བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ།

Page 1


ཉམས་ཞིབ་དེབ་ཕྲེང་། ༡

བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ། (ནང་བསྟན་རིག་པ་དང་། གཡུང་དྲུང་བོན་གྱི་རིག་པ། སྲོལ་རྒྱུན་དམངས་ཁྲོད་ རིག་པ་བཅས་དཔྱད་གཞིར་བཟུང་བའི་ཤེས་རིག་ཞིབ་འཇུག)

ཨ་འཁོར་བཟོད་པ། ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་བྱས།


རྩོམ་སྒྲིག་འགན་ཁུར་བ།

ཚེ་རིང་བསམ་གྲུབ། (ཤེས་ལྷན་འགན་འཛིན།)

རྩོམ་པ་པོ།

ཨ་འཁོར་བཟོད་པ།

རྒྱབ་ཤ་ཇུས་འགོད་པ།

དགེ་འདུན་དོན་ཡོད།

དཔར་ཐེངས།

དང་པོ།

དེབ་གཟུགས་དང་། དཔར་ལོ།

དཔར་གྲངས།

༢༠༡༦ ༡༠༠༠

བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ། དེབ་འདིའི་བརྗོད་དོན་རྣམས་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ཡིན་ པ་ལས། བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཀྱི་ དགོངས་པ་ཡིན་པས་ཁྱབ་པ་མེད།

དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས། www.bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།

© Department of Education, CTA ISBN 978-93-80091-66-2

Funded by: Department of Foreign Affairs and Trade Development (DFATD),CANADA


DEPARTMENT OF EDUCATION Central Tibetan Administration

Cable: Phone: Fax: Email: Web:

SHERIG +91-1892-222572/222721 +91-1892-223481 Education@tibet.net www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད།

༄༅། །སྤྱི་ནོར་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་ རིགས་གཅིག་རྐང་འཛིན་པ་གང་མང་ཐོན་དགོས་པའི་བཀའ་དགོངས་དང། སློབ་ ཡོན་མ་དངུལ་གསོལ་སྩལ་བཀའ་དྲིན་ཆེ་དོན་ལྟར། ཕྱི་ལོ་༢༠༠༣ ནས་འགོ་

འཛུགས་ཀྱིས་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ཁག་ནང་དེབ་སྐྱེལ་གྱི་ལམ་

ནས་ཉམས་ཞིབ་གནང་རྒྱུའི་གོ་སྐབས་མེད་པའི་རང་རིགས་ན་གཞོན་དང་། བོད་ སྐད་ཡི ག ་དང་རི ག ་གནས་ཐོ ག ་ཉམས་ཞི བ ་ཐུབ་པའི ་ གནས་ཚད་ཡོ ད ་རི ག ས་

རྣམས་ལ་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་ཡོན་

གྱི་ལས་འཆར་སྤེལ་སྟེ། ད་བར་སློབ་ཕྲུག་གྲངས་༤༣ ལ་ཉམས་ཞིབ་སློབ་གཉེར་ བའི་གོ་སྐབས་ཕུལ་དང་འབུལ་བཞིན་ཡོད།

རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་མ་རང་ཉིད་ཀྱིས་བདམས་པའི་

བརྗོད་གཞིའི་སྟེང་ཉམས་ཞིབ་བྱས་པའི་གྲུབ་དོན་རྣམས། ཤེས་རིག་ལས་ཁུངས་

ཀྱིས་བསྐོ་འཛུགས་བྱས་པའི་མཁས་པའི་ལྷན་ཚོགས་ལ་སྤྱན་འབུལ་ཞུ་བ་དང།

ཉམས་ཞིབ་པ་རང་ཉིད་ཀྱིས་མཁས་པའི་ལྷན་ཚོགས་མདུན་ནས་དཔྱད་རྩོམ་ཀྱི་


བརྗོད་གཞིའི་སྟེང་བགྲོ་གླེང་དམ་བཅའ་ཕུལ་རྗེས། མཁས་པའི་ལྷན་ཚོགས་ཀྱི་རྒྱབ་

གཉེར་བྱུང་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱིས་ལོ་གསུམ་རིང་བརྗོད་གཞི་བྱེ་

བྲག་པ་ཞིག་གི་ཐོག་ཉམས་ཞིབ་ལེགས་ཐོན་བྱུང་བའི་ཕྱག་ཁྱེར་གནང་བཞིན་ཡོད། ཉམས་ཞིབ་སློབ་ཐོན་པ་དེ་དག་གི་བྲིས་རྩོམ་ཁོངས་ནས་སྤྱི་ཚོགས་དང་སློབ་ཁག་

གི་དགོས་མཁོ་ལ་གཞིགས་ནས་མ་འོངས་པར་ཉམས་ཞིབ་དེབ་ཕྲེང་གི་ངོ་བོར་ པར་སྐྲུན་ཞུ་འཆར་ཡོད།

ད་ལན་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཨ་འཁོར་བཟོད་པའི་བྲིས་

རྩོམ། <<བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ>>ཅེས་པ་འདིའི་ནང་ སྲོལ་རྒྱུན་ཤ ེས་ཡོན་དང་འབྲེལ་བའི་སློབ་གསོ་ཉམས་ལེན་གནང་ཕྱོགས་ནང་དོན་

རྒྱ་ཆེ་ལ། དཔྱད་གཞིའི་རྒྱུ་ཆ་མང་ཞིང་གནད་དོན་རྡོག་ལ་བསྒྲིལ་བ་སོགས་ཀྱི་

ཁྱད་ཆོས་ལྡན་པས་དོན་གཉེར་ཅན་གྱི་ཀློག་པ་པོ་ཡོངས་དང། ལྷག་པར་རང་རེའི་ དགེ་རྒན་འོས་སྦྱོང་དང་སློབ་ཁག་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་རྣམས་

ཀྱིས་སྲོལ་རྒྱུན་ཤ ེས་ཡོན་སློབ་གསོའ་ི རིག་གནས་ཐོག་ལ་རྒྱུས་མངའ་ལོན་ཐབས་

དང་འབྲེལ། སློབ་འཁྲིད་ཀྱི་ཉམས་ལེན་དངོས་ནང་བཀོལ་སྤྱོད་གང་ཐུབ་ཡོང་རེ་ལ་

དམིགས་ནས་པར་སྐྲུན་ཞུས་པ་ཡིན། ཤེས་རིག་ལས་ཁུངས་ནས། བོད་རྒྱལ་ལོ་ ༢༡༤༣། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༡༥ ལ།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས།


ཆེད་དུ་བརྗོད་པ། ༄༅། །གསལ་རི ག ་གི་ རང་བཞིན ་ཅན་གྱི་ཤེ ས ་པ་ནི ་ དངོ ས ་དོ ན ་དུ་རང་གི ་

རིགས་འདྲའི་ཉེར་ལེན་ཉག་གཅིག་ལས་བྱུང་བས་ཐོག་མ་མེད་ཅིང་། རིགས་རྒྱུན་ སྐྱེད་པའི་ནུས་པ་ལ་གནོད་བྱེད་ཀྱི་འགལ་རྐྱེན་དང་བྲལ་བས་མཐའ་མའང་མེད་པ་

མ་ཟད། རྟེན་དང་མཐུན་རྐྱེན་འཛོམས་ན་མཐའ་མེད་དུ་འཕེལ་བའི་དངོས་པོ་ཞིག་

ཡིན། སྐྱེ་བ་སྔ་ཕྱིར་འགྲོ་བའི་རིག་པའི་རྒྱུན་མེད་པར་འདོད་མཁན་དང་། ཡོད་

མེད་མ་ཤ ེས་པ་རྣམས་ཀྱིས་ཀྱང་མིའི་ཤེས་པ་ནི་སྲོག་ལྡན་གཞན་གྱི་ཤ ེས་པ་ལས་ ཁྱད་པར་དུ་འཕགས་ཤ ིང་། རྒྱུ་མཚན་ལ་བརྟེན་ནས་བླང་དོར་འབྱེད་པའི་ནུས་པ་

དང་། བསླབ་པ་ལ་བརྟེན་ནས་ནུས་པ་ཚད་མཐོར་འཕེལ་བའི་གནས་བབ་ནི་མངོན་ གྱུར་དུ་སྣང་བས་བསྙོན་པར་མི་བྱེད། མདོ་དོན་ཤེས་པའི་གོ་རྟོགས་ཀྱི་ནུས་པ་དང་ ཁྱབ་ཚད་གོང་འཕེལ་རྒྱུ་མེད་རྐྱེན་མེད་ཀྱིས་མི་འགྲོ་བར། བསླབ་པའི་མཐུན་རྐྱེན་ ལ་ངེས་པར་དུ་བརྟེན་དགོས་པ་ནི་ཆོས་དད་ཡོད་མིན་དང་། གྲུབ་མཐའ་ལ་བློ་ཁ་ ཕྱོགས་མིན་ཡོངས་ཀྱི་མཐུན་སྣང་དུ་གྲུབ་པ་ཞིག་ཡིན། དེ་ལྟ་བས་ན་མིའི་རྟེན་ཅན་

གྱི་སྐྱེ་བོ་སུའང་བསླབ་པ་ལ་མ་བརྩོན་པར་མི་ཚེ་གྱི་ནར་བསྡད་པ་ནི་ཆེས་རྨོངས་ པ་དང་། རང་གིས་རང་ཉིད་བསླུས་པའི་ངང་ཚུལ་ཡིན་པ་གནའ་དེང་གི་སྐྱེ་བོ་ཚང་

མས་མགྲིན་གཅིག་ཏུ་འདོད། བསླབ་པ་ལ་ཞུགས་པ་དང་། དེའི་དབང་གིས་རྒྱུ་ III


མཚན་ལ་བརྟེན་པའི་བླང་དོར་འབྱེད་པའི་རྣམ་དཔྱོད་སྐྲུན་པའི་ནུས་པ་ཉིད་མིའི་

སྐྱེ་འགྲོ་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་ཡིན་པ་དང་། དེ་ལ་མ་སྤྱད་ན་ཕྱིའི་ ལུས་རྟེན་གྱི་ཆ་ནས་དུད་དེ་མི་འགྲོ་བའི་རྐང་གཉིས་པ་ཞིག་ཡིན་ནའང་། ནང་གི་ ཤེས་པའི་རྒྱུན་ཕྱུགས་ལས་ཁྱད་པར་དུ་མ་གྱུར། དེ་ལྟ་བས་ན་མིའི་འགྲོ་བའི་ཐུན་

མོང་མ་ཡིན་པའི་དཔལ་ཡོན་ཁྱད་པར་བ་ནི་བསླབ་པ་ཉིད་ཡིན་པ་དང་། དེ་ཡང་

ཇི་སྙེད་པའི་ཤ ེས་བྱའི་དངོས་པོ་མཐའ་དག་མིང་ཚིག་བརྗོད་པའི་ལམ་ནས་མངོན་

པར་སྟོན་ནུས་པའི་སྐད་ཡིག་གི་མཐུན་རྐྱེན་ཁྱད་པར་བ་ལ་བརྟེན་ནས་བྱུང་བ་

ཡིན། ད་ལྟ་རང་རེ་འཚོ་བཞིན་པའི་ས་ཡི་གོ་ལ་འདིའི་སྟེང་གནས་པའི་མིའི་འགྲོ་

བར་མཚོན་ནའང་། ས་ཁུལ་དང་རིགས་རུས་ཀྱིས་དབྱེ་བས་སྐད་ཡིག་འདྲ་མིན་ གྱི་རྣམ་གྲངས་སྟོང་ཕྲག་དུ་མ་ཡོད་པ་དང་། དེ་ཐམས་ཅད་ལ་དོན་དང་མངོན་འདོད་

སྟོན་པའི་ནུས་པ་མཚུངས་པར་གནས་ཤིང་། བསླབ་པའི་བྱ་གཞག་གི་རིམ་པའམ་

རགས་པའི་སྒྲོམ་གཞི་འདྲ་མཚུངས་ལྟ་བུར་ཡོད་མོད། སྐད་ཡིག་སོ་སོའ ི་བྱུང་རིམ་ དང་། འཕེལ་འགྲོས། ཐ་སྙད་ཕྱུག་ལོད་ཀྱིས་དབང་གིས་ཤེས་བྱའི་རྣམ་གཞག་སྟོན་ པའི་ཚུལ་དང་ནུས་པ་གཉིས་ཀར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཆ་ཤ ས་

གྲངས་ལས་འདས་པ་ཞིག་བྱུང་བ་དང་། ཡོང་རྒྱུ་ཡིན་པ་དངོས་གཤིས་སུ་གྲུབ། དེ་ ལྟར་སྲོལ་རྒྱུན་དང་། ལྷད་ཞུགས། དེང་རབས་བཅས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པའི་

ཤེས་བྱའི་གནས་ལ་ལྟ་ཚུལ་དང་བསླབ་ཚུལ་མི་འདྲ་བ་གྲངས་ཀྱིས་མི་ཆོད་པ་ཞིག་ ཡོད་པ་དེ་དག་ཚང་མས་སྐྱེས་བུའི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་

ཆེ་ཆུང་ཅི་རིགས་ཤ ིག་སྒྲུབ་པའམ། ཡང་ན་གནའ་དེང་གི་མངོན་ཞེན་ནམ་རྨོངས་ དད་ཀྱི་གསོས་སུ་འགྱུར་བའང་ཡོད་སྲིད།

སྲོལ་རྒྱུན་གྱི་བསླབ་པ་ཕལ་མོ་ཆེ་ཆོས་ལུགས་དང་གཏན་ནས་མ་འབྲེལ་བ་ IV


ཞིག་དཀོན་མོད། ནང་པའི་སྲོལ་རྒྱུན་དུ་ཤེས་བྱའི་རིག་གནས་ལ་ཐུན་མོང་བ་དང་

ཐུན་མོང་མ་ཡིན་པའི་རྣམ་དབྱེ་འབྱེད་ཅིང་། དེའང་སྐབས་ཐོབ་ཀྱི་ཐུན་མོང་དང་

ཐུན་མོང་མིན་པའི་བརྩི་གཞི་འདྲ་མིན་ཡོད། དེང་རབས་ནུབ་ཕྱོགས་པས་བསླབ་ པ་ཆོས་ལུགས་དང་མ་འདྲེས་ཤིང་། ཆོས་ལུགས་དང་མ་འབྲེལ་བར་གནས་རྒྱུའི་

འབད་བརྩོན་བསམ་བཞིན་ཤུགས་སྐྱེད་བྱེད་ནའང་། ཞིབ་མོར་བརྟགས་ན་ཆོས་ ལུགས་དང་སྤྱི་ཚོགས་སྔོན་གོམས་ཀྱིས་ཤན་ཤུགས་མེད་པ་ཤ ིན་ཏུ་དཀོན།

དེ་ལྟའི་རྒྱ་ཆེ་མུ་མེད་ཀྱི་བསླབ་པའི་རྣམ་གྲངས་མཐའ་ལས་འདས་པ་ཞིག་

ཡོད་པ་དེ་དག་གི་ནང་བོད་ཀྱི་སྲོལ་རྒྱུན་ནང་བསྟན་བསླབ་པའི་རིག་པ་ནི་ཆོས་

སྲིད་གང་གི་ཆ་ནས་བལྟས་ཀྱང་སྐྱེ་འགྲོའ ི་ཕན་བདེ་སྒྲུབ་ཐབས་སུ་དམིགས་བསལ་

འབུར་ཐོན་ཞིག་ཡིན་པ་མ་ཟད། དེང་རབས་ཚན་རིག་པས་ཀྱང་དབུགས་ཐེངས་ གཅིག་གིས་སུན་དབྱུང་མི་ནུས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟ་བས་

ན་བོད་ཀྱི་སྲོལ་རྒྱུན་བསླབ་རིག་འདི་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བསླབ་ པར་བྱ་བའི་གནས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད་པ་ནི་ཨ་ཕའི་ཁ་ཕོར་གཙང་ཞེན་ ཙམ་མ་ཡིན་པར་རིགས་པའི་སྒྲུབ་བྱེད་དང་ལྡན་པ་ཡིན། བོད་བརྒྱུད་ནང་བསྟན་ གྱི་རིག་པའི་གཞུང་ལུགས་རྒྱ་མཚོའི་ལྟ་བུའི་ནང་བསླབ་བྱའི་གནས་དང་། སློབ་ པའི་ཐབས་ལམ། སློབ་དཔོན་དང་སློབ་ཕྲུག་གི་འོས་ཆོས། དེ་གཉིས་ཀའི་ཀུན་སློང་ དང་བསམ་པའི་འཁྱེར་སོ། སློབ་པའི་གོ་རིམ་སོགས་མཐའ་དག་ཚང་ལ་མ་ནོར་བ་ གཞུང་ལུགས་རྣམས་ཀྱི་ཟབ་ཅིང་རྒྱས་པའི་བརྗོད་བྱའི་གསེབ་ཏུ་དགོས་དམིགས་

དང་། སྐབས་དོན་སྣ་ཚོགས་པའི་ནང་ཁ་ཐོར་དུ་གནས་པ་དེ་དག་ཕྱོགས་གཅིག་ཏུ་

བཏུས་ཏེ་མ་བསྟན་ན་ལས་དང་པོ་བ་རྣམས་ཀྱིས་རྒྱ་ཆེ་མུ་མེད་ཀྱི་གཞུང་ལུགས་ རྒྱ་མཚོ་ལྟ་བུར་བསྙེག་དཀའ་ཞིང་། གནའ་དེང་གཉིས་ཀས་དཔྱད་ཞིབ་རིག་པའི་ V


ཐབས་ལམ་ཡང་དག་པའི་སྒོ་ནས་ཞིབ་དཔྱོད་ཀྱིས་དེང་སྐབས་རྒྱུན་སྤྱོད་ཀྱི་ཐ་སྙད་ ལྟར་འགྲེལ་བརྗོད་ཅིག་མ་བྱུང་ན་གཞུང་དོན་རང་སྟོབས་ཀྱིས་དཔོག་མི་ནུས།

རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་མཁས་དབང་ཨ་འཁོར་བཟོད་པ་

མཆོག་ནས་“བོད་ཀྱི་སྲོལ་རྒྱུན་ནང་བསྟན་ཤེས་ཡོན་རིག་པའི་དཔྱད་ཞིབ་”ཅེས་

པའི་ཉམས་ཞིབ་རྩོམ་དེབ་འདིའི་ནང་རིག་གནས་རིག་པའི་འཚོལ་ཞིབ་དང་། གནའ་

དེང་ཕྱི་ནང་གི་ཤ ེས་ཡོན་ངོས་འཛིན་བྱེད་ཚུལ། ཤེས་ཡོན་ངོས་འཛིན་དང་བསྡོམས་

ཐོབ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པ་བཅས་ལེའུ་བཞིའི་སྒྲོམ་གཞིའི་འོག་ནང་

གསེས་ས་བཅད་༤༣ དང་། དེ་དག་གི་ནང་གསེས་བརྒྱ་ཕྲག་བརྒལ་བའི་ནང་གོང་ གསལ་གྱི་བརྗོད་གཞི་རྣམས་ཚིག་ཉུང་དོན་འདུས་དག་གསལ་གོ་བདེའི་ལམ་ནས་ དཔྱོད་ལྡན་རྣམས་ཀྱི་གཟིགས་ཡུལ་དུ་མཁས་པ་མགུ་བའི་ལེགས་བཤད་ཀྱི་སྐྱེས་

སུ་བསྐྲུན་འདུག་པ་ནི་རྗེས་སུ་ཡི་རངས་དང་། བསྟོད་བཀུར་བསྔགས་པའི་ཡུལ་

དམ་པར་གྱུར། ཉམས་ཞིབ་ཀྱི་གྲུབ་དོན་རྩོམ་ཡིག་འདིའི་གལ་ཆེའི་ཁྱད་ཆོས་རེ་ ཟུང་ཟུར་དུ་བཀོལ་ན། གཞུང་ལུགས་ཧ་ཅང་མང་པོ་ནས་བསླབ་རིག་དང་འབྲེལ་

བའི་དོན་ཚན་ཁག་ཕྱོགས་གཅིག་ཏུ་བཏུས་པས་བརྗོད་དོན་ཆ་ཚང་ཞིང་གཞུང་

བརྒྱ་ལྟ་བའི་ལྡེའུ་མིག་ལྟ་བུར་གྱུར་པ་དང་། གནའ་བོའ་ི གཞུང་ལུགས་ལས་བྱུང་

བའི་ལུང་ཁུངས་དེ་དག་སྲོལ་རྒྱུན་གྱི་འགྲེལ་བརྗོད་བྱེད་སྲོལ་ཙམ་མ་ཟད། དེང་

རབས་པའི་ལྟ་ཚུལ་དང་གོ་ཚུལ། ཨིན་སྐད་དང་རྒྱ་སྐད་སོགས་སྐད་རིགས་གཞན་ གྱི་ཐ་སྙད་དང་ཡང་མཚུངས་བསྡུར་གྱིས་དཔྱད་ཞིབ་ལ་བརྟེན་ནས་ཀུན་གྱིས་གོ་

བདེ་བ། སྲོལ་རྒྱུན་བསླབ་རིག་ལ་ཞིབ་འཇུག་བྱེད་སྐབས་མེད་དུ་མི་རུང་བའི་དོན་ ཚན་རྣམས་ལེའུ་སོ་སོའ་ི ནང་གསེས་ཀྱི་ས་བཅད་ཆེ་ཆུང་རྣམས་སུ་ཟུར་བཏོན་

གནང་བས་འབྱུང་འགྱུར་ཉམས་ཞིབ་པ་རྣམས་ཀྱིས་མཐའ་རྒྱ་ཆོད་པའི་ཉམས་ཞིབ་ VI


ཀྱི་མཐུན་རྐྱེན་དང་སྐུལ་མར་གྱུར་པ། ད་ཕན་ཡིག་ཐོག་ཏུ་མ་འཁོད་པའམ་བཀོད་

ཀྱང་ཡོངས་གྲགས་མིན་ཞིང་། དཔེ་རྒྱུན་རྙེད་དཀའ་བའི་དོན་གནད་ཇི་སྙེད་ཅིག་ བཀོད་འདུག་པ་དེས་གལ་ཆེའི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་དང་། དོན་གཉེར་

ཅན་རྣམས་ལ་སྔར་མཐོང་ཐོས་སུ་མ་གྱུར་པའི་དོན་གནད་མི་ཉུང་བ་ཞིག་ངོ་སྤྲོད་ ཐུབ་པ་བཅས་ཁོ་བོའ ི་ཐོག་མའི་མཐོང་སྣང་དུ་བྱུང་།

རྩོ མ ་དེ བ ་འདི ར ་གསལ་བའི ་ དོ ན ་གནད་རེ ་ ཟུང་ཁོ ་ བོ ས ་འཕྲལ་དུ་མོ ས ་

མཐུན་མ་ཐུབ་པའང་འདུག་མོད། དེ་དག་རྒྱུ་མཚན་མེད་པའི་སྤམས་བཤད་མིན་

པ་དང་། སྲོལ་རྒྱུན་ནང་བསྟན་རིག་པ་ནི་ལུགས་བརྒྱ་ལྡན་དུ་སྔོན་བྱོན་མཁས་པ་

ཡོངས་ཀྱིས་བཞེད་སྟབས། དགེ་མཚན་ལས་ཞན་ཆ་ག་ལ་ཡིན།

བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ལེགས་སྦྱར་གྱི་ཐ་སྙད་ ‘ཤིཀྵཱ་’ ཞེས་

པ་བོད་སྐད་དུ་ ‘བསླབ་པ་’ ཞེས་བསྒྱུར་གནང་མཛད་ཡོད་པ་བཞིན་ ‘བསླབ་པ་’

དང་ ‘བསླབ་པའི་རིག་པ་’ ཞེས་པའི་ཐ་སྙད་ཀྱིས་དེང་རབས་ནུབ་ཕྱོགས་པའི་སྐད་ དུ་ ‘Education’ དང་

‘Education system’ ཞེས་པའི་ཚིག་དོན་གསལ་མི་ཐུབ་པ་

མེད་མོད། བར་སྐབས་རང་རེའི་སྔོན་གྱི་ཐ་སྙད་དྲན་ཡུལ་དུ་མ་གསལ་བར་ ‘ཤེས་ རིག་’ དང་ ‘སློབ་གསོ།’ ‘ཤེས་ཡོན།’ ‘རིག་གནས་’ སོགས་ཇི་སྙེད་ཅིག་བེད་

སྤྱོད་བྱས་ཡོད་པ་ལྟར། རྩོམ་ཡིག་འདིའི་ནང་དུའང་ཐ་སྙད་དེ་དག་སྐབས་རེ་སྒྲ་རྣམ་ གྲངས་པ་ལྟ་བུ་དང་། སྐབས་རེ་སྐབས་ཐོབ་ཀྱི་གདམ་ག་ལྟ་བུར་བེད་སྤྱོད་གནང་

འདུག སྤྱིར་བཏང་རང་རེས་སྒྲ་དོན་གྱི་འབྲེལ་བ་རང་མཚན་པར་མི་བཞེད་པས། ཐ་

སྙད་རྣམས་བརྗོད་འདོད་དབང་གིས་དོན་གང་ལའང་འཇུག་ཏུ་རུང་བ་དང་། ནམ་ ཞིག་དེ་ཉིད་སྒྲ་གཏིང་ཚུགས་པར་འགྱུར་བ་ཡིན་གཤིས་ཁྱད་པར་མ་མཐོང་ཡང་།

ད་ལྟའི་ཀློག་པ་པོ་རྣམས་ཀྱིས་ཐ་སྙད་དེ་དག་གི་བྱུང་རིམ་དང་། གནའ་དེང་གི་གོ་ VII


དོན་རྣམས་མཁྱེན་གལ་ཆེ་བར་མངོན།

རྩོམ་ཡིག་འདིར་གསལ་བའི་ལེའུ་རེ་རེ་དང་། དེ་དག་གི་ནང་ཚན་རེ་རེའི་

ཐོག་ད་དུང་ཉམས་ཞིབ་ཀྱི་ལས་དོན་གཞི་རྒྱ་ཆེ་བ་བྱ་འོས་དང་བྱ་དགོས་སུ་མཐོང་

བས། དཔྱད་ཞིབ་འདིའི་རྩོམ་པ་པོས་མཁས་པ་མགུ་བའི་ལེགས་བཤད་རྒྱུན་ཆད་

མེད་པ་སྤེལ་བའི་རེ་སྨོན་དང་། དཔྱོད་ལྡན་གཞན་དག་གིས་ཀྱང་ཐུགས་སྣང་དང་།

ཉམས་ཞིབ། འཆད་རྩོམ་གང་མང་ཡོང་བའི་རེ་སྨོན་བཅས། ཤཱཀྱའི་བཙུན་གཟུགས་ ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་སྨོན་པ་ དགེ་བར་གྱུར་ཅིག ཇཡ་ཇགཏ།྄ ། །།

VIII


དཀར་ཆག ཆེད་བརྗོད།

ཆེད་དུ་བརྗོད་པ།................................................................................................... III

ཉམས་ཞིབ་པས་སྔོན་དུ་བགྱིས་པའི་གཏམ།................................................................ 1 ༡ ཉམས་ཞིབ་པ་སྐྱེད་སྲིང་བྱེད་དགོས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 1 ༢ བོད་ཀྱི་ཤེས་ཡོན་པའི་སྡེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 3 ༣ བདག་གི་མི་ཚེ་དང་ཤ ེས་ཡོན་རིག་པའི་བརྗོད་གཞི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 4 ༤ ཉམས་ཞིབ་པས་གདོང་ལེན་བྱེད་དགོས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 7 ༥ མཐུན་རྐྱེན་གྱི་དཀའ་ངལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 9

༦ ཉམས་ཞིབ་བྱེད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 11 ༧ ཤེས་ཡོན་རིག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 13

ལེའུ་དང་པོ།

དཔྱད་ཞིབ་རིགས་པའི་མཚུངས་སྡུར་དང་། དགག་སྒྲུབ་ལྟ་ཐབས་ཀྱིས་ བལྟས་པའི་རིག་གནས་རིག་པའི་འཚོལ་ཞིབ།

དང་པོ། རིག་གནས་དང་དེའི་བརྡ་དོན།—དཔྱད་ཞིབ།............................................. 17 ༡ (Culture) ཞེས་པའི་ཚིག་གི་འབྱུང་ཁུངས་དང་ཚིག་དོན་ལ་དཔྱད་པ།་་་་་་་་་་་་་་་་་་་་་་་ 17 ༢ སྒྱུ་རྩལ།—རིག་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 22 ༣ བོད།— རིག་གནས།— དཔྱད་ཞིབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 24 ༤ གྲུབ་དོན།—རིག་གནས་མཚན་ཉིད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 31 ༥ རིག་གཞུང༌། —Culture ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 33 IX


༦ ལེགས་བྱང༌།—Culture ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 38 ༧ ཤེས་རིག—དཔལ་ཡོན།—Culture ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 44

གཉིས་པ། རིག་གནས་དབྱེ་བསྡུའི་རིགས་ལམ།—འཚོལ་ཞིབ།.................................. 51 གསུམ་པ། གདོད་མའི་རིག་གནས་དང་དེའི་དབྱེ་བསྡུའི་རིགས་ལམ།—འཚོལ་ཞིབ།.. 64 བཞི་པ། རིག་གནས་བགྲོ་གླེང༌།—འཚོལ་ཞིབ།......................................................... 71 ༡ རྒྱལ་ཁབ་ཁག་གཅིག་གི་རིག་གནས་སྟེང་གི་བགྲོ་གླེང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 71 ༢ བོད་ཀྱི་རིག་གནས་འཕེལ་རིམ་ཁྲོད་ཀྱི་བགྲོ་གླེང༌།—འཚོལ་ཞིབ།་་་་་་་་་་་་་་་་་་་་་་་་་་་་་ 74

ལྔ་པ། རིག་གནས་ཀྱི་ནང་རིམ་མི་གཤིས།—འཚོལ་ཞིབ།.......................................... 81 དྲུག་པ། རིག་གནས་འདུ་ཤེས།—འཚོལ་ཞིབ།.......................................................... 93 བདུན་པ། རིག་གནས་བརྗེ་ལེན།—འཚོལ་ཞིབ།....................................................... 96 བརྒྱད་པ། རིག་གནས་གདོང་གཏུགས། — འཚོལ་ཞིབ།......................................... 101 དགུ་པ། རིག་གནས་ཕྱིར་གཏོང་དང་ཚུར་ལེན།—འཚོལ་ཞིབ།................................ 107

ལེའུ་གཉིས་པ།

དཔྱད་ཞིབ་རིགས་པའི་སྔོག་འདོན་ལྟ་ཐབས་ཀྱིས་བལྟས་པའི་གནའ་ དེང་ཕྱི་ནང་གི་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

དང་པོ། བོད་ཀྱི་གདོད་མའི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།........................... 115 གཉིས་པ། བཙན་པོའ་ི དུས་རབས་ཀྱི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།.............. 122 གསུམ་པ།

དུས་རབས་བར་མའི་ཆོས་ལུགས(གཡུང་དྲུང་བོན་དང་ནང་བསྟན)ཤེས་ཡོན་ངོས་ འཛིན་དང་དཔྱད་ཞིབ།......................................................................... 140

བཞི་པ། ཆོས་ལུགས་ཤེས་ཡོན་གྱིས་འཚོལ་སྙེག་གི་ཡུལ་དུ་གྱུར་པའི་མི་གཤིས་སྙིང་སྟོབས་ ཆེན་པོ་དྲུག......................................................................................... 151 ལྔ་པ། ཤེས་ཡོན་དང༌། བསླབ་པ། སློབ་གསོ་བཅས་ཀྱི་བརྡ་དོན་ལ་དཔྱད་པ།............ 155

དྲུག་པ། གནའ་དེང་ཕྱི་ནང་གི་རིག་པའི་གཞུང་ལུགས་དང་མཁས་པ་དག་གིས་ལྟ་ཚུལ་ X


སྣ་ཚོགས་དང་ཁྱད་ཟུར་འདྲ་མིན་ནས་ཤེས་ཡོན་.................................... 162

ངོས་འཛིན་བྱེད་ལུགས།........................................................................................ 162 ༡

བོད་ཀྱི་རིག་པའི་གཞུང་ལུགས་དང་མཁས་པ་རྣམས་ཀྱིས་ཤ ེས་ཡོན་ངོས་འཛིན་བྱེད་ ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 162

༢ རྒྱ་གར་གྱི་གནའ་དེང་བསམ་བློ་བ་ཚོས་ཤ ེས་ཡོན་ངོས་འཛིན་བྱེད་ལུགས།་་་་་་་་་་་་་་་ 168 ༣ རྒྱ་ནག་དང་འཇར་པན་གྱི་མཁས་པ་དག་གིས་ཤ ེས་ཡོན་ངོས་འཛིན་བྱེད་ལུགས།་་་་་ 173 ༤ ནུབ་ཕྱོགས་མཁས་པ་དག་གིས་ཤ ེས་ཡོན་ངོས་འཛིན་བྱེད་ལུགས།་་་་་་་་་་་་་་་་་་་་་་་་་ 175 ༥ དེང་དུས་ཀྱི་ལྟ་གྲུབ་མི་འདྲ་བས་ཤ ེས་ཡོན་ངོས་འཛིན་བྱེད་ལུགས།་་་་་་་་་་་་་་་་་་་་་་་་་་ 181 ༦ མཐའ་སྡོམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 183

ལེའུ་གསུམ་པ།

དཔྱད་ཞིབ་རིགས་པའི་གཤག་བཅོས་ལྟ་ཐབས་ཀྱིས་བལྟས་པའི་ཤེས་ ཡོན་ངོས་འཛིན་བྱེད་ལུགས།

དང་པོ། སྤྱི་དཔྱད།................................................................................................ 189 གཉིས་པ། ཤེས་རབ་ཤེས་ཡོན་གྱི་ངོས་འཛིན་དང་དཔྱད་ཞིབ།.................................. 191 ༡ ཤེས་རབ་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 191 ༢ དེང་རབས་ཀྱི་རིག་སྟོབས་བདུན་སྨྲ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 202 ༣ ཤེས་རབ་ཀྱི་ཡུལ་དུས་རང་བཞིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 204 ༤ ཤེས་རབ་ཀྱི་ཡུལ་གྱི་རང་བཞིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 207

གསུམ་པ། ཀུན་སྤྱོད་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།..................................... 212 ༡ ཀུན་སྤྱོད་རིག་པའི་བསྡུས་དཔྱད་དམ་གླེང་གཞི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 212 ༢ མཁས་པ་དག་གི་ཀུན་སྤྱོད་སྡོམ་ཚིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 219 ༣ ཀུན་སྤྱོད་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 223 ༤ ཀུན་སྤྱོད་ཀྱི་རང་རྟོགས་དང་གཞན་རྟོགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 230 XI


༥ ཁྲིམས་ལུགས་སུ་གྱུར་པའི་སྤྱོད་ལེགས་ཚད་གཞི་འཇལ་བྱེད་ནི་ཉེས་ཆད་ཡིན།་་་་་་་་ 234 ༦ རང་རྟོགས་ཀུན་སྤྱོད་ཁོལ་ཕྱུང་དུ་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 238 ༧ ཀུན་སྤྱོད་ཀྱི་ཡུལ་དུས་རང་བཞིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 241 ༨ སྒེར་གྱི་ཀུན་སྤྱོད་དང་སྤྱིའི་ཀུན་སྤྱོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 254 ༩ ཤེས་རབ་དང་ཀུན་སྤྱོད་གཤིབ་བསྡུར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 261 ༡༠

དཔྱད་བསྡུར་ཀྱི་རིགས་ལམ་འདིའི་ཁུངས་སུ་གྱུར་པའི་ནང་བསྟན་རིག་པའི་ཤ ེས་ཡོན་ སྒྲོམ་གཞི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 264

བཞི་པ། འཇོན་ནུས་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།...................................... 266 ༡ འཇོན་ནུས་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 266 ༢ འཇོན་ནུས་ཀྱི་བབ་བསྟུན་ཁྱད་ཆོས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 272 ༣ འཇོན་ནུས་ཀྱི་དབྱེ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 275

ལྔ་པ། བདེ་ཐང་གི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།...................................... 281 ༡ བདེ་ཐང་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 281 ༢ སྲོལ་རྒྱུན་བློ་སྦྱོང་དང་བདེ་ཐང་ཤ ེས་ཡོན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 292 ༣ སྲོལ་རྒྱུན་རྩ་རླུང་འཕྲུལ་འཁོར་དང་བདེ་ཐང་ཤ ེས་ཡོན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 295

ལེའུ་བཞི་པ།

དཔྱད་ཞིབ་རིགས་པའི་ཕྱོགས་ཡོངས་ལྟ་ཐབས་ཀྱིས་བལྟས་པའི་བོད་ ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་བྱེད་ཐབས།

དང་པོ། ཁྲིད་གསུམ་བཤད་པ།............................................................................... 307 གཉིས་པ། སློབ་ཁྲིད་བྱེད་ཐབས་སྤྱིར་བསྟན་པ།...................................................... 312 གསུམ་པ། སློབ་ཁྲིད་ཀྱི་ཐོག་མའི་སྤྱི་ཤེས།............................................................... 314 བཞི་པ། དགོས་པ་སོགས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་ཚུལ་ལ་ཞིབ་པར་དཔྱད་པ།......... 317 ༡ སྤྱིར་བཤད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 317 XII


༢ དགོས་པ་འཆད་པའི་ཁྲིད་ཐབས། རིན་ཐང་དཔྱད་འཇོག་གི་སློབ་ཁྲིད།་་་་་་་་་་་་་་་་་་་་་ 321 ༣ བསྡུས་དོན་གྱི་ཁྲིད་ཐབས། གནད་བསྡུས་སློབ་ཁྲིད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 323 ༤ ཚིག་དོན་བཤད་པའི་ཁྲིད་ཐབས། ཚིག་དོན་རྒྱས་འགྲེལ་གྱི་སློབ་ཁྲིད།་་་་་་་་་་་་་་་་་་ 328 ༥ མཚམས་སྦྱར་བའི་སློབ་ཁྲིད་བྱེད་ཐབས། བརྗོད་བྱ་དབྱེ་ཞིབ་ཀྱི་སློབ་ཁྲིད།་་་་་་་་་་་་་་་་ 342 ༦ བརྒལ་ལན་གྱི་སྒོ་ནས་འཆད་ཁྲིད་བྱེད་ཐབས། བགྲོ་གླེང་ཅན་གྱི་སློབ་ཁྲིད།་་་་་་་་་་་་་་་ 351

ལྔ་པ། སློབ་ཁྲིད་ཀྱི་ཆེ་བ་དང་བྱེད་ཐབས་གཞན་དག.............................................. 357 དྲུག་པ། སློབ་ཁྲིད་ཀྱི་ཡོན་ཏན་བཤད་པ།................................................................ 364 བདུན་པ།

སྡུད་དངོས་བཞི་དང་ཕར་ཕྱིན་དྲུག་གི་སྒོ་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་ ཚུལ།.................................................................................................... 371

བརྒྱད་པ། འཚོལ་བ་དྲུག་གི་སྒོ་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐབས།................ 376 དགུ་པ། ཚད་ལྡན་དགེ་རྒན། དེའི་སྤང་བྱ་དང་འོས་ཆོས།......................................... 385 བཅུ་པ། ཚད་ལྡན་སློབ་མ། དེའི་སྤང་བྱ་དང་འོས་ཆོས། .......................................... 395 བཅུ་གཅིག་པ། ཐོས་བསམ་སྒོམ་གསུམ་བཤད་པ།................................................... 406 ༡ སློབ་སྦྱོང་བྱེད་ཐབས་ཀྱི་ཁྱད་ཆོས་འཚོལ་དཔྱོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 406 ༢ ཐོས་བྱུང་གི་སློབ་སྦྱོང༌། ཐོས་སྟོབས་ཀྱི་ནུས་པ་གསོ་སྐྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་ 409

༣ བསམ་བྱུང་གི་སློབ་སྦྱོང༌། བསམ་གཞིགས་ནུས་པ་གསོ་སྐྱོང་བྱེད་ཐབས།་་་་་་་་་་་་་་ 411 ༤ སྒོམ་བྱུང་གི་སློབ་སྦྱོང༌། ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་་་ 415

བཅུ་གཉིས་པ། མཁས་པའི་བྱ་བ་རྣམ་གསུམ།.......................................................... 418 ༡ འཆད་པ་ལ་མཁས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 418 ༢ རྩོད་པ་ལ་མཁས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 419 ༣ རྩོམ་པ་ལ་མཁས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 421

བཅུ་གསུམ་པ། ནང་བསྟན་རིག་གཞུང་ལས་ཤེས་ཡོན་རིག་པའི་དཔྱད་ཐབས་ལྔ།...... 424 ༡ རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ཤ ེས་ཡོན་རིག་པའི་དཔྱད་ཐབས།་་་་་་་་་་་་་་་་་་་་ 424 ༢ བདེན་པ་བཞི་དང་ཤ ེས་ཡོན་རིག་པའི་དཔྱད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 432 XIII


༣ ས་བཅུ་ལམ་ལྔ་དང་ཤ ེས་ཡོན་རིག་པའི་དཔྱད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 437 ༤ ཡེ་ཤེས་ལྔ་དང་ཤེས་ཡོན་རིག་པའི་དཔྱད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 439 ༥ སེམས་ཀྱི་རང་བཞིན་འོད་གསལ་བ་དང་ཤ ེས་ཡོན་རིག་པའི་དཔྱད་ཐབས།་་་་་་་་་་་་་་་ 442

བཅུ་བཞི་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབབ་ཕྱོགས་དང་དེའི་སྲོག་ཤིང༌།.......... 447 བཅོ་ལྔ་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་དམིགས་ཚད།.......................................... 452

བཅུ་དྲུག་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འཕེལ་རྒྱས་དང་ད་ལྟའི་བར་དུ་རྒྱུན་སྐྱོང་ ཐུབ་པའི་ནུས་པ་བཞི།........................................................................... 456 ༡ ཉན་བཤད་ཀྱི་ཕན་ཡོན་བསམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 457 ༢ སློབ་ཚན་དང་དེའི་མཛད་པ་པོར་ཚད་མཐོའ ི་གདེང་འཇོག་བྱེད་པ།་་་་་་་་་་་་་་་་་་་་་་་་་་་་ 460 ༣ དགེ་རྒན་ལ་ཚད་མཐོའ ི་གདེང་འཇོག་བྱེད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 463 ༤ རྩོད་པའི་རིག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 467

བཅུ་བདུན་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་ཞན་ཆར་དཔྱད་པ།........................... 484 ༡ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འཁོར་བསྐྱོད་ཆོས་ཉིད་དང༌ཡ་བྲལ་རང་བཞིན།་་་་་་་་་་ 484 ༢ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་ཕྱོགས་དུ་མ་ནས་འཚོལ་ཅིང་རྙེད་པའི་ཞན་ཆ།་་་་་་་་་་་ 489

བཅོ་བརྒྱད་པ།

གཞུང་ལུགས་སུ་བཀོད་མེད་ཀྱང་ལག་ལེན་དུ་ཡོད་པའི་ཤེས་ཡོན་རིག་

པའི་སྣང་ཚུལ་གཞན་དག..................................................................... 500

༡ སློབ་ཁྲིད་བཙན་པོ་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 500 ༢ རྩ་བ་དང་སྡོམ་ཚིག་བློ་འཛིན་གྱིས་ཁྲིད་སྦྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 510

བཅུ་དགུ་པ། བོད་ཀྱི་ཡིག་གཟུགས་ཁྲིད་ཐབས་དང་དཔྱད་ཞིབ།.............................. 513 ༡ བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 513 ༢ ཡི་གེའི་རིགས་དབྱེ་བྱེད་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 520 ༣ བོད་ཀྱིས་རྒྱུན་ལྡན་སྤྱོད་བཞིན་པའི་བོད་ཡིག་ཡིག་རིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 527 ༤ ཡིག་གཟུགས་ཁྲིད་སྦྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 530 ༥ སློབ་སྦྱོང་གི་བརྒྱུད་རིམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 539 XIV


༦ དབུ་ཅན་ཡིག་རིས་ཀྱི་རྩ་འཛིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 543 ༧ ཡིག་གཟུགས་ངོ་སྤྲོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 546 ༨ ཡིག་རིས་ཀྱི་གཞུང་ལུགས་དང་བྲིས་དཔེ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 552 ༩ གངས་ཅན་ཡིག་རིས་ལ་ཕྱག་རྗེས་ཆེ་བའི་ཡིག་མཁན་དག་གི་ངོ་སྤྲོད།་་་་་་་་་་་་་་་་་་་་་ 553

ཉི་ཤུ་པ། བོད་ཀྱི་གསོ་བྱེད་རིག་པར་སློབ་སྦྱོང་བྱེད་ཚུལ།......................................... 558 ༡ གསོ་བ་རིག་པའི་བྱུང་འཕེལ་གནད་བསྡུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 558 ༢ སློབ་སྦྱོང་བྱེད་ཐབས་ཀྱི་ཁྱད་ཆོས་འགའ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 559

ཉེར་གཅིག་པ། སྔ་རབས་བོད་ཀྱི་སྐད་བརྡ་རིག་པའི་སློབ་སྦྱོང་བྱེད་ཐབས།............... 564 ༡ ཡི་གེ་སྒྲ་གདངས་སློབ་ཁྲིད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 564 ༢ བརྡ་སྤྲོད་རིག་པར་སློབ་སྦྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 565 ༣ ཁྱད་ཆོས་འགའ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 566 ༤ རྩོམ་རིག་སློབ་སྦྱོང་བྱེད་ཐབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 568 ༥ ཁྱད་ཆོས་འགའ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 570

ཉེར་གཉིས་པ། སྔ་རབས་བོད་ཀྱི་དགོན་སྡེའི་སྒྱུ་རྩལ་སློབ་སྦྱོང་བྱེད་ཐབས།............... 573 ༡ ཆོས་ཀྱི་དབྱངས་རྟ་སློབ་སྦྱོང་བྱེད་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 573 ༢ བོད་ཀྱི་དགོན་སྡེའི་རོལ་མོར་སློབ་སྦྱོང་བྱེད་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 579 ༣ བོད་ཀྱི་དགོན་སྡེའི་གར་འཆམ་སློབ་སྦྱོང་བྱེད་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 587

༤ སྔ་རབས་བོད་ཀྱི་དགོན་སྡེའི་བཟོ་བཀོད་སློབ་སྦྱོང་བྱེད་ཚུལ། དཀྱིལ་འཁོར་བཞེང་བཀོད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 592

ཟུར་བལྟའི་དཔྱད་གཞི།.......................................................................................... 604 བོད་ཀྱི་ཤེས་རིག་ཞིབ་འཇུག་གི་དཔེ་དེབ་འདིའི་ལུང་ཁུངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 604 བོད་ཀྱི་ཤེས་རིག་དཔྱད་ཞིབ་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་གི་མཚན་བྱང་།་་་་་་་་ 613

XV



བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 1

ཉམས་ཞིབ་པས་སྔོན་དུ་བགྱིས་པའི་གཏམ། ༡ ཉམས་ཞིབ་པ་སྐྱེད་སྲིང་བྱེད་དགོས་པ།

ཆེད་ལས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་སྐྱེད་སྲིང་བྱེད་དགོས་ཞེས་པ་ ནི་མི་རིགས་གཞན་ཞིག་ལ་མཚོན་ནས་བཤད་ན། ལོ་ངོ་མང་པོའ་ི སྔོན་གྱི་བརྗོད་ གཞི་ཞིག་ཡིན་སྲིད་ནའང་། ངེད་ཅག་བོད་ཀྱི་དུས་རབས་གསར་པའི་སློབ་སྦྱོང་གི་ བརྒྱུད་རིམ་ནས་གླེང་ན་བརྗོད་གཞི་གསར་པ་ཞིག་རེད། དེ་ཡང་སྤྱི་ནོར་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་འཛམ་གླིང་གི་སྡིངས་ཆའི་སྟེང་ནས་

ལངས་ཐུབ་མཁན་གྱི་རིགས་གཅིག་རྐང་འཛིན་ཆེད་ལས་པ་དགོས་གལ་ཆེ་བའི་

གསུང་འཕྲིན་རབས་དང་རིམ་པ་གནང་བ་ལ་བརྟེན། གཞི་ནས་རིགས་གཅིག་རྐང་ འཛིན་ཆེད་ལས་པ་གསོ་སྐྱོང་བྱེད་པའི་ལས་གཞི་ཞིག་འགོ་འཛུགས་བྱས། འདི་

ནི་ཧ་ཅང་འཕྱི་དྲགས་པའི་སྐྱོ་གནས་ཤིག་རེད། འདས་སོང་གི་གནས་ཚུལ་ལ་ རྒྱུས་ལོན་དང་། ད་ལྟའི་དངོས་ཡོད་མངོན་འགྱུར། འབྱུང་འགྱུར་ལ་སྔོན་རྩིས་བྱེད་ པ་སོགས་ཆེད་ལས་མཁས་པའི་ལས་བགོས་ཀྱི་ཁྱད་ཡོན་ལ་བརྟེན་དགོས་མོད།

ངེད་ཅག་བོད་ཀྱི་མཁས་པ་ཡིན་ན་ཡོད་ཚད་ལ་སྦྱང་དགོས་པའམ། ཐམས་ཅད་ ཤེས་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་རྐྱེན་གྱིས། ཆེད་སྦྱོང་དང་རིག་བགོས་ མི་བྱེད་པར་ཁྱེད་ཀྱིས་སྦྱངས་པ་ངས་ཀྱང་ཤེས། ང་ཡིས་སྦྱངས་པ་ཁྱེད་ཀྱིས་ཀྱང་


2 ཉམས་ཞིབ་དེབ་ཕྲེང་། ༡

རྟོགས་པ་ལྟ་བུ་ལས་རིག་ཚན་ཆེན་མོར་རིག་བགོས་ཀྱིས་མཐིལ་རྟོགས་སློབ་སྦྱོང་ དང་། རིག་ཚན་གསར་གཏོད། རིག་ཚན་ནང་འདྲེན། རིག་ཚན་དབྱེ་བགོས་སོགས་

བྱས་ཏེ་ཆ་ཤས་བཀྲོལ་བའི་སློབ་སྦྱོང་མི་བྱེད་པར། བོད་པའི་མཁས་པ་ཡིན་ན་རྩོམ་ རིག་དང་། སུམ་རྟགས། ལོ་རྒྱུས། དེ་ལས་བརྒལ་ན་ནང་བསྟན་རིག་གཞུང་ཅུང་ ཟད་ཤེས་པ་ལྟ་བུའི་རིགས་འདྲའི་སློབ་སྦྱོང་དང་། རིགས་འདྲའི་མཁས་པ་ལས་

མི་རིགས་ཤ ིག་དང་རྒྱལ་ཁབ་ཅིག་ལ་མཁོ་བའི་ཁྱེད་ཀྱིས་འདིའི་ཕྱོགས་ཤ ེས་ན་ང་

ཉིད་དེའི་ཕྱོགས་སུ་མཁས་པ་ལྟ་བུའི་ཁྱད་མཁས་པ་འབྱུང་ཐུབ་མེད། ཁྱད་མཁས་

པ་སྐྱེད་སྲིང་བྱེད་པ་ནི་འཛམ་གླིང་གི་དུས་རབས་གསར་པའི་ཤེས་ཡོན་ཁྲོད་ཀྱི་ རྒྱུན་ཤ ེས་སུ་གྱུར་ཡོད་པས། ངེད་ཅག་གིས་ཀྱང་རང་མི་རིགས་ཀྱི་བླ་ན་མེད་པའི་ རིག་གཞུང་གི་ཁམས་དེ་ཉར་ཚགས་དང་། གོང་འཕེལ་གཏོང་བ། ཡང་ན་རིག་ ཚན་གསར་གཏོད་བྱེད་པ། རིག་ཚན་དབྱེ་བགོས་བྱེད་པ་སོགས་ཀྱི་ཐབས་ལམ་ ལ་བརྟེ ན ་ནས་མཐི ལ ་རྟོ ག ས་སློ བ ་སྦྱོ ང ་བྱེ ད ་པའི ་ འཛམ་གླི ང ་གི ་ སྤྱི ་ འགྲོ ས ་དང་

བསྟུན་དགོས། འོ་ན་མཐིལ་རྟོགས་སློབ་སྦྱོང་གི་སྤྱི་འགྲོས་ནི་རིགས་གཅིག་རྐང་ འཛིན་སློབ་གཉེར་བ་གསོ་སྐྱོང་གི་ཐབས་ལམ་ལ་བརྟེན་དགོས་མོད། ད་ལྟའི་ང་ ཚོའི་སྤྱི་རོབ་སློབ་སྦྱོང་གི་བྱེད་སྟངས་འདི་དང་། ང་ཚོ་ཚང་མའི་དགའ་ཕྱོགས་ གཅིག་པ། སྦྱང་བྱ་གཅིག་པ་ལྟ་བུའི་ད་ལྟའི་ང་ཚོའི་འགྲོ་སྟངས་འདིའི་ནང་དུ་མུ་ མཐུད་བསྐྱོད་ན། ངེད་ཅག་གི་གཞོན་སྐྱེས་རྣམས་དུས་རབས་གསར་པའི་མདུན་

ནས་ཕམ་རྒྱུ་ཉག་གཅིག་ཡིན། དེ་བས༸གོང་ས་མཆོག་གི་དགོངས་གཞི་བཞིན་

སྤྱི་སྒེར་གཉིས་ཐད་ནས་ཆེད་ལས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་སྐྱེད་ སྲིང་ལ་འབད་བརྩོན་གནང་དགོས་སོ།།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 3

༢ བོད་ཀྱི་ཤེས་ཡོན་པའི་སྡེ།

ད་ལྟའི ་ བོ ད ་མི ་ རི ག ས་ལ་མཁས་པ་ཧ་ཅང་ཉུང་ལ་ཤེ ས ་ཡོ ན ་ཡོ ད ་པའི ་ སྡེ འ ང་

སྟོ ང ་ཆ་ཅན་གྱི ་ འོག ་གི ་ སྡེ ་ ཚན་དེ ་ དག་ཏུ་བགར་ཆོ ག ཤེ ས ་ཡོ ན ་པའི ་ རི ག ས་ སྡེ་གཅིག་ནི་བོད་ནང་གི་སློབ་སྦྱོང་གཏིང་ཟབ་ཡོད་པའི་རིགས་ཡིན། རིགས་

སྡེ་དེར་རྒྱ་ཡིག་དང་བོད་ཀྱི་རིག་གཞུང་གི་ཤེས་ཚད་ཕུན་སུམ་ཚོགས་པ་ཡོད་ ནའང་། གནས་སྟངས་ཤི ག ་གི ་ རྐྱེ ན ་པས་དེ ང ་གི ་ འཛམ་གླི ང ་གི ་ཤེ ས ་ཡོ ན ་གྱི ་ འཕེལ་རྒྱས་དང་འབྲེལ་མཐུད་བྱེད་མ་ཐུབ་པའི་དཀའ་ངལ་ཡོད། བོད་ཀྱི་ཤེས་

ཡོན་པའི་རིགས་སྡེ་གཅིག་ལ་བོད་ཀྱི་སྔ་རབས་རིག་གཞུང་གི་སློབ་སྦྱོང་ཡག་

པོ་ཡོད་ཀྱང་སྐད་ཡིག་གཞན་མི་ཤ ེས་པས་འཛམ་གླིང་རིག་གཞུང་གི་བྲོ་བ་མྱོང་ མི་ཐུབ། རིགས་སྡེ་གཅིག་དེ་བཙན་བྱོལ་ནང་དུ་སྐྱེས་ཤ ིང་དེང་རབས་སློབ་སྦྱོང་ ཐོན་པ་དེ་དག་ཡིན་ལ། དེ་དག་ལ་བོད་ཀྱི་རིག་གཞུང་གི་སློབ་སྦྱོང་མེད་པས་མི་

རིགས་རིག་གཞུང་དང་འབྲེལ་མཐུད་བྱེད་མ་ཐུབ་པའི་དཀའ་ངལ་ཡོད། རིགས་ སྡེ་གཅིག་སྟེ་སྐད་ཡིག་གི་ཡིག་རྨོངས་གསལ་ཙམ་གྱི་འབྲིང་རིམ་ཤེས་ཡོན་པ་

དག་ཡིན། ཁོ་ཚོར་དཔྱད་ཞིབ་ཀྱི་རིན་ཐང་ལྡན་པའི་བརྩམས་ཆོས་མེད་ནའང་

ཚོར་སྣང་གི་འབོལ་རྩོམ་མང་ཤོས་ནི་དེ་དག་ཡིན། དཔེར་ན། འབྲིང་རིམ་སློབ་ གྲྭ་ཐོན་ཙམ་དང་། མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པ། སྔོན་ཆད་གྲྭ་ས་ནས་འབྲི་ ཀློག་རེ་སྦྱངས་ཟིན་པ་རྣམས་ཡིན། ལྷག་པར་བཙན་བྱོལ་ནང་དུ་དོན་དངོས་ཀྱི་

ཤེས་ལྡན་པའི་གོ་གནས་འཕྲོག་སྟེ་ཁ་ཕྱོགས་གླེང་བའི་བགྲོ་གླེང་གི་གནས་བབ་ ཆེ་ཤ ོས་རིགས་སྡེ་འདིས་བཟུང་ཡོད།

ང་ཚོས་ཤ ེས་ཡོན་པའི་རིགས་སྡེ་འདི་དག་ལ་ཕྱིར་བལྟས་བྱས་ན་རིགས་སྡེ་


4 ཉམས་ཞིབ་དེབ་ཕྲེང་། ༡

དེ་དག་ལ་སྟོང་ཆ་གང་དག་ཡོད་པ་མཐོང་ཐུབ། གོང་གི་ཤེས་ཡོན་པའི་སྡེའི་སྟོང་ཆ་

འདི་ནི་བོད་མི་རིགས་ཀྱི་སྟོང་ཆ་ཡིན་པས་སྟོང་ཆ་འདི་དག་ཇི་ལྟར་བསྐང་དགོས་

སམ། དེ་ནི་སྔོན་ཆད་ལས་ལྡོག་སྟེ་སློབ་སྦྱོང་གི་ཁོར་ཡུག་གསར་པ་བསྐྲུན་ཏེ་ཚད་ གཞིའང་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ཆུ་ཚད་ནས་འཇལ་སྟེ་ཚོར་སྣང་

སྨྲ་བ་ནས་དཔྱད་ཞིབ་པ་དང་། ཕྱོགས་གཅིག་མཐོང་བ་ནས་ཕྱོགས་ཀུན་ལྟ་ཞིབ་པ། ཕྱོགས་ཀུན་མཁས་སྨྲ་བ་ནས་ཕྱོགས་གཅིག་རྐང་འཛིན་པའི་ཁ་ཕྱོགས་ལ་བསྐྱོད་ དགོས་པ་ནི་གནད་དམ་པའོ།།

༣ བདག་གི་མི་ཚེ་དང་ཤེས་ཡོན་རིག་པའི་བརྗོད་གཞི།

ཁོ་བོ་ནང་བསྟན་སློབ་གྲྭར་འགྲིམ་བཞིན་པའི་སྐབས་སུ། ལམ་རིམ་ཆེན་མོར་སློབ་

སྦྱོང་བྱས། ལམ་རིམ་གྱི་ནང་དུ་བཤེས་གཉེན་བསྟེན་ཚུལ་དེ་ཧ་ཅང་གལ་ཆེན་དུ་ གསུངས་འདུག དེ་ཡང་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་བསྟེན་ནས་བློ་ཇི་ ལྟར་སྦྱོང་བའི་རིམ་པ་ཞེས་བློ་སྦྱོང་དང་བཤེས་གཉེན་བསྟེན་ཚུལ་གཉིས་དོ་མཉམ་དུ་

གསུངས་ཡོད། དེ་ནི་སློབ་ཁྲིད་ཀྱི་ཐབས་ཚུལ་དང་སློབ་སྦྱོང་གི་ཐབས་ཚུལ་ལ་གདེང་ འཇོག་ཚད་མཐོར་གནང་བ་ཞིག་ཏུ་ངེས། ད་དུང་དེའི་ནང་དུ་སློབ་སྦྱོང་མཐའ་འཁྱོལ་

བ་ཞིག་བྱེད་དགོས་ན་དགེ་སློབ་ཀྱི་བརྩེ་སེམས་ལྡན་པའི་འགན་འཁུར་གྱི་འདུ་ཤེས་

དང་ལག་ལེན་གཉིས་ཐད་ལ་ཚད་གཞི་གཏིང་ཟབ་ཅིག་བཞག་ཡོད། ཐབས་ཚུལ་དེ་ ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་འཆད་ཉན་རྒྱུན་མཐུད་དང་། དགོན་སྡེ་སྟོང་

ཕྲག་དུ་མར་སློབ་གཉེར་བ་ཁྲི་ཕྲག་ནས་ཁྲི་ཕྲག་གིས་སློབ་གཉེར་བྱེད་ཅིང་དགེ་

སློབ་ཀྱི་བར་དུ་ཕ་བུའི་འདུ་ཤེས་དང་བརྩེ་དུང་ཆགས་ཡོད་པས། བརྗོད་གཞི་འདི་ ལ་དེ་འདྲའི་ལག་ལེན་གྱི་རིན་ཐང་བླ་ན་མེད་པ་ཞིག་ཡོད་པ་བདེན་དཔང་བྱས་ཡོད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 5

པས་ངའི་ཡིད་དབང་འཕྲོག་སོང། དངོས་ཡོད་འདིས་དེང་གི་སློབ་ཁྲིད་ཀྱི་ཐབས་ ཚུལ་ཁྲོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཞན་ཆ་ཞིག་ལ་ཁ་བསྐང་བྱེད་ཐུབ་པར་

ང་ལ་ཡིད་ཆེས་རྙེད། དེ་བས་སློབ་ཐོན་ཆེད་རྩོམ་དུ་བཤེས་གཉེན་བསྟེན་ཚུལ་ལ་

དཔྱད་པ་ཞེས་པ་ཞིག་བྲིས། སློབ་གྲྭ་ཐོན་པ་དང་དགེ་རྒན་གྱི་ལས་ཀ་བྱེད་དགོས་ བྱུང་བ་ནི་གོང་གི་བརྗོད་གཞི་འདིར་ཐེངས་དང་པོ་ལག་ལེན་གྱིས་སྦྱོང་བརྡར་བྱས་ པ་ཡིན།

རྒྱ་གར་དུ་ཡོང་ནས་བསྐྱར་དུ་མཐོ་རིམ་གྱི་སློབ་སྦྱོང་བྱས་རྗེས་༸གོང་ས་

མཆོག་གི་དགོངས་གཞིའི་འོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རིགས་

གཅིག་རྐང་འཛིན་ཉམས་ཞིབ་པ་གསོ་སྐྱོང་གི་ལེགས་འདེམས་གྲས་སུ་ཚུད་ཅིང་

སློབ་ཡོན་ཐོབ་སྟེ། ངང་ངམ་ཤུགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པ་ཞེས་ པ་དཔྱད་གཞིར་བདམས་ཏེ་ལོ་ངོ་ཧྲིལ་པོ་གསུམ་ལ་དོན་དངོས་ཀྱིས་ང་རང་གི་དང་

བ་འདྲེན་བའི་བརྗོད་གཞི་འདིར་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ། ཉམས་ཞིབ་ལ་ སྡོམ་པས་ལོ་ངོ་ལྔ་ཙམ་འགོར་སོང་མོད། ལོ་ངོ་གསུམ་མ་ཟིན་ཙམ་ལ་ས་རཱ་མཐོ་

སློབ་ཀྱི་སློབ་སྤྱིས་ཁ་པར་འབྱོར་ཏེ་ས་རཱ་མཐོ་སློབ་ཏུ་དགེ་རྒན་ལ་ཕེབས་རོགས་ ཟེར། དེ་ནི་བཙན་བྱོལ་ནང་དུ་ཆེ་མཐོང་ཡོད་པའི་ས་རཱ་མཐོ་སློབ་ཀྱི་རྩོམ་དགེ་ལྷ་ མོ་སྐྱབས་ལགས་དགོངས་པ་ཞུས་པའི་དཀའ་ངལ་འོག་ནས། ཚོགས་འདུ་རིམ་པ་

བསྐྱངས་ཏེ་ང་རང་འབོད་འགུགས་བྱེད་རྒྱུའི་ཐག་ཆོད་གནང་བ་ཞིག་རེད། དེ་ནི་ཇི་

འདྲའི་བཀྲ་ཤ ིས་པའི་ཁ་པར་གྱི་བརྡ་ལན་ཞིག་རེད་ཨང་། ཟླ་བརྒྱད་པའི་ཚེས་བཅུ་ སྟེ་བཀྲ་ཤ ིས་པའི་ཉིན་མོ་དེར་ང་རང་ལས་གནས་ལ་དངོས་སུ་ཞུགས་པ་ཡིན། ཉིན་

དེ་ནས་བཟུང་ང་ནི་ཤེས་ཡོན་རིག་པའི་བརྗོད་གཞི་འདིའི་གཏིང་སར་འཐིམ་ཞིང་ ལག་ལེན་དངོས་ཀྱི་སྤྲོ་སྣང་ལ་ཞུགས་པ་ཡིན། ལོ་ངོ་ལྔ་ཙམ་ལ་དངོས་གཞིའི་སློབ་


6 ཉམས་ཞིབ་དེབ་ཕྲེང་། ༡

མ་དང་ཟབ་སྦྱོང་སློབ་མ། དགེ་འོས་ཆེད་སྦྱོང་། དགེ་རྒན་ཟབ་སྦྱོང། ཕྱི་ཡོང་སློབ་

མ་སོགས་སློབ་ཕྲུག་སྟོང་ཕྲག་ལྷག་ལ་སློབ་ཁྲིད་བྱེད་པའི་སྐལ་བ་ལྡན། སྐལ་བ་དེ་ ནི་ངའི་ཉམས་ཞིབ་ཀྱི་ཆེད་རྩོམ་ལ་ཞུ་དག་བྱས་པའམ་ལག་ལེན་གྱིས་སྦྱོང་བརྡར་

བྱས་པ་ཞིག་རེད། སྦྱོང་བརྡར་དེའི་ཁྲོད་དུ་ང་ལ་རྒྱལ་ཁ་ཐོབ་སོང། སློབ་སྤྱི་དང་། བདག་གི་དེ་སྔའི་དགེ་རྒན་དག་དང་། གཅེས་འོས་སློབ་ཕྲུག་ཚང་མས་ང་ནི་མཆོག་ གྱུར་གྱི་དགེ་རྒན་ཞིག་ཏུ་ངོས་འཛིན་བྱེད་ཅིང་། སློབ་ཕྲུག་དག་གི་མིག་ལམ་ན་ང་

ནི་ཐོ་རངས་སྐར་ཆེན་ལྟ་བུའི་སྣང་བ་འཕྲོག་པའི་དགེ་རྒན་ཞིག་ཏུ་གྱུར། ཤེས་རིག་

ལས་ཁུངས་ཀྱིས་ཀྱང་ང་ལ་གདེང་འཇོག་གནང་སྟེ་བཙན་བྱོལ་ནང་གི་བོད་ཡིག་ དགེ་རྒན་རྣམས་ལ་ཐེངས་དུ་མར་སློབ་ཁྲིད་བྱེད་དུ་བཅུག སློབ་ཁྲིད་ནི་ངའི་འཐབ་

རྩོད་ཅིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་སུ་དང་འཕྲད་ནའང་ཤ ེས་ཡོན་

རིག་པའི་སྐོར་ནས་གླེང་སློང་བྱེད་རྒྱུ་ནི་ངའི་མི་ཚེ་ལྟ་བུ་ཞིག་ཏུ་གྱུར་སོང་། མཐའ་ ན་སློབ་ཁྲིད་ཁྲོད་ནས་རྒྱལ་ཁ་ཐོབ་ཐེངས་རེ་ལ་ངས་མི་གཞན་དང་མཉམ་དུ་དཔྱད་ བསྡུར་བགྲོ་གླེང་བྱས་པ་ཡིན། དེ་དག་གི་ཁྲོད་ནའང་ང་ལ་སྐུལ་ལྕག་བྱེད་པའི་

གཏམ་རྒྱུད་ཀྱི་མཛེས་པ་མང་པོ་ཞིག་གནས་ཡོད། དོན་དངོས་སུ་ངའི་ཉམས་ཞིབ་

དང་མི་ཚེའི་འཐབ་རྩོད་ཀྱི་ཡུལ་དུ་གནས་པ་ནི་སློབ་ཕྲུག་དག་རེད། སློབ་ཕྲུག་དག་

གིས་ང་ལ་བསྟོད་བསྔགས་ཐོབ། ང་རང་སློབ་ཁྲིད་དང་ཁ་བྲལ་བའི་ཉིན་མོ་གདུག་

རྩུབ་ཅན་དེར། འཛིན་གྲྭ་རེ་རེ་ནས་ང་རང་འཛིན་ཁང་དུ་བཅར་དགོས་པའི་འབོད་ སྐུལ་བྱས། ཉིན་མོ་དེར་སློབ་ཕྲུག་དུ་མས་མིག་ཆུ་འདོན་བཞིན་ང་ལ་བཀའ་དྲིན་

མཚོན་པའི་གཏམ་བཤད་དང་སྦྱར་ཡིག་སྦྱར་བ། སྙན་ངག་གྱེར་བ་སོགས་ཀྱིས་ ངའི་རྒྱལ་ཁ་ལ་འགྲིག་རྟགས་ཚད་མེད་ཅིག་བརྒྱབས་སོང་། ད་དུང་ཡང་སློབ་ཕྲུག་

རྣམས་ཀྱིས་ངོ་དེབ་བརྒྱུད་ནས་ང་རང་དྲན་གི་ཟེར། ངའི་སློབ་ཁྲིད་ཐབས་རྩལ་ལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 7

དགའ་ཞེན་ཆེ་བའི་བརྡ་ལན་བཞག་ཡོང་གི འདི་དག་གིས་ཅི་ཞིག་མཚོན་ནམ།

འདི་དག་ནི་ངའི་ཉམས་ཞིབ་ཀྱི་བརྗོད་གཞི་དང་འབྲེལ་བ་དམ་པོ་ཡོད། ངས་སློབ་ ཁྲིད་བྱེད་པའི་སྐབས་སུ་རང་ཉིད་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པ་ཞེས་པའི་

ཞིབ་འཇུག་གི་བརྗོད་གཞི་འདི་དང་ཁ་བྲལ་མ་མྱོང་། དོན་དངོས་སུ་ངས་རང་ཉིད་ ཀྱི་ཞིབ་འཇུག་བརྩམས་ཆོས་ལག་ལེན་དུ་བསྟར་བ་ཡིན། སྲོལ་རྒྱུན་བོད་ཀྱི་ཤ ེས་ ཡོན་རིག་པའི་འདུ་ཤེས་དང་ལག་ལེན་གྱིས་ང་ཚོ་དགེ་སློབ་ཐུན་མོང་ལ་བླ་ན་མེད་ པའི་ཁམས་ཤ ིག་བསྐྲུན་སོང་། དེ་བས་བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པར་ཚོད་

ལྟ་བྱས་པའི་རྒྱལ་ཁའི་མྱོང་བ་འདིས་ངའི་བརྩམས་ཆོས་ལ་གདེང་འཇོག་ཚད་མཐོ་ བོ་ཇི་འདྲ་ཞིག་བྱས་ཡོད་པ་དང་། ཞུ་དག་རིན་བྲལ་ཞིག་གནང་སོང་བའི་རྐྱེན་གྱིས་

ང་རང་ཉིད་ཀྱང་ཉམས་ཞིབ་བརྗོད་གཞི་འདིར་དེ་བས་ཀྱང་དུངས་པ་ཇེ་ཆེར་གྱུར་ སོང་། ད་དུང་ཡང་ང་བརྗོད་གཞི་འདི་དང་དེ་འབྲེལ་གྱི་ལས་ལ་ཞུགས་རྒྱུར་ཡིད་ སྨོན་དང་ངང་སྒུག་བྱེད་བཞིན་ཡོད།

༤ ཉམས་ཞིབ་པས་གདོང་ལེན་བྱེད་དགོས་པ།

སྤྱི ར ་བཏང་ཉམས་ཞི བ ་པ་རྣམས་ལ་གཤམ་གྱི ་ དཀའ་ངལ་ཁ་ཤས་འཕྲད་ངེ ས ། བརྗོད་གཞིའི་དབང་དུ་སོང་བ་སྟེ་མི་ཚང་མར་རང་ཉིད་ཀྱི་དགའ་ཕྱོགས་ལ་ཞེན་ པའི་སྤྱི་འགྲོས་ཤ ིག་ཡོད་པས། ཉམས་ཞིབ་པས་དཔྱད་གཞི་གདམ་གསེས་བྱེད་

པའི་སྐབས་སུ་ཉམས་ཞིབ་བྱེད་དགོས་མིན་དང་ཉམས་ཞིབ་ཀྱི་རྒྱུ་ཆ་རག་མིན་ ལ་མི་ལྟ་བར་དགའ་ཞེན་ཁོ་ནས་དཔྱད་གཞི་གདམ་གསེས་བྱེད་པ་དང་། དཔྱད་

གཞིའི་རིན་ཐང་གི་དབང་དུ་གྱུར་ཏེ་རང་ཉིད་ཀྱི་ནུས་ཚད་ལ་མི་ལྟོས་པའི་དཔྱད་

གཞི་ཆེན་པོ་བདམས་སྟེ་གྲུབ་འབྲས་མི་ཐོན་པ་དང་། བསམ་ཚུལ་གྱི་དབང་དུ་སོང་


8 ཉམས་ཞིབ་དེབ་ཕྲེང་། ༡

བ་སྟེ་དཔྱད་གཞི་ལས་གནས་ཚུལ་མཁོ་འདོན་མི་བྱེད་པར། གླེང་སླ་བའི་རང་ཉིད་

ཀྱི་བསམ་ཚུལ་བརྗོད་པ་དང་། རྒྱུ་ཆ་འཚོལ་ཞིབ་ཀྱི་ངལ་རྩོལ་ཉུང་བ་སྟེ་རྒྱུ་ཆའི་ཨ་

མར་མི་དཔྱད་པར་གཞན་གྱིས་སྤྱད་ཟིན་པའི་ལུང་འདྲེན་རྒྱུ་ཆ་ཁོ་ན་སྤྱོད་པ། ཉམས་

ཞིབ་ཀྱི་ཚད་རིམ་ལ་མི་ལྟ་བ་སྟེ་ད་ལྟའི་བར་དུ་དཔྱད་གཞི་དེར་གཞན་གྱིས་ཉམས་ ཞིབ་བྱས་མྱོང་ཡོད་མེད་དང་། བྱས་ཡོད་ན་ཚད་གཞི་ཇི་འདྲ་ཞིག་ཏུ་བསླེབས་ཡོད་

མེད། བསྐྱར་དུ་དཔྱད་གཞི་དེར་ཞིབ་འཇུག་བྱེད་པའི་དགོས་པ་ཡོད་མེད་སོགས་ ལ་མི་བལྟ་བར་གཞན་གྱིས་དཔྱད་ཟིན་པ་བསྐྱར་གླེང་བྱེད་པ། རྒྱུ་ཆའི་ཕྱོགས་སུ་

ལྷུང་བ་སྟེ་རང་ཉིད་ཀྱི་བསྒྲུབ་བྱ་གང་ཞིག་བསྒྲུབ་ཕྱིར་སྒྲུབ་ཕྱོགས་རྐྱང་རྐྱང་ལས་ དགག་ཕྱོགས་ཀྱི་རྒྱུ་ཆར་མི་དཔྱད་པ་སོགས་ཀྱི་ཕྱོགས་ལྷུང་གི་དཀའ་ངལ་ཞིག་ ཉམས་ཞིབ་ཐོག་མར་བྱེད་མཁན་སྤྱི་ཡོངས་ལ་འཕྲད་ངེས་པས་དེ་དག་ལ་སོགས་ པར་གདོང་ལེན་བྱེད་པའི་གྲ་སྒྲིག་དགོས།

ད་ལྟའི་བོད་ཀྱི་ཉམས་ཞིབ་པ་རྣམས་ལ་དེ་བས་ཀྱང་དཀའ་ངལ་འཕར་མ་

ཞིག་འཕྲད་ངེས་པ་ངས་རང་ཉིད་ཀྱི་མྱོང་བ་གཞི་ལ་བཟུང་སྟེ་བརྗོད་ཐུབ། ཐོག་མར་

ཉམས་ཞིབ་ལ་འཇུག་སྐབས་ཅི་ཞིག་ཉམས་ཞིབ་ཡིན་མིན་ཤ ེས་རྟོགས་མི་ཐུབ། ང་ ཚོའི་ལོ་ཚད་དང་ཤ ེས་ཚད་དེ་ནི་ཚོར་སྣང་སྨྲ་བའི་གནས་སྐབས་ཡིན་ཕྱིར། རང་

ཉིད་ཀྱི་བསམ་ཚུལ་གྱི་ཆེད་དུ་གནས་ཚུལ་བཟོ་བའམ་གནས་ཚུལ་རྐྱོང་སྐུམ་བྱེད་ པར་དགའ་བས། ཉམས་ཞིབ་དཔྱད་ཐབས་ཀྱི་སྤྱི་འགྲོས་ནང་དུ་བསྡད་ཚེ་ཅི་ཞིག་

འབྲི་དགོས་པ་དང་ཇི་ལྟར་འབྲི་དགོས་མིན་ཤེས་རྒྱུ་དེ་ཧ་ཅང་དཀའ་བའི་གནས་

ཤིག་ཡིན། དཔེར་ན། ཁོ་བོས་ཐོག་མར་ཉམས་ཞིབ་བྱེད་པའི་སྐབས་དེར་ཞོགས་ དུང་གི་འབོལ་རྩོམ་གྲགས་འགུལ་ཆེ་བའི་དུས་ཡིན། ངས་ཀྱང་དེ་འདྲ་ཞིག་འབྲི་

དགོས་སྙམ་ཡོད། ཟླ་ཤ ས་འགོར་སོང་། ཟླ་ཤས་ཀྱི་ལས་ཀ་ཤ ེས་རིག་ལས་ཁུངས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 9

ལ་ཡར་ཞུ་བྱེད་དགོས་མོད། ང་ཡང་རྩོམ་པ་པོ་ཡིན་པར་རློམ་པ་དེ་དག་དང་འདྲ་ བས་བསམ་ཚུལ་རྩོམ་ཡིག་ཁ་ཤ ས་སྤྲད་པ་ཡིན། རྗེས་ནས་རིམ་གྱིས་ཟམ་གདོང་ རིན་པོ་ཆེ་དང་། ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དང་སློབ་དཔོན་རྣམ་པ་གཙོས་བོད་

ཀྱི་མཁས་པ་རྒན་རབས་པ་དག་དང་། ཨ་མི་རི་ཁའི་ཨེ་མོ་རིའི་མཐོ་སློབ་དང་། མ་ ཡཱ་མའི་མཐོ་སློབ། མེ་ཤི་གྷན་མཐོ་སློབ་བཅས་ཀྱི་སློབ་དཔོན་དུ་མར་འབྲེལ་འདྲིས་

བྱས་ཤ ིང་། མཁས་རློམ་སྤངས་ཤིང་དཀྱེལ་ཡངས་ཀྱིས་ལེགས་བཤད་བླངས་པ་ དང་། ལྷག་པར་ལོ་ངོ་གཅིག་དང་ཕྱེད་ལྷག་གི་རིང་ལ་ཝཱ་ཎཱ་བོད་ཀྱི་གཙུག་ལག་

སློབ་གཉེར་ཁང་དུ་ཉམས་ཞིབ་ཀྱི་ཆེད་དུ་ཞུགས་ཏེ་མཐོ་སློབ་དེའི་ཤེས་རིག་གི་ ཁོར་ཡུག་དང་འབྲེལ་འདྲིས་བྱས་པ་ལས། ཉམས་ཞིབ་ནི་རྩོམ་རྒྱུ་ཞིག་མ་ཡིན་པར་ བཙལ་རྒྱུ་ཞིག་ཡིན་པ་དང། བསམ་ཚུལ་གྱི་རྩོམ་ཡིག་ཐུང་ཐུང་བྲིས་པ་དང་མི་འདྲ་

བར་ཆུ་ཚོད་དང་ངལ་རྩོལ་གྱི་འགྲོ་གྲོན་ཆེན་པོ་གཏང་དགོས་པ་དང་། དཔྱད་གཞི་ ལས་གནས་ཚུལ་ཕྱིར་འདོན་བྱེད་པ་ལས་བསམ་ཚུལ་གྱི་དབང་དུ་མ་སོང་བ་ཞིག་

དགོས་པ་ཤ ེས་སོང་ལ། ཧོལ་རྒྱུགས་དང་མཐོ་བཤད་ཀྱིས་རང་ཉིད་ཀྱི་དབང་དུ་མ་ སོང་བའི་བཟོད་སྒོམ་ཆེན་པོ་དགོས་པའང་རྟོགས་སོང་། བརྒྱུད་རིམ་འདི་ལྟ་བུ་ནི་ བོད་ཀྱི་གཞོན་སྐྱེས་ཉམས་ཞིབ་ཀྱི་ལས་སུ་འཇུག་མཁན་མང་པོར་འཕྲད་ངེས་སོ།།

༥ མཐུན་རྐྱེན་གྱི་དཀའ་ངལ།

ཉམས་ཞིབ་པར་འཚོ་རྟེན་འདང་ངེས་པ་ཞིག་དང་། ཉམས་ཞིབ་ཀྱི་གནས་ཚུལ་ལ་

དཔག་པའི་རྒྱུ་ཆ་འཚོལ་ཞིབ་ཀྱི་ཆ་རྐྱེན་འདང་ངེས་པ་ཞིག་དགོས། ཉམས་ཞིབ་ཀྱི་ ཆེད་དུ་འགྲོ་གྲོན་བཏང་མ་ཐུབ་ན་ཉམས་ཞིབ་པར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངས་ རང་ཉིད་ཀྱི་མྱོང་བ་བརྒྱུད་ནས་དཀའ་ངལ་དངོས་ཀྱི་བརྒྱུད་རིམ་ཞིག་བརྗོད་ཐུབ།


10 ཉམས་ཞིབ་དེབ་ཕྲེང་། ༡

ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་སློབ་ཡོན་ལ་ཧིན་སྒོར་བཞི་སྟོང་ཡོད།

དེས་ཉམས་ཞིབ་པ་ཞིག་གི་འཚོ་ཐབས་མི་འདང་། ང་ལ་འཚོ་ཐབས་ཀྱི་དཀའ་ངལ་ འཕྲད་དེ་བག་ལེབ་གཅིག་གི་ཕྱེད་ཀས་ཞོགས་ཟས་དང་ཕྱེད་ཀས་གུང་ཟས་བྱས་

ཏེ་དྷ་ས་དཔེ་མཛོད་ཁང་དུ་འགྲོ་བཞིན་ཡོད། གངས་སྐྱིད་ལས་བྱེད་ཡོངས་ཀྱིས་ ཉིན་གུང་གསོལ་ཚིགས་རོལ་དུས། ངས་གྲོད་ཁོག་སྟོང་པ་ཞིག་འཁུར་སྟེ་རི་ངོས་

འཛེགས་ནས་ངལ་གསོ་རྒྱག་བཞིན་རང་ཤ ག་ཏུ་ལོག གྲོད་ཁོག་སྟོང་པའི་ནང་དུ་ སྒྲ་གྲགས་བཞིན་པའི་ཉམས་ཞིབ་པ་ཞིག་གིས་ཆུ་ཚོད་བཞི་བའི་སྟེང་དུ་གཞི་ནས་ གུང་ཟས་ཟ་གིན་ཡོད། ཆུ་ཚོད་གཞན་དུ་མི་བཏང་བར་ལྷག་བསམ་རྣམ་དག་གིས་

