བོད་མི་རིགས་ཀྱི་དད་གུས་དང་བློ་གཏད་ཡིད་ ཆེས་ཞུ་སའི་སྐྱེས་བུ་གཙོ་བོ་ཞིག་དང། བོད་ཀྱི་ཆོས་སྲིད་གཉིས་ཀའི་གཞི་ རྩ་བརྟེན་སའི་སྲོག་ཤིང་ལྟ་བུ་ཡིན་པར་མ་ཟད། རྒྱ་ནག་དང་སོག་པོ་ཕྱི་ནང་ ཀུན་ལ་མཚན་སྙན་ཤིན་ཏུ་ཆེ་ཞིང། ཆོས་སྲིད་གཉིས་ཐད་ནས་ཤ གས་རྐྱེན་ ཆེན་པོ་ཡོད་པའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་༸གོང་ས་ལྔ་པ་ཆེན་པོ་མཆོག་སྐུ་གཤེགས་པའི་གནས་ ཚུལ་གློ་བུར་དུ་ཡོངས་གྲགས་སུ་གྱུར་ན། བོད་མི་ནང་ཁུལ་དུ་ཆབ་སྲིད་ཀྱི་ ཡོ་ལང་སྣ་ཚོགས་འབྱུང་སྲིད་པར་མ་ཟད། བོད་སོག་གི་བར་དང། རྒྱ་སོག་ གི་བར། བོད་རྒྱའི་བར་གྱི་འབྲེལ་བའི་གནས་སྟངས་བཅས་ལ་ཡང་འགྱུར་ བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་སྨོས་མ་དགོས་པའི་ཐོག རྒྱ་ནག་མན་ཇུའི་ གཞུང་གིས་སོག་པོའ་ཚོ་ཆེན་ནང་ཚགས་ལ། སྲིད་དོན་གྱི་དཀྲུག་ཤིང་བྱ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 109 རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞིང། ལྷ་སར་དབུ་བཙུགས་མ་ཐག་པའི་པོ་ཏ་ལའི་ འཛུགས་སྐྲུན་ཡང་རྒྱུན་སྐྱོང་དཀའ་བ་སོགས་བོད་རྒྱ་ཧོར་གསུམ་ལ་དཀའ་ ངལ་སྣ་ཚོགས་ཡོང་རྒྱུ་ཡིན་པ་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསལ་ པོ་མཁྱེན་གྱི་ཡོད་པ་རེད། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་ནི། ༸གོང་ས་ལྔ་པ་ཆེན་ པོའ་སྦྱིན་བདག་སོག་པོའ་དཔོན་ཁག་རྣམས་ཀྱི་མཐུན་འགྱུར་ལ་བརྟེན་ནས་ བཙུགས་པ་ཞིག་དང། སྐབས་དེར་དགའ་ལྡན་ཕོ་བྲང་པའི་སྲིད་དབང་གི་ གཞི་བཏིང་བ་ཙམ་ལས། ཕྱི་ནང་གི་འགལ་རྐྱེན་མང་པོ་གཙང་སེལ་བྱེད་ ཐུབ་མེད་པའི་ཁར། མཐའི་ཡུལ་གྲུ་ཁག་གི་འཁྲུག་ལོང་ཡང་ཞི་འཇགས་ སུ་བཏང་ཐུབ་མེད་པས། ཕྱོགས་གང་ས་ནས་དགའ་ལྡན་ཕོ་བྲང་པའི་སྲིད་ དབང་བརྟན་པོ་གནས་རྒྱུར་འགལ་རྐྱེན་སྣ་ཚོགས་ཡོད་པ་ནི། སྡེ་སྲིད་ཀྱིས་ དེ་བས་ཀྱང་ཉེན་ཁ་ཆེན་པོ་ཞིག་ཏུ་གཟིགས་ཀྱི་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ངོས་ནས་བཤད་ན་དགུང་ན་ཕྲ་ བའི་ཐོག བོད་ཀྱི་ཆོས་སྲིད་ལས་དོན་སྐོར་ལ་ཉམས་མྱོང་ཚད་ལོངས་པ་ ཞིག་མེད་པ་དང། ཕྱི་ནང་གཉིས་ཀར་མཚན་སྙན་དང་ཆེ་མཐོང་འདང་ངེས་ ཤིག་ཆགས་མེད་སྟབས། ༸གོང་ས་ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་མེད་ པ་དང། སྡེ་སྲིད་རང་ཉིད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་ བཟུང་བའི་གནས་ཚུལ་ཡོངས་གྲགས་སུ་གྱུར་ན། ཛ་དྲག་གི་གནས་ཚུལ་ གང་འབྱུང་ཆ་མི་འཚལ་བའི་ཉེན་ཁ་ཆེན་པོ་ཞིག་ཡིན་སྟབས། ༸གོང་ས་ ལྔ་པ་ཆེན་པོ་མཆོག་གིས་ཀྱང་ཁོང་སྐུ་གཤེགས་པའི་རྗེས་ལོ་ཡུན་གང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 110 འཚམ་རིང་གསང་བ་ཞུ་དགོས་པའི་ལམ་སྟོན་མཛད་ཡོད་པ་ལྟར། སྡེ་ སྲིད་སངས་རྒྱས་རྒྱ་མཚོས་༸གོང་ས་ལྔ་པ་ཆེན་པོའ་ཞལ་ཆེམས་ལྟར་ལོ་ བཅོ་ལྔའི་རིང་༸རྒྱལ་དབང་མཆོག་སྐུ་འཚོ་བཞུགས་མེད་པའི་གནས་ཚུལ་ གསང་རྒྱ་མཛད་པ་རེད། ཕྱི་ལ་ཁ་གསལ་གཏིང་གསལ་གྱིས་ཁྱབ་བསྒྲགས་མཛད་ཡོད་མེད་ གང་ལྟར་ཡང། ༸གོང་ས་ལྔ་པ་ཆེན་པོ་མཆོག་སྐུ་འཚོ་བཞུགས་མེད་པ་ ནི་དངོས་ཡོད་གནས་ཚུལ་ཡིན་པས། ཉིན་མོ་དེ་ནས་བཟུང་བོད་ཁམས་ ཡོངས་ལ་མགོན་སྐྱབས་ཀྱི་ཉི་མ་ནུབ་པར་མ་ཟད། སྡེ་སྲིད་སངས་རྒྱས་རྒྱ་ མཚོའི་བྲག་རི་ལྟ་བུའི་རྒྱབ་དཔུང་འཐོར་ཞིག་ཏུ་ཕྱིན་པར་བརྟེན། སྡེ་སྲིད་ ཉིད་བྱིེའུ་ཆུང་ཐང་བསྐྱུར་ལྟ་བུའི་སྐྱོ་གདུང་ཆེན་པོ་མྱོང་དགོས་བྱུང་ཡོད་པ་ སྨོས་མ་དགོས། འོན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས། ང་སྐྱོ་གདུང་འདིའི་འོག་ཏུ་ གཉའ་ཆག་ནས་བསྡད་ན། སླར་ཡང་བོད་ཁམས་སིལ་བུར་འཐོར་ཏེ། བོད་ ཀྱི་ཆབ་སྲིད་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་སྨོས་མ་དགོས་ལ། དེ་ལྟར་ གྱུར་ན། ༸གོང་ས་ལྔ་པ་ཆེན་པོས་རང་ཉིད་ལ་ཐུགས་རེ་བསྐྱངས་པ་དོན་ མེད་ཕྱིན་པ་རེད། ཅེས་སྐྱོ་གདུང་དེ་སེམས་ཤ གས་སུ་བསྒྱུར་ཏེ། བོད་ཀྱི་ ལུགས་གཉིས་ཆོས་སྲིད་ཀྱི་ལས་དོན་མཐའ་དག་སྔར་བཞིན་མཇུག་སྐྱོང་ གནང་རྒྱུར་ཕྱོགས་ཡོངས་ནས་བསམ་བློ་ཞིབ་ཚགས་དང་འཐུས་སྒོ་ཚང་ བ་གནང་གི་ཡོད། སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ནི། བོད་ཁམས་ཀྱི་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 111 བརྟན་ལྷིང་དང་འཕེལ་རྒྱས་ཀྱི་གནད་དོན་རྐྱང་པ་ཞིག་མ་ཡིན་པར། སོག་ པོའ་རྒྱལ་ཁབ་ཚོའི་མཐུན་ལམ་མཉམ་འབྲེལ་གྱི་གནས་སྟངས་སྔར་མུས་ ཐོག བོད་ཁོངས་སུ་གཅིག་གྱུར་ལྟ་བུར་གནས་ཐུབ་མིན་ལ་ཡང་ཤ གས་ རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་པས། སྡེ་སྲིད་ཀྱི་ཕྲག་ཏུ་ཡོད་པའི་ཆབ་ སྲིད་ཀྱི་ལས་འགན་ཡང་མོ་ཞིག་གཏན་ནས་མ་ཡིན་ཡང། ཁོང་གིས་ ༸གོང་ས་ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་སྐབས་ཀྱི་བརྟན་ལྷིང་དང། དབང་ ཤགས། ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་བཅས། ཕྱོགས་གང་ཐད་ནས་རྒྱུན་ འཁྱོང་ཡོང་བར་འགན་ཁུར་གཙང་མ་བཞེས་ཡོད། གོང་དུ་བཤད་པ་ལྟར་༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་ མཚོ་མཆོག་ནི། མཛད་འཕྲིན་དང་མཚན་སྙན་ནམ་མཁར་མི་ཤོང་བ་ལྟ་བུ་ ཞིག་ཡིན་པས། ཁོང་སྐུ་འཚོ་བཞུགས་མེད་པའི་གནས་ཚུལ་གསང་བ་བྱ་ རྒྱུར་སྐུ་ངལ་ཆེན་པོ་ཡོད་པ་སྨོས་མ་དགོས་ཀྱང། སྡེ་སྲིད་སངས་རྒྱས་རྒྱ་ མཚོས་ཐབས་མཁས་པའི་གནང་ཐབས་སྣ་ཚོགས་ལ་བརྟེན་ནས། ༸རྒྱལ་ དབང་མཆོག་སྐུ་མ་བཞུགས་པའི་གསང་རྒྱ་ཕྱི་ལ་མ་འཆོལ་བར་མཛད་པར་ མ་ཟད། དེ་དང་མཉམ་དུ་དགོངས་རྫོགས་ཀྱི་བྱེད་སྒོ་རྣམས་སྐུ་གོང་མ་དག་ ལས་ཀྱང་རྒྱ་ཆེན་པོ་སྒྲུབ་ཅིང། གསེར་སྡོང་འཛམ་གླིང་རྒྱན་གཅིག་གསར་ བཞེངས་ཀྱི་ལས་གཞི་ཡང་གསང་རྒྱ་དམ་པོའ་སྒོ་ནས་སྒྲུབ་བཞིན་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་མི་འཆོལ་བའི་བྱེད་ཐབས་ གཙོ་བོ་ཞིག་ནི། ༸གོང་ས་ལྔ་པ་ཆེན་པོ་དང་ཞལ་དབྱིབས་མཚུངས་ཤིང་ དགུང་ན་མཉམ་པ། སྡེ་པ་བཀྲས་རབ་པ་ཞུ་བ་ཞིག་༸ལྔ་པ་ཆེན་པོའ ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 112 མཚམས་ཁོངས་སུ་བཞུགས་སུ་བཅུག་སྟེ། ༸གོང་ས་ལྔ་པ་ཆེན་པོ་བཅད་ རྒྱར་བཞུགས་ཡོད་པའི་ཁུལ་ཞུས། གཟིམ་ཆུང་དུ་གསོལ་ཆས་སྔར་རྒྱུན་ ལྟར་འབུལ་བ་དང། བཀའ་བསྒྱུར་དང་བཀའ་ཤོག་གི་རིགས་ཀྱང་སྔར་ རྒྱུན་ལྟར་མགྲོན་གཉེར་བརྒྱུད་གནང་གི་ཡོད་པར་མ་ཟད། སྡེ་སྲིད་རང་ཉིད་ ཀྱིས་གཙོས་སྐུ་བཅར་ཞབས་འབྲིང་གཙོ་གྲས་རྣམས་རྒྱུན་ལྡན་ལྟར་༸གོང་ ས་མཆོག་གི་མདུན་དུ་ཡར་བཅར་བ་དང། མར་འཐོན་གྱི་ཡོད་པའི་རྣམ་པ་ ཡང་རྒྱུན་དུ་སྟོན་གྱི་ཡོད་སྟབས། དུས་ཡུན་རིང་པོའ་བར་དུ་གཞུང་ཞབས་ ཆེ་ཕྲ་སུ་ལ་ཡང། ༸གོང་ས་ལྔ་པ་ཆེན་པོ་མཆོག་སྐུ་འཚོ་བཞུགས་མེད་པའི་ དོགས་པ་ཙམ་ཡང་འཆར་གྱི་མེད་པ་རེད། མི་སྤྱིར་བཏང་བ་ཞིག་གི་འཆི་གསོན་གྱི་གནས་ཚུལ་ཙམ་ཡང་གསང་ བ་བྱ་རྒྱུ་དཀའ་ན། ཤིན་ཏུ་སྙན་གྲགས་ཆེ་བའི་༸གོང་ས་ལྔ་པ་ཆེན་པོ་མཆོག སྐུ་འཚོ་བཞུགས་མེད་པའི་གནས་ཚུལ་ལོ་མང་རིང་གསང་རྒྱ་བྱ་རྒྱུར་དཀའ་ ངལ་ཡོད་པ་སྨོས་མ་དགོས་ཀྱང། སྡེ་སྲིད་ཀྱིས་བློ་བཀོད་དང་བརྒྱུད་རིམ་ ཞིབ་ཚགས་ལྡན་ཞིང། བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གསང་རྒྱ་ཕྱི་ ལ་མ་འཆོལ་བར་མཛད་པ་འདིས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཐབས་བྱུས་ དང་རྣམ་དཔྱོད་རྨད་དུ་བྱུང་བ་ཞིག་ཡིན་པ་རྟོགས་ཐུབ་ལ། ཁོང་གིས་མི་ རང་ག་བ་ཞིག་གི་བློ་ཡུལ་དུ་མི་ཤོང་བའི་ཐབས་བྱུས་སྣ་མང་ལག་བསྟར་ གནང་དགོས་བྱུང་ཡོད་པ་ཡང་རང་བཞིན་གྱིས་རྟོགས་ཐུབ། འོན་ཀྱང་གསང་རྒྱ་བྱ་བའི་དུས་ཡུན་རིང་དྲགས་པའི་དབང་གིས། མཚམས་ཤིག་ནས་ཕོ་བྲང་གི་ཕྱི་ནང་གཉིས་ཀར་༸གོང་ས་ལྔ་པ་ཆེན་པོ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 113 མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བློ་དོགས་བྱེད་མཁན་ཇེ་མང་དུ་གྱུར་ ཏེ༑ གསང་རྒྱ་འཆོལ་རྒྱུའི་ཉེན་ཁ་སྔ་ཕྱི་མང་པོ་བྱུང་ཡོད་ཀྱང། སྡེ་སྲིད་ཀྱིས་ སྐབས་དང་བསྟུན་པའི་བྱེད་ཐབས་སྣོན་མ་ལག་བསྟར་མཛད་དེ། གསང་རྒྱ་ མི་འཆོལ་བར་སྐུ་ངལ་མང་པོ་བསྟེན་དགོས་བྱུང་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྩ་བའི་དུས་ཚོད་དང་གནས་སྟངས་ རན་པོ་བྱུང་བའི་སྐབས། ༸གོང་ས་ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་མེད་པའི་ གསང་རྒྱ་བརྟོལ་རྒྱུ་ཡིན་པ་མ་གཏོགས། སྡེ་སྲིད་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའ་ རིང་གནས་ཚུལ་འདི་གསང་རྒྱ་ཞུས་ཏེ། རང་ཉིད་ཀྱིས་དགའ་ལྡན་ཕོ་བྲང་ པའི་ཆབ་སྲིད་དབང་འཛིན་བྱ་རྒྱུའི་ཀུན་སློང་མེད་ལ། གསང་རྒྱ་བྱེད་ཐུབ་ ཀྱི་མེད་པ་ཡང་ཁོང་གིས་གསལ་པོར་མཁྱེན་གྱི་ཡོད། དེར་བརྟེན་སྡེ་སྲིད་ སངས་རྒྱས་རྒྱ་མཚོས་ཐོག་མར་གསང་རྒྱ་བྱ་རྒྱུའི་ཐག་གཅོད་ཀྱི་སྐབས་ ནས་བཟུང། མ་འོངས་པར་གསང་རྒྱ་བརྟོལ་རྒྱུའི་འཆར་གཞི་དང་ལས་རིམ་ ཡང་ཞིབ་ཚགས་བསྒྲིགས་ཡོད་པ་རེད། ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་མེད་པའི་གསང་རྒྱ་བརྟོལ་བའི་ཆ་རྐྱེན་ གཙོ་བོ་ཞིག་ནི། ལྔ་པ་ཆེན་པོའ་མཛད་པ་རྒྱུན་སྐྱོང་ཐུབ་པའི་ཡང་སྲིད་ འཁྲུལ་མེད་ཅིག་མེད་དུ་མི་རུང་བར་གྱུར་ཡོད། སྤྱིར་བོད་ཁམས་ཀྱི་ཆོས་ སྲིད་ལུགས་ཟུང་གི་བརྟན་ལྷིང་དང་སྐྱེ་འགྲོའ་བདེ་སྐྱིད་ནི། ༸རྒྱལ་དབང་ སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་དང་རང་བཞིན་གྱིས་འབྲེལ་བ་གཏིང་ཟབ་ ཡོད་པ་ཞིག་ཡིན་པས། སྡེ་སྲིད་ཀྱིས་གསང་རྒྱའི་འོག་ཏུ་ལྔ་པ་ཆེན་པོའ་ ཡང་སྲིད་འཚོལ་ཞིབ་ཞུས་ཤིང། ཡང་སྲིད་འཁྲུལ་མེད་རྙེད་སོན་བྱུང་བའི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 114 རྗེས་སུ་ཡང། ཆུང་སྲིད་རིན་པོ་ཆེར་སྐུ་ཡོན་གསན་བཞེས་ཀྱི་ཞབས་ཕྱི་ ལྷོད་མེད་སྒྲུབ་བཞིན་ཡོད། སྡེ་སྲིད་ཁོང་གི་རྨད་དུ་བྱུང་བའི་གནང་ཐབས་སྣ་མང་ལ་བརྟེན་ནས། ཤིན་ཏུ་རྙོག་འཛིང་དང་དཀའ་ཁག་ཆེ་བའི་དུས་ཡུན་དེའི་ནང་དུ། ཕོ་བྲང་ དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་སོགས་འཛུགས་སྐྲུན་གྱི་ ལས་གཞི་རྒྱ་ཆེན་པོ་རྣམས་ཀྱང་ལེགས་འགྲུབ་མཛད་པར་མ་ཟད། དགའ་ ལྡན་ཕོ་བྲང་པའི་སྲིད་དབང་ཡང་བརྟན་བརླིང་ལྡན་པར་རྒྱུན་འཛིན་གནང་ ཐུབ་ཡོད། སྐབས་ཤིག་ལ་ཆུང་སྲིད་རིན་པོ་ཆེ་ཡང་དགུང་ན་ཚད་ངེས་ཅན་དུ་ སོན་ཏེ། སྡེ་སྲིད་ཀྱིས་ལོ་མང་རིང་ངང་སྒུག་བྱས་པའི་དུས་ཚོད་ལ་སླེབས་ པ་ན། རང་གི་ཐོག་མའི་འཆར་གཞི་ལྟར་གསང་རྒྱ་བརྟོལ་རྒྱུ་ཐག་གཅོད་ མཛད་ཅིང། དེ་ཡང་དྲུག་པ་ཚངས་དབྱངས་རྒྱ་མཚོ་1ཁྲི་འདོན་གྱི་མཛད་སྒོ་ དང། ༸གོང་ས་ལྔ་པ་ཆེན་པོ་སྐུ་འཚོ་བཞུགས་མེད་པའི་གནས་ཚུལ་ཁྱབ་ བསྒྲགས་གཉིས་དུས་ཚོད་གཅིག་ཏུ་བསྒྲིགས་ཏེ། གཏམ་བཟང་ངན་གཉིས་ ཉིན་གཅིག་ལ་བོད་ཁམས་སུ་ཁྱབ་བསྒྲགས་མཛད་པ་རེད། 1 ༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ། ཆུ་ཕག ཕྱི་ལོ་ ༡༦༨༣ ལོར་མོན་ ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ། མེ་གླང། ཕྱི་ལོ་ ༡༦༩༧ ལོར་ ༸རྒྱལ་བའི་གསེར་ཁྲིར་མངའ་གསོལ་མཛད། མེ་ཁྱི། ཕྱི་ལོ་ ༡༧༠༦ ལོར་རྒྱ་ནག་ཏུ་ གདན་འདྲེན་ཞུས་པའི་ཕེབས་ལམ་དུ་སྐུ་གཤེགས་ཟེར་བ་དང། མེ་སྟག ཕྱི་ལོ་ ༡༧༤༦ ལོར་མདོ་སྨད་དུ་སྐུ་མྱ་ངན་ལས་འདས་ཟེར་བའི་གཤེགས་ལོ་མི་མཐུན་པ་གཉིས་ཡོད།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 115 སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་དྲུག་པར་འཕོས་པའི་གསང་རྒྱ་ བརྟོལ་བའི་སྐབས། སྡེ་པ་གཞུང་གི་ཆབ་སྲིད་མི་སྣའི་ཁྲོད་དུ། སྡེ་སྲིད་ཀྱིས་ ལོ་མང་རིང་ལྔ་པ་ཆེན་པོ་སྐུ་མ་བཞུགས་པའི་གནས་ཚུལ་གསང་རྒྱ་བྱས་ པ་ནི། སྡེ་སྲིད་རང་ཉིད་ཀྱི་སྲིད་དབང་དང། ཁེ་ཕན་བརྟན་པོར་གནས་པ་ རྐྱང་པའི་ཆེད་དུ་རེད། ༸ལྔ་པ་ཆེན་པོའ་མཚན་གནས་ཀྱི་ཐོག་ནས་ཁོ་རང་ གིས་སྲིད་དབང་བཟུང་བ་རེད། ཅེས་སྡེ་སྲིད་ཀྱི་ཀུན་སློང་དང་བྱ་སྤྱོད་ལ་ སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ཀྱང། མང་ཚོགས་ཀྱི་བསམ་ཚུལ་ནི་དེ་ ལས་ལྡོག་སྟེ། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་མ་བཞུགས་པའི་ས་ སྟེང་མིའི་སྡུག་བསྔལ་དང། ཆོས་སྲིད་ཀྱི་མཛད་ཁུར་ཐམས་ཅད་སྡེ་སྲིད་སྐུ་ ཞབས་གཅིག་པུས་བཞེས་ཏེ། ངེད་ཚོས་ས་རུབ་པ་མ་ཤེས་པར། ཉི་མ་ཤར་ བ་མཐོང་བྱུང། ཞེས་སྡེ་སྲིད་ཀྱི་མཛད་པ་འདི་ལ་བསྔགས་བརྗོད་དང་ཡི་ རངས་ཞུས་ཡོད།
116 གསང་རྒྱའི་འོག་གི་འཛུགས་སྐྲུན་། ༄༅། །སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཆོས་སྲིད་ཀྱི་མཛད་འགན་ཤིན་ཏུ་ལྕི་ བའི་ཐོག གོམ་པ་གཅིག་སྤོས་པ་ཡིན་ན་ཡང་ལྔ་པ་ཆེན་པོ་སྐུ་གཤེགས་ པའི་གསང་རྒྱ་མི་འཆོལ་བ་དང། བོད་ལ་ཆབ་སྲིད་ཀྱི་ཡོ་འཁྱོམ་ངན་པ་མི་ ཡོང་བར་ཐུགས་ཟོན་མཛད་དགོས་ཀྱི་ཡོད་པར་བརྟེན། ལས་དོན་གང་འདྲ་ ཞིག་ཡིན་ན་ཡང་ཤིན་ཏུ་མཛད་དཀའ་ཡོད་པ་སྨོས་མ་དགོས་ཀྱང། ཁོང་ དུས་རབས་བཅུ་བདུན་པའི་ནང་བསྐྱར་བཞེངས་བྱས་པའི་ཕོ་བྲང་པོ་ཏ་ལ།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 117 གིས་༸གོང་ས་ལྔ་པ་ཆེན་པོའ་ཐུགས་རེ་ལྟར། དགའ་ལྡན་ཕོ་བྲང་པའི་ ཆོས་སྲིད་ཀྱི་ལས་དོན་ཀུན་ལ་འཐུས་ཤོར་མེད་པའི་ཐོག ཕོ་བྲང་དམར་པོ་ 1སོགས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་མང་པོ་ཞིག་ཀྱང་ལེགས་གྲུབ་ཐུབ་པ་ མཛད་ཡོད། སྐབས་ཤིག་ལ་༸གོང་ས་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་བསོད་ ནམས་རབ་བརྟན་གྱི་གསུང་མོལ་གྱི་འཕྲོས་ལ། ལོ་རྒྱུས་ཐོག་གི་བོད་ཀྱི་ སྲིད་འཛིན་གྲགས་ཅན་མང་ཆེ་བ་ལ། རང་རང་གི་ཆབ་སྲིད་ཀྱི་ལྟེ་གནས་ དམིགས་བསལ་བ་རེ་ཡོད་པ་བཞིན། དགའ་ལྡན་ཕོ་བྲང་པ་ལ་སྲིད་འཛིན་ ལྟེ་གནས་དམིགས་བསལ་བ་ཞིག་ཡོད་དགོས་པ་ནི། ད་ལྟའི་གནས་སྟངས་ དང་མ་འོངས་པའི་ལོ་རྒྱུས་གཉིས་ཐད་ནས་ཤིན་ཏུ་གལ་གནད་ཆེན་པོ་ཡིན་ པའི་གསུང་མོལ་ཞིག་བྱུང་བ་རེད། སྤྱིར་དམར་པོ་རིར་བཞེངས་པའི་ཕོ་བྲང་པོ་ཏ་ལ་ནི། ༸གོང་ས་ལྔ་པ་ ཆེན་པོའ་སྐུ་དུས་ནས་ཡར་བརྩིས་པའི་ལོ་ཆིག་སྟོང་ཡས་མས་ཀྱི་གོང་དུ་ ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོག་མའི་མཚམས་ཁང་ཞིག་གི་རྨང་གཞིའི་ ཐོག་ནས་བཞེངས་པ་ཞིག་ཡིན་ལ། བོད་བཙན་པོའ་མངའ་ཐང་མཐའ་བཞིར་ རྒྱ་སྐྱེད་དེ། འཛམ་གླིང་སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བའི་སྟོབས་ ཤགས་ཀྱང་ཕོ་བྲང་འདི་ནས་བློ་འདོན་དང་ཇུས་འགོད་གནང་བ་ཞིག་ཡིན། དེར་བརྟེན་ཕོ་བྲང་པོ་ཏ་ལ་ནི། འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ 1 ཕོ་བྲང་དམར་པོ། ཕྱི་ལོ་ ༡༦༩༠ ལོར་༸གོང་ས་ལྔ་པ་ཆེན་པོའ་བཞེངས་འཕྲོར་ལུས་པ་དེ་ སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལས་མཇུག་བསྐྱངས་ཏེ་བཞེངས་པ་ལ་ཟེར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 118 བཟོ་བཀོད་ཁྱད་པར་བ་ཞིག་ཡིན་པར་མ་ཟད། ཕོ་བྲང་འདི་ནི་བོད་ཀྱི་ཆབ་ སྲིད་ཀྱི་ལྟེ་གནས་དང། བོད་མི་རིགས་ཀྱི་ཚེ་སྲོག་གི་གསོན་ཉམས། ཆོས་ སྲིད་རིག་གནས་ཀྱི་མཚོན་རྟགས་གཟི་བྱིན་འཕྲོ་བ་ཞིག་ཡིན་པས། བོད་མི་ རིགས་ལ་མཚོན་ན། ཕོ་བྲང་འདི་ནི་ཆོས་སྲིད་གཉིས་ཐད་ནས་གུས་བརྩི་ཞུ་ ཡུལ་གྱི་གནས་མཆོག་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། ༸གོང་ས་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་བསོད་ནམས་རབ་བརྟན་ རྣམ་པ་གཉིས་ཀྱིས་ལོ་རྒྱུས་ཀྱི་བྱུང་རིམ་དང། རྟེན་འབྲེལ་གྱི་གནད་ཁྱད་ པར་བ་མང་པོ་ཞིག་ལ་དགོངས་པ་བཞེས་ནས། དགའ་ལྡན་ཕོ་བྲང་པའི་ སྲིད་དབང་ལྟེ་གནས་པོ་ཏ་ལར་བཞེངས་རྒྱུར་ཐག་གཅོད་མཛད་པར་མ་ཟད། དགའ་ལྡན་ཕོ་བྲང་པའི་སྲིད་དབང་བཙུགས་ནས་ལོ་གསུམ་གྱི་རྗེས་ཏེ། ཕྱི་ ལོ་ ༡༦༤༥ ལོར་༸གོང་ས་ལྔ་པ་ཆེན་པོའ་བཀོད་འདོམས་འོག་ཏུ་དམར་པོ་ རི་ལ་ཕོ་བྲང་དཀར་པོ་2ཞིག་བཞེངས་རྒྱུའི་འཆར་འགོད་མཛད། ལོ་གསུམ་གྱི་ནང་དམར་པོ་རི་ལ་ཕོ་བྲང་དཀར་པོ་ལེགས་གྲུབ་བྱུང་ བས། ༸གོང་ས་ལྔ་པ་ཆེན་པོ་མཆོག་འབྲས་སྤུངས་ལ་ཡོད་པའི་དགའ་ལྡན་ ཕོ་བྲང་ནས་པོ་ཏ་ལར་གསར་དུ་བཞེངས་པའི་ཕོ་བྲང་དཀར་པོའ་རྩེ་ཐོག་གི་ གཟིམ་ཆུང་དུ་བཞུགས་གནས་སྤོས་ཤིང། དེ་ནས་བཟུང་ཕོ་བྲང་པོ་ཏ་ལ་ནི། དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་ལྟེ་གནས་སུ་གྱུར་པར་མ་ཟད། ༸རྒྱལ་ 2 རབ་བྱུང་ ༡༡ པའི་ཆུ་རྟ། ཕྱི་ལོ་ ༡༦༤༢ ཙམ་ལ་གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་ བྲང་གི་སྲིད་དབང་བཟུང་རྗེས། ཤིང་བྱ་སྟེ། ཕྱི་ལོ་ ༡༦༤༥ ལོར་སྡེ་སྲིད་བསོད་ནམས་ རབ་བརྟན་ལ་ཕོ་བྲང་བསྐྱར་གསོ་གཙོ་སྐྱོང་དགོས་པའི་བཀའ་གསུངས་བཞིན་ལོ་གསུམ་ ནང་ཕོ་བྲང་ཉམས་གསོ་བྱས་པ་དེ་ལ་ཟེར།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 119 དབང་སྐུ་ཕྲེང་རིམ་བྱོན་གྱི་དགུན་ཁའི་བཞུགས་གནས་ཀྱི་ཕོ་བྲང་གཙོ་བོ་ ཞིག་ཏུ་གྱུར་པ་རེད། ཕོ་བྲང་དཀར་པོ་བཞེངས་སྐྲུན་ཟིན་པའི་རྗེས། ༸གོང་ས་ལྔ་པ་ཆེན་ པོའ་དགོངས་པར་དམར་པོའ་རི་ངོས་སུ་ཕོ་བྲང་དམར་པོ་ཞིག་ཀྱང་བཞེངས་ རྒྱུའི་འཆར་འགོད་མཛད། སྤྱིར་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་དམར་པོ་ གཉིས་ནི། བོད་ཀྱི་ཆོས་སྲིད་ལུགས་ཟུང་གི་མཚོན་རྟགས་ཤིག་ཡིན་པས། ཁོང་སྐུ་འཚོ་བཞུགས་སྐབས་ཁོང་སྐུ་དངོས་ཀྱིས་ལྗགས་བཀོད་མཛད་དེ། ཕོ་བྲང་དམར་པོ་ཐོག་བརྩེགས་གཉིས་པའི་བར་དུ་བཞེངས་ཀྱང་ལྔ་པ་ཆེན་ པོ་གློ་བུར་དུ་སྐུ་གཤེགས་པས། ཕོ་བྲང་དམར་པོའ་ལས་གཞི་ལེགས་གྲུབ་ མ་བྱུང་བར་གནས་སྐབས་འཕྲོ་ལུས་སུ་གྱུར་པ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོར་༸གོང་ས་ལྔ་པ་ཆེན་པོའ་མཛད་འཕྲིན་ རྒྱུན་སྐྱོང་བྱ་རྒྱུ་མང་པོ་ཡོད་པ་ལས། ཕོ་བྲང་དམར་པོའ་འཛུགས་སྐྲུན་ནི། འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་ཤོས་ཤིག་ཏུ་ཆགས་ཡོད། སྤྱིར་༸གོང་ས་ ལྔ་པ་ཆེན་པོ་སྐུ་གཤེགས་པའི་རྗེས་སྡེ་སྲིད་ཀྱིས་ལས་གཞི་གང་འདྲ་ཞིག་ བརྩམས་ཀྱང་རུང། གདེང་ཚོད་བརྟན་པོ་མེད་པའི་མཛད་དཀའ་རྒྱུན་དུ་ཡོང་ གི་ཡོད་པས། ༸གོང་ས་ལྔ་པ་ཆེན་པོ་སྐུ་གཤེགས་ནས་ལོ་གང་འཚམ་རིང་ ཕོ་བྲང་དམར་པོའ་ལས་གཞི་མཇུག་སྐྱོང་གནང་ཐུབ་མེད། ༸གོང་ས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་ལོ་བརྒྱད་ཀྱི་རྗེས་ཏེ། སྡེ་ སྲིད་སངས་རྒྱས་རྒྱ་མཚོའི་དབང་སྒྱུར་ཅུང་སྲ་ཚུགས་ཟིན་ཞིང། དགའ་ལྡན་ཕོ་ བྲང་པའི་ཆབ་སྲིད་དང། རྒྱུན་སྲོལ་གྱི་ལམ་ལུགས་བཅས་ལ་རྒྱུས་མངའ་ངེས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 120 ཅན་ཐོབ་སྟེ། ཕྱི་ནང་གི་ལས་དོན་གང་འདྲ་ཞིག་ཡིན་ཡང་སྡེ་སྲིད་རང་ཉིད་ཀྱི་ རྣམ་དཔྱོད་དང་ནུས་ཤ གས་ལ་བརྟེན་ནས་ཐག་གཅོད་ཐུབ་པའི་ཚོད་དུ་སླེབས་ པ་ན། འཕྲོ་ལུས་སུ་གྱུར་པའི་ཕོ་བྲང་དམར་པོ་ལེ་ལག་དང་བཅས་པ། ཐོག་སོ་ བཅུ་གསུམ་ཅན་དེའི་ལས་གཞི་བསྐྱར་འཛུགས་བྱས་ཤིང། སྡེ་སྲིད་རང་ཉིད་ ཀྱིས་སྤྱི་ཁྱབ་བཀོད་འདོམས་འོག་ལོ་ངོ་བཞི་ཙམ་རིང་ཕོ་བྲང་དམར་པོའ་ལས་ གཞི་ཡོངས་སུ་གྲུབ་པར་མཛད་ཐུབ་ཡོད། སྡེ་སྲིད་ཀྱིས་ཕོ་བྲང་དམར་པོའ་ལས་གཞི་བསྐྱར་འཛུགས་བྱེད་པའི་ སྐབས། ཐོག་མར་ཆོས་རྒྱལ་གྱི་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་སོགས་ བཤིག་སྟེ། ཕོ་བྲང་དམར་པོ་ད་ལྟའི་འདི་ལས་རྒྱ་ཁྱོན་ཤིན་ཏུ་ཆེན་པོ་ཞིག་ བཞེངས་རྒྱུའི་འཆར་འགོད་མཛད། འོན་ཀྱང་ཞིབ་ཏུ་བསམ་པའི་སྐབས། ཆོས་རྒྱལ་སྒྲུབ་ཕུག་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡུན་རིང་བཞུགས་ མྱོང་བའི་སྒྲུབ་ཕུག་ཡིན་པ་དང། འཕགས་པ་ལྷ་ཁང་ནི། ༸གོང་ས་ལྔ་པ་ ཆེན་པོ་ཡུན་རིང་བཞུགས་མྱོང་བའི་གནས་བྱིན་ཅན་ཡིན་པས། འདི་གཉིས་ ཀ་བཤིག་རྒྱུར་ཕངས་ནས་རང་སོར་བཞག་སྟེ། ད་ལྟའི་ཕོ་བྲང་དམར་པོ་ འདི་བཞེངས་སྐྲུན་གནང་རྒྱུར་ཐག་གཅོད་མཛད། ཕྱིའི་མཛེས་སྡུག་དང་ནང་གི་བཀོད་པ། བཟོ་སྐྲུན་གྱི་ལག་རྩལ། རྒྱུ་ཆ་ བཅས་གང་ཅིའི་ཐད་ནས་འཛམ་གླིང་ནང་སྙན་གྲགས་འབར་བའི་ཕོ་བྲང་པོ་ ཏ་ལ་ནི། ལོ་རྒྱུས་ཀྱི་དུས་སྐབས་མང་པོ་བརྒྱུད་ནས་བྱུང་བ་ཞིག་ཡིན་ཡང། ཕོ་བྲང་འདིའི་མཛ ས་སྡུག་གི་དཔལ་འབར་བའི་གཟི་བརྗིད་གཙོ་བོ་སྡེ་སྲིད་ ཀྱིས་བསྐྲུན་པ་ཡིན་པས། ཕོ་བྲང་པོ་ཆེན་པོ་པོ་ཏ་ལའི་སྙན་གྲགས་དང། སྡེ་