ཉམས་ཞིབ་པ་ཞིག་བྱེད་འདོད་པའི་མི་ཆུང་འདིའི་དཀའ་ངལ་སུས་ཀྱང་རྟོགས་

མི་སྲིད། ཚོན་མདངས་ཤོར་ཞིང་སྐྱ་ཐེལ་ལེ་བའི་གྱོན་གོས་གྱོན་པའི་ཉམས་ཞིབ་པ་ འདིས་འཚོ་བའི་དཀའ་ངལ་ལ་བཟོད་སྒོམ་བྱས་ཏེ་གངས་སྐྱིད་དཔེ་མཛོད་ནས་དཔེ་

དེབ་རྙིང་པ་དག་གི་གསེང་ནས་རང་ཉིད་ལ་མཁོ་བ་རྣམས་ལག་བྲིས་བརྒྱབས་ཏེ་

ཅི་ཞིག་འཚོལ་བཞིན་ཡོད། བོད་ཀྱི་རིག་གཞུང་དོན་གཉེར་བ་དག་གི་འཚོ་ཐབས་ ཀྱི་དཀའ་ངལ་འདི་ནི་རྒྱལ་ཁབ་ཤོར་ཟིན་པའི་མི་རིགས་ཀྱི་ཆེད་ལས་བ་དག་གིས་

མྱོང་དགོས་པ་ཞིག་ཡིན་པས། སྐྱབས་བཅོལ་ན་ཡོད་པའི་ངེད་ཅག་མི་རིགས་ཀྱི་ རིག་གཞུང་ལ་ཞེན་པ་ཆེ་བའི་མི་དག་གིས་མྱོང་བཞིན་ཡོད། ང་ཚོས་འདི་ལྟར་མི་ རིགས་ཀྱི་རིག་གཞུང་ཉར་འདོད་བྱེད་ཀྱིན་ཡོད། དོན་དངོས་སུ་ང་ཚོས་ནུས་པ་རེ་ ཐོན་པར་ཡིད་ཆེས་བྱེད་མཁན་ང་ཚོ་ལས་ད་དུང་༸གོང་ས་མཆོག་ཡོད།

ད་ནི་གདོང་ལེན་དེའི་ཁྲོད་ནས་ལམ་ཁ་ཞིག་ངེས་པར་དུ་བཙལ་དགོས་པས་

ཝཱ་ཎཱ་མཐོ་སློབ་ཏུ་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན། ངས་འབྲེལ་ཡོད་ཀྱི་ཉེ་ལམ་

འཚོལ་དུས་ཤ ེས་རིག་ལས་ཁུངས་ཀྱིས་ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པར་ཡིག་ལམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 11

ནས་འབྲེལ་བ་བྱས་ཏེ། མཐོ་སློབ་དེས་ང་ལ་མཐུན་རྐྱེན་ཆ་ཚང་སྦྱར་བྱུང་། འདི་

ནི་རླུང་རྟ་རྒྱུག་བཞིན་པའི་ཉམས་ཞིབ་པ་ཞིག་གི་གོ་སྐབས་རིན་ཐང་ལྡན་པ་ཞིག་

ཡིན། གོང་གི་བརྒྱུད་རིམ་འདི་གླེང་དགོས་ཏེ་འདི་ནི་ད་དུང་རྒྱ་གར་དུ་སྐྱབས་བཅོལ་ བོད་མིའི་གཞོན་སྐྱེས་ཤེས་ཡོན་ལ་དགའ་མཁན་དུ་མས་མྱོང་དགོས་ངེས་ཀྱི་མདུན་

ལྗོངས་དེ་ཡིན་ལ། མདུན་ལྗོངས་འདི་ནི་ང་ཚོས་ངེས་པར་དུ་བརྒལ་དགོས་སོ།།

༦ ཉམས་ཞིབ་བྱེད་ཐབས།

ཉམས་ཞིབ་པ་ལ་གཙོ་བོ་འཆར་འགོད་ཅིག་དགོས། འཆར་འགོད་ཡང་དག་པ་ནི་

ཉམས་ཞིབ་གྲུབ་འབྲས་ཀྱི་ཚད་གཞི་ཡིན། ཚད་གཞི་ཡང་དག་ཅིག་ཏུ་བསླེབས་ པ་ལ་ཉམས་ཞིབ་ཀྱི་ཁྱད་ཆོས་ལྡན་པའི་དཔེ་དེབ་ཀློག་ཅིང་དེ་དག་གི་ཉམས་ཞིབ་

བྱེད་ཐབས་ལ་དཔྱད་པ་དང་། ཉམས་ཞིབ་སློབ་སྟོན་གྱི་དཔེ་དེབ་ཀློག་པ། ཚད་

ལྡན་ཉམས་ཞིབ་པ་དག་དང་མཉམ་དུ་བགྲོ་གླེང་བྱེད་པ་དང་བསམ་གཞིགས་བྱེད་ རྒྱུ་བཅས་ལ་ཆུ་ཚོད་གཏང་ཐུབ་དགོས།

ལོ་ངོ་གཅིག་གི་རྗེས་སུ་གཞི་ནས་ངས་ཉམས་ཞིབ་ཀྱི་འཆར་འགོད་རྙེད་བྱུང།

ཐོག་མར་ངས་དམིགས་འབེན་ཅི་ཞིག་བཟུང་སྟེ་ཉམས་ཞིབ་བྱེད་དམ་ཞེས་པའི་དྲི་

བ་འདིའི་ལན་བཙལ་བ་ཡིན། དེ་ནི་ཅི་ཞིག་བཙལ་དགོས་སམ་ཞེས་པའི་དྲི་བ་དེའི་ ལན་རེད། དྲི་བ་དེ་འཚོལ་གྱིན་འཚོལ་གྱིན་ཅི་ཞིག་གལ་ཆེན་པོ་རེད་དམ་ཞེས་པའི་

དྲི་བ་ཞིག་ཀྱང་རང་བཞིན་གྱིས་ཡོང་ངེས། དེ་ནི་གལ་ཆེ་བའི་བརྗོད་གཞི་འདིར་

སྔོན་ཆད་བོད་རིགས་སུས་ཀྱང་ཉམས་ཞིབ་བྱས་མྱོང་མེད་པའི་རྐྱེན་དུ་ངེས། ང་ རང་རིག་ཚན་འདིའི་ཐོག་མའི་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་ཐོག་མའི་རྨང་

གདིང་མཁན་ཞིག་གི་ཆ་ནས་བསྡད་ཅིང་ཅི་ཞིག་གལ་ཆེན་པོ་རེད་དམ་ཞེས་པའི་དྲི་


12 ཉམས་ཞིབ་དེབ་ཕྲེང་། ༡

བ་དེའི་ལན་བཙལ་དགོས།

ཅི ་ ཞི ག ་གལ་ཆེ ན ་པོ ་ ཡི ན ་པ་གཏན་འཁེ ལ ་བའི ་ རྗེ ས ་སུ་ཅི ་ ཞི ག ་བཙལ་

དགོས་པར་ངེས་ཤ ེས་རྙེད། ཅི་ཞིག་བཙལ་དགོས་པ་གཏན་འཁེལ་བ་ན་ཚུལ་དེ་ཇི་ ལྟར་བཙལ་དགོས་མིན་གྱི་རིགས་ལམ་ཞིག་ལ་བསམ་གཞིགས་བྱེད་དགོས། དེ་

གཏན་འཁེལ་བ་དང་ཚུལ་ཇི་ལྟར་འབྲི་དགོས་མིན་གྱི་རིགས་ལམ་ཞིག་ལ་བསམ་

གཞིགས་ཀྱིས་དྲིས་ལན་བཙལ་དགོས། གོང་གི་དྲི་བ་དེ་དག་དང་དྲིས་ལན་དེ་དག་

གི་བར་དུ་གཅིག་གིས་གཅིག་བསལ་ཐུབ་པ་ལྟ་བུའི་རིགས་ལམ་གྱི་འབྲེལ་བ་ཞིག་ ཆགས་ཡོད།

དེ་བས་ཐོག་མར་ཞིབ་འཇུག་གིས་ངས་རང་ཉིད་ཀྱི་ཉམས་ཞིབ་དཔྱད་གཞིའི་

ཁྱབ་ཁོངས་དང་འབྲེལ་བར་བསམ་ཞིབ་བྱས། བསམ་ཞིབ་དང་དཔྱད་འཇུག་བྱས་ པ་ལས་ཤ ེས་ཡོན་རིག་པ་དང་། རིག་གནས་རིག་པ། དཔལ་ཡོན་རིག་པ་བཅས་ ཀྱི་བར་དུ་འབྲེལ་བ་དམ་ཟབ་ཅིག་ཡོད་པ་རྟོགས་བྱུང་། དེ་དག་ལས་ཀྱང་རིག་ གནས་རིག་པ་དང་ཤེས་ཡོན་རིག་པ་གཉིས་ཀྱི་བར་དུ་འབྲེལ་བ་དམ་ཟབ་ཅིག་ ཡོད་པ་རྟོགས་བྱུང་བས། ཐོག་མར་རིག་གནས་རིག་པའི་ཁྱབ་ཁོངས་ལ་དཔྱད་

གཞི་བཙུགས་པ་ཡིན། འདིའི་ཐད་བོད་རིགས་མཁས་པས་བྲིས་པའི་དཔྱད་གཞིའི་ རྒྱུ་ཆ་ཉུང་ཉུང་ཡིན་པས། མི་རིགས་གཞན་གྱི་རྒྱུ་ཆ་སྤྱད་དེ་མཚུངས་བསྡུར་བྱས་

ན་ད་གཟོད་རིགས་ལམ་ཞིག་རྙེད་ངེས་པས། མི་རིགས་གཞན་གྱིས་བྲིས་པའི་ རིག་གནས་རིག་པའི་དཔྱད་གཞི་དག་ལ་ལྟ་སྟངས་འདྲ་མིན་སྣ་ཚོགས་ཤ ིག་ཡོད་

པས། དེ་ནི་ལྟ་བྱེད་ཀྱི་ཚད་གཞི་མི་འདྲ་བས་བལྟས་པའི་མི་མཐུན་པའི་གྲུབ་དོན་ ཡིན་པ་རྟོགས་ཐུབ། འོན་ཀྱང་དེ་དག་གིས་ང་ལ་དཔྱད་གཞི་མཁོ་སྤྲོད་བྱེད་ཐུབ་ པ་མ་ཟད། མཚུངས་བསྡུར་དང་དགག་སྒྲུབ་ཀྱིས་ལྟ་ཞིབ་བྱེད་པའི་རིགས་ལམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 13

བསྐྲུན་ཐུབ། དེ་བས་ཁོ་བོས་ཆེད་དེབ་ཀྱི་ཆ་ཤས་རིག་གནས་རིག་པར་དཔྱད་པའི་

སྐབས་སུ་མཚུངས་བསྡུར་དང་དགག་སྒྲུབ་ཀྱི་ལྟ་ཐབས་སྤྱད་ཡོད། རང་མི་རིགས་

དང་མི་རིགས་གཞན་གྱི་རིག་གནས་རིག་པའི་ངོས་འཛིན་དང་། དབྱེ་བསྡུ། བསམ་

གཞིགས་དང་ཤ ོད་ཚུལ། ཐ་སྙད་སྦྱོར་ལུགས། ཐ་སྙད་འགྲེལ་བརྗོད་བཅས་དཔྱད་ གཞི་སྣ་ཚོགས་པའི་བར་དུ་མཚུངས་བསྡུར་རིགས་ལམ་གྱི་སྒྲུབ་ལུགས་བཙལ་བ་ དང་རིག་གནས་བསམ་བློའ ི་ངོས་ནས་དགག་སྒྲུབ་བྱས་ཡོད་ལ། རིག་གནས་རིག་

པ་དང་འབྲེལ་བའི་རིག་ཚན་དུ་མའི་བར་དུའང་མཚུངས་བསྡུར་བྱས་ཏེ་གྲུབ་དོན་ བཞག་ཡོད།

༧ ཤེས་ཡོན་རིག་པ། ༡

ཤེ ས ་ཡོ ན ་རི ག ་པར་དཔྱད་པའི ་ སྐབས་སུ་དཔྱད་གཞི ་ དེ ་ ལ་དཔག་པའི ་ དཔྱད་ ཐབས་ཀྱི་རིགས་ལམ་ཞིག་གསར་གཏོད་བྱེད་དགོས། དེ་སྔ་བོད་ཀྱི་མཁས་པས་

དཔྱད་ཞི བ ་བྱས་མྱོ ང ་མེ ད ་པའི ་ བོ ད ་ཀྱི ་ སྲོ ལ ་རྒྱུན་ཤེ ས ་ཡོ ན ་རི ག ་པ་ཞེ ས ་པའི ་ བསམ་བློ་དང་ལག་ལེན་གྱི་སྒྲོམ་གཞི་ཇི་ལྟར་གྲུབ་ཡོད་མེད་ཀྱི་སྐོར་ལ་དཔྱད་པ་

འཇུག་དགོས། དེ་ཡང་ཐོག་མར་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་བསམ་བློའ་ི སྒྲོམ་

གཞི་འཚོལ་ཞིབ་ནས་འགོ་འཛུགས་དགོས། དེ་ཡང་རྒྱུན་ཞིག་གི་སྟེང་དུ་གནས་ པས་ན་ཤེས་རིག(དཔལ་ཡོན།

རིག་གནས། ཤེས་ཡོན།)དར་བའི་དུས་རབས་ཀྱི་དབྱེ་

མཚམས་ཤ ིག་ཕྱེ་སྟེ་རིགས་འདེད་བྱེད་དགོས། དེ་ཡང་གཞན་དང་མ་འདྲིས་པར་

ཤེས་རིག་དར་བའི་ལོ་རྒྱུས་ཁོ་ནའི་སྟེང་ནས་བལྟ་དགོས་ན། འཕེལ་རྒྱས་ཁྲོད་ཀྱི་


14 ཉམས་ཞིབ་དེབ་ཕྲེང་། ༡

འཕོ་འགྱུར་ལྟེ་བར་བཟུང་ནས་དུས་རབས་རིང་མོའ ི་དབྱེ་མཚམས་བཅད་དེ་རིགས་

འདེད་བྱེད་དགོས།

དེ ་ བས་ཁོ ་ བོ ས ་འདི ར ་གནའ་བོ འ་ི སྐབས་ཀྱི ་ཤེ ས ་ཡོ ན ་སྒྲོ མ ་གཞི ་ དང་།

བཙན་པོའ་ི སྐབས་ཀྱི་ཤ ེས་ཡོན་སྒྲོམ་གཞི། དུས་རབས་བར་མའི་ཤ ེས་ཡོན་སྒྲོམ་

གཞི་བཅས་དུས་རིམ་གསུམ་དུ་བཀར་ཏེ་སྔོག་འདོན་བྱས་ཡོད། དེ་ཡང་ཤ ེས་ཡོན་

བསམ་བློའ་ི སྒྲོམ་གཞི་སོ་སོར་གྲུབ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ངོས་འཛིན་དང་། འགྲེལ་བརྗོད་བཅས་རིགས་བགོས་ངོས་འཛིན་གྱི་སྒྲོམ་གཞི་ཞིག་གི་ནང་དུ་བསྡུས་ ཏེ་དཔྱད་ཞིབ་བྱས་ཡོད། གཙོ་བོ་དཔྱད་གཞི་རང་ངོས་ན་དེ་ལྟར་བསྡུ་རུང་བའི་ ཆོས་ཉིད་ཅིག་ཡོད་པས་སོ།།

ཤེས་ཡོན་ངོས་འཛིན་གྱི་སྐབས་སུ་གནའ་དེང་ཕྱི་ནང་གི་རིག་པའི་གཞུང་ལུགས་

མི་འདྲ་བ་དང་། ལྟ་ཚུལ་མི་མཐུན་པའི་མཁས་པ་མང་པོས། དོན་དམ་མིའི་རིགས་ ཀྱི་ཤེས་ཡོན་ནི་ཇི་འདྲ་ཞིག་ཡིན་དགོས་པ་དང་། ཚུལ་ཇི་ལྟར་ངོས་འཛིན་བྱེད་ དགོས་མིན་གྱི་ཐད་ལ་སྡོམ་ཚིག་མང་པོ་བཞག་ཡོད་པ་འཚོལ་ཞིབ་ཀྱིས་མཁོ་སྤྲོད་

དང་། གཞུང་ལུགས་དང་མཁས་པ་མང་པོས་མི་མཐུན་པའི་ངོས་འཛིན་བྱས་པའི་

རྒྱུ་རྐྱེན་ལ་དཔྱད་ཞིབ་ཀྱིས་རིགས་བགོས་དང་། དཔྱད་དོན་བཞག་ཡོད། དོན་དམ་ པའི་ཤ ེས་ཡོན་ངོས་འཛིན་བྱེད་པའི་སྐབས་སུ་གོང་གི་དཔྱད་གཞི་དེ་དག་བརྒྱུད་དེ་

ཤེས་རྟོགས་བྱུང་བ་གང་ཡིན་པ་དེ་དག་ནི་དཔྱད་འབྲས་ལྟ་བུར་གྱུར་ཡོད། ཤེས་

ཡོན་གླེང་བའི་སྐབས་སུ་ཆ་གཅིག་ཁོ་ན་ནས་བལྟས་ན་ཕྱོགས་སུ་ལྷུང་འགྲོ་བ་དང་། གྲུབ་ཆ་སྣ་ཚོགས་ནས་གླེང་ན་བསྡུ་དཀའ་ཞིང་དཔྱད་འབྲས་འདོན་ཐབས་མེད་པས་ ན༑ ཁོ་བས་འདིར་ནང་བསྟན་མཚན་ཉིད་རིག་པ་ལས་བསླབ་པ་གསུམ་གྱི་རིགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 15

ལམ་སྤྱད་དེ། བློ་གྲོས་དང་། ཀུན་སྤྱོད། ནུས་པ། བདེ་ཐང་བཅས་ཀྱི་ངོས་ནས་ རིགས་བགོས་ཀྱིས་ངོས་འཛིན་དང་འགྲེལ་བརྗོད་བྱས་ཡོད། དེའང་ཤ ེས་ཡོན་ངོས་

འཛིན་དང་། འགྲེལ་བརྗོད། སྤྲོད་ལེན་སོགས་ལ་ཁྱབ་ཐུབ་པའི་བསྡུ་ནུས་ཆེ་བའི་

དཔྱད་འབྲས་ཤ ིག་ཡིན། དེའང་གནའ་དེང་ཕྱི་ནང་གི་རིག་པའི་གཞུང་ལུགས་དུ་མ་

དང་། མཁས་པ་མང་པོའ ི་ངོས་འཛིན་བཅས་ལ་ཁུངས་སུ་བྱས་ཤ ིང་བལྟ་བསྡུར་སྣ་ ཚོགས་བརྒྱུད་དེ་རིགས་བསྒྲུབ་བྱས་ཡོད།

ནང་བསྟན་མཚན་ཉིད་རིག་པའི་དཔྱད་ཐབས་དུ་མ་གཞི་ལ་བཟུང་སྟེ་གཞུང་ལུགས་ རྙིང་པར་ལྟ་སྟངས་གསར་པས་ལྟ་ཐབས་ཀྱི་རིགས་ལམ་སྤྱད་དེ། ནང་བསྟན་མཚན་

ཉིད་རིག་པའི་དཔྱད་ཐབས་མང་པོ་ཞིག་ཤེས་ཡོན་རིག་པའི་ཁྲོད་དུ་བཞག་ན། དེ་ དག་གིས་ང་ཚོས་ཤེས་ཡོན་རིག་པར་དཔྱད་པའི་ཐབས་ལམ་འདོན་སྤྲོད་ཇི་ལྟར་ བྱས་ཡོད་མིན་དང་། དོན་སྙིང་ཇི་འདྲ་ཞིག་ཡོད་མེད་གཙོ་གནད་དུ་བཟུང་སྟེ་རྟེན་

འབྲེལ་ཡན་ལག་བཅུ་གཉིས་དང་ཤེས་ཡོན་རིག་པ་དང་། བདེན་པ་བཞི་དང་ཤ ེས་ ཡོན་རིག་པ། ས་བཅུ་ལམ་ལྔ་དང་ཤེས་ཡོན་རིག་པ། ཡེ་ཤ ེས་ལྔ་དང་ཤ ེས་ཡོན་

རིག་པ། སེམས་ཀྱི་ངོ་བོ་འོད་གསལ་བ་དང་ཤེས་ཡོན་རིག་པ། འཕགས་ལམ་ཡན་ ལག་བརྒྱད་དང་ཤ ེས་ཡོན་རིག་པ། ཕར་ཕྱིན་དྲུག་དང་ཤ ེས་ཡོན་རིག་པ་སོགས་ཀྱི་ རིགས་ལམ་གསར་པ་དང་། དཔྱད་འབྲས་གསར་པ་འདོན་སྤྲོད་བྱས་ཡོད། ༤

དཔྱད་ཞིབ་རིག་པའི་ཕྱོགས་ཡོངས་ལྟ་ཐབས་སྤྱད་དེ་བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་ རིག་པའི་ལག་ལེན་དངོས་ཀྱི་ནང་དུ་ཞུགས་པའི་སྐབས་སུ། སྲོལ་རྒྱུན་བོད་ཀྱི་


16 ཉམས་ཞིབ་དེབ་ཕྲེང་། ༡

སློབ་ཁྲིད་དང་སློབ་སྦྱོང་རིག་པ་མཐའ་དག་ཚུར་བསྡུས་ཏེ་གཞུང་ལུགས་ཀྱི་རྣམ་ པར་ཇི་ལྟར་ཕྱོགས་སྡོམ་རྒྱག་དགོས་མིན་དང་། བཀྲམ་ན་ལག་ལེན་གྱི་དོན་སྙིང་

ཇི་འདྲ་ཡོད་མེད་སོགས་ལ་དཔྱད་ཞིབ་ཀྱིས་སྲོལ་རྒྱུན་ཤེས་ཡོན་རིག་པའི་ངོ་བོ་

དང་། རྣམ་པ། གཞུང་ལུགས་དང་ལག་ལེན། འགྲེལ་བརྗོད་དང་སྐྱོན་ཡོན་སོགས་

ལ་རྒྱུ་ཆ་ཁུངས་ཐུབ་དང་། གཞུང་ལུགས་སུ་མེད་ཀྱང་དངོས་ཡོད་ལག་ལེན་དུ་ཡོད་ པའི་ཆོས་ཉིད་བཅས་དཔྱད་གཞིར་བཟུང་སྟེ་གྲུབ་དོན་བཞག་ཡོད། དེ་ཡང་མདོར་

བསྡུས་ན་གཞུང་ལུགས་རྙིང་པར་ལྟ་ཞིབ་གསར་པ་དཔྱད་དེ་ལག་ལེན་གྱི་དོན་རྙིང་ འཚོལ་ཞིབ་བྱེད་པའི་རིགས་ལམ་ལྟེ་བར་བཟུང་ཡོད། ༥

ཞོར་འཕྲོས་སུ་བོད་ཀྱི་སྐད་བརྡ་རིག་པ་དང་། དགོན་སྡེ་སྒྱུ་རྩལ་རིག་པ། གསོ་

བྱེད་རིག་པ། ཡིག་རིས་རིག་པ་བཅས་ལ་སློབ་སྦྱོང་བྱེད་ཐབས་གང་དག་ཡོད་མེད་

དང་། ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་ཀྱང་འབྲི་འགོད་དང་རོབ་དཔྱད་བྱས་ཡོད། དེ་ ནི་བདག་དང་འདྲ་བའི་གཞོན་སྐྱེས་དཔྱད་ཞིབ་པ་སོགས་ལ་ཚུལ་འདི་དག་ལྟ་བུ་

སོགས་བོད་ཀྱི་སྲོལ་རྒྱུན་རིག་པར་དཔྱད་ཞིབ་བྱས་ན་དཔྱད་ཞིབ་ཀྱི་དོན་སྙིང་བླ་ མེད་ཡོད་དོ།། ཞེས་དཔྱད་ཞིབ་ཀྱི་དཀྱུ་ས་བསྟན་པའི་འཁུར་བགྱིས་པ་དང་བཅས་ འཇུག་གྲུབ་པར་བྱས་ཡོད།

ཅེས་དེབ་འདིའི་བདག་པོ་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཟུར་པ་ཨ་འཁོར་

བཟོད་པ་མིང་ཅན་གྱིས་ཕྱི་ལོ་༢༠༡༢ ཨ་རིའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ནས་སྦྱར་ བ་དགེ །


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 17

ལེའུ་དང་པོ།

དཔྱད་ཞིབ་རིགས་པའི་མཚུངས་སྡུར་དང་། དགག་སྒྲུབ་ལྟ་ ཐབས་ཀྱིས་བལྟས་པའི་རིག་གནས་རིག་པའི་འཚོལ་ཞིབ། དང་པོ། རིག་གནས་དང་དེའི་བརྡ་དོན།—དཔྱད་ཞིབ།

༡ (Culture) ཞེས་པའི་ཚིག་གི་འབྱུང་ཁུངས་དང་ཚིག་དོན་ལ་དཔྱད་པ།

Culture

ཞེས་པའི་ཨིན་སྐད་ཀྱི་ཚིག་འདི་ནི་ལཱ་ཊིན(Latin)སྐད་ཀྱིculturaནས་བྱུང་ཞིང་

དེ ་ ནི ་ དུས་རབས༡༥པའི ་ དུས་དཀྱི ལ ་ཙམ་ལ་སོ ་ ནམ་འདེ བ ས་ལས (the

of land)

tilling

གྱི་དོན་དུ་གོ་ཞིང༌། དེའི་ཚིག་རྩ་ནི(colere)འཕེལ་རྒྱས་ལ་ཕྱོགས་པ་དང༌།

གསོ་སྐྱོང་བྱེད་པ་དང༌། སྲུང་སྐྱོབ་བྱེད་པ། སོ་ནམ་འདེབས་ལས(tend, guard, cultivate, till)

སོགས་ཀྱི་དོན་ལ་འཇུག ཕྱི་ལོ༡༨༠༥ཙམ་ནསCultureནི་ཤེས་རིག་ལྡན་

པའི་དཔལ་ཡོན་ལ་གོ་བ་དང༌། དེའི་རྗེས་ཕྱི་ལོ་༡༨༦༧ནས་མི་རིགས་ཤིག་གི་

ཐུན་མོང་ཡུལ་སྲོལ་གོམས་གཤིས་དང་གྲུབ་འབྲས་ལ་གོ་བ་སོགས་སྤྱི་ཚོགས་ འཕེལ་བའི་འགྲོས་དང་བསྟུན་ནས་ཚིག་འདིའི་གོ་དོན་ཀྱང་རིམ་འགྱུར་མི་ཉུང་བ་

ཞིག་བྱུང་ཡོད་ལ། ཚིག་འདིའི་ཐོག་མའི་གོ་དོན་ནི་སོ་ནམ་འདེབས་ལས་ལ་གོ་


18 ཉམས་ཞིབ་དེབ་ཕྲེང་། ༡

བས་ན། ཐོག་མའི་ཆར་ཕྱིའི་དངོས་པོའ་ི དཔལ་ཡོན་གྱི་ཡར་རྒྱས་ལ་འཇུག་ཅིང༌། རིམ་གྱིས་ཝེལམ་བྷུཊལིར་ཡེད་ཚི་ནས(William Butler Yeats)“རིན་ཐང་ངམ་རིག་

གཞུང་ནི་ནམ་ཡང་ཉུང་ཤ ས་ཤིག་ལ་མ་གཏོགས་མེད་པའི་ལེགས་སྐྱེས་ཤ ིག་ཡིན།

(For without culture or holiness, which are always the gift of a very few)

གལ་སྲིད་དེ་དང་

བྲལ་ན་སྐྱེས་བུ་ཞིག་གིས་རྒྱུ་ནོར་དང་ཕྱིའི་དངོས་པོ་དེ་དག་བློས་གཏོང་ཐུབ་ཀྱང་ ཞེན་ལོག་དང་ཕྲག་དོག འགྲན་སེམས། འཁོན་འཛིན་བཅས་ནམ་ཡང་སྤོང་ཐབས་ བྲལ།

Culture

ནི་ཤ ེས་ཡོན་ཅན་གྱི་འཕགས་ཆོས་ཤིག་ཡིན”ཞེས་པ་ལྟ་བུའི་གོ་དོན་

བཞག་སྟེ་ཤ ེས་རིག་འཕེལ་བའི་འགྲོས་དང་བསྟུན་ནས་ནང་བསམ་པའི་དཔལ་ཡོན་ གྱི་ཡར་རྒྱས་ཤ ིག་ལ་གོ་བ་ལེན་བཞིན་པ་བསྙོན་མེད་ཡིན་ཀྱང༌།

ནུབ་ཕྱོགས་མཁས་པ་ཚོའི་ཁྲོད་དུ་ཚིག་འདིའི་གོ་དོན་གཏིང་ཚུགས་པ་ཞིག་

ད་ལྟའི་བར་མ་བྱུང་བར་མངོན་ཞིང་དེ་བས་འོག་ནས་འཆད་འགྱུར་ལྟར་གྱི་གོ་དོན་

ཡང་མི་འདྲ་བ་མང་པོ་བཞག་ཡོད། རིག་གནས(Culture)ཞེས་པའི་མཚན་ཉིད་ལ་ཕྱི་ ནང་སྔོན་དེང་གི་རིག་སྨྲ་དག་གིས་མཚན་ཉིད་མི་འདྲ་བ༢༦༠ལྷག་བཞག་ཡོད་པ་

ལས་མཚོན་བྱེད་ཙམ་བཀོད་ན། “ནུབ་ཕྱོགས་སུ་དུས་རབས༡༨པ་ནས་བཟུང་སྟེ་ ཆོས་ལུགས་ཀྱི་བཀག་སྡོམ་དྲ་བ་ལས་ཐར་ཏེ་སྣང་ཚུལ་ཚང་མ་ལ་བསྐྱར་དུ་གདེང་ འཇོག་བྱེད་འགོ་བརྩམས་པ་ནས། རིག་གནས་ཚན་ཁག་མང་པོ་དར་རྒྱས་བྱུང་

ཞིང༌། རིག་གནས་ཚན་ཁག་རེ་རེ་ནས་ལྟ་སྟངས་མི་འདྲ་བའི་སྒོ་ནས་སྣོད་བཅུད་ཀྱི་

སྣང་ཚུལ་ལ་དཔྱད་ཞིབ་མི་འདྲ་བ་སྣ་ཚོགས་བྱས་པ་ལྟར། སྐབས་དེ་ཙམ་ནས་རིག་

གནས་ནི་མིའི་བསམ་བློ་དང༌། ཆབ་སྲིད་སྒྱུ་རྩལ་སོགས་ཁུངས་ལྡན་དག་སྦྱངས་ ནས་དེ་རྣམས་ཡར་རྒྱས་གཏོང་བ་ཞིག་ཏུ་འདོད་ཚུལ་བྱུང༌།

དུས་རབས༡༩པའི་སྟོད་ཙམ་ནས་གནའ་རྫས་བརྟག་ཞིབ་ཀྱི་རིག་པ་དར་བ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 19

ནས་ཨིན་ཇིའི་སྐྱེས་ཁམས་རིག་པ་བ་དང་འཕེལ་འགྱུར་སྨྲ་བའི་སྲོལ་འབྱེད་པ་ཌར་ ཝིན(C.R.Darwin1867—?)གྱིས་སྐྱེས་དངོས་རིམ་འགྱུར་གྱི་ལྟ་བའི་ངོས་ནས་བལྟས་

ཏེ་རིག་གནས་ཀྱང་གནའ་སྔ་མོ་ཞིག་ནས་བྱུང་ཞིང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཏུ་

འདོད་པ་དང་། ཨ་རིའི་མི་དཔྱད་རིག་པའི་ཆེད་མཁས་པ་ཧྥརནཛ་བྷོ་ཨས(Frenz boas 1858—1942)

རིག་གནས་ནི་ཐུན་མོང་མ་ཡིན་པའི་བྱུང་རིམ་ནས་ཐུན་མོང་མ་

ཡིན་པའི་བྱེ་བྲག་གི་རྣམ་པ་བྱུང་བ་ཞིག་ཏུ་འདོད།

པོ་ལེན་ཊ་ནས་ཡིན་པའི་ཨིན་ཇིའི་མི་དཔྱད་རིག་པའི་མཁས་པ་བྷོ་རོ་ནི་སི་

ལོ་མ་ལི་ནའོསི་ཀི(BronislawMalinowski1884—1942)དང༌། ཨིན་ཇིའི་སྤྱི་ཚོགས་མི་

དཔྱད་རིག་པ་བ་ཌ་ཀི་ལིབ་བྷ་རོན(Alfre Radcliffed-Brown)གཉིས་ཀྱིས། རིག་གནས་ ནི་སྤྱི་ཚོགས་ཤིག་སྲ་བརྟན་དུ་གཏོང་བར་བྱེད་པའི་ཆ་ཤས་འདུས་པའི་གོང་བུ་

ཞིག་ཡིན་ལ་མི་ཐོག་བརྒྱུད་ནས་འགྱུར་བ་ཆེར་མེད་པར་རྩིས་སྤྲོད་བྱས་པ་ཞིག་ཏུ་ འདོད།

དུས་རབས༡༩པའི་ལོ་རབས༦༠པ་ནས་དངོས་གཙོ་སྨྲ་བའི་ལྟ་བ་བྱུང་སྟེ་

སྣོད་བཅུད་དང༌། ཆབ་སྲིད་དཔལ་འབྱོར། འཕྲུལ་རིག་བཅས་ལས་རིག་གནས་མི་ འདྲ་བ་བྱུང་ཞིང༌། སྣོད་བཅུད་འདྲ་མཚུངས་ཅན་ལ་མི་རིགས་མི་གཅིག་ཀྱང་རིག་ གནས་གཅིག་པ་ཡོད་པར་འདོད།

ཝིཀ་ཊོར་ཊུར་ནར(Victor Turner 1920—1983)དང་ཨ་རིའི་མི་དཔྱད་རིག་པའི་

མཁས་པ་ཇེ་མི་སི་ཀི་ལིབ་གྷིར་ཛི(Clifford Geertz 1926-2006)གཉིས་ཀྱིས། རིག་

གནས་ནི་མཚོན་རྟགས་ཤིག་ཡིན་ཏེ་མཚོན་རྟགས་སྤྱོད་མཁན་རྣམས་ཀྱི་འགྲེལ་ བརྗོད་དང་དེའི་ནང་དོན་དུ་འདོད།

1

1

(ཡིག་ཆ་འདི་དག་ནི་ངག་དབང་རྣམ་རྒྱལ་གྱིས་བརྩམས་པའི<རིག་གཞུང་གི་ལྟ་གྲུབ་དང་གོ་དོན་གནད་དང་ བོད་ཀྱི་རིག་གཞུང་གི་ངོ་སྤྲོད་མདོར་བསྡུས་བཞུགས།>ཞེས་པ་གཞིར་བྱས་ཡོད་མོད། ཚིག་འགྲོས་ཇི་བཞིན་


20 ཉམས་ཞིབ་དེབ་ཕྲེང་། ༡

ནུབ་ཕྱོགས་མཁས་པས་བཞག་པའི་རིག་གནས་མཚན་ཉིད་ཅུང་ཆ་ཚང་

ཤོས་དང་ཡང་དག་ཤ ོས་དེ་དེང་གི་དཔེ་དེབ་རྣམས་སུ་ལུང་འདྲེན་བྱེད་བཞིན་པའི་

མི་དཔྱད་རིག་པའི་མཁས་པ་ཨིན་ཇི་བ་ཨི་སྦི་ཊེ་ལར(E.B.Tylor1832-1917)གྱི་འདོད་

ཚུལ་ཡིན། “ཁོང་གིས་རིག་གནས་ནི་སྤྱི་ཚོགས་ཀྱི་མིས་བསླབས་པའི་ཤེས་བྱ་

དང༌། དད་མོས། སྒྱུ་རྩལ། བཅའ་ཁྲིམས། གོམས་སྲོལ་དང་ད་དུང་གཞན་པའི་ནུས་ པ་དང་གོམས་ལོབས་སུ་སོང་བ་ཐམས་ཅད་ཀྱི་སྤྱི་བསྡུས་ཕུང་པོ་ཞིག་གོ །” ཞེས་ 2

གསུངས་པ་དང་དེའི་ཕྱིས་སུའང་མཁས་པ་ཁ་ཤས་ཀྱིས་དངོས་རྫས་ཞེས་པ་ཁ་ སྣོན་བྱས་ཡོད།

རྒྱ་ནག་པའི་དེང་གི་མཁས་པ་དག་གིས་རིག་གནས་ནི་སྒྲ་ཡངས་འཇུག་ཏུ་

མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཁྲོད་གསར་གཏོད་བྱས་པའི་དངོས་པོའ ི་རྒྱུ་ནོར་

དང་བསམ་པའི་རྒྱུ་ནོར་གྱི་སྤྱི་སྡོམ་ལ་ཟེར་བ་དང༌། སྒྲ་དོག་འཇུག་ཏུ་སྤྱི་ཚོགས་

ཀྱི་འདུ་ཤ ེས་འཛིན་སྟངས་སམ་དེ་དང་མཐུན་པའི་སྒྲིག་ཁྲིམས་དང་རྩ་འཛུགས་སྡེ་ ཁག་ལ་གོ་བ་ལེན་གྱིན་ཡོད། ཉེ་བའི་ཆར་བོད་ཀྱི་མཁས་དབང་ཟམ་གདོང་རིན་

པོ་ཆེ་མཆོག་གིས་ཀྱང་ལེགས་སྦྱར་གྱི་སཾསྐྲྀཏི་ཞེས་པའི་བརྡ་དོན་གྱིསCultureཞེས་

པའི་དོད་དུ་བོད་སྐད་ཀྱི“ལེགས་བྱང”ཞེས་པའི་ཐ་སྙད་སྦྱར་ཏེ་ལེགས་བྱང་གི་ངོས་ ནས་གོ་བ་བླངས་ཏེ“ལེགས་བྱང་ནི་གསར་བསྐྲུན་རིག་པའི་འབྱུང་རྩ་ཚུལ་ཁྲིམས་ ཀྱི་བསླབ་པའི་ཤ ེས་ཡོན་དང་ཉམས་ལེན་ལས་གྲུབ་པའི་ནང་སེམས་ཀྱི་གནས་བབ་ ཅིག་ཡིན། དེར་བརྟེན་ལེགས་བྱང་ནི་མི་ཚེའི་གོམས་གཤིས་དང་གསར་བསྐྲུན་གྱི་

རྣམ་འགྱུར་རམ་མངོན་སུམ་དུ་སྣང་བའི་སྒྱུ་རྩལ་གྱི་གཟུགས་སུ་མངོན་པར་གསལ་ 2

ལུང་འདྲེན་བྱས་མེད། དེབ་འདིའི་རྩོམ་པ་པོ་གང་ནས་ཡིན་མིན་དང་དེབ་གང་ནས་པར་སྐྲུན་བྱས་མིན་མི་གསལ།) (Tylor, Edward B, Primitive Culture, J. Murray, London, 1871.)


བ་ཞིག་ཡིན” ཞེས་མཚན་ཉིད་བཞག་ཡོད། 3

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 21

དུས་རབས་ཤིག་གི་བསམ་བློའ་ི སྣེ་ཁྲིད་པྋགོང་ས་ཏཱ་ལའི་བླ་མ་མཆོག་

གིས་ཀྱང་བསམ་པའི་དཔལ་ཡོན་གཞི་རྩར་བཟུང་ནས་རིག་གཞུང(Culture)ཞེས་པ་

འདི་ལྟར་ངོས་འཛིན་བྱས་ཡོད་དེ“རྩ་བའི་རིག་གཞུང་ཞེས་པ་འདི་ཕལ་ཆེར་བསམ་ པའི་ཡོན་ཏན་ཞིག་ལ་བརྩི་དགོས་པ་མི་ཡོང་ངམ” ཞེས་གོ་དོན་བཞག་ཡོད།(དོན་དུ་ 4

རིག་གཞུང་གི་གོ་དོན་ནི་རིག་གནས་ཀྱི་གོ་དོན་ཡིན།)

རྒྱ་གར་ཝཱ་ཎཱ་བོ ད ་ཀྱི ་ གཙུག་ལག་སློ བ ་གཉེ ར ་ཁང་གི ་ ངེ ས ་སྟོ ན ་པ་དགེ ་

བཤེ ས ་ངག་དབང་བསམ་གཏན་གྱིས“ལེགས་བྱང”ཞེ ས ་པ་གནས་ཚད་མཐོན་ པོའ་ི སྒྱུ་རྩལ་དང་རིག་གནས་ཙམ་ལ་ཁ་ཚོན་མི་ཆོད་པར་སྤྱི་ཚོགས་གང་ཞིག་གི་

ནང་གང་ཟག་ཚོགས་པའམ་སྒེར་གྱི་རྣམ་དཔྱོད་ལས་བྱུང་བའི་སྒྱུ་རྩལ་དང༌། རིག་

པའི་གནས་དང༌། བྱེད་སྒོ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ནང་ཉམས་ལེན་ རྒྱུན་འཇགས་སུ་ཕྱིན་ཏེ། ནམ་ཞིག་ན་སྤྱི་ཚོགས་དེ་ཉིད་འཚོ་ཞིང་གནས་པའི་ཆ་ རྐྱེན་ཞིག་ཏུ་འགྱུར་བ་མ་ཟད། དེ་ཉིད་མཚོན་པར་བྱེད་པའི་བདག་ཉིད་ཅན་ཞིག་ལ་

འཇོག་དགོས། ལྟ་གྲུབ། ཆོས་ལུགས། རིག་པའི་གནས། ལུགས་སྲོལ། ཁྲིམས་

ལུགས། ཆས་གོས། སྤྱི་ཚོགས་སོ་སོའ་ི བྱེད་སྒོ་ཐུན་མོང་མ་ཡིན་པ་ཐམས་ཅད་ འདིར་འདུས་པ་ཡིན” ཞེས་གོ་དོན་བཞག་ཡོད། 5

3 4

རིག་གནས་མི་འདྲ་བས་སྐྱེད་སྲིང་བྱས་པའི་འཛམ་གླིང་ཤ ར་ནུབ་ཀྱི་མཁས་

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཤོག་ངོས༢༧༨། ཟམ་གདོང་རིན་ པོ་ཆེ། ཝཱ་ཎཱ་བོད་ཀྱི་ཆེས་མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་པ་ཐུན་མོང་ནས་པར་དུ་བསྐྲུན།

<<ཤེས་ཡོན་ལམ་སྟོན།>> ཤོག་ངོས༥༠༩། གོང་ས་བཅུ་བཞི་པ་མཆོག་གིས་མཛད། བོད་གཞུང་ཤ ེས་རིག་ ལས་ཁུངས་ནས་འགྲེམས་སྤེལ་བྱས།>

5 <<IN SEARCH OF TRUTH>>

བོད་ཀྱི་རིག་གཞུང་ངམ་ལེགས་བྱང་དང་སྐད་ཀྱི་སྲུང་སྐྱོབ། P.g-210 ཝཱ་ཎཱ་

མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན། ཝཱ་ཎཱ་མཐོ་སློབ་ནས་བཏོན།


22 ཉམས་ཞིབ་དེབ་ཕྲེང་། ༡

པ་འདི་དག་གིས་རིག་གནས་ལ་བཞག་པའི་མཚན་ཉིད་དེ་དག་ལས། ༡) ཁ་ཤ ས་ ཀྱིས་རིག་གནས་བྱུང་རིམ་ཁོ་ནའི་ངོས་ནས་བལྟས་ཡོད་ལ། ༢) ཁ་ཤས་ཀྱིས་རིག་

གནས་ཀྱི་སྤྱི་ཚོགས་ནུས་པའི་ངོས་ནས་བལྟས་ཡོད། ༣) ཁ་ཤ ས་ཀྱིས་ས་ཁམས་

ལྟ་བུའི་རིག་གནས་བྱུང་བའི་ཆ་རྐྱེན་གྱི་ངོས་ནས་བལྟས་ཡོད། ༤) ཁ་ཤ ས་ཀྱིས་

མི་རིགས་ཐ་དད་པའི་འབྱེད་ཆོས་ཀྱི་སྒོ་ནས་བལྟས་ཡོད། ༥) ཡང་ཁ་ཤ ས་ཀྱིས་ མིའི་རིགས་ཀྱི་ཡོད་ཚད་འདུ་ཐབས་ཀྱི་ངོས་ནས་བལྟས་ཡོད། ༦) ཁ་ཤ ས་ཀྱིས་

གཙོ་བོ་བསམ་བློའ་ི ཁྱད་དུ་འཕགས་པའི་འཕགས་ཆོས་ཤ ིག་གི་ངོས་ནས་བལྟས་ ཡོད། སྣང་ཚུལ་འདིའི་ཐོག་ནས་ང་ཚོས་ནུབ་ཕྱོགས་མཁས་པའི་ཁྲོད་དུ(Culture)

ཞེས་པའི་བརྡ་ཆད་འདིའི་ཐོག་མའི་གོ་དོན་ལ་རིམ་གྱིས་འགྱུར་བ་ཐེབས་ཡོད་པ་ དང་བརྡ་ཆད་འདིའི་འཇུག་དོན་ཐད་ལ་མི་མཐུན་པ་སྣ་ཚོགས་ཤིག་བྱུང་ཡོད་པ་

དང་། བརྡ་ཆད་འདི་ལ་ད་ལྟའི་བར་དུ་ཐག་གཅོད་རང་བཞིན་གྱི་གོ་དོན་ཞིག་མེད་

པའི་རྒྱུ་མཚན་ཡང་རིགས་ལམ་མི་འདྲ་བ་དང་ལྟ་སྟངས་མི་འདྲ་བའི་སྒོ་ནས་བལྟས་ ཡོད་པའི་རྐྱེན་དུ་ངེས་པ་མཐོང་ཐུབ་ལ། བརྡ་ཆད་འདི་ནི་ཞིབ་འཇུག་གི་བརྗོད་གཞི་ གལ་ཆེན་ཞིག་ཡིན་པའང་རྟོགས་ཐུབ། གོང་དུ་མཁས་པ་དག་གིས་བཞག་པའི་གོ་

དོན་འདི་དག་གི་རྗེས་སུ་ངེས་པར་འབྲངས་དགོས་པའི་གནས་ལུགས་མེད་ཀྱང༌། དེ་དག་གི་ལྟ་ཚུལ་ཡང་ང་ཚོས་དཔྱད་གཞིར་བཟུང་ཆོག་པ་ལ་སུས་ཀྱང་བསྙོན་དུ་ མེད་དོ། །

༢ སྒྱུ་རྩལ།—རིག་གནས།

གནའ་བོའ་ི རྒྱ་གར་དུ་སྒྱུ་རྩལ་དང་རིག་གནས་ཀྱི་དབྱེ་བ་གསལ་བོ་ཕྱེས་མ་ཐུབ་

པས་སྒྱུ་རྩལ་དྲུག་ཅུ་རེ་བཞི་བགྲང་བའི་སྐབས་སུའང་དེང་གི་འདོད་ལུགས་ཀྱི་སྒྱུ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 23

རྩལ་མ་ཡིན་པའི་རིག་གནས་རྣམ་གྲངས་མང་པོ་བགྲང་སྲོལ་ཡོད་པར་གཞིག་ན་

མཚམས་དང་མཚམས་སུ་སྒྱུ་རྩལ་ཞེས་པའི་བརྡ་རྟགས་འདི་ཡིས་རིག་གནས་

ཞེས་པའི་བརྡ་རྟགས་ཀྱི་ཚབ་བྱེད་ཀྱིན་པར་སྣང༌། སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ནང་ དུ་ཚན་རིག་གི་ཆ་དང༌། དྲག་རྩལ་གྱི་ཆ། སྒྱུ་རྩལ་གྱི་ཆ། བཟོ་རྩལ་གྱི་ཆ་བཅས་ བསྡུས་ཡོད་པ་གསལ་བོར་རྟོགས་ཐུབ།

དེ་བཞིན་ནུབ་ཕྱོགས་སུའང་སྔོན་དུས་སྒྱུ་རྩལ་དང་རིག་གནས་ཀྱི་འཇུག་

ཡུལ་གཅིག་ཏུ་སོང་བའི་ཆའང་མང་པོ་ཡོད་དེ་ནུབ་ཕྱོགས་སུ་སྒྱུ་རྩལ་བཅུ་བཞི་

འདྲེན་པའི་སྐབས་སུའང་རང་དབང་ཅན་གྱི་སྒྱུ་རྩལ་བདུན་དང༌། གཞན་དབང་ཅན་ གྱི་སྒྱུ་རྩལ་བདུན་ཞེས་གཉིས་སུ་དབྱེ་སྟེ་རང་དབང་ཅན་གྱི་སྒྱུ་རྩལ་བདུན་ནི། ༡) བརྡ་

སྤྲོད། ༢) ཚིག་རྒྱན། ༣) ཚད་མ། ༤) རྩིས་རིག ༥) དབྱིབས་གཟུགས། ༦) སྐར་ རྩིས། ༧) གླུ་དབྱངས་བཅས་བདུན་དང༌། གཞན་དབང་ཅན་གྱི་སྒྱུ་རྩལ་བདུན་ནི། ༡) གཡོས་ལས་ཀྱི་རྩལ། ༢) འཚེམ་ལས་ཀྱི་རྩལ། ༣) ཁང་ལས་ཀྱི་རྩལ། ༤) འཁོར་

ལོའ ི་རྩལ། ༥) སྨན་གྱི་རྩལ། ༦) ཚོང་གི་རྩལ། ༧) དམག་གི་རྩལ་བཅས་བདུན་

དུ་བགྲང་བ་ལས་ཀྱང་ཁ་ཤ ས་སྒྲ་རིག་པར་གཏོགས་པ་དང༌། ཁ་ཤ ས་ཚན་རིག་ཏུ་ གཏོགས་པ། ཁ་ཤས་བཟོ་རིག་ལ་གཏོགས་པ། ཁ་ཤས་སྒྱུ་རྩལ་དུ་གཏོགས་པ། ཁ་

ཤས་དྲག་རྩལ་དུ་གཏོགས་པ་སོགས་ཀྱི་སྣང་ཚུལ་ཡོད་པ་རྟོགས་སླ་བས་ན་ནུབ་

ཕྱོགས་སུའང་སྐབས་དང་མཚམས་སུ་སྒྱུ་རྩལ་དང་རིག་གནས་གཉིས་ཀྱི་འཇུག་

ཡུལ་གཅིག་པ་ལྟ་བུར་གྱུར་ཡོད་ཀྱང༌། དེང་གི་དུས་སུ་སྒྱུ་རྩལ་ནི་རིག་གནས་ཀྱི་

ཆ་ཤས་ཤ ིག་ཏུ་བརྩིས་ཏེ་རིག་ཚན་རྣམས་མ་འདྲེས་པར་སོ་སོར་ཕྱེས་ཡོད། གནའ་ བོའ་ི རྒྱ་གར་དང་ནུབ་ཕྱོགས་སུ་སྒྱུ་རྩལ་དབྱེ་སྡུད་བྱེད་པའི་སྐབས་སུ་དཔྱད་ཞིབ་ ཀྱི་རིགས་ལམ་འཕེལ་རིམ་ངེས་ཅན་ཞིག་ལ་བསླེབ་མེད་པས་ན། སྒྱུ་རྩལ་དབྱེ་སྡུད་


24 ཉམས་ཞིབ་དེབ་ཕྲེང་། ༡

བྱེད་ལུགས་འདི་ནི་དེང་དུས་ཀྱི། ༡) རི་མོ་དང༌། ༢) ཟློས་གར། ༣) གླུ་དབྱངས།

༤) རྩོམ་རིག ༥) བརྐོས་བཀྲོལ་བཅས་མཛེས་དཔྱོད་རིག་པའི་ངོས་ནས་ངོས་ འཛིན་དང་དབྱེ་སྡུད་བྱེད་ལུགས་ལས་ཆེ་ཆེར་འདས་ཡོད།

༣ བོད།— རིག་གནས།— དཔྱད་ཞིབ།

བོ ད ་ཁ་བ་གངས་ཅན་ལྗོ ང ས་ཀྱི ་ མཁས་པ་དག་གི ས ་གནའ་བོ འ་ི དུས་སུ་རི ག ་ གནས་ལ་མཚན་ཉིད་ཅུང་ཆ་ཚང་བ་ཞིག་བཞག་པ་མ་མཐོང་མོད། རིག་གནས་

ཞེས་པའི་བརྡ་ཆད་འདི་ལ་སྒྲ་བཤད་ལྟ་བུར“ཤེས་པར་བྱ་བའི་གནས་དང༌།” རིག་ པར་བྱ་བའི་གནས། “རིག་པ་གནས་པའི་ཡུལ་ཡིན་པས་ན་རིག་གནས་ཟེར” ཞེས་ 6

བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཚིག་གི་མཛོད་རྣམས་སུ་བཀོད་ཡོད་པ་དེ་

ཉི ད ་གཞི ་ རྩར་བཞག་ནས་བོ ད ་ཀྱི་ རི ག ་པ་སྨྲ་བ<རྩོ མ ་རི ག ་གཤི བ ་བསྡུར་རི ག ་

ལམ>རྩོམ་པ་པོ་དགའ་བ་པ་སངས་ཀྱིས། བོད་ཀྱིས་སྦྱར་བའི་རིག་གནས་ཞེས་

པའི་ཐ་སྙད་འདི་ལ་ཡུལ་ཅན་བློ་དང་དེས་གཟུང་བྱའི་ཡུལ་གཉིས་ཀར་གོ་བའི་ ཁྱད་ཆོས་ཡོད་ཚུལ་བཤད་པའི་ཞོར་དུ་རིག་གནས་ལ་མཚན་ཉིད་གསར་པ་སྦྱར་

སྟེ”མཚོན་བྱ་རིག་གནས་ལ་མཚན་ཉིད་ཡོད་དེ། སྐྱེས་བུའི་ལུས་ངག་ཡིད་གསུམ་ གྱི་རྩོལ་བ་ལས་བྱུང་བའི་བྱ་དངོས་ཡོད་དོ་ཅོག་ལའོ” ཞེས་བཀོད་ཡོད་པ་ལྟ་བུའི་ 7

བཤད་ཚུལ་འདི་གཞིར་བཟུང་ན། རིག་གནས་ཞེས་པའི་འཇུག་ཡུལ་ཁྱབ་ཆེ་ཞིང༌།

ཚིག་གི་མཛོད་རྣམས་ཀྱི་བཤད་ཚུལ་ལྟར་ན་སྲིད་ཞིའི་ཤེས་བྱ་མཐའ་དག་འདིའི་

6

7

<<བོད་རྒྱ་ཚིག་མཛོད་ཆེན་མོ།>> ཤོག་ངོས༢༦༨༢། ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ ཁང༌།

<<རྩོམ་རིག་གཤིབ་བསྡུར་རིག་ལམ།>> ཤོག་ངོས༢༥༩། དགའ་བ་པ་སངས་ཀྱིས་བརྩམས། མི་རིགས་དཔེ་ སྐྲུན་ཁང༌།>


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 25

ཁོངས་སུ་མི་འདུ་བ་མེད་པ་དང༌། དགའ་བ་པ་སངས་ཀྱིས་བཞག་པའི་མཚན་ཉིད་

ལྟར་ནའང་མིའི་བྱས་པ་ཡོད་དོ་ཅོག་ལ་གོ་བས་ཤེས་པར་བྱ་བའི་གནས་ཞེས་པ་ ལས་ཁྱབ་ཆུང་ནའང་དེའང་འཇུག་ཡུལ་ཧ་ཅང་ཁྱབ་ཆེ། འདི་འདྲའི་སྒྲ་བཤད་དང་

མཚན་ཉིད་ཀྱི་ངོས་ནས་བལྟས་ན་རིག་གནས་ཀྱི་ཁོངས་སུ་ལེགས་བྱང་དང་རིག་ གཞུང༌། དཔལ་ཡོན་བཅས་ཀྱི་འཇུག་དོན་ཇི་ལྟར་ཐ་དད་ཀྱང་ཡོངས་སུ་འདུ་ཐུབ་

པ་ཞིག་ཡིན། བོད་ཀྱི་རིག་གནས་ཞེས་པའི་ཚིག་དེའི་གྲུབ་རྐྱེན་དང་ཐོག་མའི་བརྡ་ དོན་གྱི་ངོས་ནས་དེ་འདྲའི་ཁྱབ་ཆེའི་འཇུག་པ་ཅན་ཞིག་མ་ཡིན་ཏེ།

ཐོག་མར་རིག་གནས་ཞེས་པའི་བརྡ་རྟགས་འདི་ནི(བིདྱ)ཞེས་པ་དོན་བསྒྱུར་

བྱས་པ་ཞིག་ཡིན་ལ་རིག་དང་གནས་ཞེས་པའི་ཚིག་གཉིས་ནི་བོད་རང་ལ་གདོད་ མ་ནས་ཡོད་པའི་ཐ་སྙད་ཅིག་ཡིན་ཞིང༌། རིག་དང་གནས་མཉམ་དུ་སྦྱར་ཏེ་མིའི་ རིགས་ཀྱི་ཤ ེས་རིག་ལ་གོ་བའི་བརྡ་རྟགས་འདི་ནི་སངས་རྒྱས་ཆོས་ལུགས་བོད་ དུ་བསྒྱུར་པའི་ཕྱིས་ནས་བྱུང་བར་མངོན་ཏེ། རྒྱ་གར་གྱི(བེད)ཅེས་པ་དོན་བསྒྱུར་ བྱས་ཏེ་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་གཞུང་དུ“རིག་བྱེད་སྨྲ་བ་རྣམས་ཀྱི་

རྒྱུ” ཞེས་པའི་སྐབས་ཀྱི་རིག་བྱེད་ཅེས་པ་རིག་གནས་ལ་གོ་དགོས་མོད། སྐབས་ 8

འདིར་རིག་བྱེད་ཅེས་པའི་ཚིག་ལས་རྒྱ་གར་སྐད་ཀྱི་བིདྱ་ཞེས་པ་བོད་བསྒྱུར་བྱས་

པ་ལས་བྱུང་བའི་རིག་གནས་ཞེས་པའི་ཚིག་ཐོན་མེད་པར་གཞིག་ན། དེའི་སྔོན་ ཙམ་ན་རིག་གནས་ཞེས་པ་འབྲི་སྲོལ་མེད་པའམ་དར་ཆུང་བར་མངོན་ལ། གཞུང་

འདིར“རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ”ཞེས་པའི་སྐབས་ཀྱི་རིག་བྱེད་ཅེས་པ་རྒྱ་གར་

གྱི་རིག་བྱེད་བཞི་གཅིག་པུར་གོ་ན་ཁྱབ་ཆུང་བའི་སྐྱོན་འབྱུང་སྟེ། འདིའི་སྐབས་ཀྱི་

རིག་བྱེད་ནི་དེང་གི་རིག་གནས་ཞེས་པ་དང་དོན་གཅིག་ཏུ་འབབ། བསླབ་པ་ཀུན་ 8

<<བསྟན་འགྱུར་དཔེ་སྡུར་མ།>> སྣ་ཚོགས། ཅོ-ཆོ-115། ཤོག་ངོས༡༩༧། སུམ་ཅུ་པའི་རྩ་བ། སློབ་དཔོན་ཨ་ ནུས་བརྩམས།


26 ཉམས་ཞིབ་དེབ་ཕྲེང་། ༡

གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། ཞེས་པའི་སྐབས་སུ་འཇིག་ 9

རྟེན་གྱི་བསླབ་པར་བྱ་བའི་གཞི་མཐའ་དག་ཐུན་མོང་དང་ཐུན་མིན་གཉིས་སུ་བྱས་ ཏེ་བསླབ་པའི་གཞི་བསྟན་པས་ན་འདིར་རྒྱ་གར་གྱི་ཤོད་སྲོལ་ལྟར་གྱི་སྐྱེས་བུའི་

རྩོལ་བས་འདུས་མ་བྱས་པའི་རིག་བྱེད་བཞི་ཁོ་ན་ཙམ་ལ་གོ་ན་སློབ་དཔོན་ཐོན་ མིས་བསྟན་པའི་བསླབ་པའི་གཞི་དང༌། ཡི་གེའི་བྱེད་ལས་ནི་ཧ་ཅང་ཁྱབ་ཆུང་བ་ ཞིག་རེད་ཨང༌།

ནུབ་ཕྱོགས་ཀྱི་མཁས་པ་ཁ་ལེ་བདེ་ཁ་ལུད་ཁ་ཧོང་གིས་སྤྱི་ཚོགས་རིག་པ་

དང་མི་དཔྱད་རིག་པ་གཉིས་ཀྱི་དཔེ་ཆའི་ནང་གི་རིག་གནས་ཀྱི་བཀོལ་གྲངས་ནི་ སྤྱི་ཚོགས་ཞེས་པ་ལས་མང་བར་གསུངས་པ་ལྟར། “རིག”ཅེས་བྱ་བའི་དོན་ཅན་

གྱི་བརྡ་དོན་དང“གནས”ཞེས་ཡུལ་དུ་གོ་བའི་མིང་གི་དོན་ཅན་གྱི་མིང་བརྡ་གཉིས་ ལྷན་དུ་སྦྱར་ཏེ“རིག་གནས”ཞེས་གཟུང་འཛིན་འཕྲད་པའི་ཁྱབ་ཆེའི་བཀོལ་སྤྱོད་ ཅན་གྱི་བརྡ་རྟགས་འདི་ཉིད་བོད་ཀྱི་ཤེས་རིག་ཁྲོད་དུའང་བཀོལ་གྲངས་ཧ་ཅང་མང་ ནའང་བརྡ་རྟགས་འདི་ལ་དཔྱད་ཞིབ་བྱས་པ་ཤིན་ཏུ་ཉུང༌།

དེང་གི་བོད་ཀྱི་དཔྱད་ཞིབ་པ་རྣམས་ཀྱིས་བོད་ཀྱི་ཤེས་རིག་གི་ཁྲོད་དུ་རིག་

པའི ་ གནས་ཞེ ས ་པའི ་ བརྡ་རྟགས་དེ ་ བཀོ ད ་པ་ནི ( ༡༡༢༤—༡༡༩༢)ཉང་ཉི ་ མ་

འོད་ཟེར་གྱིས་བརྩམས་པའི<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།> ཅེས་ པ་སྔ་ཤོས་སུ་བརྩི་བཞིན་ཡོད་ལ། ས་པཎ(༡༡༨༢— ༡༢༥༡)གྱི་མཁས་འཇུག་ སོགས་བརྒྱུད་ནས་དར་ཁྱབ་བྱུང་བ་ཞི ག ་ཡི ན ་པར་བཤད་ཀྱིན་ཡོད་མོད། དེ་

ལ་དཔྱད་པར་བྱ་བ་འདི་འདྲ་ཞིག་ཡོད་དེ། བཤད་ཚུལ་འདི་ནི་བོད་མིས་བརྩམས་ པའི་བརྩམས་ཆོས་ཁོ་ནའི་དབང་དུ་བྱས་པ་ཞིག་ཡིན་ན་མ་གཏོགས། ང་ཚོས་

9

<<བསྟན་འགྱུར་དཔེ་སྡུར་མ།>> སྣ་ཚོགས། ཅོ-ཆོ-115། ཤོག་ངོས༡༩༧། སུམ་ཅུ་པའི་རྩ་བ། སློབ་དཔོན་ཨ་ ནུས་བརྩམས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 27

ཚིག་འདིའི་མགོ་ཁུངས་དེད་ན་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི<མདོ་སྡེ་ རྒྱན>བར་དུ་གཏུགས་ཆོག་སྟེ“རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་

ན”ཞེས་བརྩམས་ཆོས་དེའི་ནང་དུ་ཐོན་ཡོད་པ་དང༌། བརྩམས་ཆོས་དེ་ནི་དུས་

རབས་བརྒྱད་པའི་ནང་དུ་བཙན་པོ་ཁྲི་སྲོང་གི་སྐབས་སུ་བྱོན་པའི་ལོ་ཙཱ་བ་ཆེན་པོ་སྐ་ བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ཞིག་ཡིན་པས། འཕྱི་ནའང་བརྡ་རྟགས་འདི་བོད་ ཡིག་གི་ཐོག་ཏུ་འབྲི་སྲོལ་སྐབས་དེ་ཙམ་ནས་བྱུང་ཡོད་པ་ར་སྤྲོད་བྱེད་ཐུབ། འོན་

ཀྱང་བོན་གཞུང<མདོ་དྲི་མེད་གཟི་བརྗིད།>ལས“རིག་པའི་གནས་ལྔ་བྱུང་སྟེ”ཞེས་

པར་བལྟས་ན་བརྡ་རྟགས་འདི་བོན་གཞུང་དུ་དུས་ནམ་ཞིག་ཏུ་བྱུང་ཡོད་མིན་ད་དུང་ དཔྱད་དགོས་པའི་གནས་སུ་མཆིས།

སྐབས་དེ་ཙམ་ནས་རིག་པའི་གནས་ལྔའམ། རིག་པའི་གནས། རིག་གནས་

ཞེས་པའི་བརྡ་ཆད་འདི་དག་ནི་གོང་ནས་བཤད་པ་ལྟར་རྒྱ་གར་གྱི་བརྡ་ཆད་བིདྱ་

ཞེས་པའི་དོན་དུ་འཇུག་པས་ན། དེང་གི་དུས་ཀྱི་ཨིན་ཇིའི་བརྡ་ཆད(Culture)ཞེས་

པའི་དོན་དུ་སྤྱོད་སྲོལ་མེད་མོད། ༡༩༥༩ ཕྱིས་སུ་རྒྱ་ནག་གི་རིག་གནས་བོད་དུ་

བསླེབས་པ་ནས་ཤ ེས་རིག་མི་འདྲ་བ་གཉིས་ཀྱི་གདོང་གཏུགས་ཁྲོད་ནས་བོད་ཀྱི་ བརྡ་ཆད་མང་པོའ ི་འཇུག་དོན་ལ་འགྱུར་བ་ཐེབས་པ་དང༌། བརྡ་ཆད་གསར་པ་མང་པོ་ ཞིག་གསར་བཟོ་བྱས་པའི་ཁྲོད་ནས། རིག་གནས་ཞེས་པའི་བརྡ་ཆད་འདིའང་འཇུག་

དོན་འགྱུར་བའི་བརྡ་ཆད་ཅིག་ཡིན་ཏེ། སྔོན་དུས་རིག་པའི་གནས་ལྔ་ལྟ་བུའི་སྦྱོང་བར་ བྱ་བའི་གནས་ལ་གོ་བའི་བརྡ་ཆད་འདི་ཉིད། རྒྱ་ནག་གི་ཝུན་ཧྭ་(文化)ཞེས་པའི་

བརྡ་ཆད་ཀྱི་དོད་དུ་གྱུར་པས་ན་བརྡ་ཆད་འདིའི་ཁྱབ་ཁོངས་ཆེ་རུ་ཕྱིན་ཡོད། རྒྱ་ནག་ གི་ཝུན་ཧྭ་(文化)ཞེས་པ་ཨིན་ཇིའི་སྐད་ཀྱི(Culture)ཞེས་པ་དང་འཇུག་དོན་གཅིག་

པས་ན། བོད་ཀྱིས་རྒྱ་ནག་སྐད་ཀྱི་ཝུན་ཧྭ་(文化)ཞེས་པའི་ཚིག་གི་འགྱུར་ལ་


28 ཉམས་ཞིབ་དེབ་ཕྲེང་། ༡

རིག་གནས་ཞེས་པའི་བརྡ་རྟགས་འདི་སྦྱར་བ་ནས་བོད་ཀྱི་རིག་གནས་ཞེས་པའི་

བརྡ་ཆད་འདི་ལ་སྒྲ་ཡངས་དོག་གི་འཇུག་དོན་གཉིས་བྱུང་ཡོད་དེ། འཇུག་དོན་དོག་ མོའ ི་ངོས་ནས་སྔོན་གྱི་བརྡ་དོན་ཏེ་བསླབ་པའི་གནས་ལ་གོ་བ་དང༌། སྒྲ་འཇུག་ཡངས་

པོའ ི་དབང་དུ་བྱས་ན་ཨིན་སྐད་ཀྱི(Culture)ཞེས་པ་དང་འཇུག་པ་གཅིག་ཏུ་གྱུར་ཏེ། Cul-

ལ་རིག་གནས་གསར་བརྗེ་ཞེས་པ་ལྟ་བུ་དང༌། བོད་མི་རིགས་ཀྱི་རིག་

tural Revolution

གནས། བོད་ནི་འོད་སྟོང་འབར་བའི་རིག་གནས་ཡོད་པའི་མི་རིགས་ཤིག་ཡིན་ཞེས་

དང༌། ཕྱི་ལོ༡༩༨༩ལོར་བསྒྲིགས་པའི<དག་ཡིག་གསར་བསྒྲིགས>ལས“རིག་གནས་ ཀྱི་འཇུག་དོན་གཉིས་པ་འགྲེལ་བརྗོད་བྱེད་པའི་སྐབས་སུ། ཆབ་སྲིད་དང་དཔལ་

འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ནི། སྤྱི་ཚོགས་འཕེལ་བའི་ལོ་ རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་ དང༌། སློབ་གསོ་དང་ཚན་རིག རྩོམ་རིག སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་

ཀྱི་སྤྱི་འདུས་ལ་ཟེར” ཞེས་བཀོད་ཡོད་པས་མ་མཐའ་ཡང་སྐབས་དེ་ཙམ་ནས་ 10

འཇུག་དོན་ཁྱབ་ཆེར་ཕྱིན་པ་ཞིག་མིན་ནམ་སྙམ།

ཡང་བརྡ་ཆད་འདི འི ་ རྒྱ་གར་སྐད་ཀྱི ་ འགྱུར་གཞི འི ་ འཇུག་དོ ན ་རི ག ་པའི ་

གནས་ལྔའམ་བཅུ་ཞེས་པའི་སྒོ་ནས་ཀྱང་རྒྱ་ནག་སྐད་ཀྱི་ཝུན་ཧྭ་(文化)དང་ ཨིན་ཇིའི་སྐད་ཀྱིCultureཞེས་པར་འཇུག་དོན་གཅིག་པའི་གོ་བ་འདི་འདྲ་ཞིག་བླང་ ཆོག་སྟེ། རིག་པའི་གནས་ཞེས་པའི་ནང་གི་བཟོ་རིག་པ་གཙོ་བའི་རིག་ཚན་དེ་ དག་གི་ཁྱབ་ཁོངས་ཆེར་བསྐྱེད་བྱས་ཏེ་གོ་བ་བླངས་ན་མི་རིགས་ཀྱིས་སྐྱེད་སྐྲུན་

བྱས་པའི་དངོས་པོའ ི་ལོངས་སྤྱོད་དང༌། ཆོས་ལུགས་རིག་པས་གཙོས་བསམ་པའི་

ལོངས་སྤྱོད་དུ་གྱུར་པའི་བསམ་བློ་གཏོང་ཚུལ་བཅས་འདུས་ཡོད་པས་ན། བོད་མི་

10

<<དག་ཡིག་གསར་བསྒྲིགས།>> ཤོག་ངོས༧༤༥། བསམ་གཏན་དང༌། བཀྲ་ཤ ིས་རབ་བརྟན། གྲགས་པ།

འགྱུར་མེད་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 29

རིགས་ཀྱི་རིག་གནས་ནི་ནང་དོན་རིག་པས་སྲོག་ཤིང་བྱས་ཡོད་པས་མ་གཞི་ནས་

ཨིན་སྐད་ཀྱིCulturalདང་འཇུག་དོན་ཁྱབ་མཉམ་དུ་བྱས་ནའང་མ་འགྲིགས་པ་ཅི་ཞིག་

ཡོད་སྙམ།

ཡང་དེང་གི་བོད་མི་དག་གིས་སྤྱོད་བཞིན་པའི་རིག་གནས་ཞེས་པའི་བརྡ་

ཆད་འདིའང་སྔོན་དུས་ཀྱི་རིག་པའི་གནས་ཟེར་བ་སོགས་ལས་བརྡ་དོན་ལ་དུས་ ཀྱི་དབང་གིས་འགྱུར་བ་ཐེབས་ཤིང་བརྡ་དོན་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་ཏེ་རྒྱ་ནག་སྐད་

ཀྱི་ཝུན་ཧྭ་(文化)དང་ཨིན་ཇིའི་སྐད་ཀྱིCultureདང་འཇུག་དོན་གཅིག་ཏུ་གྱུར་

ཡོད་པ་བེད་སྤྱོད་བྱེད་ཕྱོགས་ཀྱིས་རྟོགས་ཐུབ། ཚུལ་དེ་ནི་རྒྱ་ནག་གི་ཝུན་ཧྭ་(

文化)ཞེས་པའི་ཚིག་གི་ཤུགས་རྐྱེན་འོག་ནས་བརྡ་དོན་གྱི་ཁོངས་ཇེ་ཡངས་སུ་

གྱུར་པ་ཞིག་ཡིན་ཏེ། དཔེར་ན། དམངས་ཁྲོད་རིག་གནས། དགོན་སྡེ་རིག་གནས། སྤྱི་ཚོགས་རིག་གནས། ཞིང་འབྲོག་རིག་གནས། རིག་གནས་ལྡན་པའི་མི། རིག་ གནས་ཡོད་པའི་མི་རིགས། རིག་གནས་སྒྱུ་རྩལ། རིག་གནས་དར་བའི་ཡུལ་

ཕྱོགས། རིག་གནས་ཅན་གྱི་མི་རབས་གསར་པ་སོགས་ཡོངས་ཁྱབ་ཏུ་སྤྱོད་བཞིན་ ཡོད། རིག་གནས་ཞེས་པའང་དུས་ཀྱི་དབང་གིས་བརྡ་དོན་འགྱུར་བཞིན་པའི་ཐ་ སྙད་མང་དག་ཅིག་འཚོལ་དུ་ཡོད་པའི་བརྡ་ཆད་དག་དང་རིགས་མཐུན་པའོ། །

རིག་གནས་ཞེས་པའི་བརྡ་རྟགས་འདི་ནི་སྒྲ་འཇུག་ཡངས་དོག་གི་གོ་དོན་

སྣ་ཚོགས་ཡོད་པའི་བརྡ་ཆད་ཅིག་ཡིན་ཞིང༌། རིག་གནས་ཞེས་པའི་བརྡ་ཆད་རང་ ལ་བསམ་གཞིགས་བྱས་ན་རིག་ལ་མིང་གི་སྒོ་ནས་གོ་བ་ལེན་ལུགས་ཤ ིག་དང་བྱ་

ཚིག་གི་སྒོ་ནས་གོ་བ་ལེན་སྟངས་གཉིས་ཡོད་ཅིང༌། དེ་ཡང་ལེགས་སྦྱར་གྱི་སྐད་དུ་

བིདྱ་ཞེས་པའི་དོན་ནི“མཐོང་བ་དང༌། ངོ་བོ། རྟོགས་པ། ཕྱེ་བ། རིག་པ” སོགས་ 11

11

<<བོད་ཀྱི་རིག་གནས་བགྲོ་གླེང༌།>> ཤོག་ངོས༡༥། ཟམ་གདོང་རིན་པོ་ཆེའི་གསུང་བཤད། ས་རཱ་མཐོ་སློབ་ གཞོན་ནུ་ཚོགས་པས་བཏོན།


30 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་དོན་དུ་འཇུག་པ་དང༌། བོད་སྐད་དུའང་བློས་རིག་ཅེས་པའི་སྐབས་སུ་བྱ་བའི་ དོན་ཅན་གྱི་མཐོང་བ་དང་། རྟོགས་པ། ཤེས་པ་སོགས་ལ་གོ་བ་དང༌། རིག་པ་

ཞེས་པའི་སྐབས་སུ་མིང་གི་དོན་ཅན་དུ་གོ་བ་དང༌། “རིག་པ་ནངས་པར་འཆི་ཡང་ བསླབ” ཞེས་དང“རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན” ཞེས་པའི་ 12

13

སྐབས་སུ་བསླབ་བྱའི་གནས་ལ་གོ་བ་དང༌། སྒྲ་རིག་པ་དང་བཟོ་རིག་པ་ཞེས་པའི་

སྐབས་སུ་རིག་ཚན་གང་དེ་རྟོགས་པར་བྱེད་པའི་གཞུང་ལུགས་ལ་གོ་བ་དང༌། དེ་

བཞིན་གྲྭ་ས་ཆེན་པོ་རྣམས་སུ་རིག་གནས་པ་ཞེས་པའི་སྐབས་སུ་ནང་ཆོས་ཕུད་ པའི་ཐ་སྙད་རིག་གནས་སྒྲ་སྙན་སོགས་ལ་གོ་བ་དང༌། རིག་པའི་གནས་ཆེན་ཀུན་ ལ་བྱང་ཆུབ་པའི་པཎ་ཆེན་ཞེས་པའི་སྐབས་སུ་ནང་ཆོས་བརྩིས་པའི་རིག་པའི་

གནས་ལྔ་ལ་གོ་བ་དང༌། རིག་གནས་སྡེ་ཚན་དང་ལག་ཤེས་སྡེ་ཚན་ཞེས་པའི་ སྐབས་སུ་བཟོ་རིག་ཕུད་པའི་ཡི་གེའི་ལས་ཁོ་ནར་གོ་བ་དང༌། ཚད་གཞུང་རྣམས་ སུའང་བློ་དང༌། ཤེས་པ། རིག་པ་གསུམ་དོན་གཅིག་ཏུ་བཤད་དེ། “གསལ་བའི་

བེམ་མིན་ཤ ེས་པའི་མཚན་ཉིད། ཡུལ་རིག་པ་བློའ ི་མཚན་ཉིད། རིག་པའི་དོན་ཡོད་

དེ༑ ཡུལ་འཆར་བ་དང་སྣང་བ་དེ། ཡུལ་རིག་པའི་དོན་ཡིན་པའི་ཕྱིར།” ཞེས་ 14

གསུངས་པ་སོགས་སྔ་གཞུག་གི་གོ་དོན་མཐའ་དག་ལ་ཅུང་ཞིབ་ཚགས་ཀྱི་སྒོ་ནས་

དཔྱད་ན་རིག་གནས་ལ་མཚན་ཉིད་གསར་པ་སྦྱར་བའི་གཞི་ཞིག་བཏིང་ཡོད་པས་ གཤམ་ལ་བདག་གིས་རིག་གནས་ལ་མཚན་ཉིད་གསར་པ་ཞིག་སྦྱར་བར་འདོད།

12

<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བའི་བསྟི་གནས་ཞེས་བྱ་བ།>> ཤོག་ངོས༥༡། བོད་གཞུང་ཤ ེས་རིག་པར་ཁང༌།

13 <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ།།>> 14

ཝཱ་ཎཱ་མཐོ་སློབ་ཀྱིས་པར་དུ་བསྐྲུན།

ཤོག་ངོས༧༡། རྗེ་བཙུན་བྱམས་པ་མགོན་པོ།

<<བློ་བཟང་རྒྱ་མཚོའི་གསུང་འབུམ།>> ཤོག་ངོས༧། དགེ་བཤེས་བློ་བཟང་རྒྱ་མཚོ། རིགས་ལམ་སློབ་གཉེར་ ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 31

༤ གྲུབ་དོན།—རིག་གནས་མཚན་ཉིད།

རིག་ནི་བློའ ི་བྱེད་ནུས་ལ་གོ་བས་སྐབས་འདིར་བྱ་ཚིག་ཏུ་བྱས་ནས་གོ་བ་བླངས་ཏེ་

འཛིན་པ་ཡུལ་ཅན་གྱིས་གཟུང་བ་ཡུལ་འཛིན་པ་ལ་གོ་བ་དང༌། གནས་ནི་ཡོད་པ་

ཙམ་ལ་མི་གོ་བར་མིས་བྱས་པ་ཞིག་ལ་གོ་བས་ན་དེའི་ཤུགས་ཀྱིས་གཟུང་འཛིན་ བར་གྱི་འབྲེལ་ནུས་ཏེ་གཟུང་འཛིན་འཕྲད་སྟོབས་ཀྱིས་སྐྱེད་སྐྲུན་བྱས་པའི་ཡོད་པ་

མཐའ་དག་ལ་གོ་བའི་བརྡ་དོན་ཡོད་ཕྱིར། རིག་གནས་ནི་སྒྲ་ཡངས་འཇུག་གི་དབང་

དུ་བཏང་ན་ཁོར་ཡུག་ངེས་ཅན་ཞིག་ཏུ་འཚོ་སྡོད་བྱས་པའི་མི་རིགས་སམ། ཡང་ན་

མིའི་སྤྱི་ཚོགས་ངེས་ཅན་ཞིག་གིས་སྐྱེད་སྐྲུན་བྱས་ཤིང་བརྒྱུད་སྤྲོད་ཀྱི་རྣམ་པའི་སྒོ་ ནས་དལ་བོའ་ི ངང་དུ་འགྱུར་བ་འགྲོ་བཞིན་པའི་བྱ་དངོས་མཐའ་དག་དང་དེའི་སྟེང་

གི་བཀོད་པ་སྟེ་ཕྱི་རིམ་སྒྲིག་གཞི་དང༌། དེས་མཚོན་པའི་ནང་གནས་འདུ་ཤ ེས་ཀྱི་ སྒྲོམ་གཞི་དང་དེའི་འགྲེལ་བརྗོད་བྱེད་ལུགས་བཅས་ལ་གོ སྒྲ་དོག་འཇུག་ཏུ་བྱས་

ན་བྱ་དངོས་མཐའ་དག་གི་ནང་གནས་འདུ་ཤེས་དང་དེའི་འགྲེལ་བརྗོད་བྱེད་ལུགས་ བཅས་ལ་རིག་གནས་ཞེས་བྱའོ། །

ཁོ་བོས་བཞག་པའི་མཚན་ཉིད་འདི་ནི་མཐོ་སློབ་ཁག་གི་སྤྱི་ཚོགས་རིག་པའི་

སློབ་དེབ་དག་དང་མཐུན་ཆེས་ཏེ“རིག་གནས་ནི་སྤྱི་ཚོགས་ཤ ིག་དང་ཚོགས་སྡེ་ ཞིག་གི་རྒྱུན་མཐུད་ཡིན་པ་ལས་མི་གཅིག་གི་ཡོད་པ་ཙམ་ལ་མི་གོ”ཞེས་གསལ་ བ་ལྟར་རིག་གནས་ལ་ཐུན་མོང་དུ་གྱུར་པའི་སྤྱི་ཚོགས་རང་བཞིན་གྱི་ཟུར་གཅིག་

དང༌། བཟུང་བ་ཡུལ་དུ་གྱུར་པའི་ཁོར་ཡུག་དང་ལྟོས་བཅས་ཀྱིས་བྱུང་བས་ན་ཁོར་ ཡུག་རང་བཞིན་གྱི་ཟུར་གཅིག མི་ཐོག་ནས་མི་ཐོག་ལ་བརྒྱུད་སྤྲོད་བྱེད་བཞིན་པས་

ན་རྒྱུན་མཐུད་རང་བཞིན་གྱི་ཟུར་གཅིག འགྱུར་བའི་ཁྱད་ཆོས་ཅན་ཞིག་ཡིན་ཏེ་ཝཱ་


32 ཉམས་ཞིབ་དེབ་ཕྲེང་། ༡

ན་ཧིན་དྷིའི(BANARAS HINDU UNIVERSITY)མཐོ་རིམ་སློབ་གླིང་དུ་སྤྱོད་བཞིན་པའི་

སྤྱི་ཚོགས་ཚན་རིག་གི་སློབ་དེབ གཞིར་བཟུང་ནས་བལྟས་ན། ༡) ལོ་རྒྱུས་གདོང་ 15

གཏུགས། ༢) ས་ཁམས་ཁོར་ཡུག་གི་རང་བཞིན། ༣) འགུལ་བསྐྱོད་ལྡན་པའི་

འཕེལ་རིམ་རང་བཞིན། ༤) གསར་རྙེད་དང་གསར་རྟོགས་བྱུང་བ། ༥) གང་ཟག་ སྒེར་གྱི་ཁྱད་ནུས་རང་བཞིན། ༦) ཐོན་བསྐྱེད་ཐབས་ལམ་གྱི་འགྱུར་བ། ༧) ཁྱད་

ནུས་ལྡན་པའི་བརྩམས་ཆོས་བཅས་ལ་བརྟེན་ནས་རིག་གནས་གང་ཞིག་འགྱུར་ བ་འགྲོ་བཞིན་ཡོད་ལ་འགྱུར་བ་འགྲོ་སྟངས་ཡང་མི་འདྲ་བ་གསུམ་གྱི་སྒོ་ནས་འགྲོ་ བཞིན་ཡོད་དེ།

༡) རྦ་རླབས་ལྟ་བུའི་རྣམ་པ།—གློ་བུར་བ་དང་འགོག་ཐབས་བྲལ་བའི་རང་ བཞིན་ཅན།

༢) དྲང་ཐིག་གི་རྣམ་པ།— མངོན་གསལ་མིན་པར་དལ་བོའ ི་རང་བཞིན་ཅན།

༣) ཕྱིར་ལྡོག་གི་རྣམ་པ།— མདུན་དུ་མི་བསྐྱོད་པར་ཕྱིར་རིག་གནས་རྙིང་ པའི་སྟེང་དུ་བསྐྱར་ལོག་བྱེད་པའི་རང་བཞིན་ཅན།

གོང་གི་འགྱུར་རྐྱེན་བདུན་ལས་གང་ཞིག་དང་འཕྲད་སྟོབས་ཀྱིས་འགྱུར་བ་

འགྲོ་སྟངས་གསུམ་གང་རུང་གི་སྒོ་ནས་འགྱུར་བཞིན་པས་ན་རིག་གནས་ལ་འགྱུར་ ལྡོག་རང་བཞིན་གྱི་ཟུར་གཅིག་སྟེ་ཟུར་བཞི་ཚང་བ་དང༌། དེ་ལ་རིག་གནས་ཀྱི། ༡)

སྤྱི་ཚོགས་རང་བཞིན་དང༌། ༢) ཁོར་ཡུག་རང་བཞིན། ༣) རྒྱུན་མཐུད་རང་བཞིན། ༤) འགྱུར་ལྡོག་རང་བཞིན་བཅས་བརྗོད་ཆོག་གོ།

15 <<An Introduction to SOCIOLOGY>> P.776-795 Vidya Bhushan D.R. Sachdeva


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 33

༥ རིག་གཞུང༌། —Culture

བོད་ཀྱི་ངག་རྒྱུན་དུ་གཞུང་ཆེན་མོ་ལ་གཞུང་ལུགས་དང༌། མཚན་ཉིད་ལ་ལྟ་བཞིན་ པ༑ གཞུང་ལ་ལྟ་མཁན། བརྡ་སྤྲོད་པའི་གཞུང་ལུགས་བཅས་གཞུང་དང་གཞུང་ ལུགས་གང་རུང་སྤྱོད་པ་ལས་རིག་པའི་གཞུང་ལུགས་ཞེས་པའི་བརྡ་ཆད་འདི་སྤྱོད་ སྲོལ་མེད་པའམ་དར་ཁྱབ་ཆུང་བར་མངོན། ཕྱིས་སུ་རྒྱ་ནག་དམར་པོའ་ི གཞུང་ ལུགས་རྣམས་བོད་བསྒྱུར་བྱས་པ་ལས་བརྡ་ཆད་འདི་སྤྱོད་ཁྱབ་ཆེ་བར་གྱུར་ཏེ་

མར་ཁུ་སི་རིག་པའི་གཞུང་ལུགས(Marxism) ལྟ་བུའི་སྨྱུག་ཐོགས་ཡོངས་ཀྱི་ལག་

བྱང་བརྡ་ཆད་ཅིག་ཏུ་གྱུར་ཡོད། བོད་སྐད་ཀྱི་རིག་གཞུང་ཞེས་པའི་བརྡ་ཆད་འདིའི་ ཐོག་མའི་འཇུག་དོན་ལྟར་ན་རིག་པའི་གཞུང་ལུགས་ཏེ་རིག་ཚན་གང་ཞིག་གི་རྣམ་

བཞག་སྟོན་པའི་གཞུང་ལུགས་ལ་གོ་ཞིང༌། རྩོམ་རིག་གི་གཞུང་ལུགས་དང༌། སྙན་

ངག་གི་གཞུང་ལུགས། བརྡ་སྤྲོད་པའི་གཞུང་ལུགས་ཤ ེས་པ་ལྟ་བུ་རྣམ་བཞག་ལ་ གོ་བ་དང༌། ཡང་གཞུང་ལུགས་ཆེན་མོར་སྦྱོང་བཞིན་པ་ཞེས་པའི་སྐབས་སུ་ནང་ བསྟན་མཚན་ཉིད་རིག་པའི་གཞུང་ལུགས་གཅིག་པུར་གོ་བས་ན་གང་ལྟར་རིག་

ཚན་གང་ཞིག་གི་རིག་པའི་རྣམ་བཞག་སྟོན་པའི་གཞུང་ལ་གོ་མོད། ཕྱིས་སུ་བརྡ་ དོ ན ་གྱི་ ཁྱབ་ཚད་ཆེ་རུ་ཕྱིན་ཏེ་ཨིན་ཇིའི་སྐད་ཀྱི Cultureཞེ ས ་མི ་ རིག ས་ཤིག ་གི་

བསམ་བློའ ི་འདུ་ཤ ེས་དང་དེས་དྲངས་པའི་ཡུལ་སྲོལ་གོམས་གཤིས་དང༌། སྒྱུ་རྩལ་ སོགས་ཀྱི་སྤྱི་དོན་གྱི་མིང་བརྡ་ཞིག་ཏུ་གྱུར་ཏེ། རིག་གཞུང་ལྷན་ཁང་དང༌། རིག་

གཞུང་འཁྲབ་སྟོན། རིག་གཞུང་འགྲེམས་སྟོན། རིག་གཞུང་གཏམ་བཤད་སོགས་ བོད་པ་བཙན་བྱོལ་བའི་ནང་གི་ཡོངས་ཁྱབ་ཐ་སྙད་ཅིག་ཏུ་གྱུར་ཡོད།

ཨིན་ཇིའི་སྐད་ཀྱིCultureདང་རྒྱ་ནག་སྐད་ཀྱི་ཝུན་ཧྭ་(文化)ཞེས་པའི་དོད་


34 ཉམས་ཞིབ་དེབ་ཕྲེང་། ༡

དུ་བོད་སྐད་ཀྱི་བརྡ་ཆད་ཡུལ་སྲོལ་གོམས་གཤིས་དང༌། རིག་གཞུང་ཞེས་པ་བེད་

སྤྱོད་ཤུགས་ཆེར་གཏོང་བའི་སྐབས་ནི་དུས་རབས༢༠པ་ཡིནལ། དེ་ཡང་ཤུགས་ ཆེར་སྤྱོད་མཁན་ནིྋགོང་ས་ྋཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཡིན། ཁོང་གི་

གསུང་བཤད་ནང་དུ་སྐབས་དང་སྐབས་སུ“མི ་ རི ག ས་ཀྱི ་ ཡུལ་སྲོ ལ ་གོ མ ས་ གཤིས”ཞེས་བེད་སྤྱོད་གནང་བ་དང༌། སྐབས་དང་སྐབས་སུ“མི་རིགས་ཀྱི་རིག་

གཞུང”ཞེས་བེད་སྤྱོད་གནང་བ། སྐབས་དང་སྐབས་སུ་རིག་གཞུང་ལོགས་སུ་ ཕྱེས་ནས“ཡུལ་སྲོལ་གོམས་གཤིས་རིག་གཞུང་དང་བཅས་པ”ཞེས་བེད་སྤྱོད་ གཏོང་བའི་སྐབས་སུ། རིག་གཞུང་ནི་གཙོ་བོ་མི་རིགས་ཀྱི་རིན་ཐང་ལྟ་ཚུལ་དང་ མཛེས་དཔྱོད་ལྟ་བས་མཚོན་པའི་བསམ་བློ་གཏོང་ཚུལ་ཞིག་ལ་གོ་བས་དེའི་ནང་

དུ་ནང་བསྟན་ཤ ེས་རིག་ཀྱང་འདུ། སྐབས་དང་སྐབས་སུ་མི་རིགས་ཀྱི་རིག་གཞུང་ དང་ཆོ ས ་ལུགས་ཞེ ས ་ཆོ ས ་ལུགས་ཟུར་དུ་བཀར་བའི ་ ཡུལ་གོ མ ས་བསམ་བློ ་

གཏོང་སྟངས་ལ་གོ་བ་དང༌། ཁོང་གི་སྐུ་ཚེ་སྟོད་ལ་རིག་གཞུང་ཞེས་པའི་བརྡ་ཆད་ དེ་སྲོལ་རྒྱུན་གྱི་གོ་ཐོབ་ལྟར་གཞུང་ལུགས་ལ་གོ་བ་ལས་ཨིན་སྐད་ཀྱིCultureཞེས་

པའི་དོད་དུ་བེད་སྤྱོད་དེ་ཙམ་བཏང་མེད་ཀྱང༌། ཁོང་གི་སྐུ་ཚེ་སྨད་ཙམ་ལ་བརྡ་ ཆད་འདི་བེད་སྤྱོད་ཤུགས་ཆེར་བཏང་ཡོད། ཁོང་གིས་བརྡ་ཆད་འདི་བེད་སྤྱོད་བྱེད་

པའི་ལོ་དུས་འདི་རེད་དང༌། ཡང་ན་བརྡ་ཆད་དེ་གཞན་ཞིག་བརྒྱུད་ནས་ཁོང་གི་

གསུངས་ལ་འཇགས་པ་གང་ཡིན་མཐའ་གཅིག་ཏུ་བཤད་དཀའ་ནའང༌། མ་མཐའ་

ཡང༡༩༦༠ནང་གི་གསུང་བཤད་དག་ལས་བེད་སྤྱོད་བཏང་ཡོད། བོད་གཞུང་ཕྱི་ དྲིལ་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པའི༡༩༦༠ནས༢༠༠༥བར་གྱི་གསུམ་ བཅུའི་དུས་དྲན་གསུང་འཕྲིན་དག་ལས། ༡༩༦༠ལོའ ི་གསུང་འཕྲིན་དུ“བོད་ཀྱི་ཡུལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 35

སྲོལ་གོམས་གཤིས་སྤྱི་དང༌། ལྷག་པར་ཆོས་ཕྱོགས་ཀྱི་བྱེད་སྒོ” ཞེས་བཀོལ་ 16

ཡོད་པ་དང༌། ༡༩༦༤ལོའ ི་གསུང་འཕྲིན་ནང་དུ“བོད་ཀྱི་མི་རིགས་དེ་ཁྱིམ་མཚེས་

གཞན་དག་དང་ཐུན་མོང་མ་ཡིན་པ་ཞིག་དང༌། རང་གི་ཆོས་དང༌། རིག་གཞུང་ཡོད་ ཁར། སྐད་ཡིག་ཀྱང་རྒྱ་མི་དང་འདྲེས་ལྷད་མེད་པ་ཞིག་ཡིན” ཞེས་བཀོལ་ཡོད་པ་ 17

དང༌། ༡༩༦༦ལོའ་ི གསུང་འཕྲིན་དུ“ང་ཚོ་བོད་ཀྱི་མི་མང་རྣམས་ནི། རང་གི་བོད་ ཀྱི་རྒྱལ་ཁབ་ཀྱི་མཚན་གནས་དང༌། བོད་མི་རབས་ནས་མི་རབས་སུ་བརྒྱུད་པའི་ རིག་གཞུང་གི་ཐོབ་ཐང་རྣམ་པ་ཐམས་ཅད་དུ་རྩ་བརླག་ཏུ་གཏོང་མཁན་ཕྱི་རྒྱལ་ དབང་སྒྱུར་བའི་བྲན་གཡོག་གི་གནས་སྟངས་ཤིག་ཏུ་གྱུར་སོང” ཞེས་བཀོལ་ཡོད་ 18

པར་གཞིག་ན་ཐོག་མའི་ཆར་ཁོང་གིས་ཨིན་སྐད་ཀྱིCultureཞེས་པའི་ཚབ་ཏུ་ཡུལ་

གོམས་གཤིས་ལུགས་དང་། དེའི་རྗེས་རིམ་གྱིས་རིག་གཞུང་ཞེས་པ་བེད་སྤྱོད་

ཤུགས་ཆེར་བཏང་བ་མིན་ནམ་སྙམ། གང་ལྟར་དེང་གི་ཆར་ཡང་ཁོང་གིས་ཡུལ་ གོམས་གཤིས་ལུགས་དང༌། ཡུལ་གོམས་གཤིས་ལུགས་རིག་གཞུང་དང་བཅས་

པ་དང༌། བོད་ཀྱི་རིག་གཞུང་དང༌། བོད་ཀྱི་རིག་གཞུང་ནང་ཆོས་དང་བཅས་པ་ལྟ་ བུའི་གསུངས་ཚུལ་འདྲ་མིན་ཞིག་ཡོད་ཀྱང་ཚིག་གི་སྤྱོད་ཚུལ་ཙམ་ལས་དེ་དག་ གི་འཇུག་དོན་ནི་ཨིན་སྐད་ཀྱིCultureཞེས་པ་ལས་གཞན་མིན་ཏེ། གོང་ལྟར་ཁོང་

16 <<ཆབ་སྲིད་ལམ་སྟོན།>>སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་སྐབས་

སོསོར་སྩལ་བའི་གསུང་འཕྲིན་ཕྱོགས་བསྡེབས། ཕྱི་ལོ་༡༩༦༠ནས༢༠༠༥བརཤོག་ངོས༣། བོད་གཞུང་ཕྱི་ དྲིལ་ལས་ཁུངས་ནས་དཔར་བསྐྲུན་འགྲེམས་སྤེལ་ཞུས།

17 <<ཆབ་སྲིད་ལམ་སྟོན།>>སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་སྐབས་

སོསོར་སྩལ་བའི་གསུང་འཕྲིན་ཕྱོགས་བསྡེབས། ཕྱི་ལོ་༡༩༦༠ནས༢༠༠༥བར། ཤོག་ངོས༣༤། བོད་གཞུང་ ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་འགྲེམས་སྤེལ་ཞུས།

18 <<ཆབ་སྲིད་ལམ་སྟོན།>>སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་སྐབས་

སོ་སོར་སྩལ་བའི་གསུང་འཕྲིན་ཕྱོགས་བསྡེབས། ཕྱི་ལོ་༡༩༦༠ནས༢༠༠༥བར། ཤོག་ངོས༤༠། བོད་གཞུང་ ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་འགྲེམས་སྤེལ་ཞུས།


36 ཉམས་ཞིབ་དེབ་ཕྲེང་། ༡

གིས“རྩ་བའི་རིག་གཞུངCultureཞེས་པ་འདི་ཕལ་ཆེར་བསམ་པའི་ཡོན་ཏན་ཞིག་ལ་

བརྩི་དགོས་པ་མི་ཡོང་ངམ” ཞེས(དོན་དུ་རིག་གཞུང་གི་གོ་དོན་ནི་རིག་གནས་ཀྱི་གོ་དོན་ཡིན།) གོ་ 19

དོན་བཞག་ཡོད་ལ། དེང་གི་ཆར་ཡང་ཁོང་གིས་རིག་གཞུང་ཞེས་པ་བེད་སྤྱོད་མང་ ཙམ་གཏོང་བཞིན་པའི་ཤུགས་རྐྱེན་འོག་ནས། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཏན་ འཁེལ་གྱི་ཐག་གཅོད་མེད་ནའང༌། གསུང་བཤད་དང་བགྲོ་གླེང༌། བརྩམས་ཆོས་ སོགས་ཀྱི་ནང་དུ་རིག་གཞུང་ཞེས་པའི་བརྡ་ཆད་འདི་ཤུགས་ཆེར་སྤྱོད་བཞིན་ཡོད།

སྐབས་འདི ར ་ཟམ་གདོ ང ་རི ན ་པོ ་ ཆེ ར ་བཀའ་འདྲི ་ ཞུས་པ་ཞི ག ་བཀོ ད ་ན།

“རིག་གཞུང་ཞེས་པ་དེ་གཞུང་ལུགས་ལ་གོ་གི་རེད། ང་ཚོའི་བོད་ལ་མཚོན་ན་

གཞུང་ལུགས་ཞེས་པ་དེ་མང་ཆེ་བ་མཚན་ཉིད་འཇོག་དུས་གདུལ་བྱའི་ཉོན་མོངས་ སྤང་དོན་དུ་རྒྱལ་བས་གསུངས་པའི་གསུང་རབ་མཐའ་དག་སྟེ། དེ་ནི་ངག་གི་རང་ བཞིན་ཞིག་རེད། མདོ་དང་བསྟན་བཅོས་གང་ཡང་རུང་བ་ཞིག་ལ་གཞུང་ལུགས་ ཞེས་ལབ་ཀྱིན་ཡོད་ལ། རིག་པའི་གནས་སྟོན་པའི་གཞུང་ལུགས་ཤིག་ལ་རིག་ གཞུང་ཞེས་གནའ་སྔ་མོ་བོད་ལ་མང་ཆེ་བ་དེ་ལྟར་ལབ་བཞིན་ཡོད། རིག་གཞུང་

གཏིང་ཟབ་མོ་རེད། རིག་གཞུང་རྒྱ་ཆེན་པོ་རེད་ཅེས་དང༌། བོད་ལ་བསྟན་བཅོས་ལ་

མིང་གཞན་སྦྱར་བའི་སྐབས་སུ་རིག་པའི་གཞུང་ལུགས་ཟེར་བ་དང༌། མཚམས་དང་

མཚམས་སུ་གཙུག་ལག་ཅེས་པ་དེ་བེད་སྤྱོད་གཏོང་བཞིན་ཡོད། སྤྱིར་བཏང་གཙུག་

ལག་ཅེས་པ་དེ་མང་ཆེ་བ་རྩིས་ཀྱི་རིག་པ་ལ་གོ་བ་མིན་འགྲོ་བསམ་བསམ་ཞིག་ བྱུང༌། ལེགས་སྦྱར་གྱི་ཐ་སྙད་ཨཱརྵ་ཞེས་པ་བོད་སྐད་དུ་བསྒྱུར་ན་གཙུག་ལག་ཅེས་ པ་ཞིག་ཐོན་པའི་ཚིག་དེ་ཡོད་པ་མ་རེད། <མདོ་སྡེ་རྒྱན་དང་རྒྱུད་བླ་མ>དེ་ཚོའི་ནང་

ན་གཙུག་ལག་ཅེས་པའི་ཚིག་དེ་ཐོན་གི་རེད། ལེགས་སྦྱར་གྱི་ནང་ན་ཨཱརྵ་ཟེར་བ་

19

<<ཤེས་ཡོན་ལམ་སྟོན།>> ཤོག་ངོས༥༠༩། ༸གོང་ས་བཅུ་བཞི་པ་མཆོག་གིས་མཛད། བོད་གཞུང་ཤ ེས་རིག་ ལས་ཁུངས་ནས་འགྲེམས་སྤེལ་བྱས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 37

དེ་འདུག ཚིག་དེ་ཐད་བསྒྱུར་བྱས་ན“དྲང་སྲོང་གི་ངག”ཅེས་པ་དེ་རེད། དེ་ལ་བོད་

སྐད་ལ་གཙུག་ལག་ཅེས་བསྒྱུར་འདུག དེ་ཕལ་ཆེར་བོད་ལ་བསྟན་པ་མ་དར་གོང་ གི་ཐ་སྙད་མང་པོ་ཞིག་ཡོད་པ་དེ་འདྲ་ཞིག་ཡིན་ས་རེད། ཡིན་ནའང་དེའི་གོ་བ་དེ་

རིག་པའི་གཞུང་ལུགས་ལ་གོ་གི་རེད། སི་ཏུའི་འགྲེལ་ཆེན་གྱི་འགོ་ན་གཙུག་ལག་

གཉིས་ཟེར་བ་ཞིག་ཡོད་པ་སྐབས་དེ་ལ་སུམ་རྟགས་གཉིས་ལ་གོ་གི་རེད། སྤྱིར་ གཙུག་ལག་གཉིས་ཟེར་བ་དེ་ཆོས་དང་འཇིག་རྟེན་གཉིས་ལ་གོ་བའི་སྐབས་ཀྱང་ ཡོད་པ་རེད། གཞུང་ཟེར་བ་དང་རིག་པའི་གཞུང་ལུགས་ཟེར་བ་དེ་ཚོ་ཚང་མ་ཕལ་

སྐད་ཀྱིས་བཤད་ན་དཔེ་ཆ་རང་ལ་གོ་གི་རེད། དཔེར་ན། གཞུང་ཆེན་མོ་ལ་སློབ་ གཉེར་བྱེད་ཀྱིན་ཡོད་པ་རེད། ཁོང་གིས་ཐ་སྙད་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་

ཀྱིན་ཡོད་པ་རེད་ཟེར་བ་ལྟ་བུ། རིག་པའི་གཞུང་ལུགས་དང་གཞུང་ལུགས་ཞེས་ང་ ཚོའི་ཁ་སྐད་ན་ཡོད་པ་དེ་ག་རང་རེད། རིག་གཞུང་ཞེས་པ་ཨིན་སྐད་ཀྱིCultureལ་ བོད་སྐད་ནང་དུ་མགོ་རྙོག་པོ་བྱས་ནས་སྦྱར་བ་ཞིག་རེད་མ་གཏོགས་རིག་གཞུང་ ཟེར་བ་དེ་ཏག་ཏག་འགྲོ་གི་མ་རེད་”ཅེས་གསུངས།

གོང་དུྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང༌། ཟམ་གདོང་

སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གཉིས་ཀྱི་གསུང་ཚིག་ལ་དཔྱད་ཞིབ་བྱས་

ན་རིག་གཞུང་ཞེས་པའི་གནའ་སྔ་མོའ་ི བརྡ་ཆད་ཀྱི་གོ་ཐོབ་ལྟར་ན་ཨིན་ཇིའི་སྐད་ ཀྱིCultureདང་འཇུག་དོན་ཐ་དད་ཡིན་པ་ཤེས་ཐུབ་། དེ་ནCultureལ་རིག་གཞུང་ཞེས་

པའི་བརྡ་དོན་སྦྱར་བའི་ཐོག་མའི་བསམ་བློ་ནི་བོད་མི་རིགས་ཀྱི་བསམ་བློའ་ི འདུ་ ཤེས་ལ་དམིགས་པ་ཞིག་སྟེ། བོད་མིའི་བསམ་བློའ ི་འདུ་ཤ ེས་ནི་གཙོ་བོ་ནང་བསྟན་ རིག་པའི་གཞུང་ལུགས་ཀྱིས་བརྩིས་ཟིན་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས། ནང་ བསྟན་ཤ ེས་རིག་ལ་དམིགས་ནས་བོད་མི་རིགས་ཀྱི་རིག་གཞུང་ཞེས་སྦྱར་བ་མིན་


38 ཉམས་ཞིབ་དེབ་ཕྲེང་། ༡

ནམ་སྙམ། དེ་ལྟ་ན་རིག་གཞུང་ནི་བོད་མི་རིགས་ཀྱི་བསམ་བློ་གཏོང་ཚུལ་གཙོ་ བོར་གྱུར་པའི་ནང་དོན་རིག་པ་དང་དེ་དང་འབྲེལ་བའི་རིག་གནས་ཆེ་ཆུང་དགུ་ དང༌། དེས་དྲངས་པའི་ཡུལ་སྲོལ་གོམས་གཤིས་ཞེས་འགྲེལ་བརྗོད་བྱེད་དགོས་

པར་ངེས་མོད། ཐོག་མའི་སྐབས་སུ་བརྡ་དོན་དེ་ལ་དེ་འདྲའི་འགྲེལ་ལུགས་ཤ ིག་

གཞིར་བཟུང་མ་བྱས་པར་རང་བཞིན་གྱིས་དར་བའི་བརྡ་ཆད་ཅིག་ཡིན་པར་ཐེ་ ཚོམ་མེད་དེ། བརྡ་ཆད་དེའི་ཁུངས་འདི་ཡིན་དང་འགྲེལ་བརྗོད་འདི་ཡིན་ཞེས་ བསྟན་དུ་མེད་པས་སོ། །

༦ ལེགས་བྱང༌།—Culture

ཨིན་ཇིའི་སྐད་ཀྱིCultureལ“ལེགས་བྱང”ཞེས་པའི་བོད་སྐད་སྦྱར་ཏེ་བརྡ་དོན་འཚོལ་

ཞིབ་བྱེད་མཁན་གྱི་ཐོག་མ་ནི་ཝཱ་ཎཱ་བོད་ཀྱི་ཆེས་མཐོའ ི་སློབ་གཉེར་ཁང་ཡིན་ཞིང༌།

དེའང་མཐོ་སློབ་དེའི་ངེས་སྟོན་པ་གནང་མྱོང་བའི་སློབ་དཔོན་ཟམ་གདོང་བློ་བཟང་ བསྟན་འཛིན་གྱིས་བརྡ་དོན་དེ་རྒྱུན་སྤྱོད་བྱས་པ་ནས། བཙན་བྱོལ་ནང་དུ་བརྡ་

རྟགས་དེ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ལེགས་བྱང་ཞེས་པའི་ བརྡ་དོན་ནི་སྔར་བོད་ནང་དུ་ཡོངས་ཁྱབ་སྤྱོད་བཞིན་པའི་རིག་གནས་ཞེས་པ་ལས་

བརྡ་དོན་ཁྱབ་ཆུང་དུ་ཕྱིན་ཡོད། ལེགས་བྱང་ཞེས་པ་རྒྱ་གར་བས་Cultureལ་སྦྱར་

བའི་སཾསྐྲྀཏི་ཞེས་པའི་བརྡ་དོན་ལ་དཔེ་བལྟས་ཀྱིས་སྦྱར་བ་ཞིག་ཡིན་པས་ན་ཐོག་

མར་རྒྱ་གར་བསCultureཞེས་པ་ལ་བརྡ་རྟགས་གང་འདྲ་ཞིག་སྤྱོད་བཞིན་པ་དང༌། བརྡ་དོན་དེ་ཇི་ལྟར་འགྲེལ་བཞིན་པའི་ཚུལ་ལ་བལྟ་དགོས།

Culture

ཞེས་པ་ཐོག་

མརCultivateལས་བྱུང་ཞིང་དེའི་དོན་ནི་སོ་ནམ་འདེབས་ལས་ཀྱི་དོན་ཡིན་པས་ཕྱི་

ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་དུ་རྒྱ་གར་ལCultureཞེས་པའི་ཚིག་དེའི་དོད་དུ་ཀྲྀཥྚི(སོ་


ནམ) ཞེ ས ་པ་སྤྱོ ད ་བཞི ན ་ཡོ ད ་ཀྱང༌།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 39

འཛམ་གླི ང་རྩོ མ ་རི ག ་གི ་ ནོ ་ བེ ལ ་གཟེ ང ས་

རྟགས་ཐོབ་མྱོང་མཁན་ཊེགྷོར་གྱིས་དེ་ལ་དགག་པ་མཛད་དེ“(Culture)ཞེས་པའི་

ཚིག་གི་དོད་དུ་བངྒལའི་ཐ་སྙད་གསར་པ་ཞིག་མཐོང་རྒྱུ་ཡོད་པ་དེར་ཚང་མས་དོ་ སྣང་བྱུང་ཡོད་དམ། ཀྲྀཥྚིཞེས་པ་ཨིན་ཇིའི་ཐ་སྙད་ཀྱི་ཚིག་དོན་འབའ་ཞིག་ཚིག་

མཛོད་ཀྱི་ལོང་འཁྲིད་རྗེས་འབྲངས་བྱས་པ་ལ་བརྟེན་ནས་ཡིད་དུ་མི་འོང་ཞིང༌།

གཟུགས་ངན་ལ་དཔལ་གྱིས་དབེན་པའི་ཐ་སྙད་འདི་སྐད་ལ་འབྱར་འདུག་པས། ཅི་

ཁྱེད་ཚོ་རང་གི་ཕ་ཡུལ་ཀྱི་སྐད་ལ་སྙིང་རེ་མི་རྗེའམ།” ཞེས་དགག་པ་མཛད་དེ་ 20

ཨིན་ཇིའི་སྐད་ཀྱི(Cultured/Cultivated)ཤེས་ཡོན་ཅན་ཞེས་པར་ང་ཚོས་སོ་ནམ་བྱ་

བའི་ཚིག་ལ་བདག་སྒྲ་སྦྱར་དེ་ཀྲྀཥཀ(སོ་ནམ་པ)ཞེས་སྦྱར་ན་འགྲིག་གམ་ཞེས་དགག་པ་ མཛད་ཅིང་། རྒྱ་གར་གྱི་ཡུལ་གྲུ་མ་ཧཱརཱཥྚ་དང་གུཇུརཱཏ་བཅས་ན་སྤྱོད་བཞིན་པའི་ སཾསྐྲྀཏི་ཞེས་པ་སྤྱོད་དགོས་པར་སྐུལ་མ་མཛད་ཡོད་ཀྱང༌། ཁོང་དང་དུས་མཉམ་དུ་

བྱུང་བ་དང་དུས་ཕྱིས་སུ་བྱུང་བའི་མཁས་པ་ཁག་ཅིག་གིས་སྔར་གྱི་སོ་ནམ་ཞེས་

པའི་ཚིག་དེ་འཇུག་པ་འཐད་ཅིང༌། དེའི་འགྲེལ་བརྗོད་དུའང་སྐྱེ་བོའ ི་སེམས་ཀྱི་ཞིང་ སར་སོ་ནམ་འདེབས་ལས་བྱས་པ་ལས་སྒྱུ་རྩལ་སོགས་ཀྱི་འབྲས་བུ་སྨིན་ཡོད་པ་

དང༌། ཞིང་སར་སོ་ནམ་འདེབས་ལས་བྱས་པ་ལས་འཚོ་བའི་འབྲས་བུ་ཕུན་སུམ་

ཚོགས་པ་སྨིན་པ་ཡིན་ན་ཚིག་དོན་གང་གི་ཆ་ནས་ཀྱང་ཨིན་སྐད་ཀྱིCultureཞེས་

པའི་བརྡ་དོན་ལ་རྒྱ་གར་སྐད་ཀྱི་ཀྲྀཥྚི(སོ་ནམ)ཞེས་པ་སྦྱོར་ལེགས་པར་གསུངས་ཏེ།

སསྐྲྀཏི་ཞེས་པའི་ནང་དུ་ཚད་མཐོ་བའི་ལེགས་བྱང་ལས་ཡུལ་སྲོལ་གོམས་གཤིས་

སོགས་མི་འདུ་བར་བསྟན་ཡོད། ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་ དབང་བསམ་གཏན་གྱིས“སཾསྐྲྀཏི་ཞེས་པའི་ཚིག་འདི་གནའ་བོའ་ི ལེགས་སྦྱར་རྩོམ་

20

<<IN SEARCH OF

TRUTH>> P.g-204-205 ཝར་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་

བསམ་གཏན། ཝ་ནཱ་མཐོ་སློབ་ནས་བཏོན།


40 ཉམས་ཞིབ་དེབ་ཕྲེང་། ༡

རིག་ནང་སྐབས་འགར་སྒྱུ་རྩལ་གྱི་དོན་བསྟན་པ་དང༌། སྒྲ་བཤད་ཚུལ་ལྟར་བྱས་ ཀྱངCultureགྱི་དོན་གྱི་ཁུར་བོ་འགེལ་རུང་བ་ཞིག་ཡིན། རཝིནྡྲནཱ་ཐ་ཊེ་གྷོར་གྱིས་

ཐ་སྙད་འདི་ཕྱི་ལོའ་ི སྔོན་གྱི་ལོ༨༠༠ཙམ་ལ་བརྩམས་པའི་ཨེཏརེཡབྲཱཧྨཎ་ཞེས་པའི་

རིག་བྱེད་ཀྱི་འགྲེལ་བའི་ནང་སྒྱུ་རྩལ་གྱི་དོན་དུ་བེད་སྤྱོད་བྱས་ཡོད་ཅེས་ལུང་ཞིག་ དྲངས” ཡོད་པར་བཤད། 21

ལེགས་སྦྱར་གྱི་སཾསྐྲྀཏི་ཞེས་པ་གནའ་བོའ་ི གཞུང་སྒྱུར་ལོ་ཙཱ་བ་རྣམས་ཀྱིས་

ལེགས་བྱས་སམ་ལེགས་སྦྱང་དུ་བསྒྱུར་ཡོད་པར་བཤད་པའི་ཁུངས་སུ། དགེ་ བཤེས་ངག་དབང་བསམ་གཏན་གྱིས“ཚད་མའི་དེ་ཁོ་ན་ཉིད་ཀྱི་ཐོས་པ་བརྟག་པའི་ ལེའུར། ཡུལ་ཡང་ལེགས་པར་བྱས་པས་ན། །དེ་ཉིད་ཁོ་ན་ཐལ་བར་འགྱུར། །ཡུལ་ མཚུངས་པར་ནི་གནས་པས་ན། །ལེགས་པར་བྱས་ལ་ཁྱད་པར་མེད། །ཅེས་པ་

བསྟན་འགྱུར་གྱི་ཚད་མའི་ཆོས་འཁོར་དུམ་པ་ཟེ་ལས་ཤོག་ངོས༧༩” པའི་ལུང་ 22

དྲངས་ཏེ་སྐབས་དེར་སཾསྐྲྀཏི་ཞེས་པ་ལེགས་བྱས་སུ་བསྒྱུར་ཡོད་པར་བཤད་ལ།

ཟམ་གདོང་བློ་བཟང་བསྟན་འཛིན་གྱིས“ཨིན་སྐད་ཀྱིCultureཞེས་པའི་ཚིག་དེ་བྱུང་

ནས་ལོ་ཉིས་བརྒྱ་ལྷག་ལས་འགོར་མེད་ཀྱང་དེའི་བརྡ་དོན་འདི་ཡིན་ཞེས་ཕྱི་གླིང་

བའི་ཁྲོད་དུའང་གཅིག་གྱུར་ཞིག་མེད་ཀྱང༌། དེང་གི་བོད་ཀྱིས་སྤྱོད་བཞིན་པའི་རིག་ གནས་ཞེས་པ་དེ་མ་ཡིན། ལེགས་བྱང་ཞེས་པ་ལེགས་སྦྱར་སྐད་ཀྱི་སཾསྐྲྀཏིཞེས་པ་ ཨིན་སྐད་ཀྱིCultureདང་ཐག་ཉེ་ཤོས་ཡིན་པ་དང་དེའང་རྒྱ་གར་ལྷོ་ཕྱོགས་ཏཱ་མུན་

སྐད་དུ(Kalacharam)ཞེས་བསྒྱུར་ཡོད་པ་དང༌། དེའི་དོན་ནི་སྒྱུ་རྩལ་དང་སྤྱོད་པ་ལ་

21 <<IN SEARCH OF TRUTH>> P.g-204-205 ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་

བསམ་གཏན། ཝཱ་ནཱ་མཐོ་སློབ་ནས་བཏོན།

22 <<IN SEARCH OF TRUTH>> P.g-208 ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་

གཏན། ཝཱ་ནཱ་མཐོ་སློབ་ནས་བཏོན།


འཇུག་པས།

23

*

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 41

དེང་སང་རིག་གཞུང་འཁྲབ་སྟོན་ཞེས་དང༌། མི་སྤྱོད་པ་ཡག་པོ་

ལCultureདང༌། སྤྱོད་ལམ་མི་ལེགས་པའི་མི་ལUnCultureཟེར་བས་སྒྱུ་རྩལ་དང་སྤྱོད་

པ་གཉིས་ཀར་བསྒྱུར་པ་དེ་མ་རེད་ཟེར་རྒྱུ་མེད་པ་ཞིག་ཡིན་ཞེས་དང༌། ཡང་ཁོང་ གིས་ལེགས་བྱང་ཞེས་པའི་ཚིག་སྟེ་སྦྱར་བའི་སྐབས་སུ་རྒྱ་གར་སྐད་ཀྱི་སཾསྐྲྀཏི་ ཞེས་པའི་འཇུག་དོན་ལ་བལྟས་པ་ཞིག་ཡིན་ཀྱང་སྐབས་དེར་སྔོན་གྱི་གཞུང་རྣམས་ སུ་དེ་འདྲའི་འགྱུར་མ་མཐོང་མོད། ཕྱིས་སུ་འཕགས་པ་ལྷས་མཛད་པའི<བདག་

བྱིན་གྱིས་རླབས་པའི་རིམ་པའི>ཚིགས་རྐང་མཐའ་མར་“ལེགས་སྦྱངས་ཕ་རོལ་ སོན་པའི་འབྲས་ལྡན་དེ་ལ་བསྟོད་ཕྱག་འཚལ། །” ཞེས་སཾསྐྲྀཏི་ཞེས་པའི་ཚིག་གི་ འགྱུར་དུ་ལེགས་སྦྱང་ཞེས་འཁོད་ཡོད་པས་དེའི་བྱེད་འབྲེལ་ལས་ཚིག་དེ་འདས་པ་

བཟོས་ཏེ་སྦྱངས་ནས་བྱང་སོང་བའི་བྱེད་མེད་ལས་ཚིག་གི་དོན་དུ་བྱས་ཏེ་གསར་

བཟོ་བྱས་པ་ཞིག་རེད། བྱང་ཆུབ་ཅེས་པ་དང་གཅིག་སྟེ་སྦྱངས་ནས་བྱང་སོང་བས་ ན་བྱང་ཆུབ་ཟེར་བ་ཡིན”ཞེས་གསུངས།

མདོར་བསྡུས་ན་ལེགས་བྱང་བྱས་པའི་བརྡ་རྟགས་འདིའི་འགོ་ཁུངས་ནི་རྒྱ་

གར་བས་དེང་སང་ཡོངས་གྲགས་སུ་སྤྱོད་བཞིན་པའི་སཾསྐྲྀཏི་ཞེས་པ་འདི་ལ་ཐུག་ ཡོད་པ་དང༌། ཚིག་དེ་བོད་བསྒྱུར་བྱས་པའི་ཁུངས་ཀྱང་དུས་སྔ་མོ་ཞིག་ནས་ཡོད་

པ་གོ ང ་གི ་ སློ བ ་དཔོ ན་ཟམ་གདོ ང་བློ་ བཟང་བསྟན་འཛི ན ་དང་དགེ ་ བཤེ ས ་ངག་ 23*

(རྒྱ་གར་ལྷོ་ཕྱོགས་ཏཱ་མུན་གྱི་མཁས་པ་ཞིག་ལ་ཆེད་འདྲི་བྱས་པར་ཁོང་གིས་ཏཱ་མུན་སྐད་ཀྱིKalaཞེས་པ་སྒྱུ་ རྩལ་དངcharamཞེས་པ་བསྡུས་པ་ལ་གོ་བས་ན་སྒྱུ་རྩལ་བསྡུས་པ་ལྟ་བུ་ཞིག་ལས་ཀུན་སྤྱོད་ལ་མི་གོ

སྤྱིར་

(Kalacharam)ཞེས་པ་དེ་ཨིན་སྐད་ཀྱི་ཁོལ་ཆོར་(Culture)དང་སྦྱར་ན་འཇུག་དོན་ཁྱབ་ཆུང་དུ་འགྲོ་ངེས།

དེ་ལས་ཏཱ་མུན་སྐད་དུ། པཱན་སྦ་དྷུ་(Panbadu)ཞེས་པ་ཁོལ་ཆོར་དང་འཇུག་པ་ཐག་ཉེ་བ་དང་སྒྱུ་རྩལ་ཙམ་མ་

ཡིན་པར་ནང་བསམ་བློ་དང་སྤྱོད་ལམ་ཡར་རྒྱས་ལ་གོ་ཟེར་བས། དེ་ལྟར་ན་ཟམ་གདོང་བློ་བཟང་བསྟན་འཛིན་ མཆོག་གི་གསུང་དེ་ལའང་དཔྱད་དུ་ཡོད་པར་སྙམ།)

-Loyola College Chennai(Madras)ཅིན་ནེའི་མཐོ་

སློབ་ཀྱི་ཏཱ་མུན་སྐད་ཀྱི་དགེ་རྒན་ཆེན་མོDr. Stanley (MA,M.PHil, PH D, Dr)ལགས་ལ་ཆེད་འདྲི་བྱས།


42 ཉམས་ཞིབ་དེབ་ཕྲེང་། ༡

དབང་བསམ་གཏན་གཉིས་ཀྱིས་བཙལ་བའི་བདག་བྱིན་གྱིས་རླབས་པའི་རིམ་པ་

དང༌། ཚད་མའི་དེ་ཁོ་ན་ཉིད་ཀྱི་ཐོས་པ་བརྟག་པའི་ལེའུར་ཁུངས་བཅོལ་རིགས་པ་ ཞིག་ཡིན།

ལེགས་བྱང་ཞེས་པའི་ཚིག་གི་འཇུག་དོན་ཇི་འདྲ་ཡིན་ནམ་ཞེས་པའི་སྐབས་

སུ་བོད་མི་མང་ཤ ོས་ཀྱིས་སྤྱོད་བཞིན་པའི་རིག་གནས་ཞེས་པའི་བརྡ་དོན་དང་ཐ་

དད་དུ་གྱུར་ཡོད་དེ། སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ལེགས་བྱང་ གི་བརྡ་དོན་འཇོག་པའི་སྐབས་སུ། “ལེགས་བྱང་ནི་གསར་བསྐྲུན་རིག་པའི་འབྱུང་ རྩ་ཚུལ་ཁྲིམས་ཀྱི་བསླབ་པའི་ཤེས་ཡོན་དང་ཉམས་ལེན་ལས་གྲུབ་པའི་ནང་སེམས་

ཀྱི་གནས་བབས་ཤ ིག་ཡིན། དེར་བརྟེན་ལེགས་བྱང་ནི་མི་ཚེའི་གོམས་གཤིས་དང་

གསར་བསྐྲུན་གྱི ་ རྣམ་འགྱུར་རམ་མངོན་སུམ་དུ་སྣང་བའི ་ སྒྱུ་རྩལ་གྱི ་ གཟུགས་ སུ་མངོན་པར་གསལ་བ་ཞིག་ཡིན” ཞེས་གོ་དོན་བཞག་ཡོད། དགེ་བཤེས་ངག་ 24

དབང་བསམ་གཏན་གྱིས་ལེགས་བྱང་གི་བརྡ་དོན་འགྲེལ་བརྗོད་བྱེད་པའི་སྐབས་ སུ༑ “ལེགས་བྱང་ཞེས་པ་གནས་ཚད་མཐོན་བོའ་ི སྒྱུ་རྩལ་དང་རིག་གནས་ཙམ་ལ་ ཁ་ཚོན་མི་ཆོད་པར་སྤྱི་ཚོགས་གང་ཞིག་གི་ནང་གང་ཟག་ཚོགས་པའམ་སྒེར་གྱི་

རྣམ་དཔྱོད་ལས་བྱུང་བའི་སྒྱུ་རྩལ་དང༌། རིག་པའི་གནས་དང༌། བྱེད་སྒོ་ཆེ་ཕྲ་ཅི་

འདྲ་ཞིག་ཡིན་རུང་སྤྱི་ཚོགས་ནང་ཉམས་ལེན་རྒྱུན་འཇགས་སུ་ཕྱིན་ཏེ། ནམ་ཞིག་ ན་སྤྱི་ཚོགས་དེ་ཉིད་འཚོ་ཞིང་གནས་པའི་ཆ་རྐྱེན་ཞིག་ཏུ་འགྱུར་བ་མ་ཟད། དེ་ཉིད་

མཚོན་པར་བྱེད་པའི་བདག་ཉིད་ཅན་ཞིག་ལ་འཇོག་དགོས། ལྟ་གྲུབ། ཆོས་ལུགས། རིག་པའི་གནས། ལུགས་སྲོལ། ཁྲིམས་ལུགས། ཆས་གོས། སྤྱི་ཚོགས་སོ་སོའ ི་ བྱེད་སྒོ་ཐུན་མོང་མ་ཡིན་པ་ཐམས་ཅད་འདིར་བསྡུས་པ་ཡིན”ཞེས་གོ་དོན་བཞག་ 24

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་

འཆར་སྣང༌། ཤོག་ངོས༢༧༨། ཟམ་གདོང་བློ་བཟང་བསྟན་འཛིན། ཝཱ་ཎཱ་བོད་ཀྱི་ཆེས་མཐོའ ི་སློབ་ཁང་ནས་བཏོན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 43

ཡོད། ཁོང་གཉིས་ནི་བོད་རིགས་ཀྱི་ཁྲོད་ནས་ཨིན་སྐད་ཀྱིCultureཞེས་པའི་བརྡ་ 25

ཆད་ཀྱི་དོད་དུ་བོད་སྐད་ཀྱི་ལེགས་བྱང་ཞེས་བེད་སྤྱོད་བྱེད་མཁན་དང༌། བརྡ་ཆད་ འདི་ལ་དཔྱད་ཞིབ་བྱེད་མཁན་ཐོག་མ་ཡིན། ཁོང་གཉིས་ཀྱི་ཁུངས་བཅོལ་སའི་སྐད་ ཀྱང་རྒྱ་གར་སྐད་ཡིན་པ་འདྲ་ལ། གནའ་གཞུང་བོད་འགྱུར་མ་ལས་ཁུངས་འཚོལ་

ཞིབ་བྱས་པའང་འདྲ་མོད། ལེགས་བྱང་བྱས་པའི་བརྡ་དོན་འགྲེལ་བརྗོད་བྱེད་པའི་ སྐབས་སུ་མི་མཐུན་ཏེ། སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་དགེ་

ལེགས་སུ་གྱུར་པའམ་ཡང་དག་པའི་བསམ་སྤྱོད་དང་དེ་མཐུན་གྱི་སྒྱུ་རྩལ་སོགས་ ལ་གོ་བ་དང༌། དགེ་བཤེས་ངག་དབང་བསམ་གཏན་གྱིས་མཐའ་གཅིག་ཏུ་ན་ཡང་

དག་པ་དང་དགེ་ལེགས་སུ་གྱུར་པ་ཞིག་ཡིན་མི་དགོས་པར་མི་རིགས་དེས་ཕན་

བདེའི་ཐབས་ཤིག་གི་ཚུལ་དུ་དང་དུ་བླངས་པའི་གོམས་གཤིས་སུ་དར་བ་མཐའ་ དག་ལ་འཇོག དེས་ན་ལེགས་བྱང་གི་ཁུངས་ཀྱི་རྒྱ་གར་སྐད་ལ་དེ་འདྲའི་སྒྲ་དོན་ ཡངས་དོ ག ་གི ་ གོ ་ དོ ན ་གཉི ས ་ཡོ ད ་མི ན ་མི ་ཤེ ས ་མོ ད ། ཁོ ང ་གཉི ས ་ཀྱི ས ་བརྡ་

རྟགས་དེར་གོ་དོན་འཇོག་ཚུལ་ཐད་སྒྲ་དོན་ཡངས་དོག་གི་ཁྱད་པར་ཡོད་པ་མངོན་ གསལ་ཡིན། ཕྱི་མ་ལྟར་ན་དེང་གི་བོད་ཀྱི་ཚུགས་ཐུབ་བརྡ་ཆད་དུ་གྱུར་པའི་རིག་ གནས་དང་གོ་དོན་གཅིག་ཏུ་གྱུར་འདུག དང་པོ་ལྟར་ན“ལེགས་བྱང་ཞེས་པ་ཡུལ་

མིའི་ལེགས་སྤྱོད་སྨིན་པ་དང༌། རྟག་ཏུ་དང་མཐའ་གཅིག་ཏུ་ལེགས་པའི་ཆ་དང་ གསར་བསྐྲུན་གྱི་ཕྱོགས་ལ་ངོས་འཛིན་བྱས་ཡོད། དེའི་ལྡོག་ཕྱོགས་ཀྱི་ཆ་དཔེར་ ན༑ དམག་འཐབ་དང༌། འཁྲུག་འཛིངས། འཚེ་བའི་ལེགས་བྱང་ལ་སོགས་པ་ནུབ་

ཕྱོགས་པའི་ལྟ་སྟངས་དེ་ནི་བོད་མིའི་ལེགས་བྱང་གི་བསམ་ཚུལ་ལས་མཐའ་གཅིག་ 25 <<IN SAERCH OF TRUTH>> P.g-210 ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་

གཏན། ཝཱ་ནཱ་མཐོ་སློབ་ནས་བཏོན།


44 ཉམས་ཞིབ་དེབ་ཕྲེང་། ༡

ཏུ་ཐ་དད་ཡིན།”

26

ཞེས་པར་བལྟས་ན་དེང་གི་རིག་གནས་ཞེས་པ་ལས་ཆེས་དོག་

འཇུག་གི་གོ་བ་ལེན་སྟངས་ཤིག་ཡིན་ཏེ་མཐའ་གཅིག་ཏུ་དགེ་ལེགས་སམ། ཡང་ དག་པ་སོགས་ཀྱི་དོན་ལ་འཇུག་དགོས་པས་འདི་ནི་ཤེས་ཡོན་གྱི་ཆ་དང༌། བོད་ མི་རིགས་ཀྱི་ཤ ེས་རིག་གི་སྲོག་ཤིང་ནང་བསྟན་གཞུང་ལུགས་ཀྱི་ཆ་ནས་བསམ་ གཞིགས་བྱས་པ་ཞིག་ཡིན་པས། རིག་གནས་ཡིན་ན་དེ་འདྲ་ཡིན་མི་དགོས་ཀྱང་

རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཆ་དང༌། ཡང་དག་པའི་ཆ། དགེ་ལེགས་སུ་ གྱུར་པའི་ཆ་ཡིན་ན་ཚད་གཞི་འདི་འདྲ་ཞིག་ཡིན་དགོས་པས་ན་རིག་གནས་ཀྱི་ སྙིང་པོའམ་ལེགས་བྱང་ཞེས་ཐ་སྙད་སྦྱར་ཆོག་གོ།

༧ ཤེས་རིག—དཔལ་ཡོན།—Culture

26

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་

འཆར་སྣང༌། ཤོག་ངོས༢༧༨། ཟམ་གདོང་བློ་བཟང་བསྟན་འཛིན། ཝཱ་ཎཱ་བོད་ཀྱི་ཆེས་མཐོའ ི་སློབ་ཁང་ནས་བཏོན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 45

བོད་ཀྱི་མཁས་པ་དག་གིས་ཤེས་རིག་ཅེས་པའི་ཐ་སྙད་འདི་ནི་སྐབས་དང་སྐབས་ སུ“བོད་ཀྱི་ཤ ེས་རིག”དང“ཞང་ཞུང་ཤེས་རིག”ཅེས་རིག་གནས་ལ་སྦྱར་བ་དང༌། ཡང་སྐབས་འགར་མིའི་རིགས་ཀྱི“ཤེས་རིག་དར་ཚུལ”ཞེས་དང“ཤེས་རིག་སྨྲ་

བའི་བསྡུས་དོན”ཞེས་ཨིན་སྐད་ཀྱིCivilizationདང་རྒྱ་ནག་སྐད་ཀྱི་ཝུན་མུན་(文 明)ཞེས་པར་གོ་བ་དང༌།

ཡང་སྐབས་འགར་ཤེས་རིག་ལས་ཁུངས་ཞེས་ཤ ེས་

ཡོན་དང་རིག་གནས་ཀྱི་བསྡུས་མིང་ལ་གོ་བའི་སྐབས་ཀྱང་ཡོད་མོད། འདིར་ཁོ་

བོའ་ི ལྟ་ཚུལ་ལ་ཤ ེས་རིག་ཅེས་པའི་གནའ་བོའ་ི ཐ་སྙད་ཀྱི་དབང་དུ་བཏང་ན་བློ་ལ་

གོ་བ་ལས་གཞན་དུ་དེ་ཙམ་མི་འཇུག་མོད། དེང་གི་དུས་སུ་གོ་དོན་ཡངས་པ་དང་

བརྡ་དོན་གསར་པའི་དབང་དུ་བྱས་ན་ཨིན་ཇིའི་སྐད་ཀྱིCivilizationདང་རྒྱ་ནག་སྐད་

ཀྱི་ཝུན་མུན་(文明) ཞེས་པར་བོད་ཀྱིས་ཡོངས་གྲགས་སུ་དཔལ་ཡོན་ཞེས་

པའི་བརྡ་ཆད་སྦྱར་ཡོད། སྤྱིར་བཏང་འཛམ་གླིང་གི་མཁས་པ་རྣམས་ཀྱིས་དཔལ་ ཡོནCivilizationདང་རིག་གནསCultureགཉིས་ཀྱི་ཁྱད་པར་ཐད་རྩོད་པ་མང་པོ་བྱས་

ཡོད་དེ། ཁ་ཤ ས་ཀྱིས་དཔལ་ཡོན་ནི་རིག་གནས་དར་རིམ་གྱི་བྱུང་བ་བརྗོད་པའི་

ལོ་རྒྱུས་ལ་ངོས་འཛིན་པ་དང༌། ཡང་ཁ་ཤས་ཀྱིས་དེ་གཉིས་གཅིག་ཡིན་པའི་འདོད་ ཚུལ་བཟུང་ཡོད། ཡང་ཁ་ཤ ས་ཀྱིས་དཔལ་ཡོན་ནི་ཕྱི་རིམ་དང་རིག་གནས་ནི་ནང་

རིམ་ཡིན་པའི་ལྟ་ཚུལ་བཏོན་ཡོད་ལ། དཔལ་ཡོན་དར་རྒྱས་ཀྱི་ཡུལ་དུས་ཀྱང་ངོས་

འཛིན་བྱས་ཏེ་ཕྱི་ལོ་སྔོན་གྱི་ལོ༡༥༠༠ཙམ་ན་དབུས་ཤར་གྱིTigris-Euphratesཞེས་

པའི་ལུང་གཤོང་དང༌། ཨི་ཇིབ་ཀྱིNileལུང་གཤོང༌། པ་ཀི་སི་ཐན་དང་རྒྱ་གར་གྱི་

ནུབ་ངོས་སུ་ཡོད་པའིIndusལུང་གཤོང་། རྒྱ་ནག་གིHuang Heལུང་གཤོང་། པེ་རུ་ རྒྱལ་ཁབ་ཀྱིAndesལུང་གཤོང་རྣམས་ལས་དཔལ་ཡོན་དར་འགོ་ཚུགས་ཤ ིང༌། སོན་

འདེབས་དང་ཡུར་ཆུ་འདྲེན་པ། ཚོགས་སྡེ་ཅན་གྱི་ལམ་ལུགས་དང་ཚོགས་སྡེ་ཅན་


46 ཉམས་ཞིབ་དེབ་ཕྲེང་། ༡

གྱི་འཚོ་བ་རོལ་ལུགས་དང་འཚོ་བའི་ཐོན་སྐྱེད་གསར་སྐྲུན་གྱི་ནུས་པ་ཕྱིར་མངོན་ བྱུང་བར་ངོས་འཛིན་གྱིན་ཡོད། འདི་ལས་ཚོགས་སྡེའི་འཚོ་བའི་ལམ་ལུགས་

ཆགས་པར་རང་བྱུང་ཁོར་ཡུག་གི་གནས་བབ་ཁྱད་པར་བ་དང་དམ་དུ་འབྲེལ་ཡོད་ པ་མཐོང་ཐུབ། དེ་བཞིན་བོད་མི་དག་གིས་ཀྱང་དཔལ་ཡོན་དར་བའི་འགོ་ཁུངས་ སུ་ཡུལ་ཕྱོགས་གཉིས་ལ་ངོས་འཛིན་བྱེད་བཞིན་པའི་གཅིག་ནི་ཡར་ལུང་གཙང་ པོའ ི་འགྲམ་རྒྱུད་དུ་ངོས་བཟུང་སྟེ“ཡུལ་ལ་སྔ་བ་ཡར་ལུང་སོག་ཀ ཞིང་ལ་སྔ་བ་ཟོ་

དང་ཞིང”ཞེས་ཡར་ལུང་རྒྱུད་དུ་ངོས་འཛིན་པ་དང་གཅིག་ཤ ོས་ནི“ཞང་ཞུང་ཤ ེས་ རིག”ཅེས་སྟོད་མངའ་རིས་ཕྱོགས་ལ་ངོས་འཛིན་བྱེད་ཀྱིན་ཡོད།

དེ ང ་གི ་ བོ ད ་སྐད་ཀྱི ་ དཔལ་ཡོ ན ་ཞེ ས ་པའི ་ འཇུག་ཡུལ་ནི ་ ཨི ན ་སྐད་

ཀྱིCivilizationཞེས་པ་དེ་ཡིན་ཞིང་ཚིག་དེའི་འབྱུང་ཁུངས་ནི་ལཱ་ཊིན(Latin)སྐད་ཀྱི་ སི ་ ཝེ ་ སི (Civis)ལས་བྱུང་བར་བཤད་ལ་དོ ན ་དུ་ནི ་ མི ་ སེ ར ་ཞེ ས ་པའི ་ དོ ན ་ཡི ན །

འཛམ་གླིང་སྤྱི་བཤད<<Word Book>>ལས“དཔལ་ཡོན་ནི་མིའི་སྤྱི་ཚོགས་སམ་སྤྱི་ མཐུན་གྱི་འདུས་སྡོད་བྱུང་བ་ཞིག”ཅེས་དང༌། <དབྱིན་བོད་ཚིག་མཛོད་གསར་

མ>ལསCivilizationནི“རིག་གཞུང་དར་ཁྱབ་དང༌། སྲིད་པའི་དཔལ་ཡོན། ཡུལ་དུས་

སོ་སོར་ལག་རྩལ་དང་སྒྱུ་རྩལ་ལམ་སྲོལ་སོགས་འཕེལ་རྒྱས་ཀྱི་རིམ་པ་དང༌། ཡ་

རབས་སྤྱོད་བཟང” ཞེས་དང༌། ཡང་ཨིན་ཇིའི་ལོ་རྒྱུས་སྨྲ་བ་ཨར་ནོ་ཏྲོཡིནབྷ(Arnold 27

Toynbee)

ཡིས“འགྲོ་བ་མིས་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་ལ་གདོང་ལེན་བྱེད་

པའི་ནུས་པ་དང་ལྡན་པ་ནི་དཔལ་ཡོན་གྱི་འཕེལ་རིམ་ཡིན་ཏེ། དཔེར་ན། ཆར་ཆུ་

དཀོན་ཞིང་ཐན་པ་ཆེ་བའི་ཡུལ་གྲུ་ཞིག་ལ་རང་བྱུང་ཁོར་ཡུག་གི་སྣང་ཚུལ་དང་ཁ་ གཏད་དེ་ཐབས་ལམ་སྣ་ཚོགས་ཀྱིས་ཡུར་བ་བཟོས་ཤིང་ཆུ་དྲངས་ནས་རང་ཉིད་ 27 <<དབྱིན་བོད་ཚིག་མཛོད་གསར་མ།>> ཤོག་ངོས༡༤༡། བོད་གཞུང་ཤ ེས་རིག་ལས་ཁུངས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 47

ཀྱི་ཞིང་འབྲས་སྨིན་པའི་འདོད་བློ་ཁེངས་པར་བྱེད་པ”ཞིག་ཏུ་གོ་བ་འདིའི་ཐོག་

ནས་དཔལ་ཡོན་ནི་ཕྱིའི་འཚོ་བའི་གནས་བབ་ཡར་རྒྱས་བྱུང་བ་ཞིག་དང༌། དེའང་ ཐོག་མར་རང་བཞིན་གྱིས་བྱུང་བ་ཞིག་གི་དོན་དུ་ངེས། ཞིང་འདེབས་ལམ་ལུགས་ རྒྱུན་འཛིན་བྱེད་པར་ཤེས་ཡོན་གྱི་ལམ་ལུགས་བྱུང་སྟེ་ཤ ེས་ཡོན་ལྡན་པའི་ཞིང་ཁ་ འདེབས་ལས་དེ་རང་བྱུང་ཙམ་མ་ཡིན་པར། ཡུལ་དུས་དང་བསྟུན་ཏེ་ཞིང་ཁ་དེ་ཇི་ ལྟར་ལེགས་སྨིན་འབྱུང་བའི་རྒྱུ་རྐྱེན་ལ་དཔྱད་དེ་དེ་མཐུན་གྱི་ལས་ལ་གཞོལ་བའི་

དོན་ཡིན་པས་ན་དཔལ་ཡོན་ནི་རྣམ་དཔྱོད་དང་འབྲེལ་བའི་འཚོ་གནས་ཀྱི་ཡར་

རྒྱས་ཤ ིག་ཡིན། འཇར་པན་གྱི་མཁས་པ་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས། “དཔལ་

ཡོན་ནི་དཔེར་ན་ཟློས་གར་ཁང་ཆེན་མོ་ཞིག་དང་མཚུངས་ལ། ལམ་ལུགས་རྩོམ་ རིག་དང་ཚོང་ལས་སོགས་ནི་ཟློས་གར་བ་དང་འདྲ། འཁྲབ་མཁན་དེ་དག་གིས་

གལ་ཏེ ་ གནས་ཚུལ་དང་བསྟུན་པའི་གར་ཇི་མ་ཇི་བཞིན་དུ་ཁྱད་དུ་འཕགས་པ་ ཞི ག ་རྩེ ད ་ཐུབ་ཅི ང ་ལྟད་མོ ་ བ་ཡི ད ་ཚི མ ་པ་ཞི ག ་བྱེ ད ་ནུས་ན་ཕུལ་དུ་བྱུང་བའི ་ ཟློས་གར་བ་ཞེས་ཟེར”ཞེས་དང༌། ཡང“དཔལ་ཡོན་ནི་རྒྱ་མཚོ་ཆེན་པོ་ཞིག་དང༌།

ལམ་ལུགས་དང་རྩོམ་རིག་སོགས་ནི་ཆུ་བོ་ཞིག་དང་མཚུངས། རྒྱ་མཚོའི་ནང་དུ་ བཞུར་བའི་ཆུ་རྒྱུན་དེ་ཆེ་ན་ཆུ་བོ་ཆེན་པོ་དང༌། ཆུང་ན་ཆུ་ཕྲན་ཞེས་འབོད། དཔལ་

ཡོན་ནི་མཛོད་ཁང་ཞིག་དང་མཚུངས། འགྲོ་བ་མིའི་རིགས་ཀྱི་ཟས་གོས་ལོངས་ སྤྱོད་ཚོགས་ཐམས་ཅད་དེར་མ་འདུས་པ་གཅིག་ཀྱང་མེད།” ཅེས་པ་སོགས་ལ་ 28

གཞིར་བཟུང་ནས་བལྟས་ན་དཔལ་ཡོན་ནི་རིག་གནས་ལས་ཁྱབ་རྒྱ་ཆེ་བ་དང་ཕྱི་ རོལ་གྱི་དོན་ལ་ཉེ་བ། རིག་གནས་དར་བའི་བྱུང་རིམ་ཡིན་པ་བཅས་ཀྱི་ངེས་ཤ ེས་

བསྐྱེད་ཐུབ་པོ། རིག་གནས་དང་དཔལ་ཡོན་ཞེས་པའི་བར་དུ་འབྲེལ་བ་ཧ་ཅང་ཆེ་

28 <<ཤེས་རིག་སྨྲ་བའི་བསྡུས་དོན།>> ཤོག་ངོས༤༨ནས༥༠། འཇར་པན་པ་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་ བརྩམས། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


48 ཉམས་ཞིབ་དེབ་ཕྲེང་། ༡

བས་གཅིག་ཤ ོས་བཤད་ན་གཞན་དེ་རང་བཞིན་གྱིས་བཤད་དགོས་པ་ཞིག་ཡིན་ ལ༑ ང་ཚོས་འདི་གཉིས་ཀྱི་ཁྱད་པར་ལ་དཔྱད་ན་རིག་གནས་ནི་གཙོ་བོ་ནང་བསམ་

བློའ་ི གནས་ཚུལ་ཞིག་དང་འཚར་ལོངས་ཤིག ཚད་གཞི་ཞིག་བཅས་ཡིན་པ་དང༌།

དཔལ་ཡོན་ནི་གཙོ་བོ་ཕྱིའི་དངོས་པོའ་ི གནས་ཚུལ་ཞིག་དང་ཡར་རྒྱས་ཤ ིག ཚད་

གཞི་ཞིག་བཅས་ཡིན་པར་ངོས་འཛིན་བྱས་ཏེ་གཙོ་བོ་ཞེས་པའི་ཚིག་འདི་སྤྱད་ན་ ཧ་ཅང་འོས་ཤ ིང་འཚམས། གཙོ་བོ་ཞེས་པའི་ཚིག་འདི་མ་སྦྱར་ན་དེ་གཉིས་འདྲ་

བའི་ཆ་ནས་གཅིག་ཏུ་འཁྲུལ་བ་དང༌། ཡང་ན་གཏན་ནས་འབྲེལ་མེད་དུ་གོ་བ་ལེན་ པའི་ཉེན་ཁ་འབྱུང་སྲིད་པ་ཞིག་ཡིན། དེང་སང་བོད་ཀྱི་བརྡ་ཆད་གསར་པའི་དབང་

དུ་བྱས་ནCivilizationལ་དཔལ་ཡོན་ཞེས་སྦྱོར་བཞིན་པ་ནི་མིང་བརྡ་གཏིང་ཚུགས་

པར་གྱུར་ཡོ ད ་ལ་དེ འ ང་ཕྱིའི་ དཔལ་འབྱོར ་གྱི་ ཡོན་ཏན་ཡར་རྒྱས་ཕྱིན ་པ་ཞི ག ་ སྟེ། འདིའི་ཐད་རྒྱ་གར་ལྷོ་ཕྱོགས་ཏཱ་མུན་སྐད་དུ་ནཱ་གཱ་རི་གཱམ(Nagareegam)ཟེར་

ཞིང་ཐ་སྙད་དེའི་བརྡ་དོན་ནི་ཕྱིའི་ཡར་རྒྱས་ལ་འཇུག་པ་འདིས་ཀྱངCivilizationནི་ ཕྱིའི་ཡར་རྒྱས་ཤིག་ཡིན་པར་གོ་བ་བསྐྱེད་ཐུབ། དཔལ་ཡོན་དང་རིག་གནས་

ཤེ ས ་ཡོ ན ་བཅས་ཀྱི ་ སྤྱི ་ མི ང ་ལ་ཤེ ས ་རི ག ་ཅེ ས ་ཐ་སྙད་སྦྱར་ན་དགེ ་ མཚན་ཆེ ་ བར་མཐོ ང ༌། ཅི འི ་ ཕྱི ར ་ཞེ ་ ན། མི ་ རི ག ས་གཞན་གྱི ་ མི ང ་ཚི ག ་གི ་ གོ ་ ཐོ བ ་དང་ བོ ད ་མི་རིག ས་ཀྱི་མིང་ཚིག ་གི་ གོ ་ ཐོ བ ་མཐའ་གཅིག་ཏུ་གཅིག ་གྱུར་མི་ཡོང་བ་

དང༌། བོད་ཀྱིས་རིག་གནས་ཞེས་པར་གོ་བ་ལེན་ཚུལ་སྣ་ཚོགས་ཡོད་པས་སྐབས་ འགར་ཨིན་སྐད་ཀྱིCultureདང་འཇུག་པ་མཐུན་ལ་སྐབས་འགར་དེ་དང་འཇུག་པ་མི་

མཐུན་པ་སོགས་ཀྱི་གོ་བ་ལེན་ཚུལ་འདྲ་མིན་ཡོད་པ་དང༌། ཤེས་རིག་ཅེས་པར་ བོད་ཀྱི་གོ་ཐོབ་ལྟར་ན“བོད་མི་རིགས་ཀྱི་ཤེས་རིག”དང༌། “བོད་ཀྱི་གདོད་མའི་

ཤེས་རིག”དང༌། “ཤེས་རིག་ལས་ཁུངས”ཞེས་པ་ལྟ་བུ་རིག་གནས་དང༌། དཔལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 49

ཡོན། ཤེས་ཡོན་གསུམ་ཆར་གོ་བའི་སྐབས་ཡོད་པ་སོགས་ལ་བརྟེན་ནས་ཨིན་ སྐད་ཀྱིCivilizationདངCultureཞེས་པའི་གོ་དོན་ལས་འཇུག་པ་ཡངས་པའི་དབང་གིས་

དཔལ་ཡོན(Civilization)དང་རིག་གནས(Culture)། ཤེས་ཡོན(Education)བཅས་ཀྱི་སྤྱི་

མིང་ལ་ཤ ེས་རིག་ཅེས་ཐ་སྙད་སྦྱར་ན་ལེགས་པས་ན་ཁོ་བས་འདིར་ཡང་ཤ ེས་རིག་ འཚོལ་ཞིབ་ཅེས་པའི་ཐ་སྙད་སྦྱར་བའོ། ། Civilization

ཞེས་པའི་བརྡ་དོན་འགྲེལ་བརྗོད་བྱེད་སྐབས་འཇར་པན་པ་ཧྥོའུ་

ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་ཤེས་རིག་གི(Civilization-དཔལ་ཡོན)གོ་དོན་འདི་ལྟར་

བཞག་ཡོད། “ཐོག་མར་ཤེས་རིག(Civilization-དཔལ་ཡོན)གི་གོ་དོན་སྒྲ་དོག་འཇུག་

གི་དབང་དུ་བཏང་ནས་བཤད་ན། མིའི་ཤུགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་དགོས་ མཁོའ ི་དངོས་ཆས་ཇེ་མང་ངམ་ཟས་གོས་གནས་མལ་གྱི་ཕྱིའི་རྣམ་པ་ཇེ་མཛེས་སུ་

གཏོང་བ་ཙམ་ལ་ཟེར། གལ་ཏེ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། ཟས་གོས་

གནས་མལ་གྱི་ལོངས་སྤྱོད་ལ་རོལ་བ་ཙམ་གྱིས་མི་ཆོག་པར་མ་ཟད། ལུས་སེམས་ ཤིན་སྦྱངས་ལ་འབད་དེ་འགྲོ་བ་མི་བླ་ན་འཕགས་པའི་གནས་ཤིག་ཏུ་ཕྱོགས་པ་ ཞིག་གོ”(འདིའི་འགྱུར་དུ་ཤེས་རིག་ཅེས་བསྒྱུར་ཡོད་པ་ལས་དོན་དུ་འགྱུར་གཞི་ནི་རྒྱ་ནག་སྐད་ཀྱི་ཝུན་མུན་དང་ ཨིན་སྐད་ཀྱི་སེ་ཝེ་ལེད་ཟེ་ཞོན་ཞེས་པ་ཡིན།) ཞེས་དང༌། Culture

ཞེས་པའི་བརྡ་དོན་འགྲེལ་བརྗོད་བྱེད་སྐབས་དུས་རབས་འདིའི་འཛམ་

གླིང་གི་ཀུན་སྤྱོད་བློ་སྦྱོང་གི་ལམ་སྟོན་པར་གྱུར་པའི་བོད་ཀྱི་དབུ་ཁྲིདྋགོང་ས་ཏཱ་

ལའི་བླ་མ་མཆོག་གིས“རྩ་བའི་རིག་གཞུང(Culture)ཞེས་པ་འདི་ཕལ་ཆེར་བསམ་

པའི་ཡོན་ཏན་ཞིག་ལ་བརྩི་དགོས་པ་མི་ཡོང་ངམ”ཞེས་དང༌། Education

ཞེས་པའི་བརྡ་དོན་འགྲེལ་བརྗོད་བྱེད་སྐབས་རྒྱ་གར་གྱི་གྲགས་ཅན་

རྩོམ་པ་པོ་ཊེ་གྷོར་གྱིས(Rabindranath Tagore 1861-1941 Indian poet-Philosopher,Pro-free-


50 ཉམས་ཞིབ་དེབ་ཕྲེང་། ༡ dom)—

“ཤེས་ཡོན་ནི་མཐར་ཐུག་གི་བདེན་པ་བཙལ་ཐུབ་པ་དང༌། ཟང་ཟིང་གི་ཕྱིའི་

དངོས་པོ་ལས་འདས་ཏེ་ནང་བསམ་བློའ ི་ཡར་རྒྱས་དང༌། དྲག་ཤུགས་ལས་འདས་ ཏེ་ཕན་ཚུན་མཛའ་བརྩེས་སྐྱོང་བ་དང་ཕྱི་ལའང་དེ་ལྟར་བརྡ་སྟོན་ནུས་པ་ནི་ཤ ེས་

ཡོན་ཡིན” ཞེས་གོ་དོན་བཞག་ཡོད་པ་ལྟར། འཛམ་གླིང་གི་མཁས་པ་མང་པོས་ 29

རིག་གནས(Culture)དང་དཔལ་ཡོན(Civilization)། ཤེས་ཡོན(Education)བཅས་ལ་གོ་

དོན་འཇོག་སྐབས་ངང་ངམ་ཤུགས་ཀྱིས་ཀུན་སྤྱོད་ཡར་རྒྱས་ཞེས་པ་ཞིག་འབྱུང་ བཞིན་ཡོད་པ་ནི། དཔལ་ཡོན་ཡར་རྒྱས་དང་རིག་གནས་དར་བ། ཡང་དག་པའི་

ཤེས་ཡོན་བཅས་ཀྱི་མཐར་ཐུག་གི་འབབ་ས་ནི་མི་ཡིན་པ་དང༌། དེའང་མིའི་རིགས་ ཀྱི་ཕྱིའི་འཚོ་བའི་ཡར་རྒྱས་ཙམ་གྱིས་མིའི་གནད་དོན་མང་པོ་ཞིག་ཐག་གཅོད་ཆ་

ཚང་བ་ཞིག་བྱེད་མི་ཐུབ་པས་ན་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་མི་ཆོས་ ཀྱི་གནད་དོན་ཞིག་ཀྱང་ཐག་གཅོད་བྱེད་དགོས་པ་དང༌། ཕྱིའི་འཚོ་བའི་ཡར་རྒྱས་

མཐའ་དག་ནང་གི་འཚར་ལོང་ཞིག་དང་འབྲེལ་ཡོད་པའི་རྒྱུ་མཚན་གྱིས་ཤ ེས་རིག་

གི་ཁྱབ་ཁོངས་ནས་དཔལ་ཡོན(Civilization)དང༌། རིག་གནས(Culture)དང༌། ཤེས་

ཡོན(Education)བཅས་གང་ཞིག་འགྲེལ་བརྗོད་བྱེད་ནའང་ཀུན་སྤྱོད་ངེས་པར་དུ་གླེང་

དགོས་པ་ཞིག་ཡིན་པ་ལས་དེ་དག་གི་ཕྱོགས་ཡོངས་སུ་རྫོགས་པར་ཀུན་སྤྱོད་ཁོ་ ནས་སྡོམ་བརྒྱབ་པ་ཞིག་མིན་ལ། དེ་དག་ལས་ཀྱང་དཔལ་ཡོན་ལས་རིག་གནས་

ཞེས་པ་ཀུན་སྤྱོད་དང་ཐག་ཉེ་བ་དང༌། དེ་ལས་ཀྱང་ཤེས་ཡོན་ཞེས་པ་ཀུན་སྤྱོད་དང་ ཐག་ཉེ་ཤ ོས་ཡིན་ཞེས་བཤད་ཆོག་གོ།

29 <<GOLDEN PRINCIPLES OF EDUCATION>> P.g 5, Dr.J.P Mishra Delhi University.


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 51

གཉིས་པ། རིག་གནས་དབྱེ་བསྡུའི་རིགས་ལམ།—འཚོལ་ཞིབ།

འགྲོ ་ བ་མི འི ་ རི ག ས་ལ་ཚད་གཞི ་ མི ་ འདྲ་བའི ་ འཚོ ལ ་དཔྱོ ད ་དང་ཕྱོ ག ས་སྡོ མ ་

བྱེ ད ་ཐབས་དར་བའི ་ དབང་གི ས ་རི ག ་གནས་ཞེ ས ་པར་མཚན་ཉི ད ་མི ་ འདྲ་བ་ མང་པོ་བྱུང་བ་ལྟར་དབྱེ་བསྡུ་བྱེད་ཚུལ་ལའང་ནང་དོན་དང་རྣམ་གྲངས་བཅས་ མི་འདྲ་བ་མང་པོ་བྱུང༌ཡོད། དེའང་མདོར་བསྡུས་ཏེ་གླེང་ན་གཉིས་སྨྲ་བ་དང༌། གསུམ་སྨྲ་བ། བཞི་སྨྲ་བ། མང་སྨྲ་བ་བཅས་ཡོད་པ་ལས།

༡) གཉིས་སྨྲ་བ་ནི་མར་ལེ་རིང་ལུགས་ཀྱི་འདོད་ཚུལ་ཡིན་ཏེ་དེས་རིག་གནས་

ཡོད་དོ་ཅོག་དངོས་པོའ་ི རིག་གནས་དང་བསམ་པའི་རིག་གནས་གཉིས་

སུ་བསྡུས་ཏེ་སྨྲ། དེ་ལ་དང་པོ་ནི་རང་བྱུང་ཚན་རིག་དང་ལག་རྩལ། དེ་བྱུང་

ཐོན་རྫས་སོགས་དང༌། གཉིས་པ་ནི་ཁྲིམས་དང༌། ཀུན་སྤྱོད། སློབ་གསོ་ སོགས་སོ། །ད་དུང་ཕྱིར་མངོན་པ་དང་མི་མངོན་པའི་རིག་གནས་གཉིས་ དང༌། ཕྱི་རིམ་དང་ནང་རིམ་གྱི་རིག་གནས་གཉིས། སྲ་བ་དང་མཉེན་པའི་ རིག་གནས་གཉིས་སོགས་སུ་དབྱེ།

༢) གསུམ་སྨྲ་བས་རིག་གནས་ལ་ཕྱི་དངོས་པོའ་ི རིག་གནས་དང་ནང་བསམ་

བློའ་ི རིག་གནས། དེ་གཉིས་བར་དུ་གནས་པ་སྒྲིག་ཁྲིམས་རིག་གནས་

བཅས་གསུམ་དུ་དབྱེ།

༣) བཞི་སྨྲ་བས་རིག་གནས་ལ་བསམ་པའི་རིག་གནས་དང༌། སྤྱོད་ལམ་རིག་

གནས། སྒྲིག་ཁྲིམས་རིག་གནས། དངོས་པོའ ི་རིག་གནས་བཅས་བཞི་རུ་ དབྱེ།


52 ཉམས་ཞིབ་དེབ་ཕྲེང་། ༡

༤) མང་སྨྲ་བར་རིགས་མང་པོ་ཡོད་པ་ལས་རིགས་གཅིག་གིས་རིག་གནས་

ལ་བསམ་པའི་རིག་གནས། སྐད་ཆའི་མཚོན་རྟགས། ཚད་གཞིའི་མ་ལག སྤྱི་ཚོགས་འབྲེལ་བ། སྤྱི་ཚོགས་རྩ་འཛུགས། དངོས་པོའ ི་ཐོན་རྫས་སོགས་ སུ་དབྱེ།

༥) མང་སྨྲ་བ་ལས་གཅིག་ནི་གནའ་བོའ་ི རྒྱ་གར་གྱི་དབྱེ་ཚུལ་ཡིན་ཏེ། གནའ་ བོའ་ི རྒྱ་གར་བས་རིག་གནས་བཅོ་བརྒྱད་བགྲངས་པ་དང༌། དེའང་སངས་

རྒྱས་ཆོས་ལུགས་མ་བྱུང་གོང་དུ་དར་བ་ཞིག་ཡིན་ཞིང་དེ་ལས་དབྱེ་བ་ ཕྱེ་སྟངས་མི་འདྲ་བ་ལྔ་ཙམ་བྱུང་བ་དང༌། དེའི་ཕྱིས་སུ་སངས་རྒྱས་ཆོས་ ལུགས་ཀྱི་དབྱེ་སྟངས་བཅས་དབྱེ་སྟངས་མི་འདྲ་བ་དྲུག་བྱུང་བར་བཤད།

དང་པོ། མཛོད་ལས་གསུངས་པའི་རིག་གནས་བཅོ་བརྒྱད་ནི། རོལ་མོ། འཁྲིག་

ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་དཔྱད། ཆོས་ལུགས། བཟོ་བོ། འཕོང་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་ དཔྱད། རྩིས། མིག་འཕྲུལ། སྔོན་རབས། སྔོན་བྱུང་བརྗོད་པ་བཅས་སོ། །

གཉིས་པ། དུས་འཁོར་ནས་བྱུང་བའི་རིག་གནས་བཅོ་བརྒྱད་ནི། ཚོང་བ། རྫ་ མཁན། འཕྲེང་རྒྱུད་མཁན། ཆང་མ། ཕྱུགས་རྫི། འབྲེག་མཁན། འབྲུ་མར་ མཁན། ཕྱྭ་མཁན། མགར་བ། ཤིང་མཁན། འཐག་མཁན། ཀོ་ལྤགས་

མཁན། ཉ་བ། བཙོ་ལག་མཁན། སྨྱུག་མ་མཁན། ཤན་པ། གཤེད་མ། ཤིང་ རྟ་མཁན་བཅས་སོ། །

གསུམ་པ། འདུལ་བ་ལུང་དུ་གསལ་བའི་རིག་གནས་བཅོ་བརྒྱད་ལ་གྲངས་འདྲེན་

བྱེད་ལུགས་མི་འདྲ་བ་གཉིས་ཡོད་པ་ནི། ༡) གསང་སྔགས་ཀྱི་རྒྱུད་དང༌།

ཆོ་ག་ཞིབ་མོ། གཏན་ཚིགས་རིག་པ། རིག་བྱེད། བརྡ་སྤྲོད། སྒྲ་ངེས་སྦྱོར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 53

ཤེས་གསལ། ངེས་ཚིག སྡེབ་སྦྱོར་མཁས་པ། སྐར་མའི་རིག་པ། རྟོགས་

བྱེད་ཀྱི་རིག་པ། ཆུར་ལྷུང་གི་རིག་པ། ཆེར་སྤྱོད་ཀྱི་རིག་པ། འཇིག་རྟེན་

རྒྱང་འཕེན་པའི་རིག་པ། བྱེ་བྲག་པའི་རིག་པ། རྒྱུད་དྲུག་ཅུ་བ། ཁྱུར་མིད་

ཀྱི་རིག་པ། གནས་འདུག་གི་རིག་པ་དང་བཅོ་བརྒྱད་དོ། ། ༢) ཡང་། པི་

ཝང་གླིང་བུ་ཚོང་རྫ་མཁན། །ཕྲེང་མཁན་ཆང་ཚོང་ཕྱུགས་འཚོ་བ། །འབྲེག་ མཁན་འབྲི་མར་འཆིར་བ་དང༌། །མགར་བ་ཤིང་མཁན་ཕྱྭ་མཁན་པོ། །ཐ་ ག་ཀོ་ལྤགས་རྐྱལ་མཁན་པ། །བཙོ་བླག་སྨྱུག་མ་མཁན་པོ་དང༌། །ཤན་པ་ གདོལ་བ་ཤིང་རྟ་མཁན། ། ཞེས་དང་།

བཞི་པ། ཀོ་ས་ལའི་རྒྱན་དུ་འཁོད་པའི་རིག་གནས་བཅོ་བརྒྱད། སྨན་དང་རྩིས་

མཁན་དང་མགར་བ་དང་སེན་མོ་འབྲེག་མཁན་དང་དྲི་ཞིམ་ཚོང་བ་དང༌། ཤིང་བཟོ་དང༌། རྩིག་མཁན། བཙོ་བླག་མཁན་དང་ཚེམ་བུ་དང༌། གར་

མཁན་དང༌། ཡིག་མཁན་དང༌། ཆང་ཚོང་མ་དང་བཤན་པ་དང༌། གདོལ་ འཚོང་པ་དང་རིན་པོ་ཆེའི་བཟོ་བྱེད་པ་བཅས་དང་།

ལྔ་པ། ནང་བསྟན་ཆོས་ལུགས་ཀྱིས་རིག་གནས་བཅོ་བརྒྱད་བརྩི་ལུགས། འཇིག་ རྟེན་ཤེས་པས་བཟོ་རིག་པ་ཤེས་པ། ཟས་ཀྱི་ཚད་དང་ཕན་གནོད་ཤེས་

པས་གསོ་བ་རིག་པ། བྱཱ་ཀ་ར་ན་སྡེ་བརྒྱད་ལ་སོགས་པ་ཤ ེས་པས་སྒྲ་

ཤེས་པ། རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ། གནས་མཐོ་དམན་ ཤེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་རིག་པ། འགྲོ་བ་རིགས་དྲུག་གི་མཚན་ ཉིད་ཤ ེས་པས་ནང་བཅུད་ཀྱི་སེམས་ཅན་རིག་པ། མཐོ་རིས་དང་ངན་འགྲོ་ ཤེས་པས་ལས་རིག་པ། རང་གཞན་གྱི་ལུས་ལེན་པ་སོགས་གང་དུ་སྐྱེ་

བའི་བདེ་སྡུག་ཤེས་པས་སྐྱེས་པའི་རིག་པ། ཚེ་སྔ་ཕྱི་བར་གསུམ་ཤེས་


54 ཉམས་ཞིབ་དེབ་ཕྲེང་། ༡

པས་དུས་རིག་པ། རྟག་འཛིན་གྱི་སྐྱོན་ཤ ེས་པས་འཆི་བ་རིག་པ། དབང་ པོ་རབ་འབྲིང་ཐ་གསུམ་ཤ ེས་པས་ཤ ེས་རབ་རིག་པ། གཞན་གྱི་བསམ་པ་

ཤེས་པས་ཡིད་རིག་པ། ཁམས་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་ བོ་རིག་པ། གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་

པ༑ ཐམས་ཅད་བྱིན་གྱིས་རླབས་པར་ནུས་པས་སྔགས་རིག་པ། རྫས་ ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ། ཐེག་པ་གསུམ་གྱི་ལམ་བཅོ་

ལྔ་ཤེས་པས་ཆོས་རིག་པ། འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་ རིག་པ་བཅས་བགྲང་བ་དང་། རིག་གནས་བཅོ་བརྒྱད་བརྩི་ལུགས་ཀྱི་ཕྱི་ མ་འདི་རིམ་གྱིས་དབྱེ་བ་ལྔར་བསྡུས་ནས་བཟོ་རིག་པ་དང༌། སྒྲ་རིག་པ།

ནང་དོན་རིག་པ། གསོ་བ་རིག་པ། གཏན་ཚིགས་རིག་པ་བཅས་སུ་དབྱེ་ ཚུལ་དར་ཡོད་པ་དེ་ནི་རྒྱ་གར་དུ་ནང་བསྟན་དར་བ་ནས་བྱུང་བར་མངོན།

དེའི་ཤུགས་རྐྱེན་འོག<མཁས་འཇུག>ཏུ། “དེ་ཡུལ་བརྡ་སྤྲོད་རྟོག་གེ་དང༌།། གསོ་བ་ཕྱི་ནང་རིག་བཅས་གསུངས། །” ཞེས་གསུངས་པ་ལྟར་བོད་ 30

ཀྱིས་ཀྱང་རིག་གནས་ཡིན་ན་ལྔར་གྲངས་ངེས་པ་དང་དེའང་སྒྲ་རིག་པའི་ ཁྱབ་ཁོངས་སུ་གཏོགས་པའི་རིག་གནས་ཆུང་བ་ལྔ་དེ་བཅུར་དབྱེ་སྟེ་རིག་

གནས་བཅུ་ཞེས་སུ་འབོད། གཞན་ཡང་སྔོན་དུས་རྒྱ་གར་དུ་རིག་གནས་

ཡོད་ཚད་རིག་བྱེད་བཞི་དང་དེའི་ཡན་ལག་དྲུག་ཏུ་བསྡུ་ཚུལ་ཡང་ཡོད་པའི་ རིག་བྱེད་བཞི་ནི་སྙན་ངག ངེས་བརྗོད། མཆོད་སྦྱིན། སྲིད་སྲུང་བཅས་དང་ དེའི་ཡན་ལག་ཏུ་གྱུར་པ་བསླབ་པ་དང༌། ངེས་ཚིག ལུང་སྟོན། ཆོ་ག སྡེབ་ 30

སྦྱོར། སྐར་དཔྱད་བཅས་བརྩི་སྲོལ་ཡོད།

<<མཁས་པ་འཇུག་པའི་སྒོ>> ཤོག་ངོས༥། ས་པཎ་ཀུན་དགའ་རྒྱལ་མཚན་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 55

རི ག ་གནས་བཅོ ་ བརྒྱད་ལ་སོ ག ས་པ་འཇི ག ་རྟེ ན ་གྱི ་ རི ག ་གནས་ཡོ ད ་དོ ་

ཅོག་ཚུར་བསྡུས་ན་རིག་གནས་བཅུའི་ནང་དུ་འདུ་བ་དང༌། དེའང་ཆེ་བ་དང་ཆུང་

བ་གཉིས་དང༌། ཚར་གཅོད་དང་རྗེས་འཛིན་གཉིས་སུ་འདུ་བ་དང༌། དེའང་གཅིག་

སྟེ་བཟོ་ཡི་རིག་གནས་ཀྱི་ནང་དུ་འདུ་ཚུལ་བཤད་པའི་དབྱེ་སྟངས་འདི་ནི་ཚན་རིག་ དང་མཐུན་པའི་དབྱེ་ཐབས་ཤིག་ཏུ་བོད་ཀྱི་མཁས་པ་དག་གིས་གླེང་བཞིན་ཡོད།

རིག་གནས་ཡིན་ན་བཅུར་ངེས་པའི་འདྲེན་ཚུལ་ལས་རིག་གནས་ཆེ་བ་ལྔའི་འདྲེན་ ཚུལ་ལ་མི་མཐུན་པ་མེད་ཀྱང༌། རིག་གནས་ཆུང་བ་ལྔ་འདྲེན་དུས། བོད་ཀྱི་སྔ་

རབས་མཁས་པ་རྣམས་ཀྱི་བར་དུ་མི་མཐུན་པའི་ལྟ་ཚུལ་བྱུང་ཡོད་དེ། རིན་སྤུངས་ པ་དང༌། དཔང་ལོ་ཙཱ་བ། སྣར་ཐང་ལོ་ཙཱ་བ་བཅས་མཁས་པ་བཞིས་དབྱེ་གཞི་སྒྲ་

རིག་པ་བརྩིས་པའི་སྟེང་དུ་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ བཞག་སྟེ་རིག་གནས་ཆུང་བ་ལྔར་བརྩི་ལུགས་གཅིག་དང༌། ལོ་ཆེན་བསོད་ནམས་ རྩེ་མོ་དང་། དཔལ་ཁང་ལོ་ཙཱ་བ། སྨོན་གྲོལ་ལོ་ཙཱ་བ་རྣམས་ཀྱིས་སྒྲ་ཕུད་པའི་སྐར་

རྩིས། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ལྔ་རུ་གྲངས་འདྲེན་བྱེད་ ཚུལ་གཉིས་བྱུང་ཡོད།

མཁས་དབང་ཟམ་གདོང་རིན་པོ་ཆེས་དབྱེ་ཚུལ་འདི་ལ་དཔྱད་ཞིབ་གསར་པ་

གནང་ཡོད་པ་བདེན་པའི་ལེགས་བཤད་དུ་འཛིན་ཆོག་སྟེ། སྐར་རྩིས་ནི་རིག་ཚན་ ཆེན་པོ་ཞིག་ཡིན་ལ་དེའི་ཁྱབ་ཁོངས་ཧ་ཅང་ཆེ་བ་དང༌། དབྱེ་གཞི་རིག་གནས་ཆེ་

བ་ལྔའི་གྲས་ཀྱི་སྒྲ་རིག་པའི་ཁྱབ་ཁོངས་སུ་བཞག་པ་ནི་རིགས་པ་མ་ཡིན་སྟེ། རྩིས་

རིག་དང་སྒྲ་རིག་པ་གཉིས་ནི་ཐ་དད་ཀྱི་རིག་ཚན་གཉིས་ཡིན་པ་ལས་གཅིག་གི་ ཁྱབ་ཁོངས་སུ་གཅིག་བསྡུ་མི་རིགས། རིག་གནས་ཆུང་བ་ལྔ་ནི་སྒྲ་རིག་པའི་ཁྱབ་ ཁོངས་ཏེ་དེང་གི་ཆར་མཐོ་སློབ་དག་གི་སློབ་ཚན་དབྱེ་སྐབས་ཀྱི་སྐད་ཡིག་གི་སྡེ་


56 ཉམས་ཞིབ་དེབ་ཕྲེང་། ༡

ཚན་གྱི་སློབ་མའི་སྦྱང་བྱ་དག་དང༌། ནུབ་ཕྱོགས་པས་སྐད་ཡིག་དང་རྩོམ་རིག་ཅེས་

གཉིས་སུ་དབྱེ་སྲོལ་ཡོད་པ་དེ་ག་རང་ལ་གོ་ན་ལེགས་ཏེ། རིན་སྤུངས་པ་སོགས་

ཀྱིས་སྒྲ་རིག་པ་ཞེས་དབྱེ་གཞི་དང་དབྱེ་བ་གཉིས་ཀར་སྒྲ་རིག་པ་བཞག་པ་ལས་

དབྱེ་བའི་སྒྲ་རིག་པ་ནི་བརྡ་སྤྲོད་པ་ཁོ་ནར་གོ་ན་ལེགས་མོད་ཁོང་དག་གི་དགོངས་ གཞི་ནི་དེ་ཉིད་མིན་པར་ངེས། སྒྲ་རིག་པ་ཞེས་དབྱེ་གཞི་ཆེན་པོ་དེ་ལས་བརྡ་སྤྲོད་ པའང་དེའི་ཆ་ཤ ས་ཤ ིག་ལ་བརྩིས་ཏེ་སྒྲ་རིག་པ་ཡོངས་སུ་རྫོགས་པ་ཞིག་ཤ ེས་པ་

ལ༑ སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། ལུང་དུ་སྟོན་པའམ་བརྡ་སྤྲོད་པ་

བཅས་ནང་གསེས་ཀྱི་རིག་ཚན་ཆུང་ཆུང་ལྔ་ཤེས་དགོས་པ་ལྟ་བུར་གོ་ན། ནང་དོན་ རིག་པ་ཆ་ཚང་བ་ཞིག་ཤེས་པ་ལ་དེའི་ནང་གསེས། ཚད་མ། དབུ་མ། ཕར་ཕྱིན། མངོན་པ། འདུལ་བ་བཅས་པོ་ཏི་ལྔ་ཤེས་དགོས་པར་བསྟན་པ་དང་གཅིག་པས་

དབྱེ་ཚུལ་ཕུན་སུམ་ཚོགས་པར་འགྱུར་བ་དང༌། རྩིས་རིག་པ་ནི་ཚན་རིག་གི་ཆར་

གཏོགས་ཤ ིང་ཚན་རིག་ལ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གཉིས་སུ་ ཕྱེས་པ་ལས་རང་བྱུང་ཚན་རིག་གི་ཁོངས་སུ་རྩིས་རིག་པ་བརྩི་བ་འདི་ནུབ་ཕྱོགས་

རྒྱལ་ཁབ་རྣམས་སུ་གནའ་སྔ་མོ་ནས་དར་ཡོད་པ་དང༌། དོན་དུའང་སྐར་རྩིས་ནི་ བཟོ་རིག་པར་གཏོགས་པས་རང་བྱུང་ཚན་རིག་གི་རིག་ཚན་ཞིག་ཡིན་པ་ལས་ ངག་གི་རིག་བྱེད་དུ་གྱུར་པའི་སྒྲ་རིག་པར་གཏོགས་མི་སྲིད་དོ། །

གོང་གི་རིག་གནས་དབྱེ་བསྡུ་བྱེད་ཚུལ་དེ་རྒྱ་གར་དང་བོད་ཀྱི་ཐུན་མོང་དབྱེ་

ཚུལ་ཡིན་ཞེ་ན་འགྲིག་ལ་མཛོད་དང་དུས་འཁོར་དུ་གསུངས་པའི་རིག་གནས་བཅོ་ བརྒྱད་དག་ཀྱང་མཁས་འཇུག་སོགས་སུ་རིག་གནས་ཆེ་བ་ལྔར་འདུ་བར་བཞེད་པ་

དང༌། གཡུང་དྲུང་བོན་གཞུང་རྣམས་སུ་རིག་གནས་ལྔ་སྨྲ་བཞིན་ཡོད་དེ<མདོ་དྲི་ མེད་གཟི་བརྗིད>ལས། “རིག་པའི་གནས་ལྔ་བྱུང་སྟེ། དེ་ཡང་ཐོག་མར་བཟོ་རིག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 57

པ་དང༌། སྒྲ་རིག་པ་དང༌། ཕྱི་རིག་པ་དང༌། ནང་རིག་པ་དང༌། གསོ་བ་རིག་པ་དང་

ལྔའོ། །” ཞེས་དང༌།<བསྟན་པ་རྗེས་བཞག་གི་མདོ>ལས། “བཟོ་དང་སྒྲ་དང་གསོ་ 31

བ་དང༌། །ཕྱི་ནང་རིག་པ་གཉིས་དང་ལྔ། །” ཞེས་གསུངས་པ་ལྟར་རིག་གནས་ 32

ལ་ལྔ་རུ་དབྱེ་ཞིང་དེ་ལ་བཟོ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ(རྩིས་ ཀྱི་རིག་པ)།

ནང་རིག་པ་བཅས་རིག་གནས་ཆེ་བ་ལྔར་འདོད་ལ་དོན་ཐོབ་ཀྱིས་རིག་

གནས་ཆུང་བ་ལྔའང་ཁས་ལེན་གྱིན་ཡོད་དོ། །

གོ ང ་དུ་སོ ང ་མ་ཐག་པའི ་ རི ག ་གནས་དབྱེ ་ བསྡུ་རི ག ་པའི ་ ཁྲོ ད ་དུའང་

འཚོལ་ཆོག་པའི་དྲི་བ་རེ་ཡོད་པ་རྟོགས་ན་འོས་ཏེ་བོད་ཀྱི་རིག་གནས་བཅུ་རུ་ དབྱེ་ཚུལ་འདི་ཕུན་སུམ་ཚོགས་པར་འདོད་ན་ལེགས་མོད་ཀྱི། འོན་ཀྱང་དོན་གྱི་ སྟེང་ནས་བོད་ཀྱི་རིག་གནས་བཅུ་ཞེ་ན་གཞན་དག་དགུ་ནང་དོན་རིག་པའི་ཡན་

ལག་ཙམ་ཡི ན ་ན་ཁྱབ་ཤི ན ་ཏུ་ཆུང༌། ཁྱབ་ཤི ན ་ཏུ་ཆུང་བའི ་ཤོ ད ་ཚུལ་དེ ་ བོ ད ་ ཀྱི ་ མཁས་པའི ་ ཁྲོ ད ་དུ་དར་ནས་ཡོ ད ་ལ་དེ ས ་བོ ད ་ཀྱི ་ རི ག ་གནས་ཀྱི ་ ནང་དོ ན ་

གུ་དོག་པོའ་ི གནས་སུ་བསྐྱལ་ཡོད་པར་གདོན་མི་ཟ། དེ་ཡང་བོན་གཞུང<ཀུན་

འབུམ་རྩ་རྒྱུད>ལས། “རིག་པའི་གནས་ལྔ་མ་སྦྱོང་བར། །ཐམས་ཅད་མཁྱེན་ པར་མི་འགྱུར་རོ། །” ཞེས་དང༌། <ཡེ་དབང་ཆུ་ལྷའི་རྒྱུད་སྡེ>ལས། “རིག་པའི་

གནས་ཆེན་དག་ལ་མ་མཁས་ན། །རྒྱལ་སྲས་རྣམས་ཀྱང་ཐམས་ཅད་མཁྱེན་ལ་ རིང༌། །འདི་ལྡན་གང་ཟག་ཕལ་གྱིས་དོན་ཆེན་འགྲུབ། །”ཅེས་དང༌།<བྱམས་

མ་འབུམ་ལྔ>ལས། “རིག་པའི་གནས་ལྔ་ལ་བརྟེན་ནས། སེམས་ཅན་ཐབས་ཀྱིས་ 31

32

<<མདོ་དྲི་མེད་གཟི་བརྗིད།>> བམ་པོ ༤ བའི་ཤ ོག་ངོས༢༧༦། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།

<<བོ ན ་སྒོ > >རི ག ་པའི ་ གནས་ལྔའི ་ སྐོ ར ་མདོ ་ ཙམ་བརྗོ ད ་པའི ་ འབེ ལ ་གཏམ་ལུང་གི ་ གཞོ ན ་ནུར་དྲངས་ པའི<<བསྟན་པ་རྗེས་བཞག་གི་མདོ།>>ལས་ལུང་དྲངས་པ། ངོས༢༠། ཁྲི་བརྟན་ནོར་བུ་རྩེ།

འགོ་བ་བསྟན་འཛིན་འབྲུག་གྲགས།

ཤོག་


58 ཉམས་ཞིབ་དེབ་ཕྲེང་། ༡

འདུལ་བ་སྟེ། ཕས་ཀྱི་རྒོལ་བ་སྒྲས་ཚར་བཅད། ནད་ཀྱིས་གདུང་བ་སྨན་གྱིས་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ།”

ཅེས་གསུངས་པར་འགྲེལ་བའི་ཚུལ་དུ“གནས་ཆེན་དེ་དག་གི་དགོས་པ་ནི། སངས་ རྒྱས་ཀྱི་བསྟན་པའི་གཞིར་གྱུར་ཅིང་གཞན་ཕན་རྗེས་སུ་འཛིན་པའི་ཕྱིར་དུ་བཟོ་

རིག་པ་དང༌། ཚིག་དོན་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཞུགས་པ་ཚར་

གཅོད་ཅིང་ངེས་དོན་ཡང་དག་སྒྲུབ་པའི་ཆེད་དུ་སྒྲ་ཚད་རིག་པ་དང༌། འགྲོ་བ་ནད་ ཀྱི་ཟུག་རྔུ་བསལ་ཞིང་ལུས་སྲོག་གསོ་བའི་ཆེད་དུ་གསོ་བ་རིག་པ་དང༌། བདེ་སྡུག་

ལེགས་ཉེས་མ་འདྲེས་སིལ་བུར་སྟོན་ཞིང་ཞི་བདེར་བཅོས་པའི་ཕྱིར་དུ་ཕྱི་རིག་པ་ དང༌། བགེགས་གདོན་ཐབས་ཀྱིས་བཅོམ་སྟེ་མཆོག་ཐུན་རང་རྒྱུད་ལ་ཐོབ་པར་བྱ་ བའི་ཆེད་དུ་ནང་དོན་རིག་པ་བཅས་བསྟན་པ་ཡིན” ཞེས་དང༌། 33

ནང་པའི་གཞུང<མདོ་སྡེ་རྒྱན>ལས་ཀྱང་། “རིག་པའི་གནས་ལྔ་དག་ལ་

བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་

འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང༌། །བདག་ཉིད་ ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །” ཅེས་སོགས་བོད་ཀྱི་ཆོས་བོན་གཉི་ 34

གའི་གཞུང་དག་ཏུ་རིག་གནས་གཉིས་ཏེ་ཆེ་བ་དང་ཆུང་བ་ཞེས་དང༌། ཆུང་བ་ལྔའང་

ཆེ ་ བ་ལྔའི ་ ཁོ ང ས་སུ་གཏོ གས་པར་བཤད་ལ་རིག ་གནས་བཅུ་བོ ་ དེ ་ རི མ ་གྱི ས ་ ཆོས་ལུགས་ཀྱི་དགོངས་དོན་ཁོ་ན་འགྲུབ་བྱེད་དུ་བྱས་པས་ཁྱབ་ཆུང་བར་གྱུར་ཏེ་

རིག་གནས་གཞན་དགུ་ནི་ཆོས་ལུགས་རིག་གནས་ཀྱི་ཡན་ལག་ལྟ་བུར་གྱུར་ཡོད་

33

34

<< བོན་སྒོ >> ༡༩༨༨ལོའ ི་ཨང༢པའི་ཤ ོག་ངོས༡༨ནས། འགོ་བ་བསྟན་འཛིན་འབྲུག་གྲགས་ཀྱིས་བརྩམས། ཁྲི་ བརྟན་ནོར་བུ་རྩེ་དཔེ་མཛོད་ཁང༌།

<<མདོ་སྡེ་རྒྱན།>> ཤོག་ངོས༧༠། རྗེ་བཙུན་བྱམས་པ་མགོན་པོས་མཛད། ཐེ་ཝན་ནང་པའི་ཤ ེས་ཡོན་བདེ་རྩ་ ལྷན་ཚོགས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 59

ལ༑ དེ་ལྟར་གྱུར་པའི་རྒྱུ་མཚན་གསལ་བཤད་ཅུང་ཟད་བྱས་ན་རིག་གནས་ལྔའི་

གྲས་ཀྱི་ཁྱབ་ཆེ་ཤ ོས་བཟོ་རིག་པ་ཁོ་ནར་མཚོན་ནས་དཔྱད་ཞིབ་བྱས་ན་ཤ ེས་པར་ འགྱུར་ཏེ། “ལུས་བཟོ་མཆོག་ནི་སྐུ་གསུང་ཐུགས་རྟེན་ཏེ། །ལུས་བཟོ་ལ་གཙོ་ཕལ་ གཉིས་ཡོད་པའི་མཆོག་གམ་གཙོ་བོ་ནི་སྐུ་རྟེན་རྒྱལ་བའི་སྐུ་བརྙན་བྲིས་འབུར།

གསུང་རྟེན་འཕགས་བོད་ཡིག་རིགས། ཐུགས་རྟེན་མཆོད་རྟེན་དང་ཕྱག་འཚལ་གྱི་

རིགས་ལ་སོགས་པ་རྣམས་ཡིན”ཞེས་དང༌། “ངག་བཟོ་མཆོག་གྱུར་རྩོད་འཆད་ རྩོམ་པ་དང༌། །ངག་བཟོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། གཞན་གྱི་ལོག་

རྟོག་འཇོམས་པའི་རྩོད་པ་དང༌། གདུལ་བྱ་རྗེས་སུ་འཛིན་པའི་འཆད་པ། བསྟན་པ་ གསལ་བར་བྱེད་པའི་རྩོམ་པ་དང་གསུམ་ཡིན”ཞེས་དང༌། “ཡིད་བཟོ་མཆོག་ནི་

ལེགས་གསུང་ཐོས་བསམ་སྒོམ། །ཡིད་ཀྱི་བཟོ་གནས་སུ་གྱུར་པའི་མཆོག་གམ་ ཁྱད་པར་ཅན་ནི་ལེགས་པར་གསུངས་པའི་བཀའ། དེའི་དགོངས་པ་འགྲེལ་བར་

བྱེད་པའི་བསྟན་བཅོས་ཁྱད་དུ་འཕགས་པ་རྣམས་ལས་དང་པོ་ཐོས་པས་བླངས་ དོར་གྱི་མིག་ཕྱེས་པ། བར་དུ་ལེགས་པར་བསམ་པས་ཐེ་ཚོམ་གྱི་སྒྲོ་འདོགས་

ཆོད་པ། ཐ་མ་ཚུལ་བཞིན་བསྒོམས་པས་གནས་ལུགས་ཀྱི་དོན་གཏན་ལ་ཕབ་པ་

རྣམས་སོ། །” ཞེས་སོགས་གསུངས་པས་ན་འཇིག་རྟེན་པའི་བཟོ་རིག་མཐའ་ 35

ཡས་པ་ཞིག་ཕལ་བར་བཅད་དེ་མི་མངོན་པར་གྱུར་ཅིང་བོད་ཀྱི་མཁས་པ་ཕལ་

མོ་ཆེས་བཟོ་རིག་འཆད་སྐབས་དགོན་སྡེའི་གར་ཐིག་དབྱངས་གསུམ་དང༌། ལྷ་ སྐུ་བཟོ་སྐྲུན། དཀྱིལ་འཁོར་ལྷ་ཁང་ཙམ་ལས་འདའ་མི་ཐུབ་ལ་དོན་གྱི་ངོས་ནས་

ཀྱང་བོད་ཀྱི་བཟོ་རིག་དེ་འདྲའི་ཕྱོགས་ཆུང་ཆུང་ཞིག་ཏུ་བསྐྱོད་དེ་ཆོས་ལུགས་ ཀྱི་ཡན་ལག་གི་བཟོ་རིག་ཙམ་དུ་གྱུར་ཡོད།

35

<<ཤེས་བྱ་ཀུན་ཁྱབ།>> བར་ཆའི་ཤོག་ངོས༢༤༨། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། མི་རིགས་དཔེ་སྐྲུན་ཁང་།


60 ཉམས་ཞིབ་དེབ་ཕྲེང་། ༡

ཆོ ས ་ལུགས་ཀྱི ་ ངོ ས ་ནས་བལྟས་པའི ་ བཟོ ་ རི ག ་ཕལ་བ་ནི “ ཁང་ཁྱི མ ་གྲུ་

གཟིངས་གོས་རྒྱན་ཟོས། གཞོམ་དང་སྲུང་བའི་འཕྲུལ་འཁོར་གོ་མཚོན་སོགས། ལུས་ཀྱི་རྩལ་ཕལ་བ་ནི། རྒྱལ་པོའ་ི ཕོ་བྲང་སོགས་ཁང་བ་བརྩིགས་པ་དང༌། ཁང་

མིག་ལྔ་བརྒྱ་བ། སྐྱེ་བོའ་ི ཁང་ཁྱིམ། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་

ཆེན་པོ། རྒྱ་གར་བལ་བོ་རྒྱ་ནག་སོགས་ཀྱི་ཆུ་ལ་བགྲོད་པའི་གྲུ་ཆུང༌། ཕོ་མོའ་ི

གོས་དང་རྒྱན་གྱི་ཁྱད་པར། བཟའ་བཏུང་གི་གཡོས་སྦྱོར་བ་རྣམས་དང༌། གཞན་

ཡང་ཕ་རོ ལ ་གྱི ་ དགྲ་གཞོ མ ་པའི ་ ངོ ་ མཚར་གྱི ་ སྦྱོ ར ་བ་བསྡུས་པའི ་ རྒྱུད་ལས་

བཤད་པ། ཐང་རྫོང་གཞིག་པ་རྡོའ་ི འཕྲུལ་འཁོར་ཏེ་སྒྱོགས། ཆུ་རྫོང་འཇོམས་པ་ གྲུའི་འཕྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། རལ་གྲི་འཁོར་བ་གྲི་

གུག་གི་འཕྲུལ་འཁོར། རྩེ་མོ་འབྱེད་པ་རླུང་གི་འཕྲུལ་འཁོར། རྩིག་པ་འཇིག་པ་གུར་ གྱི་འཕྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར་དང༌། རང་ཕྱོགས་

སྲུང་བར་རལ་གྲིའི་འཕྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་ འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཕྱོགས་ཀྱི་མཚན་

ཉིད། ལྡུམ་རར་གཅུ་བའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཕྲུལ་འཁོར་སོགས་དང༌། གཞན་ཡང་ཁྲབ་རྨོག་ཕུབ་སོགས་གོ་ཆ་དང༌། མདའ་གཞུ་རལ་གྲི་སོགས་མཚོན་ ཆའི་རིགས་བཟོ་བའི་བློ་གྲོས་དང༌།” འཐག་ལས་ཚེམ་རིགས། ལྕགས་རྡོ་དང་ 36

གསེར་དངུལ་སོགས་ཀྱི་བཟོ་སོགས་དང་།

གཞན་ཡང་སྒྱུ་རྩལ་དྲུག་ཅུ་རེ་བཞི་ལས་བཟོ་ལ་སོགས་པར་གཏོགས་པ་

སུམ་ཅུ་ནི“ཡི་གེ་དང༌། ལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། ཤོམ་སྟབས།

ལྕགས་ཀྱུས་བསྒྱུར་བ། རལ་གྲིའི་ཐབས། ཞགས་པས་གདབ་པ། མདའ་བོ་ཆེ་

36

<<ཤེས་བྱ་ཀུན་ཁྱབ།>> བར་ཆའི་ཤོག་ངོས༢༩༥། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 61

འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ ནས་འཕོག་པ། གྲི་དྲག་པར་འཕོག་པ། གནད་དུ་འཕོག་པ། མི་འཆོར་བར་འཕོག་

པ༑ ཚབས་ཆེ་བར་འཕོགས་པ། མཆོངས་པ། གྱད་ཀྱི་འཛིན་སྟངས། བང་འགྲོས།

རྐྱལ་བ། བརྒལ་བ། གླང་བོ་ཆེའི་གཉར་བཞོན་པ། རྟ་ཞོན་པ། ཤིང་རྟའི་ཐབས།

མདའ་གཞུ། གྱད་སྟོབས་དང་སུམ་ཅུ། རོལ་མོའ་ི བྱེ་བྲག་བཅོ་བརྒྱད་དེ་རྔ་བོ་ཆེ་ དང༌། རྫ་རྔ་དཀྱུས་མ། རྔ་ཟླུམ། ལག་རྔ༌། མཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་ རྔ་ཁ་གཅིག་པ། རྫ་རྔ་ཆེན་པོ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་བཀྲོལ། པི་

ཝང་རྒྱུད་གསུམ་པ། པི་ཝང་རྒྱུད་བདུན་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས། ཕེག་རྡེབ རྔ་ཆུང༌། གླིང་བུ་དང་བཅས་དང༌། གླུ་དབྱངས་ཀྱི་ངེས་པ་བདུན་ཏེ་བར་

མ་དང༌། དྲང་སྲོང༌། ས་འཛིན། དྲུག་སྐྱེས་སམ་དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་བཅས་དང༌། གར་གྱི་ཆ་བྱད་དགུ་སྟེ་སྒེག་པ་དང༌། དཔའ་བ། མི་སྡུག་

པ༑ དྲག་ཤུལ། བཞད་གད། འཇིགས་རུང༌། སྙིང་རྗེ། རྔམ་པའམ་ངོ་མཚར་བ། ཞི་

བ” དང་དགུ་བཅས་རྒྱ་གར་གྱི་སྒྱུ་རྩལ་དང༌། བོད་ཀྱི་ཕོ་རྩལ་སྣ་དགུ་སྟེ“མཐེབ་ 37

ཀྱིས་ཤ ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་རྩལ་གསུམ་ དང༌། ལོ་རྒྱུས་ཀྱི་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། གཤགས་ཀྱིས་ཕ་

རོལ་གནོན་པ” སྟེ་ངག་རྩལ་གསུམ་དང༌། མཛངས་ཤ ིང་བློ་འགྱུ་བ། དཔའ་ལ་སྲན་ 38

ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ”སོགས་དང༌།

གཞན་ཡང་ཁ་ཤ གས་ཟློས་གར། རྩོམ་རིག་དང་སྒྲིག་གཞི་ལམ་ལུགས། གློག་རྡུལ་ བཟོ་རིག དེང་གི་ཞིང་ལས་བཟོ་རིག ཕྱུགས་ལས་བཟོ་རིག ཚོང་ལས་འཕྲུལ་བཟོ་ 37

38

<<དུང་དཀར་ཚིག་མཛོད་ཆེན་མོ།>> སྟོད་ཆའི་ཤ ོག་ངོ༧༢༧། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད།

ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང༌།

<<བོད་ཀྱི་སྲིད་དོན་རྒྱལ་རབས།>> ཤོག་ངོས༡༦། ཞྭ་སྒབ་པས་མཛད། རྒྱ་གར་ལྡི་ལི་ནས་དཔེ་སྐྲུན་བྱས༌།


62 ཉམས་ཞིབ་དེབ་ཕྲེང་། ༡

སོགས་སྔོན་དུས་བགྲང་དུ་ཡོད་ལ་ད་ལྟ་དར་ན་ཆོག་པའི་བཟོ་རིག་མང་པོ་སྦས་

ཤིང་མི་མངོན་པར་གྱུར་ཏེ་བཟོ་རིག་ཡིན་ན་སྐུ་གསུང་ཐུགས་རྟེན་གྱི་བཟོ་ཙམ་དུ་

འཕྱན་ནས་ཡོད་ན་བོད་ཀྱི་བཟོ་རིག་ནི(གཙོ་བོ་བཟོ་དཔེ་དག་ཏུ་སྡོམ་ཚིག་རྒྱག་སྟངས་དང་མཁས་

པ་དག་གི་ལྟ་ཚུལ་ལ་བཤད་པ་ལས་བོད་ལ་དམངས་ཁྲོད་ལག་ལེན་རང་བཞིན་གྱི་བཟོ་རིགས་མང་དུ་ཡོད་པ་ནི་

བཤད་མི་དགོས་པས། དེ་དག་མེད་ཅེས་བསྙོན་པ་མིན།)

ཁྱབ་ཆུང་བ་མ་ཟད་གུ་དོག་པོ་ཞིག་ཡིན།

དེ་འདྲ་ཡིན་པ་བཟོ་གནས་སྐྲ་རྩེའི་ཆུ་ཐིགས་སོགས་བཟོ་དཔེ་རྣམས་ལ་བལྟས་ན་

ཤེས། ཆོས་ལུགས་ལ་ཐུན་མིན་ལྟ་སྟངས་ཤིག་ཡོད་ན་ཆོག་པ་ལས་འཇིག་རྟེན་ པའི་བཟོ་གནས་མཐའ་ཡས་པ་ལ་འཇིག་རྟེན་པའི་རིན་ཐང་ཞིག་དང་ནང་དོན་ཞིག

གོ་བ་ལེན་སྟངས་ཤ ིག བཤད་ཚུལ་ཞིག་བཅས་དགོས་པ་གལ་ཆེ། ཆོས་ལུགས་ ཀྱི་ཡན་ལག་ལྟ་བུའི་བཟོ་ནི་བཟོ་རིག་བྱེ་བྲག་པ་ཞིག་དང་ཆ་ཤས་ཙམ་ཡིན་པ་

ལས་བཟོ་རིག་ཧྲིལ་པོ་མིན་པ་དང་། བོད་ཀྱི་བཟོ་རིག་ཡིན་ན་དེ་ཙམ་ཡིན་དགོས་ པའི་ངེས་པ་གཏན་ནས་མེད་པ་ཤེས་པར་བགྱིས་ཏེ་ནང་དོན་རྒྱ་ཆེ་ས་དང་རྣམ་པ་

གྲངས་མང་པོའ ི་ངོས་ནས་བལྟ་བར་དཔྱོད་ཤེས་ཀྱིས་ཡང་བསྐྱར་བོད་ཀྱི་བཟོ་རིག་

ལ་དོན་སྙིང་གསར་པ་དང༌། འཚོལ་དཔྱོད་གསར་པ། ཕྱོགས་སྡོམ་གསར་པ་དང་

ཁ་ཕྱོགས་གསར་པ་ཞིག་བྱིན་ན་དུས་བབ་དང་འབྱོར་བར་བསམ། འདི་ནི་དཔེ་སྟོན་ པ་ཙམ་ཡིན་ལ་དཔེ་འདི་བཟོ་རིག་གི་སྟེང་དུ་བསྡུས་ཏེ་བསྟན་དོན་ནི“སྒོ་གསུམ་ བཟོ་ལ་ཤ ེས་བྱ་ཀུན་འདུས་ཀྱང༌། །” ཞེས་པ་ལྟར་བཟོ་རིག་ནི་རིག་ཚན་གཞན་ 39

དག་ལས་ཁྱབ་ཆེ་ཤ ོས་དང་བོད་ལ་མཚོན་ན་སྟོང་ཆ་ཆེ་ཤོས། དེང་གི་དུས་ན་འཚོ་ གནས་འཕེལ་རྒྱས་ཀྱི་ཐད་ནས་གལ་ཆེའི་དོན་སྙིང་ཞིག་ཡིན་ཕྱིར་དམིགས་སུ་

བཟུང་སྟེ་དཔེ་རུ་དྲངས་པ་ཡིན་ལ། རིག་ཚན་གཞན་དག་ཀྱང་ཆོས་ལུགས་ཀྱི་ཡན་ ལག་ཙམ་དུ་གོ་བ་མི་ལེན་པར་གོང་དུ་བཤད་པའི་བཟོ་རིག་དང་རིགས་བསྒྲེས་ཏེ་ 39 <<ཤེས་བྱ་ཀུན་ཁྱབ།>> སྟོད་ཆའི་ཤོག་ངོས༥༩། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 63

འཚོལ་དཔྱོད་གསར་པ་དང་གྲུབ་དོན་གསར་པ། ཁ་ཕྱོགས་གསར་པའི་ནང་དོན་ རྒྱ་ཆེ་ལ་རྣམ་གྲངས་མང་པོའ་ི ཕྱོགས་སུ་བསྐྱོད་ཐུབ་ན་རིག་གནས་དབྱེ་སྡུད་ཙམ་

པ་དེ་ལྔའམ་བཅུར་བྱས་ཀྱང་མི་ཆོག་པ་ཆེར་མེད་མོད། ད་ལྟའི་བོད་ཀྱི་མཁས་པའི་

ཚབ་མཚོན་དག་གིས་བོད་ཀྱི་རིག་གནས་མཐའ་དག་རྒྱ་གར་ནས་བྱུང་བ་ལས་བོད་ རང་ལ་རིག་གནས་མེད་པ་ལྟ་བུ་ཞིག་གསུང་བཞིན་པ་ནི། ནང་བསྟན་རིག་གཞུང་

དང་འགྲོ ག ས་ནས་བོ ད ་ལ་དར་བའི ་ རྒྱ་གར་གྱི ་ རི ག ་གནས་དེ ་ དག་ལ་བོ ད ་ཀྱི ་ རིག་གནས་ཞེས་གོ་བ་ལེན་པའི་རྒྱུན་སྲོལ་ཞིག་དང་། རིག་ཚན་དེ་དག་སྟོན་པའི་

གཞུང་ལུགས་ཀྱི་ངོས་ནས་བཤད་ན་བདེན་པ་ལགས་ཀྱང༌། དོན་དངོས་སུ་བོད་ཀྱི་

རིག་གནས་ཏེ་དཔེ་དེབ་ཀྱི་སྟེང་ན་ཕྱོགས་སྡོམ་བྱས་ཡོད་མེད་གང་ལྟར་ཡང་རིག་

གནས་ཀྱི་དོན་གྱིས་སྟོང་བར་སྙམ་ན་ནོར་ཚབས་ཆེ་བར་གོར་མ་ཆག ཞིང་ལས་

རིག་གནས་དང་ཕྱུགས་ལས་རིག་གནས། གོམས་སྲོལ་རིག་གནས་སོགས་མཐའ་ ཡས་པ་ཡོད་པ་འདི་དག་ཚང་མ་གང་ལྟར་ཡང་སྔོན་རབས་བོད་ཀྱི་རིག་གནས་

ཡིན་པ་དྲན་ཤ ེས་མི་ལྡན་པ་དག་གིས་ཀྱང་ཤེས་ནུས། ལྷག་པར་ནན་བཤད་ཅིག་ བགྱིས་ན་བོད་ཀྱི་རིག་གནས་ཀྱི་མ་འོངས་པ་ནི་དེང་གི་དུས་ན་བགྲང་བཞིན་པའི་

ཆོ ས ་ལུགས་ཀྱི ་ ཡན་ལག་གི ་ རི ག ་གནས་འདི ་ དག་གི ་ སྟེ ང ་དུ་རི ག ་གསར་སྣ་

ཚོགས་པ་དར་ཆོག་པས། རིག་གནས་ངོས་འཛིན་དང་དབྱེ་སྡུད་སོགས་རྒྱ་ཆེ་ས་ དང་གཏིང་ཟབ་སར་ཞུགས་ཏེ་འཇིག་རྟེན་པའི་རིག་གནས་གསར་པ་འཛུགས་སྐྲུན་ དང་དེ་མཐུན་གྱི་དཔྱད་འབྲས་གསར་པ་དང་གླེང་ཚུལ་ཤོད་ཚུལ་ཡང་གསར་པ་ ཕུན་སུམ་ཚོགས་པ་ཞིག་བྱུང་ན་དུས་དང་འཚམས་པའོ། །


64 ཉམས་ཞིབ་དེབ་ཕྲེང་། ༡

གསུམ་པ། གདོད་མའི་རིག་གནས་དང་དེའི་དབྱེ་བསྡུའི་རིགས་ ལམ།—འཚོལ་ཞིབ།

ཧིན་དྷིའི(Sindhu/Indus)ཆུ་འགྲམ་ནས་གདོད་མའི་མཚོ་བ་རོལ་མཁན་གྱི་རྒྱ་གར་བ་

དང༌། ནེལ(River Nile)གཙང་འགྲམ་དུ་གདོད་མའི་འཚོ་བ་རོལ་མཁན་གྱི་ཨེ་ཇིབ་མི་

རིགས་སོགས་དང་འདྲ་བར། ཡར་ཀླུང་གཙང་པོ་དང་རྨ་འབྲུ་ཆུ་བོའ་ི འགྲམ་རྒྱུད་ ནས་བོད་མི་རིགས་ཀྱིས་ཀྱང་འཚོ་གནས་བྱས་ཤིང་རིག་དངོས ་གསར་གཏོ ད་

བྱས་ཏེ་དཔལ་ཡོན(Civilization)གྱི་ཕྱོགས་སུ་ཁ་ཕྱོགས་ཡོད་པ་ནི། གནའ་ཤུལ་

ཆབ་མདོའ ི་ཁ་རུབ་གྱིས་མཚོན་པའི་ས་གཏེར་རིག་གནས་དང༌། ཞང་ཞུང་གི་བྲག་ བརྐོས་རིག་དངོས་སོགས་ཤུལ་བཞག་མང་པོ་ལས་ར་སྤྲོད་བྱེད་ཐུབ་ལ། དོན་

དངོས་སུའང་དེ་འདྲ་ཞིག་ཡིན་པར་གོར་མ་ཆག ཆབ་མདོ་ཁ་རུབ་རིག་དངོས་ སོགས་ལས(གནའ་རྫས་གཏེར་བཏོན་བརྟག་དཔྱད་ལ་བརྟེན་ནས་ཤེས་གསལ་ལྟར་ན།__ལོ་ངོ་བཞི་ཁྲི་དང་

ལྔ་ཁྲིའི་ཡར་སྔོན་ནས་བཟུང༌། མཚོ་བོད་མཐོ་སྒང་དུ་གདོད་མའི་མི་ཚོགས་འཚོ་བཞིན་མཆིས། དང་ཐོག་མཚོ་སྔོན་

ཞིང་ཆེན་ལྷོ་རྒྱུད་ཀྱི་ཆུ་བོ་ཐོ་ཐོའ་ི འགྲམ་དང་བོད་ལྗོངས་ཉིང་ཁྲི་ནས་རྙེད་པའི་རྡོ་ཆས་རྙིང་པ་དང་གནའ་མིའི་མགོ་ རུས། དེ་བཞིན་བོད་ལྗོངས་ཀྱི་དིང་རི་དང༌། གཉའ་ལམ། ནག་ཆུ། མངའ་རིས་ཀྱི་བྱང་རྒྱུད་དང༌། རྨོ་ཐོ། མཚོ་སྔོན་

ཞིང་ཆེན་གྱི་ཙོང་ཁའི་ཆུ་རྒྱུད་དང་རྨ་ཆུའི་འགྲམ་དང༌། མཚོ་ལྷོ་རང་སྐྱོང་ཁུལ་གྱི་ཆབ་ཆ་རྫོང་དང༌། བོད་ལྗོངས་ ཀྱི་ཆབ་མདོའ་ི ཁ་རུབ་སྡེ་བ་དང༌། ལྷ་སའི་བྱང་འགྲམ་བཅས་སུ་རྡོ་ཆས་སྣ་ཚོགས། རུས་ཆས། རྫ་ཆས་སོགས་

རྙེད། བྱང་ཐང་གི་ཚེ་མདོ་ཚ་ཁ་མཚེའུ་འགྲམ་དུའང་གདོད་མའི་སྐབས་བཟོས་པའི་རྡོ་ཆས་བཟོ་ར་རྙེད། གཡའ་ཆུར་

འབྲོག་སྡེའི་ཤུལ་ག་ནས་རྩེ་བཏོད་ཡོད་པའི་རྡོ་ཆས་གསར་དུ་རྙེད། བོད་ལྗོངས་ཆབ་མདོར་ཁ་རུབ་རྗེས་ཤུལ་རྙེད་ པར་དོན་སྙིང་ཆེན་པོ་ཡོད་ལ། ཁ་རུབ་སྡེ་བའི་གནའ་མིའི་རྗེས་ཤུལ་ལོ་ངོ་བཞི་སྟོང་བདུན་བརྒྱ་འགྱངས་ཟིན།)40

40

<<བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའ ི་རྣམ་བཤད་ཅེས་བྱ་བ་བཞུགས་སོ། །>> ཤོག་ངོས༢༡།

དཔལ་ལྡན་ཉི་མས་བརྩམས། རྒྱལ་ལོས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 65

གནའ་བོའ་ི རྡོ་ཆས་དང་རུས་ཆས་ངོ་གྲངས་མང་པོ་རྙེད་ཡོད་ལ། དེབ་ཐེར་རྣམས་

སུ་མངའ་མཛད་བཅུ་གཉིས་ཤོད་པའི་སྐབས་སུའང་མདུང༌དང་། མདའ་གཞི། སྟ་

རེ་དགྲ་སྟ། སྒྲོགས། ཁ་ཊཾ་རྩེ་གསུམ། ཕུབ་ལ་སོགས་པ་བྱུང་བར་བཤད་ཡོད་ལ།

མཛངས་བློན་བདུན་གྱི་མཛངས་ཆོས་བརྩི་བའི་སྐབས་སུའང་དེ་ཡི་དུས་སུ་གསེར་ དངུལ་ཟངས་ལྕགས་བྱུང་ཞེས་པ་སོགས་ཀྱི་སྟེང་ནས་ཀྱང་དེ་སྔ་ནས་བོད་ལ་རིག་

གནས་ཕུན་སུམ་ཚོགས་པ་དར་ཡོད་པར་གདོན་མི་ཟ་ན། ལྡེའུ་སྒྲུང་བོན་གསུམ་

གྱི་འགོ་ཁུངས་ནི་ང་ཚོས་གནའ་བོའ ི་དུས་ལ་བཞག་སྟེ་བཤད་དགོས་པ་ལས་རྒྱལ་

རབས་ཉེར་བདུན་གྱི་རིང་ལ་ཞེས་བཙན་པོའ ི་སྐབས་ཙམ་ནས་བཤད་ན་ཧ་ཅང་ནོར་

བའོ། །

བོད་ཀྱི་གནའ་བོའ་ི རིག་གནས་ལ་དེ་སྔ་སྡོམ་ཚིག་གསལ་ཐག་ཆོད་པ་ཞིག་

མེད་ནའང༌། “བོན་སྒྲུང་ལྡེའུ་གསུམ་གྱི་རིག་གནས”བྱུང་ཡོད་པ་དེབ་ཐེར་ཀུན་ཏུ་

གྲགས་ཤ ིང༌། དཔེར་ན། ༡) “ཆབ་སྲིད་བོན་དང་སྒྲུང་ལྡེའུ་གསུམ་གྱི་བབས་སྐད་

པ༑ སྡེ་སྣོད་གསུམ་བོད་དུ་འབྱུང་བའི་སྔ་ལྟས་སུ། བོན་དང་སྒྲུང་དང་ལྡེའུ་གསུམ་ ལ་སྤྱོད་པའོ། ། ༢) ཆབ་སྲིད་ནི་སྒྲུང་སྟེ་ལྡེའུ་བསྒྱུར་རོ། །ཞེས་དང༌། 41

41

(རྒྱལ་རབས་

<<གངས་ཅན་རིག་མཛོད།>> མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། ཤོག་ངོས༢༤༩།


66 ཉམས་ཞིབ་དེབ་ཕྲེང་། ༡ གསལ་བའི་མེ་ལོང༌།)

༣) བྱ་ཁྲིའི་མཚན་ལ་སྤུ་དེ་གུང་རྒྱལ་ཟེར། ཡབ་ཀྱི་རིང་ལ་ཞང་

ཞུང་དང༌། གྲུ་ཤ འི་གཤེན་གྱི་དུར་བོན་བྱུང་ཞིང༌། སྲས་ཀྱི་རིང་ལ་སྐུ་མཁར་ཕྱིང་བ་ སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང༌། ཞེས་དང༌། ཡང་ གདུང་རབས་ཉེར་བདུན་གྱི་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ ཞེས་དང༌།

(བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའ ི་གླུ་དབྱངས།)

༤) རུ་ལས་སྐྱེས་ཞེས་པས་སྲས་ཉ་

ཁྲི་རྒྱལ་སར་བཅུག་སྟེ་སྤུ་ལྡེ་གུང་རྒྱལ་བཏགས། གཅེན་ཤ ་ཁྲི་དང༌། གཅུང་བྱ་ཁྲི་ གཉིས་ཀོང་པོ་ཉང་པོའ་ི རྗེ་མཛད། ལོ་ངམ་བཏུལ། དེ་གཉིས་ཀྱི་རིང་ལ་སྒྲུང་དང་

ལྡེའུ་བྱུང༌།”(དེབ་ཐེར་དམར་པོ།) ཞེས་སོགས་འབྱུང་བ་ལས་ལྡེའུ་སྒྲུང་བོན་གསུམ་ལ་ 42

ཤེས་རིག་ཅིག་གི་ངོས་ནས་ལྟ་ཐུབ་མེད་པ་ནི་ལོ་རྒྱུས་ཡིག་ཆ་རྙིང་པའི་རྐྱེན་དུ་ ངེས་མོད། ཕྱོགས་གཞན་ཞིག་ནས་བལྟས་ན་ཤེས་རིག་དཔྱད་ཞིབ་ཀྱི་བསམ་ བློ ས ་མ་འདང་བ་ཙམ་ལས་དོ ན ་དངོ ས ་སུ་བོ ན ་སྒྲུང་ལྡེ འུ ་གསུམ་ཞེ ས ་པའི ་ ཐ་ སྙད་དེ་དང་། དངོས་ཡོད་བོད་ཀྱི་གྲོང་གསེབ་འཚོ་བ་དག་ལས་གདོད་མའི་ཤ ེས་

རིག་ལ་དཔྱད་ཞིབ་ཀྱི་རྒྱུ་ཆ་ཡོངས་སུ་ཚང་ཡོད་པར་སྙམ། དེ་བས་མཁས་དབང་ ནམ་མཁའི་ནོར་བུས་བོན་གྱི་གཞུང་དང་ཆོ་གའི་ཁྲོད་ནས་ཉམས་ཞིབ་བྱས་ཏེ་བོན་ སྒྲུང་ལྡེའུ་གསུམ་ལ་དཔྱད་པར་རྒྱུ་ཆ་གསར་པ་མཁོ་འདོན་བྱས་ཡོད། བདག་གིས་

བལྟས་ན་ལོ་རྒྱུས་དེབ་ཐེར་དག་ལས་བྱུང་བའི་ལྡེའུ་ཞེས་པ་འཇུ་མི་ཕམ་དང༌། ཚེ་

ཏན་ཞབས་དྲུང༌། དུང་དཀར་བློ་བཟང་འཕྲིན་ལས། བསེ་ཚང་བློ་བཟང་དཔལ་ལྡན་

སོགས་ཀྱིས་ཁེད་ཀྱི་བརྡ་རྙིང་དུ་བཤད་པ་ཙམ་ལས་དབྱེ་ཞིབ་གནང་མེད་པར་ སྙམ། “ཁྲི་ཐོག་རྗེ་བཙན་ཏེ་གདུང་རབས་ཉེར་བདུན་གྱི་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་ 42

མཁས་པ་ལྡེའུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

<<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།>> ཤོག་ངོས༢༨། ནམ་མཁའི་ནོར་བུ། བོད་ཀྱི་དཔེ་མཛོད་ཁང་

གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 67

གསུམ་གྱིས་བསྐྱངས་པ་ཡིན་ཞེས་གྲགས་ལ། བོན་ནི་དགེ་སྒྲུབ་ལྷ་མཆོད་དང་འདྲེ་ འདུལ་མོ་རྩིས་བྱེད་པ་སོགས་ཡིན་ལ། དེ་དག་བྱེད་མཁན་ཞིག་རྒྱལ་པོའ ི་ཨ་མཆོད་

དུ་བསྟེན་པ་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཟེར། བོན་བྱུང་བ་ནི་སྔགས་དང་འདུལ་ བ་འབྱུང་བའི་སྔ་ལྟས་ཡིན་ཟེར། སྒྲུང་ནི་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང༌། མ་སངས་ གི་སྒྲུང༌། མཆིལ་བའི་སྒྲུང་སོགས་ཉན་བཤད་བྱས་ཏེ། མི་རྣམས་ཀྱི་བློ་རིག་པའི་ གནས་ལ་གཞོལ་བར་བྱས། སྒྲུང་བྱུང་བ་ནི་མདོ་སྡེའི་སྡེ་སྣོད་འབྱུང་བའི་སྔ་ལྟས་

ཡིན་ཟེར། ལྡེའུ་ནི། དེང་སང་ཁེད་ཅེས་གྲགས་པ་སྟེ། སྲང་ལ། ཐེམ་གཉེར་ལྦ་བ་

ཆི་ཅི་ཡིན། ཞེ་འདྲི་བ་སོགས་ཏེ། དེས་མི་རྣམས་ཀྱི་རིག་པའི་སྒོ་འབྱེད་པ་སྟེ། ལྡེའུ་ བྱུང་བ་ནི་མངོན་པའི་སྡེ་སྣོད་འབྱུང་བའི་སྔ་དུས་ཡིན་ཟེར། དེ་ལྟར་བྱེད་པ་ལ་ཆབ་

སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས།” ཞེས་པའི་བཤད་ཚུལ་འདི་དག་གིས་ 43

ཀྱང་དེ་སྔའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་འདྲ་བར་ཡིག་ཆས་ཕོངས་པས་

བསྐལ་པ་ཆགས་ཤ ིང་མིའི་འགྲོ་བ་བྱུང་ཚུལ་ཧ་ཅང་མདོར་བསྡུས་ཤ ིག་བཤད་རྗེས་ ལོ་ངོ་ཁྲི་ཕྲག་གོམ་སྟབས་གཅིག་གིས་བརྒལ་ཏེ་གཉའ་ཁྲི་ནས་རྒྱལ་རབས་གྲངས་ འདྲེན་ཞིག་བྱས་རྗེས། ཐད་ཀར་སྲོང་བཙན་སྐབས་སུ་བབས་ཏེ་གཞི་ནས་བོད་ཀྱི་

ལོ་རྒྱུས་གླེང་བའི་ཤུགས་རྐྱེན་འོག་ནས་བོན་སྒྲུང་ལྡེའུ་གསུམ་ཡང་དར་འཕྱི་ལ་ ཁྱབ་ཁོངས་ཆུང༌ཞིང་། རིན་ཐང་མེད་པ་ཞིག་ཏུ་གྱུར་ཡོད།

ཕྱི ས ་ཀྱི ་ མཁས་དབང་ནམ་མཁའི ་ ནོ ར ་བུས<<སྒྲུང་ལྡེ འུ ་བོ ན ་གསུམ་གྱི ་

གཏམ་ཨེ་མ་ཧོ།>>བརྩམས་པ་ནས་རིག་ཚན་དེ་གསུམ་གྱི་ཁྱབ་ཁོངས་རྒྱ་ཆེར་

ཕྱིན་ཡོད་ཀྱང་དེའང་བོན་ཆོས་ཀྱི་ཡིག་ཆར་ཁུངས་བཅོལ་བ་ཞིག་ཡིན་པས་ཆོས་ ལུགས་ཀྱི་ནང་དོན་ཅན་ལས་བོད་ཀྱི་གདོད་མའི་རིག་བྱེད་སྤྱིའི་ཕྱོགས་ནས་དེ་ཙམ་ 43

<<རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ། །>> ཤོག་ངོས༢༥། དམུ་ དགེ་བསམ་གཏན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།


68 ཉམས་ཞིབ་དེབ་ཕྲེང་། ༡

གླེང་མེད། ལྡེའུ་ཞེས་པ་ལྷ་དང་གསང་བའི་དོན་ལ་གོ་བ་དང༌། ལྡེའུ་འཇུག་ཡུལ་ ཀྱང་ཁེད་ཡིན་པས་དཔྱད་ན་ལྡེའུ་རིག་ཚན་ནི་མཚན་ཉིད་རིག་པའི་མེས་པོའམ་

གསང་གནས་མཐིལ་བརྟོལ་བྱེད་པའི་རིག་པ་ཆ་ཚང་བར་འཇུག་པ་ཡིན་སྟེ། དཔེར་

ན༑ མིའི་འབྱུང་ཁུངས་འཚོལ་བ་དང༌། སྲིད་པ་ཆགས་ཚུལ། རང་བྱུང་གི་ནུས་པ་ མཐའ་དག་ལ་རྟོག་པ་དང་བཅས་ཏེ་ངོས་འཛིན་བྱེད་པའི་རིག་པ་ཞིག་ཡིན་ཞིང༌། དེང་གི་དབང་དུ་བྱས་ན་མཚན་ཉིད་རིག་པའི་ལྟ་སྟངས་སྤྱི་ལ་ངོས་འཛིན་བྱས་

ན་མི་འགྲིག་པ་མེད་པར་སྙམ། སྒྲུང་ནི་ལྡེའུ་རིག་པས་ངོས་འཛིན་གང་བྱས་པའི་ འགྲེལ་བརྗོད་ཏེ་རྩོམ་རིག་གི་མེས་པོའམ་གཏམ་རྒྱུད་ལ་གོ་སྟེ། དཔེར་ན། རང་

བྱུང་གི་རི་བོ་མཐོན་པོ་ཞིག་གི་འབྱུང་བའི་ནུས་པ་ལ་ལྡེའུ་ཡིས་དེའི་རྒྱབ་ལོགས་ ན་ཤེས་པ་ནུས་པའི་སེམས་ཅན་མི་ལས་ཧ་ཅང་གིས་སྟོབས་ཤུགས་ཆེ་བ་ཞིག་ ཡོད་པར་ངོས་བཟུང་བ་ན་དེའི་རྣམ་པ་དང་ནུས་པ། ཞོན་པ། སྡོད་གནས་སོགས་ འགྲེལ་བརྗོད་བྱེད་པའི་རིག་ཚན་ཞིག་ཡིན་ལ་དེས་ལྷ་ཙམ་མིན་པར་མི་དང་རང་

བྱུང་སོགས་ཀྱི་འགྲེལ་བརྗོད་དང་ཤ ོད་ཚུལ་མཐའ་དག་ལ་ཁྱབ་པར་སྣང༌། བོན་ནི་

ལྷ་ལ་མཆོད་པ་བྱེད་པ་ཙམ་མ་ཡིན་པར་ལྡེའུ་རིག་པས་ངོས་འཛིན་དང༌། སྒྲུང་གི་ ཤོད་ཚུལ་དང་བསྟུན་ཏེ་བྱ་སྤྱོད་སྤེལ་ལུགས་ལ་གོ་ན་འགྲིག དཔེར་ན། ལྡེའུ་རིག་

པའི་ནང་ཚན་རྩིས་ཀྱིས་རང་བྱུང་གི་འགྱུར་བ་དང་འབྱུང་འགྱུར་གྱི་སྔོན་དཔག་

ལ་བརྟེན་ནས་བྱ་སྤྱོད་སྤེལ་བ་ལྟ་བུ་ཞིག་སྟེ། དེའང་ཡུལ་གོམས་སུ་གྱུར་པའི་བྱ་ སྤྱོད་ཚང་མར་འཇུག་པར་སྙམ།

བོན་སྒྲུང་ལྡེའུ་གསུམ་ཞེས་པའི་ཐ་སྙད་གསུམ་གྱི་གོ་རིམ་ནི་བརྗོད་བདེའི་

དབང་དུ་བྱས་པར་མངོན་སྟེ། རིག་གནས་བྱུང་འཕེལ་གྱི་དབང་དུ་བྱས་ན་ལྡེའུ་སྔོན་

དུ་འབྱུང་དགོས་ལ། དེ་ནས་སྒྲུང༌བྱུང་། དེ་ནས་བོན་བྱུང་དགོས། མིའི་རྣམ་དཔྱོད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 69

འཕེལ་བའི་ཆོས་ཉིད་ཀྱི་དབང་དུ་བྱས་ན་ཐོག་མར་ངོས་འཛིན་བྱས་པའི་རྗེས་སུ་ ཤོད་ཚུལ་འབྱུང་བ་དང༌། དེ་ནས་སྤྱོད་ཚུལ་འབྱུང་བས་ར་སྤྲོད་བྱེད་ནུས། དབྱེ་སྡུད་

བྱེད་ལུགས་དང་ཐ་སྙད་འདོགས་ལུགས་ཙམ་ལས་དོན་དུ་འཇིག་རྟེན་འདིར་མིའི་ འགྲོ་བ་བྱུང་བ་ནས་བཟུང་ལྡེའུ་སྒྲུང་བོན་གསུམ་གྱི་ཤེས་རིག་གི་འཕེལ་རིམ་འདི་

མ་བརྒྱུད་པའི་མི་རིགས་མེད་པར་སྣང༌། འདི་འདྲའི་རིག་གནས་ལ་རྒྱ་གར་བས་ རིག་བྱེད་བཞི་ཟེར་ཞིང་ཁོ་ཚོའི་རིག་བྱེད་བཞིའང་ཕྱིས་སུ་ཆོས་ལུགས་ཀྱིས་དབང་

བསྒྱུར་བྱས་ཏེ་བོད་ཀྱི་ལྡེའུ་སྒྲུང་བོན་གསུམ་དང་འདྲ་བར་ཁྱབ་ཆུང་དུ་ཕྱིན་ཡོད་

པར་སྙམ། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་འདུལ་བ་འབྱུང་བའི་སྔ་ལྟས་སུ་བོན་

བྱུང་ཞེས་པས་ཀྱང་རང་བཞིན་གྱིས་བོན་ནི་བྱ་སྤྱོད་ཀྱི་རིག་གནས་ཤ ིག་དང༌། མདོ་

སྡེ་འབྱུང་བའི་སྔ་ལྟས་སུ་སྒྲུང་བྱུང་ཞེས་པས་རང་བཞིན་གྱིས་སྒྲུང་ནི་འགྲེལ་བརྗོད་ ཀྱི་རིག་གནས་ཤ ིག་དང་། མངོན་པ་འབྱུང་བའི་སྔ་དུས་སུ་ལྡེའུ་བྱུང་ཞེས་པས་རང་ བཞིན་གྱིས་ལྡེའུ་ནི་མི་དང་རང་བྱུང་གི་གསང་བ་བརྟོལ་བའི་རིག་གནས་ཤ ིག་ཡིན་ པ་ཁས་བླངས་ཡོད། དེ་བས་གདོད་མའི་རིག་གནས་དབྱེ་སྡུད་བྱེད་དགོས་ན། གོང་

དུ་བཤད་ཟིན་པ་ལྟར་དེའི་ཁྱབ་ཁོངས་ཧ་ཅང་ཆེ་ནའང་དོན་དངོས་རྟོགས་པའི་ཕྱིར་ དུ་དཔེ་ཙམ་བཀོད་དེ་དབྱེ་བ་ཕྱེ་ན། (བོན་གྱི་རིག་པ།)

༡) མགོན་ཤ ེས་ཕྱྭ་བོན། ༢) གཡང་ཤེས་ཕྱྭ་བོན། ༣) འགྲོ་ཤ ེས་གླུད་གཏོད།

༤) འདུར་ཤ ེས་སྲིད་གཤེན། ༥) གཙང་ཤེས་སེལ་འདེབས། ༦) སྒྲོལ་ཤ ེས་ལྟ་

བྱད། ༧) ཕན་ཤེས་སྨན་དཔྱད། ༨) སྐོས་ཤེས་རྩིས་མཁན། ༩) སྨྲ་ཤ ེས་གཏོ་དགུ། ༡༠) ལྡིང་ཤ ེས་ཤ ་བ། ༡༡) འཕུར་ཤེས་ཇུ་ཐོག ༡༢) འགྲོ་ཤ ེས་འཕྲུལ་བོན་བཅས་ བོན་ཤ ེས་པ་ཅན་བཅུ་གཉིས་ལྟ་བུ་ནི་དེའི་ནང་གི་ཆ་ཤ ས་ཙམ་དང་ཕྱིས་སུ་ཕྱོགས་


70 ཉམས་ཞིབ་དེབ་ཕྲེང་། ༡

སྡོམ་བྱས་ཟིན་པའི་རིགས་དབྱེ་ཙམ་ཡིན་པར་སྣང་ལ། དོན་དངོས་སུ་བོན་ནི་རང་ བྱུང་འདུལ་སྦྱོང་གིས་མཚོན་པས་འཚོ་གནས་བྱེད་ཐབས་མང་པོ་ཞིག་གི་སྤྱི་མིང་དུ་ ངེས་སོ། །

(སྒྲུང་གི་རིག་པ།)

འཇིག་རྟེན་ཆགས་ཚུལ་གྱི་སྒྲུང༌། མི་བྱུང་ཚུལ་གྱི་སྒྲུང༌། སྲོག་ཆགས་ཀྱི་

སྒྲུང༌། རང་བྱུང་སྣང་ཚུལ་སྟོན་པའི་སྒྲུང༌། མིའི་ངལ་རྩོལ་དང་འབྲེལ་བའི་སྒྲུང༌།

གོམས་གཤིས་འགྲེལ་བའི་སྒྲུང༌། འཚོ་བ་སྲུང་བའི་སྒྲུང་སོགས་ཧ་ཅང་མང༌པོ་ཡོད་ པ་དེ་དག་ནི་མི་དང་རང་བྱུང་འགྲེལ་བརྗོད་ཡོད་དོ་ཅོག་གི་སྤྱི་མིང་དུ་ངེས་སོ། ། (ལྡེའུ་རིག་པ།)

༡) རང་བྱུང་གསང་གནད་འཚོལ་བའི་རིག་པ། ༢) བྱུང་རིམ་གྱི་གསང་

གནད་འཚོལ་བའི་རིག་པ། ༣) བདག་ཉིད་ཀྱི་གསང་གནད་འཚོལ་བའི་རིག་པ། ༤) བྱ་སྤྱོད་ཀྱི་གསང་གནད་འཚོལ་བའི་རིག་པ། ༥) མི་དང་གཞན་གྱི་འབྲེལ་བའི་ གསང་གནད་འཚོལ་བའི་རིག་པ་སོགས་འདུས་པའི་ངོས་འཛིན་ཡོད་དོ་ཅོག་གི་སྤྱི་ མིང་དུ་ངེས་སོ། །

རིག་ཚན་འདི་གསུམ་གྱིས་ཆོས་ལུགས་ཙམ་མ་ཡིན་པར་གདོད་མའི་འཚོ་

བ་ཧྲིལ་པོ་ལ་ཁྱབ་པ་དང༌། གདོད་མའི་རང་བཞིན་ཅན་གྱི་རིག་གནས་ཡིན་གཤིས་ གཙོ་བོ་ཁ་གཏད་ཕྱོགས་དེ་རང་བྱུང་ཁམས་ཡིན་ལ། མིའི་བློ་རིག་གི་ཆུ་ཚད་ཞན་ པས་འཆར་རྟོག་གི་ཆ་ཤུགས་ཆེར་འདྲེས་ཡོད་པས་ན་རིག་ཚན་དེ་གསུམ་ལ་རྟོག་

པ་དང་རང་བྱུང་རྐྱ་འཐབ་པའི་སྣང་ཚུལ་ཡོད་པས་ན། མི་དང་རང་བྱུང་ཁ་མ་གྱེས་ པའི་དུས་རབས་ཀྱི་རང་བྱུང་དང་མིའི་བར་གྱི་འབྲེལ་བའི་རིག་གནས་ཤ ིག་ཡིན༌པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 71

མ་ཟད། གདོད་མའི་མི་རྣམས་རང་བྱུང་གི་བཀོད་འདོམས་འོག་ཏུ་འཚོ་བའི་དུས་ སྐབས་ཀྱི་རང་བྱུང་འདུལ་སྦྱོང་གི་རིག་གནས་ཤིག་ཀྱང་ཡིན་ནོ། །

བཞི་པ། རིག་གནས་བགྲོ་གླེང༌།—འཚོལ་ཞིབ།

༡ རྒྱལ་ཁབ་ཁག་གཅིག་གི་རིག་གནས་སྟེང་གི་བགྲོ་གླེང་།

འཛམ་གླིང་འདི་ཕྱོགས་གཅིག་ནས་བལྟས་ན་དགག་སྒྲུབ་དང་བགྲོ་གླེང་ལ་བརྟེན་

ནས་འཕེལ་རྒྱས་འགྲོ་བཞིན་ཡོད། གལ་སྲིད་ལྟ་སྟངས་རྙིང་པར་ལྟ་སྟངས་གསར་ པས་ཚབ་བྱེད་པའི་བགྲོ་གླེང་མ་བྱུང་བ་ཡིན་ན། མིའི་རིགས་ད་དུང་གདོད་མའི་

གནས་སྟངས་ན་ཡོད་པར་གདོན་མི་ཟ་ཞིང་། མིའི་རིགས་མདུན་བསྐྱོད་ལ་དགའ་བ་ དང༌། ཤེས་རབ་ལ་དགའ་བའི་དབང་གིས་གདོད་མ་ནས་ལྟ་ཚུལ་རྙིང་བརྗེ་གསར་

ལེན་བྱས་ཏེ་རང་བྱུང་གི་གསང་གནད་མང་པོ་བརྟོལ་བའི་ལོ་རྒྱུས་ཀྱི་དཔང་རྟགས་

སྣ་ཚོགས་མི་རབས་རྗེས་མར་འཇོག་གིན་ཡོད། ལྟ་ཚུལ་གསར་པའི་དབང་གིས་ བགྲོ་གླེང་ཡང་གསར་པ་འབྱུང་བཞིན་པ་དང༌། བགྲོ་གླེང་གསར་པའི་དབང་གིས་ ཡར་རྒྱས་ཀྱི་རྣམ་པ་གསར་པ་འབྱུང་བཞིན་ཡོད།

ནུབ་ཕྱོགས་རིག་གནས་ལ་མཚོན་ནའང་བགྲོ་གླེང་སྣ་ཚོགས་བྱུང་ཡོད་དེ།

གནའ་བོའ ི་གྷི་རི་སིའི་ལྟ་གྲུབ་སྨྲ་བ་སོ་ཁ་ར་ཊི་སི(Socrates) དང༌། པེ་ལ་ཊོ​ོ(Plato) ཨ་

རི་སི་ཊོ་ཀྲོལ(Aristotle) བཅས་མཚན་ཉིད་རིག་པའི་མཁས་དབང་གསུམ་བྱུང་བ་

ནས་རིམ་གྱིས་བགྲོ་གླེང་འབྱུང་བའི་འགོ་བརྩམས་པ་རེད། ལྷག་པར་དུ་རོམ་གྱིས་

གྷི་རི་སི་ལ་སོགས་པའི་རྒྱལ་ཁབ་མང་པོར་དབང་བསྒྱུར་བྱས་པ་ནས་ཡེ་ཤུ་མ་


72 ཉམས་ཞིབ་དེབ་ཕྲེང་། ༡

བྱོན་གོང་གི་ལོ༢༥༠ཙམ་གྱི་སྔོན་ནས་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བའི་ལུགས་

སྲོ ལ ་ཤུ གས་ཆེ ་ རུ་ཕྱི ན ་ཡོ ད ་པའི ་ རྨང་གཞི འི ་ སྟེ ང ་ནས་ཡེ ་ཤུ འི ་ སྟོ ན ་པ་བྱུང་སྟེ ་

རྗེའུ(Jewish) མིག་གི་ལན་དུ་མིག་དང༌། སོ་ཡི་ལན་དུ་སོ་ཞེས་པའི་གསུང་རབ་ལས་

ཡོངས་སུ་ལྡོག་སྟེ་བཟོད་བསྲན་གྱི་ཆོས་ལུགས་བསྟན་ཏེ་བགྲོ་གླེང་གི་ཁ་ཕྱོགས་ གསར་པ་གསར་གཏོད་གནང༌། ཇི་ལྟར་བཀག་ཀྱང་འགོག་མ་ཐུབ་པར་མཐར་ཕྱི་ ལོ༣༢༤ལོ་ལ་ཀོན་སེ་ཊན་ཊིན(Constantine)ཆོས་ཀྱི་རྒྱལ་པོར་བསྐོས།

དུས་རབས་གསུམ་པ་ནས་མུན་པའི་དུས་རབས(Dark Ages) བྱུང་སྟེ་བགྲོ་

གླེ ང ་གི ་ གོ ་ སྐབས་ཡོ ང ས་སུ་འགག་ཟི ན ་ནའང༌། དུས་རབས་བར་མ་སྟེ ་ དུས་

རབས༡༡པའི་ནང་དུ་སླར་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་གླེང་ཕྱོགས་ལ་གོ་གནས་

ཐུབ་སྟེ་ཨ་རི་སི་ཊོ་ཀྲོལ་གྱི་ལྟ་གྲུབ་ལ་སླར་ཡང་སློབ་སྦྱོང་བྱས། དུས་རབས་བར་ མའི་བགྲོ་གླེང་ལ་ཞན་ཆ་གཉིས་ཡོད་དེ། ༡) གཏན་གྱི་བདེ་བ་འདོད་ན་ཡེ་ཤུ་ཆོས་ ལུགས་སྦྱོང་དགོས་པ་དང་། ༢) དམིགས་ཡུལ་དེ་འགྲུབ་པ་ལ་ངེས་པར་དུ་ཨ་རི་སི་ ཊོ་ཀྲོལ་གྱི་ལྟ་གྲུབ་སྦྱོང་དགོས་པ་བཅས་ཡིན་ནོ། །

ཕྱི་ལོ༡༤༥༠ནས་སླར་གསོའ ི་དུས་རབས(Renaissance) བྱུང་བ་དང་དེ་ནི་བགྲོ་

གླེང་གི་ཁ་ཕྱོགས་གསར་པ་ཞིག་ཡིན། ཨེ་ར་སི་མ་སི་(Erasmus1466-1532) དང་ ཁོང་གི་གྲོགས་པོ་ཐོ་མ་སི་མོར(ThomasMoore) གཉིས་ཀྱིས་ཆོས་ཀྱི་ནང་དོན་ལྟར་

འཇིག་རྟེན་དང་བྲལ་རྒྱུ་དེ་གནས་ལུགས་ཤིག་མ་ཡིན་པར་དེ་ལས་སྤྱི་ཚོགས་ནང་ དངོས་སུ་ཞུགས་ནས་ཞབས་འདེགས་བསྒྲུབ་དགོས་པའི་བགྲོ་གླེང་གི་ཁ་ཕྱོགས་

གསར་གཏོད་གནང༌བ་དང་། ཚན་རིག་གི་དུས་རབས་འགོ་བརྩམས་པ་ནས་སྒ་ལི་

ལེའོ(Galileo 1564-1642) བྱུང་སྟེ་རྒྱང་ཤེལ་གྱི་རིག་པ་གསར་གཏོད་བྱས་པ་ནས་སྔར་ གྱི་ཨ་རི་སི་ཊོ་ཀྲོལ་སོགས་ཀྱིས་འཛམ་གླིང་ལྟེ་བར་སྨྲ་བའི་ལྟ་ཚུལ་ལ་དགག་སྒྲུབ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 73

གནང་སྟེ་ཉི་མ་ལྟེ་བར་སྨྲ་བའི་བགྲོ་གླེང་གསར་གཏོད་གནང༌། དེའི་ཕྱིས་སུ་ཌར་

ཝིན(Charles Darwin 1809) གྱིས་སྐྱེས་དངོས་འཕེལ་འགྱུར་རིག་པའི་ལྟ་གྲུབ་བཏོན་

པ་ནས་དཀོན་མཆོག་གིས་འཇིག་རྟེན་བསྐྲུན་པའི་ལྟ་ཚུལ་ལས་ཡོངས་སུ་ལྡོག་ པའི་བགྲོ་གླེང་གསར་གཏོད་གནང༌། གོང་གི་ནུབ་ཕྱོགས་སྤྱི་ཚོགས་ཀྱི་བགྲོ་གླེང་

གི་འཕེལ་ཕྱོགས་ལ་བལྟས་ན་ལྟ་གྲུབ་ནས་ཆོས་ལུགས་ཀྱི་ངོ་བོར་འཕེལ་བ་དང༌། ཆོས་ལུགས་ཀྱི་ངོ་བོ་ནས་ཚན་རིག་གི་ངོ་བོར་འཕེལ་རྒྱས་བྱུང་ཡོད་པ་མཐོང་ཐུབ།

རྒྱ་གར་ལ་མཚོན་ནའང་ཨར་ཡན་མི་རིགས་ཀྱིས་ཧིན་དྷིའི་ཆུ་བོའ་ི བཞུར་

རྒྱུན་ལ་དབང་བསྒྱུར་བྱས་པ་ནས་རིམ་གྱིས་གདོད་མའི་རིག་བྱེད་དར་འགོ་ཚུགས་ པ་དང༌། དེའི་ཕྱིས་ཙམ་ན་བྲམ་ཟེ་ཆོས་ལུགས་ཀྱི་བགྲོ་གླེང་བྱུང་སྟེ་ལྷ་མང་དད་པ་

ནས་ལྷ་ཉུང་ངུར་དད་པ་བྱེད་པའི་མཚན་ཉིད་རིག་པའི་བགྲོ་གླེང་གསར་གཏོད་བྱས་ ཏེ་བདག་དང་ཚངས་པ་ནི་རང་བཞིན་གཅིག་པ་དང༌། འཇིག་རྟེན་གྱི་མཐར་ཐུག་གི་

བདེན་པ་ནི་ཚངས་པ་ཡིན་པ་དང་མིའི་རིགས་ཀྱིས་དེའི་གནས་ལུགས་མ་རྟོགས་ པས་ཐར་པ་ཐོབ་དཀའ་བའི་ནང་དོན་བསྒྲགས། ལྷག་པར་རིག་བྱེད་ནི་འགྱུར་བ་ མེད་པ་དང༌། བྲམ་ཟེ་ནི་རིགས་ཀྱི་ཁྱད་དུ་འཕགས་པ། མཆོད་སྦྱིན་གྱི་ནུས་པ་ བསམ་མི་ཁྱབ་པ་སྟེ་རྩ་དོན་གསུམ་གསར་གཏོད་བྱས།

བྲམ་ཟེ་ཆོས་ལུགས་ཀྱི་ནང་ཚན་དུའང་བགྲོ་གླེང་གི་ཁ་ཕྱོགས་གསར་པ་

བྱུང་ཡོད་དེ། ༡) ཚིག་དོན་དྲུག་གི་སྒོ་ནས་སྤྱི་བྱེ་བྲག་གི་ཁྱད་པར་ཕྱེས་ཏེ་ཤ ེས་ བྱའི་རྣམ་གཞག་འཇོག་པའི་བྱེ་བྲག་པ་དང༌། ༢) མཆོད་སྦྱིན་གཙིགས་ཆེར་འཛིན་ པའི་སྤྱོད་པ་བ་བཅས་བྱུང༌ཡོད། བྲམ་ཟེ་ཆོས་ལུགས་དང་ལྡོག་ཕྱོགས་ཀྱི་བགྲོ་གླེང་ གསུམ་བྱུང་བ་ནི། ༡) ཚེ་སྔ་ཕྱི་སོགས་ཁས་མི་ལེན་པའི་ཚན་རིག་གི་ཚབ་བྱེད་

དངོས་གཙོ་སྨྲ་བའི་ལྟ་གྲུབ་སྐྱོང་མཁན་རྒྱང་འཕེན་པ་དང་། ༢) བདེན་པ་བདུན་དང་


74 ཉམས་ཞིབ་དེབ་ཕྲེང་། ༡

ཤེས་པ་ལྔས་ཕྱེས་པ་དང༌། བྲམ་ཟེ་མཆོག་འཛིན་ལ་དགག་ཅིང་སྲོག་མི་གཅོད་པ་ གཅེས་པར་བཟུང་སྟེ་ཐར་བ་ཐོབ་པར་རང་ཉིད་ཀྱི་དཀའ་ཐུབ་ལ་བརྟེན་པའི་གཅེར་

བུ་བ་བྱུང༌། ༣) དེ་ནས་ཆོས་ཐམས་ཅད་མཐར་གཏུགས་ན་བདེན་པ་གཉིས་ཀྱིས་

འཇོག་པ་དང༌། ལས་ལས་གཞན་པའི་སྟོབས་ཤུགས་ཁས་མི་ལེན་ཞིང་། ལྟ་བ་ བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སྲོག་ཤིང་བྱས་པའི་ནང་བསྟན་ཆོས་ལུགས་བཅས་ ཀྱི་བགྲོ་གླེང་བྱུང༌། བགྲོ་གླེང་དེ་དག་ནི་གཙོ་བོ་ཆོས་ལུགས་ཀྱི་བགྲོ་གླེང་ཡིན་པས་

ཆོས་ལུགས་མཚན་ཉིད་རིག་པ་ཡར་རྒྱས་གཏོང་བར་ནུས་པ་རླབས་ཆེན་ཐོན་ཡོད་ པ་གདོན་མི་ཟ་ནའང༌། འཚོ་གནས་ཡར་རྒྱས་གཏོང་བར་ནུས་པ་དེ་ཙམ་ཐོན་མེད།

གཅེར་བུ་བ་དང་སངས་རྒྱས་པའི་ལྟ་གྲུབ་ཀྱིས་རིགས་རུས་མཆོག་འཛིན་དང༌། མཆོད་སྦྱིན་ལས་སུ་རུང་བའི་ལྟ་ཚུལ་དང་ལེན་མི་བྱེད་པའི་བགྲོ་གླེང་བྱས་ཡོད་

ཀྱང་འཚོ་ནུས་འཕེལ་རྒྱས་ལ་དེ་ཙམ་ནུས་པ་ཐོན་མེད། དངོས་གཙོ་ཚན་རིག་གི་

ཚབ་བྱེད་རྒྱང་འཕེན་པས་རིགས་པས་དགག་སྒྲུབ་བྱེད་པ་ཙམ་ལས་ནུབ་ཕྱོགས་

དང་འདྲ་བར་ཚན་རིག་གི་ཐོན་རྫས་ཀྱིས་ར་སྤྲོད་བྱེད་མ་ཐུབ་པས་ན་གྲུབ་མཐའ་ དེས་ཀྱང་འཚོ་ནུས་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་པ་ཐོན་མེད་པ་འདྲ།