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 121 སྲིད་སངས་རྒྱས་རྒྱ་མཚོ་གཉིས་རང་བཞིན་གྱིས་ཁ་འབྲལ་དུ་མེད་པ་ཞིག་ ཏུ་གྱུར་ཡོད། སྐབས་དེར་ཕོ་བྲང་དམར་པོའ ་ལས་བཟོ་བའི་གྲས་སུ་བོད་རིགས་ དང། རྒྱ་རིགས། སོག་རིགས། བལ་པོའ ་རིགས་བཅས་བསྡོམས་མི་ གྲངས་ ༧༧༠༠ ལྷག་ཡོད་པ་ལས། རྒྱགས་རང་ཁུར་གྱིས་ལས་ཁྲལ་ལ་ ཡོང་བའི་ལས་ཀ་བའི་རིགས་ཕུད། ལྷག་མ་ཡོངས་རྫོགས་ཀྱི་གླ་ཕོགས་ སོགས་རྒྱུན་གྲོན་ཐམས་ཅད་ནི། དགའ ་ལྡན་ཕོ་བྲང་ནས་ནར་གཏོང་ དགོས་ཀྱི་ཡོད་པར་མ་ཟད། ཡོང་ཁུངས་དང་ཆེད་ལས་རིགས་མི་གཅིག་ པའི་ལས་བཟོ་བ་སྟོང་ཕྲག་མང་པོ་དེ་དག་ཐམས་ཅད་ལ་སྡེ་སྲིད་རང་ཉིད་ ཀྱིས་གཅིག་གྱུར་བཀོད་འདོམས་མཛད་དགོས་ཀྱི་ཡོད་སྟབས། སྐབས་ དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་ལས་བྲེལ་དང་སྐུ་ངལ་ཅི་ཙམ་ཡོད་པ་ ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན། འོན་ཀྱང་སྡེ་སྲིད་ཀྱིས་རང་ཉིད་ལ་དཀའ་ངལ་ཇི་ཙམ་ཡོད་མེད་ལ་མ་ ལྟོས་པར། གཞི་རྒྱ་ཆེ་བའི་ཕོ་བྲང་དམར་པོའ་འཛུགས་སྐྲུན་གྱི་ལས་གཞི་ འཕྲོ་བསྐྱངས་པ་དང་མཉམ་དུ། ༸གོང་ས་ལྔ་པ་ཆེན་པོའ་སྐུ་གདུང་བཞུགས་ སའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་3གི་ལས་གཞི་ཡང་བཙུགས་ཏེ། ལོ་ ཤས་ནང་འཛམ་གླིང་གཡས་བཞག་ཅེས་གྲགས་པའི་གསེར་སྡོང་ཆེན་པོ་ 3 གསེར་སྡོང་འཛམ་གླིང་རྒྱན་གཅིག ཕོ་བྲང་པོ་ཏ་ལར་བཞུགས་༸རྒྱལ་དབང་ལྔ་པ་ཆེན་ པོའ་སྐུ་གདུང་མཆོད་རྟེན་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་རབ་བྱུང་ བཅུ་གཉིས་པའི་ཆུ་སྤྲེལ་ལོར་བཞེངས་མགོ་བཙུགས་ཏེ་ཤིང་ཁྱི་ལ་གྲུབ། འདི་ལ་འཛམ་ གླིང་གཡས་འཇོག་ཅེས་ཀྱང་ཟེར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 122 འཛམ་གླིང་རྒྱན་གཅིག་ཀྱང་བཞེངས་སྐྲུན་ཞུས་ཏེ། ༸གོང་ས་ལྔ་པ་ཆེན་པོའ་ སྐུ་གདུང་གསེར་སྡོང་ཆེན་པོ་དེར་བཞུགས་སུ་གསོལ། ༸གོང་ས་ལྔ་པ་ཆེན་པོའ་སྐུ་གདུང་བཞུགས་པའི་གསེར་སྡོང་འདིའི་རྒྱུ་ ཆ་ལ་མཚོན་ན། གསེར་བཙོ་མ་རྐྱང་པ་སྲང་ ༡༡༩༨༨༢ སྟེ་ཀི་ལོ་ལྔ་ཁྲི་ལྷག་ དང། གཞན་ཡང་རྡོ་རྗེ་ཕ་ལམ་དང། བཻ་ཌཱུརྱ་སྔོན་པོ་དང་སེར་པོ། གཟི། ཨིནྡྲ་ རྙིལ་སོགས་སྲིད་ན་དཀོན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་མཛེས་པར་ བྱས་ཏེ། ༸གོང་ས་ལྔ་པ་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་ ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དེ་བཞིན་དུ། བོད་མི་མང་གི་དད་པ་དང་ དམ་ཚིག་གསལ་བར་མཚོན་པ་ལ། སྲིད་ན་འགྲན་ཟླ་བྲལ་བའི་མཆོད་སྡོང་ འདི་བཞེངས་པ་ལགས། དེ་ཙམ་མ་ཟད་ལྷ་ལྡན་གཙུག་ལག་ཁང་གི་བར་ཁང་དང། ལྷོ་མོན་ཡུལ་ དུ་དགའ་ལྡན་རྣམ་རྒྱལ་གླིང། འབར་ཁམས་ཕྱོགས་སུ་རྒྱལ་ཐང་དགའ་ལྡན་ སུམ་རྩེན་གླིང། ཤར་དར་རྩེ་མདོར་དགའ་ལྡན་འགྲོ་ཕན་གླིང། གོ་འཇོར་ དགའ་ལྡན་གསང་སྔགས་འགྲོ་འདྲེན་གླིང་སོགས་མཐའ་དབུས་ཀྱི་ཡུལ་ གྲུ་མང་པོར་གཙུག་ལག་ཁང་དང། དགོན་སྡེ་མང་པོ་བསྐྱར་བཞེངས་དང་ གསར་འདེབས་མཛད་དེ། བོད་ཁམས་སུ་ཆོས་བརྒྱུད་རིས་མེད་དགེ་འདུན་ པའི་སྡེའི་གྲངས་དང། སྤུས་ཚད་གཉིས་ཀ་ཡར་རྒྱས་འགྲོ་བར་ཐུགས་བརྩོན་ ལྷོད་མེད་མཛད་ཡོད།། །།
བཞི་པ། བཤད་སྒྲ་དབང་ཕྱུག་རྒྱལ་པོ།
125 བཤད་སྒྲ་དབང་ཕྱུག་རྒྱལ་པོའི་ངོ་སྤྲོད་། ༄༅། །སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོ་ནི། ཕྱི་ལོ་ ༡༧༩༥ ལོར་ སྤེལ་བཞིའི་ཁྱིམ་རྒྱུད་དུ་སྐྱེས་ཤིང། ཆུང་དུས་བཀྲ་ཤིས་ལྷུན་པོར་གྲྭ་པ་བྱེད་ མྱོང་བ་ཞིག་ཡིན་པས། ཆོས་ལུགས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་ ཆེ་ཆུང་མང་པོར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་མྱོང་མཁན་ཞིག་རེད། སྤྱིར་སྔ་མོའ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། ཆོས་དང་རིག་གནས་ ཀྱི་སློབ་སྦྱོང་ཐོབ་ཡོད་མཁན་མང་ཆེ་བ་ནི། དགོན་པ་ཁག་གི་གྲྭ་པ་དང་ གྲྭ་ལོག་རྣམས་ཡིན། དེའི་རྒྱུ་མཚན་ནི། སྐབས་དེར་བོད་ཀྱི་མང་ཚོགས་ སྤྱི་ཡོངས་ལ་རིག་གནས་སྦྱོང་བའི་ཁོར་ཡུག་དང་ཆ་རྐྱེན་འདང་ངེས་ཤིག་ མེད་པས་ཡིན། བཤད་སྒྲ་དབང་ཕྱུག་རྒྱལ་པོ་དགུང་ལོ་སུམ་ཅུ་ཡས་མས་ཐོག་གྲྭ་ པ་ནས་སྐྱ་སར་བབས་ཏེ། བོད་ཀྱི་དམག་སྲིད་ཀྱི་ལས་དོན་ལ་ཞུགས། ཁོང་རིམ་གྱིས་ཆབ་སྲིད་ཀྱི་གོ་གནས་གཏན་ཆགས་སུ་གྱུར་པ་ན། བོད་ ཀྱི་ས་ཁུལ་གལ་གནད་ཅན་མང་པོ་ལ་ས་མི་ཞིབ་དཔྱོད་དུ་ཕེབས་པར་མ་ ཟད། སྐབས་ཤིག་ལ་ལ་དྭགས་དང་སིག་ཌོག་ར་རྒྱལ་པོ་གཉིས་མཉམ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 126 འབྲེལ་བྱས་ཏེ། བོད་ཀྱི་སྟོད་ཕྱོགས་ནས་དཔུང་དམག་འདྲེན་པའི་སྐབས། བཤད་སྒྲ་དབང་ཕྱུག་རྒྱལ་པོ་རང་ཉིད་དངོས་སུ་དམག་སར་འཐབ་འཛིང་ ལ་ཞུགས་ཏེ། བཙན་འཛུལ་བ་མཐར་སྐྲོད་ཀྱི་རྒྱལ་ཁ་ཆེན་པོ་ལེན་ཐུབ་པ་ བྱུང་ཡོད། བཤད་སྒྲ་ཁོང་ནི་རང་བཞིན་གྱིས་བློ་རིག་བཀྲ་ཞིང་རྣམ་དཔྱོད་ལྡན་ པ་ཞིག་ཡིན་པའི་ཐོག ཞི་དྲག་གི་ལས་དོན་མང་པོ་ལ་ཉམས་མྱོང་ཆེ་ཞིང། མཛད་རྗེས་ཀྱང་མང་པོ་བཞག་མྱོང་མཁན་ཞིག་ཡིན་པས། དགུང་ལོ་བཞི་ བཅུ་ཡས་མས་ཐོག་གནས་རིམ་སྤར་ཏེ་བཀའ་བློན་ལ་བསྐོ་བཞག་ཞུས། ཁོང་གིས་བཀའ་བློན་གྱི་མཛད་འགན་བཞེས་པའི་རིང། འཛིན་སྐྱོང་ དང་ཆབ་སྲིད་ཀྱི་ལས་དོན་རྐྱང་པ་མ་ཡིན་པར་ནོར་བུ་གླིང་ཁ་དང་བསམ་ ཡས་གཙུག་ལག་ཁང་སོགས་ཞིག་གསོ་མཛད་པས་མཚོན། གཙུག་ལག་ ཁང་དང་སྐུ་གསུང་ཐུགས་རྟེན་ཉམས་གསོ་དང། གསར་བཞེངས་བྱ་བ་ སོགས་འཛུགས་སྐྲུན་གྱི་ལས་གཞིའི་ཐད་ནས་ཀྱང་མཛད་རྗེས་ཆེན་པོ་ བཞག་མྱོང་མཁན་ཞིག་རེད། དུས་རབས་བཅུ་དགུ་པའི་ནང་གོར་ཥས་བོད་ལ་བཙན་འཛུལ་བྱེད་ པའི་སྐབས། བཤད་སྒྲ་དབང་ཕྱུག་རྒྱལ་པོས་བོད་ཀྱི་སྤྱི་ཁྱབ་དམག་སྤྱིའི་ འགན་འཁྱེར་བའི་སྐབས་ཡིན་པས། གོར་ཥའི་བཙན་འཛུལ་བའི་ཐོག་རང་ སྲོག་ལ་མ་འཛེམས་པར་འཐབ་འཛིང་སྔ་ཕྱི་བྱས་ཀྱང། ཕམ་ཁ་ཤ་སྟག་ལས་ རྒྱལ་ཁ་གཏན་ནས་ལེན་མ་ཐུབ་པས་དམག་འཐབ་ཀྱི་ཁྲོད་ཕམ་ཉེས་ཀྱང་ ཁུར་དགོས་བྱུང་ཡོད།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 127 སྐབས་ཤིག་ལ་བཀའ་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང། རྒྱལ་ ཚབ་རྭ་སྒྲེང་གཉིས་ཀྱི་བར་ལ་ཕྱག་ལས་གནང་ཕྱོགས་དང། དགོངས་པ་ བཞེས་ཕྱོགས་ཀྱི་ཐད་ནས་ཐུགས་སྣང་མ་གཤིན་པའི་འགལ་ཟླ་བྱུང་བར་ བརྟེན། རྒྱལ་ཚབ་ཀྱིས། བཤད་སྒྲ་དབང་ཕྱུག་རྒྱལ་པོ་བཀའ་བློན་གྱི་གོ་ གནས་ནས་ཕྱིར་འབུད་བཏང་བའི་ཐོག ཕྱིས་སུ་བཤད་སྒྲ་དང་གོར་ཥའི་ དཔོན་རིགས་ཀྱི་བར་ལ་གསང་བའི་འབྲེལ་བ་ཡོད་ལུགས་ཀྱི་ཉེས་པ་འཕར་ མ་ཞིག་བཀལ་བ་རེད། བཤད་སྒྲས་རང་གིས་ནག་ཉེས་བསགས་ཡོད་མེད་ལ་མ་ལྟོས་པར་ གཞུང་གི་ཉེས་ཁྲིམས་གང་བྱུང་དང་དུ་བླངས་ནས་ཁ་ཁུ་སིམ་པོར་གནས་ ཡོད་ཀྱང། རྒྱལ་ཚབ་རྭ་སྒྲེང་ཕྱོགས་ནས་མཚམས་མ་ཆད་པར་ནག་ཉེས་ སྣ་ཚོགས་བཀལ་ཏེ། ཕྱིར་ལྡོག་རྒྱུ་མེད་པའི་བཙོན་འཇུག་བྱས་པ་སོགས། བཤད་སྒྲའི་མི་ཚེའི་རིང་གི་ཆབ་སྲིད་ཀྱི་ལས་དོན་སྔ་ཕྱི་ཐམས་ཅད་ལ་ འགོག་རྐྱེན་དང་སྐུ་ངལ་སྣ་ཚོགས་འཕྲད་མྱོང་ཡོད་ཀྱང། ཁོང་གིས་བློ་ སྟོབས་ཞུམ་པ་མེད་པའི་ངང་ནས་བདེན་དོན་མཐའ་སྐྱོང་དང། དུས་ཚོད་ ཀྱི་འགྱུར་བ་ལ་ངང་སྒུག་བྱས་ཏེ་རང་གི་བདེན་པའི་མཐའ་གསལ་ཐབས་ལ་ འབད་བརྩོན་གནང་ཡོད། རྒྱལ་ཚབ་རྭ་སྒྲེང་གི་ཕྱོགས་ནས་བཤད་སྒྲ་ཕྱིར་ལྡོག་རྒྱུ་མེད་པ་བྱ་ དགོས་པའི་བཀའ་ཁྱབ་བཏང་སྟེ། དོན་དངོས་སུ་བཤད་སྒྲ་གསད་དགོས་ པའི་བཀའ་མངགས་མཛད་ཡོད་ཀྱང། བཤད་སྒྲས་ཞི་དྲག་གི་དཔོན་རིགས་ སུ་ལ་ཐུག་ཀྱང་རུང། རང་ཉིད་ལ་ཡོད་པའི་བདེན་པ་གསལ་བཤད་གནང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 128 སྟེ༑ རང་གི་ལྷག་བསམ་དང་བདེན་པའི་སྟོབས་ཤ གས་ལ་བརྟེན་ནས། རང་ ཉིད་དཀར་འདོན་ཡོང་ཐབས་དང། ཆབ་སྲིད་ཀྱི་གནས་བབ་བསྐྱར་གསོ་ ཡོང་བའི་འབད་བརྩོན་མཚམས་འཇོག་བྱེད་མྱོང་མེད། འཇིག་རྟེན་གྱི་གཏམ་དཔེར། དྲང་པོའ་གཞུང་བསྲངས་ན་སྒོ་ངས་རྟ་ འཁྱོག ཅེས་པའི་བཤད་སྲོལ་ཡོད་པ་ལྟར། བཤད་སྒྲ་དབང་ཕྱུག་རྒྱལ་པོས་ རང་ཉིད་འཆི་སྲོག་ལ་ཐུག་ཀྱང་རྒྱུ་འབྲས་གོ་ལྡོག་དང། ཕྱི་མགོ་ནང་བཙོང་ ལྟ་བུའི་བྱ་སྤྱོད་ངན་པའི་རིགས་གཏན་ནས་གནང་མྱོང་མེད་སྟབས། ཁོང་གི་ ཐོག་ཉེས་འཛུགས་སྣ་ཚོགས་བཀལ་ཏེ་ཆབ་སྲིད་ཀྱི་ཐོག་མདུན་ལམ་མེད་ པའི་ཐབས་གང་ཡོད་ལག་བསྟར་བྱས་ཡོད་ཀྱང། བཤད་སྒྲས་དྲང་བདེན་ གཞི་ལ་བཞག་པའི་འཐབ་རྩོད་རྒྱུན་འཁྱོང་གནང་སྟེ། རང་གི་ཆབ་སྲིད་ཀྱི་ ལམ་བུ་བསྐྱར་གསོ་བྱས་པར་མ་ཟད། བོད་ཁམས་ལ་དབང་བསྒྱུར་བའི་ ཆབ་སྲིད་ཀྱི་གནས་རིམ་མཐོ་ཤོས་ལ་ཕེབས་ཐུབ་པར་གནང་ཡོད།