༢ བོད་ཀྱི་རིག་གནས་འཕེལ་རིམ་ཁྲོད་ཀྱི་བགྲོ་གླེང༌།—འཚོལ་ཞིབ།

བོ ད ་ཀྱི ་ རི ག ་གནས་ཐད་དུའང་རྒྱལ་ཁབ་གཞན་དང་འདྲ་བའི ་ བགྲོ ་ གླེ ང ་ཤུགས་

ཆེར་བྱུང་མེད་ཀྱང༌། གཏན་ནས་བགྲོ་གླེང་མ་བྱུང་བ་མིན་ཏེ་སྟོན་པ་གཤེན་རབ་ ཀྱིས་གདོད་མའི་རིག་བྱེད་དེ་ལྡེའུ་སྒྲུང་བོན་གསུམ་ལ་ཁ་ཕྱོགས་ཏེ་བགྲོ་གླེང་གི་

ཁ་ཕྱོགས་གསར་གཏོད་གནང་སྟེ་གཞི་ལམ་འབྲས་གསུམ་གྱི་དོན་སྙིང་ཡོད་པའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 75

གཡུང་དྲུང་བོན་གྱི་རིག་གནས་གཏན་འབེབས་གནང༌། 797)

དུས་རབས་བདུན་པའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ(742—

བོད་དུ་དར་བའི་ཕྱི་ཡོང་རྒྱ་གར་དང་རྒྱ་ནག་ནས་དར་བའི་ནང་བསྟན་ཆོས་

ལུགས་གཉིས་ཀྱི་བགྲོ་གླེང་དང་གདོང་གཏུགས་བྱུང༌། བགྲོ་གླེང་དེ་ལ་དོན་སྙིང་

གལ་ཆེ ན་ལྡན་ཏེ ་ དེ ་ནི་རྒྱ་གར་ནག་གཉིས་ཀྱི་ཤེས་རིག་གང་ཞིག་བོ ད ་དུ་རྐང་

ཚུགས་ཐུབ་མིན་གྱི་བགྲོ་གླེང་ཞིག་ཡིན་ལ། ཆོས་ལུགས་དེ་གཉིས་དང་འགྲོགས་ པའི་རྒྱལ་ཁབ་གང་ཞིག་གི་རིག་གནས་ནང་འདྲེན་བྱེད་མིན་གྱི་བོད་རང་གི་གདམ་ ཀ་ཞིག་ཀྱང་ཡིན། བགྲོ་གླེང་བྱས་པ་བརྒྱུད་ནས་རྒྱ་ནག་གི་རིག་གནས་ཕྱིར་འབུད་ བཏང་སྟེ་རྒྱ་གར་ཤ ེས་རིག་ལ་རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ་འདི་ལ། ལོ་རྒྱུས་ དེབ་ཐེར་ཁྲོད་དུ“སྟོན་མིན་པ་དང་རྩེན་མིན་པ”དང༌། “ཅིག་ཆར་པ་དང་རིམ་ཅན་

པ༑” རྒྱ་ནག་ཧཱ་ཤ ང་དང་རྒྱ་གར་གྱི་ཀཱ་མ་ལ་ཤཱི་ལའི་རྩོད་པ་ཞེས་སུ་འབོད། ནང་ དོན་ནི་ཆོས་ལུགས་ལྟ་སྒོམ་ཐད་ཀྱི་བགྲོ་གླེང་ཞིག་ཡིན་ཡང༌། བགྲོ་གླེང་འདིའི་

རྒྱབ་ལྗོངས་ན་ཆབ་སྲིད་ཀྱི་རྩོད་པ་བསྐུངས་ཡོད་པས་རིག་གནས་རྐྱང་བའི་བགྲོ་ གླེང་ཞིག་མིན་པར་སྣང༌།

དུས་རབས་བཅུ་གཉིས་པའི་ནང་དུ་བོད་ཀྱི་མཁས་པས་ཕྱི་ཡོང་རིག་གནས་

ལ་བགྲོ་གླེང་བྱས་པའི་ལོ་རྒྱུས་ཤིག་ཡོད་པ་ནི་ས་པཎ(1182—1251) གྱིས་རྒྱ་གར་ལྷོ་

ཕྱོགས་ནས་ཡོང་བའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་དང་རྩོད་པ་བྱས་

ཏེ་ཕམ་པར་བྱས་པ་དེ་ཡིན། དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་པར་ཕྱི་ཡོང་རིག་

གནས་གསར་པ་ཞིག་གིས་བོད་ནང་དུ་རྐང་ཚུགས་ཐུབ་མིན་གྱི་འདམ་གའི་བགྲོ་

གླེང་ཞིག་རེད། བགྲོ་གླེང་བྱས་པ་བརྒྱུད་ནས་ཕྱི་ཡོང་རིག་གནས་སམ་ལྟ་གྲུབ་ཅིག་ བོད་དུ་གནས་བཅའ་མ་ཐུབ་པར་ཕྱིར་ལོག་བྱས།


76 ཉམས་ཞིབ་དེབ་ཕྲེང་། ༡

དུས་རབས་བཅུ་བཞི་པའི་ནང་དུ་རྗེ་ཙོང་ཁ་པ(357— 1419)བྱུང་བ་ནས་བོད་

ནང་ཁུལ་དུ་སངས་རྒྱས་ཆོས་ལུགས་ནང་ཚན་དུ་དོན་སྙིང་བདེན་པའི་བགྲོ་གླེང་

ཤུགས་ཆེར་བྱུང་ཡོད། བགྲོ་གླེང་དེ་ནི་ཀུན་རྫོབ་བདེན་པ་འཇོག་ལུགས་ཀྱི་བགྲོ་

གླེང་ཞིག་སྟེ་གཞུང་ལུགས་སྟེང་གི་བགྲོ་གླེང་ཞིག་རེད་ལ། ཆོས་བརྒྱུད་གསར་ པ་འབྱུང་མིན་གྱི་འདམ་གའི་བགྲོ་གླེང་ཞིག་ཡིན་ཕྱིར་མཐར་དགེ་ལུགས་པའི་རིང་ ལུགས་བྱུང་སྟེ་དར་རྒྱས་བྱུང་ཡོད། བགྲོ་གླེང་འདི་ལ་གཞུང་ལུགས་ཞིབ་འཇུག་ གི་དོན་སྙིང་ཆེན་པོ་ལྡན་ཡོད་ལ། བགྲོ་གླེང་འདིའི་འཐུས་ཚབ་ལྟ་བུར་རྗེ་ཙོང་ཁ་

པ་དང༌། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ(1429— 1489)གཉིས་བཞག་

ཆོག དེ་སྔའི་བགྲོ་གླེང་གི་རྩོད་ཡིག་དག་ནི་ཚིག་འཇམ་རྩོམ་ཡིག་གི་ཁྱད་ཆོས་ ལྡན་པ་ལས་དྲག་པོ་དང་ཚིག་རྩུབ་ཀྱི་རྣམ་པ་མེད་ནའང་། དེའི་ཕྱིས་ཀྱི་གོ་ཤ ག་ གི་དགག་ཡིག་དང་མཁས་གྲུབ་རྗེ་ནས་བཟུང་སྟེ་བོད་ཀྱི་མཁས་པའི་བགྲོ་གླེང་གི་

རྩོད་ཡིག་དག་ལ་དྲག་པོའམ་ཚིག་རྩུབ་རྩོམ་ཡིག་གི་ཁྱད་ཆོས་མངའ་བའི་རྐྱེན་ པས། ད་ལྟའང་དེ་བཞིན་རྒྱུན་མཐུད་དེ་བགྲོ་གླེང་ཡིན་ན་ཕར་ཕྱོགས་ཀྱི་མི་གཞི་ལ་

གུས་ཞབས་མེད་པར་ཚིག་རྩུབ་གང་ཐོན་སྨྲ་བའི་ལུགས་སྲོལ་གནས་ཡོད། འདི་ལྟ་ བུའི་ཆོས་བརྒྱུད་བར་དུ་བགྲོ་གླེང་ཤུགས་ཆེར་བྱུང་ཡོད་པ་དེ་དག་ནི་ཆོས་བརྒྱུད་

རེ ་ རེ འི ་ ལྟ་བའི ་ འཛི ན ་ཕྱོ ག ས་ཡི ན ་པས་ནང་བསྟན་མཚན་ཉི ད ་རི ག ་པ་འགྲེ ལ ་ ལུགས་ཀྱི་དཀྱེལ་ཡངས་བགྲོ་གླེང་གི་རིགས་སུ་གཏོགས་པ་ཞིག་ཡིན། དེའི་ཕྱིས་ སུ་ཆོས་བརྒྱུད་ནང་ཁུལ་དུ་བགྲོ་གླེང་འདྲ་མིན་བྱུང་སྟེ་སེ་ར་རྗེ་བཙུན་པའི་ཡིག་

ཆ་དང་། པཎ་ཆེན་ཡིག་ཆ། ཀུན་མཁྱེན་ཡིག་ཆ་བཅས་ཀྱི་ཡིག་ཆ་མི་འདྲ་བའམ་ འགྲེལ་ལུགས་མི་འདྲ་བས་མཚོན་གཞུང་ལུགས་འགྲེལ་སྟངས་ཀྱི་བགྲོ་གླེང་རབ་ དང་རིམ་པ་བྱུང་བ་དེས་དེ་བས་ཀྱང་རི་བོ་དགེ་ལུགས་པ་དར་རྒྱས་སུ་བཏང་ཡོད་


པ་མངོན་སུམ་ལགས།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 77

གོང་ནས་བོད་དུ་བྱུང་བའི་བགྲོ་གླེང་འདི་དག་དང་དུས་རབས་དྲུག་པ་དང་

བདུན་པའི ་ སྐབས་ཀྱི ་ རྒྱ་གར་བའི ་ བགྲོ ་ གླེ ང ་གཉི ས ་ཀྱི ་ བར་དུ་མཚུངས་རྟགས་ བཞག་ཆོག་སྟེ། བགྲོ་གླེང་འདི་དག་ནི་ཆོས་ལུགས་ཀྱི་བགྲོ་གླེང་ཁོ་ནར་ངེས་ པས་ཚན་རིག་དར་བའི་སྒོ་མོ་བཀག་པ་དང༌། དངོས་པོའ་ི དཔལ་ཡོན་ཡར་རྒྱས་

དང་ཐད་ཀར་འབྲེལ་བ་མེད་པར་བསམ་བློའ་ི སྟེང་གི་བསམ་བློའ་ི བགྲོ་གླེང་ཞིག་

ཡིན་ནོ། །དེའི་ཕྱིས་སུ་བར་སྐབས་ཤིག་གི་རིང་ལ་གངས་ལྗོངས་ཤེས་རིག་གི་ ཁྲོད་དུ་དོན་སྙིང་ལྡན་པའི་བགྲོ་གླེང་མ་བྱུང་བར་མངོན་ཞིང་། བགྲོ་གླེང་རེ་གཉིས་

ཤིག་བྱུང་བ་ནི་སྙན་ངག་གི་སྲོག་ཡོད་མེད་དང༌། སུམ་རྟགས་ཀྱི་བདག་སྒྲ། སྲོང་

བཙན་གྱི་འཁྲུངས་འདས་ལོ་ཚིགས་ལྟ་བུའི་དོན་སྙིང་ཆུང་བའི་བགྲོ་གླེང་འབའ་ ཞིག་ལ་མགོ་འཁོར་བ་ལས་མཚན་ཉིད་རིག་པའི་གཏིང་ཟབ་མོའ་ི བགྲོ་གླེང་མ་ བྱུང་བར་མངོན།

དུས་རབས་ཉི ་ཤུ ་པའི ་ དགེ ་ ཆོ ས ་ཀྱི ་ དུས་རབས་ནས་བོ ད ་ཀྱི ་ཤེ ས ་རི ག ་

གིས་ཞི་དྲག་གཉིས་དང༌། རང་རྟོགས་དང་གཞན་སྐུལ་གཉིས་ཐད་ནས་འཛམ་

གླིང་གི་རིག་གནས་དང་གདོང་གཏུགས་ལ་ཉེ་བའི་མངོན་རྟགས་ལྟ་བུར་སའི་གོ་ ལ་རིལ་རིལ་དང་ལེབ་ལེབ་ཡིན་མིན་གྱི་བགྲོ་གླེང་ཞིག་བྱུང་ཡོད། དེ་ལ་དོན་སྙིང་ ཆེན་པོ་ལྡན་དེ་མིའི་རིགས་འཚོ་སྡོད་བྱ་སའི་གོ་ལར་དྲི་བ་བཏོན་པ་ཞིག་ཡིན་པ་

དང་། ཚན་རིག་གིས་སྔར་གྱི་གཏན་འཇགས་ཀྱི་བསམ་བློར་དོགས་སློང་བྱེད་ པའི་བགྲོ་གླེང་ཞིག་ཡིན་ལ། དུས་རབས་མང་པོའ་ི རྗེས་ནས་ཕྱི་ཡོང་རིག་གནས་ ཀྱིས་ཡང་བསྐྱར་བོད་ལ་བགྲོ་གླེང་བྱེད་པའི་རྣམ་པ་ཞིག་ཡིན། བགྲོ་གླེང་འདིའི་ འཐུས་ཚབ་ལྟ་བུར་དགེ་འདུན་ཆོས་འཕེལ་དང་གདན་ས་གསུམ་གྱི་དགེ་བཤེས་


78 ཉམས་ཞིབ་དེབ་ཕྲེང་། ༡

རྣམས་བཞག་ཆོག

ད་ལྟའི་དུས་རབས་ཉི་ཤུ་པའི་ནང་དུའང་བོད་ཀྱི་རིག་གནས་ཁྲོད་དུ་བགྲོ་

གླེང་གསར་པ་ཞིག་བྱུང་སྟེ་དཔེ་དེབ་མང་པོ་གསར་སྐྲུན་བྱེད་བཞིན་པ་འདི་ནི་རིག་

གནས་བསམ་བློའ་ི བགྲོ་གླེང་ཞིག་དང༌། འབྱུང་འགྱུར་གྱི་ལས་དབང་ཐག་གཅོད་

བྱེད་པའི་བགྲོ་གླེང་ཞིག བསམ་བློ་གསར་རྙིང་དང་སྤྱི་ཚོགས་གསར་རྙིང༌། རིག་ གནས་གསར་རྙིང་བཅས་ཀྱི་བར་དུ་གནས་པའི་བགྲོ་གླེང་ཞིག་དང་འཚོ་གནས་ཀྱི་ མདུན་དུ་ལྷགས་པའི་བགྲོ་གླེང་ཞིག རིག་གནས་ཀྱི་ཁ་ཕྱོགས་གཏན་འབེབ་བྱེད་

པའི་བགྲོ་གླེང་ཞིག་བཅས་ཡིན་ལ། འདི་ལྟ་བུའི་བགྲོ་གླེང་ནི་རྒྱལ་ཁབ་གཞན་དུ་སྔ་

མོ་ནས་བྱུང་ཟིན་ལ་བོད་དུ་གཞི་ནས་འབྱུང་བཞིན་པའི་བགྲོ་གླེང་ཞིག་ཡིན། བགྲོ་

གླེང་འདིའི་འཐུས་ཚབ་བརྩམས་ཆོས་ལ་བདག་དཔེ་ཚོགས་ཏེ། འགྱན་སངས་རྒྱས་

དོན་གྲུབ་ཀྱིས་བརྩམས་པའི<དགག་བཞག་སྙིང་སྟོབས>དང་། ཞོགས་དུང་གིས་

བརྩམས་པའི<དོགས་སློང་སྙིང་སྟོབས།> བྱང་སྐར་གྱིས་བརྩམས་པའི<བདེན་ འཚོལ་སྙིང་སྟོབས།> མེ་ལྕེས་བརྩམས་པའི<མི་གཞིའི་སྙིང་སྟོབས།> བདུད་

ལྷ་རྒྱལ་གྱིས་བརྩམས་པའི<འཚོལ་རྟོག་སྙིང་སྟོབས།> ཉི་གཞོན་གྱིས་བརྩམས་ པའི<རིག་གནས་སྙིང་སྟོབས།> སོགས་དང་།

བླ་དཔེ་ཚོགས་ཞེས་པའི་དཔེ་དེབ་བརྒྱད་དེ། མེ་ལྕེས་བརྩམས་པའི<ཚེར་

མའི ་ ལམ་གྱི ་ ང་རོ > དང་། འཇམ་དབྱངས་སྐྱིད་ཀྱིས ་བརྩམས་པའི < ཟ་མ་མོ འ་ི

སྐྱིད་སྡུག་གངས་མ་ཆར།> ཨོཾ་འབར་གྱིས་བརྩམས་པའི<སེམས་ཁྲལ་གྱི་འཕོ་

ཉུལ།> ཁྲི་སེམས་དཔས་བརྩམས་པའི<བསམ་གཞིགས་ཀྱི་ཁ་དོག> བྱ་གཞུང་

དབྱངས་བྷས་བརྩམས་པའི<རྩོམ་རིག་དང་མི།> ཕུན་ཚོགས་རྒྱལ་གྱིས་བརྩམས་ པའི<རང་གཤིས་གདུང་འབོད།> འགྱན་སངས་རྒྱས་དོན་གྲུབ་ཀྱིས་བརྩམས་པའི


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 79

<རིག་གནས་དང་མི་གཤིས།> ཞོགས་དུང་གིས་བརྩམས་པའི<རིགས་ཤ ེས་ཀུན་ གྲོལ>སོགས་ཡོད།

དཔེ་དེབ་དེ་དག་གི་ནང་དོན་ནི་བོད་འདི་བསམ་པའི་དཔལ་ཡོན་དང་དངོས་

པོའ་ི དཔལ་ཡོན་གཉིས་ཐད་ནས་རྗེས་ལུས་ཐེབས་ཡོད་པའི་མི་རིགས་ཤ ིག་ཡིན་

པ་རྩ་བའི་སྟེང་ནས་ཁས་ལེན་བྱས་ཏེ། རྗེས་ལུས་ཀྱི་འཆིང་བ་ལས་གྲོལ་བར་བྱེད་

པ་ལ་ཐོག་མར་མི་གཤིས་དང་འདུ་ཤེས་ཀྱི་སྟེང་དུ་སྟུག་པོར་འགོས་ཟིན་པའི་བག་ ཆགས་རྙིང་པ་མཐའ་དག་དོང་སྤྲུགས་བྱས་ཏེ་མི་བུ་རང་ཚུགས་ཐུབ་པ་ཞིག་ལངས་

དགོས་པ་དང༌། མིས་བསྒྲུབ་མི་དགོས་པའི་ལྷ་ཆོས་རིག་གནས་ཀྱིས་གཙོ་བའི་

བག་ཆགས་མ་ལུས་མཐར་སྐྲོད་བྱས་ཏེ། དཀོན་མཆོག་གི་དོན་དཀོན་མཆོག་ཁོ་

རང་གིས་བསྒྲུབ་དགོས་པ་དང༌། མིས་མི་དོན་བསྒྲུབས་ཏེ་ཚེ་འདིའི་བྱ་བར་གྱུར་

པའི་འཚོ་གནས་འཕེལ་རྒྱས་དང༌། ཚན་རིག་ནང་འདྲེན་སོགས་མི་ལ་འཁྲི་བའི་ འགན་འཁྲི་ཕྲག་ཏུ་བླངས་ཏེ། དཀོན་མཆོག་དང་ལས་འབྲས་ལ་སྐྱབས་སུ་མི་འགྲོ་

བར་ཚན་རིག་དང་དོགས་སློང་གིས་རང་ཉིད་རང་གི་མགོན་བྱེད་དགོས་པ་དང་།

མི་ལས་བླ་ན་མེད་པའི་སྟོབས་ཤུགས་གཞན་སྟེ་གཟུགས་འདས་རིག་པའི་ནུས་པ་

མང་དག་ཅིག་ཁས་མི་ལེན་པར་མིའི་ཤེས་རབ་ཀྱི་གཅིག་བསྡུ་ནི་རྣམ་མཁྱེན་ཡིན་ པ་དང༌། དྲང་བདེན་སྐྱོང་བ་ལས་ལྷག་པའི་ཚད་གཞི་མཐོ་བའི་ཚད་མ་མེད་པ་དང་། མིའི་བདེ་སྐྱིད་ནི་འཚོ་གནས་ཀྱི་བདེ་སྐྱིད་ཡིན་པ་དང་དེ་ལས་ལྷག་པའི་མཐར་ཐུག་

གི་བདེ་སྐྱིད་མི་འདོད་ལ། མིའི་རིགས་ཀྱིས་ཆེས་བརྩི་དགོས་པ་ནི་མིའི་རིགས་ཀྱི་ ཀུན་སྤྱོད་དང་དྲང་བདེན། ཤེས་རབ་བཅས་ཡིན་པར་སྨྲ་བའོ། །

བསམ་བློ་རྙིང་པའི་ཚབ་མཚོན་བརྩམས་ཆོས་ལ་སྤྱིར་བཏང་ནང་བསྟན་གྱི་

གཞུང་ལུགས་ཡོད་དོ་ཅོག་བཞག་ཆོག་ཀྱང་བསམ་བློ་གསར་པའི་དཔེ་ཚོགས་


80 ཉམས་ཞིབ་དེབ་ཕྲེང་། ༡

ལ་བགྲོ ་ གླེ ང ་གི ་ ཆེ ད ་དུ་བྲི ས ་པའི ་ བརྩམས་ཆོ ས ་ལ། མཁན་པོ ་ ཚུལ་ཁྲི མ ས་

བློ ་ གྲོ ས ་ཀྱི ས ་བརྩམས་པའི < དུས་གཏམ་བདེ ན ་དོ ན ་རབ་གསལ་འཕྲུལ་གྱི ་ མེ ་ ལོང༌>དང་། དྷཱི༔ཚ་དཔལ་ལྡན་རྒྱ་མཚོས་བརྩམས་པའི<གངས་ལྗོངས་ལ་བཅངས་ པའི་ལྷག་བསམ།> ཤེས་རབ་དར་རྒྱས་གྱིས་བརྩམས་པའི<ནུབ་ཕྱོགས་འགྲིམས་

པའི་གཏམ། གཉིས་པ།> ཕྱོགས་སྟོན་གྱིས་བརྩམས་པའི<དུས་རབས་གསར་པའི་ གླེང་སྟེགས།> ལྡོང་ཡོན་ཏན་གྱིས་བརྩམས་པའི<སྐད་ཆའི་ལང་ཚོ།>སོགས་ཡོད།

བརྩམས་ཆོས་དེ་དག་གི་ནང་དོན་ནི་མིའི་རིགས་ཀྱི་འཕྲལ་གྱི་བདེ་བ་ལ་

ཞེ་འཁྲེང་བ་དེ་མ་རིག་པའི་རྐྱེན་གྱིས་ཡིན་པ་དང༌། མི་ལ་བདེན་གྲུབ་ཀྱི་བདག་ མེད་པ། ཕྱིའི་དཔལ་འབྱོར་སོགས་ཀྱི་དངོས་པོ་ཅི་ཙམ་ཡར་རྒྱས་ཕྱིན་ཀྱང་ནང་ བསྟན་བསམ་བློ འ་ི དཔལ་ཡོ ན ་དང་མ་ལྡན་པ་དེ་ སྲིད་དུ་འདོད་རྔམ་དང་འགྲན་

སེམས་སོགས་ལས་ཐར་དུ་མེད་པ། འདོད་རྔམ་སོགས་ལས་མ་ཐར་བ་དེ་སྲིད་ དུ་བདེ་བའི་སྐབས་མེད་པ། ཚན་རིག་དང་ཆོས་ལུགས་ཡོངས་སུ་མཐུན་པ་མ་ ཟད་ཆོས་ལུགས་ནི་ཚན་རིག་གི་དགེ་རྒན་བྱེད་ཆོག་པ། ནང་ཆོས་ཀྱིས་གཙོ་

བའི་བོད་ཀྱི་སྲོལ་རྒྱུན་བསམ་བློ་དང་སྲོལ་རྒྱུན་ཤེས་རིག་ནི་བླ་ན་མེད་པའི་མི་ རིགས་ཀྱི་ངོ་རྟགས་ཡིན་པ་དང་ངོ་བོའ་ི སྒོ་ནས་སྐྱོན་བྲལ་ཡིན་པས་རྒྱུན་འཛིན་

བྱེད་དགོས་པ། སངས་རྒྱས་ཀྱི་གསུང་ནི་མི་བསླུ་བའི་བདག་ཉིད་ཅན་ཡིན་པ། དཀོན་མཆོག་དང་ལས་འབྲས། ཕྱི་མའི་ཐར་པ། གཏན་གྱི་བདེ་བ་སོགས་གལ་ཆེར་ བསྟན་ཡོད་དོ། །


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 81

ལྔ་པ། རིག་གནས་ཀྱི་ནང་རིམ་མི་གཤིས།—འཚོལ་ཞིབ།

ཨ་རིའི་དེང་རབས་སེམས་ཁམས་རིག་པ་བ་ཏེའུ་ཀིན་ཧེན་གྱིས། མི་གཤིས་ཀྱི་

ཆེས་ཡང་དག་པའི་འགྲེལ་བཤད་ནི་ཚད་ཐུབ་གཞུང་ལུགས་ཇི་སྙེད་ལས་བཤད་ པའི་མི་གཤིས་ཀྱི་མཚན་ཉིད་མཐའ་དག་གཅིག་ཏུ་དྲིལ་བ་ཉིད་ཡིན་ལ། དེའང་

རིགས་རྒྱུད་དམ་སྐྱེས་ཐོབ་ཀྱི་རང་བཞིན་དང༌། ཁོར་ཡུག་གམ་རྗེས་ཐོབ་ཀྱི་རང་ བཞིན་གཉིས་ཀ་ལྡན་པར་བཤད། མིག་སྔར་རིགས་རྒྱུད་དང་ཁོར་ཡུག་ཐུན་མོང་ གི ་ རང་བཞི ན ་ཅན་དུ་འདོ ད ་པ་དེ ་ ནི ་ ལྷན་སྐྱེ ས ་དང་ཁོ ར ་ཡུག་གཉི ས ་ཐད་ནས་ བལྟས་པ་ཞིག་ཡིན།

རྣམ་དཔྱོད་སེམས་ཁམས་རིག་པའི་སྲོལ་འབྱེད་པ་རཱོང་ཀེས། མི་ཚེ་འཕེལ་

འགྲིབ་ཀྱི་དུས་རིམ་སོ་སོའ་ི གནད་དོན་ལ་ཞིབ་དཔྱོད་བྱེད་རྒྱུ་དེ་ནི་དངོས་གནས་

ཤུགས་ཆེན་པོ་རྒྱག་དགོས་པའི་བྱ་བ་ཞིག་སྟེ། རྒྱུ་མཚན་ནི། ང་ཚོས་ངེས་པར་དུ་ མི་རྣམས་སྐྱེས་པ་ནས་ཤི་བའི་བར་གྱི་བསམ་པའི་འཚོ་བའི་བརྙན་རིས་ཡོད་ཚད་

མཐའ་གསལ་མཐིལ་མཐོང་བྱེད་ནུས་དགོས་པར་བཤད་པ་ནི་ཁོར་ཡུག་གི་ཤུགས་

རྐྱེན་གཙོར་འཛིན་བྱས་པའི་ལྟ་ཚུལ་ཞིག་ཡིན།

ཞི ་ ཕཱ་ཁེ ་ ལ་ཏི འི ་ མི ་ གཤི ས ་དབྱེ ་ ཚུལ་ལ། སྤྲོ ་ རྩེ ད ་ཚོ ར ་རྣོ ་ འབྲེ ལ ་འདྲི ས ་

མཁས། །སེམས་འགུལ་ཐེབས་སླ་འགྱུར་ལྡོག་མང༌། །འདི་དག་ཁྲག་མང་ཅན་གྱི་

རིགས། །སྨྲ་ཉུང་བློ་བརྟན་ཡིད་འཛིན་ཆེ། །སྡུག་ཐེག་བཟོད་བསྲན་ངང་རྒྱུད་ལྷོད། ། བབ་བརླིང་ལྡན་པ་འབྱར་རྩི་ཅན། །སྤྲོ་དང་དཔའ་དང་ཁེངས་པ་ཆེ། །དྲན་ཤ ེས་སྐྱེན་ ལ་བློ་འགྱུར་ཆེ། །ངང་རྒྱུད་ཐུང་ལ་ངར་ལངས་སླ། ཁ་རུ་ཁ་ཐུག་མཁྲིས་ཁུ་ཅན། །


82 ཉམས་ཞིབ་དེབ་ཕྲེང་། ༡

སྐྱོ་སྣང་ཆེ་ལ་རེ་ཐག་ཆད། །རྒྱུད་གྱོང་སྨྲ་ཉུང་ལས་ལ་དལ། །བསམ་ཚོར་ཟབ་ཞིབ་

ཞུམ་པ་དང༌། །འཚེར་སྣང་ཆེ་བ་ཡིད་མུག་རིགས། །ཞེས་དབྱེ་བ་ནི་རིགས་མི་འདྲ་ བའི་ནད་རྟགས་ཀྱི་སྒོ་ནས་དབྱེ་བ་ཞིག་ཡིན།

རཱོང་ཀེའི་མི་གཤིས་དབྱེ་ཚུལ། ཕྱི་སྣང་དངོས་པོར་དོ་སྣང་ཆེ། །སྤྲོ་གསེང་

ལ་གཡེང་ཀུན་ལ་འདྲིས། །གདེང་ཚོད་མེད་ཀྱང་ཉེན་ཁར་འཇུག །སེམས་ནུས་ཕྱི་

གཏད་ཆེ་བའི་རིགས། །རང་རིག་སེམས་ལ་དབྱེ་ཞིབ་མཁས། །ཕྱི་རོལ་ཡུལ་ལ་སྤྲོ་ སྣང་ཉུང༌། །ངང་རྒྱུད་ལྷོད་ལ་སྨྲ་བ་ཉུང༌། །བསམ་རྒྱ་ཆེ་ལ་རྒྱུས་ལོན་དཀའ། །གདེང་ ཚོད་མེད་པའི་དོན་མི་སྒྲུབ། །བློ་ཁ་ནང་གཏད་ཆེ་རིགས་སོ། ། ཞེས་པ་མི་དང་ཕྱི་

རོལ་འབྲེལ་འདྲིས་ཁྲོད་ཀྱི་ཀུན་སྤྱོད་མངོན་སྟངས་ནས་དཔྱད་པའི་མི་གཤིས་དབྱེ་ ཚུལ་ཞིག་ཡིན།

པཱ་ཧྥོ་ལའོ་ཧྥུའི་མི་གཤིས་དབྱེ་ཚུལ། སྤྲོ་ཟིང་ཅན་དང་ངར་ལངས་ཅན། །ངང་

རིང་བ་དང་ཉམ་ཆུང་བཞི། །ཞེས་པ་ནི་མིའི་གཤིས་ཀ་མངོན་སྟངས་ཀྱིས་བཞག་པ་ ཞིག་ཡིན།

འཇར་པན་བ་ཀའོ་ཁྲོན་ཀྲུའུ་ཨར་གྱིས་རྩ་བའི་ཁྲག་རིགས་གཞི་ལ་གཞིག་

ནས་མི་གཤིས་བཞིར་དབྱེ་ཚུལ། A B

O

AB

སེམས་སྟོབས་ཆེ་ལ་དྲག་རྩུབ་ལྡན། ཁྲོ་སླ་བཟོད་ཆུང་ཨེ་ཁྲག་ཅན། །

རྩལ་ཆེ་སྣང་སྐྱིད་སྨྲ་བ་མང༌། །འགྲོགས་མཁས་གཡེང་རྒོད་སྦི་ཁྲག་ཅན།།

བློ་བརྟན་སྟོབས་རྒྱས་བབ་བརླིང་ལྡན།།རང་ལ་ཡིད་རྟོན་བག་ཕེབས་ཨོ། །

ཨེ་སྦི་རིགས་གཉིས་ཅན་དང་བཅས།།རྩ་བའི་མི་གཤིས་བཞི་རུ་དབྱེ། །

ཞེས་པ་འདི་ནི་ཁྲག་རྒྱུན་དང་ཁྲག་རྟགས་ཀྱི་སྒོ་ནས་དབྱེ་བ་ཞིག་ཡིན་པས་ མིའི་ལྷན་སྐྱེས་ཀྱི་དབྱེ་བ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཆོག


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 83

བོད་ཀྱི་གསོ་དཔྱད་རིག་པ་ལས་མི་གཤིས་དབྱེ་ཚུལ་ལ། <རྒྱུད་ལས།> ༡)

“མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤ ས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་ང་

རྒྱལ་ཆེ། །རྡུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང༌། །མངར་ཁ་བསྐ་བསིལ་ཟས་ ལ་སྲེད་པ་སྟེ། །སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན། །ཞེས་དང་། ༢) བད་ ཀན་རང་བཞིན་ཅན་ནི་ལུས་བསིལ་ཞིང༌། །རུས་ཚུགས་མི་མངོན་ཤ ་རྒྱས་ཁ་དོག་ དཀར། །དབྱིབས་དགྱེ་བཀྲེས་སྐོམ་ཉོན་མོངས་ཐན་པ་བཟོད། །ལུས་ཚོ་ཚེ་རིང་

ནོར་མང་གཉིད་མཐུག་ཅིང༌། །ཞེ་སྡང་འདམ་རིང་རང་བཞིན་ངང་རྒྱུད་བཟང༌། །ཚ་

སྐྱུར་བསྐ་རྩུབ་ཟས་ལ་སྲེད་པ་སྟེ། །སེང་གེ་ཁྱུ་མཆོག་མཚན་ཉིད་ལྡན་པ་ཡིན།། ཞེས་དང་། ༣) རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ། །འདུས་པ་མཆོག་ཡིན་ ལྡན་གསུམ་བར་མར་འགྱུར། །”ཞེས་གསུངས་སོ།། གོང་གི་མི་གཤིས་དབྱེ་ཚུལ་

འདི་དག་གིས་བྱ་སྤྱོད་མངོན་སྟངས་དང༌། གཤིས་ཀའི་ཁྱད་པར། ཁྲག་རྒྱུན། ནད་

རྟགས་མི ་ འདྲ་བའི ་ ཁྱད་པར་བཅས་སྤྱི ར ་བཏང་བ་དང་ཕྱོ ག ས་འདྲ་མི ན ་གྱི ་ མི ་ གཤིས་དབྱེ་ཞིབ་བྱས་ཡོད་མོད། མཐར་ཐུག་མི་གཤིས་གྲུབ་ཚུལ་གྱི་ངོས་ནས་

ལྷན་སྐྱེས་མི་གཤིས་དང་རིག་གནས་མི་གཤིས་གཉིས་སུ་དགར་རིགས་པ་ཁས་

ལེན་གནང་ཡོད་པས་ན། འདི་དག་གིས་ང་ཚོར་རིག་གནས་མི་གཤིས་གླེང་བར་ རྨང་གཞི་ཟབ་མོ་ཞིག་བཏིང་ཡོད་ཅེས་བཤད་ཆོག

མི་ནི་རིག་གནས་ཀྱི་ཐོན་འབྲས་ཡིན་པ་བཞིན་མི་རིགས་སམ་རྒྱལ་ཁབ་

གང་ཡིན་ཀྱང་དེའི་རིག་གནས་ཀྱིས་རྒྱལ་ཁབ་དེ་འམ་ཁོར་ཡུག་དེའི་མི་ཐོན་སྐྱེད་

བྱེད་བཞིན་ཡོད། དེ་བས་རྒྱལ་ཁབ་ཅིག་གི་རིག་གནས་ཁྱད་རྟགས་འཚོལ་ན་གོང་

དུ་བཤད་མ་ཐག་པ་ལྟར་དེབ་ཁོ་ནས་མ་ཁྱབ་སྟེ་དེབ་དག་ཏུ་མངོན་པ་ནི་ཆ་ཤ ས་རེ་ ཡིན་སྲིད་ཀྱང་ཧྲིལ་པོ་དེ་མ་ཡིན། དེ་ལས་ཐད་ཀར་མི་གཤིས་ཏེ་སྤྱི་ཚོགས་ངེས་


84 ཉམས་ཞིབ་དེབ་ཕྲེང་། ༡

ཅན་པའི་སྤྱི་གཤིས་གོམས་སྲོལ་ལ་ཞིབ་འཇུག་བྱས་ན་མི་རིགས་གང་དེ་ལྷད་མ་

འདྲེས་པ་ཞིག་རྙེད་ཐུབ་ལ་ཤེས་རིག་གི་ནང་གནས་ཞེས་པ་མཐོང་ཐུབ། མི་ཞིག་ གི་སྟེང་དུ་བསམ་བློའ་ི སྒོ་མོ་ཡོངས་སུ་བཞག་ན་མི་གཤིས་སྣ་མང་ཡོད་པས་ན་ འདིར་རིག་གནས་ཀྱི་ནང་རིམ་མི་གཤིས་ཞེས་པ་རྒྱལ་ཁབ་ཅིག་དང་མི་རིགས་

ཤིག་གམ་སྤྱི་ཚོགས་ངེས་ཅན་པའི་སྤྱི་གཤིས་ལ་ཟེར་བ་སྟེ་རྒྱ་མཚོས་བཅད་པའི་

ནུབ་ཕྱོགས་པའི་མི་གཤིས་དང་ཤར་ཕྱོགས་པའི་མི་གཤིས། རྨ་འབྲི་རི་བོས་བཅད་ པའི་རྒྱའི་མི་གཤིས་དང་བོད་ཀྱི་མི་གཤིས། བྱེ་ཐང་གིས་བཅད་པའི་སོག་པོའ་ི མི་

གཤིས་ལྟ་བུར་བལྟ་ཞིབ་བྱས་པ་ཞིག་ཡིན། འདིའི་ཐད་དུ་སྔོན་གྱི་མཁས་པ་མང་ པོས་ཀྱང་སྡོམ་ཚིག་བཞག་ཡོད་དེ། དཔེར་ན། རིག་ཚན་མི་འདྲ་བའི་སྒོ་ནས་ལྟ་

ལུགས་མི་འདྲ་བ་རེ་སྤྱད་དེ། ༡) སྤྱི་ཚོགས་རིག་པ་བས་མི་གཤིས་ནི་ཁོར་ཡུག་ དང་སློབ་གསོ་བརྒྱུད་ནས་བྱུང་བར་བཤད་ལ། ༢) ཁྲིམས་ལུགས་ཀྱིས་མི་སྒེར་གྱི་

དབང་ཆ་དང་འགན་འཁྲིའི་སྤྱི་བསྡུས་ལ་གོ ༣) ཆོས་ལུགས་ཀྱིས་མི་གཤིས་ནི་ ཐོག་མ་མེད་པའི་ལས་ཀྱི་དབང་གིས་བྱུང་བའི་མིའི་གཤིས་རྒྱུད་མངོན་སྟངས་ཤ ིག་

ལ་ངོས་འཛིན་བྱེད། ༤) ཀུན་སྤྱོད་སྨྲ་བས་མིའི་འབྲེལ་བའི་ཁྲོད་ཀྱི་གཏན་ཆགས་ རང་བཞིན་གྱི་གོང་མཐོང་ཞིག་ཏུ་འདོད། ༥) རིག་གནས་རིག་པས་མིའི་ཡོད་ཚད་ མངོན་སྟངས་ཀྱི་ནང་གནས་སྒྲོམ་གཞི་ཞིག་ལ་ངོས་འཛིན་བྱེད་པ་ལས་ང་ཚོས་ འདིར་ཕྱི་མ་ལྟར་དུ་དཔྱད་ཞིབ་བྱས་ན།

དུས་རབས་བཅུ་དྲུག་པ་ནས་ནུབ་གླིང་དུ་མི་གཤིས་སྨྲ་བའི་འགོ་བརྩམས་

ཏེ་དུས་རབས་བཅུ་བདུན་པར་བསླེབས་དུས་ཨ་རིའི་མཁས་པ་སྦོན(Bowone Bor-

den Parker)

གྱིས་རྩ་ལག་ཚང་བའི་མི་གཤིས་རིང་ལུགས་ཀྱི་མཚན་ཉིད་རིག་པའི་

སྲོལ་གསར་དུ་ཕྱེས་པ་ནས་མི་གཤིས་གླེང་བའི་གྲུབ་མཐའ་འདྲ་མིན་བྱུང༌ཞིང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 85

ཨ་རིའི“འཇིག་རྟེན་མི་གཤིས་རིང་ལུགས་དང༌།” “སྣ་ཚོགས་མི་གཤིས་རིང་ ལུགས།” ཧོ་ཁིན(Hocking, William Enerst) གྱི་མཐར་ཐུག་མི་གཤིས་རིང་ལུགས། “ཧྤ་

རན་སིའི་མོན་ནུར་གྱིས(Emmannuel Mounier) རང་དབང་གསར་གཏོད་ཀྱི་མི་གཤིས་ རིང་ལུགས་སོགས་བྱུང་བར་བཤད། ཨ་རིའི་མི་དཔྱད་རིག་པ་བ་རུ་ཐོ་ ཧྤུཊོན་

བྷིནིཌིཁུ་ཊི(Ruth Fulton Benedict) དང་། མཱརགུརཊི་མིཌ(Margaret Mead) དང་། རཱལཧྤུ་

ལིན་ཏིན(Ralph Linton) སོགས་ཀྱིས་རིག་གནས་རྣམ་པ་མི་འདྲ་བས་མངོན་སྟངས་སྣ་ ཚོགས་ཀྱི་སྒོ་ནས་མི་གཤིས་མི་འདྲ་བ་རེ་སྐྱེད་སྲིང་བྱེད་བཞིན་པར་འདོད། གོང་ 44

གི་མཁས་པ་དག་གི་འདོད་ཚུལ་དང་དོན་དངོས་གཞིར་བཟུང་ན་རིག་གནས་དང་

མིའི་བར་དུ། མིས་རིག་གནས་གསར་སྐྲུན་བྱེད་པ་དང་རིག་གནས་ཀྱིས་མི་གསར་

སྐྲུན་བྱེད་པའི་ལྟོས་པའི་འབྲེལ་བ་གཏིང་ཟབ་མོ་ཞིག་ཡོད་པ་དེ་རེད། ཨ་རི་བའི་ བྱིས་པ་ཞིག་བཙས་མ་ཐག་ཏུ་བོད་ནས་འཚར་ལོངས་བྱེད་དུ་བཅུག་ན་ལས་དབང་

ལ་སྐྱབས་སུ་འགྲོ་བའི་བོད་པ་ཞིག་ཡིན་པ་ལས་ཚན་རིག་ལ་སྐྱབས་སུ་འགྲོ་བའི་ ཨ་རི་བའི་ཁྲག་རྒྱུན་གྱིས་ལས་ཀ་བྱེད་མི་སྲིད། གོང་གི་མཁས་པ་རྣམས་ཀྱི་གསུང་

ཚུལ་དང་དངོས་ཡོད་ཀྱི་བདེན་པ་གཞིར་བཟུང་ན་བོད་ཀྱི་མིའུ་གདུང་དྲུག་བྱུང་བ་

ནས་རུས་རྒྱུད་ཐོན་པ་དང༌། རུས་རྒྱུད་ནས་རིགས་རྒྱུད་བྱུང་ཞིང་དེ་ལས་ཚོ་ཁག་ དང་མི་རིགས་བྱུང་བ་ཡིན་པས་ན། བོད་ཀྱི་མི་གཤིས་འདིའང་གནའ་སྔ་མོ་ཞིག་

ནས་ཆགས་འགོ་བརྩམས་ཤིང་དུས་རབས་མི་འདྲ་བའི་རིག་གནས་འགྱུར་བར་ བརྟེན་ནས་རྒྱུན་མཐུད་དང་དལ་བོའ ི་འགྲོས་ཀྱིས་འགྱུར་བཞིན་པའི་ཆོས་ཅན་ཞིག་

ཡིན་པ་ནི། ཡ་ཐོག་སྲིད་པའི་སྐབས་ཏེ་གཡུང་དྲུང་བོན་མ་བྱོན་གོང་གི་བོད་པའི་མི་

གཤིས་ནི་གཙོ་བོ་འཇིག་རྟེན་འདི་དང་། ཚེ་འདི་དོན་གཉེར་ཅན་གྱི་ལྡེའུ་སྒྲུང་བོན་

44

<<རིག་གནས་དང་མི་གཤིས།>> ཤོག་ངོས༧། འགྱན་སངས་རྒྱས་དོན་གྲུབ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


86 ཉམས་ཞིབ་དེབ་ཕྲེང་། ༡

གསུམ་གྱི་རིག་གནས་ཀྱི་སྐྱེད་འབྲས་ཡིན་པས་ན་འཇིག་རྟེན་འཚོ་གནས་འཁུར་ དུ་ལེན་པའི་བོན་ཤ ེས་པ་ཅན་བཅུ་གཉིས་དང༌། རྡོལ་བོན་དང་འཁྱར་བོན་གྱི་ནང་ གསེས། ༡) ཡར་གཡེན་གཉེན་པོའ ི་བོན་རབས་བཅུ་གསུམ། ༢) བར་གཡེན་གཏོད་ པོའ ི་བོན་སྐོར་དགུ། ༣) ས་གཡེན་ཆེ་བའི་བོན་སྐོར་བཅུ་གཅིག་བཅས་ལ་བལྟས་

ན་མིའི་ཆེད་དུ་བདུད་སྤྱུགས་པ་དང་ལྷ་བཀུར་བ། རྩིས་རྒྱག་པ་སོགས་མང་པོ་ཞིག་

བྱེད་པའི་ཆོ་ག་ཚང་མ་མིའི་ཆེད་དུ་ཡིན་པས་མི་ལྟེ་བར་འཛིན་པའི་རིག་གནས་ དར་ཡོད། དེ་བས་དཔའ་ཞིང་བློ་བརྟན་པ། མཛངས་ལ་གཞུང་དྲང་བ། དགྲ་གཉེན་

དབྱེ་བ་གསལ་བ། ལས་དབང་ལ་སྐྱབས་སུ་མི་འགྲོ་བ། ལས་ལ་བརྩོན་པ་བཅས་

ཀྱི་མི་གཤིས་གྲུབ་ཡོད་པ་སྐབས་དེའི་ཡིག་རྙིང་དག་དང་ཁ་གཏད་སའི་འཚོ་བའི་ ངོས་དང་། ལོ་རྒྱུས་ཀྱི་ཕྱག་རིས་བཅས་ཀྱི་ངོས་ནས་གསལ་བོ་མཐོང་ཐུབ། དཔེར་

ན་མི་ཆོས་ཤ ེས་ཡོན་གྱི་གཞུང་ལུགས་ཡིན་པའི<ཕུ་ནུའི་མདོ་ལས>འཇིག་རྟེན་ཕ་ མ་དག་གིས་ཁྱིམ་རྒྱུད་ཤུལ་རྫས་ཅི་ཞིག་འཇོག་མིན་གྱི་མི་ཆོས་ཐད་དུ།

“ནུ་ན་རེ། དགོས་པ་ལ་སྟོར་བར་བྱ་བ་གང༌། །ཕུ་ན་རེ། ཡོངས་ནི་དགོས་པ་

ལ་སྟོར་བར་བྱ་བ་གཅིག་གྱང་མྱེད་དེ། །དེའི་ནང་ནས་མཆོག་བདམས་ན། ། སྲོག་ སྲིད་ཉིས་མ་སྟོར་པར་བྱའོ། །

འགྲེལ། ནུ་བོས་དྲིས་པ། དགོས་པའི་ནང་ནས་མ་བརླག་པར་བྱ་འོས་པ་གང་

ལགས་སམ། གཅེན་པོས་ལན་དུ། སྤྱིར་ན་དགོས་པའི་ནང་དུ་བརླག་འོས་པ་གཅིག་

ཀྱང་མེད། དེའི་ནང་ནས་མཆོག་ཏུ་གྱུར་པ་བདམས་ན་སྲོག་དང་ཁྱིམ་སྲིད་གཉིས་ མ་བརླག་པར་བྱའོ། །”

45

45

“ནུ་ན་རེ། ཧ་ཆང་འབུལ་ཆེས་ན། །རེས་འགའ་བཞག་གྱང་དགོསྣ་ཅིས་བྱ།།

<<ཏུན་ཧོང་གི་གནའ་ཡིག>> ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ། ཞེས་པའི་རྩ་འགྲེལ།> ཤོག་

ངོས༡༦། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 87

ཕུ་ན་རེ། ཡོངསྣི། །འཛངས་པ་དྲང་པོས་བཞག་ན། བཞགི་ར་བའོ། །དཔའ་བོ། ། ཐབས་མཀས་པས་བཞག་ན་བཞག་གི་རབ་འོག་འོ། །བརྟན་པོ་གཟུང་ཐུབ་པས་

བཞག་ན། །བཞགི་འབྲིང་བ་འོ། །རྣོན་མ་ནོར་དང་གོས་གྱིས། བཞག་པ་ནི། བཞགི་ མཐའ་མ་འོ། །”

46

འགྲེལ། ནུ་བོས་ཕུ་བོ་ལ་དྲིས་ཏེ་ཧ་ཅང་དབུལ་བོར་གྱུར་ན་ཤུལ་རྫས་ཅི་ཞིག་

འཇོག་དགོས་ཞེས་པར། ཕུ་བོས་ལན་དུ་མཛངས་སྤྱོད་དང་དྲང་བདེན་གྱི་གཤིས་

ཀ་བཞག་པ་ནི་རབ་དང༌། དཔའ་ཞིང་ཐབས་མཁས་པ་བཞག་པ་ནི་རབ་ཀྱི་འབྲིང༌།

བརྟན་པོའ ི་མི་གཤིས་བཞག་པ་ནི་འབྲིང༌། རྒྱུ་ནོར་ཟས་གོས་བཞག་པ་ནི་ཐ་མ་ཡིན་

ཞེས་པ་ལྟ་བུ་སོགས་ཕུ་ནུའི་མདོ་ལ་བལྟས་ན་སྐབས་དེའི་འཇིག་རྟེན་འཚོ་བ་སྐྱོང་

བའི་མི་གཤིས་དང༌། རྒྱལ་ཁབ་དར་ཞིང་རྒྱས་པར་བྱེད་པའི་མི་གཤིས་ཅི་འདྲ་ཞིག་ ཡིན་པ་རྟོགས་ཐུབ།

ནང་བསྟན་ཤ ེས་ཡོན་བོད་དུ་དར་བ་ནས་འཚོ་བ་དངོས་དང་ཕུགས་བསམ་

གཉིས་ཀྱི་བར་ཐག་རིང་དྲགས་པས་མི་རྣམས་བར་སྟོང་དུ་ལྷུང་ཡོད་ལ། བར་སྟོང་ དུ་ལྷུང་བའི་བོད་མི་རྣམས་ལ་བར་སྟོང་གི་མི་གཤིས་གྲུབ་ཆ་ལྡན་པའོ་ཞེས་བཤད་

ཆོག བར་སྟོང་གི་མི་གཤིས་ཞེས་པ་གསལ་བོར་བཤད་ན་གཞུང་ལུགས་དང་དོན་ དངོས་བར་གྱི་འགལ་བ་དང༌། ལག་ལེན་དང་ཕུགས་བསམ་བར་གྱི་འགལ་བ། ཕྱི་ རོལ་གཞི་གྲུབ་ཀྱི་བདེན་པ་དང་རིག་གནས་བར་ཀྱི་འགལ་བ། མི་རིགས་དང་དུས་

རབས་ཀྱི་འགལ་བ། འཚོ་བའི་རེ་འདུན་དང་འཚོ་བའི་དོན་དངོས་བར་གྱི་འགལ་བ་

བཅས་ཀྱི་ཁྲོད་དུ་གནས་པའི་མི་གཤིས་མངོན་ཚུལ་ཞིག་ཡིན། དཔེར་ན། འཕྲལ་

གྱི་བདེ་བ་ལ་དགའ་བཞིན་དུ་ཕུགས་ཀྱི་བདེ་བར་དང་དགོས་པ་དང་། འཁོར་བར་

46

<<ཏུན་ཧོང་གི་གནའ་ཡིག>> ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ། ཞེས་པའི་རྩ་འགྲེལ།> ཤོག་

ངོས༧༤། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།


88 ཉམས་ཞིབ་དེབ་ཕྲེང་། ༡

དགའ་ཡང་འཁོར་བར་སྐྱོན་དུ་ལྟ་བ་དང་། འཚོ་གནས་ལ་གཞི་བཅས་བཞིན་དུ་འཚོ་

གནས་དུག་སྦྲུལ་གྱི་ཚང་ལྟར་མཐོང་བ་དང་། མི་སྒེར་གཙོ་ཆེ་བཞིན་དུ་ཐུན་མོང་ལ་ ཁ་ཕྱོགས་དགོས་པ་དང་། ཁོར་ཡུག་ཆུང་ཆུང་ཞིག་གི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་

བློས་གཏོང་བྱེད་མི་ཐུབ་ཀྱང་སེམས་ཅན་མཐའ་དག་གི་དོན་དུ་བསམ་གཞིགས་ བྱེ ད ་དགོ ས ་པ། དོ ན ་དངོ ས ་སུ་རྩ་བ་བཞི ་ ཙམ་སྲུང་དཀའ་ནའང་ཀུན་སྤྱོ ད ་ཀྱི ་

ཁྲིམས་བརྒྱ་ཕྲག་མང་པོ་བསྲུང་དགོས་པ། འདོད་པ་ལ་ཤིན་ཏུ་དགའ་ནའང་འདོད་

པ་མི་གཙང་བར་ལྟ་བ། ཚེ་འདིའི་མ་ལའང་ཞབས་ཞུ་ཆ་ཚང་བ་ཞིག་བསྒྲུབ་མི་ཐུབ་

ཀྱང་སེམས་ཅན་མཐའ་དག་མ་རུ་འཛིན་པ། ཕྱིན་དྲུག་ལ་མཚོན་ན་སྒོར་མོ་གཅིག་ ཀྱང་སྦྱིན་པ་མི་གཏོང་ནའང་འཁོར་གསུམ་ལ་མ་དམིགས་པའི་སྦྱིན་པར་བསླབ་པ་

སོགས་མི་རིགས་སྣེ་ཁྲིད་བྱེད་པའི་གཞུང་ལུགས་ཀྱི་ཚད་གཞི་མཐོ་དྲགས་པས་མི་ ལ་སྣེ་ཁྲིད་བྱེད་མ་ཐུབ་པ་དང༌། མི་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ནུས་པ་ལ་དཔག་ པའི་མདུན་བསྐྱོད་མི་བྱེད་པར་དངོས་ཡོད་ཀྱི་བདེན་པ་དང་ཕུགས་བསམ་གྱི་བདེན་

པ་གཉིས་ཀྱི་བར་དུ་གནས་པའི་ལེ་དབར་ས་ཡ་མང་པོའ་ི ལམ་སྣེ་ཙམ་ནས་ཐང་

ཆད་དེ་ལེ་ལོ་དང༌། སྒྱིད་ལུག རྫུན་འཆོས་དང༌། སྙིང་སྟོབས་མེད་པ། དོན་དངོས་ ལ་བྱོལ་བ་སོགས་ཀྱི་གཤིས་ཀ་མངོན་དུ་གྱུར་ཏེ་མི་གཤིས་དམའ་རིམ་ལ་ལྷུང་

ཡོད། དེ་ནི་གཞུང་ལུགས་ཀྱི་ངོ་བོའ ི་སྐྱོན་དུ་མི་འགྱུར་ནའང་མི་ལྟེ་བར་བཞག་ནས་ གླེང་ན་གཞུང་ལུགས་དང་མི་གཉིས་ཀྱི་བར་དུ་སྟོང་ཆ་ཆེ་དྲགས་པའི་སྐྱོན་དུ་ངེས་

ལ༑ དེ་འདྲའི་རྒྱུན་ཞིག་གི་ཐོག་ནས་ད་ལྟའི་བོད་པའི་མི་གཤིས་འདི་གྲུབ་པ་ཅིས་ ཀྱང་ཁས་ལེན་དགོས།

འདིར་མི་གཤིས་ཀྱི་ཁྱད་ཆོས་གསལ་བོ་རྟོགས་ཕྱིར་གཤིབ་སྡུར་གྱི་རིག་

པར་བརྟེན་ནས་བོད་པའི་རིག་གནས་དང་ནུབ་ཕྱོགས་པའི་རིག་གནས་ལྟ་སྡུར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 89

བྱེད་ན་འདོད་ལ་དེའང་མི་གཤིས་ཀྱི་སྟེང་ནས་འཚོལ་ན་འདོད། གནད་དོན་འདི་ གསལ་བོ་བཟོ་ཕྱིར<འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དང་རྒྱ་

ནག་གི ་ རི ག ་གནས>ཞེ ས ་པར་ཤར་ཕྱོ ག ས་རི ག ་གནས་དང་ནུབ་ཕྱོ ག ས་རི ག ་ གནས་ཀྱི་དབྱེ་བ་གསལ་བའི་སྡོམ་ཚིག་ཅིག་བཞག་ཡོད་པ་བཀོད་ན། རྒྱ་ནག་རིག་གནས།

ནུབ་ཕྱོགས་རིག་གནས།

ཐུན་མོང་ཤུགས་ཆེ་བ།

སྒེར་དོན་ཤུགས་ཆེ་བ།

རྙིང་ཞེན་ལ་ཕྱོགས་ཆེ་བ།

ཡར་རྒྱས་ལ་ཤུགས་ཆེ་བ།

དབང་ཤུགས་ཆེ་བ།

འདས་དོན་ལ་ཁྱབ་ཆེ་བ།

རང་དོན་ཤུགས་ཆེ་བ།

ད་ལྟ་བ་ཁྱབ་ཆེ་བ།

སྟོང་བསམ་ལ་དབང་ཆེ་བ།

ལག་ལེན་གཙོ་ཆེ་བ།

བཟོད་བསྲན་ཤུགས་ཆེ་བ།

འགྲན་རྩོད་གཙོ་ཆེ་བ།

ཆོས་ལུགས་ཤུགས་ཆེ་བ། རང་བྱུང་ལ་ཕྱོགས་ཆེ་བ།

དོན་དངོས་དང་ཐག་རིང་བ།

ཚན་རིག་ཤུགས་ཆེ་བ། མི་གཤིས་གལ་ཆེ་བ།

སྤྱི་ཚོགས་ནང་ཞུགས་རྒྱུ་གལ་ཆེ་བ།”47

གོང་དུ་བཀོད་པའི་རྒྱ་ནག་དང་ནུབ་ཕྱོགས་ཀྱི་རིག་གནས་གཤིབ་སྡུར་དེ་

གཙོ་བོ་རིག་གནས་གཤིས་ཀ་གཤིབ་སྡུར་ཞིག་རེད། སྒྲིག་གཞི་དང་ལམ་ལུགས་ བྱེ་བྲག་རེ་རེ་ནས་བལྟས་ན་རྒྱ་ནག་ལ་ནུབ་ཕྱོགས་པའི་ཕུན་ཚོགས་ལས་མཐོ་བ་

ཡོད་སྲིད་ཀྱང་མི་གཤིས་སྤྱི་ཁྱབ་པའི་ངོས་ནས་བལྟས་ན་འདི་ནི་སྡོམ་ཚིག་ཡང་

47 <<པེ་ཅིན་ཊི་ཁྲིན།>>

འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དང་རྒྱ་ནག་གི་རིག་གནས། “ཐེངས་

གསུམ་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག་གི་གཏམ་བཤད།”

རྒྱ་ཡིག་ནས་ཀླུ་རབ་རྡོ་

རྗེས་བསྒྱུར། ༢༠༠༣ཤེས་རབ་དགའ་ཚལ་སློབ་གླིང་གི་དུས་དེབ། ཤོག་ངོས༡༣༦། ཤེས་རབ་དགའ་ཚལ་ སློབ་གླིང་གིས་བཏོན།


90 ཉམས་ཞིབ་དེབ་ཕྲེང་། ༡

དག་ཅིག་རེད། བདག་གིས་སྡོམ་ཚིག་འདི་བདམས་བཀོད་བྱས་ནས་ཅི་ཞིག་བྱ་ ཞེ་ན། གོང་གི་སྡོམ་ཚིག་འདི་རྒྱ་ནག་དང་ནུབ་གླིང་ཙམ་མ་ཡིན་པར་བོད་དང་ནུབ་

གླིང་གི་རིག་གནས་གཤིབ་སྡུར་ཞིག་ཏུ་བརྩིས་ན་འགྲིག ད་དུང་འདི་ནི་སྲོལ་རྒྱུན་ རིག་གནས་དང་དེང་རབས་རིག་གནས་གཤིབ་སྡུར་ཞིག་ཏུ་བཟུང་ནའང་མི་ཆོག་

པ་མེད་དོ།། རིག་གནས་མཆིས་སོ་བསྡུ་ཤེས་ན་གཤིས་ཀ་ཞིག་གི་སྟེང་དུ་གནས་ པས་གོང་གི་རྒྱ་ནག་རིག་གནས་ལ་བཞག་པའི་སྡོམ་ཚིག་དེ་བོད་མིའི་རིན་ཐང་ལྟ་

ཚུལ་དང་མཛེས་དཔྱོད་འདུ་ཤེས་ཀྱི་སྟེང་ན་ཁྱབ་ནས་ཡོད། སྤྱིར་བཏང་ལུས་ངག་ གི་འགུལ་སྐྱོད་ཡོད་ཚད་ཀྱི་སྤུས་ཚད་དེ་མི་གཤིས་ཀྱི་ཐོག་ན་ཡོད་ཕྱིར་མི་གཤིས་ ཀྱི ས ་རྩ་བ་བྱས་པའི ་ སྟེ ང ་ནས་མི ་ རི ག ས་དེ ས ་རི ག ་གནས་སྐྱེ ད ་སྐྲུན་བྱེ ད ་ཀྱི ན ་ ཡོད་ལ་དེས་ཕྱིར་མི་རིགས་ཀྱི་གཤིས་སྲོལ་བསྲིངས་ནས་ཡོད། དཔེར་ན། རྒྱལ་ ཁབ་གཉིས་ཀྱིས་རྒྱུ་ཆ་གཅིག་གིས་དངོས་པོ་གཅིག་བཟོ་སྐྲུན་བྱས་ན་བར་ཁྱད་ དང་ཧེ་བག བཟང་ངན་བཅས་ཤོར་གྱིན་ཡོད་པ་དེ་ལག་རྩལ་མཐོ་དམན་ཙམ་ཡིན་

ན་བརྗོད་དུ་མེད་ཀྱང་དེ་ཙམ་གྱིས་ག་ལ་ཚད་དེ། དེ་ནི་རྒྱལ་ཁབ་གཉིས་ཀྱི་རིག་ གནས་གཤིས་ཀ་དང་འབྲེལ་ནས་ཡོང་བས་དེས་རིག་གནས་མི་འདྲ་བ་དག་གི་ ནང་གནས་འཚོལ་ཐུབ།

བོ ད ་མི ་ རི ག ས་ཀྱི ་ གཤི ས ་ཀ་སྲ་ཞི ང ་མཁྲེ ག ས་པ། སྤ་བཀོ ང ་ཞི ང ་རྫུན་

འཆོས་ཅན། གདེང་ཚོད་མེད་པ། ཚོར་བ་སྦས་པ། འཚོ་བ་བཏང་བ། དཀའ་ ངལ་ལ་བྱོལ་བ། དམིགས་ཡུལ་མེད་པ། རང་དོན་ཤོར་བ། དད་གུས་ཀྱི་མཐར་

ལྷུང་བ། བདེན་པ་ལས་བརྩེ་དུང་དབང་ཆེ་བ་འདིའང་རང་གི་རིག་གནས་ཀྱི་ཐོན་ འབྲས་ཡིན་ཕྱིར་རིག་གནས་རང་ཉིད་ཀྱང་དེ་འདྲ་ཞིག་ཡིན་དགོས་པའམ་ཡང་ན་ ལེགས་པའི་མཐར་སོན་པའི་རིག་གནས་ཀྱིས་སྣེ་ཁྲིད་བྱེད་མ་ཐུབ་པའོ། །སྤྱིར་མི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 91

གཤིས་དང་དེའི་རིག་གནས་གཤིས་ཀ་ལོགས་སུ་དབྱེ་རྒྱུ་མེད་པར་ངོ་བོ་གཅིག་ ཏུ་གྲུབ་ཡོད་པས་ན་རིག་གནས་ཀྱི་སྣེ་ཁྲིད་ཤོར་བའི་བར་སྟོང་གི་མི་གཤིས་མངོན་

པ་བསྙོན་དུ་མེད། དེ་ལྟར་གཞིག་ན་དཔེ་དེབ་ཅིག་ཏུ་འདི་ལྟར་བཤད་ཡོད་དེ“བོད་

མིའི་བདེ་འཇགས་ཀྱི་རེ་བ་དེའི་སྟེང་ཆོས་ལུགས་ཀྱི་ཤན་ཐེབས་པས་ཐལ་ཆེས་

སོང༌། ནམ་ལངས་ནས་ས་རུབ་ཁའི་བར་དུ་བདེ་འཇགས་ཡིན་ལ། ཚོང་ལས་མི་ གཉེར་བ་དང་འགྲན་རྩོད་མི་བྱེད་པ། ངོ་རྒོལ་མི་བྱེད་པ་དང༌། སྐྱིད་དུས་མགོ་འཕང་

མི་མཐོ་ལ་སྡུག་དུས་མགོ་འཕང་མི་དམའ་བའི་གཤིས་ཤ ིག་དར། དེ་ནི་རླབས་མེད་

པའི་མཚོ་མོ་དང་ཇི་སྲིད་དེའི་ཡུན་ལ་ཡལ་རྒྱུ་མེད་པའི་གངས་རིའི་རང་མདངས་

དང་ཤ ིན་ཏུ་མཚུངས་སོ། །” ཞེས་བཀོད་ཡོད་པ་ལྟར་བོད་ཀྱི་རིག་གནས་འདི་ངོ་བོ་ 48

ཅི་འདྲ་ཞིག་ཡིན་པ་ཤེས་འོང་ལ་མི་རིགས་ཤིག་གི་བརྗོད་ཚུལ་ལ་ངེས་ལེགས་ཀྱི་

ཆ་རྩ་བ་ནས་མེད་མི་སྲིད་ཀྱང་གོམས་གཤིས་སྙིགས་མ་དག་ཀྱང་གློ་བུར་དུ་གནམ་

ནས་བབས་པའམ་རང་གི་རིག་གནས་དང་ཁ་གྱེས་ཏེ་བྱུང་བ་ཞིག་ཡོང་མི་ཤེས་ པས་དེ་ཉིད་རིག་གནས་ཀྱི་ཁྱད་རྟགས་མངོན་སྟངས་ཤིག་ཏུ་ཁས་ལེན་དགོས།

མུ་མཐུད་དེ ་ བཤད་ན་མི ་ ནི ་ རི ག ་གནས་ཀྱི ་ སྲོ ག ་ཆགས་ཡི ན ་པ་དང་མི ་

གཤིས་ཀྱི་འབྱུང་ཁུངས་རིག་གནས་ཡིན། ཐོག་མར་ས་ཁམས་ངེས་ཅན་པའི་མི་

རིགས་ཀྱིས་རིག་གནས་ངེས་ཅན་ཞིག་བསྐྲུན་ཅིང་རིག་གནས་དེས་ས་ཁམས་ ངེ ས ་ཅན་པའི ་ མི ་ རི ག ས་དེ འི ་ ཐུན་མི ན ་ཁྱད་གཤི ས ་བསྐྲུན་པ་རེ ད ་ལ་དེ ས ་མི ་

རིགས་ཀྱི་གཤིས་ཀ་གྲུབ་ཅིང་ད་ལྟའི་བར་དུ་རྒྱུན་བསྲིང་ནས་ཡོད་དེ། “འཇར་ མན་པ་ཞིག་དང་ཨ་རི་བ་ཞིག་ཕན་ཚུན་ཁ་བརྡ་བྱས་པ་ལ། འཇར་མན་པས‘ཁྱེད་

ཚོའི་ཨ་མེ་རི་ཁར་སྲིད་འཛིན་བཟང་པོ་དག་གི་དྲིན་ལ་ཧ་ཅང་ལེགས། ང་ཚོརHitler

48

<<བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའ ི་རྣམ་བཤད་ཅེས་བྱ་བ་བཞུགས་སོ།།>> ཤོག་ངོས༧༠།

དཔལ་ལྡན་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


92 ཉམས་ཞིབ་དེབ་ཕྲེང་། ༡

བདུད་རྒན་དེ་བྱུང་བས་ཚང་མ་སྡུག་ལ་སྦྱར་བ་རེད’ཅེས་བཤད་པའི་ལན་དུ་ཨ་རི་ བ་དེས‘གལ་ཏེ་ཧེ་ཐི་ལེར་ང་ཚོ་ཨ་རིའི་སྲིད་འཛིན་ཡིན་རྒྱུ་ན་སྲིད་འཛིན་བཟང་པོ་

ཞིག་ཡིན་པར་ཐེ་ཚོམ་མེད” ཅེས་བཤད་པ་འདིའི་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་ 49

རིག་གནས་མི་འདྲ་ཞིང་མི་འདྲ་བའི་རིག་གནས་ཀྱིས་གཤིས་ཀ་མི་འདྲ་བའི་སྲིད་ འཛིན་གཉིས་ཐོན་སྐྱེད་བྱས་པའི་གནས་ལུགས་རྟོགས་ཐུབ།

བོད་མི་རྣམས་དུས་རྟག་ཏུ་དངོས་ཡོད་ལས་འདས་པའི་ཕུགས་བསམ་དང་

འཆར་ཡན་གྱི་ཀློང་དུ་འཚོ་བ་འདིའང་རིག་གནས་ཀྱི་གཙོ་ཤུགས་ཆོས་ལུགས་

ཀྱིས་བཟུང་ཡོད་པས་ཡིན། མི་རྣམས་དུས་རྟག་ཏུ་ཐར་དཀའ་བའི་དངོས་ཡོད་དོན་

རྐྱེན་ཞིག་གི་འོག་ཏུ་ཚུད་ཅིང་བཅོས་དཀའ་བའི་གནས་སུ་གྱུར་པ་ན་གཞི་ནས་ འཆར་ཡན་ནམ་ཕུགས་བསམ་ཞིག་ལ་རེ་སྙེག་བྱེད་པ་དེའང་གདོད་མའི་རང་བྱུང་

ངོས་འཛིན་བྱེད་སྟངས་ནས་ཚད་མེད་དག་ཞིང་གི་བར་དུ་འཕེལ་རྒྱས་བྱུང༌། ཕྱིས་

སུ་རིམ་གྱིས་ཚད་མ་རིག་པའི་རིགས་ལམ་ལ་བརྟེན་ནས་དེ་བས་ངོ་མཚར་ཅན་ དང་དགག་སྒྲུབ་ཀྱིས་བཤིག་དཀའ་བའི་གནས་སུ་བསྐྱལ་བས་སླར་ཡང་དངོས་

ཡོད་ལས་ཆེས་རིང་དུ་སོང༌། འཆར་ཡན་དང་ཕུགས་བསམ་གྱི་རིན་ཐང་ཆེ་ཤ ོས་

དེ་ནམ་ཡང་མཐོང་མི་ཐུབ་པ་དང་འགྲུབ་དཀའ་བའི་གནས་ན་ཡོད་ཅིང༌། ནམ་ཡང་

འགྲུབ་ཏུ་མེད་པའི་ལྐོག་གྱུར་གྱི་ཆ་དེ་ནི་ཐོགས་རེག་བྲལ་བའི་རེ་སྙེག་ཅིག་ཡིན་ ལ་དེས་མི་རྣམས་ལ་འདུ་ཤེས་འཛིན་སྟངས་ཀྱི་ཆ་དེར་ཚད་མེད་པའི་སེམས་གསོ་

བྱེད་ཀྱིན་ཡོད་པས། དེ་ཉིད་ཆོས་ལུགས་འགྲུབ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་ལ་ཆོས་ ལུགས་ཀྱིས་ཡང་བསྐྱར་དེ་ཉིད་རྒྱ་བསྐྱེད་དུ་གཏོང་གིན་ཡོད་ཕྱིར་ཆོས་ལུགས་པ་

ཐུན་མོང་ལ་ཆོས་ལུགས་ཀྱིས་སྐྲུན་སྐྱེད་བྱས་པའི་གཤིས་ཀ་ཞིག་ཡོད་ཆོག་ལ་ 49

<<རིག་གནས་སྙིང་སྟོབས།>> ཤོག་ངོས༡༨༤། ཉི་གཞོན་གྱིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 93

ཡོད་ཀྱང་ཡོད། དེ་ན་མི་གཤིས་ནི་རིག་གནས་གྱི་ནང་གནས་ཡིན་པ་ངེས་པར་དུ་ རྟོགས་ན་འགྲིག་གོ།

དྲུག་པ། རིག་གནས་འདུ་ཤེས།—འཚོལ་ཞིབ།

རིག་གནས་འདུ་ཤ ེས་ཞེས་པ་སྤྱིར་བཏང་མི་རིགས་ཤིག་གམ་སྤྱི་ཚོགས་ཤ ིག་ས་ ཁམས་ཀྱི་དབང་གིས་མཉམ་བསྡུས་འཚོ་གཞིས་བྱས་པར་བརྟེན་ནས་ཐུན་མོང་དུ་

ཆགས་པའི་བསམ་བློ་གཏོང་སྟངས་ལ་བྱ་ཞིང་འདུ་ཤེས་ཀྱི་ཐུན་མོང་སྣང་ཚུལ་དེ་ གྲུབ་པ་ལ་ཐོག་མར་ས་ཁམས་ཀྱི་རང་བཞིན་ཆེ་ཆེར་ལྡན། ཕྱིས་སུ་རིམ་གྱིས་སྤྱི་

ཚོགས་ངེས་ཅན་པ་ཐོན་སྐྱེད་ངལ་རྩོལ་ལ་ཞུགས་ཤིང་རང་བྱུང་དང་སྤྱི་ཚོགས་ལ་

འཐབ་རྩོད་བྱས་པ་དང་དེའི་ཁྲོད་ནས་ཐོན་སྐྱེད་གསར་སྐྲུན་གྱི་འདུ་ཤ ེས་ཆགས་པ་

ལ་ཐོན་སྐྱེད་རྒྱུ་ཆ་དང་འབྲེལ་བ་ཡོད་དེ་གྲང་རེག་གིས་མི་དཔའ་བར་བྱེད་པ་དང༌། ཚ་བས་མི་སྡར་མར་བྱེད་པ་དང་མཚུངས། འོན་ཀྱང་གང་ཞིག་ཐོན་སྐྱེད་བྱས་པའི་ དངོས་པོས་ཕྱིར་འདུ་ཤེས་ཆགས་པ་དང་འདུ་ཤེས་འགྱུར་བག་ལ་ཚོད་འཛིན་དང་ ནུས་པ་གལ་ཆེན་ཐོན་པས་ན། མི་རིགས་ཤིག་གིས་བཟོ་སྐྲུན་བྱས་པའི་བྱ་དངོས་ ལམ་ལུགས་དང་བཅས་པ་ཡོད་ཚད་ཀྱི་སྟེང་ན་མི་རིགས་དེའི་འདུ་ཤེས་ཀྱི་རིན་

ཐང་མངོན་ནས་ཡོད་པ་ནི་མི་རིགས་དེའི་རིག་གནས་འདུ་ཤ ེས་ཏེ་ནང་གནས་ཞེས་

པ་ཡིན། དེ་འདྲ་ཡིན་ན་མི་རིགས་ཤིག་གི་ངོ་བོའམ་རིག་གནས་འཚོལ་དཔྱོད་དེ་

དེབ་གཅིག་པུ་ཙམ་གྱི་སྟེང་གི་འདྲ་ཆགས་ཚིག་སྦྱོར་ཁོ་ནའི་གསེང་ནས་ཧྲིལ་པོ་

འཚོལ་འདོད་པ་ནི་དྲན་ཤེས་ལྡན་པ་ཞིག་མིན། དེབ་ཕལ་ཆེར་ངེས་ལེགས་ལ་


94 ཉམས་ཞིབ་དེབ་ཕྲེང་། ༡

ཕྱོགས་ཤ ིང་ཆ་ཤ ས་རེ་རེ་ནས་མ་རབས་གཡོ་སྒྱུ་ལ་དམོད་པ་དང་ཡ་རབས་བཟང་

པོ་ལ་བསྟོད་པ་ནི་གཅིག་མཚུངས་ཡིན། ཞེས་བཤད་ཆོག་སྟེ་དེབ་ཁོ་ནར་བལྟས་ན་ མི་རིགས་ཚང་མའི་རིག་གནས་དེ་ལེགས་པའི་མཐར་སོན་པ་ཞིག་ཡིན་ཡང༌། དོན་

དངོས་སུ་མི་རིགས་གང་ཞིག་དང་དེའི་དཔེ་དེབ་དག་ལ་ནམ་ཡང་ཧེ་བག་ཅིག་ཡོད་

ལ་དེའི་ཟབ་ཚད་མི་འདྲ་བ་ཡིན། གཞན་དུ་ཟས་གོས་གནས་མལ་དང༌། འགྲོ་འཆག་ ཉལ་འདུག མི་དང་སྤྱི་ཚོགས་འབྲེལ་འདྲིས། ཐོན་སྐྱེད་ཡོ་བྱད། སྐད་ཡིག སློབ་ གསོ། སྒྱུ་རྩལ་དང་རོལ་མྱོང་ནུས་པ། སྤྱི་ཚོགས་བྱེད་སྒོ། ཆོས་ལུགས་དད་མོས།

འཇིག་རྟེན་ལྟ་ཚུལ། མཛེས་དཔྱོད་རིན་ཐང་། འཕྲོད་བསྟེན་གུས་ལུགས་སོགས་ཀྱི་ སྟེང་ན་མི་རིགས་དེའི་འདུ་ཤེས་འཚོལ་དུ་ཡོད།

ཧྤོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས“ཤེས་རིག་གི་བསམ་བློ་ཟེར་བ་ཅི་ཞིག་ཡིན་

ཞེ་ན། དེ་ནི་མི་དམངས་ཀྱི་གོམས་སྲོལ་ཡིན་ནོ། །” ཞེས་པར་གནད་ཅིག་ཡོད་དེ་ 50

ཤེས་རིག་གི་ནང་རིམ་འདུ་ཤེས་ནི་སྟབས་བདེ་བོའ ི་བརྗེ་ལེན་བྱེད་པའམ་མྱུར་སྐྲུན་

ཐུབ་པ་ཞིག་གཏན་ནས་མིན། དེ་ནི་ཆོས་ཐམས་ཅད་ཀྱི་སྟེང་དང་ཐོན་འབྲས་ཀྱི་ གསེང་ན་ཡོད། རིག་གནས་འདུ་ཤེས་ལ་ཐུན་མོང་བའི་ཆ་དང་སོ་སོ་བའི་ཆ་ཡོད་ ཀྱང་ཤ ེས་རིག་དང་ལྡན་མིན་ཡང་ཆོས་ཐམས་ཅད་ཀྱི་སྟེང་ནས་འཇོག་དགོས་པ་

ལས་བྱེ་བྲག་གི་དེ་ཙམ་མི་འཇོག དེའི་ཐད་ནས་སྔོན་གྱི་མཁས་པ་དག་གི་ཁྲོད་དུ་

ཤོད་ཚུལ་ཞིག་ཡོད། ཡུ་རོབ་གླིང་གི་རྒྱལ་ཁབ་ཁག་ཅིག་དང་ཨ་མེ་རི་ཁ་ནི་ཤ ེས་ རིག་དར་བའི་རྒྱལ་ཁབ་དང༌། རྒྱ་ནག་དང་རྒྱ་གར་སོགས་ཨེ་ཤ ་ཡའི་རྒྱལ་ཁབ་

རྣམས་ཤ ེས་རིག་ཕྱེད་དར་དང༌། ཨ་ཧྥེ་རི་ཁ་སོགས་ཤེས་རིག་མ་དར་བའི་རྒྱལ་

ཁབ་ཏུ་བགྲང་བཞིན་ཡོད། དེང་གི་དུས་ན་གནས་སྟངས་ཅུང་འགྱུར་སྟེ་ཤ ེས་རིག་ 50

<<ཤེས་རིག་སྨྲ་བའི་བསྡུས་དོན།>> ཤོག་ངོས༢༢། ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་བརྩམས། ཀན་སུའུ་མི་

རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 95

ཕྱེད་དར་གྱི་རྒྱལ་ཁབ་ཁ་ཤས་ཤེས་རིག་དར་བའི་ལམ་དུ་བསྐྱོད་པ་དང་ཁ་ཤས་

སོ་ན་གནས། བོད་ཀྱི་མཁས་པ་དག་གིས་ཕྱིའི་དངོས་པོའ་ི ཆ་ནས་ང་ཚོ་རྗེས་

ལུས་རེད་དེ་འོན་ཀྱང་ནང་བསམ་བློའ་ི ངོས་ནས་བོད་འདི་ཤེས་རིག་དར་བའི་རྩེ་ མོར་སོན་པའོ་ཞེས་སྨྲ་བཞིན་པ་ནི་རང་སེམས་རྨོངས་པར་བྱེད་པའི་ཁ་གཡང་གི་

དངོས་པོ་རྩ་ཆེན་ཞིག་རེད། མི་རིགས་གང་ཡིན་ཡང་རང་གི་ཞན་ཕྱོགས་མ་རྟོགས་

པའི་རྐྱེན་གྱིས་རིག་གནས་གཞན་དད་ལེན་མི་བྱེད། རྒྱུ་མཚན་རང་ཉིད་ཕུན་སུམ་ ཚོགས་པར་རློམ་པའི་རྐྱེན་གྱིས་རྗེས་ལུས་ཐེབས་བཞིན་ཡོད་པ་དང་། མདུན་སྐྱོད་ ཀྱི་སྒོ་དག་འགོག་པར་བྱེད་པའི་དངོས་པོ་དེ་དག་ནི་ཁོང་ཚོའི་ཐུན་མོང་མ་ཡིན་པའི་

ཁྱད་ཡོན་ཞིག་ཏུ་བཟུང་ནས་ཉར་ཚགས་བྱེད་ཀྱིན་ཡོད། ཁོ་ཚོས་དོན་དངོས་ཀྱིས་

ནུབ་ཕྱོགས་ཤ ེས་རིག་གི་ལེགས་བྱང་ངོས་འཛིན་ཡང་དག་ཅིག་མ་བྱས་པ་མ་ཟད་ རང་གི་རིག་གནས་ལའང་ནོར་འཁྲུལ་གྱིས་ངོས་འཛིན་བྱེད་ཀྱིན་ཡོད། ནུབ་ཕྱོགས་

པས་གསར་གཏོད་བྱས་པའི་བསམ་བློ་ཀུན་སྤྱོད་དེ་ཁོང་ཚོའི་བྱ་དངོས་ཡོད་དོ་

ཅོག་གི་ཁོངས་ན་སྦ་ཞིང་ཡོད་པ་མཐོང་མེད་པར་དེ་ཕྱོགས་ཀྱི་སྤྱོད་པ་ལོག་པའི་ མིའི་གཤིས་སྤྱོད་ཁོ་ན་བགྲང་སྟེ་རང་གི་ངེས་ལེགས་དང་སྡུར་ཅི་ཐུབ་བྱེད། ངས་ བསམ་ན་སྤྱི་ཕྱོགས་ནས་ལྟ་དགོས་ལ་དངོས་པོ་ཡོད་ཚད་ཀྱི་གསེང་ན་མངོན་པ་ཅི་

ཞིག་ཡིན་པ་འཚོལ་དགོས། ང་ཚོས་རིག་གནས་ཤོད་དུས་ཆོས་ལུགས་བསམ་བློ་

ཁོ་ན་འཁྱེར་ནས་གཞན་ལ་ལྟ་སྡུར་བྱེད་པ་དེ་ནི་འོས་ཤ ིང་འཚམ་པ་ཞིག་མ་རེད། ཆོས་ལུགས་ཀྱིས་སྤྱི་ཚོགས་འཚོ་བའི་ཕྱོགས་ཧྲིལ་པོ་མཚོན་མི་ཐུབ། ཆོས་ལུགས་

ཀྱི་བྱམས་བརྩེ་ནི་བླ་ན་མེད་པ་ཞིག་ཡིན་ཀྱང་མི་མང་གི་རྟོགས་ཚད་ཀྱི་ངོས་ནས་

དེ་ནི་དེ་འདྲའི་རང་རྟོགས་ཤིག་མིན་པར་ཁྲིམས་ལུགས་ཀྱི་ཕྱོགས་སུ་མཆེད་ནས་ ཡོད་ཕྱིར་དངོས་ཡོད་སྤྱི་ཚོགས་ལ་ནུས་པ་འདོན་དཀའ།

(འོག་གི་ཤེས་ཡོན་གྱི་སྐབས་


96 ཉམས་ཞིབ་དེབ་ཕྲེང་། ༡ ན་གསལ)

དཔེ་མཚོན་ཙམ་བཤད་ན་ནུབ་གླིང་བའི་མིའི་རང་རྟོགས་ཀྱི་ཁོར་ཡུག་

སྲུང་སྐྱོབ་དང༌། དབུལ་སྐྱོབ་གཏོང་ཕོད། རང་ཉེས་ངོས་ལེན། ཀུན་སྤྱོད་རང་སྲུང༌། འཕྲོད་བསྟེན། སྒྲིག་ཁྲིམས་འགན་ལེན། བདེན་དོན་འཚོལ་ཞིབ། གསར་གཏོད་འདུ་

ཤེས་སོགས་ཤ ིན་ཏུ་དངོས་ཡོད་ཅན་ལ་བོད་ཀྱི་ཕུགས་བསམ་ཅན་ཀྱི་ཆོས་དག་

གིས་ནམ་ཡང་གཞལ་མི་ནུས་པས་ན། མི་རིགས་ཀྱི་བྱ་དངོས་ཚང་མའི་སྟེང་ནས་ རང་གི་ཞན་ཆ་འཚོལ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་ངེས་པར་གླེང་དགོས་ ཤིང་བཟང་ཆ་ནི་བརྗོད་པའི་དགོས་པ་མེད་དོ། །

བདུན་པ། རིག་གནས་བརྗེ་ལེན།—འཚོལ་ཞིབ།

རིག་གནས་ཤིག་རླབས་ཆེན་ཡིན་མིན་གྱི་འགྲེལ་བཤད་དེ་མི་རིགས་དེ་རླབས་

ཆེན་ཡིན་མིན་གྱིས་ཕྱེས་ན་འགྲིག མི་རིགས་གང་དེ་རླབས་ཆེན་གྱི་མི་རིགས་

ཤི ག ་མི ན ་ན་དེ འི ་ རི ག ་གནས་ཀྱང་རླབས་ཆེ ན ་ཡི ན ་མི ་ སྲི ད ་པ་དང་ཡང་ན་སྣེ ་ ཁྲིད་རང་བཞིན་མེད་པ་རེད། རིག་གནས་ཤིག་ལ་སྣེ་ཁྲིད་རང་བཞིན་མེད་ན་རིག་

གནས་གང་ཞིག་རླབས་ཆེན་ག་ལ་ཡིན་ཏེ་ཐ་ན་མི་རིགས་དེའི་ཁུར་བོ་ལྷག་མ་ ཞིག་ཡིན་པ་ལས་སྙིང་སྟོབས་ཤིག་ཡིན་མི་སྲིད་པའམ། ཡང་ན། སྣེ་ཁྲིད་ཀྱི་ནུས་

པ་ཆུང་བའི་དུས་ཡོལ་རིག་གནས་ཤིག་ཡིན་པས་རིག་གནས་དེ་བརྗེ་ལེན་བྱེད་

དགོས་ཏེ། འཛམ་གླིང་གི་མི་རིགས་ཡོད་ཚད་བྲན་གཡོག་ནས་བཀས་བཀོད་ཅན་

དང༌། མ་རྩ་ཅན་ནས་མང་གཙོ་ཅན་དུ་གྱུར་པ་ནི་རིག་གནས་བརྗེ་ལེན་གྱི་སྣང་ཚུལ་ ཞིག་རེད་ལ་འདིས་རིག་གནས་སྔོན་ཐོན་ཅན་ལ་ཕྱོགས་ཤིང་ཐེར་ཟུག་སོར་གནས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 97

རིག་གནས་ཀྱི་བརྩེ་དུང་དོར་ཏེ་མྱུར་བར་རྒྱང་མཐོང་དང་སྒམ་དཀྱེལ་ཆེ་བའི་སྒོ་

ནས་རིག་གནས་བརྗེ་ལེན་བྱས་དང་བྱེད་བཞིན་པ་མཚོན། དེ་འདྲའི་དཔེ་མཚོན་ མང་སྟེ་ཡུ་རོབ་གླིང་གི་དུས་རབས༡༤བའི་རིག་གནས་བསྐྱར་དར་དང༌། དུས་

རབས་བཅུ་བདུན་པའི་ཚན་རིག་གསར་བརྗེ་ལས་འགུལ། རྒྱ་ནག་གི༡༨༤༠ནས་ ༡༨༤༢ཉལ་ཐ་དམག་འཁྲུག་གི་ཕྱིས་དང་དུས་རབས༡༨པའི་ལོ་རབས༥༠པའི་ཞི་ བདེ་འོས་ལངས། དུས་རབས༡༩པའི་ལོ་རབས༧༠པའི་ཕྱི་འབྲེལ་ལས་འགུལ།

དུས་རབས༢༠པའི་དུས་འགོའ་ི རིག་གནས་ལས་འགུལ་དང་དམངས་གཙོ་རིང་

ལུགས་གསར་བརྗེ ་སོགས་དང༌། ཐུ་བྷོ ད་ས་སྒང་དུ་སྟོ ན ་པ་གཤེ ན ་རབ་ཀྱིས ་

གདོད་མའི་ཆོས་ལུགས་བཅོས་སྒྱུར་བྱས་པ་དང་། དུས་རབས༧པའི་སྐབས་ཀྱི་ཕྱི་

ཕྱོགས་རིག་གནས་ནང་འདྲེན་གྱི་ལས་འགུལ། དུས་རབས༨པའི་བན་བོན་གདོང་ གཏུགས་ཀྱི་ཆོས་ལུགས་ཡོ་ལང་། དུས་རབས༩པའི་གླང་དར་གྱི་ཆབ་སྲིད་ལེགས་

བཅོས་དང་འབངས་གྱེན་ལོག དུས་རབས༢༠པའི་ནང་དུ་རྒྱལ་དབང་བཅུ་གསུམ་ པའི་ལུགས་རྙིང་ལེགས་བསྒྱུར། ༡༩༤༩ནས་རྒྱ་ནག་དམར་པོའ ི་རིག་གནས་དང་

གདོང་གཏུགས་ཀྱིས་བོད་ཀྱི་འཚོ་བའི་ཕྱོགས་ཡོངས་རང་རྟོགས་བཅོས་སྒྱུར་དང་ གཞན་དབང་ཕམ་ཉེས་སོགས་འདས་དོན་བྱུང་བ་མང་པོས་གནས་ལུགས་ཅི་ཞིག་

བསྟན་འདུག་ཅེ་ན། ངེས་པར་དུ་བསྒྱུར་དགོས་པ་དང༌། བརྗེ་ལེན་བྱེད་དགོས་པ། སྙིགས་དོར་བཅུད་འཚོལ་བྱེད་དགོས་པ་གསལ་བོ་ཡིན། དྲན་ཤ ེས་ལྡན་པའི་སྒོ་ ནས་མི་རིགས་དང་རྒྱལ་ཁབ་མང་པོར་བལྟ་སྡུར་བྱོས་དང་གང་ཞིག་འགྱུར་སྐྱེན་

པ་སྔོན་ཐོན་དང་གང་ཞིག་འགུལ་དལ་བ་ཤུལ་དུ་ལུས་ཡོད་པ་ལས་སླ་པོར་མཐོང་ ཐུབ། བརྗེ་ལེན་ཁྲོད་ཀྱི་ཐོབ་ཤོར་དང་ལྕི་ཡང་ནི་སྒྱུར་ཆོས་དང་བསྒྱུར་གཞི་གཉིས་ ཀར་ལྟོས་པ་མ་ཟད་འགྱུར་བའི་ངོ་བོ་རང་ལ་ལྟོས་ཏེ་འབྱུང་བར་སྲིད་ཀྱང་ཕམ་ཁར་


98 ཉམས་ཞིབ་དེབ་ཕྲེང་། ༡

འཇིགས་ཏེ་རིག་གནས་བརྗེ་ལེན་མི་བྱེད་པ་ནི་དེ་ལས་ཀྱང་ཕམ་ཁ་ཆེན་པོ་འབྱུང་

བའི་ཉེར་ལེན་ཞིག་ཡིན་ཏེ། མཐའ་མ་ཕྱི་ཡོང་རིག་གནས་ཤ ིག་ལ་གདོང་གཏུགས་

དྲག་པོ་བརྒྱབས་པ་ལ་བརྟེན་ནས་བརྗེ་ལེན་ལ་ཕྱོགས་མོད། དེ་དུས་འཕྱིས་དྲགས་ པ་སྨོས་ཅི་དགོས་ཏེ་བོད་ཀྱི་དེ་སྔའི་དངོས་ཡོད་ཀྱིས་མཚོན་པས་ར་སྤྲོད་གསལ་

བོར་བྱེད་ནུས། འོན་ཀྱང་ང་ཚོ་ལྟ་བུས་རིག་གནས་བརྗེ་ལེན་མི་བྱེད་པ་ནི་རང་གི་ རིག་གནས་ཀྱི་སྐྱོན་རྣམ་མཐོང་བཞིན་དུ་མིན་པར་རང་གི་རིག་གནས་དང་ཁྱད་ གཤིས་དེ་ཕུན་སུམ་ཚོགས་པའི་རྩེ་མོར་བསྔགས་ཤིང་བརྩེ་དུང་གི་མཐར་ལྷུང་བའི་

རྐྱེན་གྱིས་ཡིན་པ་མངོན་སུམ་ལགས་ཤིང༌། ཁོ་ཚོར་རིག་གནས་ཁེ་ཕན་མཐོང་བའི་ མིག་འོད་མེད་པས་བརྗེ་ལེན་གྱི་ལག་པ་ཞ་ནས་ཡོད་ལ་སྙིགས་དོར་བཅུད་ལེན་གྱི་

ཤེས་པ་བསྒྲིབས་ནས་ཡོད། དེའང་གནས་ལུགས་ཤིག་སྟེ་བརྩེ་དུང་གི་མཐར་ལྷུང་ བའི་མི་ཞིག་གིས་དངོས་ཡོད་གནས་ཚུལ་མཐོང་མི་ཐུབ་སྟེ་ཆེས་དངངས་སྐྲག་གི་

མདུན་ནས་བསམ་བློ་གཉིས་པ་ཞིག་འཁོར་རྒྱུ་དེ་དཀའ་ཚེགས་ཆེན་པོ་ཡིན་པ་ བཤད་ཅི་ལ་དགོས།

བརྗེ་ལེན་དེ་ངེས་ལེགས་ཀྱི་ཕྱོགས་སུ་འགྲོ་མིན་གོང་གི་ཆོས་གསུམ་དང་

འབྲེལ་བས་ན་ཕྱོགས་སུ་ལྷུང་བའི་རིག་གནས་བརྩེ་དུང་འདོར་རྒྱུ་ཉག་གཅིག་ལས་

མ་འདས། དེ་ནི་འཕེལ་རྒྱས་ཀུན་གྱི་རྨང་གཞི་ཡིན་ལ་ལྷག་པར་རིག་གནས་ནི་

མིའི་འདོད་འདུན་གང་བའི་བྱེད་ཐབས་ཤིག་ཡིན་པ་ལས་དམིགས་ཡུལ་དུ་འཛིན་ མི་རུང༌། མི་རིགས་གང་ཞིག་མི་དང་རིག་གནས་གཉིས་ལས་མི་ཉིད་མཐོན་པོར་ འཛིན་དགོས་ཤ ིང་མཐོ་དམན་དང་ལྕི་ཡང་ཤེས་ན་རིག་གནས་གང་ཞིག་ཁེ་ཕན་གྱི་ ཕྱོགས་སུ་མངའ་བས་དེ་ནི་ཡང་དག་ཅིག་རེད།

བོད་དག་གིས་སྙིགས་དོར་བཅུད་ལེན་བཤད་དང་ཤོད་བཞིན་ཡོད་ཀྱང་གང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 99

ཞིག་སྙིགས་མ་དང་གང་ཞིག་བཅུད་ཡིན་པ་ཤེས་པར་བྱེད་རྒྱུ་དེ་ལས་སླ་པོ་ཞིག་ མིན། ང་ཚོས་བརྩམས་ཆོས་དག་ཏུ་སྙིགས་མ་བགྲང་ཡོད་པ་དེ་དག་ནི་རྡོ་རུས་

ཀྱི་རྒྱན་ཆ་འདོགས་པ་དང་གཅན་གཟན་གྱི་པགས་པ་གྱོན་པ། གཉེན་སྒྲིག་རང་

དབང་མེད་པ། རྐུ་འཕྲོག་ས་རྩོད་བྱེད་པ་ཙམ་ཡིན་ལ་དེ་ཙམ་ཤེས་པའང་བཟང་

པོར་བགྲང་ཆོག་ཀྱང་དོན་དངོས་སུ་ང་ཚོས་མཐོང་བའི་སྙིགས་མ་ནི་ནང་སྙིང་དང་ ཕྱི་ཤུན་གཉིས་ལས་ཕྱི་ཤུན་དང་། རྩ་བ་དང་ཡལ་ག་གཉིས་ལས་ཡལ་ག་ཡིན་ཕྱིར།

ཕྱི་ཤུན་དོར་བས་དོར་གོ་མི་ཆོད་ལ་ཡལ་ག་བཅད་པས་གཅོད་གོ་མི་ཆོད། དེས་ན་

རིག་གནས་ཀྱི་དྭངས་སྙིགས་དེ་ནམ་ཡང་ཁེ་ཕན་གྱི་ཕྱོགས་ནས་ཐག་གཅོད་བྱས་ ན་ལེགས་ཏེ་དེ་ནི་རིག་གནས་གང་གིས་མིའི་རིགས་ལ་ཞབས་འདེགས་སྒྲུབ་མིན་ གྱི་སྟེང་ན་ཡོད། ངས་ནམ་ཡང་དཔེ་འདི་འདྲ་ཞིག་འཇོག་བཞིན་ཡོད། ལམ་དུ་འགྲོ་ བར་ལྷམ་ཞིག་མཁོ་གལ་བྱུང་ཚེ་གསེར་གྱི་ལྷམ་ཞིག་གི་རིན་ཐང་གླེང་ཞིང་དེ་ལ་ མགོ་འཁོར་རུང་ངམ། སྐབས་འདིར་མཁོ་བ་ནི་ལྷམ་གོ་ཆོད་པའི་ལྷམ་ཞིག་ཡིན་པ་

ལས་དངོས་རྫས་འགྲེམ་སྟོན་ཁང་ལ་འཇོག་རྒྱུའི་གསེར་གྱི་ལྷམ་ཞིག་མིན་ནོ། །དེ་

བཞིན་རིག་གནས་རིན་ཐང་ཞེས་པ་བེད་སྤྱོད་ཀྱི་སྤུས་ཀར་ལྟ་དགོས་པ་ལས་རྒྱུ་ ཆ་ཁོ་ནར་བལྟ་མི་འོས། འདིར་སྤུས་ཚད་ཅེས་པ་དེའང་མ་རྩའི་རིན་ཐང་སྟེ་རིག་ གནས་རང་ངོས་ཀྱི་ངེས་ལེགས་ཙམ་ལ་མི་བྱ་བར་ཐད་ཀར་བའི་འཚོ་བའི་ཁེ་ཕན་

གྱི་ཕྱོགས་དང་དུས་ཀྱི་ཆ་ནས་བལྟས་ན་འོས། དེ་ལྟར་བལྟས་ན་གདོད་མའི་རིག་ གནས་ལས་ད་ལྟའི་རིག་གནས་མཁོ་ཆེ་བ་དང༌། ངོ་བོའ ི་ཆ་ནས་ཞིང་ཕྱུགས་རིག་

གནས་ལས་བཟོ་ཚོང་རིག་གནས་མཁོ་ཆེ་བ། གནས་ཀྱི་ཆ་ནས་གྲོང་གསེབ་རིག་ གནས་ལས་གྲོང་ཁྱེར་རིག་གནས་མཁོ་ཆེ་བའོ།། མི་དག་གིས་ནུབ་ཕྱོགས་རིག་ གནས་ནི་དངོས་པོ་རྐྱང་པ་ཅན་ནོ་ཞེས་དོར་བྱར་བཟུང་སྟེ་སྐྱོན་རྣམ་བགྲང་བཞིན་


100 ཉམས་ཞིབ་དེབ་ཕྲེང་། ༡

ཡོད་ནའང་། ཡང་སྙིང་ནུབ་ཕྱོགས་རིག་གནས་ཞེས་པ་གསལ་པོ་ཞིག་རྟོགས་ ཀྱིན་མེད་པས་དེའི་ངེས་ལེགས་ཀྱི་ཆ་རྣམས་རང་གི་རིག་གནས་ཀྱིས་བསྒྲིབས་

ཤིང་མཆིས། ཚུལ་དེ་ནི་ཡང་དག་ཅིག་མ་ཡིན་ཏེ་ང་ཚོས་རང་ངོ་མ་ཤེས་པ་མ་

གཏོགས་དུས་རྒྱུན་ནུབ་ཕྱོགས་པར་ལད་ཟློས་བྱེད་ཀྱིན་ཡོད། རྩོམ་རིག་གི་ཁྲོད་

ནས་འདི་འདྲའི་སྣང་ཚུལ་ཐོན་ན་རྩོམ་རིག་ལ་ཆ་རྒྱུས་ཅི་ཡང་མེད་པ་དག་གིས་ཀྱང་ ནུབ་ཕྱོགས་པའི་ལད་ཟློས་རེད། རྐུན་མ་རེད་ཅེས་འཕྱ་བར་བྱེད་མོད། དེ་ན་ང་ཚོའི་

འཚོ་བ་རོལ་སྟངས་དང་ཟས་གོས་གནས་མལ་ནས་མང་གཙོའི་གྲོས་ཚོགས་ལམ་ ལུགས་བར་དུ་ནུབ་ཕྱོགས་ལ་ལད་ཟློས་བྱས་པ་ཅི་འདྲའི་མང་པོ་ཞིག་འདུག་ཨང༌།

ང་ཚོས་ནུབ་ཕྱོགས་ལ་ལད་ཟློས་བྱེད་དགོས་ཞེས་པ་ནི་དེའི་ཕྱོགས་ཀྱི་རིག་གནས་ ཀྱི་ངེས་ལེགས་ནང་འདྲེན་ལ་དམིགས་དགོས་པ་ལས། མཐའ་གཅིག་ཏུ་ཡུལ་དུས་

ཀྱི་གནས་བབ་ལ་མ་ལྟོས་པར་ཕྱོགས་ཡོངས་ནས་ནུབ་གླིང་བར་ལད་ཟློས་བྱེད་

དགོས་པའི་དོན་དུ་གོ་མི་རུང་། འདིའི་ཐད་འཇར་པན་པ་ཧྤོའུ་ཁོའུ་ཛ་བཱ་ཡོའུ་ཁིས་

ཆིས་ཡང་དག་པའི་ལྟ་ཚུལ་ལྟར་ཁང་པ་བརྩིགས་པ་དང་ཟམ་པ་འཛུགས་པ། འཕྲུལ་ ཆས་བཟོ ་ བ་སོ ག ས་ནི ་ གསེ ར ་དངུལ་གྱི ས ་ཉོ ་ ཐུབ་ལ་ནང་འདྲེ ན ་བྱེ ད ་རྒྱུའང་དེ ་ འདྲའི་དཀའ་མོ་ཞིག་མིན། གཙོ་བོ་དེ་ཁོང་ཚོའི་འཚོ་བ་འཛུགས་བསྐྲུན་དང་གསར་ གཏོད་ཀྱི་རིག་གནས་སྙིང་སྟོབས་དེ་ལེན་དགོས་ལ་རང་གི་རྟ་གཡག་གི་འགྲུལ་

བཞུད་ཁོ་ན་མཆོག་འཛིན་ཀྱི་བསམ་བློ་དེ་འདོར་དགོས་ཞེས་པ་ཡིན། དེ་འདྲའི་

ལེན་པ་དང་བརྗེ་བའི་བསམ་བློ་དེ་གཉིས་དང་མ་ལྡན་ཚེ་གནམ་གྲུ་བཟོས་པས་བཟོ་ གོ་མི་ཆོད་ལ་རྩ་བའི་རྩ་བ་ཞིག་འགགས་ནས་ཡོད། འདི་སྟེ་དཔེ་ཙམ་ཡིན་ལ་དོན་

དག་ཆེ་ས་ནས་དམངས་ཁྲོད་རིག་རྩལ་ནས་ཐོན་སྐྱེད་རྣམ་པ། ཡུལ་གོམས་གཤིས་ ལུགས། དམག་དོན་ཆབ་སྲིད། ཚན་རིག་འདུ་ཤེས། ཤེས་ཡོན་ལས་རིགས། མི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 101

ཚེས་མཚན་ཉིད་ལྟ་བ་སོགས་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་བརྗེ་ལེན་བྱེད་

དགོས་ལ། དེའི་རྩ་བའི་རྩ་བ་ནི་ཆོས་དེ་དག་ཐམས་ཅད་ཀྱི་ཕྱི་ནང་བར་གསུམ་ལ་ ཁྱབ་ནས་ཡོད་པའི་རིན་ཐང་ལྟ་ཚུལ་བརྗེ་ལེན་བྱེད་དགོས་ཞེས་པ་ཡིན་ནོ། །

བརྒྱད་པ། རིག་གནས་གདོང་གཏུགས། — འཚོལ་ཞིབ།

རིག་གནས་གདོང་གཏུགས་ནི་རིག་གནས་ལོ་རྒྱུས་ཐོག་ནས་བལྟས་ན་དཀྱོག་

མཚམས་ཆེན་པོ་ཞིག་དང་འཕོ་འགྱུར་ཆེན་པོ་ཞིག རྒྱལ་ཕམ་ཆེན་པོ་ཞིག ད་དུང་

རིག་གནས་གང་ཞིག་གི་སྤུས་ཚད་འཇལ་བྱེད་ཀྱི་ཚད་གཞི་ཆེས་ཆེ་བ་དེ་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁམས་ངེས་ཅན་པའི་མིའི་རིགས་ཀྱི་རིག་

གནས་ཁྱབ་ཁོངས་སོ་སོར་རིག་གནས་གདོང་གཏུགས་ཀྱི་ལོ་རྒྱུས་བྱུང་ཟིན་ལ་ འབྱུང་བཞིན་པའང་ཡིན། འདི་ནི་གདོད་མ་ནས་ད་བར་དུ་བཤད་པ་ཡིན། རིག་

གནས་ཕན་ཚུན་གདོང་གཏུགས་བྱུང་བར་བརྟེན་ནས་རིག་གནས་ཁ་ཤ ས་ཉམས་

འགྲོ་ལ། རིག་གནས་ཁ་ཤས་དར་ཞིང་རྒྱས་པར་འགྱུར། དེ་བཞིན་སྤྱི་ཚོགས་སྒྲིག་

གཞི་དང་ཐོན་སྐྱེད་རྣམ་པ། བསམ་བློའ་ི འདུ་ཤེས་བཅས་ཀྱང་འགྱུར་བཞིན་ཡོད། རིག་གནས་གདོང་གཏུགས་ཀྱི་རྒྱལ་ཕམ་ཐོབ་ཤོར་ནི་ནམ་ཡང་རིག་གནས་རང་

སྟེང་ནས་ཆོས་ཤ ིག་གིས་ཐག་བཅད་དེ་ཡོད་པ་ལས་མིའི་ཕུགས་བསམ་གྱི་ཕྱོགས་ ན་ཡོད་མི་སྲིད།

གདོང་གཏུགས་ལ་ཁུ་སིམ་པ་དང་དྲག་རྩུབ་ཀྱི་རིགས་གཉིས་ཡོད། ཁ་ཁུ་

སིམ་པར་ཞི་བའི་གདོང་གཏུགས་ལ་གང་ལྟར་མཐུན་པའི་ཕྱོགས་ཅུང་ཟད་ཡོད་


102 ཉམས་ཞིབ་དེབ་ཕྲེང་། ༡

པ་དང༌། ཡང་ན་རིག་གནས་མ་ལག་གང་ཞིག་སྒྲོམ་གཞི་བརྟན་པོ་མ་ཆགས་པའི་

སྐབས་ལྟ་བུ་སྟེ་གདོད་མའི་མིའི་རང་བྱུང་འདུ་ཤེས་དང་ཕྱིས་འབྱུང་ཆོས་ལུགས་

གདོང་གཏུགས་ལྟ་བུ་རེད། དེས་ཞི་བའི་སྒོ་ནས་སྔར་གྱི་ངོ་བོ་གོང་འཕེལ་ཅན་དང་

སྒྲིག་གཞི་ཅན་དུ་བྱེད་པ་ལས་རྩ་བའི་རིག་གནས་བླ་སྲོག་ལ་འགྱུར་བ་མི་འགྲོ། ཡང་ན་རྒྱལ་ཁབ་ཅིག་གི་ནང་ལོགས་ནས་ས་ཁུལ་མི་འདྲ་བའི་རིག་གནས་གདོང་ གཏུགས་ལྟ་བུར་མཚོན་ན་མཐུན་པའི་ཆ་ཏན་ཏན་ཡོད་སྲིད་པས་དྲག་རྩུབ་ཀྱི་རྣམ་

པ་དེ་ཙམ་མི་འབྱུང༌། བོད་ལ་མཚོན་ན་གདོད་མའི་བོན་གྱི་རིག་གནས་སྟེང་དུ་སྟག་ གཟིག་འོལ་མོ་ལངས་རིང་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་བྱུང་བའི་གདོང་ གཏུགས་ལྟ་བུ་སྟེ་རྩུབ་སྤྱོད་ཅན་མིན་པར་ཞི་རྣམ་ཅན་གྱི་གདོང་གཏུགས་ཡིན་ཞེས་

བཤད་ཆོག ཅིག་ཤ ོས་ཏེ་རིག་གནས་གཉིས་ཕྱོགས་མང་པོ་ནས་མི་མཐུན་པའམ་ ཡང་ན་སྒྲོམ་གཞི་དང་སྒྲིག་གཞི་ཅན་དུ་གྱུར་ཟིན་པའི་རིག་གནས་གཉིས་ཀྱི་བར་

ནས་འབྱུང་བཞིན་ཡོད། འཛམ་གླིང་གི་དམག་འཁྲུག་མང་པོའ ི་ནང་དུ་རིག་གནས་

གདོང་གཏུགས་ཀྱི་དོན་སྙིང་གལ་ཆེན་ཡོད། དེ་ནི་ཆབ་སྲིད་དང་དམག་འཐབ་ཀྱི་ གནས་ཚུལ་ཞིག་རེད་ཅེས་བཤད་སྲིད་མོད། ཆབ་སྲིད་དང་དམག་འཁྲུག་གི་སྐབས་

འགར་རིག་གནས་གཉིས་གདོང་གཏུགས་བྱེད་བཞིན་ཡོད། གདོང་གཏུགས་ཀྱི་

རྒྱལ་ཕམ་དེ འ ང་རི ག ་གནས་གང་ཞི ག ་ངེ ས ་ལེ ག ས་ཀྱི ་ ཆ་རྫོ ག ས་མི ན ་གྱི ས ་མི ་ བཤད་པར་དུས་ཚོད་ཀྱི་དགོངས་པས་ཐག་བཅད་པ་ཞིག་ཡིན།

ཕྱི་ལོ༡༦༠༠དང༡༦༦༤ནས་ཨིན་ཇིའི་ཚོང་དོན་ཁེ་ལས་རིག་གནས་དང་རྒྱ་

གར་གནའ་བོའ་ི སྲོལ་རྒྱུན་རིག་གཞུང་གཉིས་གདོང་གཏུགས་བྱུང་སྟེ་རྒྱ་གར་ཕམ་

ཞིང་ཨིན་ཇིའི་རིག་གནས་དང་ལེན་བྱེད་དགོས་བྱུང་བ་དང༌། ཁཱ་ཨེ་ཨིས་ཁྲི་ལོའ་ི དུས་སུ་ཨ་རི་མཚོ་གྲུར་བསྡད་དེ་འཇར་པན་དུ་འབྱོར་བ་ནས་འཇར་པན་གྱི་ལུགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 103

རྙིང་རིག་གནས་ཕམ་ཞིང་ནུབ་གླིང་དཔལ་འབྱོར་རིག་གནས་སོགས་དང་ལེན་བྱེད་

དགོས་བྱུང༌། དུས་རབས་བདུན་པ་ནས་བརྒྱད་པའི་བར་ལ་རྒྱ་གར་ཚད་མ་རིག་པ་

དང་སྐྱ་འཐབ་པའི་ནང་ཆོས་དང་བོད་ཀྱི་དམངས་ཁྲོད་རང་བཞིན་ཤུགས་ཆེ་བའི་

བོན་གཉིས་གདོང་གཏུགས་བྱུང་སྟེ་བོན་གྱི་རིག་གནས་ཕམ་ཞིང་བཅོས་སྒྱུར་བྱེད་ དགོས་བྱུང༌།

དུས་རབས༡༩ནས༢༠བཅས་ཀྱི་སྐབས་དེ་ཙམ་ན་རྒྱ་ནག་གི་མན་ཇུའི་སྲིད་

གཞུང་ཉམས་དམས་སུ་གྱུར་པ་དང་། སྐབས་དེ་ཙམ་གྱི་ཉལ་ཐའི་དམག་འཁྲུག་གི་ སྔ་རྗེས་སུ་རྒྱལ་ཁབ་བརྒྱད་ཀྱིས་རྒྱ་ནག་ལ་བཙན་འཛུལ་བྱས་ཤ ིང་། རྒྱ་ནག་དང་

མན་ཇུའི་རིག་གནས་རྙིང་པ་དང་ནུབ་ཕྱོགས་ཀྱི་རིག་གནས་གདོང་གཏུགས་དྲག་

པོ་བརྒྱབ་པ་ལ་བརྟེན་ནས། རྒྱ་ནག་གི་ལུགས་རྙིང་རིག་གནས་ཕམ་བྱུང་ཕྱོགས་

མང་པོ་ནས་སྒྱུར་བཅོས་ཀྱིས་ནུབ་ཕྱོགས་ཀྱི་རིག་གནས་ནང་འདྲེན་བྱེད་དགོས་ བྱུང་སྟེ། གསར་བརྗེ་བ་དང་རྩོམ་པ་པོ་མང་དག་ཅིག་གིས་རིག་གསར་ནང་འདྲེན་ བྱེད་པར་སྐུལ་མ་བཏང་ཞིང་རིག་གནས་བརྗེ་ལེན་བྱེད་དགོས་བྱུང་།

༡༩༤༩ནས༡༩༥༩བར་དུ་རྒྱ་ནག་དམར་པོའ་ི དངོས་གཙོ་རིག་གནས་དང་

བོད་ཀྱི་ཆོས་ལུགས་གཙོ་བའི་སྲོལ་རྒྱུན་རིག་གནས་གཉིས་གདོང་གཏུགས་བྱུང་

སྟེ་བོད་ཀྱི་རིག་གནས་ཕམ་ཞིང་ཕྱོགས་མང་པོ་ནས་བཅོས་སྒྱུར་མི་བྱེད་རང་བྱེད་ དུ་གྱུར། གོང་གི་འདི་དག་ནི་དཔེ་མཚོན་ཙམ་ཡིན། འདི་ལྟ་བུའི་ཕྱི་ཡོང་རིག་

གནས་དང་ནང་ལོགས་རིག་གནས་གདོང་གཏུགས་བྱེད་ཚུལ་ལ་སྔོན་དུས་ཕལ་ ཆེར་དམག་འཁྲུག་ལྟེ་བར་ཆགས་ཡོད་ཀྱང་སྐབས་འགར་ལུགས་མཐུན་འགྲོགས་ འདྲིས་ཀྱིས་ཀྱང་རིག་གནས་གདོང་གཏུགས་འབྱུང་བཞིན་ཡོད།

ད་ལྟའི ་ འཛམ་གླི ང ་གི ་ རི ག ་གནས་གདོ ང ་གཏུགས་མང་ཆེ ་ བ་ཚོ ང ་ལས་


104 ཉམས་ཞིབ་དེབ་ཕྲེང་། ༡

འགྲན་རྩོད་ཀྱི་སྟེང་ན་འབྱུང་བཞིན་ཡོད་ལ། དཔེ་འདི་རྣམས་ཀྱི་ཐོག་ནས་རིག་

གནས་གདོང་གཏུགས་ཀྱི་འགུལ་ཤུགས་དང་ཐོབ་ཤོར་ཤེས་ཐུབ། དེ་འདྲའི་དམག་

འཐབ་དང་ཚོང་དོན་སོགས་ལ་རིག་གནས་གདོང་གཏུགས་ཀྱི་ངོས་ནས་བཤད་ དོ ན ་ནི ་ དེ ་ ལྟ་བུའི ་ དམག་འཐབ་དང་ཚོ ང ་དོ ན ་ནི ་ ཕྱི འི ་ རྣམ་པ་ཡི ན ་པ་ལས་ནང་

གནས་མ་ཡིན། གསལ་བོར་བཤད་ན་དེ་དང་དེ་ལྟ་བུ་ནི་བྱེད་ཐབས་ཡིན་པ་ལས་ དོན་སྙིང་མ་རེད། དོན་སྙིང་དེ་རིག་གནས་ཀྱི་ནང་གནས་ཏེ་བསམ་བློའ་ི སྟེང་ན་ ཡོད། གནད་དོན་དེ་ད་དུང་བོད་ཀྱི་རིག་གནས་ལ་སྦྱར་སྟེ་གསལ་བོར་བཤད་ན། ཕྱི་ལོ༡༩༤༨ནས༡༩༥༩བར་དེར་བོད་རྒྱའི་དམག་འཁྲུག་ཆེན་པོ་ཞིག་བྱུང་བ་དེ་

ཉིད་རིག་གནས་གདོང་གཏུགས་ཆེན་པོ་ཞིག་རེད། འོན་ཀྱང་གདོང་གཏུགས་དེའི་

ཁྲོད་ནས་བོད་པ་ཕམ་སོང༌། བོད་པ་ཕམ་པའི་རྒྱུ་རྐྱེན་རྩད་འཚོལ་སྐབས་སུ་ལོ་ རྒྱུས་དེབ་ཐེར་དག་ན་ཤ ོད་བཞིན་པ་དེ་མང་སྣེ་ཉུང་གིས་མ་ཟིན་ཞེས་དང༌། དམག་

སྦྱོང་མེད་པའི་རང་བྱུང་དྲག་ཆས་ཅན་དང་དམག་སྦྱོང་ཡོད་པའི་འཕྲུལ་མདའ་ཅན་

གྱི་ཧེ་བག་བྱུང་ཕྱིར་ཕམ་སོང་ཞེས་ཀྱང་བཤད། དེ་ན་དྲི་ཚིག་མང་པོ་འབྱུང་ངེས་ཏེ། དཔེར་ན། སྔོན་དུས་མི་གྲངས་ཉུང་བའི་འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་ ཇི་ལྟར་བྱས་པ་རེད་ལྟ་བུའོ། ། བོད་ཀྱིས་འཕྲུལ་མདའ་བཟོ་མི་ཤ ེས་པའི་རྒྱུ་རྐྱེན་

གང་ཡིན་ཞེས་པ་དེ་རེད། དྲི་ཚིག་གི་ལན་ལ་མནོ་བསམ་ཇི་ལྟར་བཏང་ཡང་རིག་ གནས་ཀྱི་ངོ་བོའ་ི སྟེང་ན་ཡོད་པས་ཁོ་བོས་སྐབས་དེའི་རྒྱ་བོད་ཀྱི་དམག་འཐབ་ལ་

འདི་ལྟར་ལྟ་གྱིན་ཡོད།

༡) མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གདོང་གཏུགས།

༢) དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་གདོང་གཏུགས།

༣) རང་བྱུང་རིག་གནས་དང་གསར་གཏོད་རིག་གནས་གདོང་གཏུགས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 105

༤) དངོས་ཡོད་རིག་གནས་དང་ཕུགས་བསམ་རིག་གནས་གདོང་གཏུགས།

རྒྱུ་མཚན་འདི་དག་གི་ཕྱིར་ན་བོད་ཀྱི་འུར་རྡོ་ནི་རང་བྱུང་ཅན་དང་སྲོལ་རྒྱུན་

ཅན། ལྷ་ཆོས་ཅན། ཕུགས་བསམ་ཅན་བཅས་ཡིན་ལ་དེ་མཐུན་གྱི་རིག་གནས་འདུ་

ཤེས་ཤ ིག་དང་གཤིས་ཀ་ཞིག་ཡོད་པ་དེའི་ཐོན་འབྲས་ཡིན་པར་སུ་ཡིས་བསྙོན། འཕྲུལ་མདའ་ནི་གསར་གཏོད་ཅན་དང༌། དེང་རབས་ཅན། མི་སྡེ་ཅན་དང་དངོས་

ཡོད་ཅན་བཅས་ཡིན་ན་དེ་མཐུན་གྱི་རིག་གནས་འདུ་ཤེས་དང་གཤིས་ཀ་ཞིག་ཡོད་ སྲིད། དམག་འཐབ་དང་འཆར་འགོད་སོགས་མི་རིགས་ཤ ིག་གི་འགུལ་བསྐྱོད་ཡོད་

ཚད་རིག་གནས་འདུ་ཤེས་ཤིག་དང་གཤིས་ཀ་ཞིག་གིས་བསྐྲུན་ནས་ཡོད། གནས་ ལུགས་དེའི་དབང་གིས་བོད་ཀྱི་རིག་གནས་ཤོར་བ་དང་ཕམ་པ་ལ་རྒྱུ་མཚན་ཡོད་

དེ༑ དེང་གི་དུས་ན་ད་དུང་རིག་གནས་གང་ཞིག་སྲོལ་རྒྱུན་གྱི་ཕུགས་བསམ་ལ་ གཞོལ་ཆེ་གཤིས། དངོས་ཡོད་ཀྱི་མདུན་ན་རྟག་ཏུ་གདོང་གཏུགས་ཀྱི་ནུས་པ་མེད་ ཅིང་རིག་གནས་རང་ངོས་ན་ཕམ་ངེས་ཀྱི་ཆ་ཞིག་བསྐྲུན་ཅིང་དུས་ཡོལ་གྱི་རྒས་ ཉམས་ཤིག་ཤར་ནས་མཆིས། སྲོལ་རྒྱུན་དང་ལྷ་ཆོས་ཅན་གྱི་རིག་གནས་དེས་

སྤ་བཀོང་ཞིང་ཚུལ་འཆོས་ཀྱིས་རང་ཉིད་སྦ་གསང་བྱེད་པ་ལས་གཞན་ལ་གདོང་ གཏོད་པའི་ནུས་པ་དང་གོམས་སྲོལ་སྤངས་ནས་ཡོད། དེ་ནི་རིག་གནས་རང་ཉིད་

མཁྲེགས་གཟུགས་ཅན་ཏེ་མཉེན་ལྕུག་གི་ཡོན་ཏན་དབེན་པས་བཀུག་ན་ཆག་འགྲོ་

ལ་རེག་ན་ངོ་གནོང་བར་འགྱུར་བས་ཕྱིར་རྟོགས་ཀྱི་གོ་སྐབས་མི་སྤྲོད། རྩ་བའི་ཐུག་

ས་དེ་རེད། རིག་གནས་ཀྱི་སྣང་ཚུལ་དེས་ཅི་ཞིག་བཤད་འདོད་ཡོད་ཅེ་ན། རིག་ གནས་གསར་པ་ནང་འདྲེན་གྱིས་སྔར་ཡོད་རིག་གནས་འཐུས་ཚང་ཅན་དུ་མ་བྱས་ ན་བོད་འདི་ནམ་ཡང་འཛམ་གླིང་ཁྲོད་དུ་ཕམ་ཁ་ཁོ་ནས་འཚོ་དགོས་ལ་ལྷག་པར་

རིག་གནས་གསར་པ་འཁྲུངས་པའི་སྒོ་དག་འགགས་ནས་ཡོད། འདི་ནི་རིག་གནས་


106 ཉམས་ཞིབ་དེབ་ཕྲེང་། ༡

ལ་ནང་གནས་ཀྱི་ཆ་ནས་བལྟས་པ་ཡིན།

བོད་ལ་ཕོ་བྲང་པོ་ཏ་ལ་ཟེར་བ་ཞིག་ཡོད་པ་ནི་བོད་ཀྱི་རིག་གནས་ཟེར་ན།

འཛུགས་སྐྲུན་ཟེར་ན། ལོ་རྒྱུས་ཟེར་ན། གང་ལྟར་ཡོད་ན་མེད་ན་དེ་རེད། དུས་ རབས་བདུན་པའི་སྐབས་སུ་ཕོ་བྲང་དེའི་ངོ་བོ་བཙན་པོ་དང་བཙན་མོ་བཞུགས་ ཡུལ་སྟེ་དམག་དང་མདའ་གྲི་མདུང་གསུམ་གྱིས་བསྐོར་ཞིང་འཇིགས་སུ་རུང་བ་

ཞིག་རེད། དམག་འཁྲུག་གི་དགོས་མཁོར་འཚམས་ཤིང་མཐའ་བཞི་དབང་དུ་བསྡུ་

བའི་བཀའ་བགྲོས་བྱེད་ས། དཔའ་མཛངས་མཁས་གསུམ་གྱི་བསྟི་གནས། བཟང་ པོར་བྱ་དགའ་སྤྲོད་ས་དང་ངན་པར་ཆད་པ་གཅོད་སའི་ཁྲིམས་ལུགས་བསྒྲག་ས་

སོགས་རེད། སྡེ་སྲིད་ཀྱིས་ཧུར་ཐག་གིས་ལོ་ངོ་མང་པོར་རྒྱ་བསྐྱེད་དང་བཅོས་ སྒྱུར་བྱས་རྗེས་རྒྱལ་བ་སྐུ་འཕྲེང་རིམ་པའི་སྐབས་སུ་ཕོ་བྲང་དེའི་ངོ་བོ་གཙོ་ཆེར་ ལྷ་ཁང་ཆེན་པོ་ཞིག་རེད། སྐུ་གསུང་ཐུགས་རྟེན་འབུམ་ཕྲག་མང་པོས་ཕྱུར་བུར་

བལྟམས་པ། རབ་བྱུང་ཆོས་པ་མང་པོས་ཁང་མིག་ཡོངས་སུ་གང་བ། མཚམས་མི་ ཆད་པར་ཆོས་ཀྱི་སྒྲ་དབྱངས་བསྒྲག་ས། བླ་མ་དགེ་བཤེས་མང་པོས་ཆོས་ལུགས་

ཀྱི་བྱེད་སྒོ་སྤེལ་སའི་ཆོས་ལུགས་ཀྱི་དགོས་མཁོར་གྱུར། ད་ལྟའི་སྐབས་སུ་གནའ་

རྫས་འགྲེམས་སྟོན་ཁང་ཞིག་རེད། དཔལ་འབྱོར་གྱི་དགོས་མཁོར་གྱུར་ཏེ་ལྟ་སྐོར་ བ་མང་པོས་འཚང་ཁ་ཤིག་ཤིག་བྱེད། འདིའི་སྟེང་ནས་དུས་རབས་རེ་རེའི་རིག་ གནས་འགྱུར་བ་དང་གདོང་གཏུགས་ནུས་པ་མི་འདྲ་བ་འཚོལ་ཐུབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 107

དགུ་པ། རིག་གནས་ཕྱིར་གཏོང་དང་ཚུར་ལེན།—འཚོལ་ཞིབ།

སྤྱིར་བཏང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གནས་ཡིན་ན་འདོར་རྐྱང་

དང་ལེན་རྐྱང་བྱེད་རུང་བ་ཞིག་མེད། འདོར་བ་དང་ལེན་པའི་རིག་གནས་གང་ ཡིན་ཀྱང་དེའི་ཕྱོགས་གཅིག་ནས་བལྟས་ན་རིག་གནས་གང་དེ་གསལ་བོ་ཞིག་

མཐོང་དཀའ་བས་ཕྱོགས་མང་པོ་ནས་ལྟ་ཞིབ་བྱེད་དགོས། དེ་ན་རིག་གནས་ཀྱི་

ཕྱིར་གཏོང་ནུས་པ་དང་ཚུར་ལེན་ནུས་པའང་ལྟ་ཐབས་ཀྱི་ཕྱོགས་གཅིག་ཡིན།

འོན ་ཀྱང་ཕྱི ར ་གཏོ ང ་དང་ཚུར་ལེ ན ་དེ ་ ལྟོ ས ་འཇོ ག ་གི ་ ཆོ ས ་གཉི ས ་ཡི ན ་ཕྱི ར ་ གཉིས་ཀ་མཉམ་དུ་རིག་གནས་གཅིག་གི་སྟེང་དུ་འཛོམས་ན་ཕུན་སུམ་ཚོགས་

པ་ཞིག་ཡིན་མོད། འཛམ་གླིང་གི་རིག་གནས་ཚང་མར་དེ་འདྲའི་ལེན་པ་དང༌།

སྤྲོད་པ། བསྒྲུབ་པ། མཚམས་འཇོག་པ་བཅས་ཀྱི་རིན་ཐང་ཡོད་པའི་ངེས་པ་མེད་ གཤིས། རིག་གནས་ལ་ལར་ཕྱིར་གཏོང་ནུས་པ་ཡོད་ཀྱང་ཚུར་ལེན་ནུས་པ་མེད་ པ་དང་། རིག་གནས་ལ་ལར་ཚུར་ལེན་ནུས་པ་ཡོད་ཀྱང་ཕྱིར་གཏོང་ནུས་པ་མེད།

ཕྱི ར ་གཏོ ང ་དང་ཚུར་ལེ ན ་གཉི ས ་ཀ་འཛོ མ ས་ན་ཤེ ས ་རི ག ་དར་བ་ཞེ ས ་བཤད་ ཆོག་ལ་དེ་འདྲའི་ཤེས་རིག་དར་བའི་རྒྱལ་ཁབ་ནི་ནུབ་གླིང་རྒྱལ་ཁབ་དག་ཡིན་ ལ་ལྷག་པར་ཨ་རི་ལྟ་བུ་རེད། ཁོ་ཚོས་ཨ་རིའི་རིག་གནས་ཞེས་ཐུན་མིན་ཁྱད་ གཤིས་གཙིགས་འཛིན་མི་བྱེད་པར་རིག་གནས་གང་ཞིག་ལ་ལེགས་ཆ་ཡོད་ན་

ཚུར་ལེན་བྱེད་ལ་དེ་བཞིན་ཕྱིར་གཏོང་ཡང་བྱེད་ཐུབ། དེ་འདྲའི་རྐྱེན་གྱིས་ཁོ་ཚོའི་ རིག་གནས་སྣ་འཛོམས་ཅན་དང་དགོས་མཁོ་ཅན། བེད་སྤྱོད་ཅན། དར་རྒྱས་ཅན་

དང་འཛམ་གླིང་ཅན། དུས་རབས་ཅན་བཅས་སུ་གྱུར་པ་སྨོས་མི་དགོས། གལ་སྲིད་


108 ཉམས་ཞིབ་དེབ་ཕྲེང་། ༡

ཚུར་ལེན་ནུས་པ་ཡོད་ཀྱང་ཕྱིར་གཏོང་ནུས་པ་མེད་ན་རིག་གནས་ཕྱེད་དར་ཟེར་ ཞིང་བཙན་པོའ་ི སྐབས་སུ་ཐུ་བྷོད་ཀྱི་ཤེས་རིག་དར་ཚུལ་ལྟ་བུ་ཡིན། ཕྱིར་གཏོང་ ནུས་པ་ཡོད་ཀྱང་ཚུར་ལེན་ནུས་པ་མེད་ན་ཤེས་རིག་མ་དར་བར་བགྲང་ཆོག དེ་

ནི་ཆོས་ལུགས་རྒྱལ་ཁབ་ཀྱི་གཙོ་རྒྱུགས་རིག་གནས་སུ་གྱུར་པ་དག་དང་། ལྷག་

པར་དུས་རབས༡༩དང་༢༠ཡས་མས་ཀྱི་རྒྱ་ནག་ལྟ་བུ་ཡིན ་ཞིང་སྐབས་དེ ར ་རྒྱ་

ནག་གིས་རང་གི་རིག་གནས་བཙོང་བཞིན་པའི་སྣང་ཚུལ་ལ་མ་བཟོད་པས། རྒྱ་

ནག་གི ་ བསམ་བློ ་ བ་ལུའུ་ཞུན་གྱི ས (1881-1936) “ཚུར་ལེ ན ་རི ང ་ལུགས”ཞེ ས ་ ཤེས་རིག“སྒོ་གཅོད་རིང་ལུགས”དང་། “ཕར་སྐྱེལ་རིང་ལུགས”ཀྱི་སྤྱོད་ཚུལ་ལ་

དགག་སྒྲུབ་བྱས་ཏེ“ཚུར་ལེན་རིང་ལུགས”ལ་འབོད་སྐུལ་བྱས་ཡོད། སྔ་རབས་

བོ ད ་ལ་མཚོ ན ་ན་ཕྱི ་ མ་འདི འི ་ ཁོ ང ས་སུ་གཏོ ག ས་ཤི ང ་དེ ་ ལ་རི ག ་གནས་སྣ་ གཅིག་ཅན་ལས་སྣ་མང་རིག་གནས་ཤ ོང་བའི་ཁོར་ཡུག་མེད།

འཛམ་གླིང་གི་རྒྱལ་ཁབ་ཀུན་ཀྱིས་ལམ་འདི་བརྒྱུད་མྱོང་མོད་དེང་གི་དུས་ན་

ད་དུང་ལམ་འདིར་ལྷག་པ་ནི་བོད་ལྟ་བུའི་གཉུག་གནས་མི་རིགས་ཁ་ཤ ས་ཡིན་ལ་ ཁོང་ཚོའི་རིག་གནས་ལ་ཚད་གཞི་དང་ཚད་ཐིག་གཅིག་ལས་མེད། བོད་འདི་འང་

དེའི་གྲས་སུ་བགྲང་དོན་བོད་ཀྱི་རིག་གནས་ཡིན་ན་ཆོས་ལུགས་ཡིན་དགོས་པ་

དང་། བོད་ཀྱི་ཆོས་ལུགས་ཡིན་ན་ནང་ཆོས་ཡིན་དགོས་པ་དང་། ནང་ཆོས་ཡིན་

ན་འཇིག་རྟེན་སྟེང་གི་གཙང་མ་རྣལ་མ་ཁོ་ན་དེ་ཡིན་པ་དང་། དེ་དང་མི་མཐུན་ པ་ཐམས་ཅད་ནོར་བར་ལྟ་བའི་ལྟ་ཚུལ་འདིས་ཚུར་ལེན་གྱི་སྒོ་མོ་ལ་ཚད་བཀག་ བཟོས་ཡོད། དེའི་རྒྱུ་མཚན་རང་ཉིད་ཡང་དག་གི་འགྲེལ་བརྗོད་དང་གཞན་དག་

སྐྱོན་རྣམ་དུ་ལྟ་བའི་ལྟ་བ་ཡོད་པ་དེ་ནི་ཕར་སྐྱེལ་རིང་ལུགས་པ་དང་ཆོས་ལུགས་ དྲིལ་བསྒྲགས་རིང་ལུགས་པའི་ཁྱད་གཤིས་ཡིན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 109

ཡང་མི་རིགས་གཅིག་གི་རིག་གནས་ལའང་དུས་རབས་ཀྱི་ཁྱད་པར་ཡོད།

དཔེར་ན་བཙན་པོ་སྲོང་བཙན་སྐབས་ཀྱི་བོད་ཀྱི་རིག་གནས་ལ་ཕྱིར་གཏོང་ནུས་

པ་མེད་ཀྱང་ཚུར་ལེན་ནུས་པ་ཡོད། ཚུར་ལེན་ནུས་པ་ཡོད་མེད་དེ་གཙོ་བོ་ཕྱི་ ཡོང་རིག་གནས་ལ་མཐོང་ཆེན་བྱེད་མིན་གྱི་འདུ་ཤེས་སྟེང་ན་ཡོད། བཙན་པོའ་ི

སྐབས་སུ་ཕྱི་ཡོང་རིག་གནས་ལ་ཚད་མཐོ་བའི་གདེང་འཇོག་བྱས་པའི་མཚོན་དཔེ་ གལ་ཆེན་གཅིག་ནི་ཀོང་ཇོ་རྣམ་གཉིས་དང་དེ་དང་འགྲོགས་ནས་ཡོང་བའི་ཇོ་བོ་ རྣམ་གཉིས་ཡིན། སྐབས་དེར་རྒྱལ་བློན་འབངས་འཁོར་དང་བཅས་པས་ཀོང་ཇོ་ གཉིས་ལ་མཐོང་ཆེན་ཇི་ལྟར་བྱས་འདུག ཐ་ན་མི་གྲལ་ནས་བཏོན་ཏེ་ལྷ་གྲལ་དུ་

བཞག་ཡོད། གཉིས་པ་ནི་གོང་ཇོ་གཉིས་ཀྱིས་གདན་དྲངས་ནས་ཡོང་བའི་ཇོ་བོ་

རྣམ་གཉིས་རེད། དེ་གཉིས་བཞུགས་སའི་ཕོ་བྲང་ཡང་སྔར་མེད་ཕུལ་དུ་བྱུང་བ་རེ་ བཞེང་སྐྲུན་མཛད་ཅིང་བོད་མང་གིས་བཀུར་ཏེ་མཆོད་པ་བྱས། སྐྱབས་ཀྱི་མཐར་

ཐུག་ཏུ་བརྩིས། འཇིག་རྟེན་ན་ནམ་ཡང་ཡོད་མི་སྲིད་པའི་ཕུགས་བསམ་གྱི་དངོས་

པོ་སྟེ་ཡིད་བཞིན་ནོར་བུ(ཡིད་བཞིན་ནོར་བུ་ནི་གང་འདོད་པ་སྩོལ་བའི་རིན་པོ་ཆེ་ཞིག་ཡིན་པར་འདོད།)

ཞེས་འབོད། འདི་ནི་ཕྱི་རོལ་ཀྱི་གནས་ཚུལ་རེད། ནང་གནས་ཀྱིས་བལྟས་ན་དེའི་

སྟེང་ནས་རིག་གནས་ཚུར་ལེན་གྱི་སྣང་ཚུལ་མཐོང་ཐུབ་ལ་གཞན་གྱི་རིག་གནས་ ལ་མཐོང་ཆེན་བྱེད་པའི་དཀྱེལ་ཡངས་བསམ་བློ་མངའ་བ་རྟོགས་ཐུབ། དེ་འདྲའི་

དཀྱེལ་ཡངས་བསམ་བློ་ཞིག་མེད་པར་སྐབས་དེའི་ཇོ་བོ་གཉིས་དང་འགྲོགས་ནས་ བྱུང་བའི་བལ་ཡུལ་གྱི་བཟོ་རིག་འཛུགས་སྐྲུན་དང་། རྒྱ་ཡུལ་ཀྱི་སྨན་རྩིས་དང༌། ཐོན་ལས་ལག་རྩལ་དག་འབྱུང་མི་སྲིད། འདི་ལྟར་བལྟས་ན་ཇོ་བོ་གཉིས་གོང་དུ་

བཀུར་བ་དེས་རང་ལ་མེད་པའི་གཞན་གྱི་རིག་གནས་ལེགས་ཆ་གོང་དུ་བཀུར་བ་ དང་ནང་འདྲེན་བྱེད་པའི་སྤོབས་པ་ཞིག་ཡོད་པ་དང་རང་ཉིད་མཆོག་འཛིན་གྱི་སྒོ་


110 ཉམས་ཞིབ་དེབ་ཕྲེང་། ༡

འགོག་བསམ་བློ་མེད་པ། རང་ཉིད་ཀྱི་རིག་གནས་འཐུས་སྒོ་ཚང་བར་བྱེད་པའི་བླ་

མེད་འདུ་ཤ ེས་གང་ལ་གང་འཚམས་ཤིག་མཆིས་པ་མཚོན་ཐུབ། འོན་ཀྱང་བཙན་ པོའ ི་སྐབས་སུ་རིག་གནས་ཕྱིར་གཏོང་ནུས་པ་མེད་པར་སྙམ། བོད་ཀྱི་རིག་གནས་

དང་རིག་གནས་ཐོན་རྫས་ཕྱིར་གཏོང་བྱས་པ་དང་། དེས་གཞན་ལ་ཤུགས་རྐྱེན་

ཐེབས་པའི་ལོ་རྒྱུས་མ་མཆིས། ད་ལྟའི་དུས་ན་སྔར་དང་གོ་ལྡོག་གིས་ཕྱིར་གཏོང་ ནུས་པ་གང་འཚམས་ཡོད་ཀྱང་ཚུར་ལེན་ནུས་པ་ཉམས་ནས་ཡོད། དཔེར་ན་བོད་ ཀྱི་ གཙོ ་ རྒྱུགས་རི ག ་གནས་ནང་ཆོས་དང་སྨན་སོ གས་འཛམ་གླི ང་འགྲི མ ་འགོ ་

བརྩམས་ཀྱང༌། ནམ་ཡང་བཤད་བཞིན་པ་ལྟར་དུ་མཁྲེགས་གཟུགས་ཅན་གྱི་བོད་ ཀྱི་རིག་གནས་འདི་ལ་གཞན་གྱི་རིག་གནས་ཚུར་ལེན་བྱེད་པའི་སྤོབས་པ་མེད། བོད་ཀྱི་རིག་གནས་སྨྲ་བ་ཞིག་གིས“ཆོས་ལུགས་ལ་གུ་ཡངས་དང་སྒམ་དཀྱེལ་

མེད། མི་མཐུན་པའི་ལྟ་བ་གཞན་ཚར་གཅོད་ནི་རེད།” ཅེས་པ་ལྟར་རིག་གནས་

ཀྱི་གཙོ་རྒྱུགས་ཆོས་ལུགས་ཡིན་ཕྱིར་ཆོས་ལུགས་གང་ཡིན་ཀྱང་ནམ་ཡང་རང་ ལྟ་མཆོག་འཛིན་ཡོད་ངེས། རིག་གནས་ཚུར་ལེན་ལ་ཕྱིར་གཏོང་དང་མི་འདྲ་བའི་

སྒམ་དཀྱེལ་ཡངས་པོ་དགོས་ལ་ཕྱིར་གཏོང་ལ་དུས་རབས་ཀྱི་གསར་གཏོད་འདུ་

ཤེས་དགོས། མཚན་ཉིད་ཚང་བའི་ཚུར་ལེན་དང་ཕྱིར་གཏོང་ཡོང་བར་གཤམ་གྱི་ ཆ་རྐྱེན་དག་ལྡན་དགོས།

ཚན་རིག་གིས་རྨོངས་དད་ལ་རྒོལ་བ།

མངོན་སུམ་གྱིས་རྗེས་དཔག་ལ་རྒོལ་བ།

མདུན་སྐྱོད་ཀྱིས་སོར་གནས་ལ་རྒོལ་བ།

ལྷག་པར་ངེས་དགོས་པ་ཞིག་ལ་རྒྱ་མི་ཤེས་ཡོན་ཅན་ཡུས་ཅེས“མི་སྒེར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 111

དང་ཚོགས་སྤྱི་གང་ཞིག་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་མི་ལྡན་ནི་སོ་སོའ་ི

གསར་གཏོ ད ་ཀྱི ་ཤེ ས ་རབ་དང་ཚུར་ལེ ན ་གྱི་ སྒམ་དཀྱེ ལ ་ལ་རག་ལས་ཡོ ད །”

51

ཅེས་བཤད་པ་དོན་ལ་གནས་པའི་སྐད་ཆ་ཞིག་ཡིན། བདག་གིས་བསམ་ན་སྒམ་

དཀྱེལ་ཡངས་པ་མ་ཟད་དབྱེ་ཞིབ་དཔྱོད་ཤེས་འཛོམས་དགོས། སྒམ་དཀྱེལ་དང་

དཔྱོ ད ་ཤེ ས ་མེ ད ་པས་མི འི ་ རི ག ས་རི ག ་པའི ་ ཁྱུ་མཆོ ག ་མཱ་ཀི འ་ལཱེ ས ་ཐེ ་ ཏཱེ ་ ཡི ས ་ རིག་གནས་ལ་སླར་མཚོན་རིག་གནས་དང(posfiguratire)དང་། སྣོལ་མཚོན་རིག་ གནས(configurative)དང་། སྔར་མཚོན་རིག་གནས(perfiguratire)བཅས་རིགས་གསུམ་

དུ་བཀར་བ་ལས་བོད་ཀྱི་རིག་གནས་ལ་སླར་མཚོན་རིག་གནས་ཀྱི་ ཁྱད་ཆོ ས ་ ལྡན(འགྲིམ་འགྲུལ་མི་བདེ་བ་དང༌། བརྡ་གསར་པ་མི་ཐོས་པ་ནི་སླར་མཚོན་རིག་ གནས་འབྱུང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་བསྟན་ཡོད།) ཞིང་གནས་སྐབས་ དེ་ན་ལུས་ཏེ་ཡོད་ཕྱིར་གཤམ་གྱི་རྟོག་གཞིག་འཁྲུལ་བ་དག་བྱུང་བ་ལགས། (དོན་འཆོལ་རང་བཞིན།) ལྷ་ཆོས---མི་ཆོས།

དངོས་ཡོད---ཕུགས་འདུན། རང་རྟོགས---གཞན་རྟོགས།

མི་ཚུགས---གཞན་བརྟེན། ལེགས་བྱང---རྨོངས་སྲོལ།

(ལྕི་ཡང་ནོར་བ།)

ཀུན་སྤྱོད---བློ་གྲོས།

ལག་ལེན---བསམ་བློ།

རྒྱུན་འཛིན---གསར་གཏོད། དོགས་པ---ཚད་འཛིན།

(ཁ་བྲལ་རང་བཞིན།) 51

སྤྱི་བདག---རང་བདག

མི---རིག་གནས།

རིག་གཞུང---དངོས་ཡོད། རྟོག་གཞིག---ལག་ལེན། འགུལ་བསྐྱོད---གཏན་འཇགས།

<<རིག་གནས་སྙིང་སྟོབས།>> ཉི་གཞོན་གྱིས་བརྩམས། ཤོག་ངོས༢༨། ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།


112 ཉམས་ཞིབ་དེབ་ཕྲེང་། ༡

ལྷན་གཤིས---དམིགས་ཡུལ།

དུས་རྟག་ཏུ་རི ག ་གནས་ཤི ག ་ལ་ཕྱི ར ་གཏོ ང ་ནུས་པ་ཁ་ཟི ན ་སྣ་ཟི ན ་རེ ་

ཡོད་ཀྱང་ཚུར་ལེན་ནུས་པ་མེད་ཚེ་མི་ཞིག་གི་ཟུངས་ཁྲག་བཞུར་སྟེ་ཟད་པ་དང་

མཚུངས་བས་མི་ཁོ་རང་ལྔ་ལམ་དུ་འགྲོ་རྒྱུ་ཉག་གཅིག་ཡིན། དེའི་ཕྱིར་ཕྱིར་གཏོང་

དང་ཚུར་ལེན་གཉིས་ཀ་ལྡན་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་སྟེ་དེ་བྱུང་ན་རིག་གནས་

ཤིག་འཐུས་ཚང་དང་ཡུན་གནས་ཡོང་བ་མ་ཟད་རིག་གནས་དེས་མི་དོན་བསྒྲུབ་ པར་ཕན་པ་ངེས་ཅན་ཞིག་ཡོད། དེ་ནི་ཏན་ཏན་དབུགས་ཚུར་བརྔུབས་པ་དང་ཕྱིར་

གཏོང་བའི་ཁྲོད་ནས་མིའི་ཚེ་སྲོག་གི་རྒྱུན་བསྲིང་བ་དང་གཅིག་མཚུངས་ཡིན་པ་ ཐག་གིས་ཆོད།

བོ ད ་ཀྱི ་ རི ག ་གནས་འདི ་ འཛམ་གླི ང ་གི ་ དེ ང ་རབས་ཅན་དང་རྒྱ་ནག་གི ་

དངོ ས ་གཙོ ་ རི ག ་གནས་ལ་གདོ ང ་གཏུགས་པ་ནས་ཚུར་ལེ ན ་དང་ཕྱི ར ་གཏོ ང ་

གི་ལྗང་མྱུག་འབུས་ཡོད་མོད། ང་ཚོའི་ཚུར་ལེན་གྱི་ཁ་གཏོད་ཡུལ་རྒྱ་ནག་གི་

རིག་གནས་ཡིན་པས་ནོར་སོང་། རྒྱ་ནག་གི་རིག་གནས་ནི་མཐར་ལྷུང་གི་རིག་

གནས་ཤི ག ་ཡི ན ་པས་བོ ད ་ཀྱི ་ རི ག ་གནས་ལ་ཤུགས་རྐྱེ ན ་ངན་པ་ཐེ བ ས་ཡོ ད ། བཤད་སྟངས་གཅིག་དང་། ལྟ་སྟངས་གཅིག དགག་པ་ཁོ་ན་ཡང་དག་ཡིན་པའི་

ཤུགས་རྐྱེན་འོག་ནས་ད་ལྟའི་བོད་ཀྱི་ཤེས་ཡོན་པ་རྣམས་གུ་ཡངས་འཛམ་གླིང་ ཅན་དུ་གྱུར་མེད། སྤྱིར་ཚུར་ལེན་ལ་སྒམ་དཀྱེལ་དང་ཕྱིར་གཏོང་ལ་དུས་རབས་

ཀྱི་འདུ་ཤེས་ཤིན་ཏུ་ཕྲ་མོ་ནས་ཀྱང་འབད་བརྩོན་བྱེད་དགོས། ལྷག་པར་དངོས་ པོ འ་ི སྟོ བ ས་ཤུགས་ཡོ ད ་ཚད་ཀྱི ་ རྒྱབ་རོ ལ ་ཏུ་བསམ་པའི ་ སྟོ བ ས་ཤུགས་ཤི ག ་

ཡོད་པ་ཚུར་ལེན་བྱེད་དགོས། སྐབས་འདིར་འཇར་པན་པ་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ ཁིས་ཆིས་སྐད་ཆ་ཞིག་དྲངས་ན་འོས་ཤིང་འཚམས། ཁོང་གིས“ནུབ་གླིང་བར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 113

ལད་མོ ་ བྱས་ཏེ ་ གྲུ་ཆེ ན ་བཟོ ་ བ་སོ ག ས་རང་གི ་ རྒྱལ་ཁབ་ཀྱི་ གནས་ཚུལ་ལ་མི་

གཞིག་པར་རྒྱུ་ནོམ་ཕངས་མེད་དུ་བཀོལ་བ་ནི་ཁོ་བོས་དུས་རྟག་ཏུ་རྒོལ་བཞིན་ ཡོ ད ། ཆས་ཀ་དེ ་ དག་མི ས ་བསྐྲུན་ཐུབ་ཅི ང ་གསེ ར ་དངུལ་གྱི ས ་ཉོ ་ ཡང་ཐུབ་

པས་དཀའ་མོ་ཞིག་མིན་ལ། དེ་འདྲའི་ཤེས་རིག་ཚུར་བསུ་བ་ཇི་ལྟར་སྔ་གཞུག་ དང་མྱུར་བུལ་ལ་མ་གཞིག་ན་ཆོག་གམ། ངེས་པར་རྒྱལ་ཁབ་རང་ཉིད་ཀྱི་ཡུལ་ གཤི ས ་གོ མ ས་སྲོ ལ ་དང་དབུལ་ཕྱུག་དྲག་ཞན་སོ ག ས་ལ་འདང་ཞི བ ་ཏུ་རྒྱག་ དགོས་སོ། །མི་ལ་ལས་ཡུལ་གཤིས་གོམས་སྲོལ་ལ་ཞིབ་འཇུག་བྱེད་པ་ཞེས་ པ་ནི་འདི་ཙམ་ལ་བཤད་བཞིན་འདུག དེའི་ཐད་ལ་ཁོ་བོར་བསམ་འཆར་གཞན་

མེད་ཀྱང༌། མི་དེ་དག་གིས་ཤེས་རིག་གི་ཕྱིའི་རྣམ་པ་ཙམ་ལས་ནང་གི་བསམ་

བློའ་ི སྐོར་བོར་ནས་འདུག་སྟེ། འོ་ན་ཤེས་རིག་གི་བསམ་བློ་ཟེར་བ་ནི་ཅི་ཞིག་ ཡིན་ཞེ་ན། དེ་ནི་མི་མང་གི་གོམས་སྲོལ་ཡིན་ནོ། །དེ་འདྲའི་གོམས་སྲོལ་བཙོང་

མི་ཐུབ་ལ་ཉོ་ཡང་མི་ཐུབ། དེ་བས་མིས་གློ་བུར་དུ་བསྐྲུན་ནུས་ཤིག་ཀྱང་ག་ལ་

ཡིན། དེ་ནི་རྒྱལ་འབངས་ཀྱི་ཁྲོད་ན་ཁྱབ་ཅིང་ཡོད། ཆོས་སྣ་ཚོགས་ཀྱི་སྟེང་ན་

གནས་ཡོད་ཀྱང༌། དེའི་རྣམ་དབྱིབས་མཐོང་མི་ནུས་ལ་ཤེས་རྟོགས་ཀྱང་འབྱུང་

ཆེས་དཀའོ། །” ཞེས་པ་གནད་ལ་འཁེལ་བའི་ལྟ་ཚུལ་ཞིག་དང་དོན་ལ་གནས་ 52

པའི་དཔྱད་འབྲས་ཤ ིག་རེད་ཨང༌།

དངོས་པོའ་ི འཛུགས་སྐྲུན་ལ་རང་བྱུང་ཐོན་སྐྱེད་ཀྱི་འབྱུང་ཁུངས་དང་། ཡུལ་

གྱི་གནས་བབ་སོགས་ལ་ལྟོས་ཡོད་ཀྱང༌། བྱ་དངོས་དང་བསམ་བློ་སོགས་སྐྲུན་ བྱེད་ཀྱི་ཤ ེས་རིག་གི་ནང་གནས་བསམ་བློ་ནི་དེ་དང་མི་འདྲ་བས་ན་སྒམ་དཀྱེལ་

ཡངས་པོ འ ་ི སྒོ ་ ནས་ཤེ ས ་རི ག ་གི ་ བསམ་བློ ་ ཡང་དག་རྣམས་ཚུར་བསུ་བྱེ ད ་ 52

<<ཤེས་རིག་སྨྲ་བའི་བསྡུས་དོན།>> ཤོག་ངོས༢༢། (འཇར་པན) ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས། ཆ་རིས་

སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


114 ཉམས་ཞིབ་དེབ་ཕྲེང་། ༡

དགོས་རྒྱུ་ལ། དང་པོ་རང་ཉིད་ཀྱི་བསམ་བློའ་ི གཞན་གཅོད་བཀག་རྒྱ་ལས་ཐར་

བར་བྱེད་དགོས། ཕྱིར་གཏོང་ལའང་བོད་ཀྱི་ད་ལྟའི་རིག་གནས་ཕྱིར་གཏོང་ཙམ་ པ་ནི་ཐོན་སྐྱེད་རྒྱུ་ཆ་འདོན་སྤེལ་གྱི་སྐབས་ན་གནས་པ་ལས་ཤ ེས་རིག་ཐོན་སྐྱེད་

དང་བཟོ་སྐྲུན་གྱི་དགོས་མཁོའ་ི ཕྱོགས་ན་མེད། དཔེར་ན། གཞན་ལ་གྲུབ་ཟིན་ དངོས་རྫས་བཙོང་བ་མ་ཡིན་པར་འགྲུབ་བྱེད་རྒྱུ་ཆ་བཙོང་བ་ཙམ་ལས་མ་འདས། གསལ་བོར་བཤད་ན་དུས་རབས་ཀྱི་འདུ་ཤེས་ལྡན་པའི་ཤེས་རིག་ཕྱིར་གཏོང་

བྱེད་ན་བོད་འདི་ཀོ་བ་ཚོང་མཁན་ལས་ལྡོག་སྟེ་མཛེས་སྡུག་ལྡན་པའི་ཀོ་ལྷམ་ ཚོང་མཁན་ཡིན་ན་ལེགས་ཞེས་པའོ། །


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 115

ལེའུ་གཉིས་པ།

དཔྱད་ཞིབ་རིགས་པའི་སྔོག་འདོན་ལྟ་ཐབས་ཀྱིས་བལྟས་པའི་ གནའ་དེང་ཕྱི་ནང་གི་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

དང་པོ། བོད་ཀྱི་གདོད་མའི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།

མིའི་རིགས་ཀྱི་བྱ་བ་གང་དང་གང་ཞིག་ཡིན་ཀྱང་དེའི་ཕྱི་རིམ་གྱི་ཁྱད་གཤིས་དེ་

སྟེང་གི་བཀོད་པའམ་ཕྱིའི་སྒྲོམ་གཞི་དང༌། ནང་རིམ་གྱི་སྙིང་སྟོབས་སམ་དཔའ་ ངར་རང་བཞིན་དེ་ནང་གནས་ཀྱི་སྒྲོམ་གཞི་གཉིས་ཕན་ཚུན་མ་འཛིང་བར་ཆོས་ རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་དབྱེ་ཞིབ་བྱེད་དགོས་པའི་གནས་ ལུགས་ཀྱི་དབང་གིས། དུས་རྟག་ཏུ་ང་ཚོས་སློབ་གྲྭ་དང་སློབ་ཁྲིད་མ་གླེང་བའི་

སྔ་རོལ་དུ་ཤ ེས་ཡོན་ཞེས་པ་ཅི་ཞིག་ཡིན་པའི་སྐོར་ལ་བསམ་གཞིགས་གནད་ལ་ འཁེལ་བ་ཞིག་བྱས་ན་ལེགས། ཤེས་ཡོན་ཞེས་པར་དུས་རབས་དང་སྤྱི་ཚོགས་ ཀྱི་དགོས་མཁོའ་ི དབང་གིས་ངོས་འཛིན་བྱེད་ལུགས་མི་འདྲ་བ་ཡོད་ལ། དུས་

རབས་གཅིག་དང་མི་རིགས་གཅིག་གི་ནང་ཁུལ་དུ་ཡང་མཁས་པ་རྣམས་ཀྱི་ལྟ་ ཚུལ་དང་གོ་རྟོགས། རེ་སྙེག་བཅས་མི་འདྲ་བའི་དབང་གིས་འདོད་ཚུལ་མི་འདྲ་བ་ སྣ་ཚོགས་ཤིག་ཡོད་པ་དག་བཀོད་རྗེས་དུས་རབས་ཀྱི་མིའི་དགོངས་པ་གཞིར་


116 ཉམས་ཞིབ་དེབ་ཕྲེང་། ༡

བཞག་སྟེ་ཤེས་ཡོན་དཔྱད་ཞིབ་དང་འཚོལ་དཔྱོད་བྱེད་དགོས། དེ་ཡང་འདིར་སྐབས་

སུ་བབས་པའི་ཐུ་བྷོད་མི་རིགས་ཀྱི་དུས་རབས་མི་འདྲ་བའི་ནང་དུ་ཤེས་ཡོན་ལ་ངོས་ འཛིན་བྱེད་སྟངས་མི་འདྲ་བ་གང་དག་བྱུང་བ་རྣམས་འཚོལ་དཔྱོད་ཀྱི་ཆེད་དུ་ཡིག་

ཆར་ལྟ་ཞིབ་དང་བསམ་གཞིགས་གནད་འཕིག་རེ་བྱས་ན། ཐོག་མར་མེས་བོན་རིག་ གནས་ལྟེ་བར་བཟུང་སྟེ་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་དང༌། མི་མང་གི་གོམས་ སྲོལ་བཅས་ལ་འདྲིས་གཤིབ་བྱས་ཏེ་གདོད་མའི་བོད་ཀྱི་ཤེས་རིག་གི་དཔལ་ཡོན་

སྔོག་འདོན་བྱེད་དགོས་པ་ནི་སྨོས་མེད་ཡིན་ལ་དེ་ལྟར་བྱེད་རན་ཡོད་པའང་དེང་གི་ མཁས་པ་མང་པོས་གསལ་རྟོགས་བྱུང་ཡོད་པ་ལྟར། བདག་གིས་ཀྱང་འདིར་བསམ་

གཞིགས་ཀྱི་གྲི་རྩེ་དེ་བོན་ལ་རྒྱུ་བོན་དང་འབྲས་བུའི་བོན་གཉིས་སུ་དབྱེ་སྲོལ་ཡོད་ པ་ལས་རྒྱུ་བོན་ནམ་གདོད་མའི་བོན་གྱི་སྟེང་དུ་འཛུགས་རྒྱུ་ཡིན། དེ་ན་སྐབས་དེར་ དམངས་ཁྲོད་རིག་གནས་སམ་མི་སྡེ་རིག་གནས་ཀྱི་རྣམ་པ་ཆེ་ཆེར་ལྡན་པའི་བོན་

ཤེས་པ་ཅན་བཅུ་གཉིས་ཞེས་ཤེས་རིག་མི་འདྲ་བ་བཅུ་གཉིས་དར་ཡོད་པ་དེ་ནི་བོད་ ཀྱི་ཤེས་རིག་གི་འགོ་ཁུངས་རེད་ལ་རང་བྱུང་དང་འབྲེལ་བའི་གདོད་མའི་དུས་ཀྱི་

ཤེས་རིག་གི་རྣམ་གྲངས་བཅུ་གཉིས་ཀྱང་ཡིན་གཤིས། “འདི་ཡན་གདུང་རབས་ཉི་ ཤུ་རྩ་བདུན་དུ། །ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། །” ཞེས་པའི་ཚིག་ 53

དོན་ལ་གཞིག་ནའང་སྐབས་དེའི་བོད་ཀྱི་རིག་གནས་ལ་ལྡེའུ་དང༌། སྒྲུང༌། བོན་

བཅས་གསུམ་དུ་དབྱེ་ཆོག ཡོངས་གྲགས་ལ་བོན་སྒྲུང་སྡེའུ་གསུམ་ཞེས་སུ་བསྙད་ སྲོལ་ཡོད་པ་དང་འདིར་ཡང་སྒྲུང་དང་ལྡེའུ་བོན་ཞེས་བཀོད་པར་བལྟས་ན་སྐབས་ བབས་བརྗོད་བདེའི་དབང་གིས་དེ་ལྟར་བསྙད་པ་ཙམ་དུ་ངེས། སྤྱིར་རིག་གནས་དེ་

གསུམ་གའི་འཕེལ་རིམ་གྱི་དབང་དུ་བྱས་ན་ཐོག་མར་ལྡེའུ་དེ་རང་བྱུང་ངོས་འཛིན་ 53

<<ཆོས་འབྱུང་མཁས་པའི་དགའ་སྟོན།>> ཤོག་ངོས༡༦༦། དཔའ་བོ་གཙུག་ལག་འཕྲེང་བ། ཝཱ་ཎཱ་དཔེ་མཛོད་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 117

གྱི་རིག་པ་བྱུང་བ་དང༌། དེ་ནས་སྒྲུང་ངམ་འགྲེལ་བརྗོད་ཀྱི་རིག་པ་དར་བ་དང༌། དེ་ ནས་བོན་ནམ་བྱེད་ཐབས་ཀྱི་རིག་པ་དར་བའི་འཕེལ་རིམ་གྱིས་བལྟས་ན་ལྡེའུ་སྒྲུང་ བོན་གསུམ་ཞེས་བསྙད་དགོས་པར་གོར་མ་ཆག

ལྡེའུ་རིག་པ་ནི།—རང་བྱུང་ཁམས་ཀྱི་གསང་བ་དང༌། རང་བྱུང་དང་མིའི་

འབྲེལ་བ། མི་དང་ལྷའི་འབྲེལ་བ། མི་དང་མིའི་འབྲེལ་བ། མི་དང་སྐྱེས་དངོས་སྲོག་ ཆགས་ཀྱི་འབྲེལ་བ་སོགས་འཚོལ་ཞིབ་བྱེད་པའི་གདོད་མའི་མཚན་ཉིད་རིག་པའི་ མ་ལག་ཧྲིལ་པོ་དེ་ཡིན་ལ་ད་ལྟའི་མཚན་ཉིད་རིག་པའི་རྨང་རྡོ་ལྟ་བུའང་ཡིན།

སྒྲུང་གི་རིག་པ་ནི།—གནའ་སྒྲུང་དང༌། མ་སང་གི་སྒྲུང༌། མཆིལ་བའི་སྒྲུང༌།

གེ་སར་སྒྲུང་སོགས་རང་བྱུང་འཇིག་རྟེན་ཆགས་ཚུལ་དང༌། གཟུགས་མེད་ལྷ་

ཀླུ་སོགས་ཀྱི་སྟོབས་ཤུགས། ཕ་མེས་ཀྱི་སྙིང་སྟོབས་དང༌། དཔའ་བོའ་ི མཛད་ རྗེས། འཇིག་རྟེན་གྱི་བྱ་དངོས་ཕན་ཚུན་བར་གྱི་འབྲེལ་བ་སོགས་ལ་ཐོན་སྐྱེད་

ངལ་རྩོ ལ ་གྱི ་ ཡུན་རི ང ་བརྒྱུད་རི མ ་ཁྲོ ད ་ནས་ས་ཁུལ་ངེ ས ་ཅན་པར་འཚོ ་ སྡོ ད ་ བྱས་པའི ་ མི ་ རྣམས་ལ་ལྡེ འུ ་རི ག ་པའི ་ སྤྱི ་ མཐུན་གྱི ་ མཚན་ཉི ད ་རི ག ་པའི ་ ལྟ་

སྟངས་ཤི ག ་ཆགས་པ་ནས། ལྟ་སྟངས་དེ འི ་ གསང་གནད་བརྟོ ལ ་བར་རྟོ ག ས་ བཟོ ་ ཆེ ་ ཆེ ར ་ལྡན་པའི ་ གཏམ་རྒྱུད་ཀྱི ་ བྱུང་རི མ ་སྤྱི ་ མཐུན་པ་ཞི ག ་བྱུང་བ་དེ ་ ནི ་

གདོད་མའི་སྒྲུང་གི་རིག་གནས་ཡིན་ཞིང༌། དེ་ནི་ཡིག་ངག་གི་རྩོམ་རིག་མཐའ་ དག་གི་རྨང་རྡོ་ལྟ་བུའང་ཡིན།