129 ཆབ་སྲིད་ཆོས་ལུགས་དང་ཡ་མ་ བྲལ་བར་གནང་ཡོད་། ༄༅། །བཤད་སྒྲ་དབང་ཕྱུག་རྒྱལ་པོ་ནི། ཆུང་དུས་ནས་དགོན་པར་ཞུགས་ ཏེ་གྲྭ་པའི་སྡོམ་པ་བླངས་པའི་རབ་བྱུང་བ་ཞིག་ཡིན་ཡང། རྒྱུ་རྐྱེན་གང་ཡིན་ གསལ་པོ་མ་ཤེས་ཀྱང། བར་སྐབས་ཤིག་ནས་ཁོང་གི་མདུན་ལམ་གྱི་གདམ་ ཀ་ལ་འགྱུར་བ་ཆེན་པོ་ཞིག་བྱུང་སྟེ། དགོན་པ་ནས་བུད་དེ་སྐྱ་བོའ་འཚོ་བའི་ ལམ་དུ་ཞུགས། བཤད་སྒྲ་གློ་བུར་དུ་དགོན་པ་ནས་སྐྱ་བོའ་སྤྱི་ཚོགས་ནང་དུ་སླེབས་ པའི་སྐབས། འགྲོ་སྟངས་འདུག་སྟངས་སོགས་ཀྱིས་མཚོན། སྐྱ་བོའ་འཚོ་ བའི་གོམས་གཤིས་དང། སྤྱོད་ལམ་ལ་མ་འདྲིས་པའི་དཀའ་ངལ་ཆེན་པོ་ ཡོད་པ་སྨོས་མ་དགོས་ཀྱང། ཁོང་དགོན་པར་བསྡད་པའི་རིང་རིག་གནས་ ཆེ་ཆུང་མང་པོར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་ནི། བཤད་སྒྲའི་མི་ ཚེ་ནུས་པ་ལྡན་པ་ཞིག་ཡོང་བ་ལ་དམིགས་བསལ་ཕན་ཐོགས་ཆེན་པོ་བྱུང་ ཡོད་པ་གསལ་པོ་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 130 བཤད་སྒྲ་ལ་མཚོན་ན། དགོན་པར་བསྡད་པའི་དུས་ཡུན་ནི། རང་གིས་ ཤེས་ཡོན་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་ཤོས་ཤིག་ཏུ་གྱུར་ཡོད་ལ། སློབ་སྦྱོང་གི་བརྒྱུད་རིམ་དེས་ཁོའ་མི་ཚེ་ལ་ཤ གས་རྐྱེན་ཆེན་པོ་ཐེབས་ཡོད་ པར་མ་ཟད། བཤད་སྒྲའི་མི་ཚེའི་ནང་གི་ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་གང་ འདྲ་ཞིག་ཡིན་ན་ཡང། མང་ཆེ་བ་དགོན་པའི་སློབ་སྦྱོང་གི་ཤ གས་རྐྱེན་གྱིས་ མ་ཟིན་པ་ཞིག་མེད་པ་ལྟ་བུར་གྱུར་ཡོད། སྤྱིར་མི་ཞིག་སྐྱེས་པའི་ཉིན་མོ་ནས་བཟུང་མི་བཟང་པོ་དང། མི་ངན་ པ་གང་དུ་ཡང་ཐག་གཅོད་བྱེད་མི་ཐུབ་ཀྱང། མི་བཟང་ངན་གང་འདྲ་ཞིག་ཏུ་ འགྱུར་མིན་ནི། མི་དེའི་སློབ་སྦྱོང་གི་ནང་དོན་དང་འབྲེལ་བ་ངེས་ཅན་ཡོད་ པར་མ་ཟད། མིའི་བསམ་སྤྱོད་ཀྱི་སྤུས་ཚད་གང་འདྲ་ཞིག་ཏུ་འགྱུར་མིན་ ཡང། སྤྱི་ཚོགས་དང་ཁོར་ཡུག་གི་ཤ གས་རྐྱེན་བཟང་ངན་ལ་རང་བཞིན་ གྱིས་ལྟོས་པ་ཅན་ཞིག་ཡིན་པས། མི་ཞིག་ལ་མཚོན་ན། འཚར་ལོངས་ཀྱི་ བརྒྱུད་རིམ་ནི་ཤིན་ཏུ་གལ་གནད་ཆེ་ཞིང། མི་གསོན་པོར་འཚོ་བའི་སྙིང་པོ་ ལོན་པ་ཞིག་ཡོང་མིན་ཡང། མིའི་བསམ་སྤྱོད་ཀྱི་འཚར་ལོངས་དང་འབྲེལ་ བ་གཏིང་ཟབ་ཡོད་པ་ཞིག་ཡིན་པ་རེད། བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྐྱ་སར་བབས་པའི་རྗེས་སུ། རིམ་པས་ དམག་དོན་དང་ཆབ་སྲིད་ཀྱི་ལས་དོན་མང་པོའ ་ནང་ཞུགས་པར་མ་ཟད། མི་ཚེ་ཆབ་སྲིད་དང་འཛིན་སྐྱོང་གི་གནས་རིམ་མཐོ་ས་ཞིག་ནས་མཇུག་ བསྡུས་པ་ཞིག་ཡིན་ཡང། ཁོའ་མི་ཚེའི་རིང་ཆོས་ཕྱོགས་ཀྱི་བྱ་བ་གཏན་ ནས་མཚམས་འཇོག་བྱས་མ་མྱོང་བར་མ་ཟད། ཆབ་སྲིད་ཀྱི་ལས་དོན་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 131 སྒྲུབ་པ་དང་མཉམ་དུ་བསྟན་བཅོས་རྩོམ་པའི་མཁས་པའི་མཚན་གནས་ བཟུང་སྟེ། ཚིག་དོན་ཕུན་སུམ་ཚོགས་པའི་བསྟན་བཅོས་ཀྱང་གསར་རྩོམ་ མཛད་ཡོད། བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྐུ་ན་གཞོན་དུས་ནས་བཟུང་སྟེ། ཆོས་ ལུགས་ཀྱི་ཤ གས་རྐྱེན་དང་ཁ་བྲལ་མ་མྱོང་བས། བྱ་བ་གང་བྱས་མཐའ་དག་ དགེ་བཅུའི་ཁྲིམས་ལས་མི་འདའ་བ་རྩ་དོན་དུ་འཛིན་ཅིང། བྱ་བའི་ཕྱི་ཚུལ་ ལས་ནང་དོན་གཙོ་བོ་དང། སྦྱོར་བ་ལས་བསམ་པ་གལ་གནད་ཆེ་བར་བརྩི། ལྷག་པར་དུ་དགེ་སྒྲུབ་ཀྱི་བྱ་བ་ལ་འཇུག་པའི་སྐབས། ཀུན་སློང་འཆོས་པ་ ཉིད་ཤིན་ཏུ་གལ་ཆེ་བར་བཟུང་སྟེ། ཆོས་ཆོས་སུ་འགྲོ་བར་འབད་བརྩོན་ ལྷོད་མེད་གནང་མཁན་ཞིག་ཡིན།
132 དཔོན་གནས་དཀྱུས་མ་ཞིག་ནས་ལས་ཚན་ རིམ་འཛེགས་ཀྱིས་ཕྱིན་པ་། ༄༅། །བཤད་སྒྲ་དབང་ཕྱུག་རྒྱལ་པོ་དགོན་པར་ཡོད་པའི་སྐབས། ཁོང་གི་མཚན་ལ་སྤེལ་བཞིའི་ 1ཆོས་མཛད་ 2ཅེས་ཞུ་ཞིང། བསམ་ཡས་ གཙུག་ལག་ཁང་དུ་དཀར་མེའི་ལས་ཁུར་བཟུང་སྟེ་ལོ་མང་བཞུགས་ མྱོང་ཡོད། སྐབས་དེར་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་ 3ཞུ་བ་ཡང་ བསམ་ཡས་ཉམས་གསོའ ་ལས་དོན་ཆེད་རྒྱུན་རིང་བཞུགས་པའི་སྐབས་ ཡིན་པས། བཀའ་བློན་དང་བཤད་སྒྲ་གཉིས་ཕན་ཚུན་ངོ་ཤེས་འདྲིས་ཅན་ དུ་གྱུར་ཏེ། བཀའ་བློན་དོན་གྲུབ་རྡོ་རྗེ་སྤེལ་བཞིའི་ཆོས་མཛད་ཀྱི་འཇོན་ 1 སྤེལ་བཞི། སྔ་མོའ་སྐུ་དྲག་གི་ཁྱིམ་རྒྱུད་བྱེ་བྲག་པ་ཞིག་གི་མིང། 2 ཆོས་མཛད། གྲྭ་ཚང་ཚོགས་ཆེན་དུ་གཏོང་སྒོ་བཏང་སྟེ་ལེན་རྒྱུའི་ཐོབ་མིང་ཞིག་སྟེ། གྲྭ་ ཚང་ཆོས་མཛད་དང། ཁང་ཚན་ཆོས་མཛད་ཅེས་པ་ལྟ་བུ། 3 བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེ། ༸རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་སྐུ་ དུས་སུ་བཀའ་བློན་གྱི་མཛད་འགན་བཞེས་པ་དང། ལྕགས་སྟག་ཞིབ་གཞུང་ཞེས་པའི་ ཡིག་ཆ་སྐད་གྲགས་ཅན་དེ་ཁོང་གིས་གཙོ་འགན་བཞེས་ནས་བསྒྲིགས་པ་ཞིག་ཡིན།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 133 ནུས་དང། ཡིག་རྩིས་རིག་གནས་ཀྱི་ཤེས་ཚད་བཅས་ལ་ཡིད་མགུ་ཆེན་ པོ་བྱུང་བ་རེད། ཕྱིས་སུ་བསམ་ཡས་དཀར་མེའི་ལས་ཁུར་གྲུབ་པ་ན། སྤེལ་བཞིའི་ ཆོས་མཛད་ཀྱིས་བསམ་ཡས་གཙུག་ལག་ཁང་གི་དཀར་མེའི་ལས་ཁུར་ རྩིས་སྤྲོད་བྱས། སྟབས་མ་ལེགས་པ་ཞིག་ལ་སྤེལ་བཞིའི་ཆོས་མཛད་ལ་ རྩིས་ཆད་ཀྱི་སྐུ་ངལ་བྱུང་བར་བརྟེན། ཞོལ་ལས་ཁུངས་ནས་སྤེལ་བཞིའི་ ཆོས་མཛད་ཀྱི་ཉེས་ཆད་ཁྱབ་བསྒྲགས་མཛད་པར་མ་ཟད། དོལ་གཞིས་སུ་ ས་འཛིན་ལ་གཏོང་རྒྱུའི་ཐག་གཅོད་གནང། ཉིན་ཞིག་སྤེལ་བཞིའི་ཆོས་མཛད་ལ་སྐེ་སྒོ་གཡོག་སྟེ་ཞོལ་རྡོ་རིང་སྒང་ དུ་བཞག་ནས་ཡོད་པའི་སྐབས། བཀའ་བློན་དོན་གྲུབ་རྡོ་རྗེས་གཟིགས་པས། ཁོང་གི་བསམ་པར། བྱས་ཉེས་ཆུང་ཚགས་ཤིག་གི་ཐོག་ནས་མི་འཇོན་ནུས་ ཅན་འདི་འདྲ་ཞིག་འཕྲོ་བརླག་ཏུ་གྱུར་ན་སྤྱི་སྒེར་གཉིས་ཀའི་གྱོང་གུད་ཡིན་ པས། དེ་ལས་རང་ངོས་ནས་སྤེལ་བཞིའི་ཆོས་མཛད་ལ་འཇོན་ནུས་འདོན་ སའི་གོ་སྐབས་ཤིག་སྤྲོད་ཐུབ་པའི་ཐབས་ཤེས་བྱེད་སྙམ་པ་བྱུང་བ་རེད། བཀའ་བློན་དོན་གྲུབ་རྡོ་རྗེས་རྒྱལ་བློན་ལྷན་འཛོམས་ཤིག་གི་ཐོག སྤེལ་བཞིའི་ཆོས་མཛད་ལ་རྩིས་ཆད་གང་དགོས་རང་གིས་ཁ་གསབ་བྱ་རྒྱུ་ དང། སྤེལ་བཞིའི་ཆོས་མཛད་རང་གི་གཟིམ་ཤག་ཏུ་ཉར་ཆོག་རྒྱུའི་བཀའ་ འཁྲོལ་ཞུས་པར། དགའ་ལྡན་ཕོ་བྲང་པའི་གཞུང་ཐོག་ནས་ཀྱང་དེ་ལུགས་ཀྱི་ བཀའ་འཁྲོལ་བྱུང་བ་ལྟར། སྤེལ་བཞིའི་ཆོས་མཛད་བཤད་སྒྲའི་གཟིམ་ཤག་ ཏུ་ཉར་ཏེ། བཤད་སྒྲའི་གཟིམ་ཤག་གི་ཕྱི་འབྲེལ་གྱི་ལས་དོན་གཙོ་བོ་ཁུར་དུ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 134 བཅུག་པ་རེད། སྤེལ་བཞིའི་ཆོས་མཛད་ཀྱི་བསམ་པར། བཤད་སྒྲ་བཀའ་བློན་དོན་ གྲུབ་རྡོ་རྗེ་རང་ཉིད་ལ་བཀའ་དྲིན་ཆེན་པོ་ཡིན་པས། རང་ནུས་གང་ཡོད་ བཏོན་ཏེ། བཀའ་བློན་མཆོག་གི་ཐུགས་རེ་ཆུད་ཟོས་སུ་མ་སོང་བ་ཞིག་ དང། ལག་ལེན་གྱི་ཐོག་ནས་བཀའ་དྲིན་གསོ་ཐུབ་པ་ཞིག་བྱ་དགོས་ སྙམ་པའི་དམ་བཅའ་བྱས་ཏེ། འགན་འཁྲིའི་ལས་དོན་མཐའ་དག་གཙང་ མ་དང། གྲུབ་འབྲས་ལྡན་པ། བཀའ་བློན་མཆོག་གི་དགོངས་པ་དང་ མཐུན་པ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། དེར་བརྟེན་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེས། སྤེལ་བཞིའི་ཆོས་ མཛད་ལ་འགྲོགས་འདྲིས་ཅི་ཙམ་རིང་བ་བྱས་པ་དེ་ཚོད་ཀྱིས་སྔར་ལས་ ཀྱང་བརྩི་མཐོང་དང་ཡིད་ཆེས་ཇེ་ཟབ་ཏུ་འགྱུར་བཞིན་ཡོད་པའི་ཐོག སྤེལ་ བཞིའི་ཆོས་མཛད་མི་གཞི་བརྟན་པོ་དང། རང་ཉིད་ལ་ལྷག་བསམ་རྣམ་དག་ ཡིན་པའི་ངོས་འཛིན་ཡང་དག་པ་བྱུང་བ་རེད། བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེ་ལ་རྒྱུད་འཛིན་གྱི་རིགས་སྲས་ མེད་སྟབས། རིམ་གྱིས་སྤེལ་བཞིའི་ཆོས་མཛད་བཤད་སྒྲ་རང་གི་བུ་ ཚབ་ལྟ་བུར་ངོས་འཛིན་གནང་སྟེ། བྱམས་སྐྱོང་དང་ཡིད་ཆེས་བློ་འགེལ་ གནང་གི་ཡོད་པར་མ་ཟད། མཐའ་མ་བཤད་སྒྲ་ཁྱིམ་རྒྱུད་ཀྱི་གཞིས་ཀ་ ཡང་སྤེལ་བཞིའི་ཆོས་མཛད་ལ་རྩིས་སྤྲོད་གནང་སྟེ། སྤེལ་བཞིའི་ཆོས་ མཛད་བཤད་སྒྲའི་མིང་ཐོའ ་ནང་གཞུང་གི་ཞབས་སྡོད་ཞུས་ 4 པ་རེད། 4 བཤད་སྒྲའི་མིང་ཐོའ་ནང་གཞུང་གི་ཞབས་སྡོད་ཞུས། དེ་སྔ་གཞུང་ཞབས་ཀྱི་ཁོངས་སུ་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 135 དུས་དེ་ནས་བཟུང་སྤེལ་བཞིའི་ཆོས་མཛད་ལ་བཤད་སྒྲ་དབང་ཕྱུག་རྒྱལ་ པོ་ཞེས་སུ་གྲགས་པ་བྱུང། བཤད་སྒྲ་དབང་ཕྱུག་རྒྱལ་པོ་ཐོག་མར་གཞུང་གི་ཞབས་སྡོད་ཞུ་བའི་ སྐབས། གནས་རིམ་ཤིན་ཏུ་དམའ་པོ་ཞིག་ལས་མེད་ཀྱང། དོན་ཆེན་སྒྲུབ་པ་ ལ་ངང་རྒྱུད་རིང་དགོས་པའི་གནས་ལུགས་ཡིད་ལ་བཅངས་ཏེ། ལས་ཚན་ ཐེག་པ་རིམ་འཛེགས་ཀྱིས་ཕེབས་ཡོད་པར་མ་ཟད། ལ་དྭགས་དང་སིག་ ཌོག་ར་རྒྱལ་པོ་གཉིས་མཉམ་འབྲེལ་བྱས་ཏེ་བོད་ཀྱི་སྟོད་ཕྱོགས་ནས་དྲག་ པོས་དཔུང་འཇུག་བྱེད་པའི་སྐབས། བཤད་སྒྲས་བོད་གཞུང་གི་བཀའ་འབྲེལ་ ལྟར། བོད་ཀྱི་དམག་སྣེ་དྲངས་ཏེ་བཙན་འཛུལ་བ་མཐར་སྐྲོད་ཀྱི་མཛད་རྗེས་ ཆེན་པོ་བཞག་ཡོད། སྐབས་དེར་བོད་ལ་གོ་མཚོན་དང་དཔུང་གི་སྟོབས་ཤ གས་ཆེན་པོ་ མེད་སྟབས། བཙན་འཛུལ་བ་མཐར་སྐྲོད་བྱེད་པའི་ནུས་པ་འདང་ངེས་ཤིག་ མེད་ཀྱང། བཤད་སྒྲ་ཤིན་ཏུ་སྤྱང་གྲུང་ལྡན་པ་ཞིག་ཡིན་པས། དམག་འཐབ་ ཀྱི་སློབ་སྦྱོང་དང་ཉམས་མྱོང་ཡོད་མེད་ལ་མ་ལྟོས་པར། ཁོང་གིས་གཡུལ་ སར་འོལ་ཚོད་ཀྱིས་དཔུང་འཇུག་མ་བྱས་པར་དུས་ཚིགས་དང་གནམ་ གཤིས་ཀྱི་འགྱུར་ལྡོག་ལ་ངང་སྒུག་བྱས་ཏེ། ཁ་བ་བུ་ཡུག་འཚུབ་པའི་ གནམ་ཟླ་གྲང་ངར་ཆེན་པོ་བསྟན་པའི་གོ་སྐབས་དང་བསྟུན་ནས་གློ་བུར་ འཛུལ་བའི་སྐབས་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་བརྒྱུད་ནས་གཞུང་ལ་ཐོ་འགོད་ཞུ་དགོས་པ་ མ་གཏོགས། མི་མང་དཀྱུས་མ་ཞིག་གིས་གཞུང་ཞབས་ཀྱི་ཁོངས་སུ་ཐོ་འགོད་བྱ་བའི་ ཐོབ་ཐང་མེད་ཚོད། ཁྱིམ་རྒྱུད་གང་ནས་ཐོ་འགོད་ཞུས་པའི་ཁྱིམ་མིང་དེ་དེ་དང་དེའི་མིང་ གཙོ་བོ་ལྟ་བུར་ཆགས་ཀྱི་ཡོད་ཚོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 136 དུ་དགྲ་བོའ་ཐོག་དཔུང་འཇུག་བྱས་པ་ན། དུས་ཚོད་དང་དཀའ་ཚེགས་མང་ པོ་བརྒྱུད་མ་དགོས་པར་བོད་དམག་དགྲ་བོའ་དཔུང་སྡེ་ལས་རྣམ་པར་རྒྱལ་ ཐུབ་པ་བྱུང་ཡོད། བཤད་སྒྲའི་དམག་དོན་གྱི་མཛད་རྗེས་དེ་ལ་བརྟེན་ནས་སྟོད་ཕྱོགས་ ཀྱི་བོད་མི་མང་པོ་ཞིག་སྲོག་ཉེན་ལས་སྐྱོབ་ཐུབ་ཡོད་པར་མ་ཟད། བོད་ཀྱི་ མཐའ་མཚམས་དང་རྒྱུ་ནོར་མང་པོ་སྲུང་སྐྱོབ་ཐུབ་པ་བྱུང་བས། བཤད་སྒྲ་ དབང་ཕྱུག་རྒྱལ་པོ་དམག་དོན་བྱས་རྗེས་ཀྱི་གཟེངས་བསྟོད་ལྟ་བུར། གཞུང་ ནས་དེ་མ་ཐག་བཀའ་བློན་ལ་བསྐོ་གཞག་ཞུས། དུས་འདི་ནས་བཟུང་བཤད་ སྒྲ་དབང་ཕྱུག་རྒྱལ་པོ་ནི། བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ པ་དང་མཉམ་དུ། རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ལས་དོན་མང་པོ་ཞིག་ལ་ རང་བཞིན་གྱིས་འབྲེལ་བ་ཆགས་པ་ཡིན། བཤད་སྒྲ་དབང་ཕྱུག་རྒྱལ་པོ་ལས་དོན་གང་འདྲ་ཞིག་ལ་ཞུགས་ཀྱང་ རུང། ཤིན་ཏུ་རུ་ངར་པོ་དང་ཧུར་བརྩོན་ཆེན་པོ་གནང་མཁན་ཞིག་ཡིན་ པས། བཀའ་བློན་གྱི་གནས་རིམ་དུ་འབྱོར་བའི་རྗེས་སུ་ཡང། ཉིན་གཅིག་ ཀྱང་མཚན་གནས་རྫིག་པོའ་འོག་ཏུ་སྐྱིད་ཉལ་དལ་སྡོད་མི་མཛད་པར། གང་ ན་རང་ཉིད་དགོས་མཁོ་ཆེ་བའི་བྱ་བའི་ནང་དུ་ཞུགས་ཏེ། ཞི་དྲག་གི་ལས་ དོན་ཀུན་ལ་ཐེ་གཏོགས་སྟངས་འཛིན་ནན་པོ་གནང་གི་ཡོད་སྟབས། དུས་ ཡུན་ཐུང་ངུའི་ནང་བཤད་སྒྲ་ཁོང་བོད་ཀྱི་སྤྱི་ཚོགས་ཁྲོད་ཤིན་ཏུ་སྙན་གྲགས་ ཡོད་པ་ཞིག་ཏུ་གྱུར་པ་རེད། དཔོན་གནས་མཐོ་སར་སླེབས་ཟིན་པའི་སྐུ་དྲག་མང་པོ་ཞིག་གིས།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 137 ས་གནས་དངོས་ཀྱི་བདེ་སྡུག་དང་འཚོ་བའི་གནས་སྟངས་ལ་རྒྱུས་མངའ་ གང་ཡང་མེད་བཞིན་དུ། རྒྱང་ཐག་རིང་པོ་ནས་མངོན་ཤེས་ཀྱིས་གཟིགས་ པ་ལྟར་བྱས་ཏེ། མཚམས་རེར་གང་བྱུང་གིས་བཀའ་རྒྱ་རེ་གནང་བ་ལས་ དཀའ་ཁག་ཡོད་སའི་ས་གནས་ལ་དངོས་སུ་སྐོར་བསྐྱོད་བྱེད་མཁན་ཤིན་ ཏུ་དཀོན་པོར་གྱུར་ཡོད། ཡིན་ན་ཡང་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ས་གནས་ཀྱི་དངོས་ཡོད་ གནས་སྟངས་ཇི་བཞིན་རྟོགས་དགོས་པ་གལ་གནད་དུ་གཟིགས་ཏེ། མཐའ་ དབུས་ཀྱི་ས་ཁུལ་མང་པོ་ཞིག་ལ་རང་ཉིད་ཀྱིས་དངོས་སུ་སྐོར་སྐྱོད་མཛད་ ཅིང། ས་ཁུལ་སོ་སོའ་བདེ་སྡུག་དང་འཚོ་བའི་དངོས་ཡོད་ཀྱི་གནས་སྟངས་ རྟོགས་ཐབས་བྱེད་པར་མ་ཟད། མིག་མཐོང་བྱུང་བའི་དཀའ་ཁག་གི་རིགས་ རྣམས་ཐབས་ལམ་སྣ་ཚོགས་ཀྱིས་སེལ་ཐབས་གནང་གི་ཡོད། དཔེར་ན། ཁམས་ཕྱོགས་ཀྱི་ས་ངན་དང། བྲག་གཡབ། སྨར་ཁམས། དར་མདོ། རྒྱལ་ཐང་སོགས་དང། མདོ་སྨད་ཕྱོགས་ཀྱི་རྒྱལ་རོང་སོགས། དབུས་གཙང་ཕྱོགས་སུ་མོན་ཡུལ་སོགས་ཀྱིས་མཚོན་པའི་བོད་ཀྱི་སྟོད་ སྨད་བར་གསུམ་གྱི་ས་ཁུལ་མང་པོ་ཞིག་ལ་ས་མི་ཞིབ་དཔྱོད་དུ་ཕེབས་ཏེ། ས་གནས་མང་ཚོགས་ཀྱི་བདེ་སྡུག་གི་གནས་ཚུལ་ལ་རྒྱུས་ལོན་དང། མཐའ་ མཚམས་ཁག་གི་བསྲུང་བྱ། དེ་དག་ཏུ་ཡོད་པའི་དམག་མིའི་གནས་བབས་ བཅས་ལ་གཟིགས་རྟོག་དང། ཁྲལ་བསྡུ་ཁྲིམས་གནོན་བྱེད་སྟངས། མཐའ་ ཁུལ་གྱི་ལས་བྱེད་ཚོའི་བྱ་སྤྱོད་གཞུང་སའི་དགོངས་པ་དང་མཐུན་པ་ཡོང་ གི་ཡོད་མེད་བཅས། སྤྱི་སྒེར་གྱི་ཕྱོགས་མང་པོ་ལ་ཞིབ་འཇུག་གཏིང་ཟབ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 138 མཛད་ཀྱི་ཡོད། བཤད་སྒྲ་ས་གནས་གང་དུ་ཞིབ་དཔྱོད་དུ་ཕེབས་པ་ཡིན་ན་ཡང། རང་ ཉིད་ཀྱི་མཐོང་ཚུལ་ཙམ་གཙོ་བོར་མི་འཛིན་པར། ཕྱོགས་ཡོངས་ཀྱི་གནས་ ཚུལ་ལ་ཞིབ་འཇུག་གཏིང་ཕྱིན་པ་མཛད་ཅིང། ས་ཁུལ་གང་དུ་ཕྱིན་ནའང་ དེར་ཡོད་པའི་རྙོག་གླེང་ཆེ་ཆུང་མཐའ་དག་ཞི་འཇམ་དང་འདུམ་སྒྲིག་ཡོང་ ཐབས་གཙོ་འདོན་གནང་གི་ཡོད། དཔེར་ན། ཁམས་བྲག་གཡབ་ཏུ་བྲག་ གཡབ་བླ་མ་ཆེ་ཆུང་ཟློས་པའི་གནད་དོན་དང། མོན་ཕྱོགས་སུ་ཤེས་རབ་ གྲགས་པ་ཟེར་བའི་རྙོག་གླེང་ཞིབ་དཔྱོད་མཛད་པ་སོགས་གང་དུ་ཕྱིན་ཡང་ གཞུང་མང་ལ་བརྩེ་བ་དང། མང་ཚོགས་རྣམས་གཞུང་ལ་ཡིད་ཆེས་པ་སྟེ། གཞུང་མང་བར་གྱི་འབྲེལ་བའི་གཞི་རྩ་བརྩེ་བ་དང་ཡིད་ཆེས་ཀྱིས་བསྐྲུན་ པར་ཕྱོགས་སྣ་ཚོགས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་ གི་ཡོད་པ་རེད།
139 བཀའ་བློན་དང་ཞབས་སྡོད་ནས་གནས་ དབྱུང་བཏང་བ་། ༄༅། །བཤད་སྒྲ་དབང་ཕྱུག་རྒྱལ་པོ་ནི། སྐབས་དེའི་གཞུང་གི་བཀའ་བློན་ རྣམས་ལས་དགུང་ན་བགྲེས་ཤོས་ཡིན་པར་མ་ཟད། ཆོས་སྲིད་ཀྱི་མཁྱེན་རྒྱ་ དང། ཉམས་མྱོང། ལྷག་བསམ་གང་ཅིའི་ཐད་ནས་གཞན་དག་ལས་ཕུལ་དུ་ བྱུང་བ་ཞིག་ཡིན་པས། སྐབས་དེའི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་མི་སྣའི་ ཁྲོད་དུ་བརྩི་མཐོང་ཆེ་ཤོས་ཡོད་པའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་སྤྱི་པའི་བདེ་སྡུག་དང་འབྲེལ་བའི་གནས་ཚུལ་ཞིག་ལ་ཐུག་པའི་ སྐབས། སུ་ལ་ཡིན་ན་ཡང་འཇིགས་ཞུམ་དང་ངོ་སྲུང་མི་མཛད་པར་དགོངས་ ཚུལ་གང་ཡོད་ཞལ་གསོང་པོས་གསུང་བ་ནི། བཤད་སྒྲ་དབང་ཕྱུག་རྒྱལ་ པོའ་སྤྱི་པའི་ལས་འགན་སྒྲུབ་སྟངས་དང། ཁོང་གི་ཁྱད་ཆོས་དམིགས་བསལ་ བ་ཞིག་ཏུ་བགྲང་ཆོག་པའི་གཤིས་ཀ་ཞིག་ཡིན། དེར་བརྟེན་ཁོང་གི་མི་ཚེའི་ ནང་ལས་དོན་གང་འདྲ་ཞིག་བསྒྲུབས་ཀྱང། གཤིས་ཀ་འདི་དང་འབྲེལ་བ་ གཏིང་ཟབ་ཡོད་པ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 140 སྐབས་ཤིག་ནས་སྲིད་སྐྱོང་རྭ་སྒྲེང་ 1 གི་ཉེ་གནས་འགའ་ཤས་ཀྱིས་ གཞུང་གི་སྲིད་ཐམ་ 2གང་བྱུང་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། མང་ཚོགས་ ཁྲོད་གཞུང་གི་ཐག་གཅོད་དང་ལས་དོན་སྒྲུབ་སྟངས་ཐད་བསམ་ཚུལ་སྣ་ ཚོགས་ཡོང་གི་ཡོད། དེར་བརྟེན་བཤད་སྒྲ་དབང་ཕྱུག་རྒྱལ་པོའ་བསམ་པར་ སྲིད་ཐམ་ཀང་བྱུང་ལ་བཀོལ་སྤྱོད་བྱེད་རྒྱུ་མང་དྲགས་ན། དགའ་ལྡན་ཕོ་བྲང་ བའི་མཚན་ཤས་ལ་གནོད་སྐྱོན་འབྱུང་བ་དང། གཞུང་གི་ཆབ་སྲིད་ལ་ཐལ་ ཆ་འབྱུང་ཉེན་ཆེ་ཞིང། ནང་ཁུལ་ལ་ཡང་ལབ་གླེང་སྣ་ཚོགས་འབྱུང་སྲིད་ པར་མ་ཟད། སྲིད་སྐྱོང་རྭ་སྒྲེང་རང་ཉིད་ཀྱི་མཚན་དོན་ལ་ཡང་གནོད་པ་ཡོང་ ཉེན་ཆེ་སྙམ་པའི་དགོངས་ཚུལ་ཞིག་བྱུང་བ་རེད། བཤད་སྒྲས་གོ་སྐབས་ཤིག་དང་བསྟུན་ནས་ལས་རོགས་བཀའ ་ བློན་ཚོ་ལ་རང་གི་བསམ་ཚུལ་ཇི་བཞིན་བཤད་པ་ན། བཀའ ་ བློན་ ཡོངས་རྫོགས་ 3 ཀྱིས་དགོངས་ཚུལ་ལེགས་པོ་འདུག་པས་མོས་མཐུན་ ཡོད་ལུགས་གཅིག་གྱུར་གྱིས་བཤད་པར་མ་ཟད། ཉིན་ཞིག་སྲིད་སྐྱོང་ རྭ་སྒྲེང་མཆོག་ལ། སྲིད་ཐམ་ཀང་བྱུང་བེད་སྤྱོད་བྱེད་རྒྱུ་མང་དྲགས་ན། 1 སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ། རྭ་སྒྲེང་སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་ མཚོ་མཆོག་ཡིན། ཕྱི་ལོ་ ༡༨༡༦ ལོར་སྐུ་འཁྲུངས། ཕྱི་ལོ་ ༡༨༦༣ ལོར་རྒྱ་ནག་ནས་བོད་ དུ་ཕེབས་ལམ་དུ་སྐུ་གཤེགས། 2 སྲིད་ཐམ། སྲིད་སྐྱོང་གིས་རང་གི་སྐུ་དབང་དང་འབྲེལ་ནས་བེད་སྤྱོད་གནང་རྒྱུའི་ཐམ་ཀ་ ཞིག་ཡིན། 3 བཀའ་བློན་ཡོངས་རྫོགས། བཤད་སྒྲ་དབང་ཕྱུག་རྒྱལ་པོས་བཀའ་བློན་གྱི་མཛད་འགན་ བཞེས་པའི་སྐབས་ཀྱི་བཀའ་ཤག་ལྷན་རྒྱས་ནི། བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང། ཞབས་ པད་བཀྲ་ཤིས་ཁང་གསར། བསམ་འགྲུབ་ཕོ་བྲང། སྐྱིད་སྟོད་པ། ལྕང་རྒྱབ་པ་བཅས་ཡིན།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 141 གཞུང་སྲིད་དང་སྲིད་སྐྱོང་སྐུ་སྒེར་གྱི་མཚན་དོན་གཉིས་ཀ་ལ་ཉེས་སྐྱོན་ སྣ་ཚོགས་འབྱུང་སྲིད་པས། སྲིད་ཐམ་བཀོལ་རུང་མིན་ཐད་སྲིད་སྐྱོང་ མཆོག་གིས་ཐུགས་ཞིབ་གནང་གལ་ཆེ། ཞེས་རང་ཉིད་ཀྱི་བསམ་ཚུལ་ ལྷག་བསམ་རྣམ་དག་གིས་ཞུས། སྲིད་སྐྱོང་གིས་དེ་མ་ཐ ག ཁྱེད་ཀྱི་ དགོངས་ཚུལ་དེ་བོད་སྤྱི་པའི་ཆབ་སྲིད་ཕུགས་བརྟན་ཡོང་བ་དང། ང་ རང་སྒེར་པ་ལ་ཡང་ཕན་ཐོགས་ཡོད་པའི་བསམ་ཚུལ་ལེགས་པོ་ཞིག་ རེད། ཅེས་བསྔགས་བརྗོད་དང་བཅས། བཤད་སྒྲའི་དགོངས་ཚུལ་ལ་ ངོས་ལེན་གཙང་མ་གནང་བ་རེད། བཤད་སྒྲ་དབང་ཕྱུག་རྒྱལ་པོ་ལ་མཚོན་ན། སྲིད་སྐྱོང་གིས་རང་གི་ བསམ་ཚུལ་ལ་བསྔགས་བརྗོད་ཡོང་བའི་རེ་བ་བྱས་མེད་ཀྱང། རང་གི་ བསམ་པ་དང་སྦྱོར་བ་གཉིས་ཀ་ལ་གཡོ་བྱུས་གཏན་ནས་མ་འདྲེས་པའི་ བསམ་ཚུལ་དེ་ལ། སྲིད་སྐྱོང་རྭ་སྒྲེང་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱིས་ ངོས་འཛིན་ཡག་པོ་ཡོང་བའི་རེ་བ་དང་ཡིད་ཆེས་གཙང་མ་ཞིག་བྱེད་ཀྱི་ ཡོད་པ་སྨོས་མ་དགོས་པ་རེད། ཐོག་མའི་སྐབས་བཀའ་ཤག་ལྷན་རྒྱས་ཀྱིས་ཀྱང་བཤད་སྒྲའི་དགོངས་ ཚུལ་བཏོན་པ་དེར་མངོན་གསལ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། སྲིད་ སྐྱོང་གི་བཀའ་འབྲེལ་ལྟར་བཤད་སྒྲ་དབང་ཕྱུག་རྒྱལ་པོ་བཀའ་བློན་ཡིན་ མུས་ཐོག སྲིད་ཐམ་དོ་དམ་པར་བསྐོ་གཞག་ཞུས་པ་རེད། ལས་དོན་འདིའི་ ནང་སྲིད་སྐྱོང་དང་བཤད་སྒྲ་གཉིས་ཀ་ལ་དབང་ཆ་འཕྲོག་རྩོད་ལྟ་བུའི་ཆབ་ སྲིད་ཀྱི་ཀུན་སློང་དང་གཡོ་ཐབས་གཏན་ནས་མེད་ཀྱང། སྲིད་ཐམ་ལ་དོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 142 དམ་བྱེད་པའི་འགན་ཁུར་བཤད་སྒྲ་ལ་བསྐུར་བ་ནི། རྭ་སྒྲེང་གི་ཉེ་གནས་ ཚོར་རྣམ་རྟོག་སློང་རྐྱེན་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད་པ་རེད། བཤད་སྒྲས་ཀྱང་རང་གིས་སྲིད་ཐམ་བཀོལ་སྤྱོད་ལ་སྟངས་འཛིན་བྱས་ ཚེ༑ སྲིད་སྐྱོང་གི་ཉེ་གནས་ཚོར་ཕོག་ཐུག་འགྲོ་རྒྱུ་ཡིན་པ་གསལ་པོ་ཤེས་ ཀྱི་ཡོད་ཀྱང། གཞུང་གི་ཆབ་སྲིད་ཕུགས་བཙན་པོ་ཡོང་བ་དང། གཞུང་ས་ མཆོག་ལ་རྙོག་གླེང་མི་ཡོང་བའི་དོན་དུ། སྒེར་པ་སུ་ལ་ཕོག་ཐུག་སོང་ཡང་ རུང་འཛེམས་ཟོན་མེད་པར་སྲིད་ཐམ་ལ་སྟངས་འཛིན་ནན་ཏན་བྱ་རྒྱུ་ཡིན་ པའི་ཐག་གཅོད་གནང་བ་རེད། བཤད་སྒྲ་དབང་ཕྱུག་རྒྱལ་པོས་སྲིད་སྐྱོང་དང་བཀའ་ཤག་གིས་རང་ ཉིད་ལ་འགན་བསྐུར་བ་ལྟར། སྲིད་ཐམ་ཀང་བྱུང་རྒྱག་རྒྱུར་ཚོད་འཛིན་ བྱེད་ཀྱི་ཡོད་སྟབས། སྲིད་སྐྱོང་གི་ཉེ་གནས་ཕྱོགས་ལྷུང་ཅན་ཚོའི་བྱ་སྤྱོད་ ལ་རང་བཞིན་གྱིས་བཀག་སྡོམ་ཐེབས་ཀྱི་ཡོད་པར་བརྟེན། ཁོ་ཚོས་བཀའ་ བློན་བཤད་སྒྲ་ནས་སྲིད་སྐྱོང་གི་ཐམ་ཀར་ཚོད་འཛིན་བྱེད་པ་ནི། སྲིད་སྐྱོང་ གི་དབང་ཆ་འཕྲོག་འདོད་ཀྱི་གྲ་སྒྲིག་ཡིན་པས་སྲིད་སྐྱོང་གིས་བཤད་སྒྲ་ མགོ་འབུར་མི་ཐུབ་པ་གནང་དགོས་པ་རེད། ཅེས་སྲིད་སྐྱོང་ལ་ཕྲ་མ་སྣ་ ཚོགས་ཞུས་ཏེ་སྲིད་སྐྱོང་གི་དགོངས་པ་སྒྱུར་ཐབས་ཀྱི་ངན་ལབ་སྣ་ཚོགས་ བྱེད་ཀྱི་ཡོད། མཚམས་ཤིག་ནས་སྲིད་སྐྱོང་རྭ་སྒྲེང་གིས་ཀྱང་ཉེ་གནས་ཚོའི་ཕྲ་མའི་ ཞུ་ཚིག་ལ་ཡིད་ཆེས་གནང་སྟེ། བཤད་སྒྲ་ལ་མངོན་གསལ་དོད་པོས་གནོད་ འཚེ་གནང་ཐུབ་ཀྱི་མེད་ཀྱང། ལས་འགུལ་དེའི་ངོ་བོ་རྣམ་པ་གཞན་པ་ཞིག་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 143 ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད། སྐབས་དེར་བཤད་སྒྲའི་ཕྱག་རོགས་བཀའ་བློན་ རྣམས་ཀྱིས་སྲིད་སྐྱོང་གི་གནང་ཕྱོགས་ཀྱི་ཐོག་ནས་ག་རེ་གནང་རྩིས་ཡོད་ མེད་གསལ་པོ་མཁྱེན་གྱི་ཡོད་ཀྱང། བཀའ་བློན་རྣམས་ཀྱིས་སོ་སོ་སྲུང་ ཐབས་གཙོ་འདོན་བྱེད་པ་ལས། བཤད་སྒྲའི་སྤྱི་སེམས་ཀྱི་ལས་འགུལ་དེ་ཁ་ ཕྱོགས་ངན་པ་ཞིག་ཏུ་སྒྱུར་བར་དགག་བྱ་བྱེད་མཁན་གཅིག་ཀྱང་བྱུང་མེད། སྲིད་སྐྱོང་གི་ཉེ་གནས་དེ་ཚོས་བཤད་སྒྲས་སྲིད་ཐམ་དོ་དམ་པའི་ལས་ འགན་མཚམས་འཇོག་བྱས་ཀྱང། མུ་མཐུད་བཀའ་ཤག་ཏུ་གནས་པ་ཡིན་ ན་སྲིད་སྐྱོང་གི་སྐུ་དབང་ལ་ཉེན་ཁ་འབྱུང་སྲིད་པར་མ་ཟད། ཁོ་ཚོའི་མདུན་ ལམ་དང་ཁེ་ཕན་ལ་ཡང་དོ་ཕོག་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་ ཡོད་སྟབས། གོ་སྐབས་ནམ་བྱུང་ལ་བཤད་སྒྲའི་ལྷག་བསམ་རྣམ་དག་གི་ ལས་འགུལ་དེ། གཞུང་ས་དགའ་ལྡན་ཕོ་བྲང་པ་དང་སྲིད་སྐྱོང་རྭ་སྒྲེང་ལ་ངོ་ ལོག་བྱ་རྒྱུའི་གྲ་སྒྲིག་ཡིན་པའི་ཁྱབ་བསྒྲགས་གང་ཐུབ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བཤད་སྒྲ་དབང་ཕྱུག་རྒྱལ་པོའ་བསམ་པར། གནས་ཚུལ་ འདིའི་བདེན་རྫུན་ནི་དངོས་ཡོད་དང་ལོ་རྒྱུས་ཀྱི་འགྱུར་བའི་གནས་སྟངས་ ཤིག་གི་ཐོག་ནས་ར་འཕྲོད་དགོས་པ་མ་གཏོགས། རང་ངོས་ནས་གསལ་ བཤད་ཇི་ཙམ་བྱས་ཀྱང་རུང། ཕྱོགས་ཁག་དང་དཔུང་སྟོབས་ཆེ་ཆུང་གི་ དབང་གིས་རང་ཉིད་གཞུང་ལ་ངོ་ལོག་པ་མིན་པའི་གནས་ཚུལ་གསལ་པོར་ ཆགས་མི་ཐུབ་པ་ཤེས་ཀྱི་ཡོད། དེར་བརྟེན་བཤད་སྒྲ་དབང་ཕྱུག་རྒྱལ་པོས་རྒྱུན་ལྡན་ལྟར་རང་གི་ འགན་འཁྲིའི་ལས་དོན་ཐོག་ཧུར་བརྩོན་གནང་བ་མ་གཏོགས། རང་ཉིད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 144 དཀར་འདོན་ཡོང་ཐབས་ཀྱི་འབད་བརྩོན་དམིགས་བསལ་བ་གང་ཡང་ གནང་གི་མེད་ལ། ཕྱག་རོགས་བཀའ་བློན་ཚོས་བདེན་རྒྱབ་མ་བྱས་པ་ལ་ ཡང་འཁང་ར་དང། ལེ་འདེད་ཀྱི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད། འོན་ཀྱང་སྲིད་སྐྱོང་རྭ་སྒྲེང་གི་ཉེ་གནས་ཚོས་བཤད་སྒྲ་དབང་ཕྱུག་ རྒྱལ་པོ་ནི་གཞུང་ས་དགའ་ལྡན་ཕོ་བྲང་པ་དང། སྲིད་སྐྱོང་མཆོག་ལ་ངོ་ ལོག་བྱེད་མཁན་ཡིན་ལུགས་ཀྱི་གནས་ཚུལ་རྫུན་མ་མུ་མཐུད་བརྒྱུད་སྒྲོག་ བྱས་ཏེ། བཤད་སྒྲ་བཀའ་བློན་ནས་གནས་དབྱུང་བཏང་བས་མི་ཚད། ད་དུང་ བཤད་སྒྲ་ལ་དེ་ལས་ནག་ཉེས་ཆེ་བའི་སྐྱོན་འཛུགས་ཤིག་བྱ་རྒྱུའི་གོ་སྐབས་ ཤིག་ལ་བསྒུགས་ནས་བསྡད་ཡོད། སྐབས་དེ་ཏག་ཏག་ལ་སྔ་མོ་བོད་གཞུང་དང་གོར་ཥའི་ཆིངས་དོན་ སྐབས། བཤད་སྒྲ་དང་ངོ་ཤེས་ཆགས་པའི་གོར་ཥའི་བློན་ཆེན་ཞིག་གིས། དེང་སང་ཁྱེད་ཀྱི་གནས་ཚུལ་གཏན་ནས་གོ་རྒྱུ་མེད་པར་གྱུར་འདུག ཁྱེད་ ཀྱིས་ག་རེ་གནང་གི་ཡོད་ཅེས་པའི་འཕྲིན་ཡིག་འབྱོར་བར། བཤད་སྒྲས། ངའི་ཐོག་སྤྱི་དོན་སྒེར་ལྷུང་གི་གནས་ཚུལ་ཞིག་བྱུང་སྟེ་དེང་སང་རང་གི་ གཞིས་ཀར་ཁ་ཁུ་སིམ་པོ་བྱས་ནས་བསྡད་ཡོད། ཅེས་པའི་འཕྲིན་ལན་ཞིག་ བསྐུར་བ་སྲིད་སྐྱོང་ཕྱོགས་ཀྱི་ལག་ཏུ་ཤོར་བ་རེད། ཁོ་ཚོས་གནས་ཚུལ་འདི་ནི། གྲོགས་པོའ ་བར་གྱི་སྤྱིར་བཏང་གི་ འཕྲིན་ཡིག་གི་འབྲེལ་བ་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ཀྱང། ཁོ་ཚོ་ ལ་མཚོན་ན་འདི་བེད་སྤྱོད་ཤིན་ཏུ་གཏོང་བདེ་པོ་ཞིག་ཡིན་པས། བཤད་ སྒྲ་དབང་ཕྱུག་རྒྱལ་པོས་དགྲ་ཕྱོགས་ལ་གསང་འབྲེལ་བྱས་ཏེ། གཞུང་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 145 སྲིད་མགོ་རྟིང་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ཅེས་འཕྲལ་དུ་དམག་མི་ བཏང་སྟེ། བཤད་སྒྲ་ཕྱིར་ལྡོག་རྒྱུ་མེད་པ་བྱ་དགོས་པའི་བཀོད་ཁྱབ་བཏང་ བ་རེད།
146 དགོན་པའི་སློབ་སྦྱོང་གི་ཤུགས་རྐྱེན་ཐེབས་ པའི་ཆབ་སྲིད་མི་སྣ་། ༄༅། །ཐེངས་ཤིག་ཞོགས་པ་སྔ་པོ་ཞིག་ལ། མདའ་དཔོན་ 1ཐོན་པས་ རྒྱལ་ཚབ་རྭ་སྒྲེང་དང། བཀའ་ཤག་གི་བཀའ་བཀོད་ལྟར་དཔུང་སྣེ་ཁྲིད་དེ་ བཤད་སྒྲའི་གཞིས་ཀར་འབྱོར་བ་རེད། སྐབས་དེ་ནི་གནམ་གཤིས་ཤིན་ ཏུ་གྲང་བའི་ཉིན་མོ་ཞིག་ཡིན་པས། བཤད་སྒྲ་ད་དུང་གཟིམ་ཆས་ལས་ཕྱི་ ལ་ཐོན་མེད། མདའ་དཔོན་ཐོན་པ་དཔུང་བཅས་གློ་བུར་བཤད་སྒྲའི་ནང་དུ་འབྱོར་ བ་ན། བཤད་སྒྲས། མདའ་དཔོན། ད་ལམ་དམག་དང་བཅས་འདིར་ཕེབས་ དགོས་པར་ཛ་དྲག་གི་ལས་དོན་ཅི་ཞིག་ཡོད། ང་ཚོ་འདིར་ངོ་གཡོག་གསུམ་ ལས་མེད་པས། ཤིག་གསོད་པར་སྟ་གྲི་འཕྱར་དགོས་དོན་མེད། དམག་མི་ ཚོར་གང་བྱུང་གིས་མེ་མདའ་རྒྱག་ཐལ་མ་བྱེད་གསུང་དགོས། ང་རྒད་པོ་ 1 མདའ་དཔོན། དེ་སྔའི་བོད་སྡེ་པ་གཞུང་གི་དམག་དཔོན་གྱི་གོ་གནས་རིམ་པ་གཉིས་པ་སྟེ། དམག་མི་ཆིག་སྟོང་ཙམ་གྱི་བཀོད་འདོམས་བྱེད་མཁན་གྱི་གྲས་ཤིག
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 147 གསོད་བཟུང་ག་རེ་གནང་འདོད་ཡོད་ཀྱང། མདའ་དཔོན་ཁྱེད་རང་གི་ལག་ པར་ཡོད། ཅེས་དངངས་སྐྲག་གང་ཡང་མེད་པར་གསུངས། མདའ་དཔོན་ཐོན་པས། རང་ཉིད་འདིར་ཡོང་དགོས་པའི་རྒྱུ་མཚན་ གསལ་བཤད་བྱས་པ་དང་མཉམ་དུ། བཀའ་ཤག་གིས་གནང་བའི་བཀའ་ རྒྱ་བཤད་སྒྲའི་ཕྱག་ཏུ་ཕུལ་བ་ན། བཤད་སྒྲས་བཀའ་ཤག་གི་བཀའ་རྒྱ་ལ་ ཞིབ་ཏུ་གཟིགས་པའི་སྐབས། ཡི་གེ་དེའི་ནང་དུ་བཤད་སྒྲ་གསོད་ཅེས་ཁ་ གསལ་པོ་བཀོད་མེད་ཀྱང། ཕྱིར་ལྡོག་རྒྱུ་མེད་པ་བྱ་དགོས་ཞེས་པའི་ཚིག་ འཁོད་པ་ནི། ཕལ་ཆེར་རང་ཉིད་གསོད་རྒྱུའི་འཆར་གཞི་ཡིན་པའི་དོགས་ པ་ཞིག་བྱུང་བ་རེད། འོན་ཀྱང་མདའ་དཔོན་ཐོན་པས་བཤད་སྒྲ་རང་ཉིད་གསོད་རྒྱུ་ཡིན་པར་ དངངས་སྐྲག་གཏན་ནས་མ་བྱུང་ཡང། བཤད་སྒྲ་ཁོང་ལོ་རྒྱུས་ལ་འགན་ཁུར་ དང་ཐུགས་སྣང་ཆེན་པོ་མཛད་མཁན་ཞིག་ཡིན་པས། མི་རབས་ཕྱི་མ་ཚོར་ རང་ག ་མི་ཚེའི་བརྒྱུད་རིམ་དང། ད་ལྟའི་གནས་བབ། འདས་པའི་བྱས་རྗེས་ བཅས་ངོ་སྤྲོད་བྱ་དགོས་པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། དེར་བརྟེན་བཤད་སྒྲ་རང་ཉིད་གཞུང་ཞབས་ལ་འཛུལ་བ་ནས་བཟུང་ སྟེ༑ བཀའ་བློན་གྱི་གནས་རིམ་ལ་སླེབས་པའི་བར་གྱི་གནས་ཚུལ་དང། གཞུང་གི་ཞི་དྲག་གི་ལས་དོན་མང་པོར་ཕན་ནུས་ཐོན་པའི་ལས་དོན་ཅི་སྒྲུབ་ བཅས། ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྣམས་ཞིབ་ཕྲར་གསུངས་ པར་མ་ཟད། བར་ལམ་གོར་ཥའི་དཔོན་རིགས་ཚོར་ཡིག་འབྲེལ་བྱས་པར་ སྲིད་སྐྱོང་གིས་ཁ་བསྒྱུར་གྱིས་ཉེས་འཛུགས་བྱས་ལུགས། རང་ངོས་ནས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 148 གོར་ཥའི་དཔོན་རིགས་ཚོར་ཡིག་འབྲེལ་བྱེད་དགོས་པའི་རྒྱུ་མཚན་བཅས་ ཞིབ་ཏུ་མདའ་དཔོན་ཐོན་པ་ལ་གསུངས་པ་རེད། བཤད་སྒྲས་རང་ངོས་ནས་མདའ་དཔོན་ཐོན་པ་སོགས་ལ་བཤད་ འདོད་ཡོད་པའི་སྐད་ཆ་ཡོངས་རྫོགས་ཞིབ་ཕྲ་བཤད་གྲུབ་པ་ན། ད་ང་རྒད་ པོ་གསོད་རྡུང་འཛིན་གསུམ་ག་རེ་གནང་དགོས་ཀྱང་རུང། གཞུང་གི་བཀའ་ བཀོད་ལྟར་མཛད་ན་འགྲིགས། ཞེས་གོང་རིམ་གྱི་བཀའ་ཁྲིམས་ཇི་བཞིན་ དང་ལེན་བྱ་རྒྱུའི་རྣམ་འགྱུར་གསལ་པོ་བསྟན་པ་རེད། བཤད་སྒྲའི་སྐད་ཆའི་མགོ་མཇུག་ཆ་ཚང་ལ་ཞིབ་ཏུ་ཉན་པའི་རྗེས་ མདའ་དཔོན་ཐོན་པའི་བསམ་པར། བྱས་པ་ཅན་གྱི་མི་འདི་ལྟ་བུ་ཞིག་ངས་ བསད་པ་ཡིན་ན། བོད་ལྗོངས་སེར་སྐྱ་མི་མང་ནས་སྲིད་སྐྱོང་ལ་མཚན་ དམས་ཞུ་ངེས་པར་མ་ཟད། མདའ་དཔོན་རང་ཉིད་ལ་ཡང་ལག་དམར་གྱི་ མིང་ཤས་ངན་པ་ཡོང་རྒྱུ་དང། བཤད་སྒྲའི་ཕྱོགས་གཏོགས་ཀྱིས་རང་གི་མི་ རྒྱུད་དང་བཅས་པ་ལ་དགྲ་ཤ་ལེན་རྒྱུའི་ཉེན་ཁ་ཡོང་བསམ་སྟེ། དེ་མ་ཐག་ བཤད་སྒྲ་གསོད་རྒྱུའི་བསམ་བློ་ལ་འགྱུར་བ་ཕྱིན་པ་རེད། འོན་ཀྱང་བཤད་སྒྲ་དབང་ཕྱུག་རྒྱལ་པོ་བསྐྱར་དུ་ཆབ་སྲིད་ཀྱི་སྟེགས་ བུའི་ཐོག་འབུད་རྒྱུ་མེད་པ་ཞིག་བྱ་དགོས་པ་ནི། སྲིད་སྐྱོང་རྭ་སྒྲ ང་གིས་དབུ་ ཁྲིད་པའི་གཞུང་འཛིན་བཀའ་ཤག་གི་བཀའ་རྒྱའི་དགོངས་དོན་ཡིན་པས། མདའ་དཔོན་ཐོན་པས་བཤད་སྒྲ་ཕྱིར་ལྡོག་རྒྱུ་མེད་པའི་ཚེ་བཙོན་བྱ་རྒྱུར་ ཐག་གཅོད་བྱས་པ་རེད། མདའ་དཔོན་ཐོན་པས། ད་ཁྱེད་རང་གསོད་རྒྱུ་རེད་དགོངས་པའི་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 149 ཞེད་སྣང་མཛད་མི་དགོས། ངས་ཁྱེད་རང་སྙེ་མོ་རྒྱལ་བྱེད་ཚལ་དགོན་ 2དུ་དོ་དམ་བཙོན་འཇུག་བྱ་རྒྱུ་ཡིན། ཞེས་ཞུས་པར། བཤད་སྒྲས། ང་ཤི་ བ་ལ་ཞེད་མཁན་གྱི་མི་ཞིག་མིན། སྐྱེས་པའི་མཐའ་མ་ལ་འཆི་བ་འཇིག་ རྟེན་གྱི་ཆོས་ཉིད་ཡིན། འོན་ཀྱང་མ་ཤི་བར་ཉིན་གཅིག་གསོན་པོར་སྡོད་ རྒྱུ་བྱུང་ཡང། ཁ་འདོན་དགེ་སྦྱོར་བྱེད་རྒྱུ་ཡོང་གི་རེད། ཅེས་མ་ཤི་བར་ ཉིན་གཅིག་གསོན་པོར་བསྡད་ཀྱང་དགེ་སྒྲུབ་བྱ་རྒྱུ་ཡིན་པའི་བསམ་ཚུལ་ གསལ་འདོན་མཛད། འཆི་བ་ནི་མི་ཡོངས་རྫོགས་ཀྱིས་མི་འདོད་པའི་དངངས་སྐྲག་སྐྱེ་གཞི་ ཞིག་ཡིན་ལ། མི་ཞིག་ལ་མཚོན་ན། འཆི་བ་ནི་མཐའ་མའི་འུ་ཐུག་གི་གདམ་ ཀ་ཞིག་ཡིན་ཞིང། མི་མང་ཆེ་བས་རང་གི་སྲོག་ཐར་བའི་དོན་དུ་བྱ་བ་ཅི་ ཞིག་ཡིན་ཀྱང་སྒྲུབ་རྒྱུ་ཐེ་ཚོམ་མེད། འོ་ན་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ འཆི་བ་ལ་དངངས་སྐྲག་མི་བྱེད་པར། རང་ཉིད་གསོད་རྒྱུ་དང་ལེན་བྱེད་པའི་ བློ་སྤོབས་འདི་གང་ནས་བྱུང་བ་ཡིན་ནམ། འདི་ནི་རང་བཞིན་གྱིས་ཡོང་བའི་ དྲི་བ་གལ་ཆེན་ཞིག་ཡིན། དྲི་བ་འདིའི་ལན་ནི། བཤད་སྒྲའི་མི་ཚེའི་བརྒྱུད་རིམ་ནས་འཚོལ་ དགོས་པ་ལས་གཞན་གང་དུ་ཡང་རྙེད་མི་སྲིད། བཤད་སྒྲ་ཐོག་མར་དགོན་ པའི་ནང་གྲྭ་པ་བྱས་ཤིང། ཆོས་དང་རིག་གནས་ཀྱི་སློབ་སྦྱོང་གཏིང་ཟབ་ 2 སྙེ་མོ་རྒྱལ་བྱེད་ཚལ་གྱི་དགོན་པ། ཐོག་མར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ ཕྱི་ལོ་ ༡༠༥༩ ལོར་ཕྱག་འདེབས་མཛད། རྒྱལ་དབང་ལྔ་པའི་དབུ་བླ་གནང་བ་མཁས་ བཙུན་ཡོན་ཏན་རྒྱ་མཚོས་དགེ་ལྡན་ལུགས་ཕྱག་བཞེད་མཛད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 150 ཐོབ་པ་ནི། ཁོང་གིས་འཆི་བ་ལ་ཚད་ལས་བརྒལ་བའི་དངངས་སྐྲག་མི་ བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ངེས་ཤིང། ཁོང་གི་མི་ཚེའི་ལྟ་བ་ལ་ གཞན་དང་མ་འདྲ་བའི་ཁྱད་ཆོས་མང་པོ་ཡོད་དགོས་པའི་རྒྱུ་མཚན་གཙོ་ བོ་ཡང་དེ་ཡིན་པར་མ་ཟད། བཤད་སྒྲའི་མི་ཚེ་ཆབ་སྲིད་ཀྱི་མི་སྣ་གཞན་ དག་དང་མ་འདྲ་བ་ཞིག་དང། ལས་དོན་སྒྲུབ་སྟངས་ཀྱང་ཆོས་ཕྱོགས་ཀྱི་ ཤ གས་རྐྱེན་ཆེ་བ་ཞིག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་དགོན་པའི་སློབ་ གསོའ་ཤ གས་རྐྱེན་ལས་བྱུང་བ་སྨོས་མ་དགོས། བཤད་སྒྲ་ཁོང་ཆོས་དད་པ་ཞིག་ཡིན་པའི་ངོས་ནས། གྲྭ་པའི་བསླབ་ སྡོམ་སྲུང་མ་ཐུབ་པར་འགྱོད་པ་ཡོད་སྲིད་ཀྱང། སྤྱིར་དགོན་པའི་ནང་གྲྭ་ པ་བྱེད་མྱོང་བ་ནི། ཁོང་གིས་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ པར་མ་ཟད། རང་གི་མི་ཚེ་ནུས་ཤ གས་ལྡན་པ་ཞིག་བྱུང་བའི་རྒྱུ་རྐྱེན་གཙོ་ བོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།
151 བཙོན་ཁང་ནས་ཐོན་རྗེས་ཀྱི་ལས་འགུལ་། ༄༅། །བོད་ཀྱི་ཆབ་སྲིད་མི་སྣའི་ཁྲོད་ཤིན་ཏུ་མཚན་སྙན་ཆེ་བའི་བཤད་སྒྲ་ དབང་ཕྱུག་རྒྱལ་པོ་ཁོང། སྐབས་ཤིག་ལ་སྤྱི་ཚོགས་ཀྱི་མིག་སྔ་ན་གློ་བུར་ དུ་མི་མངོན་པར་གྱུར་པར་བརྟེན། ལྷ་སའི་མང་ཚོགས་ཕལ་ཆེ་བའི་བསམ་ པར། བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་ལྐོག་ གསོད་བྱས་པ་ཡིན་ཤག་བྱེད་ཀྱི་ཡོད། འོན་ཀྱང་བཤད་སྒྲ་རང་ཉིད་ལ་མཆོད་ཡོན་གྱི་འབྲེལ་བ་ཟབ་པའི་ དགའ་ལྡན་དགོན་པའི་ངོས་ནས། མང་ཚོགས་ཀྱི་བཤད་ཚུལ་རྐྱང་པ་ལ་ཆ་ འཇོག་དང་ཡིད་ཆེས་མ་བྱས་པར། བཤད་སྒྲའི་ཤི་གསོན་གྱི་གནས་ཚུལ་ གསལ་པོ་བྱ་དགོས་པ་གལ་གནད་ཆེན་པོ་གཟིགས་ཏེ། གསང་བའི་ཐོག་ ནས་བཤད་སྒྲའི་གནས་ཚུལ་གང་སར་རྩད་གཅོད་རིམ་པ་བྱས་པ་རེད། ཁོང་ཚོས་མྱུལ་ཞིབ་རིམ་པར་བྱས་པའི་མཐའ་མར། བཤད་སྒྲ་དབང་ ཕྱུག་རྒྱལ་པོ་གསོན་པོར་བཞུགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བས། དེ་མ་ཐག་ཤར་རྩེ་མཁན་པོའ་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་གསང་ བའི་སྒོ་ནས་འབྲེལ་མཐུད་བྱེད་མཁན་མྱུལ་ཞིབ་པ་སྣ་ཚོགས་གོ་སྒྲིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 152 བྱས་ཏེ། བཤད་སྒྲ་དང་འབྲེལ་བ་ལན་མང་བྱེད་ཀྱི་ཡོད་པར་མ་ཟད། ལས་ དོན་གལ་ཆེ་བའི་རིགས་བཤད་སྒྲ་ལ་ཡིག་ཐོག་ནས་ཕུལ་ཏེ། བཤད་སྒྲའི་ དགོངས་པ་བཞེས་ཚུལ་ལ་རྒྱུས་ལོན་བྱེད་ཀྱི་ཡོད། བཤད་སྒྲ་དབང་ཕྱུག་རྒྱལ་པོས་རང་ཉིད་ལ་བདེན་པ་ཡོད་སྟབས། ནམ་ཞིག་ལ་བདེན་པ་མཐའ་གསལ་ཡོང་བའི་ཡིད་ཆེས་གནང་སྟེ། མདའ་ དཔོན་གྱི་བཀོད་ཁྱབ་ལྟར་མུ་མཐུད་བཟང་བཙོན་དུ་བཞུགས་པ་ལས། རང་ ཤེད་ཀྱིས་བཙོན་ནས་ཐོན་རྒྱུར་བསམ་བློ་གཏན་ནས་གཏོང་གི་མེད། ཡིན་ནའང་། ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་སྲིད་སྐྱོང་རྭ་སྒྲེང་ ཕྱོགས་གཏོགས་ཀྱི་དྲང་བདེན་མིན་པའི་ཐག་གཅོད་དེ་ལ། ངོ་ལོག་བྱ་རྒྱུའི་ གསང་བའི་འཆར་གཞི་སྣ་ཚོགས་བཟོ་བཞིན་ཡོད་པར་མ་ཟད། འཆར་གཞི་ དེ་དག་མང་ཆེ་བ་ཡིད་ཆེས་འཕེར་བའི་མི་སྣ་རེ་བརྒྱུད་ནས་གསང་བའི་ སྒོ་ནས་བཤད་སྒྲ་ལ་ཡང་འབུལ་གྱི་ཡོད་སྟབས། བཤད་སྒྲས་ཀྱང་རང་གི་ བདེན་མཐའ་གསལ་བའི་དུས་ལ་སླེབས་པ་ཡིན་ནམ་སྙམ་པའི་རེ་བ་བྱེད་ཀྱི་ ཡོད་པ་རེད། བཤད་སྒྲ་དབང་ཕྱུག་རྒྱལ་པོས་དཔལ་ལྡན་དོན་གྲུབ་ཀྱི་གསང་བའི་ འཆར་གཞི་སྔ་ཕྱི་ལ་ཞིབ་ཏུ་གཟིགས་པའི་རྗེས། ཁྱེད་ཚོས་སྲིད་སྐྱོང་གི་ དྲང་བདེན་མིན་པའི་གནང་ཕྱོགས་ལ་ངོ་ལོག་བྱ་རྒྱུ་ཐག་ཆོད་པ་བྱུང་ཡོད་ ན། ལས་རིམ་ཞིབ་ཚགས་ལྡན་པ་དགོས་པར་མ་ཟད། རྒྱབ་དཔུང་སྟོབས་ ཤ གས་ལྡན་པ་ཞིག་ཀྱང་དགོས་པ་ཤིན་ཏུ་གལ་ཆེ་བས། དགའ་ལྡན་པ་ གཅིག་པུས་སྲིད་སྐྱོང་ལ་ངོ་ལོག་བྱས་ཀྱང་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 153 ཡོང་དཀའ། དེ་བས་ན་འབྲས་སྤུངས་ལྟ་བུར་ལག་སྦྲེལ་བྱེད་ཐུབ་ན་ཤིན་ཏུ་ ལེགས། ཞེས་པའི་དགོངས་འཆར་དང། ལས་འགུལ་སྤེལ་སྟངས་ཀྱི་ལམ་ སྟོན་སྔ་ཕྱི་དཔལ་ལྡན་དོན་གྲུབ་ལ་གསང་བའི་མྱུལ་ཞིབ་པ་བརྒྱུད་ནས་ འཕྲོད་ཐབས་བྱེད་ཀྱི་ཡོད། བཤད་སྒྲའི་བདེན་མཐའ་གསལ་བའི་དུས་ལ་བབ་པ་ཡིན་ནམ། གང་ ལྟར་བློ་ཡུལ་ན་མེད་པའི་གནས་ཚུལ་ཡ་མཚར་བ་ཞིག་ལ། སྐབས་དེ་ཏག་ ཏག་ལ་འབྲས་སྤུངས་དགོན་པ་དང་སྲིད་སྐྱོང་རྭ་སྒྲེང་གི་དབར་ལ་མ་འགྲིག་ པའི་འཐབ་རྩོད་ཅིག་བྱུང་འདུག་པར་བརྟེན། དཔལ་ལྡན་དོན་གྲུབ་ཀྱིས་ གོ་སྐབས་དེ་བཟུང་ནས་འབྲས་སྤུངས་པར་རྒྱབ་རྩ་བྱས་ཏེ། དགའ་འབྲས་ མཉམ་འབྲེལ་གྱིས་སྲིད་སྐྱོང་གི་གནང་ཕྱོགས་ལ་སྐྱོན་འཛུགས་དང། སྲིད་ སྐྱོང་རྭ་སྒྲེང་གིས་དབུ་ཁྲིད་པའི་བཀའ་ཤག་ལ་ངོ་རྒོལ་གྱི་ལས་གཞི་རྒྱ་ཆེར་ སྤེལ་བ་རེད། དཔལ་ལྡན་དོན་གྲུབ་ཀྱིས་ཡོ་ལང་ཆེ་བའི་གོ་སྐབས་དེ་དང་བསྟུན་ ནས་བཤད་སྒྲ་ཚེ་བཙོན་ནས་བཏོན་ཏེ་ལྷ་སར་གདན་འདྲེན་ཞུས། འོན་ ཀྱང་བཤད་སྒྲ་དབང་ཕྱུག་རྒྱལ་པོས་རང་ཉིད་བཙོན་ནས་ཐོན་པ་ཙམ་གྱིས་ རྒྱལ་ཁ་ཡོངས་རྫོགས་ཐོབ་པ་མིན་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། མང་ ཚོགས་ཁྲོད་རང་ཉིད་ཆབ་སྲིད་ཀྱི་ཉེས་ཅན་པ་ཞིག་མིན་པ་དང། ལྷག་ པར་དུ་གཞུང་ས་དགའ་ལྡན་ཕོ་བྲང་པ་ལ་ངོ་ལོག་བྱེད་མཁན་ཞིག་དེ་བས་ ཀྱང་མིན་པ་ར་སྤྲད་དེ། མང་ཚོགས་ཀྱིས་རང་ཉིད་ལ་ཡིད་ཆེས་དང་རྒྱབ་ ལྗོངས་བརྟན་པོ་ཡོང་ཐབས་བྱ་དགོས་པ་ཤིན་ཏུ་གལ་གནད་ཆེན་པོར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 154 གཟིགས་ཀྱི་ཡོད། དགོས་པ་དེའི་དབང་གིས་བཤད་སྒྲ་བཙོན་ནས་བཏོན་ཏེ་ལྷ་སར་ ཕེབས་པའི་ཉིན། ཁོང་ཚོས་སྔ་ས་ནས་སྲིད་སྐྱོང་ལ་འཁོན་འཛིན་ཡོད་པའི་ གཞུང་གི་མི་སྣ་འགའ་ཤས་དང་ལག་འབྲེལ་བྱས་ཏེ། ༸སྐྱབས་མགོན་སྦུག་ 1གིས་བཤད་སྒྲ་ལ་ཚད་མཐོའ་སྣེ་ལེན་གནང་གི་ཡོད་པ་ལྟ་བུའི་རྣམ་འགྱུར་ བསྟན་ཞིང། རྣམ་འགྱུར་དེའི་ཐོག་ནས་བཤད་སྒྲ་དབང་ཕྱུག་རྒྱལ་པོ་གཞུང་ ས་མཆོག་ལ་ངོ་ལོག་བྱེད་མཁན་ཞིག་མིན་པ་དང། གཞུང་མང་གཉིས་ཀས་ བརྩི་མཐོང་ཞུ་འོས་པའི་མི་སྣ་ཞིག་ཡིན་པ་ལྟ་བུའི་རྣམ་འགྱུར་མངོན་ཐབས་ བྱས་ཡོད། བཤད་སྒྲའི་ཕྱོགས་ཀྱི་ཆབ་སྲིད་ཀྱི་བྱེད་ཐབས་དེ་ལ་བརྟེན་ནས། ལྷ་ སའི་མང་ཚོགས་ཕལ་ཆེ་བའི་བསམ་པར། ༸སྐྱབས་མགོན་སྦུག་གིས་ བཤད་སྒྲ་ལ་ཚད་མཐོའ་སྣེ་ལེན་གནང་ཕྱོགས་ལ་བལྟས་ན། སྲིད་སྐྱོང་ གིས་བཤད་སྒྲ་ལ་མ་ཉེས་ཁག་གཡོགས་ཀྱ ་ཉེས་འཛུགས་བྱས་པ་ཞིག་མ་ གཏོགས། དོན་དངོས་སུ་བཤད་སྒྲ་ཆབ་སྲིད་ཀྱི་ནག་ཉེས་ཅན་ཞིག་ཡིན་ ཚོད་མི་འདུག་པས། བཤད་སྒྲ་གཞུང་གི་ཞབས་སྡོད་ནས་གནས་དབྱུང་ བཏང་བ་དང། ད་བར་བཙོན་འཇུག་བྱས་པ་ནི། སྲིད་སྐྱོང་གི་ནོར་འཁྲུལ་ ཡིན་པའི་ལྟ་ཚུལ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། སྤྱི་ཚོགས་ལ་བསམ་ཡུལ་ན་མེད་པའི་འགྱུར་ལྡོག་གློ་བུར་བ་ཞིག་ 1 ༸སྐྱབས་མགོན་སྦུག་ཅེས་པ་ནི། ༸གོང་ས་མཆོག་ལ་འབོད་པའི་ཞེ་ཚིག་ཅིག་ཡིན།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 155 བྱུང་བ་དེའི་དབང་གིས། མང་ཚོགས་ཁྲོད་བཤད་སྒྲ་དབང་ཕྱུག་རྒྱལ་པོ་ སྔར་ལས་ཀྱང་སྙན་གྲགས་ཆེ་བ་དང། བརྩི་མཐོང་ལྡན་པ་ཞིག་ཏུ་འགྱུར་ བཞིན་ཡོད་པར་བརྟེན། སྐབས་དེའི་སྡེ་པ་གཞུང་2གི་བཀའ་བློན་རྣམས་དང། གཞུང་ཞབས་མང་པོ་ཞིག་སྲིད་སྐྱོང་དང་བཤད་སྒྲ་སུའི་ཕྱོགས་སུ་ལངས་ དགོས་མིན་མ་ཤེས་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ནས་ཡོད་པའི་ སྐབས་ཤིག་ཡིན། བཤད་སྒྲ་བཙོན་ནས་ལྷ་སར་ཐོག་མར་སླེབས་པའི་སྐབས་སྒེར་པའི་ གཟིམ་ཤག་ཅིག་ཏུ་བཞུགས་གནས་གོ་སྒྲིག་བྱས་ཡོད་ཀྱང། རྗེས་སུ་རིམ་ གྱིས་འགྱུར་ལྡོག་གི་གནས་ཚུལ་དང་བསྟུན་ནས་གཙུག་ལག་ཁང་གི་བླ་ བྲང་སྟེང་དུ་བཞུགས་གནས་སྤོས་པར་མ་ཟད། རྭ་སྒྲེང་བླ་བྲང་དང་འགལ་ བ་ཆེ་བའི་གཞུང་ཞབས་ཁག་ཅིག་དང་འབྲེལ་བ་བྱས་ཏེ། དེ་སྔར་ཡོད་པའི་ རང་གི་རྒྱབ་སྐྱོར་པ་དགའ་ལྡན་པ་དང་འབྲས་སྤུངས་པའི་ཐོག གཞུང་གི་ རྩེ་དྲུང་དང། ཤོད་དྲུང་སྤྱི་གཉིས་བཅས་ལས་གྲུབ་པའི་དགའ་འབྲས་དྲུང་ སྤྱི་ཟེར་བའི་ཚོགས་པ་ཞིག་གསར་དུ་བཙུགས། བཤད་སྒྲ་དབང་ཕྱུག་རྒྱལ་པོས་ད་ལྟའི་གནས་སྟངས་གོ་སྐབས་འདི་ ནི་སྲིད་སྐྱོང་ལ་ཁ་གཏད་བཅག་སྟེ། རང་ཉིད་ཀྱི་བདེན་མཐའ་གསལ་ཐབས་ བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་མཐོང་སྟེ། དེ་མ་ཐག་དགའ་འབྲས་ དྲུང་སྤྱི་ཟེར་བ་བརྒྱུད་ནས། སང་ཉིན་ལྷ་ལྡན་བླ་བྲང་སྟེང་དུ་བཤད་སྒྲ་རང་ 2 སྐབས་འདིའི་སྡེ་པ་གཞུང་ཞེས་པ་ནི། ༸གོང་ས་ལྔ་པ་ཆེན་པོ་མཆོག་གི་སྐུ་དུས་སུ་ བཙུགས་གནང་བའི་དགའ་ལྡན་ཕོ་བྲང་བའི་སྲིད་གཞུང་ལ་གོ་བ་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 156 ཉིད་དབུ་བཞུགས་ཀྱི་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དང། འབྲེལ་ཡོད་ ཀུན་ཚོགས་འདུ་ལ་བཅར་དགོས་ཞེས་པའི་གསལ་བསྒྲགས་བཙན་ཤེད་ ཅན་ཞིག་སྤེལ་བ་རེད། གཞུང་ཞབས་མང་པོ་ཞིག་གིས་ཚོགས་འདུ་དེའི་ནང་དོན་གང་ཡིན་ དང། གཞུང་དང་འབྲེལ་བ་ཡོད་མེད། རང་ཉིད་ཚོགས་འདུ་དེ་ལ་ཞུགས་ དགོས་ཀྱི་ཡོད་མེད་སོགས་གང་ཡང་ཤེས་ཀྱི་མེད་ཀྱང། ཕྱི་ཉིན་ཚོགས་ འདུ་དངོས་གཞི་ཚོགས་པའི་སྐབས། གཞུང་ཞབས་སེར་སྐྱ་ཤིན་ཏུ་མང་ པོ་ཞིག་བཤད་སྒྲའི་ཕྱོགས་ཀྱི་གནོན་ཤ གས་ལྟ་བུས་འདུག་བློས་མ་བཟོད་ པར་རང་བཞིན་གྱིས་ཚོགས་འདུར་བཅར་དགོས་གྱུར་ཡོད། ཚོགས་འདུའི་ཐོག་བཤད་སྒྲ་དབང་ཕྱུག་རྒྱལ་པོས། ཁོ་རང་གི་སྔ་ ཕྱིའི་གནས་ཚུལ་ངོ་སྤྲོད་དང་འབྲེལ། བར་ལམ་ཁོ་རང་ལ་ནག་མེད་ཉེས་ འགེལ་བྱུང་ཚུལ་དང། སྲིད་སྐྱོང་རྭ་སྒྲེང་གིས་གཞུང་གི་ཆབ་སྲིད་དང་ འཛིན་སྐྱོང་གི་ལས་དོན་ཐོག་ནོར་འཁྲུལ་གྱི་བྱ་བ་ཅི་བྱས་ངོ་སྤྲོད་ཞིབ་ཕྲ་ བྱས་རྗེས། དགའ་ལྡན་ཕོ་བྲང་པ་དང་བོད་ལྗོངས་མི་མང་གི་དོན་དུ། སྲིད་ སྐྱོང་རྭ་སྒྲེང་ཕྱོགས་གཏོགས་དང་བཅས་པ་མཐར་སྐྲོད་བྱས་ཏེ། བཀའ་ ཤག་གསར་པ་འཛུགས་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་བ་རེད། བཤད་སྒྲའི་རྒྱབ་སྐྱོར་གྱི་ལས་ཁུངས་ལྟེ་བ་ནི། དགའ་འབྲས་དྲུང་ སྤྱི་ཟེར་བ་ཡིན་པས། བཤད་སྒྲའི་ལས་འགུལ་ཡོངས་རྫོགས་རྩ་འཛུགས་ དགའ ་ འབྲས་དྲུང་སྤྱི་བརྒྱུད་ནས་སྤེལ་གྱི་ཡོད་ལ། དགའ ་ འབྲས་དྲུང་ སྤྱིའི་ཐོག་ནས། སྲིད་སྐྱོང་རྭ་སྒྲེང་གིས་ཆབ་སྲིད་ཀྱི་ཐག་གཅོད་ནོར་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 157 འཁྲུལ་ཅན་སྔ་ཕྱི་བྱས་པར་བརྟེན། འཕྲལ་དུ་སྲིད་སྐྱོང་གི་ཐུགས་འགན་ མཚམས་འཇོག་བྱེད་དགོས་པའི་དགོས་འདུན་ཡང་འདོན་གྱི་ཡོད། དགའ་འབྲས་གཉིས་ནས་རིམ་གྱིས་རྩེ་ཕོ་བྲང་དང། གཙུག་ལག་ཁང་ སོགས་ས་གནས་ཆེ་བ་རྣམས་བཟུང་ཞིང། དགའ་འབྲས་ཀྱི་གྲྭ་གཞོན་དང། སྦྲ་ཞོལ་ཁམས་རིགས་བཅས་ནས་རྭ་སྒྲེང་བླ་བྲང་ལ་དཔུང་རྒོལ་རྒྱུན་མ་ ཆད་པར་བྱེད་ཀྱི་ཡོད་པར་བརྟེན། མཚམས་ཤིག་ལ་སྲིད་སྐྱོང་གི་ཕྱོགས་སུ་ སེར་བྱེས་གྲྭ་ཚང་གཅིག་པུ་ལས་མ་ལྷག་སྟབས། སྲིད་སྐྱོང་དང་སྐུ་འཁོར་ གཙོ་གྲས་ཁ་ཤས་ཀྱིས་སྲིད་ཐམ་བསྣམས་ཏེ་སེ་རར་བྲོས་ཀྱང། དེར་ཡང་ ཉེན་ཁ་ཆེན་པོ་ཡོད་སྟབས་བྱང་ལམ་བརྒྱུད་རྒྱ་ནག་ཏུ་བྲོས་བྱོལ་དུ་ཕེབས་ དགོས་གྱུར་པ་རེད།