བོན་གྱི་རིག་པ་ནི།—ལྡེའུ་མཚན་ཉིད་རིག་པས་ཐག་གཅོད་དང་དེ་ལས་

བྱུང་བའི་སྒྲུང་གི་རིག་པའི་ཁྲོད་ཀྱི་དངོས་ཡོད་ཀྱི་རང་བཞིན་ཅུང་ཟད་ཡོད་ལ་རྟོག་

བཟོའ་ི རྣམ་པ་ཤུགས་ཆེར་ལྡན་པའི་རང་བྱུང་གི་སྟོབས་ཤུགས་མཐའ་དག་འདུལ་ སྦྱོང་བྱས་ཏེ། འཚོ་གནས་ཀྱི་མདུན་དུ་ལྷགས་པའི་འགལ་རྐྱེན་མཐའ་དག་སེལ་བ་


118 ཉམས་ཞིབ་དེབ་ཕྲེང་། ༡

དང་མཐུན་རྐྱེན་གང་ཡོད་འཚོལ་སྡུད་བྱ་ཕྱིར་བོན་གྱི་ཤེས་རིག་དར་བ་ནི། དཔེར་

ན༑ ལྷ་མཆོད་ཅིང་འདྲེ་སྐྲོད་པ་དང༌། དགྲ་འདུལ་ཞིང་གཉེན་སྐྱོང་བས་མཚོན་པའི་ འཚོ་གནས་ལག་ལེན་གྱི་ཤེས་རིག་ཅིག་ཡིན་ལ། དེང་གི་རང་བྱུང་འདུལ་སྦྱོང་ བྱེད་པའི་ཤེས་རིག་མཐའ་དག་གི་རྨང་རྡོ་ལྟ་བུའང་ཡིན། བོན་གྱི་ཤེས་རིག་གི་ དཔེ་གཞི་ལེགས་ཤ ོས་ཤིག་ནི་རྒྱུའི་བོན་རིགས་བཞི་དང་འབྲས་བུའི་བོན་རིགས་

ལྔ་ལས་རྒྱུའི ་ བོ ན ་རི ག ས་བཞི ་ ཞེ ས ་པ་དེ ་ ཡི ན ། <རྒྱལ་རབས་གསལ་བའི ་ མེ ་

ལོང༌།>ལས“སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོའ་ི ལུང་རིངས་སུ་ སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའ་ི ཆོས་ཐམས་ཅད། ཞང་ ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད། བོན་ལ་རིགས་དགུ་རུ་

ཕྱེ་སྟེ། རྒྱུའི་བོན་པོ་ལ་རིགས་བཞི། འབྲས་བུའི་བོན་པོ་ལ་རིགས་ལྔའོ” ཞེས་ 54

དང༌། <ཆོས་འབྱུང་མཁས་པའི་དགའ་སྟོན>ལས་ཀྱང“རྒྱུའི་བོན་རིགས་བཞི་སྐད་

པ༑” ཞེས་དང༌། མཁས་དབང་ནམ་མཁའི་ནོར་བུས་ཀྱང་། ༡) “སྣང་གཤེན་བལ་ ཐོད་ཅན་གྱིས་ཕྱྭ་དང༌། གཡང་འགུགས། ལྷ་དང་སྨན་གསོལ། དགེ་ལེགས་དང་

དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། ༢) འཕྲུལ་གཤེན་བལ་ཚོན་ཅན་གྱིས་ མདོས་དང་ཡས་གཏོང༌། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་

ཐམས་ཅད་སེལ་བར་བྱེད་དོ། །༣) ཕྱྭ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་ལམ་ སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད། ༤) དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་བལྟ། སའི་འདྲེ་བཏུལ་བ་ཡིན་ནོ”ཞེས་དང༌།

54 55

55

<<རྒྱལ་རབས་གསལ་བའི་མེ་ལོང༌།>> ཤོག་ངོས༥༧། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་ རིགས་དཔེ་སྐྲུན་ཁང་།

<<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།>> ཤོག་ངོས༡༢༣ནས༡༢༤། ནམ་མཁའི་ནོར་བུ། རྡ་ས་བོད་ཀྱི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 119

༡) མགོན་ཤ ེས་ཕྱྭ་བོན། ༢) གཡང་ཤེས་ཕྱྭ་བོན། ༣) འགྲོ་ཤ ེས་གླུད་གཏོད། ༤)

འདུར་ཤ ེས་སྲིད་གཤེན། ༥) གཙང་ཤེས་སེལ་འདེབས། ༦) སྒྲོལ་ཤ ེས་ལྟ་བྱད། ༧) ཕན་ཤ ེས་སྨན་དཔྱད། ༨) སྐོས་ཤེས་རྩིས་མཁན། ༩) སྨྲ་ཤ ེས་གཏོ་དགུ། ༡༠) ལྡིང་ཤ ེས་ཤ ་བ། ༡༡) འཕུར་ཤེས་ཇུ་ཐོག ༡༢) འགྲོ་ཤེས་འཕྲུལ་བོན།” ཞེས་པའི་ 56

གྲངས་འདྲེན་དང་ངོ་སྤྲོད་གནང་བར་གཞིག་ན་རྒྱུའི་བོན་ཏེ་སྣང་གཤེན་བལ་ཐོད་ ཅན་དང༌། འཕྲུལ་གཤིན་བལ་ཚོན་ཅན། ཕྱྭ་གཤེན་མཚོན་ཆ་ཅན། དུར་གཤེན་

མཚོན་ཆ་ཅན་སོགས་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་འབྱུང་བའི་ཐོག་མའི་ ཤེས་རིག་ལ་རིགས་དབྱེ་བྱས་པ་ཞིག་ཡིན། གདོད་མའི་དཔལ་ཡོན་དར་ཚུལ་གྱི་ ངོས་ནས་བལྟས་ན་མིའི་འཚོ་སྡོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རིག་གནས་

ཏེ་ལག་ལེན་གྱི་བྱེད་ཐབས་དྲུག་ཡིན་པ་གོང་གི་གྲངས་འདྲེན་ལས་རྩིས་དང་སྨན། བར་ཆད་སེལ་ཐབས་དང་དཔལ་འབྱོར་རྒྱས་ཐབས་ཀྱི་རིག་པ་གལ་ཆེན་དག་ཚུད་

ཡོད་པས་ཤེས་ཐུབ་མོད། ཕྱིས་སུ་རིམ་གྱིས་གཡུང་དྲུང་བོན་གྱིས་ཕྱོགས་སྡོམ་

བྱས་པར་བརྟེན་ཤ ེས་རིག་དེ་དག་གི་ཁྱབ་ཁོངས་ཇེ་ཆུང་དུ་སོང་ཡོད་པ་ལས་དོན་ དངོས་ཀྱི་གདོད་མའི་ངོ་བོར་གཞིག་ན་ཁྱབ་ཁོངས་ཧ་ཅང་ཆེ་ཞིང་བསམ་བློའ ི་རིན་

ཐང་དང་དངོས་པོའ ི་དཔལ་ཡོན་གཉིས་ཀའི་དོན་སྙིང་ཡོད་པས། འདི་དག་ལ་ཆོས་ ལུགས་ལས་བརྒལ་བའི་གོ་དོན་ཞིག་ཡོད་པ་ནི་མིའི་རིགས་ཀྱི་གདོད་མའི་ཤ ེས་ རིག་དར་ཚུལ་གྱིས་རིགས་བསྒྲེས་བྱེད་ཐུབ།

ལྡེའུ་སྒྲུང་བོན་གསུམ་གྱི་རིག་གནས་དེས་གང་ཞིག་མཚོན་ཐུབ་ཅེ་ན། དེ་

དག་ནི་མི་དང་རང་བྱུང་ཁ་མ་གྱེས་པའི་དུས་རབས་ཀྱི་རང་བྱུང་དང་མིའི་བར་གྱི་ 56

དཔེ་མཛོད་ཁང༌།

<<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།>> ཤོག་ངོས༡༢༩ནས༡༣༤། ནམ་མཁའི་ནོར་བུ། རྡ་ས་བོད་ཀྱི་ དཔེ་མཛོད་ཁང༌།


120 ཉམས་ཞིབ་དེབ་ཕྲེང་། ༡

འབྲེལ་བའི་རིག་གནས་ཤིག་ཡིན་པས། གདོད་མའི་མི་རྣམས་རང་བྱུང་གི་བཀོད་

འདོམས་འོག་ཏུ་འཚོ་བའི་དུས་སྐབས་ཀྱི་རང་བྱུང་འདུལ་སྦྱོང་གི་ཤ ེས་རིག་ཅིག་

རེད། ལྡེའུ་སྒྲུང་བོན་གསུམ་གྱི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོའང་ཡུལ་དང་ཡུལ་ ཅན་གཉིས་སྐྱ་འཐབ་པའི་རིག་གནས་ཤིག་ཡིན་ཕྱིར་རང་བྱུང་གི་འགྱུར་བ་དང་དེའི་

གསང་གནད་མཐའ་དག་གི་རྒྱབ་ལོགས་ན་རྟོགས་དཀའ་བའི་སྟོབས་ཤུགས་ཤ ིག་ ཡོད་པ་དང༌། སྟོབས་ཤུགས་དེ་ཉིད་སེམས་ལྡན་གྱི་སྟོབས་ཤུགས་ཤ ིག་གིས་བཀོད་

འདོམས་བྱེད་གྱིན་པའི་མཚན་ཉིད་རིག་པའི་ལྟ་ཚུལ་ལས་རིག་གནས་དེ་དག་དར་ རྒྱས་སུ་བྱུང་བར་མངོན།

རང་བྱུང་གི་སྟོབས་ཤུགས་ལ་བསྟུན་ཤེས་པའམ་དེའང་ཁ་ལོ་བསྒྱུར་ཐབས་

ཀྱི་ཆོ་ག་ལ་མཁས་ཤིང་རང་བྱུང་ལས་འཚོ་བའི་དགོས་མཁོ་ལེན་པའི་རིག་བྱེད་

དེ་དག་ལ་མཁས་ཤིང༌། རང་བྱུང་ལ་བསྟུན་ཏེ་ནང་གི་འཚོ་བ་བསྐྱངས་ཤིང་ཕྱི་ ཡི་རང་བྱུང་འདུལ་ལུགས་ཀྱི་ཆོ་ག་ཁོང་དུ་ཆུབ་པ་དང༌། རང་བྱུང་གི་འགྱུར་བར་

བསྟུན་ནས་ཚོ་བ་སྣེ་ཁྲིད་བྱེད་པའི་སྲིད་པ་རྒན་པོའམ་རང་བྱུང་གི་གནས་ལུགས་ འཚོལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་སྟེ་ལྡེའུ་སྒྲུང་བོན་གསུམ་ལ་མཁས་

པའི་བགྲེས་སོང་དག་ལ་ཤེས་ཡོན་པར་བསྙད་ན་ཆོག ཤེས་རིག་ཕུན་སུམ་ཚོགས་ པ་དར་མེད་ཀྱང་རང་བྱུང་འབྲེལ་བ་ནས་རིམ་གྱིས་སྤྱི་ཚོགས་འབྲེལ་བའི་ཕྱོགས་

སུ་འཕོ་འགྱུར་བྱུང་བའི་བར་བརྒལ་དུས་རབས་ཀྱི་གྲོང་གསེབ་ཁག་ཏུ་ད་དུང་སྣང་ ཚུལ་འདི་རིགས་མངོན་གྱིན་ཡོད་ལ། མི་དག་གིས་རྒན་པོ་མཁས་པའམ་འཇིག་

རྟེན་རྒན་པོ་ཟེར་ཞིང་ཚོ་བ་ཤོག་པའི་སྐྱིད་སྡུག་ཐག་གཅོད་བྱེད་པའི་ཁྲིམས་དཔོན་

ལྟ་བུའི་ནུས་པ་འདོན་གྱིན་ཡོད། དེ་དག་ནི་གནའ་ནས་ད་ལྟའི་བར་དུ་ཡིག་རྨོངས་ པའི་ཁྲོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་གོ་གནས་ཤིག་ཏུ་མངོན། འདི་འདྲའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 121

གནས་ཚུལ་ལ་མཚན་གཞི་གསོན་ཉམས་ལྡན་པ་ཞིག་འཚོལ་དགོས་ན་ད་ལྟའི་བོད་ ཀྱི་གྲོང་གསེབ་འཚོ་བའི་ཁྲོད་ནས་དཔེ་གཞི་སྟོང་ཕྲག་མང་པོ་རྙེད་དུ་ཡོད། དེ་ན་

སྐབས་དེའི་ཤ ེས་རིག་གི་དཔལ་ཡོན་ནི་རང་བྱུང་ལ་དྲི་བ་བཏོན་ཏེ་འཚོ་བའི་དགོས་ མཁོ་འདོན་སྤྲོད་བྱེད་པའི་ཐབས་ཤེས་ཀྱི་སྟེང་ན་མངོན་གྱིན་ཡོད་པས་རྟོག་ཡུལ་

བསྲེས་ཚབས་ཆེ་བའི་རང་བྱུང་རིག་པའི་ཤེས་ཡོན་གྱི་ངོས་ནས་བལྟས་ན་གཤམ་

གྱི་རིག་གནས་ཁྱད་རྟགས་འདི་དག་མཐོང་ཐུབ། ༡) རང་བྱུང་དང་མིའི་འབྲེལ་བ་

འཚོལ་ཞིབ་ཀྱི་ཁྱད་རྟགས་ལྡན་པ། ༢) ངལ་རྩོལ་འཚོ་བའི་དངོས་ཡོད་ལག་ལེན་ གྱི་ཉམས་མྱོང་བརྒྱུད་ནས་རང་བྱུང་རྒྱུ་ཆ་བཀོལ་སྤྱོད་བྱེད་པའི་དངོས་པོའ་ི དཔལ་

ཡོན་གྱི་ཐོག་མའི་ཁྱད་རྟགས་ལྡན་པ། ༣) རྗེས་དཔག་འཁྲུལ་སྣང་གི་རྟོག་བཟོས་ དངོས་པོའ་ི སྟོབས་ཤུགས་སྔོག་འདོན་བྱེད་པའི་བསམ་པའི་དཔལ་ཡོན་གྱི་ཁྱད་

རྟགས་ལྡན་པ། ༤) རང་བྱུང་འདུལ་སྦྱོང་བྱས་ཏེ་འཚོ་བའི་མ་ལག་ཐོན་བསྐྱེད་བྱེད་ པའི་ཚོད་ལྟའི་དུས་རབས་ཀྱི་ཁྱད་རྟགས་ལྡན་པ། ༥) ཆབ་སྲིད་དང་དཔལ་འབྱོར།

དམག་དོན་བཅས་ཀྱི་ཤེས་རིག་གི་དཔལ་ཡོན་ཆགས་པའི་ཐོག་མའི་ཁྱད་རྟགས་ ལྡན་པ། ༦) ཡུལ་ལ་འཛིན་པའི་བློ་རིག་ལ་དད་འདུན་དང་རྨོངས་ཞེན་གྱི་ཆ་ཤུགས་

ཆེར་ལྡན་པས་ཆོས་ལུགས་རིག་གནས་ཀྱི་ཐོག་མའི་ཁྱད་རྟགས་ལྡན་པ་བཅས་ ཁྱད་རྟགས་དྲུག་གིས་ཕྱོགས་སྡོམ་བརྒྱབ་ཆོག


122 ཉམས་ཞིབ་དེབ་ཕྲེང་། ༡

གཉིས་པ། བཙན་པོའ ི་དུས་རབས་ཀྱི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ།

འདིར་ཤ ེས་ཡོན་གྱི་འཕེལ་རིམ་ཙམ་ལ་བལྟས་པ་མིན་པར་གཙོ་བོ་སྤྱི་ཚོགས་དང་ དུས་རབས་རེའི་ངོ་བོ་མི་འདྲ་བ་དང༌། དེའི་དབང་གིས་སྤྱི་ཚོགས་དེ་དང་དེའི་ཤ ེས་ རིག་གི་དཔལ་ཡོན་ལའང་ཁྱད་རྟགས་མི་འདྲ་བ་རེ་ཡོད་པ་དེ་ནི་ཕྱི་རོལ་སྤྱི་ཚོགས་

ཀྱི་བདེན་པ་ཤ ིག་ཡིན་པས་ན་སྐྱེས་བུ་དམ་པས་གློ་བུར་དུ་བསྒྱུར་དུ་བཏུབ་པ་ཞིག་

མ་ཡིན་ལ། སྤྱི་ཚོགས་ཀྱི་ངོ་བོ་དང༌། ཁོར་ཡུག་གི་གནས་བབ་སོགས་ལ་ལྟོས་

བཅས་རང་བཞིན་གྱི་ཤ ེས་ཡོན་མ་ལག་ཅིག་ཆགས་བཞིན་པ་ཡོངས་སུ་ཁས་ལེན་ གྱི་སྒོ་ནས་བལྟ་དགོས་པ་ནི་བསྙོན་དུ་མེད། ཤེས་ཡོན་གྱི་ངོ་བོ་དང་འཕེལ་འགྱུར་

ལ་ལོ་རྒྱུས་དངོས་གཙོ་ལྟ་ཚུལ་གྱིས་ལྟ་དུས་ཟོར་བས་རྩ་བྲེག་པ་ལྟ་བུ་ཞིག་ཡོང་

མི་སྲིད་པས་ན་སྲོང་བཙན་སྐབས་ཀྱི་ཤེས་ཡོན་ལྟ་བུའི་ས་མཚམས་འཇོག་མི་རུང་། ཤེས་ཡོན་གྱི་འཕེལ་འགྱུར་ནི་དུས་རིམ་རིང་མོ་ཞིག་ལ་ག་ལེར་བྱུང་བ་ཞིག་ཡིན་པའི་ ཆོས་ཉིད་ཀྱི་དབང་གིས་འདིར་ཡང་བཙན་པོའ ི་དུས་རབས་ཀྱི་ཤེས་ཡོན་ཞེས་དུས་ ཚོད་རིང་མོ་ཞིག་གི་བཅད་མཚམས་ངེས་པར་དུ་འཇོག་དགོས།

བཙན་པོའ་ི སྐབས་སུ་ཐུ་བྷོད་སྤྱི་ཚོགས་ཏེ་ཆབ་སྲིད་ཀྱི་ཆ་དང༌། དཔལ་

འབྱོར་གྱི་ཆ། དམག་དོན་གྱི་ཆ། རིག་གནས་ཀྱི་ཆ་བཅས་ཀྱི་རྒྱ་ཁྱོན་དང༌། འཕོ་ འགྱུར། སིམ་འདྲེས་བཅས་ཤུགས་ཆེ་བ་དང་གཏིང་ཟབ་ཏུ་ཕྱིན་པར་བརྟེན་ནས་

ཤེས་ཡོན་གྱི་ངོས་འཛིན་ཀྱང་གཞན་ཞིག་ཏུ་འགྱུར་ཞིང༌། གདོད་མའི་རང་བྱུང་ཤ ེས་

ཡོན་གྱི་རྣམ་པར་བལྟས་ན་སྐབས་འདི་ཙམ་ལ་སྤྱི་ཚོགས་ཤ ེས་ཡོན་གྱི་ཕྱོགས་སུ་

ཁ་བསྒྱུར་བའི་སྣང་ཚུལ་ཞིག་ཡོད་པ་ནི་ལོ་རྒྱུས་དེབ་ཐེར་དག་ནས་ཁུངས་སྐྱེལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 123

བྱེད་ཐུབ། དེ་ན་དེ་འདྲའི་ལྟ་སྟངས་ཤིག་གི་ངོས་ནས་སྐབས་སུ་བབས་པའི་བཙན་ པོའ ི་དུས་རབས་ཀྱི་ཤེས་ཡོན་རྣམ་པ་ལ་ཕྱིར་རྟོག་ཅིག་བྱས་ན། ༡) མཁས་པ། ༢) དཔའ་བ།

༣) མཛངས་པ། ༤) བདེན་པ།

བཅས་ཀྱི་སྟེང་ནས་མངོན་གྱིན་ཡོད་ལ་མི་ཆོས་འདི་དག་ནི་སྐབས་དེའི་ཐུ་

བྷོད་རྒྱལ་ཁབ་དར་རྒྱས་སུ་འགྲོ་བའི་འཚོ་བའི་ཕྱོགས་ཡོངས་ཀྱི་སྒུལ་ཤུགས་ལྟ་ བུ་ཡིན་པ་དང༌། ཆབ་སྲིད། དཔལ་འབྱོར། དམག་དོན། རིག་གནས་བཅས་ཀྱི་ འཁོར་ཆས་སྒུལ་བྱེད་ཀྱི་ལྷུ་ལག་རེ་རེ་ཡིན་པས་དཔྱད་གཞིག་གི་བློ་རྩེ་འདི་དག་ ལ་གཏོད་དགོས་པར་བསམ།

༡) མཁས་པའི་ཤ ེས་ཡོན།

འདིར་མཁས་པ་ཞེས་པ་ཕྱིས་འབྱུང་ནང་ཆོས་དར་བའི་སྐབས་ཀྱི་མཁས་

པ་དང་མི ་ འདྲ་བར་མི ་ ཆོ ས ་རི ག ་གནས་ཏེ ་ འཚོ ་ སྡོ ད ་རི ག ་གནས་ལ་མཁས་པ་

ཡིན་ཏེ། དུས་དེར་ཐུ་བྷོད་རིག་གནས་ཀྱི་གཙོ་ཤུགས་ཏེ་རྒྱལ་ཁབ་ཀྱི་ནང་གི་སྲིད་

ལེགས་པར་སྐྱོང་བ་དང༌། ཕྱིའི་དགྲ་འདུལ་ཞིང་རྒྱལ་ཁབ་རྒྱ་བསྐྱེད་པ། འཚོ་བའི་

ཐོན་བསྐྱེད་གོང་མཐོར་གཏོང་བ་བཅས་ཀྱི་བསྒྲུབ་བྱ་གསུམ་ལ་ལྟོས་པའི་སྒོ་ནས་ མཁས་པ་ཞེས་པའི་མིང་བརྡ་སྦྱར་བ་ཞིག་ཡིན་ཏེ། སྐབས་དེ་དང་དེའི་ཤ ེས་ཡོན་

ངོས་འཛིན་བྱེད་པར་ཐོག་མར་ལོ་རྒྱུས་དེབ་ཐེར་དག་ཏུ་གསལ་བའི་མཁས་པ་ཡིན་ ལ་མཛངས་པའང་ཡིན་པ། དཔའ་བ་ཡིན་ལ་བདེན་པའང་ཡིན་པའི་སྐྱེས་བུ་དེ་དག་

ངོས་འཛིན་གྱི་སྒོ་ནས་འཚོལ་དགོས་ན། གནམ་རི་སྲོང་བཙན། སྲོང་བཙན་སྒམ་


124 ཉམས་ཞིབ་དེབ་ཕྲེང་། ༡

པོ༑ ཁྲི་སྲོང་སྡེ་བཙན། འདུས་སྲོང་མང་པོའ་ི རྗེ། མཛངས་བློན་བདུན། མགར་ཕ་

རྒྱུད། ཁྱུང་པོ་སྤང་སད་ཟི་ཙེ་སོགས་ཀྱི་སྟེང་ནས་ང་ཚོས་སྐབས་དེའི་ཤ ེས་ཡོན་གྱི་ གཙོ་རྐང་དེ་དཔའ་བ་དང༌། མཁས་པ། མཛངས་པ། བདེན་པ་བཞིའི་ཁྱད་ཟུར་རེ་ མཐོང་ཐུབ། ཐོག་མར་སྲོང་བཙན་གྱི་ངོས་ནས་ཁྱད་རྟགས་དེ་དག་ལྡན་ཡོད་ཚུལ་ནི་ འཇིག་རྟེན་མི་སྡེ་སྐྱོང་བའི་ཆབ་སྲིད་ལ་མཁས་ཚུལ་དུ། ཏུན་ཧོང་གཏེར་ཡིག་ལས་

གསལ་བ་ལྟར་ན“བཙན་པོ་སྲོང་བཙན་སྒམ་པོའ ི་རིང་ལ། ཡབ་འབངས་ནི་འཁུས། ཡུམ་འབངས་ནི་ལོག གཉེན་ཞང་ཞུང༌། མཛོ་སུམ་པ། ཉག་ཉི་དགས་པོ། རྐོང་པོ།

མྱང་པོ་ཀུན་ཀྱང་ལོག ཡབ་གནམ་རི་སློན་མཚན་དུག་བོན་ཏེ་བཀྲོངས་སོ། །སྲས་

སྲོང་བརྩན་སྐུ་གཞོན་མ་ཕན་ཏེ། གཟོད་མ་དཀུའ་བ་དང༌། དུག་པ་རྣམས་རབས་ བཆད་དོ། །དེའི་རྗེས་ལ། དེའི་མྱི་ལོག་ཀུན་འབངས་སུ་སླར་བཀུག་གོའ། །” ཞེས་ 57

པར་གཞིག་ན་སྲོང་བཙན་སྐུ་ན་ཕྲ་བའི་སྐབས་དེར་ཡར་ཀླུང་གི་ཆབ་སྲིད་ཉག་ཕྲ་

བ་ཞིག་ཡིན་ཀྱང༌། བཙན་པོ“ཐུགས་སྒམ་པའི་སྟེང་དུ། སྐུ་རྩལ་ཆེད་པོས་བསྣན་ཏེ།

མྱི་དང་མྱི་འདྲའ་བར་འཕགས་པས” ན། “ཡར་ཀླུང་ཆུ་བོ་སྣ་ཐུང་ཡང༌། དུས་ད་ལྟ་ 58

མདོ་ནས་གཙང་དུ་བསྲིང༌། །སྔར་ཡར་ཀླུང་གཙང་པོ་ཞེང་ཆུང་ཡང༌། །དུས་ད་ལྟ་

ལྷོ་ནས་བྱང་དུ་བསྐྱེད། །” ཅེས་བཀོད་པ་ལྟར་ཡར་ཀླུང་གི་ས་ཁུགས་ཆུ་ཁུགས་ 59

ཆུང་ཆུང་དེ་ཉིད་རྒྱ་བསྐྱེད་དེ་ཁྲང་ཤིའི་གོང་མ་ཁྲི་ལས་ཕབ་པ་དང༌། གངྒཱའི་ཆུ་ལ་ ལྕགས་ཀྱི་ཀ་བ་བཙུགས་པ། སྲིད་འཛིན་དང་དམག་དོན། དཔལ་འབྱོར་བཅས་ཀྱི་

57 58 59

<<བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༡༡༧། གོ་ཤུལ་གྲགས་པ་འབྱུང་

གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༡༢༠། གོ་ཤུལ་གྲགས་པ་འབྱུང་

གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༦༩། གོ་ཤུལ་གྲགས་པ་འབྱུང་

གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 125

གོ་རིམ་དང་དབྱེ་བ་གཏན་འཁེལ་བྱས་ཏེ་ཡུལ་གྱི་དབང་རིས་བཅོ་བརྒྱད་དང༌།

རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག སྟོད་སྨད་བར་གསུམ་གྱི་དཔའ་བོའ་ི སྡེ་གསུམ་ དུ་ཕྱེས་པ་དང༌། སྲིད་འཛིན་གྱི་གོ་རིམ་ལ་དགུང་བློན་ཆེ་འབྲིང་ཆུང་གསུམ། ནང་

བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོ་གལ་འཆོས་པ་ཆེ་འབྲིང་ཆུང་གསུམ་སོགས་

སུ་ཕྱེས་ཏེ་སྲིད་འཛིན་གྱི་ལམ་ལུགས་ཚགས་དམ་པ་དང༌། ཁོད་སུམ་ཅུ་སོ་དྲུག་ སོགས་གཏན་འབེབ་མཛད་དེ། “མི་ཡུལ་ནི་ཀུན་གྱི་རྒྱལ། །ལུགས་བཟང་ནི་སྲིད་

ཆེ་བས།། རྒྱལ་ཕྲན་ནི་ཀུན་ཀྱང་འདུམ། །” ཞེས་དང་། ཐུགས་སྒམ་པའི་རླབས་ 60

དང༌། དབུ་རྨོག་བཙན་པའི་སྟོབས་ཀྱིས་ཉི་འོག་གི་རྒྱལ་ཁབ་གཞན་ལ་དཔྱའ་ཕབ་

པ་དང༌། རྒྱལ་ཕྲན་འབངས་སུ་བཀུག་པ་ལ་སོགས་ཀྱི་ཕྱིར། ཆབ་སྲིད་མཐའ་ གཞིར་བསྐྱེད། ནང་གི་བདེ་བ་ནི་སྙོམས་པར་མཛད་དེ། བོད་འབངས་ཀྱི་ནང་ནས་

ཞོ་ཤ་འབུལ་འབུལ་བ་རྣམས་ཀྱང༌། ཡང་དག་པའི་བརྟན་བརླིང་གི་བཀའ་དྲིན་གྱིས་

མ་སྐྱོང་བ་མེད་དོ། །” ཞེས་དང་། “ཡང་རྒྱལ་མོའ ི་འབྲུག་པའི་ལོ་རྒྱུས་ལས་བཙུན་ 61

མོ(རྒྱ་བཟའ་དང་བལ་བཟའ) དེ་གཉིས་ཀྱིས་ལྷ་རྟེན་དང་རིག་གནས་སྒྱུ་རྩལ་སོགས་བོད་

ལ་དྲངས་པས་རྒྱ་བལ་མི་རིགས་ཀྱི་སྔོན་ཐོན་ལག་རྩལ་དང་རིག་པ་བོད་ལ་དར་བ་ བདེན།” ཞེས་བཀོད་ཡོད་པ་དང་། གཞན་ཡང་བོད་ཀྱི་མཁས་པ་དག་གིས་སྲོང་ 62

བཙན་གྱི་མཛད་རྗེས་བགྲང་བའི་སྐབས་སུ།

60 61 62

དང་པོ། པུར་རྒྱལ་བོད་ཀྱི་རུས་རྒྱུད་ཚོ་བ་ཁག་རྣམས་གཅིག་གྱུར་བྱས་ཏེ་

<<བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༨༡། གོ་ཤུལ་གྲགས་པ་འབྱུང་

གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།>> ཤོག་ངོས༥༦། ཀྱིས་བསྒྱུར་ཅིང་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌།

དབང་རྒྱལ་དང་བསོད་ནམས་སྐྱིད་

<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>> ཤོག་ངོས༨༨། རྒྱལ་མོ་འབྲུག་པས་བརྩམས། མི་རིགས་དཔེ་སྐྲུན་ཁང༌།


126 ཉམས་ཞིབ་དེབ་ཕྲེང་། ༡

མི་རིགས་ཀྱི་རྣམ་པ་ལྡན་པའི་སྲིད་དབང་ཐོག་མར་བཙུགས་པ། གཉིས་པ། དམག་ དོན། དཔལ་འབྱོར་བཅས་ཀྱི་ཁྲིམས་སྲོལ་གཏན་ལ་ཕབ་པ། གསུམ་པ། མི་རིགས་

རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེ་གསར་གཏོད་གནང་བ། བཞི་པ། མི་རིགས་

རང་ཉིད་ཀྱི་སྔར་ཡོད་རིག་གཞུང་རྒྱུན་འཛིན་དང་གོང་འཕེལ་བཏང་བ། ལྔ་པ། ཐང་

རྒྱལ་རབས་དང༌། བལ་བོ། རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་

མཛའ་མཐུན་འབྲེལ་བ་བཙུགས་ཏེ་མི་རིགས་གཞན་དག་གི་རིག་གཞུང་སློབ་སྦྱོང་ བྱས་པ། དྲུག་པ། སངས་རྒྱས་ཆོས་ལུགས་ཐོག་མར་དར་སྤེལ་བཏང་སྟེ་བོད་ཀྱི་

རིག་གནས་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བྱུང་བ། ཞེས་པ་སོགས་ 63

ལོ་རྒྱུས་དེབ་ཐེར་དག་ཏུ་འཁོད་པ་གཞིར་བཟུང་ན་སྐབས་དེར་ཐུ་བྷོད་རྒྱལ་ཁབ་ ཀྱི་ཆབ་སྲིད་མངའ་ཐང་རྒྱ་ཆེ་ཞིང་དམག་དོན་ཐབས་ཇུས་ལ་མཁས་པ། ནང་གི་

འབངས་མི་སེར་བསྙམས་ཤིང་བྱམས་ཀྱིས་བསྐྱངས་པ། ཞིང་ཕྱུག་ཚོང་གསུམ་གྱི་ དཔལ་འབྱོར་དར་རྒྱས་གང་འཚམས་ཤིག་བྱུང་ཡོད་པ་རྟོགས་ཐུབ།

སུམ་ཉིས་ས་ལ་དབང་བསྒྱུར་བའི་ཐུ་བྷོད་མི་རིགས་ཀྱི་རྒྱལ་ཁབ་སྟོབས་ལྡན་

ཞིག་ཆགས་ཐུབ་པ་ནི་བཙན་པོ་དང༌། མཁས་པ། དཔའ་བོ། མཛངས་མི་བཅས་རེ་ གཉིས་ཀྱིས་གསར་བསྐྲུན་བྱས་པ་ལྟ་བུར་སྣང་ཡང་རླབས་ཆེན་གྱི་མི་སྣ་དེ་དག་

བྱུང་བ་ལའང་རླབས་ཆེན་གྱི་ཁོར་ཡུག་ཅིག་དང་། རླབས་ཆེ་བའི་ཁྱིམ་རྒྱུད་ཤེས་

ཡོན་གྱི་བསམ་བློ་ཞིག རླབས་ཆེ་བའི་ཕྱི་རོལ་སྤྱི་ཚོགས་ཀྱི་དོན་སྙིང་ཧྲིལ་པོས་རྒྱས་ བཏབ་ཡོད་པ་ནི་སྨོས་མེད་ཡིན་ལ། ལྷག་པར་དུ་དུས་རབས་དེའི་མི་རིགས་ཀྱི་རིན་

ཐང་འདུ་ཤེས་ཀྱི་ཚངས་ཐིག་གི་སྟེང་དུ་བྲིས་པའི་ལོ་རྒྱུས་ཀྱི་རི་མོ་ཞིག་ཡིན་པ་ལས་ ཕྱི་རོལ་བདེན་དོན་ལ་མ་ལྟོས་པའི་གློ་བུར་བའི་བྱེད་པོའ ི་ནུས་མཐུ་ལས་བྱུང་བ་ཞིག་

63

<<མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།>> ཤོག་ངོས༡༠༥། དཔྱད་རྩོམ། མི་རིགས་ དཔེ་སྐྲུན་ཁང༌།


ཡིན་མི་སྲིད།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 127

མར་ཁུ་སིའི་མཚན་ཉིད་རིག་པའི (Marxism)ལྟ་སྟངས་ལྟར་ན“དངོས་པོའ་ི

འཚོ་བའི་ཐོན་སྐྱེད་བྱེད་སྟངས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་ཧྲིལ་པོ་དང༌། ཆབ་ སྲིད་ཀྱི་འཚོ ་བ་ཧྲིལ ་པོ ། བསམ་བློ འ་ི འཚོ ་ བ་ཧྲིལ ་པོ་ བཅས་ཀྱི་ གོ་ རིམ ་ཁ་ལོ་

སྒྱུར་གྱི་ཡོད། མི་རྣམས་ཀྱི་འདུ་ཤ ེས་ཀྱིས་མི་རྣམས་ཀྱི་གནས་པ་ཐག་གཅོད་རྒྱུ་ ལྟ་ཞོག མི་རྣམས་ཀྱི་སྤྱི་ཚོགས་གནས་པ་དེས་མི་རྣམས་ཀྱི་འདུ་ཤ ེས་ཐག་གཅོད་

ཀྱི ་ ཡོ ད །” ཅེ ས ་བཀོ ད ་པ་ལྟར་ཕྱི ་ རོ ལ ་གྱི ་ སྤྱི ་ ཚོ ག ས་ཧྲི ལ ་པོ འ ་ི ཕུགས་བསམ་ 64

དང༌། དོན་གཉེར། རིན་ཐང་དཔྱོད་ཕྱོགས་བཅས་ལས་མི་རིགས་ཤ ིག་གམ་རྒྱལ་ ཁབ་གཅིག ཡང་ན་སྤྱི་ཚོགས་ཤིག་གི་ཕུལ་བྱུང་མི་སྣ་གསར་བཞེང་བྱེད་གྱིན་པ་

ལས་ཁོར་ཡུག་གི་རྒྱུ་རྐྱེན་ཅི་ཡང་མེད་པ་དང་། སྤྱི་ཚོགས་ཀྱི་ཆོས་ཉིད་དང་ལྡོག་ ཕྱོགས་ཀྱི་རླབས་ཆེན་མི་སྣ་འབྱུང་མི་སྲིད་པ་ནི་དངོས་ཡོད་ཀྱིས་ཐག་བཅད་པ་

ཞིག་རེད། རྒྱུ་མཚན་དེའི་དབང་གིས་ཐུ་བྷོད་སྐབས་ཀྱི་རིག་གནས་སྣང་ཚུལ་དང༌།

སྤྱི་ཚོགས་ཧྲིལ་པོའ ི་རེ་སྙེག་གིས་མཁས་པ་དང་། དཔའ་བ། མཛངས་པ། བདེན་པ་ བཅས་ཀྱི་ཁྱད་གཤིས་ལྡན་པའི་མི་བུ་སྐྱེད་སྲིང་བྱས་པའང་ལོ་རྒྱུས་ལ་ཕྱིར་རྟོགས་

བྱས་ན་ཤ ེས་ནུས། སྐབས་འདིར་ཆེས་གལ་ཆེ་བའི་སྒོ་ནས་ལོ་རྒྱུས་དེབ་ཐེར་དག་ དཔྱད་གཞིར་བཟུང་སྟེ་དཔའ་མཛངས་མཁས་བདེན་གྱི་ཤ ེས་ཡོན་ཁྱད་རྟགས་དེར་

ལོ་རྒྱུས་ཀྱིས་རྩིས་མཐོང་སྤྲོད་ཕྱོགས་ལ་དཔྱད་ཞིབ་བྱས་ན། “འདོད་པ་ནི་བྱིན།

གནོད་པ་ནི་ཕྱེ། སྡོ་བ་ནི་སྨད། འཇིགས་པ་ནི་མནན། བཙན་པ་ནི་མནན། བདེན་

པ་ནི་བསྙེན། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར”ཞེས་དང༌། “ལེགས་པའི་ 65

64 65

<<གོ་སླ་བའི་མཚན་ཉིད་རིག་པ།>> ཤོག་ངོས་༦༤༡། ཤེས་རབ་བློ་གྲོས་ཀྱིས་སྒྲིག མི་རིགས་དཔེ་བསྐྲུན་ཁང༌།

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།>> ཤོག་ངོས༦༠། བཙན་པོའ ི་སྐབས། དབང་རྒྱལ་དང་ བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང༌།


128 ཉམས་ཞིབ་དེབ་ཕྲེང་། ༡

བྱ་དགའ་ནི་དགའ་འོས་པ་བྱིན། ཉེས་པར་ཆད་པ་ནི་དམིགས་སུ་ཕོག་པར་མཛད།

མཛངས་པ་དང་དཔའ་བ་ལ་བཀུར་བསྟི་བྱས” ཞེས་དང༌། “ཕྲག་དོག་མི་བྱེད། 66

ཉེས་པ་མི་བསག དཔའ་མཛངས་གཉིས་ནི་ནོར་རློག་པ་བཞིན་བཙལ། མཛངས་པ་ དང་དཔའ་བ་ནི་ཆེ་ས་ཆུང་སར་བསྟོད་ནས་གང་ས་གང་དུ་བཀོད་དོ། །འབངས་མི་

འོག་མ་སོས་དལ་ངང་རང་ཡུལ་དུ་ཡོད་པ་རྣམས་ནི། །མཛངས་པ་དང་དྲང་བདེན་

གཉིས་ལ་སློབ་པོ། ། དམག་མི་སོ་སྲུང་ལ་འཁོད་པ་རྣམས་ཀྱིས་དཔའ་བོའ ི་ཐབས་ དང་རྩལ་ལ་སློབ་པོ།། ” ཞེས་པའི་རིན་ཐང་ལྟ་ཚུལ་ཞིག་ཆགས་ཡོད་པ་ལོ་རྒྱུས་ 67

དེབ་ཐེར་དག་གིས་ར་སྤྲོད་བྱེད་ཐུབ་པ་མ་ཟད་རྡོ་རིང་དག་ཏུ་ཡང༌། “ཆབ་སྲིད་ཁབ་སོ་་་་་་་་

དཔེནད(ཕན་) པ་དང་ཆེ

ཆུང་གཉིས་ལ་དྲང་ཞིང་སྙོམས་ཏེ། བོད་ མགོ་ནག་པོའ ི་སྲིད ལ་ཕན་པ་ལེགས

དགུ་བྱས་སོ། །” ཞེས་བཀོད་པ་དང་།(ཞོལ་རྡོ་རིང་ལས་ཁྲི་སྲོང་གིས་སྟག་སྒྲ་ཀླུ་ཁོང་གི་ 68

མཛད་རྗེས་ལ་གཟེངས་བསྟོད་བྱས་པ།)

ད་དུང་སྐབས་དེའི་སློབ་གཉེར་བསླབ་བྱ་དག་ལས་ཀྱང་དེ་འདྲའི་རིན་ཐང་

འཚོལ་དུ་ཡོད་དེ་ཕུ་ནུའི་མདོ་ལས། “ནུ་ན་རེ། །ཤེས་ཡོན་ཅན་ཅི་ལྟར་བྱ། ཕུ་

66 67

68

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།>> ཤོག་ངོས༥༥། ཁྲི་སྲོང་སྐབས། དབང་རྒྱལ་དང་བསོད་ ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང༌།

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།>> ཁྲི་སྲོང་སྐབས། ཤོག་ངོས༥༥ནས༥༦། དབང་རྒྱལ་དང་ བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང༌།

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༡༦ནས༡༧། གོ་ཤུལ་གྲགས་ པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 129

ན་རེ། །ཡོངས་སུ་མ་བསྟན་པར་ཤེས་པ་དང༌། མ་བསླབས་པར་ལོབས་པ་མེད་དེ།

མཛངས་པ་ཅི་ཡང་ཤེས་པ་རྣམས་ཀྱང་བསླབ་པ་ལ་ནི་བརྩོན་འགྲུས་བྱས། བསྟན་ པ་ལ་ནི་ཉན། ལེགས་པ་ལ་ནི། དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ལ་ནི། །བདག་ལ་

ཡོད་ཀྱང་འདོར། །དྲང་པོར་སྟོན་པ་ལ་ནི་གཤེ་ཡང་དགའོ། །ལོག་པར་སྟོན་པ་ནི།།

བྱམས་ཀྱང་སྤང་ངོ༌། །” ཞེས་དང༌། “བྱིས་པ་གཞོན་ནུར། རྩེད་མོའ ི་སྐོར་དང༌། 69

ཡིག་རྩིས་ལ་སོགས་པ། མཛངས་པའི་སྣོན་དུ་འགྲོ་བ་དང༌། ཕོང་རྩལ་ལ་སྩོགས་ པ༑ དཔའ་བའི་སྣོན་དུ་འགྲོ་བ། ལོབ་པར་བསླབ་པའི་རིགས་སོ། །ཡུན་དུ་ཕན་པ་

ནི༑ དཀའ་ཡང་བསླབ། ཡུན་དུ་གནོད་པ་ནི། དད་ཀྱང་གཏང་ན། ཕྲལ་གྱིས་ལྟ་ཅི་ མོས།” ཞེས་དང༌། 70

“ནུ་ན་རེ། །་་་་་་་་་་་ཡིན། མ་ནོར་བས་ཅི་ལྟར་བསྒྲུབ། ཕུ་བོ་ན་རེ། རྒྱལ་བོའ ི་

ཆོས(མི་ཆོས) ཁྲིམས་་་་་་་་ལ། སྙོམས་ན་དྲང་ཞེས་བྱའོ། །ཆོས་ཁྲིམས་ལས་མི་འབྱུང་

ཡང༌། བདེན་མི་བདེན་དང་ཡིན་མ་ཡིན། སོ་སོར་ཕྱེས་ན། དེ་ནི་ཡན་ལག་མ་ནོར་ བ་ཞེས་བྱ། ཡོངས་ནི། མྱིའི་དཔོན་པོ་བྱེད་ན་བདེན་པས་ནི་མ་རངས་པ་མེད། ཚིས་

ཀྱིས་ནི་མ་ཁྱབ་པ་མེད་པར་བྱ་བའི་རིགས་སོ། །” ཞེས་དང༌། “ནུ་ན་རེ། དྲང་པོར་ 71

མི་བྱར་མི་རུང་བ་ཞིག་ཡོད་ན། བཟོད་བསྲན་ཅི་ཙམ་བྱེད། ཕུ་ན་རེ། །ཉེས་པ་ཡོན་

པོ་བྱེད་བྱེད་དེ། སྲོག་འཚོ་བ་ལས། དྲང་བོ་སྙོམས་པོ་བྱེད་བྱེད་དེ་ཤ ི་ཡང་བླ་ན་ 69

70 71

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས་༡༨༩ནས༡༩༠། གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས་༡༨༩ནས༡༩༠། གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

གོ་ཤུལ་

གོ་ཤུལ་

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༡༦༥། གོ་ཤུལ་གྲགས་པ་

འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།


130 ཉམས་ཞིབ་དེབ་ཕྲེང་། ༡

མེད་པ་ཙམ་དུ་བཟོད་བསྲན་དགོས་སོ། །” ཞེས་དང༌། མཁས་པར་གུས་བཀུར་ 72

བྱེད་ཚུལ་གྱི་སྐོར་ནས་བལྟས་ན་ཐོན་མིས་རྒྱ་གར་ནས་སློབ་སྦྱོང་བྱས་ཏེ་བོད་ལ་

ཕྱིར་ལོག་ཚེ“རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་དགྱེས་ཚོར་ཆེན་པོས་བསུ་བ་

གནང༌། ལྷ་སའི་སྐུ་མཁར་མ་རུ་ཞེས་པ་དེང་སང་ཕ་བོང་ཁ་བའི་ཡུལ་འདིར་ཐུ་ མི་བཞུགས་གནས་བཅས། ཡུལ་དེར་རྒྱལ་པོ་རང་ཉིད་ཀྱིས་ཐུ་མི་སློབ་དཔོན་དུ་ བསྟེན།” ཞེས་པ་སོགས་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་དཔྱད་ཡིག་འདི་དག་ལ་ཤ ེས་ 73

ཡོན་འཚོལ་ཞིབ་ཀྱི་རིགས་པས་དཔྱད་ཞིབ་དང་ཟབ་འཇུག་བྱས་ན་སྐབས་དེའི་ཐུ་ བྷོད་རྒྱལ་ཁབ་དར་བའི་རྩེ་མོར་བསྐྱལ་བྱེད་ཀྱི་རིག་གནས་སྙིང་སྟོབས་སམ་གཟི་ དཔལ་རྙེད་པར་འགྱུར་ལ་ཤེས་རིག་གི་གཟི་དཔལ་དེའང་དཔའ་མཛངས་མཁས་

བདེན་བཞིའི་ཤ ེས་ཡོན་ཁྱད་རྟགས་ཀྱིས་མཐོན་པོར་བཏེགས་ཡོད་ཅེ་ན་འོས་ཤ ིང་ འཚམས། ཤེས་ཡོན་གྱི་ཁྱད་རྟགས་བཞི་བོ་དེ་དཔེ་རིས་ཀྱིས་མཚོན་པར་བྱས་ན།

དཔའ་མཛངས་མཁས་གསུམ་གྱི་ཤེས་ཡོན་ཁྱད་ཟུར་གསུམ་གྱིས་དྲང་བདེན་ལྟེ་

72 73

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> ཤོག་ངོས༡༦༦ནས༡༦༧། གོ་ཤུལ་ གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག>> སྟོད་ཆ། ཤོག་ངོས༣༡༥། ཐུབ་བསྟན་ཕུན་ཚོགས། སི་ ཁྲོན་མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 131

བར་བཟུང་བའི་མི་ཚེ་ལྟ་ཚུལ་ཞིག་ཆགས་ཡོད་པས་ན། དྲང་བདེན་བརྩི་བ་ནི་

ཚེ་སྲོག་གི་རིན་ཐང་ལས་བརྒལ་བའི་འདུ་ཤེས་འཛིན་སྟངས་ལ་གཞིག་ན་དཔའ་ མཛངས་མཁས་བདེན་བཞིའི་སྲོག་སྙིང་ནི་དྲང་བདེན་གྱིས་བཟུང་ཡོད་ཅེས་བཤད་ ཆོག སྐབས་དེའི་རིག་གནས་སྙིང་སྟོབས་སམ་ཤེས་ཡོན་མ་ལག་གི་གྲུབ་ཆ་ལ་

གཞིག་ན་བདེན་མཛངས་མཁས་དཔའ་བཞི་ནི་གོང་གི་མདའ་རྟགས་ཀྱིས་མཚོན་ པར་བྱས་པ་ལྟར་འབྲལ་ཐབས་མེད་པའི་ཧྲིལ་བསྡུས་ཀྱི་ཕུང་པོ་ཞིག་ཏུ་གྲུབ་ཡོད།

དཔའ་མཛངས་མཁས་བདེན་བཞིའི་ཁྱད་རྟགས་ངོས་འཛིན་གྱི་ཆ་ནས་ཀྱང་

དུས་རབས་རེ་རེའི་གོང་མཐོང་གཅོད་ཕྱོགས་ལ་མི་འདྲ་བའི་སྣང་ཚུལ་ཡོད་པར་

ངེས་ན། བཙན་པོའ་ི དུས་སྐབས་ཀྱི་ཤེས་ཡོན་གོང་མཐོང་གཅོད་ཕྱོགས་ལ་ཁུངས་ སྐྱེལ་གྱི་རིགས་པ་འཚོལ་ཕྱིར་ལྷུ་ལག་འཕྲལ་བའི་བྱེད་ཐབས་ལ་བརྟེན་ནས་ངོས་ འཛིན་བྱས་ན།

དཔའ་བོ།— “དགྲ་སྡེ་ནི་འཇོམས། རང་སྡེ་ནི་སྲུང་བས་ན་དཔའ་བའོ། །”

ཞེས་པ་སོགས་ཁུངས་ལྡན་ལོ་རྒྱུས་དག་གི་ཤོད་ཚུལ་ལ་དཔྱད་ན་དུས་སྐབས་དེའི་

དཔའ་བོ་ཞེས་པའང་ཤ་ཁྲག་ལ་རྔམས་པའི་གཅན་གཟན་ལྟ་བུ་ཙམ་མ་ཡིན་པར་ དགྲ་སྡེ་བཙན་གྱིས་བཅོམ་ཞིང་རང་སྡེ་བྱམས་ཀྱིས་སྐྱོང་བའི་བྱེད་ལས་ལ་བྱའོ། །

མཛངས་པ།—“མཛངས་པའི་ལས་སུ་གསེར་དངུལ་ཟངས་ལྕགས་བྱུང༌།”

ཞེས་པ་སོགས་ཁུངས་ལྡན་ལོ་རྒྱུས་དག་གི་ཤོད་ཚུལ་ལ་དཔྱད་ན་མཛངས་པ་ཞེས་ པ་ནི་བློ་གྲོས་བདེན་ཞིང་བྱས་རྗེས་ངོ་མཚར་ཅན་ཡོད་པ་ལ་བྱའོ། །།

མཁས་པ།—སྤྱི་བྱིངས་ཀྱིས་གོ་བ་ལེན་ཚུལ་ལ་དཔྱད་ན་མཁས་པ་ཞེས་

པའང་གཞུང་ལུགས་གྲུབ་མཐའ་སྨྲ་བའི་མཁས་པར་གོ་བ་ཙམ་མིན་པར་དམག་དོན་

ཆབ་སྲིད་དང༌། འཚོ་སྡོད་གནས་ལུགས་ལ་མཁས་པའི་དོན་དུ་ངེས་ཏེ་དེང་གི་དུས་


132 ཉམས་ཞིབ་དེབ་ཕྲེང་། ༡

ནའང་གྲོང་གསེབ་དག་གི་འཇིག་རྟེན་གཏམ་དཔེ་དང༌། འཚོ་བའི་བྱུང་རབས་དང་ གནད་དོན་ཐག་གཅོད་པའི་གནས་ལུགས་ལ་མཁས་པའི་འཇིག་རྟེན་རྒན་པོ་ལྟ་བུ་ ལ་བྱའོ། །

བདེན་པ།—“ཉེས་པ་ཡོན་པོ་བྱེད་བྱེད་དེ། སྲོག་འཚོ་བ་ལས། དྲང་བོ་

སྙོམས་པོ་བྱེད་བྱེད་དེ་ཤི་ཡང་བླ་ན་མེད་པ་ཙམ་དུ་བཟོད་བསྲན་དགོས་སོ། །ཕྱི་ བྱད་བཟང་ཞིང་ཁ་དྲང་ལ་སྙིང་ཡོ་དང་ཁོང་གསོབ་དུ་འདུག་པར་མ་བྱེད་ཆིག”

74

ཞེས་པ་སོགས་ཁུངས་བདེན་ལོ་རྒྱུས་ལས་ཤོད་ཚུལ་ལ་དཔྱད་ན་དྲང་བདེན་གནས་

ལུགས་བརྩི་བ་ནི་སྲོག་ལ་བབས་ཀྱང་འདོར་དུ་མི་རུང་བར་བསྟན་ཡོད་པས། ཚེ་ སྲོག་ལས་ཀྱང་བདེན་པ་གལ་ཆེན་དུ་བརྩི་བ་ལ་བྱའོ། །

དཔའ་མཛངས་མཁས་བདེན་གྱི་ཁྱད་ཡོན་མངའ་བའི་ལོ་རྒྱུས་ཁྲོད་ཀྱི་མི་

སྣ་ངོས་འཛིན་གྱི་རིག་པར་བརྟེན་ནས་བཙན་པོའ་ི དུས་རབས་ཀྱི་ཤ ེས་ཡོན་རྩིས་ མཐོང་གཅོད་ཕྱོགས་འཚོལ་ཞིབ་བྱས་ན། དེ་ལས་ཀྱང་དཔྱད་ཞིབ་འདི་གསལ་བོ་

དང་གཏིང་ཟབ་ཏུ་འགྲོ་བར་ངེས་པས་གཤམ་དུ་ལོ་རྒྱུས་སྟེང་གི་དཔེ་གཞིའི་མི་སྣ་ ཁ་ཤ ས་ངོས་འཛིན་བྱས་པ་བརྒྱུད་ནས་ཤེས་ཡོན་འཚོལ་ཞིབ་ལ་ཞུགས་ན།

(དང་པོ།) བོན་གྱི་མི་བོ་ཆེ་སྟོན་པ་གཤེན་རབ། བོན་ལུགས་རིག་གནས་

དང་བཅས་པར་མཁས་ཤིང་དེ་ཉིད་གསར་གཏོད་གནང་མཁན་ཞིག་ཡིན་པའི་ཆ་

ནས་སྟོན་པ་གཤེན་རབ་ཀྱི་སྟེང་ནས་དཔའ་བ་དང་མཛངས་པ། མཁས་པ། བདེན་ པ་བཅས་ཀྱི་ཤ ེས་ཡོན་ཁྱད་རྟགས་མཐོང་ཐུབ།

(གཉིས་པ།) སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་སྡེ་བཙན་སོགས་ཆབ་སྲིད་

དམག་དོན་ལ་མཁས་པས་མཁས་པའི་ཁྱད་རྟགས་དང༌། ཕྱིའི་དགྲ་འཇོམས་ཤ ིང་ 74

<<ཏུན་ཧོང་གི་གནའ་ཡིག ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ།>> ཞེས་པའི་རྩ་འགྲེལ། ཤོག་

ངོས༡༩། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 133

ནང་གི་སྡེ་སྐྱོང་པའི་དཔའ་བོའ ི་ཁྱད་རྟགས། རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་བྱས་

རྗེས་ངོ་མཚར་ཅན་ཡོད་པས་མཛངས་པའི་ཁྱད་རྟགས། བདེན་རྫུན་ཁྲིམས་ཀྱིས་ འཇལ་བའི་དྲང་བདེན་བཅས་ཀྱི་ཤེས་ཡོན་ཁྱད་རྟགས་མཐོང་ཐུབ།

(གསུམ་པ།) ལོ་རྒྱུས་རྒྱལ་རབས་རྣམས་སུ་ནམ་རྒྱུན་གླེང་རན་ཡོད་ཀྱང་བོད་

མི་རིགས་ཀྱིས་དེ་ཙམ་གླེང་མ་ཐུབ་པར་ལྷག་པའི་རིན་ཐང་ཆེས་ཆེ་བ་ནི་མཛངས་ བློན་བདུན་སོགས་ཡིན། ད་ནི་ཤེས་ཡོན་འཚོལ་ཞིབ་ཀྱི་ཁ་ཕྱོགས་མཛངས་བློན་ དེ་དག་གི་སྟེང་དུ་བཙུགས་ན།

༡) རི་ལས་སྐྱེས།— གཏེར་ཁ་སྔོག་འདོན་དང༌། ཞིང་ཕྱུགས་རིག་གནས། འགྲུལ་ལམ་ཇུས་འགོད་བཅས་ལ་མཁས་པ་ཡིན་ལ་བྱས་རྗེས་ངོ་མཚར་

ཅན་ཡོད་པས་མཛངས་མིའང་ཡིན། ཕྱི་དགྲ་འདུལ་ཞིང་ཡར་ཀླུང་རྒྱལ་ཁབ་ བསྐྱར་འཛུགས་བྱས་པའི་ཆ་ནས་དཔའ་བོའང་རེད།

༢) ལྷ་བུ་མགོ ་ དཀར།—ཞི ང ་ལས་དང་ཕྱུགས་ལས་དོ ་ དམ་དང་བཅོ ས ་

བསྒྱུར་བྱེད་པར་མཁས་པའི་མཁས་པ་ཡིན་ལ་བྱས་རྗེས་ངོ་མཚར་ཅན་ ཡོད་པས་མཛངས་མིའང་རེད།

༣) ཐོན་མི་སམ་བྷོ་ཊ།—སྐད་ཡིག་དང་རིག་གནས། གཞུང་ལུགས་བཅས་

ལ་མཁས་ཤི ང ་དེ ་ཉི ད ་ཕྱི ་ ཕྱོ ག ས་ནས་ནང་འདྲེ ན ་བྱེ ད ་པར་མཁས་པའི ་ མཁས་པ་ཡིན་ལ། དེའི་ཐད་བྱས་རྗེས་ངོ་མཚར་ཅན་ཡོད་པས་མཛངས་ མིའང་རེད།

༤) ཁྲི ་ དོ ར ་སྣང་བཙུན་མོ ང ་གི ་ བུ།—ཚོ ང ་ལས་དཔལ་འབྱོ ར ་རི ག ་པར་ མཁས་པའི ་ མཁས་པ་ཡི ན ་ལ་དེ འི ་ ཐད་བྱས་རྗེ ས ་ངོ ་ མཚར་ཅན་ཡོ ད ་ པས་མཛངས་མིའང་རེད།


134 ཉམས་ཞིབ་དེབ་ཕྲེང་། ༡

༥) ཁྲི་བཟང་ཡང་སྟོན།—གྲོང་སྡེ་འཆར་འགོད་དང་འཛུགས་སྐྲུན་ལ་མཁས་

པའི་མཁས་པ་ཡིན་ལ་དེའི་ཐད་བྱས་རྗེས་ངོ་མཚར་ཅན་ཡོད་པས་མཛངས་ མིའང་ཡིན།

༦) ཁྲི་བཟང་ཡབ་ལྷག—ཁྲལ་སྡུད་རིག་པར་མཁས་པའི་མཁས་པ་ཡིན་ལ་ དེའི་ཐད་བྱས་རྗེས་ངོ་མཚར་ཅན་ཡོད་པས་མཛངས་མིའང་ཡིན།

༧) སྟག་བཙན་གདོང་གཟིགས།—དམག་དོན་དང་རྒྱལ་སྲུང་ལ་མཁས་པའི་ མཁས་པ་ཡིན་ལ་དེའི་ཐད་བྱས་རྗེས་ངོ་མཚར་ཅན་ཡོད་པས་མཛངས་ མིའང་རེད།

༨) འགར་སྟོང་བཙན་ཕ་བུ་དང་སྟག་སྒྲ་གླུ་ཁོང་སོགས།—དམག་དོན་ཆབ་

སྲིད་དང༌། ཕྱི་འབྲེལ་བཅས་ལ་མཁས་པའི་མཁས་པ་ཡིན་ལ་དེའི་ཐད་བྱས་ རྗེས་ངོ་མཚར་ཅན་བཞག་ཡོད་པས་མཛངས་མིའང་རེད།

༩) གཡུ་ཐོག་ཡོན་ཏན་མགོན་པོ།—གསོ་བ་རིག་པར་མཁས་པའི་མཁས་

པ་ཡིན་ལ་དེའི་ཐད་བྱས་རྗེས་ངོ་མཚར་ཅན་བཞག་ཡོད་པས་མཛངས་ མིའང་རེད།

གོང་དུ་བཀོད་པའི་ལོ་རྒྱུས་སྟེང་གི་མཚན་གཞིའི་མི་སྣ་དེ་དག་གི་སྟེང་ནས་

མཐོང་ཐུབ་པའི་རླབས་ཆེན་གྱི་ཆ་དེ་ནི་མི་སྣ་དེ་དག་གི་ཁེར་ཚུགས་ཀྱི་འཇོན་ནུས་

ཤིག་མ་ཡིན་པར་ཤ ེས་རིག་ཞིབ་འཇུག་དང༌། ཤེས་ཡོན་གོང་མཐོང་གཅོད་ཕྱོགས། སྤྱི་ཚོགས་ཁོར་ཡུག་བཅས་ཀྱི་ངོས་ནས་དཔྱད་གཞིག་བྱས་ན་སྐབས་དེ་དང་དེའི་ སྤྱི་ཚོགས་རྒྱབ་ལྗོངས་དང༌། རིག་གནས་ཁོར་ཡུག ཤེས་ཡོན་མ་ལག སྤྱི་ཚོགས་

ཀྱི་གོང་མཐོང་དང་རེ་སྙེག་བཅས་ཀྱི་ངོས་ན་དེ་འདྲའི་དཔའ་མཛངས་མཁས་གསུམ་ གྱི་ཞིང་ས་གཤིན་པོ་ཡོད་པའི་རྐྱེན་གྱིས་ཟླ་མེད་པའི་དཔའ་མཛངས་མཁས་བདེན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 135

བཞིའི་ཁྱད་རྟགས་ལྡན་པའི་ཤེས་ཡོན་མ་ལག་ཅིག་གྲུབ་པ་རེད་ལ། ཤེས་ཡོན་མ་ ལག་དེས་མི་སྣ་དེ་དག་སྐྱེད་སྲིང་བྱས་པའང་བསྙོན་དུ་མེད་པ་ཞིག་རེད། དེ་ཡང༌།

རྒྱལ་བློན་འབངས་འཁོར་དང་བཅས་པས་དཔའ་མཛངས་མཁས་བདེན་བཞི་ལ་ དགའ་གུས་དང་བསྟོད་བསྔགས་ཐོབ་པ་མ་ཟད། དེ་འདྲའི་རླབས་ཆེན་གྱི་མི་རྣམས་ ལ་གཟེངས་བསྟོད་དང་ལེགས་སོའ་ི བྱ་དགའ་གྱ་ནོམ་པ་སྤྲོད་པའི་སྲོལ་རྒྱུན་བཟང་

པོ་ཡོད་པས། “དཔའ་ལ་སྟག་གི་མ་བསྟོད་ན། དཔའ་ངར་བྱས་པའི་རུ་མ་མེད།

མཛངས་ལ་ཡིག་ཚང་གིས་མ་བསྟོད་ན། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། ལེགས་ལ་བྱ་དགས་མ་བསྟོད་ན། སླན་ཆད་ལེགས་པར་སུ་ཡིས་བྱེད།” ཅེས་ཟེར་ 75

ཞིང་དྲང་བདེན་སྐྱོང་ཞིང་དཔའ་བོ་བྱས་རྗེས་ཅན་ལ། སྟག་སྟོད། སྟག་སྨད། ཟེར་

ཆེན། ཟེར་ཆུང༌། གོང་རས། སྟག་སློག་སྟེ་དཔའ་ཚན་དྲུག་དང༌། དྲང་བདེན་སྐྱོང་ ཞིང་མཁས་པ་དང་མཛངས་མི་བྱས་རྗེས་ཅན་ལ། གསེར་ཡིག གཡུ་ཡིག དངུལ་ ཡིག ཕྲ་མན་གྱི་ཡི་གེ ཟངས་ཀྱི་ཡི་གེ ལྕགས་ཀྱི་ཡི་གེ་སྟེ་ཡིག་ཚང་དྲུག་གིས་

བསྟོད་པ་སོགས་བྱས་ཏེ་དྲང་བདེན་བརྩི་བའི་དཔའ་མཛངས་མཁས་གསུམ་ལ་

རྒྱལ་འབངས་གཉིས་ཐད་ནས་གོང་མཐོང་བླ་མེད་སྤྲོད་པའི་རིག་གནས་ཁོར་ཡུག་

དང་ཤ ེས་ཡོན་མ་ལག་ཧྲིལ་པོའ ི་མཁའ་དབུགས་ཀྱི་ཁྲོད་དུ་དུད་ཁྱིམ་རེ་རེ་ནི་དཔའ་ མཛངས་མཁས་བདེན་བཞིའི་རེ་སྙེག་དང་། ཕུགས་བསམ་གྱིས་ཕྱུགས་པས་ཐུ་

བྷོད་ས་སྒང་ལ་བདེན་པ་དང་གནས་ལུགས་བརྩི་བའི་དཔའ་མཛངས་མཁས་གསུམ་ གྱིས་ཁེངས་པར་གྱུར། ད་དུང་ཚུལ་འདི་ལ་བཙན་པོའ་ི དུས་ཀྱི་སློབ་གསོའ་ི ཡིག་

ཆ་དག་ཁུངས་སུ་བཅོལ་ཏེ་ར་སྤྲོད་བྱེད་ཐུབ་སྟེ། ཕུ་ནུའི་མདོ་ལས། “དེ་ལྟ་བས་

ན༑ མི་ངན་པའང་འབྲིང་ཙམ་དུ་འོང་ན། མཛངས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས།

75

<<བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག>> སྟོད་ཆ། ཤོག་ངོས༢༣༡། ཐུབ་བསྟན་ཕུན་ཚོགས། སི་ ཁྲོན་མི་རིགས་དཔེ་སྐྲུན་ཁང༌།


136 ཉམས་ཞིབ་དེབ་ཕྲེང་། ༡

སྙིང་སྟོབས་དང་བློ་རིག་ཁོང་དུ་ཡོད་ཀྱང༌། མ་བསྟན་མ་བསླབ་ཅིང་མ་སྦྱོང་ན་མི་

མཛངས་པ་ཞིག་འབྲིང་ཙམ་ལས་མི་འོང་ན། ངན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ ལྟ་བས་ན་བསླབ་པ་ལས་གལ་ཆེ་བ་མེད་དོ། །བྱིས་པ་གཞོན་ནུ་རྩེད་མོའ་ི སྐབས་

ཀྱང་ཡི་གེ་དང་རྩིས་རིག་སོགས་མཛངས་ཀྱི་སྣོད་དུ་འགྲོ་བ་དང༌། འཕོང་རྩལ་ལ་

སོགས་པ་དཔའ་བའི་སྣོད་དུ་འགྲོ་བ། སློབ་ཅིང་བསླབ་པར་རིགས་སོ། །ཡུན་དུ་

ཕན་པ་ནི་དཀའ་ཡང་སློབ། ཡུན་དུ་གནོད་པ་ནི་དད་ཀྱང་སྤོང་དགོས་ན། འཕྲལ་ གྱི་ཕན་གནོད་ནི་ལྟ་ཅི་སྨོས། བདག་གི་བུ་རབས་ཚ་རྒྱུད་བསླབ་པ་ལ་ཞུགས་པ་

ཡང༌། དང་པོ་སུ་བདག་ལ་བྱམས་ཤིང་མཛངས་པའི་གམ་དུ་བཞག་སྟེ་བསླབ་ཅིང་

བྱང་ངོ༌།།དེ་ནས་སྙན་གྲགས་ཅན་དང་གོ་གནས་ཆེ་བའི་དྲུང་དུ་བཞག་གོ། གཞུང་ དྲང་བོ་མེད་ན་མཐོ་ཡང་དེའི་གམ་དུ་མི་བཞག་གོ། གཞོན་སྐྱེས་ན་མཉམ་བསྟེན་ན་

རྫུ་བག་ཅན་ཕྲད་པ་མང་བས། མ་རབས་ཆགས་ཞེན་ཅན་ལ་བསྟེན་པ་དང་འགྲོགས་ སུ་མི་འཇུག་གོ།” ཞེས་དང༌། 76

“ནུ་ན་རེ། བསླབ་པ་དང་བོ་བྱམས་པའི་གམ་དུ་བཞག་པ་དང༌། ཕྱིས་བློན་པོ་

ཆེ་ཞིང་དབུལ་བའི་གམ་དུ་བཞག་པས་ཇི་ལྟར་བྱ་ཞེས་དྲིས་པ་ན།

ཕུ་བོ་ན་རེ། བསླབ་པ་དང་པོ་བྱམས་པའི་གམ་དུ་བཞག་པ་ནི་བདག་གི་

བུ་གཞོན་ནུས་ལེགས་ཉེས་སོ་སོར་ཕྱེས་མི་ཤེས་ལ། གང་བྱ་གང་བྱེད་ཚོད་མི་

ཟིན་པས། བདག་ལ་བྱམས་པ་མ་ཡིན་ན་འཁྱམ་པོ་ཁྲིམས་ལ་ཐོགས་མཁན་དུ་ འགྱུར། གཅིག་ན་གཞོན་ནུར་རེངས་ན་སེམས་ཁམས་ལ་གནོད་པར་ཡང་གྲགས།

བྱམས་པ་འབའ་ཞིག་གིས་མི་ཆོག་སྟེ་མཛངས་པ་དང་མཁས་པའི་སར་མ་བཞག་ ན་གང་བསླབ་པ་དག་ལག་ལེན་དུ་མི་འཁྱོངས། མཛངས་ཤ ིང་མཁས་པས་ནི། ཇི་ 76

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༩༠ ནས༡༩༡། གོ་ཤུལ་ གྲགས་པ་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 137

ལྟར་བྱས་ཀྱང་དོན་ཐོག་ཏུ་འཁྱོལ་བས་ན་རང་གི་བུས་ཀྱང་དེའི་ཚུལ་བསླབ་པའི་

ཕྱིར་རོ། །” ཞེས་པའི་གོང་གི་བརྗོད་པ་འདི་དང་བསམ་བློ་འདིའི་སྟེང་ནས་ཀྱང་ 77

སྐབས་དེའི་དཔའ་མཛངས་མཁས་བདེན་བཞི་ལ་བསླབ་པའི་རེ་འདུན་དང༌། གོ་ རིམ། ཚུལ་ཇི་ལྟར་བསླབ་པ། དགོས་པ་ཅིའི་ཕྱིར་བསླབ་པ་སོགས་འཚོལ་ཐུབ་ པ་མ་ཟད་དཔའ་མཛངས་མཁས་བདེན་བཞིའི་གོང་ཐང་གཅོད་ཕྱོགས་ཀྱང་མཐོང་

ཐུབ་སྟེ། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། བདེན་པ་ནི་བསྙེན། ཞེས་ པ་ལྟར་རྒྱལ་བློན་འཁོར་འབངས་དང་བཅས་པར་བདེན་པའི་གནས་ལུགས་བརྩི་ བའི་རྒྱུ་འབྲས་བློ་མིག་ཡང་དག་ཅིག་ཡོད་པ་མཐོང་ཐུབ།

གོང་དུ་བཀོད་པའི་དཔའ་མཛངས་མཁས་གསུམ་གྱི་ལྟེ་བ་ལྟ་བུ་ནི་བདེན་པ་

ཡིན་ཕྱིར“ཉེས་པ་ཡོན་པོ་བྱེད་བྱེད་དེ་སྲོག་འཚོ་བ་ལས། དྲང་བོ་སྙོམས་པོ་བྱེད་

བྱེད་དེ་ཤ ི་ཡང་སླ་བ་ཙམ་དུ་བསྲན་གཟུགས་དགོས།” ཞེས་པ་ལྟར་དྲང་བདེན་ནི་ རང་གི་སྲོག་ལས་ཀྱང་རྩ་ཆེན་དུ་བརྩི་བའི་ཕྱིར་ན་དཔའ་མཛངས་མཁས་གསུམ་

དེ ་ དྲང་བདེ ན ་གྱི ་ ཚངས་ཐི ག ་གི ས ་གྲུབ་པའི ་ཤེ ས ་ཡོ ན ་རྣམ་ཅན་ཞི ག ་ཏུ་གྱུར་ ཡོད། རྒྱུ་མཚན་དེ་བས་ན་ལོ་རྒྱུས་སྟེང་གི་ཐུ་བྷོད་རྒྱལ་ཁབ་ཀྱི་མཚན་སྙན་སྟོབས་

ཤུགས་རྒྱས་ཏེ“ཆོས(ལུགས་སྲོལ) བཟུངས་སྲིད་ཆེ” ཞེས་དང“ཐུགས་སྒམ་པའི་ 78

རླབས་དང༌། དབུ་རྨོག་བཙན་པའི་བྱིན་གྱིས་ཉི་འོག་གི་རྒྱལ་བོ་གཞན་ལ་དཔྱའ་ ཕབ” ཞེས་དང“ཆབ་སྲིད་ནི་མཐའ་བཞིར་བསྐྱེད། ནང་གི་བདེ་བ་ནི་སྙོམས་པར་ 79

77 78 79

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༩༠ ནས༡༩༡། གོ་ཤུལ་ གྲགས་པ་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང༌།

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>>

འབྱུང་གནས། མི་རིགས་དཔེ་སྐྲུན་ཁང༌།

ཤོག་ངོས༡༢༢།

གོ་ཤུལ་གྲགས་པ་

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༢༤། གོ་ཤུལ་གྲགས་པ་འབྱུང་ གནས། མི་རིགས་དཔེ་སྐྲུན་ཁང༌།


138 ཉམས་ཞིབ་དེབ་ཕྲེང་། ༡

མཛད།” ཞེས་དང“དེའི་ཚེ་བློན་པོ་སྲིད་བྱེད་པ་རྣམས་བློ་མཐུན་གྲོས་གཅིག་སྟེ། 80

ཕྱི་དགྲ་འབྱུང་བ་ལ། ཐབས་དང་མེལ་ཚེ་ཆེ་ཆེར་བྱེད། ནང་གི་ཆོས་བྱ་བ་ལ་དྲང་ ཞིང་འགྲུས་པར་བྱེད། ཕྲག་དོག་མི་བྱེད། ཉེས་པ་མི་བྱེད།” “བོད་ལྟ་བུ་དཔའ་བ་ 81

དང་རྟུལ་ཕོད་པ། རྒྱའི་རྒྱལ་བོ་ཧན་དང་གཡུ། ཅེའུ་ལ་སོགས་པའི་དུས་སུའང་བྱུང་

བ་མེད་ཅེས་གྲག་གོ།” “མདོར་ན་དེ་དུས་གླིང་ཆེན་ཡོངས་རྫོགས་འདི་ན་བོད་ 82

དང་མཉམ་པའི་རྒྱལ་ཁབ་སྟོབས་ཆེ་བ་སུ་ཡང་མེད་པ་ཡོངས་སུ་གྲགས་ལ། ལྷག་ པར་ཡང་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཙ་ན། མངའ་ཐང་དར་བའི་རྩེ་མོར་སོན་

ཏེ་རྒྱལ་ཁབ་ཀྱི་ས་ཁྱོན་ཀྱང་ཕལ་ཆེར་གླིང་ཧྲིལ་པོའ་ི སྟེང་དུ་རྒྱ་བསྐྱེད་ཙང༌། བོད་

འབངས་མིའི་ཕྱོགས་རྣམས་ན་ཡང་བླ་སྐྱེས་འབུལ་ཞིང་བཙན་པོའ ི་བཀའ་ལུང་ལེན་ པའི་རྒྱལ་ཕྲན་མང་དུ་ཡོད་པ་ཡིན་འདུག” ཞེས་སོགས་ལོ་རྒྱུས་ཁུངས་བཙན་དག་ 83

ནས་གསུངས་པ་བཞིན་དེ་ལྟ་བུའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་བྱུང་བ་ནི་དམག་

འཐབ་ཁོ་ནའི་ཕྱོགས་ནས་མ་ཡིན་པར་སྒམ་དཀྱེལ་ཡངས་པ་དང༌། རྒྱང་མཐོང་ཆེ་བ། གསར་གཏོད་དང་དྲང་བདེན་བཅས་ཀྱི་རྟོགས་པ་མངའ་བའི་དབང་གིས་རྒྱ་ནག་དང་

ཏ་ཟུག བལ་བོ། སོག་པོ། རྒྱ་གར་སོགས་ནས་ཤེས་རིག་གསར་པ་ནང་འདྲེན་བྱེད་

པ་དང༌། གཏེར་རིག་སྔོག་འདོན་དང་ཞིང་ཕྱུགས་བཅོས་སྒྱུར། ཚོང་ལས་དར་རྒྱས་ བཅས་བཏང་སྟེ“ནང་གི་བདེ་བ་ནི་སྙོམས་པར་མཛད་དེ། ཆོས་བཟང་སྲིད་མཐོ་སྟེ་མི་ 80

81 82 83

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༢༥། གོ་ཤུལ་གྲགས་པ་འབྱུང་ གནས། མི་རིགས་དཔེ་སྐྲུན་ཁང༌།

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༢༣། གོ་ཤུལ་གྲགས་པ་

འབྱུང་གནས། མི་རིགས་དཔེ་སྐྲུན་ཁང༌།

<<དེབ་ཐེར་དམར་པོ།>> ཤོག་ངོས༡༩། རྒྱའི་ལོ་རྒྱུས་ལས་དྲངས། ཚལ་བ་ཀུན་དགའ་རྡོ་རྗེ། རྒྱ་གར་རྒྱལ་ས་

ལྡི་ལིར་དཔར།

<<དེབ་ཐེར་དཀར་པོ།>> ཤོག་ངོས༢༨། དགེ་ཆོས། རྒྱ་གར་རྡོར་གླིང་ནས་པར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 139

ཡོངས་སྐྱིད” ཅིང༌། འཁྱོག་ན་རྒྱལ་པོའ ི་བཀའ་ཡང་བཅོས་ཆོག་པ(བཀའ་ཡོ་གལ་འཆོས་ 84

པའི་བློན་པོ་ཆེ་འབྲིང་ཆུང་གསུམ་ཞེས་རྒྱལ་པོའ ི་བཀའ་ལ་དག་ཐེར་བྱེད་པའི་བློན་པོ་བཀོས་ཡོད།)

དང་ཉེས་ན་

རྒྱལ་པོའ ི་བུ་ཡིན་ཡང(ཁྲི་སྲོང་གི་བུ་མུ་ཏིག་བཙན་པོར་ཁྲིམས་ཕོག་པ།) ཁྲིམས་ཆད་གཅོད་པའི་

ལུགས་སྲོལ་བཟང་པོ་ཡོད། རྒྱལ་ཁབ་སྟོབས་ལྡན་དེ་ལྟ་བུ་ཞིག་བྱུང་བ་ནི་འཕགས་ པ་སྤྱན་རས་གཟིགས་ཀྱིས་གཟིགས་པ་མ་ཡིན་ལ་རྒྱལ་བློན་དག་སངས་རྒྱས་དང་ བྱང་སེམས་གང་ཞིག་གི་སྤྲུལ་བ་ཡིན་པའི་རྐྱེན་གྱིས་ཀྱང་མ་ཡིན་པར། གོང་དུ་

བཤད་པ་ལྟར་དེ་ལ་རྒྱལ་ཁབ་ཧྲིལ་པོའ ི་རིག་གནས་སྙིང་སྟོབས་སམ་ཤ ེས་ཡོན་གྱི་ དོན་སྙིང་གང་འདྲ་ཞིག་ལ་ཐུག་ཡོད་ཅེ་ན། དཔའ་བ་དང༌། མཁས་པ། མཛངས་པ། བདེན་པ་བཞིའི་ཤ ེས་ཡོན་ལ་རྩིས་མཐོང་སྤྲོད་པ་དང༌། སྤྱི་ཚོགས་རེ་སྙེག་དང་མི་ སྒེར་གྱི་རྩིས་མཐོང༌། འཚོ་བ་མཁོ་བསྒྲུབ་བཅས་ཕྱོགས་གང་ཐད་ནས་བལྟས་ཀྱང་

ལྷ་ཀླུ་ལ་ཞེ་བཅོལ་ནས་མ་བསྡད་པར་མིའི་ཁྱད་ནུས་ཏེ། དཔའ་མཛངས་མཁས་ བདེན་བཞིའི་རིག་གནས་གཟི་དཔལ་གྱི་སྟེང་དུ་བབས་ཡོད་དོ། །

རྒྱུ་མཚན་དེ་བས་ཐུ་བྷོད་སྐབས་ཀྱི་ཤེས་ཡོན་ལ་ཕྱིར་རྟོག་བྱེད་དགོས་པ་

དང༌། འདས་བྱུང་གི་ཁྱད་འཕགས་དོན་སྙིང་དེ་དག་ཀྱང་མི་རེ་རེས་གསར་བསྐྲུན་ བྱས་པར་ངོས་འཛིན་བྱེད་རྒྱུ་མ་ཡིན་པར་སྐབས་དེའི་སྤྱི་ཚོགས་ཧྲིལ་པོར་གཞུང་

བཅད་དང་འཕྲེད་བཅད་གཉིས་ཆ་ནས་སྡོམ་ཚིག་རྒྱག་དགོས་ལ། དེའང་སྐབས་

དེའི་ཤ ེས་ཡོན་གྱི་རྣམ་པའི་སྟེང་དུ་བསྡུ་དགོས་པ་སྨོས་མེད་ཡིན་ན། ཐུ་བྷོའ་ི དར་ རྒྱས་ནི་ཤ ེས་ཡོན་གང་ཞིག་དར་བ་དང༌། གང་དར་བའི་ཤ ེས་ཡོན་དེའང་སྐབས་

དེའི་སྤྱི་ཚོགས་ཀྱི་ཕྱི་རོལ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་ལས་བྱུང་བ་ཞིག་ ཡིན། དེ་ན་སྐབས་དེའི་ཤེས་ཡོན་གྱི་སྤྱི་སྒྲོམ་ལ་ངོས་འཛིན་གསལ་བོ་ཞིག་བྱེད་ 84

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>> ཤོག་ངོས༡༢༥། གོ་ཤུལ་གྲགས་པ་

འབྱུང་གནས། མི་རིགས་དཔེ་སྐྲུན་ཁང༌།


140 ཉམས་ཞིབ་དེབ་ཕྲེང་། ༡

དགོས་ན། བདག་གི་ངོས་འཛིན་དང་འཚོལ་དཔྱོད་ལས་རྙེད་པའི་སྐབས་དེའི་ཤ ེས་

ཡོན་ལ་རྣམ་པ་བཞི་སྟེ་དཔའ་མཛངས་མཁས་བདེན་བཞིའི་སྒོ་ནས་ཕྱོགས་སྡོམ་ བརྒྱབ་ན་འོས་སོ། །

གསུམ་པ། དུས་རབས་བར་མའི་ཆོས་ལུགས(གཡུང་དྲུང་བོན་དང་ནང་བསྟན)ཤེས་ ཡོན་ངོས་འཛིན་དང་དཔྱད་ཞིབ།