158 སྡེ་སྲིད་བཤད་སྒྲ་ཞེས་མཚན་སྙན་ ཆེན་པོར་གྱུར་པ་། ༄༅། །སྤྱིར་བོད་ཀྱི་ལོ་རྒྱུས་ཐོག་དར་རྒུད་ཀྱི་འགྱུར་བ་སྣ་ཚོགས་བྱུང་ ཡོད་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་ནས་བཅུ་གསུམ་པའི་1བར་གྱི་ལོ་ རྒྱུས་ཀྱི་དུས་སྐབས་ནི། ཆབ་སྲིད་དང་དམག་དོན་སོགས་གནས་སྟངས་ གང་ཅིའི་ཐད་ནས་ཤིན་ཏུ་ཉམས་དམའ་བའི་དུས་སྐབས་ཤིག་ཏུ་གྱུར་ཡོད། 1 ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་ནས་བཅུ་གསུམ་པའི་བར། ༡ ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་ འཇམ་དཔལ་རྒྱ་མཚོ། ཕྱི་ལོ་ ༡༧༥༨ ལོར་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་སྐུ་འཁྲུངས། དགུང་ལོ་ཞེ་བདུན་པ། ཕྱི་ལོ་ ༡༨༠༤ ལོར་སྐུ་གཤེགས། ༢ ༸རྒྱལ་བ་སྐུ་ཕྲེང་དགུ་པ་ ལུང་རྟོགས་རྒྱ་མཚོ། ཕྱི་ལོ་ ༡༨༠༥ ལོར་མདོ་སྟོད་ལྡན་ཆོས་འཁོར་དགོན་གྱི་ཉེ་འགྲམ་ དུ་སྐུ་འཁྲུངས། དགུང་ལོ་དགུ་པ། ཕྱི་ལོ་ ༡༨༡༥ ལོར་སྐུ་གཤེགས། ༣ ༸རྒྱལ་བ་སྐུ་ ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། ཕྱི་ལོ་ ༡༨༡༦ ལོར་ཁམས་ལི་ཐང་སྤོ་འབོར་སྒང་དུ་སྐུ་ འཁྲུངས། དགུང་ལོ་ཉི་ཤ ་རྩ་གཉིས་པ། ཕྱི་ལོ་ ༡༨༣༧ ལོར་སྐུ་གཤེགས། ༤ ༸རྒྱལ་བ་ སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ། ཕྱི་ལོ་ ༡༨༣༨ ལོར་ཁམས་མི་ཉག་གི་ཡུལ་དུ་ སྐུ་འཁྲུངས། དགུང་ལོ་བཅུ་བདུན་པ། ཕྱི་ལོ་ ༡༨༥༥ ལོར་སྐུ་གཤེགས། ༥ ༸རྒྱལ་བ་སྐུ་ ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ། ཕྱི་ལོ་ ༡༨༥༦ ལོར་ལྷོ་ཁ་འོལ་དགའ་རྫིང་ཕྱིའི་ ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཉི་ཤ ་པ། ཕྱི་ལོ་ ༡༨༧༥ ལོར་སྐུ་གཤེགས། ༦ ༸རྒྱལ་བ་ སྐུ་ཕྲེང་བཅུ་གསུམ་ཐུབ་བསྟན་རྒྱ་མཚོ། ཕྱི་ལོ་ ༡༨༧༦ ལོར་ལྷོ་ཁ་དྭགས་སྨད་སྣང་རྫོང་ འོག་གླང་མདུན་དུ་སྐུ་འཁྲུངས། དགུང་ལོ་ང་བརྒྱད་པ། ཕྱི་ལོ་ ༡༩༣༣ ལོར་སྐུ་གཤེགས།
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 159 དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་འདི་ལྟར་ཉམས་དམའ་པོར་གྱུར་པ་ ནི༑ སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྗེས་སུ་༸གོང་ས་ལྔ་པ་ཆེན་པོའ་ཆབ་ སྲིད་ཀྱི་ལས་དོན་རྒྱུན་འཛིན་མ་ཐུབ་པའི་སྐྱོན་གནད་དང་འབྲེལ་བ་ཡོད་ པ་སྨོས་མ་དགོས་ཀྱང། ལྷག་པར་དུ་འདིའི་བར་གྱི་༸རྒྱལ་བ་སྐུ་ཕྲེང་རིམ་ བྱོན་མང་ཆེ་བ་ནི། སྐུ་ན་གཞོན་དུས་ནས་དགོངས་པ་རྫོགས་ཏེ་ཆོས་སྲིད་ ཀྱི་མཛད་འཕྲིན་བསྐྱངས་ཐུབ་མེད་པའི་ཐོག སྐབས་འདི་དག་གི་ཆབ་སྲིད་ ཀྱི་དབང་འཛིན་པ་མང་ཆེ་བས་ནང་ཁུལ་གྱི་དགྲ་འདུལ་གཉེན་སྐྱོང་ཁོ་ནའི་ ཐོག་ནུས་པ་བཏོན་པ་མ་གཏོགས། བོད་སྤྱི་པའི་ལས་དབང་དང་ཆབ་སྲིད་ ཀྱི་མདུན་ལྗོངས་ལ་དགོངས་པ་གཏིང་ཟབ་བཞེས་ཐུབ་མེད་ལ། ལོ་རྒྱུས་ལ་ འགན་ཁུར་བའི་ཕྱག་ལས་ཡག་པོ་ཞིག་གནང་ཐུབ་མེད་པ་ནི་སྐྱོན་གནད་ འདིའི་འབྱུང་རྩ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་གསལ་པོ་ཡིན། དཔེར་ན། བཤད་སྒྲ་དབང་ཕྱུག་རྒྱལ་པོས་རྭ་སྒྲེང་གིས་དབུ་ཁྲིད་ པའི་བོད་གཞུང་བཀའ་ཤག་ལ་ངོ་ལོག་བརྒྱག་དགོས་པའི་རྒྱུ་མཚན་གཙོ་ བོ་ཡང། སྲིད་སྐྱོང་རྭ་སྒྲེང་གིས་ཆབ་སྲིད་ཀྱི་ཕྱག་ལས་གནང་ཕྱོགས་རང་ ཚུགས་ཅན་དང། བརྟན་པོ་ཞིག་མིན་པའི་ཐོག སྤྱི་དོན་གཙོ་འཛིན་དང། སྤྱི་སྙོམ་དྲང་བདེན་ཞིག་གནང་ཐུབ་ཀྱི་མེད་པས། རྭ་སྒྲེང་གི་གཞུང་འཛིན་ བཀའ་ཤག་འདི་མུ་མཐུད་གནས་ན། གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ གང་ཅིར་ཉམས་ཉེས་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ པ་ལྟ་བུ་ཡིན། བཤད་སྒྲ་དབང་ཕྱུག་རྒྱལ་པོས་རང་ཉིད་བཀའ་བློན་ཡིན་པའི་སྐབས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 160 སྲིད་སྐྱོང་རྭ་སྒྲེང་གི་གཞུང་འཛིན་གྱི་ནོར་འཁྲུལ་མང་པོ་ཞིག་གཟིགས་ཀྱི་ ཡོད་པར་མ་ཟད། ལྷག་བསམ་རྣམ་དག་དང་གུས་བཀུར་ཆེན་པོའ་ཐོག་ ནས་ནོར་འཁྲུལ་དེ་དག་ལེགས་བཅོས་བྱ་རྒྱུར་འབད་བརྩོན་སྔ་ཕྱི་བྱས་ཀྱང། སྲིད་སྐྱོང་གི་ཉེ་གནས་ཚོས་རང་གི་ཁེ་ཕན་གཙོ་བོར་འཛིན་པ་མ་གཏོགས། གཞུང་གི་ཆབ་སྲིད་བརྟན་བརླིང་དང་འཕེལ་རྒྱས་ལ་བསམ་བློ་གཏོང་གི་ མེད་པའི་ཐོག སྲིད་སྐྱོང་ཡང་ཁོ་ཚོའི་ཁ་བཤད་ཀྱི་དབང་དུ་ཕྱིན་ཏེ་རང་ ཚུགས་ཐུབ་ཀྱི་མེད་སྟབས། བཤད་སྒྲའི་འདོད་པ་ལྟར་གཞུང་གི་ཆབ་སྲིད་ ལ་ལེགས་བཅོས་གང་ཡང་བྱེད་ཐུབ་མེད། དེར་བརྟེན་བཤད་སྒྲ་དབང་ཕྱུག་རྒྱལ་པོའ་བསམ་པར། གཞུང་ས་ དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལེགས་བཅོས་དང་འཕེལ་རྒྱས་གཏོང་བ་ལ། རང་ཉིད་ཀྱིས་དབང་ཆ་མ་བཟུང་བར་ནུས་པ་ཇི་བཞིན་ཐོན་ཐུབ་ཀྱི་མི་འདུག་ སྙམ་པའི་ལྟ་ཚུལ་ཞིག་བྱུང་སྟེ། རྭ་སྒྲེང་གིས་དབུ་ཁྲིད་པའི་བཀའ་ཤག་སྒོ་ བརྒྱབས་ཏེ། རང་གི་བཀའ་ཤག་གསར་པ་འཛུགས་པ་ནི། བཤད་སྒྲའི་ཆབ་ སྲིད་ལེགས་བཅོས་ཀྱི་ལས་ཀའི་གོ་རིམ་དང་པོ་ཡིན་པས། བཤད་སྒྲས་ སྟོབས་ཤ གས་བསྐྱར་གསོ་བྱུང་མ་ཐག་རྭ་སྒྲེང་གི་གཞུང་འཛིན་བཀའ་ཤག་ སྒོ་བརྒྱབ་ཏུ་བཅུག་པ་རེད། འོན་ཀྱང་༸རྒྱལ་བ་འཕྲིན་ལས་རྒྱ་མཚོ་སྐབས་དེར་དགུང་ལོ་བདུན་ ལས་སོན་མེད་སྟབས། ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཐུབ་ཀྱི་མེད་པ་ གསལ་པོ་ཡིན་པས། བཤད་སྒྲ་རང་ཉིད་ཀྱི་མངོན་འདོད་ལྟར་བོད་ལྗོངས་ མང་ཚོགས་ཀྱི་ངོས་ནས། བཤད་སྒྲ་དབང་ཕྱུག་རྒྱལ་པོ་ལ་ནོ་མི་ཧན་གྱི་ཆོ་
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 161 ལོ་དང་བཅས་སྲིད་སྐྱོང་ལ་བསྐོ་གཞག་ཞུས། སྐབས་དེར་བཤད་སྒྲ་དབང་ ཕྱུག་རྒྱལ་པོ་དོན་ངོ་མའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་ སུ་གྱུར་པ་རེད། བཤད་སྒྲ་སྲིད་སྐྱོང་དུ་བསྐོས་མ་ཐག ཕུ་ལུང་པ་སོགས་རང་གི་ ཡིད་ཆེས་ཡོད་སའི་བཀའ་བློན་གསར་པ་སྐོར་ཞིག་བསྐོ་གཞག་བྱས་ པར་མ་ཟད། མཁན་ཆེ་བློ་བཟང་དབང་ལྡན་སྐུ་བཅར་སྤྱི་ཁྱབ་མཁན་པོ་ དང། བཤད་སྒྲའི་ཆབ་སྲིད་ཀྱི་རྒྱབ་རྟེན་གཙོ་བོ་དཔལ་ལྡན་དོན་འགྲུབ་ བླ་ཕྱག་མཁན་ཆུང་ལ་བསྐོས་ཤིང། དཔལ་ལྡན་དོན་གྲུབ་ནི་རིམ་པས་ བཀའ་བློན་དང། སྐུ་བཅར་སྤྱི་ཁྱབ་མཁན་པོ་སོགས་སུ་བསྐོས་ཤིང་ནུས་ ཤ གས་ཆེ་བའི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་པ་རེད། བཤད་སྒྲ་དབང་ཕྱུག་རྒྱལ་པོས་ནང་ཁུལ་གྱི་འགལ་བ་དང་རྩོད་རྙོག་ མཐའ་དག་སེལ་ཐབས་བྱས་པའི་རྨང་གཞིའི་ཐོག་ནས། དགའ་ལྡན་ཕོ་བྲང་ པའི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས་བར་སྐབས་ཉམས་དམས་སུ་ གྱུར་པ་རྣམས་ལེགས་བཅོས་བྱ་རྒྱུར་བློ་ཐག་བཅད་དེ། དེ་སྔའི་ཆབ་སྲིད་ ལམ་ལུགས་དང་ཡིག་ཚགས་ཁག་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས། སྐུ་ཚེས་མ་འདང་བར་སྐུ་གཤེགས་པས་ཆབ་སྲིད་དང་འཛིན་སྐྱོང་གི་ ལེགས་བཅོས་རྣམས་ཐོག་མའི་རེ་བ་ལྟར་བྱུང་ཐུབ་མེད།། །།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 162
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 163 ཐུགས་རྗེ་ཆེ་ཞུ། ༄༅། །དེ་རིང་ << བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་ སྤྲོད། >> ཅེས་པའི་བོད་ཡིག་གི་ཀློག་དེབ་འདི་དག་རྒྱ་ཆེའི་ཀློག་པ་པོ་ རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་བར་སྤྲོ་བ་ཚད་མེད་བརྟས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་མཆོག་ གིས་གཙོས་འབྲེལ་ཡོད་ལྷན་རྒྱས་དང། ལྷག་པར་དུ་ལས་གཞི་འདིར་ཐད་ ཀར་འབྲེལ་བ་ཡོད་པའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་ཟུར་པ་ ཚེ་རིང་བསམ་འགྲུབ་ལགས་དང། ཀུན་དགའ་རྒྱལ་མཚན་ལགས། འགན་ འཛིན་ལས་ཐོག་བསོད་ནམས་བཟང་པོ་སོགས་ཀྱིས་ཐོག་མཐའ་བར་གསུམ་ དུ་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་གནང་བར་མ་ཟད། ལྷག་པར་དུ་ ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ལས་ཀའི་མཛད་བྲེལ་ཆེ་བའི་བར་ གསེང་རྣམས་སུ་ཀློག་དེབ་འདིར་ཞུས་དག་གནང་ཞིང། ཕན་ཐོགས་ཅན་གྱི་ དགོངས་འཆར་ཡང་མང་པོ་གསུངས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ། མཆེད་གྲོགས་གཟའ་རུ་དར་རྒྱས་ནས་དེབ་འདིའི་ཕྱི་ནང་གི་ཇུས་ འགོད་ཡོངས་རྫོགས་ཀྱི་འགན་ཁུར་བཞེས་པར་མ་ཟད། ཟིན་བྲིས་གློག་ ཀླད་དུ་འཇུག་པའི་སྐབས་སུ་ཡང་དགོས་མཁོ་ནམ་བྱུང་ལ་རོགས་རམ་ ཕན་ཐོགས་ཅན་མང་པོ་གནང་བྱུང་བ་དང། དགེ་ཕྲུག་བློ་བཟང་བཀྲ་ཤིས་ ཀྱིས་ཀློག་དེབ་འདིའི་ཟིན་བྲིས་ཞིབ་ཚགས་སུ་བཀླགས་པའི་རྗེས་ན་གཞོན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 164 ཚོར་གོ་དཀའ་བ་ཡོང་སྲིད་པའི་ལོ་རྒྱུས་ཀྱི་ཚིག་དོན་འགའ་ཤས་ལ་མཆན་ འགྲེལ་གནད་བསྡུས་ཤིག་བཀོད་ན་ལེགས་པའི་བསམ་ཚུལ་བཏོན་པས་ མཚོན། ཀློག་དེབ་འདི་ལེགས་འགྲུབ་ཡོང་བར་ལས་ཀ་དང་བསམ་བློ་གཉིས་ ཀ་ནས་རྒྱབ་སྐྱོར་བྱས་པ་སེམས་གཏིང་ནས་ཕན་ཐོགས་ཅན་དུ་ཚོར་ཡོད། བྷེལ་ཇེམ་དུ་ཀློག་དེབ་འདི་དག་མཐའ ་ མའི་ཞུས་དག་བྱེད་པའི་ སྐབས་སྤུན་མཆེད་དར་རྒྱས་རྒྱ་མཚོ་ལགས་དང་པདྨ་ཚེ་མཆོག་བཟའ་ ཚང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཚད་མེད་གནང་བྱུང་བ་ལ་ཡང་ ཐུགས་རྗེ་ཆེ་ཞུ། གྲྭ་ཚང་གི་ལྷ་བྲིས་པ་ཤ་རྒྱ་དཀོན་མཆོག་དགེ་འདུན་ལགས་དང། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཆོད་གཡོག་པ་གདོང་རི་འཇམ་དབྱངས་ བསྟན་འཛིན་ལགས་གཉིས་ནས་དགོས་མཁོ་ཅན་གྱི་རི་མོ་མང་པོ་གསར་ འབྲི་བྱས་བྱུང་བ་དང། འདི་གའི་མཐོ་རིམ་རིག་གནས་རབ་འབྱམས་པ་སྒ་ རི་ཁ་པ་དཀོན་མཆོག་སེངྒེ་དང། བཀའ་པོད་གཞུང་ཆེན་ཁག་ལ་མཁྱེན་ དཔྱོད་ཡངས་ཤིང་ཐུན་མོང་རིག་གནས་ལ་རྒྱུས་མྱོང་ལྡན་པའི་གྲོགས་ མཐའ་མ་དཀོན་མཆོག་དར་རྒྱས་གཉིས་ནས་ཀློག་དེབ་འདིར་མཐའ་མའི་ ཞུས་དག་གནང་བ་བཅས། མདོར་ན། དགེ་ཕྲུག་དང་གྲོགས་པོ་མང་པོ་ ཞིག་གིས་རིན་ཐང་ཆེ་བའི་གྲོགས་དན་ཟམ་མ་ཆད་པར་གནང་བྱུང་བར་ སྙིང་ནས་ཐུགས་རྗེ་ཆེ་ཞེས། རྩོམ་པ་པོ་རེ་མདོ་སེངྒེས་བྷེལ་ཇེམ་གྱི་གྲོང་ ཁྱེར་ཨེན་ཁྲོ་ཕེན་ནས་ཤར་མར་བྲིས། །

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.