བསླབ་པ་གསུམ།

མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ།

ཆོས་བོན་རིག་གནས་ཀྱི་དབང་དུ་བྱས་ན། ཐབས་ཀྱི་ཆ་དང་ཤ ེས་རབ་ཀྱི་

ཆར་གཏོགས་པའི་བསླབ་པ་ཡོད་དོ་ཅོག་ཚུར་བསྡུས་ན་བསླབ་པ་གསུམ་དུ་འདུ།

དེའང་རྗོད་བྱེད་ལུང་སྡེ་སྣོད་གསུམ་དང་བརྗོད་བྱ་ལམ་བསླབ་པ་གསུམ་ཞེས་སུ་ འབོད།

སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བསླབ་པ་གསུམ་ཞེས་པའི་བརྡ་རྟགས་འདིས་

དེང་དུས་ཀྱི་སློབ་གསོ་དང་ཤེས་ཡོན་ཞེས་པའི་བརྡ་རྟགས་གཉིས་ཀའི་ཚབ་བྱས་

ཡོད། བརྡ་རྟགས་དེའི་ཁུངས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པར་གཏུགས་ཆོག་སྟེ།

<བསླབ་མདོ>ལས། “དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་

སྩལ་པ། དགེ་སློང་དག འདི་དག་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་འཛིན་ཡིན་

ནོ༑ ༑འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག ཚུལ་ཁྲིམས་ལ་གོམས་པར་བྱས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 141

ན༑ ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་

པར་བྱས་ན། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་

ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་ལས་སེམས་ཡང་དག་ པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །” ཞེས་པའི་སྡོམ་ཚིག་ཐུང་ཐུང་འདིས་ 85

མིའི་རིགས་ཀྱིས་བསླབ་པར་བྱ་བ་ཅི་ཡིན་ངོས་འཛིན་བྱས་ཡོད་པ་མ་ཟད། བསླབ་

པའི་གོ་རིམ་དང་གཙོ་ཕལ་བཅས་ཀྱང་བསྟན་ཡོད། དེས་ན་ཁྱབ་ཆེ་བའི་བསླབ་པ་ ཞེས་པའི་བརྡ་རྟགས་འདི་ཤེས་ཡོན་ལ་འཇུག་པའི་སྐབས་སུ་སློབ་གསོའ ི་དོན་སྙིང་

གི་སྟེང་ནས་བཤད་ཀྱིན་ཡོད་ལ། བརྡ་རྟགས་དེ་སློབ་གསོ་ལ་འཇུག་པའི་སྐབས་

སུ་ཤ ེས་ཡོན་བྱ་འགུལ་དང་སློབ་ཚན་སོགས་ལ་གོ་ཆོག་པའི་ཁྱབ་ཆེའི་འཇུག་དོན་ ཅན་ཞིག་ཡིན་པས་འདིར་ཤེས་ཡོན་གྱི་ངོས་ནས་བལྟས་ན། ༡

ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ།

ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤ ེས་རབ་ཀྱི་བསླབ་པ།

༡) ཚུལ་ཁྲིམས་ཀྱི་བསླབ་པའི་དོན་ནི།—གཞན་གནོད་གཞི་དང་བཅས་པ་ 85

སྤོང་བའི་ཀུན་སྤྱོད་ཅིག་ལ་ཟེར། ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྒྲིག་ཁྲིམས་

<<མདོ་ཚན་ལམ་སྒྲིག>> ཤཱཀྱ་ཐུབ་པ་དེབ་ཕྲེང༌། ཤོག་ངོས༤༥། དགེ་བཤེས་ཐུབ་བསྟན་དཔལ་བཟང་གིས་ བསྒྲིགས། རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར།


142 ཉམས་ཞིབ་དེབ་ཕྲེང་། ༡

ལྡན་པ་དང༌། སྤྱོད་ལེགས་ལྡན་པ། ཀུན་སློང་བཟང་བ་བཅས་གསུམ་དུ་ དབྱེ་ཆོག

༢) ཏིང་ངེ་འཛིན་གྱི་བསླབ་པའི་དོན་ནི།—ཁམས་གསུམ་གྱི་ཉོན་མོངས་པ་རྩ་ བ་ནས་སྤོང་བར་བྱེད་པའི་སེམས་ཁམས་ཀྱི་ནུས་པ་ཞིག་ལ་ཟེར། ཏིང་ངེ་

འཛིན་གྱི་བསླབ་པ་ལ་སེམས་བརྟན་པོར་བསྲུང་བ་དང༌། སེམས་ཀྱི་ནུས་ པ་ཕྱིར་འདོན་བྱེད་པ་གཉིས་སུ་དབྱེ་ཆོག

༣) ཤེས་རབ་ཀྱི་བསླབ་པའི་དོན་ནི།—བློའ་ི འཁྲུལ་བ་དང་མི་གསལ་བའི་ཆ་ དང་དེའི་རྩ་བ་དང་བཅས་པ་གཅོད་པར་བྱེད་པའི་དབྱེ་འབྱེད་གསེད་གྲོལ་ གྱིས་མཐར་ཐུག་གི་གནས་ལུགས་འཚོལ་ཞིབ་བྱེད་པའི་བློ་གྲོས་ལ་ཟེར།

ཤེས་རབ་ཀྱི་བསླབ་པ་ལ་འབྱེད་པ་དང༌། སྡུད་པ་གཉིས་སུ་དབྱེ་ཆོག དེ་ དག་ལ་ནང་སེམས་ཀྱི་ཚན་རིག་གི་ངོས་ནས་བཤད་ན་ཤ ེས་ཡོན་གྱི་དོན་ སྙིང་གལ་ཆེན་ཡོད།

j ཚུལ་ཁྲིམས་ཀྱི་བསླབ་པ།—འདིའི་ཁོང་སུ་ཀུན་སྤྱོད་ཀྱི་ཤ ེས་ཡོན་མ་

ལག་ཧྲིལ་པོ་འདུས་ཡོད་དེ། སྒྲིག་ཁྲིམས་ལྡན་པ་དང༌། སྤྱོད་པ་མཛེས་པ། ཀུན་

སློང་བཟང་བ་བཅས་ཟུར་གསུམ་གྱི་ཁྱད་ཆོས་ཚང་བའི་ཀུན་སྤྱོད་ཤ ེས་ཡོན་ཞིག་

རེད། ཅིའི་ཕྱིར་ཞེ་ན་ཚུལ་འཆོས་ཀྱི་དབང་དུ་སོང་བའི་སྤྱོད་པ་མཛེས་པོ་དང༌།

རང་ཁེ་ཁོ་ན་གཙིགས་སུ་བཟུང་བའི་སྒྲིག་ཁྲིམས་ལྡན་པ་ནི་རང་ཉིད་གཙོར་བཞག་ གི་མཐུན་ཐབས་ཙམ་དང༌། འཕྲལ་ཆོས་ཙམ་ཡིན་པས་དུས་ཚོད་གཞན་ཞིག་དང་

གནད་འགག་གི་དུས་ཤིག་ལ་འཕོ་འགྱུར་ཕྱིན་ཏེ་མི་སྡུག་པའི་བྱ་སྤྱོད་དུ་འགྱུར་ སྲིད། དེ་ན་བྱ་སྤྱོད་མཛེས་པོ་ཙམ་མ་ཟད་ཀུན་སློང་བཟང་པོ་དང་ལྡན་རྒྱུ་དེ་ནི་ཀུན་ སྤྱོད་ཤེས་ཡོན་གྱི་གཞུང་ཤིང་ལྟ་བུའི་བསམ་བློའ་ིཤེས་ཡོན་ཁྱད་འཕགས་རང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 143

བཞིན་ཅན་ཞིག་ཡིན་པས་ན་ཚུལ་ཁྲིམས་ཀྱི་བསླབ་པས་བཟུང་བའི་སྐྱེས་བུར་ཀུན་ སློང་བཟང་ཞིང༌། སྤྱོད་ཚུལ་མཛེས་པ་དང༌། སྒྲིག་ཁྲིམས་ལྡན་པ་བཅས་ཀྱི་སྒོ་ནས་

མི་རང་ཉིད་ལ་ལྟ་བ་དང་། མི་དང་མིའི་འབྲེལ་བ་དང༌། མི་དང་རང་བྱུང་གི་འབྲེལ་ བ༑ མི་དང་སྤྱི་ཚོགས་ཀྱི་འབྲེལ་བ་བཅས་སྲུང་འཛིན་བྱས་ན་སྤྱོད་ལམ་དེ་ལ་བཙུན་ པའི་བསམ་བློའ ི་དཔལ་ཡོན་གྱིས་བརྒྱན་པའི་སྤྱོད་ལམ་ཞེས་སུ་འབོད་རུང་།

མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་སྟེང་ནས་གཞིག་ཀྱང་སྲོག་གཅོད་པ་

དང༌། མ་བྱིན་ལེན། མི་གཙང་སྤྱོད། རྫུན། ཕྲ་མ། ཚིག་རྩུབ། ངག་བཀྱལ་ཏེ་ལུས་

ངག་གི་མི་དགེ་བ་བདུན་བསྲུང་བའི་ཕྱིར་དུ་དེའི་རྩ་བར་གྱུར་པའི་ཡིད་ཀྱི་མི་དགེ་ བ་གསུམ་སྟེ་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་

སྤངས་དགོས་པར་གཞིག་ན་ལུས་ངག་གིས་ཉེས་སྤྱོད་མི་བསགས་པའི་བཙུན་པའི་ ཁྱད་ཆོས་ཚང་དགོས་པ་མ་ཟད། དངོས་སུ་ལུས་ངག་གིས་སྦྱོར་བ་མ་བརྩམས་ཀྱང་ ནང་བསམ་བློའ་ི སྟེང་ནས་ཀྱང་ཉེས་སེམས་སྡོམ་པའི་ཀུན་སློང་བཟང་བའི་བཙུན་

པའི་ཤ ེས་ཡོན་གྱི་ཁྱད་ཆོས་དང་ལྡན་པ་གལ་ཆེན་དུ་བརྩིས་ཏེ། སེམས་ཀྱི་རྒྱལ་ བོ་དབང་བྱས་ན། །ལུས་དང་ངག་གཉིས་བྲན་ཡིན་ནོ། །ཞེས་ཀུན་སློང་བཟང་པོའ ི་

ཁྱད་ཡོན་ལྡན་ན་གཞི་ནས་གཞན་གནོད་གཞི་དང་བཅས་པ་སྤངས་པའི་བརྩེ་བའི་ ཤེས་ཡོན་གྱིས་རབ་ཏུ་ཕྱུག་པར་འགྱུར། སེམས་ཅན་གཅིག་གི་དོན་དུ་ཡང་མེ་ནང་

བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་བཟོད་སྒོམ་ཐུབ་པའི་དགོན་སྡེ་ཤ ེས་ཡོན་

གྱི་རྟིང་སྐུལ་དེའི་ཕུགས་བསམ་གྱི་ཆ་ལའང་དཔྱད་གཞིག་བྱས་ན། ཚུལ་ཁྲིམས་ ཀྱི་བསླབ་པའི་གོ་རྟོགས་ལ་བརྟེན་ནས+བཙུན་པའི་ཤེས་ཡོན་དང་ལྡན་པར་འགྱུར་ བ་དང་། བཙུན་པའི་ཤེས་ཡོན་གྱི་གོ་རྟོགས་ཇེ་མཐོར་སོང་བ་ལ་བརྟེན་ནས+བརྩེ་

བའི་ཡོན་ཏན་རླབས་ཆེན་ཞིག་མངོན་འགྱུར་བྱེད་ཐུབ་ན་སྔ་མ་སྔ་མར་བརྟེན་ནས་


144 ཉམས་ཞིབ་དེབ་ཕྲེང་། ༡

ཕྱི་མ་ཕྱི་མ་འབྱུང་བའི་འབྲེལ་བ་ཞིག་ཡོད། དེ་འདྲའི་ཤེས་ཡོན་ནི་སྲོལ་རྒྱུན་དགོན་ སྡེ་ཤ ེས་ཡོན་གྱི་སྲོག་ཤ ིང་ལྟ་བུ་ཡིན་ནོ། །

k ཤེས་རབ་ཀྱི་བསླབ་པ་ནི།—བློ་གྲོས་ཀྱི་རང་བཞིན་ལ་གནས་པའི་ཤ ེས་

ཡོན་མཐའ་དག་གནས་ལུགས་འཚོལ་བའི་ཤེས་རབ་ཀྱི་བསླབ་པའི་ཁོངས་སུ་འདུ།

སྲོལ་རྒྱུན་དགོན་སྡེ་མཁས་པ་དག་གིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་ཆོས་

ཐམས་ཅད་ཀྱི་ངོ་བོ་འཚོལ་ཞིབ་བྱས་ཏེ་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་

ཞེས་ཕྱི་རྣམ་དང་ནང་གནས་གཉིས་སུ་ཐག་གཅོད་པ་དང༌། དེའང་ཐག་གཅོད་ཙམ་ མ་ཡིན་པར་ཆོས་ཐམས་ཅད་ཀྱི་གྲུབ་ཚུལ་ལ་སྲེག་བཅད་བརྡར་གསུམ་བྱས་ཏེ་ མཐར་ཐུག་གི་གནས་ལུགས་རྟོགས་པའི་རྟོགས་པ་ཞིག་རྒྱུད་ལ་སྐྱེས་པ་ལ་འབད་

བརྩོན་བྱེད་ཅིང༌། རྟོགས་པ་དེ་ལ་བརྟེན་ནས་བྱ་དངོས་མཐའ་དག་གི་རིན་ཐང་ཐག་

གཅོད་དང་འཇུག་ལྡོག་བྱེད་པ་ལ་རྟེན་འབྱུང་གི་ལྟ་བའམ་གནས་ལུགས་རྟོགས་

པའི་ཤ ེས་རབ་ཅེས་ཟེར། གནས་ལུགས་འཚོལ་བའི་རྟེན་འབྱུང་གི་ལྟ་བས་འབྱེད་ པའི་རིག་པར་བརྟེན་ནས་ཕྱི་རོལ་ཡུལ་གྱི་བྱ་དངོས་མཐའ་དག་གི་སྟེང་ནས་གནས་ ལུགས་འཚོལ་བ་དང༌། སྡུད་པའི་རིག་པར་བརྟེན་ནས་གང་འཚོལ་ཞིབ་བྱས་པའི་ གནས་ལུགས་མཐའ་དག་སེམས་ནང་དུ་བསྡུས་ཏེ་སྙིང་པོ་ཉམས་ལེན་དུ་འཁྱེར་ཏེ་ མི་ཚེའི་དོན་སྙིང་འཚོལ། དེ་ལྟ་བུའི་རྟོགས་པ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་

སྐྱེས་པ་ནི་ཤེས་རབ་ཀྱི་ཚད་མཐོ་བའི་མཁྱེན་པའི་ཤེས་ཡོན་དང་ལྡན་པའི་དོན་དུ་ ངེས་སོ། །

l ཏིང་ངེ་འཛིན་གྱི་བསླབ་པ་ནི།—མིའི་འཇོན་ནུས་ཀྱི་རང་བཞིན་ལ་

གནས་པའི་ནུས་པ་མཐའ་དག་ཕྱིར་མངོན་བྱེད་པ་དང༌། དེའི་མི་མཐུན་ཕྱོགས་

འགོག་པའི་ནུས་པ་དང་ལྡན་པའི་ཤེས་ཡོན་ཡོད་དོ་ཅོག་ཏིང་ངེ་འཛིན་གྱི་བསླབ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 145

པའི་ཁོངས་སུ་འདུ། ཏིང་ངེ་འཛིན་གྱི་བསླབ་པ་ཞེས་པ་དེ་ནི་དེང་གི་སྐད་ཆས་

བཤད་ན། མི་ནུས་སམ་འཇོན་ཐང་གི་ཤེས་ཡོན་ཡོད་ཚད་ལ་བྱ། ཀུན་སྤྱོད་དང་བློ་

གྲོས་གཉིས་སུ་གཏོགས་པའི་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་འཇོན་

ནུས་ཀྱི་ཤ ེས་ཡོན་མེད་པར་གྱུར་ཚེ་ཤེས་པ་གང་ཞིག་དང་ཀུན་སློང་བཟང་པོ་གང་

ཞིག་ལག་ལེན་དུ་བསྟར་མི་ཐུབ། དཔེར་ན་རྩོམ་རིག་གི་གཞུང་ལུགས་ཤ ེས་ཀྱང་

རྩོམ་ཡིག་འབྲི་མི་ཤ ེས་པ་དང༌། ཆབ་སྲིད་ལ་མཁས་ཀྱང་ཆབ་སྲིད་ཀྱི་ལས་ཀ་བྱེད་ མི་ཤ ེས་པ། བསམ་བློ་གསར་པ་དང་ལག་ལེན་གསར་པ་ཞིག་ཁོང་དུ་ཆུབ་ཀྱང་དེ་ ཉིད་ཕྱོགས་སྡོམ་དང་ཕྱིར་འདོན་བྱེད་མི་ཐུབ་པ་ལྟ་བུ་མང་པོ་ཡོད་པ་ནི་ཤ ེས་ཡོན་

གྱི་སྟོང་ཆ་ཞིག་ཡིན་པས་ན། བློ་གྲོས་དང་ཀུན་སྤྱོད་དུ་གཏོགས་པའི་ཤ ེས་ཡོན་

གང་ཞིག་ལག་ལེན་དུ་འཁྱོལ་བ་ལ་འཇོན་ནུས་ཤེས་ཡོན་ལྡན་རྒྱུ་ནི་གལ་འགངས་ ཤིན་ཏུ་ཆེ་བ་ཞིག་ལགས་ན་འདིར་ཏིང་ངེ་འཛིན་གྱི་བསླབ་པ་ནི་འཇོན་ནུས་ཤ ེས་

ཡོན་གྱི་སྤྱི་སྡོམ་ཞིག་ཏུ་གོ་བ་བླངས་ཆོག སྲོལ་རྒྱུན་ནང་བསྟན་རིག་གཞུང་གི་ནང་

དུའང་ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པ་མངོན་དུ་བྱེད་ཚུལ་དང༌། ཏིང་ངེ་འཛིན་དེའང་སེམས་རྣལ་དུ་གནས་པའི་ནུས་པ་ཙམ་དུ་མི་གོ་བར་ཀུན་ སྤྱོ ད ་དང་ཤེ ས ་རབ་ཀྱི ་ གྲོ ག ས་དང་བཅས་ཏེ ་ གཞན་དོ ན ་ཁུར་འཁྱེ ར ་གྱི ས ་རང་ གི་ལུས་སེམས་འདུལ་སྦྱོང་བྱས་ཏེ་གང་འདོད་དུ་བཀོལ་དུ་བཏུབ་པའི་མི་ནུས་

འཚོལ་སྙེག་བྱེད་པའི་དོན་དུ་ངེས། དེ་ནི་མི་དག་ལག་ལེན་གྱི་དོན་སྙིང་དུ་འཇུག་

པའི ་ གལ་ཆེ འི ་ གྲུབ་ཆ་ཞིག ་ཡིན ། གལ་ཆེ འི་ གྲུབ་ཆ་འདི་ ལ་བརྟེ ན ་ནས་སྲོ ལ ་

རྒྱུན་དགོ ན ་སྡེ ་ བསླབ་པས་བཟང་པོ འ་ི ཤེ ས ་ཡོ ན ་ཏེ ་ གཞན་དོ ན ་བསྒྲུབ་པ་ཞེ ས ་ པ་དོན་འཁྱོལ་བྱེད་ཀྱིན་ཡོད་པས་ན། ཏིང་ངེ་འཛིན་གྱི་བསླབ་པའི་སློབ་སྦྱོང་ལ་

བརྟེན་ནས+འཇོན་ནུས་ཀྱི་ཤེས་ཡོན་དང་ལྡན་པར་གྱུར་པ་རེད་ལ+འཇོན་ནུས་


146 ཉམས་ཞིབ་དེབ་ཕྲེང་། ༡

ལ་བརྟེ ན ་ནས་རླབས་ཆེ ་ བའི་ གཞན་དོན་བྱེད་པའི་བྱང་ཆུབ་སེམས་དཔའི་སྨོན་ སེམས་དེ་སྒྲུབ་སེམས་སུ་གྱུར་ཏེ་ཕར་ཕྱིན་དྲུག་གི་སྤྱོད་པ་ཉམས་སུ་ལེན་པར་བླ་ ན་མེད་པའི་ཁོར་ཡུག་བཟང་པོ་སྐྲུན་བཞིན་ཡོད།

དེ ་ ན་སྲོ ལ ་རྒྱུན་ཤེ ས ་ཡོ ན ་གྱི ་ མཐར་ཐུག་རེ ་ སྙེ ག ་གི ་ ངོ ས ་ནས་བལྟས་ན་

མཁྱེན་བརྩེ་ནུས་གསུམ་དུ་ངེས་ཤིང༌། མཁྱེན་བརྩེ་ནུས་གསུམ་མཚོན་པར་བྱ་ཕྱིར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 147

ནང་བསྟན་རིག་གཞུང་གི་ནང་དུ་རྒྱལ་བ་ཀུན་གྱི་བརྩེ་བ་གཅིག་བསྡུས་སྤྱན་རས་

གཟིགས་དང༌། རྒྱལ་བ་ཀུན་གྱི་ཤེས་རབ་གཅིག་བསྡུས་རྗེ་བཙུན་འཇམ་དཔལ་ དབྱངས། རྒྱལ་བ་ཀུན་གྱི་ནུས་པ་གཅིག་བསྡུས་ཕྱག་ན་རྡོ་རྗེ་ཞེས་མང་དུ་བསྟན་ ཡོད་ལ། རི་མོའ་ི ལམ་ནས་ཀྱང་རིགས་གསུམ་མགོན་པོ་ཞེས་པའི་ཤ ེས་ཡོན་གྱི་

དོན་སྙིང་གལ་ཆེན་ལྡན་པའི་ལྷ་རིས་འབྲི་སྲོལ་ཡོད། རྒྱལ་བ་ཀུན་གྱི་བརྩེ་བ་སྙིང་ རྗེའི་རིན་ཐང་མཚོན་ཕྱིར་སྤྱན་རས་གཟིགས་ཞེས་ཞལ་འཛུམ་ཞིང་སྐུ་མདོག་དཀར་

ལ་ཞི་བའི་ཉམས་ཅན། བརྩེ་བ་མཚོན་ཕྱིར་ཕྱག་ཏུ་ཤེལ་དཀར་གྱི་འཕྲེང་བ་དང་ འཇམ་མཉེན་མེ་ཏོག་ཐོགས་པ་ཞིག་འབྲི་སྲོལ་ཡོད་པ་དང༌། རྒྱལ་བ་ཀུན་གྱི་ཤ ེས་

རབ་ཀྱི་རིན་ཐང་མཚོན་ཕྱིར་རྗེ་བཙུན་འཇམ་པའི་དབྱངས་ཞེས་སྐུ་མདོག་དམར་ སེར་རྒྱས་པའི་ཉམས་ཅན་ཕྱག་ཏུ་རྨོངས་པ་གཅོད་པ་མཚོན་བྱེད་རལ་གྲི་ཐོགས་པ་

ཞིག་འབྲི་སྲོལ་ཡོད། རྒྱལ་བ་ཀུན་གྱི་ནུས་སྟོབས་ཀྱི་རིན་ཐང་མཚོན་ཕྱིར་གསང་ བའི་བདག་པོ་ཞེས་སྐུ་མདོག་མཐིང་ནག་ཁྲོ་བའི་ཉམས་ཅན། ཕྱག་ཏུ་འཇོམས་བྱེད་

རྡོ་རྗེ་ཐོགས་པ་ཞིག་འབྲི་སྲོལ་ཡོད། རི་མོ་འདི་ལ་ཤེས་ཡོན་གྱི་དོན་སྙིང་ཕུན་སུམ་ ཚོགས་པ་ཞིག་ཡོད་པ་མ་ཟད་སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་གྱི་ནང་དོན་ཧྲིལ་པོ་དེ་

ཡིན་ལ། དེའི་སྟེང་ནས་ད་དུང་སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་གྱི་གཙོ་ཕལ་འབྲེལ་ བའང་ཐག་གཅོད་བྱེད་ཐུབ་པའི་སྣང་ཚུལ་གཤམ་དུ་པར་རིས་དང་རེའུ་མིག་བརྒྱུད་ ནས་དཔྱད་ཞིབ་བྱས་ཆོག

ཆོས་ལུགས་ཤེས་ཡོན་ལྟར་ན་ཀུན་སྤྱོད་ཤེས་ཡོན་གྱི་མཐར་ཐུག་ནི་བརྩེ་

བའི་ཤེས་ཡོན་གྱིས་གོང་མཐོང་གཅོད་དགོས་ལ། བློ་གྲོས་ཤེས་ཡོན་གྱི་མཐར་

ཐུག་ནི་མཁྱེན་པའི་ཤེས་ཡོན་གྱིས་གོང་མཐོང་གཅོད་དགོས། འཇོན་ནུས་ཤེས་

ཡོན་གྱི་མཐར་ཐུག་ནི་སེམས་ནུས་ཤེས་ཡོན་གྱིས་གོང་མཐོང་གཅོད་དགོས། སྣང་


148 ཉམས་ཞིབ་དེབ་ཕྲེང་། ༡

ཚུལ་དེས་ཤ ེས་ཡོན་དཀྱིལ་སྙིང་དུ་བྱས་ཡོད། དེ་ལ་ཀུན་སྤྱོད་ཀྱི་ཟུར་གཅིག་དང༌། བློ་གྲོས་ཀྱི་ཟུར་གཅིག འཇོན་ནུས་ཀྱི་ཟུར་གཅིག་བཅས་ཟུར་གསུམ་ཚང་ཡོད་པ་ དང་ཟུར་དག་ལའང་ཕན་ཚུན་འབྲལ་ཐབས་བྲལ་བའི་ལྟོས་གྲུབ་འབྲེལ་བ་ཞིག་ཡོད་ པ་བསྟན་ཡོད། ཤེས་ཡོན་གྱི་ཕུགས་བསམ་དང་རེ་སྙེག་བཞེང་བསྐྲུན་བྱ་ཕྱིར་བརྩེ་

བ་དང༌། ཤེས་རབ། ནུས་པ་བཅས་ཀྱི་དོན་སྙིང་ཡོད་པའི་རིགས་གསུམ་མགོན་ པོ་ཞེས་པའི་སྐུ་བརྙན་འདི་གསར་བསྐྲུན་བྱས་པ་ཞིག་ཡིན་ཕྱིར་དཔེ་རིས་ འདི་ནི་

སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་གྱི་སྡོམ་ཚིག་ལྟ་བུར་གྱུར་ཡོད། དཔེ་རིས་འདི་ལ་ ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན་སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་ལ་ཟུར་ གསུམ་ཡོད་པའི་གཙོ་ཕལ་གྱི་འབྲེལ་བའང་མཐོང་ཐུབ།

སྐུ་བརྙན་འདིའི་གཙོ་སྐུ་སྤྱན་རས་གཟིགས་ཡིན་པ་དང༌། འཇམ་དཔལ་

དབྱངས་དང་གསང་བའི་བདག་པོ་གཉིས་ཕལ་བའི་ཚུལ་དུ་འབྲི་བ་ལ་ཤེས་ཡོན་ རང་བཞིན་གྱི་དཔྱད་ཞིབ་བརྒྱུད་དེ་མདའ་རྟགས་ཀྱིས་མཚོན་པར་བྱས་པ་ལྟར།

སྲོལ་རྒྱུན་ཤ ེས་ཡོན་ནི་ཀུན་སྤྱོད་ལྟེ་བའམ་ཀུན་སྤྱོད་ཀྱིས་བློ་གྲོས་དང་ནུས་པར་སྣེ་

ཁྲིད་བྱེད་པའི་གནས་ལུགས་བསྟན་ཡོད། ཀུན་སྤྱོད་མཚོན་པའི་སྤྱན་རས་གཟིགས་ གཙོར་སྐུ་བྱས་ཤིང། བློ་གྲོས་དང་ནུས་པ་མཚོན་པའི་འཇམ་དཔལ་དབྱངས་དང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 149

གསང་བའི་བདག་པོ་ཕལ་བའི་ཚུལ་དུ་འབྲི་སྲོལ་ཡོད་པ་འདི་ནི་གང་བྱུང་དུ་བྲིས་ པའི་རི་མོ་ཞིག་མིན་པར། དེ་ནི་མཚོན་བྱར་གྱུར་པའི་ཀུན་སྤྱོད་གཙོ་ཞིང་བློ་གྲོས་

དང་འཇོན་ནུས་ཕལ་བར་བརྩི་བའི་ཤེས་ཡོན་གོང་ཐང་གཅོད་ཕྱོགས་ཀྱིས་གསལ་

བཤད་དང་ཐག་གཅོད་བྱས་པ་ཞིག་ཡིན་པས་ན། བོད་ཀྱི་དུས་རབས་བར་མའི་

ཤེས་ཡོན་ནི་ཀུན་སྤྱོད་ལྟེ་བར་སྨྲ་བའི་ཤེས་ཡོན་ཞིག་ཡིན་པ་གསལ་རྟོགས་བྱེད་ ནུས་སོ། །

སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་གྱི་སྣང་ཚུལ་འདི་ལ་དུས་རབས་གསར་པའི་

ཤེས་ཡོན་འཚོལ་ཞིབ་དང་གོང་མཐོང་གཅོད་ཕྱོགས་ཀྱིས་བལྟས་ན་བློ་གྲོས་དང་ ནུས་པས་ཀུན་སྤྱོད་ལ་ལྟོས་པའི་སྣང་ཚུལ་ཡོད་པ་མ་ཟད། ཆོས་ལུགས་རིག་ གནས་ལ་འདྲེས་སིམ་བྱས་ཡོད་པའི་ཚན་རིག་གི་ཆ་རྣམས་ལྷུ་ལག་རེ་རེ་ནས་

བསལ་ན་དེའི་ཤུལ་དུ་ལྷག་པ་ནི་ཀུན་སྤྱོད་ཀྱི་ཆ་ཁོ་ན་ཡིན་པ་དེའི་ཐོག་ནས་ཀྱང་ སྲོལ་རྒྱུན་བོད་ཀྱི་ཤེས་ཡོན་ནི་ཀུན་སྤྱོད་ཤེས་ཡོན་དཀྱིལ་སྙིང་བྱས་ཏེ་ཆགས་

པའི་ཤ ེས་ཡོན་ཞིག་དང་། བསམ་བློའ་ི མ་ལག་གི་ནང་ནས་ཀྱང་ཚུལ་ཁྲིམས་གཙོ་

སྨྲ་བའི་ཤེས་ཡོན་ཞིག་ཡིན། དེའང་ཤེས་རིག་གི་སྒྲོམ་གཞིའི་ཆ་ནས་འབྱེད་པ་ གཙོ་ཤུགས་མི་བྱེད་པར་སྡུད་པ་གཙོ་ཤུགས་བྱེད་པ་དང༌། ཤེས་རིག་གི་འགུལ་

རྣམ་དང་འཇགས་རྣམ་གྱི་ངོས་ནས་བལྟས་ན་འཇགས་རྣམ་ལྟེ་བར་འཛིན་པ་དང༌།

ཤེས་རིག་གི་གསར་གཏོད་དང་རྒྱུན་འཛིན་གྱི་ངོས་ནས་བལྟས་ན་རྒྱུན་འཛིན་ལྟེ་

བར་འཛིན་པ་དང༌། ཤེས་རིག་གི་མཁྲེགས་གཟུགས་དང་ལྡེམ་མཉེན་གྱི་ངོས་ནས་ བལྟས་ན་མཁྲེགས་གཟུགས་ལྟེ་བར་འཛིན་པའི་ཤེས་ཡོན་ཞིག་ཡིན། དེ་ནི་ཀུན་ སྤྱོད་གཙོ་སྨྲ་བའི་ཤ ེས་ཡོན་གྱི་ཁྱད་རྟགས་མངོན་གསལ་བ་དག་ཡིན་པ་ཤ ེས་རིག་

འཚོལ་ཞིབ་ཀྱི་རིགས་ལམ་ནས་ར་སྤྲོད་བྱེད་ཐུབ་བོ། །གོང་དུ་སྲོལ་རྒྱུན་དགོན་སྡེ་


150 ཉམས་ཞིབ་དེབ་ཕྲེང་། ༡

ཤེས་ཡོན་ལ་བསླབ་པ་གསུམ་དང༌། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་

གསུམ་བཅས་གསུམ་ཚན་གསུམ་གྱི་སྒོ་ནས་དཔྱད་ཞིབ་བྱས་ཏེ་དེ་དག་ལ་ཤེས་ ཡོན་དཔྱད་ཞིབ་ཀྱི་ངོས་ནས་བལྟས་པའི་གྲུབ་དོན་བཤད་ཟིན་ཀྱང༌། གསུམ་ཚན་ འདི་གསུམ་ལ་ནང་གནས་ཀྱི་འབྲེལ་བ་སྟོན་ཕྱིར་སླར་ཡང་དཔེ་རིས་ཤིག་བཀོད་ན།

གོང་གི་རེའུ་མིག་འདིས་སྲོལ་རྒྱུན་ཆོས་ལུགས་ཤེས་ཡོན་ལ་ཕྱི་རྣམ་ནས་

ནང་གནས་དང༌། ནང་གནས་ནས་སྙིང་པོའ ི་བར་གྱི་སློབ་སྦྱོང་གི་གོ་རིམ་དང༌། གོ་

རྟོགས་ཀྱི་གོ་རིམ། ཕྱི་ནང་གི་འབྲེལ་བ་བཅས་གསལ་བོ་ཞིག་མཚོན་ཕྱིར་སྒོར་ ཐིག་དཔེ་དབྱིབས་ཀྱི་བྱེད་ཐབས་སྤྱད་ཡོད་ལ། དཔེ་རིས་འདིས་གསུམ་ཚན་གསུམ་

ཕན་ཚུན་བར་དུ་གནས་པའི་འབྲལ་མེད་ཀྱི་རང་བཞིན་དང་ཕྱི་ནང་གི་གོ་རིམ་དང་།

ནང་གནས་ཀྱི་གཙོ་ཕལ་འབྲེལ་བའང་མཚོན་པར་བྱས་ཡོད།

བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཤེས་ཡོན་གྱིས་དུས་རབས་མང་པོ་བརྒྱུད་

དེ ་ མཁས་བཙུན་བཟང་གསུམ་དམི ག ས་ཚད་ལ་བཟུང་བའི ་ཤེ ས ་ཡོ ན ་པ་གསོ ་

སྐྱོང་བྱས་པའི་ཁྲོད་དུ་ཆོས་ལུགས་ཀྱི་ངོས་ཐད་ནས་བལྟས་ན་ཕུལ་བྱུང་གི་མི་སྣ་ གསོ་སྐྱོང་ཐད་བྱས་རྗེས་རླབས་ཆེན་བསྐྲུན་ཡོད་དེ། སྐ་ཅོག་ཞང་གསུམ། ཁུ་རྔོག་ འབྲོམ་གསུམ། མར་མི་དྭགས་གསུམ། ས་སྐྱ་གོང་མ་རྣམ་ལྔ། གངས་ལྗོངས་འཇམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 151

དབྱངས་རྣམ་གསུམ། འཇམ་དབྱངས་གཙང་པ་བདུན་རྒྱུད། གཡག་རོང་གཞོན་

གསུམ། གོ་ཤཱཀ་སྟག་གསུམ། བོད་ཀྱི་མཁས་པ་མི་བཅུ་སོགས་ཤ ེས་ཡོན་པ་དེ་ དག་ནི་ཆོས་ལུགས་ཤེས་ཡོན་གྱི་ཐད་ནས་བལྟས་ན་མཁས་བཙུན་བཟང་གསུམ་

འཛོམས་པའི་ཤེས་ཡོན་པ་ཡིན་ལ། ཆོས་ལུགས་ཤེས་རིག་གི་ངོས་ཐད་ནས་ བལྟས་ན་ཕར་ཕྱིན་དྲུག་གི་རིག་གནས་སྙིང་སྟོབས་ལྡན་པའི་དཔེ་གཞིའི་མི་སྣར་

བགྲང་བཞིན་ཡོད་ལ་ཆོས་ལུགས་ཤེས་རིག་གི་ངོས་ནས་བལྟས་ན་བགྲང་དུ་འོས་ པ་ཞིག་ཀྱང་ཡིན་ནོ། །

བཞི་པ། ཆོས་ལུགས་ཤེས་ཡོན་གྱིས་འཚོལ་སྙེག་གི་ཡུལ་དུ་གྱུར་པའི་ མི་གཤིས་སྙིང་སྟོབས་ཆེན་པོ་དྲུག

སྤྱིར་རིག་པའི་གནས་གང་ཡིན་ཀྱང་དེ་ལ་མཐར་ཐུག་གི་འབབ་ཕྱོགས་ཤ ིག་དང་

དེའི་རྩ་བའི་སྲོག་ཤ ིང་ཞིག་ངེས་པར་དུ་ཡོད་དགོས་ལ་འཛམ་གླིང་གི་རིག་གནས་ ཚང་མར་དེ་ཉིད་ཡོད་ངེས་སོ་ཞེས་བཤད་ཆོག ཤེས་ཡོན་རིག་པའི་ལས་དོན་ངོ་མ་

དེ་མིའི་རིགས་ཀྱི་བླ་ན་མཐོ་བའི་བདེ་སྐྱིད་ཅིག་གི་ཆེད་དུ་ཡིན་པ་དང༌། རླབས་ཆེ་ བའི་དམིགས་ཡུལ་ཞིག་འགྲུབ་པ་ལ་འཆར་གཞི་གཏིང་ཟབ་དང༌། འཆར་གཞིའི་ཁ་ ཕྱོགས་གསལ་བོ། འཆར་གཞི་མ་ནོར་བ་བཅས་ལ་བརྟེན་དགོས་པ་མ་ཟད། ཆེས་

གལ་ཆེ་བ་ནི་མཐར་ཐུག་གི་འབབ་ཕྱོགས་དང་སྲོག་ཤིང་གསལ་བོ་ཞིག་དགོས་པ་ ནི་བཤད་མི་དགོས། དཔྱད་ཐབས་འདིའི་སྒོ་ནས་བལྟས་ན་སྲོལ་རྒྱུན་སློབ་གསོའ ི་

འབབ་ཕྱོགས་དང་སྲོག་ཤིང་མཐོང་ཐུབ། སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་གྱི་འབབ་


152 ཉམས་ཞིབ་དེབ་ཕྲེང་། ༡

ཕྱོགས་དང་སྲོག་ཤ ིང་ནི་སྒེར་བསམ་དོར་ཏེ་སྤྱི་དོན་བསྒྲུབ་རྒྱུ(དེའང་འགྲོ་བ་རིགས་དྲུག)

དང༌། རང་གི་བདག་དོར་དེ་རང་ཉིད་ཚུལ་ལྡན་དུ་བྱེད་ཐབས་ཀྱི་ཡུལ་ཅན་བསམ་

བློ་ནམ་ཡང་གཙང་བཤེར་བྱེད་པ་དང༌། ཡུལ་བྱ་དངོས་ཡོད་ཚད་ཀྱི་གནས་ལུགས་

མཐར་ཐུག་དབྱེ་གཅོད་དང་འཚོལ་ཞིབ་བྱས་ཏེ་སྙིང་པོ་མེད་པར་ངོས་འཛིན་པ་དང་ གང་ངོས་ཟིན་པའི་དོན་དེ་རང་རྒྱུད་ལ་སྦྱར་ཞིང་སྲོག་ལྡན་ཡོད་ཚད་ལ་ཚད་མེད་

བཞིའི་ལྟ་སྟངས་འཛིན་དགོས། (༡བྱམས་པ། ༢སྙིང་རྗེ། ༣དགའ་བ། ༤བཏང་བསྙོམ།) ཞོར་དུ་རང་ ཉིད་གང་དུ་གཏོགས་པའི(བོད་མི་དག་གི་ཆོས་ལུགས་དང་གྲུབ་མཐའ་ནི་རང་རྟོགས་ཀྱི་འདམ་ང་ཞིག་མིན་

པར་ཁྱིམ་རྒྱུད་འབྲེལ་བའི་སྟེང་ན་ཡོད།)

གྲུབ་མཐའ་གང་དེ་འཛིན་སྐྱོང་སྤེལ་གསུམ་གྱིས་ནང་

བསྟན་ཤེས་རིག་ཡར་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་བདེ་དོན་གཉིས་ལ་རྟེན་ འབྲེལ་གྱི་འབྲེལ་བ་ཡོད་པར་བརྩི། ལྟ་ཚུལ་འདིའམ་ཤེས་ཡོན་འབབ་ཕྱོགས་འདི་ དང༌། རིག་གནས་སྲོག་ཤིང་འདི་ཉིད་མདོར་བསྡུས་ན་གཤམ་གྱི་ཕར་ཕྱིན་དྲུག་

གམ་སྙིང་སྟོབས་རྣམ་པ་དྲུག་གི་ནང་དུ་འདུ། དེའང་། ༡) སྦྱིན་པ། ༢) ཚུལ་ཁྲིམས། ༣) བཟོད་པ། ༤) བརྩོན་འགྲུས། ༥) བསམ་གཏན། ༦) ཤེས་རབ་བཅས་ཡིན་

ཞིང་། འདི་དག་ནི་ནམ་ཡང་འབྲེལ་ཏེ་ཡོད་པའི་རིག་གནས་ནང་ལོགས་ཀྱི་གྲུབ་ཆ་

དྲུག་གམ་སྙིང་སྟོབས་མི་འདྲ་བ་དྲུག་དང༌། སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་རིག་པས་ ངེས་པར་དུ་ངོས་ཟིན་ཡང་དག་དང་ལེགས་འགྲུབ་དགོས་པའི་མི་བུ་སྐྱེད་སྲིང་གི་ བྱེད་ཐབས་དྲུག་ཡིན་ལ་དམིགས་ཡུལ་དྲུག་ཀྱང་རེད། མིའི་རིགས་ཀྱིས་ཡ་རབས་

སྤྱོད་བཟང་གིས་སྤྱི་དོན་བསྒྲུབ་པ་དང་གནས་ལུགས་རྟོགས་པར་བྱ་བའི་གོ་རྟོགས་ ཀྱི་བརྒྱུད་རིམ་དྲུག་དང་མིའི་རིགས་ཀྱིས་ཆོས་ཐམས་ཅད་ལ་མ་ནོར་བ་དང་ཡང་

དག་པར་ལྟ་སྟངས་ཀྱི་ཐབས་ཚུལ་དྲུག་ཀྱང་རེད། དེ་བས“སྦྱིན་དང་ཚུལ་ཁྲིམས་

བཟོད་དང་བརྩོན་བསམ་གཏན། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན།།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 153

འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་རྒྱལ་བའི་དབང་ བོར་མཛོད། །” ཅེས་དང་། སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་རིག་པ་བ་གྲགས་ཅན་ 86

རྒྱ་གར་ཀྱི་རྒྱལ་སྲས་ཞི་བ་ལྷས་ཀྱང<སྤྱོད་འཇུག>གི་བསྟན་དོན་སྙིང་པོའང་སྙིང་ སྟོབས་འདི་དག་ཡིན་ནོ། །

དོ ན ་དམ་གྱི ་ ཆ་ནས་ཀྱང་ནང་བསྟན་ཤེ ས ་རི ག ་གི ་ སློ བ ་སྦྱོ ང ་མཐའ་དག་

འབྱེད་པའི་བྱེད་ཐབས་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱི་སྟེང་དུ་

བཙུགས་ཏེ་གནས་ལུགས་བཙལ་བ་དང༌། སྡུད་པའི་བྱེད་ཐབས་ལ་བརྟེན་ནས་གང་

རྙེད་པའི་བདེན་པ་གཉིས་ཀྱི་ལྟ་བ་དེ་སེམས་ཁོང་དུ་བཙུགས་ཏེ་སྙིང་པོ་ཉམས་ལེན་ ལ་དངོས་སུ་སྦྱོར་བར་བྱེད་པའི་དེ་འདྲའི་འབབ་ཕྱོགས་ཤ ིག་ཡོད་པ་ནི་ཕྱིན་དྲུག་གི་ སྟེང་ནས་འཚོལ་ཐུབ། (འཛམ་གླིང་གི་རིག་གནས་ཁ་ཤས་ལ་འབྱེད་པའི་ནུས་པ་ཡོད་ཀྱང་སྡུད་པའི་ནུས་པ་

མེད་པ་དང་ཁ་ཤས་ལ་སྡུད་པའི་ནུས་པ་ཡོད་ཀྱང་འབྱེད་པའི་ནུས་པ་མེད།)

༡) སྦྱིན་པ།--ལུས་སྲོག་ལོངས་སྤྱོད་དང་བཅས་པ་རང་གཞན་བདེ་ཕན་གྱི་དོན་དུ་ བློས་གཏོང་བྱེད་ནུས་པའི་སྙིང་སྟོབས་ཤིག

༢) ཚུལ་ཁྲིམས།--སྤྱོད་ལམ་ཚུལ་དང་མཐུན་པར་བྱེད་པའི་རང་རྟོགས་རང་ བཅུན་གྱི་བསམ་བློའ ི་སྙིང་སྟོབས་ཤིག

༣) བཟོད་པ།--ལེགས་པ་དང་ཉེས་པའི་བྱ་དངོས་ཡོད་ཚད་ལ་འདྲ་མཉམ་ ཀྱིས་དང་ལེན་བྱེད་པའི་བསྲན་ཐུབ་ཀྱི་སྙིང་སྟོབས་ཤ ིག

༤) བརྩོན་འགྲུས།--ལེགས་ཉེས་གདམས་ཤེས་པའི་སྒོ་ནས་སྤྲོ་སེམས་ཀྱིས་ ཡུལ་ལ་འཇུག་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཤིག

༥) བསམ་གཏན་ནི།--ལུས་སེམས་འདུལ་སྦྱོང་བྱས་ཏེ་གང་འདོད་དུ་བཀོལ་

86

<<བཤེས་སྤྲིངས།>> ཤོག་ངོས༣༥། རྩ་བ་ཀླུ་སྒྲུབ། རེད་མདའ་བའི་འགྲེལ་པ། ཝཱ་ཎཱ་ས་སྐྱའི་སློབ་ལྷན་གྱིས།


154 ཉམས་ཞིབ་དེབ་ཕྲེང་། ༡

ཐུབ་པའི་ཤ ིན་སྦྱང་གི་སྙིང་སྟོབས་ཤིག

༦) ཤེས་རབ་ནི།--ཡུལ་དང་ཡུལ་ཅན་གྱི་གནས་ལུགས་ལ་མ་རྨོངས་པར་

དཔྱད་ཞིབ་དང་ཐག་གཅོད་བྱེད་པའི་དཔྱོད་ཤེས་ཀྱི་སྙིང་སྟོབས་ཤ ིག འདི་ ནི་ཚན་པ་གཞན་དྲུག་པོའ་ི གཞུང་ཤིང་ལྟ་བུའི་སྙིང་སྟོབས་དེ་ཡིན་ཕྱིར་

གཞུང་དག་ཏུ། “ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤ ེས་རབ་ དོན་དུ་གསུངས། །” ཞེས་ཀྱང་བཀོད་ཡོད་དོ། ། 87

འདི་འདྲའི་སྙིང་སྟོབས་དྲུག་དང་ལྡན་པར་གྱུར་ཚེ་ཤེས་ཡོན་གྱི་དམིགས་

ཡུལ་གྲུབ་པ་ཡིན་ཏེ། གཞན་གྱི་མི་དགེ་བཅུ་ལ་སོགས་པའི་བསྲུང་བྱ་དང་དགེ་བ་

བཅུ་ལ་སོགས་པའི་བསྒྲུབ་བྱ་མཐའ་དག་ཀྱང་གྲུབ་པ་ནི་བརྗོད་མི་དགོས་པར་མིའི་ རིགས་ཀྱི་འཕགས་པ་དང༌། སངས་རྒྱས་ཞེས་པའི་ཚད་མེད་འབྲི་བཞེངས་བྱས་ པའི་དགེ་སྒྲུབ་བདག་སྤང་གི་སྤུས་ཚད་ལ་བསླེབས་པར་བརྩི། དེའི་ཕྱིར་ཞི་བ་ལྷས་ གསུངས་པ་ལྟར་དུ་ཆོས་བོན་གཉིས་ཀའི་སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་གྱི་མཐར་

ཐུག་གི་འབབ་ཕྱོགས་ནི་དྲུག་ཚན་འདིའི་ནང་དུ་བསྡུས་ན་འགྲིག སྲོལ་རྒྱུན་དགོན་ སྡེའི་རིག་གནས་ཀྱི་རྩ་བ་ནང་དོན་རིག་པ་དང༌། དེའི་ཡན་ལག་ཏུ་གྱུར་པ་བཟོ་

རིག་པ་དང༌། གསོ་བ་རིག་པ། ཚད་མ་རིག་པ། སྙན་ངག་རིག་པ། མངོན་བརྗོད་ རིག་པ། སྡེབ་སྦྱོར་རིག་པ། སྐར་རྩིས་རིག་པ། ཟློས་གར་རིག་པ་བཅས་ཀྱི་སྲོག་ ཤིང་ཡང་དྲུག་ཚན་འདི་ཡིན་ན། འདི་ནི་སྲོལ་རྒྱུན་དགོན་སྡེ་རིག་གནས་ཀྱི་སྙིང་

སྟོབས་ཡིན་པ་སྨོས་མ་དགོས། འབབ་ཕྱོགས་དེ་དང་སྲོག་ཤ ིང་དེ་འཛིན་ཐུབ་པ་ན་ གཞི་ནས་དགོན་སྡེ་ཤ ེས་ཡོན་གྱི་རེ་བ་ཉག་གཅིག་ཏུ་གྱུར་པའི་མཁས་བཙུན་བཟང་

གསུམ་ཞེས་པའི་མི་གཤིས་སྤུས་ལྡན་འབྱུང་ཐུབ། དགོན་སྡེ་ཤ ེས་ཡོན་གྱི་དགོངས་

87

<<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།>> ཤོག་ངོས་༢༧༧། ཞི་བ་ལྷ། ཨཱ་ཙཱརྱ་ངག་དབང་བློ་བཟང་གི་

སྤྱོད་འགྲེལ། རྒྱ་གར་ལྡི་ལི།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 155

པ་ལྟར་སྲོལ་རྒྱུན་ཤ ེས་ཡོན་གྱི་ཡང་དག་པའི་མི་སྤུས་གསོ་སྐྱོང་བྱས་པ་ལ་བོན་གྱི་

རྒྱན་དྲུག་དང་རྗེ་ཉམས་མེད་པ་སོགས་དང་། ནང་བའི་སྐ་ཅོག་ཞང་གསུམ། ས་སྐྱ་

གོང་མ་རྣམ་ལྔ། བཀའ་གདམས་སྐུ་མཆེད་གསུམ། རྗེ་ཡབ་སྲས་གསུམ། དགའ་

ལྡན་གསེར་ཁྲི་རིམ་བྱོན། འཇམ་དབྱངས་གཙང་པ་བདུན་རྒྱུད། རྒྱལ་པཎ་སྐུ་

འཕྲེང་རིམ་བྱོན་སོགས་ཡིན་ཤིང་དེ་དག་ལ་སོགས་ནི་མཁས་བཙུན་བཟང་གསུམ་ འཛོམས་པ་མ་ཟད་ཕྱིན་དྲུག་གི་སྙིང་སྟོབས་ལྡན་པའི་དཔེ་གཞིའི་མི་སྣ་དང༌། སྲོལ་ རྒྱུན་ཤ ེས་ཡོན་གྱིས་མི་གཤིས་ཚད་ལྡན་གསོ་སྐྱོང་བྱས་པའི་དཔེ་བརྗོད་ཡང་དག་ ཅིག་དང་ཤ ེས་ཡོན་གྱི་དམིགས་འབེན་གྲུབ་པའི་དོན་སྙིང་གལ་ཆེན་ཞིག་ཏུ་བགྲང་ བཞིན་ཡོད་དོ། །

ལྔ་པ། ཤེས་ཡོན་དང༌། བསླབ་པ། སློབ་གསོ་བཅས་ཀྱི་བརྡ་དོན་ལ་ དཔྱད་པ།

རྒྱ་གར་དང་བོ ད ་ཀྱི ་ སྲོ ལ ་རྒྱུན་གཞུང་ལུགས་ཀྱི་ བརྡ་དོ ན ་ལྟར་ན་ཤེ ས ་ཡོ ན ་ལ་

བསླབ་པ་ཟེར་ཞིང༌། དེའང་རྒྱ་གར་སྐད་དུ“ཏྲི་ཤིཀྵཱ”ཞེས་པ་བོད་སྐད་དུ་བསླབ་པ་

གསུམ་ཞེས་སུ་བསྒྱུར་ཡོད། བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་གསུམ་དུ་ངེས་ཤ ིང༌། ནང་

པའི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་བསླབ་པ་འདི་དག་གི་ཚིག་འགོར་ལྷག་ པ་སྦྱར་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་ པ༑ ལྷག་པ་ཤ ེས་རབ་ཀྱི་བསླབ་པ་ཞེས་གསུངས་སྲོལ་ཡོད་ནའང་འདིར་ཐུན་མོང་


156 ཉམས་ཞིབ་དེབ་ཕྲེང་། ༡

བའི་དབང་དུ་བྱས་ན་མིའི་རིགས་ཀྱི་བསླབ་བྱ་ཡོད་དོ་ཅོག་བསླབ་པ་གསུམ་དུ་འདུ་

བའི་ཆོས་ཉིད་ཀྱི་དབང་གིས། རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་དང་ཡིག་ཆ་དག་

ཏུ་བོད་སྐད་ཀྱི་བསླབ་པ་དང་ཨིན་སྐད་ཀྱི(Education) ཞེས་པའི་ཚབ་ཏུ་གནའ་བོའ ི་རྒྱ་ གར་གྱི་ཐ་སྙད“ཤིཀྵཱ”ཞེས་པ་སྤྱོད་བཞིན་པ་ནི་མིག་དཔེར་ལྟ་འོས་པ་ཞིག་ཡིན། ཐ་

སྙད་འདི་ནི་བོད་སྐད་ཀྱི་བསླབ་པའི་ཚིག་གི་བསྒྱུར་གཞི་ཡིན་ལ། བསླབ་པ་གསུམ་

ལ“ཏྲི་ཤ ིཀྵཱ”ཞེས་ཟེར་ཞིང༌། བསླབ་པ་གསུམ་གྱིས་རིམ་པ་བཞིན་ཀུན་སྤྱོད་ཀྱི་ཚད་

གཞི་ཞིག་དང༌། འཇོན་ནུས་མི་གཤིས་ཀྱི་གཏེར་ཁ་ཞིག རྣམ་དཔྱོད་ཀྱི་འཚར་ ལོངས་ཤ ིག་བཅས་སྟོན་ཐུབ་པ་ནི་འོག་ནས་རིམ་གྱིས་འཆད་པར་འགྱུར།

བསླབ་པ་ཞེས་པའི་ཚིག་ངོས་ནས་གཞིག་ནའང་བྱ་ཚིག་གི་དབང་དུ་བྱས་

པའི་བསླབ་པ་ཞེས་པ་ཤེས་ཡོན་གྱི་བྱེད་སྒོའ་ི རང་བཞིན་གྱི་དེང་གི་སློབ་ཁྲིད་དང་

སློབ་སྦྱོང་བྱས་ཞེས་པར་གོ་སྟེ”བསླབ་པ་ལམ་གྱི་གནས་སྐབས། བསླབ་པ་སློབ་

གཉེར”ཞེས་པ་ལྟ་བུ་དང༌། མིང་ཚིག་གི་དབང་དུ་བྱས་ན་མིའི་སློབ་སྦྱོང་གི་བརྒྱུད་ རི མ ་ནས་ཐོ བ ་པའི ་ ཡོ ན ་ཏན་ཏེ ་ དེ ང་གི ་ སྐད་ཀྱི ་ཤེ ས ་ཡོ ན ་པ་ལ་གོ ་ བའི ་ སྐབས་

ཀྱང་ཡོད་དེ“ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ། བསླབ་པ་གསུམ་གྱིས་ཐུགས་ རྒྱུད་ཕྱུག་པ”ལྟ་བུའོ།། དེ་འདྲའི་གོ་དོན་གཉིས་ཀྱི་ངོས་ནས་གོ་བ་བླངས་ན་དེང་

གི་ཨིན་ཡིག་སྐད་ཀྱི(Education) ཞེས་པ་དང་གོ་དོན་ཧ་ཅང་མཚུངས། རྒྱ་ནག་སྐད་

ཀྱི“ཅོ་ཡུའུ”ཞེས་པའི་ཐ་སྙད་བོད་བསྒྱུར་བྱས་པའི་སློབ་གསོ་ཞེས་པའི་ཐ་སྙད་དང༌། <ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཕུ་ནུའི་མདོ>ཞེས་པར“བསླབ་པ་ནི་འགྲུས”ཞེས་ དང༌། “བསླབ་པ་དང་པོ་བྱམས་པའི་གམ་དུ་བཞག་པ”ཞེས་པའི་ཚིག་ནས་བྱུང་

བའི་གནའ་བོའ་ི བོད་སྐད་ཀྱི་བསླབ་པ་ཞེས་པ་ཕྱིས་སུ་ཆོས་གཞུང་གི“ཤིཀྵཱ”ཞེས་

པའི་སྒྱུར་ཚིག་ཏུ་གཏན་འབེབ་བྱས་པའི་བསླབ་པ་ཞེས་པའི་ཐ་སྙད་དང༌། ཨིན་ཇུའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 157

སྐད་ཀྱི(Education) ཞེས་པ་བོད་སྒྱུར་བྱས་པའི་ཤེས་ཡོན་ཞེས་པའི་ཐ་སྙད་གསུམ་གྱི་ བར་དུ་མཚུངས་རྟགས་རེ་ཡོད་པའི་རྐྱེན་གྱིས་བོད་ཀྱི་མཁས་པ་རྣམས་ཀྱིས་རྩོད་

པ་བྱེད་བཞིན་ཡོད་པས་ན་བསླབ་པ་དང༌། སློབ་གསོ། ཤེས་ཡོན། ཞེས་པའི་ཐ་ སྙད་འདི་གསུམ་ལ་དཔྱད་ཞིབ་བྱེད་རྒྱུ་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན། ཤེས་ཡོན་དང་བསླབ་པའི་བར་གྱི་མཚུངས་རྟགས།

“ཤེས་ཡོན་ཞེས་པ། མིའི་སེམས་རྒྱུད་ཀྱི་ཉོན་མོངས་དང་དེས་བསྐྱེད་པའི་

ཉེས་སྤྱོད་རྣམས་སྡོམ་པའི་སྒྲིག་སྤྱོད་ལ་གནས་པ་དང༌། ཡུལ་ལ་སེམས་རྩེ་གཅིག་

ཏུ་གཏད་ཐུབ་པ། དེའི་ངང་ནས་རྣམ་འབྱེད་ཤེས་རབ་ཀྱིས་དཔྱད་ནུས་པ་བཅས་ བསླབ་པ་གསུམ་གྱི་ངོ་བོ་དང་གོ་རིམ་ལྡན་པ་ཞིག་ཡིན་དགོས།” ཞེས་པས་ 88

བསླབ་པ་ཞེས་པ་དང་ཤེས་ཡོན་ཞེས་པའི་བར་གྱི་མཚུངས་རྟགས་བསྟན་ཡོད། བསླབ་པ་དང༌། སློབ་གསོ་(Education) བཅས་ཀྱི་མཚུངས་རྟགས།

ཨིན་ཡིག་གི་ནང་དུ་ཡོད་པའི“ཤེས་ཡོན(Education)ཞེས་པའི་ཐ་སྙད་དེ་ནི་

གནའ་བོའ་ི ལཱ་ཊིན(Latin) གྱི་ཐ་སྙད(Educatum) ཞེས་པ་ལས་ཟུར་འདོན་བྱས་པ་སྟེ།

དོན་དུ་ཤ ེས་ཡོན་སྤྲོད་པ་དང༌། གསོ་སྐྱོང་བྱེད་པ། བསམ་བློ་མཐོར་འདེགས་གཏོང་ བ་སོགས་ལ་གོ་ཆོག ལཱ་ཊིན(Latin) ཐ་སྙད་དེའི་ཚིག་ཟུར་ལས་ཤེས་ཡོན་སློབ་

གསོས་མིའི་བསམ་བློའ་ི ནུས་པ་ཕྱིར་འདོན་ཐུབ་པ་ཡིན་ཟེར། སྤྱིར་ཤ ེས་ཡོན་ལ་ 88

<<བཙན་བྱོལ་བོད་མིའི་གཞི་རིམ་ཤ ེས་རིག་གི་སྲིད་བྱུས།>> རགས་ཟིན་གཉིས་པ། ཤོག་ངོས༡༡ནས༡༢། བོད་གཞུང་ཤེས་རིག་ལས་ཁུངས།


158 ཉམས་ཞིབ་དེབ་ཕྲེང་། ༡

གཏིང་ཟབ་པ་དང་རྒྱ་ཆེ་བའི་གོ་དོན་ཞིག་ཡོད་པས། ང་ཚོས་ཚིག་འབྲུ་འགའ་ཞིག་

གི་ནང་དུ་འགྲེལ་བརྗོད་བྱེད་ཐབས་བྲལ་བ་ཞིག་ཡིན་ལ། གནའ་སྔ་མོའ་ི མཁས་ པ(Socrates) དུས་ནས་ད་ལྟའི་བར་དུ་ཤེས་ཡོན་ཐད་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་

ཤིག་བྱུང་ཡོད།”

89

སློབ་གསོ་དང་རྒྱ་ནག་སྐད་ཀྱི་ཅོ་ཡུའུ་(教育)བར་གྱི་མཚུངས་རྟགས།

རྒྱ་ནག་སྐད་ཀྱི་ཅོ་ཡུའུ་(教育) ཞེས་པ་བོད་སྒྱུར་བྱས་པའི་ཐ་སྙད་སློབ་

གསོའ ི་དོན་ནི<བོད་རྒྱ་ཚིག་མཛོད་ཆེན་མོར>“སློབ་གསོ། ཤེས་རིག་གོང་དུ་སྤེལ་

ཐབས་སམ། གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ།”ཞེས་དང་། <དག་ཡིག་ གསར་བསྒྲིགས>ལས“སློབ་གསོ་ནི་སློབ་སྟོན་དང་གསོ་སྐྱོང་བྱེད་པའི་བྱ་བའི་

མིང་སྟེ་གསར་བརྗེའི་ལས་བྱེད་པར་སློབ་གསོ་བྱས། གནས་ལུགས་བཤད་ནས་

སློབ་གསོ་བཏང་ལྟ་བུ།” ཞེས་འབྱུང་བས་ན་རྒྱ་སྐད་ཀྱི་ཅོ་ཡུའུ་(教育)ཞེས་པ་

བོད་སྒྱུར་བྱས་པའི་སློབ་གསོ་ཞེས་པའི་ཐ་སྙད་འདིའི་འཇུག་ཡུལ་ནི་སློབ་སྦྱོང་སྤྲོད་ ལེན་གྱི་བྱེད་སྒོ་ལ་གོ་དགོས་པ་ལས་ཡོན་ཏན་ལ་མི་གོ།

༡) བསླབ་པ་ཞེས་པའི་ཐ་སྙད་འདི་ནི་འཕྱི་ནའང་དུས་རབས་བརྒྱད་པའི་ཡར་

སྔོན་གྱི་བོད་ཀྱི་གཞུང་ལུགས་སྟེང་གི་ཐ་སྙད་ཅིག་ཡིན་པ་ཏུན་ཧོང་གི་ཡིག་ཆ་དང་ ནང་བསྟན་ཀྱི་གཞུང་ལུགས་རྣམས་ལས་ར་སྤྲོད་བྱེད་ཐུབ་པ་དང༌།

༢) སློབ་གསོ་ཞེས་པའི་ཚིག་འདི་ནི་སྔ་ནའང༡༩༤༩རྗེས་ཀྱི་རྒྱ་སྐད་ཀྱི“ཅོ་

ཡུའུ”(教育)ཞེས་པ་བོད་སྒྱུར་བྱ་ཕྱིར་ལོ་ཙཱ་བས་བོད་སྐད་དུ་གནའ་བོའ་ི དུས་

ནས་ཡོད་པའི་སློབ་དང་གསོ་ཞེས་པའི་བྱ་ཚིག་གཉིས་ལྷན་སྡེབ་ཀྱིས་གསར་བཟོ་ 89 <<GOLDEN PRINCIPLES OF EDUCATION>> P.g1, Dr.J.P Mishra Delhi University.


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 159

བྱས་པ་ཞིག་ཡིན་ཕྱིར་སྔ་ནའང༡༩༤༩རྗེས་ཀྱི་ཐ་སྙད་ཅིག་ཡིན་པ་རྟོགས་ཐུབ།

༣) ཤེས་ཡོན་ཞེས་པའི་ཐ་སྙད་འདི་ནི་ཤེས་བྱ་དང་ཡོན་ཏན་ཞེས་པའི་ཚིག་

ཟུར་གཉིས་བསྡུས་ཏེ་གསར་བཟོ་བྱས་པའི་ཐ་སྙད་ཅིག་ཡིན་ཞིང༌། བོད་རབ་བྱུང་ བཅུ་དྲུག་པའི་མེ་ཕོ་ཁྱི་ལོ་སྟེ་ཕྱི་ལོ༡༩༤༦ལོར་དགེ་བཤེས་ཆོས་གྲགས་ཀྱིས་

བརྩམས་པའི<བརྡ་དག་མིང་ཚིག་གསལ་བ>ལས། “ཤེས་གཉེན་ཅན་ནི་ཡོན་ཏན་

ཅན་ནམ་བཤེས་གཉེན་ལའང་ཞེས་དང༌། ཤེས་ལྡན་ནི་གང་ཟག་དང་མི་དང་མཁས་ པ་རིག་པ་ཅན་ལའང”ཞེས་བཀོད་པ་ལས་ཤེས་ཡོན་ཞེས་པའི་ཐ་སྙད་མི་འབྱུང་བ་

དང༌། ཕྱི་ལོ༡༩༦༦ལོར་བཙན་བྱོལ་ནང་དུ་བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས་

བརྩམས་པའི<བོད་བརྡའི་ཚིག་མཛོད>ཅེས་པར། “ཤེས་ཉེན་ནི་བཤེས་གཉེན་ཏེ་ ཡོན་ཏན”ཞེས་པ་ལས་ཤེས་ཡོན་ཞེས་པའི་ཐ་སྙད་མི་འབྱུང་བ་དང༌། <བརྡ་དཀྲོལ་ གསེར་གྱི་མེ་ལོང>ཞེས་པ་ལས“ཤེས་ཉེན་ནི་ཡོན་ཏན་གྱི་མིང་སྟེ། བརྡ་ཡིག་རེག་

གཟིགས་གསར་བུའི་ཉེར་མཁོ་ལས། ཤེས་ཉེན་ཞེས་པ་ཡོན་ཏན་གྱི་མིང་ཞེས་ གསུངས། དཔེར་ན་འདུལ་བའི་གླེགས་བམ་ལས། ཤེས་ཉེན་མེད་པ་རྣམས་བསོད་

སྙོམས་ལ་འགྲོའ ་ོ​ོ ཞེས་འབྱུང་བ་ལྟ་བུའོ། །ཞེས་དང༌། ཡང་དེར་ཤ ེས་ཉེན་ཅན་ཞེས་ པའི་དོན་ཏེ<འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད>ལས། ཤེས་ཉེན་ཅན་

ནི་ཡོན་ཏན་ཞེས་པའི་བརྡ་རྙིང་ངོ”ཞེས་དང༌། ༡༩༧༤ལོ་ནས་སྒྲིག་འགོ་བརྩམས་ པའི<དག་ཡིག་གསར་བསྒྲིགས>སུ“ཤེས་ལྡན་ནི་ཡོན་ཏན་ངེས་ཅན་ཡོད་པའི་མི་ ཞེས་པ་ཙམ་ལས་གོང་གི་མིང་ཚིག་གི་མཛོད་དག་ལས། ཤེས་ཉེན་དང༌། བཤེས་

གཉེན། ཤེས་ཉེན་ཅན། ཡོན་ཏན་བཅས་པ་ལས་ཤེས་ཡོན་ཞེས་པའི་ཐ་སྙད་མི་ འབྱུང་མོད། དེ་དག་ལས་བསྒྲིགས་འཕྱི་ཞིང་ཕྱི་ལོ༡༩༨༥ལོར་ཐེངས་དང་པོ་པར་

དུ་བཏབ་པའི<བོད་རྒྱ་ཚིག་མཛོད་ཆེན་མོ>ལས“ཤེས་ཡོན་ནི་ཡོན་ཏན་ཞེས་དང་།


160 ཉམས་ཞིབ་དེབ་ཕྲེང་། ༡

ཤེས་ཡོན་ཅན་ནི་རིག་གནས་ཀྱི་ཆུ་ཚད་མཐོ་ཙམ་དང་བསམ་པའི་ངལ་རྩོལ་བྱེད་

མཁན་གྱི་མི་རྣམས”ཞེས་བཀོད་ཡོད་པས་ན་ཤེས་ཡོན་ཅན་ཞེས་པ་རྒྱ་ནག་སྐད་ ཀྱི་ཀྲི་ཤི་ཧྥུན་ཙི་(知识分子) ཞེས་པ་བོད་བསྒྱུར་བྱས་པའི་ཐ་སྙད་གསར་པ་

ཞིག་ཡིན་པ་དང༌། དེའི་གོ་དོན་ཡང་ཤེས་ཡོན་ཅན་ལ་གོ་བ་ལས་སློབ་གསོའ ི་བྱེད་ སྒོ་ལ་མི་གོ་བ་དང༌། བཙན་བྱོལ་ནང་དུ་ཨིན་ཇིའི་སྐད་ཀྱི(Education) ཞེས་པ་བོད་ སྒྱུར་བྱས་ཏེ་སྒྲ་ཡངས་འཇུག་ཏུ་བྱས་པའི་བསླབ་པའི་བྱེད་སྒོ་དང་བསླབ་འབྲས་

ཏེ་ཁྱད་འཕགས་ཀྱི་ཡོན་ཏན་མཐའ་དག་ལ་སྦྱར་བའི་ཤེས་ཡོན་ཞེས་པའི་ཐ་སྙད་

འདི ་ སྔ་ནའང༡༩༤༩ཕྱི ས ་ཤི ག ་ནས་བྱུང་བར་མངོ ན ་ལ་བོ ད ་ནང་དུ་སློ བ ་གསོ ་ ཞེས་པ་སྤྱོད་ཆེ་བ་དང་བཙན་བྱོལ་ནང་དུ་ཤེས་ཡོན་བྱས་པ་སྤྱོད་སྒོ་ཆེ། བསླབ་པ་

དང༌། ཤེས་ཡོན། སློབ་གསོ་གསུམ་ལས་སྔོན་གྱི་གཞུང་ལུགས་རྣམས་སུ་བསླབ་

པ་ཞེས་པ་སྤྱོད་རྒྱ་ཆེ་བ་དང་། བོད་ནང་དུ་སློབ་གསོ་ཞེས་པའི་ཐ་སྙད་སྤྱོད་རྒྱ་ཆེ་

བ་དང༌། བཙན་བྱོལ་ནང་དུ་ཤེས་ཡོན་ཞེས་པའི་ཐ་སྙད་སྤྱོད་རྒྱ་ཆེ་བའི་དབང་གིས་ བོད་ནང་གི་བག་ཆགས་ཆེ་བ་དང་བཙན་བྱོལ་ནང་གི་མཁས་པའི་བར་དུ་རྩོད་པ་

འབྱུང་བཞིན་ཡོད་ནའང་གོང་གི་ཐ་སྙད་འདི་དག་གི་འབྱུང་ཁུངས་དང་འཇུག་ཡུལ་

ལ་བསམ་གཞིགས་བྱས་ན་རྩོད་པ་རང་བཞིན་གྱིས་ཞི་བ་དང༌། ལྷག་པར་ཤེས་ ཡོན་དང་སློབ་གསོ་གཉིས་ཀྱི་སྒྲ་ཡངས་དོག་གི་གནས་ལུགས་རྟོགས་དགོས་པ་ནི་ གནད་དུ་ཆེ།

མདོར་བསྡུས་ཏེ་བཤད་ན་ཤེས་ཡོན་དང་བསླབ་པ་ཞེས་པ་དོན་གཅིག་མིང་

གི་རྣམ་གྲངས་སུ་བྱས་ཆོག་སྟེ། ཁྱབ་ཆེའི་འཇུག་ཡུལ་ཅན་དུ་ངེས་ཏེ་མིའི་ལྷན་ སྐྱེས་ཁྱད་ནུས་དང་སྤྱི་ཚོགས་ནུས་པ། བརྒྱུད་སྤྲོད་ཀྱི་གོ་རྟོགས་དང་ནུས་ཚད།

བརྒྱུད་སྤྲོད་བྱ་རིམ་དང་བཅས་པ་བསྡུ་ཐུབ་པས་ན་སློབ་གསོའང་དེའི་ཆ་ཤ ས་ཏེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 161

བརྒྱུད་སྤྲོད་བྱེད་སྒོའ ི་མིང་དུ་ངེས། དེང་གི་འཛམ་གླིང་གི་ཤ ེས་ཡོན་སྨྲ་བ་མཐའ་དག་ གིས་ཀྱང(Education)ཞེས་པ་བརྒྱུད་སྤྲོད་ཙམ་གཅིག་པུར་མི་གོ་བ་ནི་དུས་རབས་ཀྱི་

གོ་རྟོགས་ལྟ་བུར་གྱུར་ཡོད་པས་ན་སློབ་གསོ་ཞེས་པའི་ཐ་སྙད་སྤྱད་ན་གུ་དོག་པར་ འགྱུར་བ་དང་། དེ་ལས(Education) ཞེས་པར་ཤེས་ཡོན་ཞེས་བརྗོད་ན་ཐ་སྙད་དེའི་

བརྡ་རྟགས་ཀྱི་ནུས་པ་ཆུང་ནའང་རང་གཞུང་གིས་ཡོངས་ཁྱབ་ཏུ་ཤ ེས་ཡོན་སྲིད་ ཇུས་ལས་ཐ་སྙད་དེ་གཏན་འབེབ་བྱས་པ་ནས་དེའི་བརྡ་དོན་ནི། བོད་རང་གི་རིག་

གཞུང་ཁྲོད་དུ་རིན་ཐང་ཆེ་ལ། ཁྱབ་ཚད་ལྡན་པ། མིང་དོན་འབྱོར་བའི་བསླབ་པ་

ཞེས་པའི་ཐ་སྙད་དེའི་བརྡ་དོན་དང་གཅིག་གྱུར་ཆགས་ཟིན་མོད། བོད་རང་གི་ཐུན་ མོང་མ་ཡིན་པའི་བརྡ་དོན་གྱི་དབང་དུ་བྱས་ན(Education)ལ་བསླབ་པ་ཞེས་པའི་ཐ་

སྙད་སྦྱར་ན་འོས་ཤ ིང་འཚམ་པར་སྙམ་ལ་བདག་གིས་དཔྱད་ཞིབ་སྐབས་ཀྱང་ཤ ེས་

ཡོན་ལ་བསླབ་པ་གསུམ་གྱི་ཡོན་ཏན་ལྟེ་བར་བཟུང་སྟེ་འཚོལ་འཇུག་དང་དཔྱད་ ཞིབ་བྱ་བར་འདོད།


162 ཉམས་ཞིབ་དེབ་ཕྲེང་། ༡

དྲུག་པ། གནའ་དེང་ཕྱི་ནང་གི་རིག་པའི་གཞུང་ལུགས་དང་མཁས་པ་ དག་གིས་ལྟ་ཚུལ་སྣ་ཚོགས་དང་ཁྱད་ཟུར་འདྲ་མིན་ནས་ཤ ེས་ཡོན་ ངོས་འཛིན་བྱེད་ལུགས།

༡ བོད་ཀྱི་རིག་པའི་གཞུང་ལུགས་དང་མཁས་པ་རྣམས་ཀྱིས་ཤེས་ཡོན་ངོས་ འཛིན་བྱེད་ལུགས།

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་རིག་གི་སྲིད་བྱུས་ལས་དེང་རབས་ཤ ེས་ཡོན་

ངོས་འཛིན་བྱེད་ཚུལ་ནི། “དེང་རབས་ཀྱི་ཤེས་ཡོན་ནི། སྲོལ་རྒྱུན་གྱི་ཤ ེས་ཡོན་ ལྟར་ཆོས་ལུགས་སམ་གནའ་བོའ་ི རིག་གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་

པ་མ་ཡིན་པར། ཉེ་བའི་དུས་རབས་ནང་སྐྱེ་བོ་རང་བཞིན་པས་གཙོ་བོ་མངོན་ གྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང་། རིམ་ པས་གོང་འཕེལ་དང་དར་རྒྱས་སུ་ཕྱིན་པ་ཞིག་ཡིན། གཙོ་ཆེ་བའི་དབང་དུ་བྱས་

ན་ཚན་རིག་དང་དེ་ལས་བྱུང་བའི་འཕྲུལ་རིག རྩིས་རིག སྤྱི་ཚོགས་དང་དཔལ་ འབྱོར་རིག་པ། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། གཞན་ཡང་སྒྱུ་རྩལ་

ལ་ཚན་རིག་གི་མིང་གིས་བཏགས་པ་ཕལ་མོ་ཆེ་བཅས་པ་རྣམས་དེང་རབས་ཀྱི་ ཤེས་ཡོན་གྱི་རིག་གནས་ཡིན། མཐོང་ཐོས་ཙམ་ལ་བརྟེན་ནས་བྱུང་བའི་ཡུལ་གྱི་ གོ་རྟོགས་ལ་ཤ ེས་ཡོན་དུ་འདོད” ཞེས་བཀོད་ཡོད། 90

90

བཙན་བྱོ ལ ་བོ ད ་མི འི ་ གཞི ་ རི མ ་ཤེ ས ་རི ག ་གི ་ སྲི ད ་བྱུས་ལས་སྲོ ལ ་རྒྱུན་

<<བཙན་བྱོལ་བོད་མིའི་གཞི་རིམ་ཤ ེས་རིག་གི་སྲིད་བྱུས།>> ཤོག་ངོས༢༥། བོད་གཞུང་ཤ ེས་རིག་ལས་ ཁུངས་ཀྱིས་དཔར་སྐྲུན་བྱས་པ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 163

ཤེས་ཡོན་ངོས་འཛིན་བྱེད་ཚུལ་ནི། “བོད་ཀྱི་སྲོལ་རྒྱུན་ཞེས་པ་གནའ་རབས་ནས་ གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་མིན་པར། འབྱུང་ཁུངས་ ཡང་དག་ལས་བྱུང་བ་དང༌། བརྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་

དག་ལ་བརྟེན་པ་སྟེ་ཚད་མ་གསུམ་ལྡན་དང༌། དུས་དང་གནས་སྐབས་ཀྱི་འགྱུར་ འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་

རྒྱུན་ཅིག་ལ་གོ་དགོས། ཡང་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་ གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་པས། དེ་དག་

ནས་གསུངས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་ གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གཙོ་ཆེ་བ་དེ་ཡིན། བོད་ཀྱི་སྒྲ་དང་། ཚད་མ། བཟོ།

གསོ་བ་བཅས་རིག་གནས་བཞི་ཡན་ལག་དང་བཅས་པའང་སྲོལ་རྒྱུན་ཤ ེས་ཡོན་ ཡིན” ཞེས་བཀོད་ཡོད། 91

ཏུན་ཧོང་གནའ་ཡིག་ལས་གསལ་བའི་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

“ནུ་ན་རེ། མྱིའི་ཆོས་ནི་གང༌། མྱི་ཆོས་མ་ཡིན་པ་ནི་གང༌། ཕུ་ན་རེ། མྱིའི་

ཆོས་ནི། དྲང་ཞིང་སྲི་ཞུ་དང༌། དེས་ཤིང་མཉེན་པ་དང༌། སྙིང་རྗེ་འེ་ཞིང༌། དངན་ཆན་ མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ། འཛངས་ཡིད་ མྱུར་མྱེད་གྱང༌། འདི་རྣམས་ལུས་ལ་ཡོད་ན། ཀུན་གྱི་སྙིང་དུ་འོང་ཞིང་སྲིད་བརྟནད་

ནོ༑ མྱི་ཆོས་མ་ཡིན་པ་ནི་ཡོ་ཞིང་གཐུམ། ཡང་ཞིང་ཁྲིལ་དང་རྗེས་མྱེད། སྙིང་རྗེ་མྱི་

ཤེས་ཞིང་དངན་ཆན་ཆེ་བླ་ཁྱད་བྱེད་ཆིང་ལེ་ལོ་ཆེ་བ་ཡིན་ཏེ། འདི་རྣམས་ལུས་ལ་

91 <<བཙན་བྱོལ་བོད་མིའི་གཞི་རིམ་ཤ ེས་རིག་གི་སྲིད་བྱུས།>> ཤོག་ངོས༢༥། བོད་གཞུང་ཤ ེས་རིག་ལས་ ཁུངས་ཀྱིས་དཔར་སྐྲུན་བྱས་པ།


164 ཉམས་ཞིབ་དེབ་ཕྲེང་། ༡

ཡོད་དང༌། ཀུན་གྱི་ཡིད་དུ་མྱི་འོང་བ་ཡིནོ། (གོང་གི་ཡིག་རྙིང་འདི་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ ཀྱིས་གོ་བདེར་ཕབ་པ་གཤམ་གསལ།)

གཅུང་པོས་དྲིས་པ།—མིའི་ཆོས་ནི་གང་དང༌། མིའི་

ཆོས་མ་ཡིན་པ་ནི་གང་ལགས་སམ། གཅེན་པོས་ལན་དུ།—མིའི་ཆོས་ནི་དྲང་ཞིང་

སྲི་ཞུ་ཡོད་པ་དང༌། དེས་ཤིང་ཡིད་གཞུངས་པ་དང༌། སྙིང་རྗེ་ཆེ་ཞིང་བརྙས་བཅོས་ མི་བྱེད་པ། བྱས་རྗེས་བརྩི་ཞིང་ཁྲེལ་ཡོད་པ། སེམས་སྲབ་ཅིང་བརྩོན་འགྲུས་ཆེ་ བ་བཅས་ཡིན་ཏེ། མཛངས་མྱུར་ཤེས་རིག་མེད་ཀྱང༌། གོང་དུ་བརྗོད་པ་རྣམས་

ཡིད་ལ་ཡོད་ན། ཀུན་གྱི་ཡིད་དུ་འོང་ཞིང་ཁྱིམ་སྲིད་བརྟན་པ་ཡིན་ནོ། །མི་ཆོས་ མ་ཡིན་པ་ནི། རྒྱུད་མི་དྲང་ཞིང་གཏུམ་པ་དང༌། ཡིད་མི་བརྟན་ཞིང་ཁྲེལ་དང་རྗེས་

མེད་པ། སྙིང་རྗེ་མི་ཤ ེས་ཤ ིང་བརྙས་བཅོས་བྱ་རྒྱུར་དགའ་བ། ཁེངས་དྲགས་བྱེད་

ཅིང་ལེ་ལོ་ཆེ་བ་བཅས་ཡིན་ཏེ། འདི་རྣམས་སུ་ལ་ཡོད་ཀྱང་ཀུན་གྱི་ཡིད་དུ་མི་ འོང་བ་ཡིན་ནོ།།” ཞེས་བཀོད་ཡོད།

92

རྗེ་ཙོང་ཁ་པས་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

རྗེ་ཙོང་ཁ་པའི་ཞལ་ནས(བོད་བརྒྱུད་ནང་བསྟན་ལས་རི་བོ་དགེ་ལུགས་པའི་གྲུབ་མཐའི་

སྲོལ་འབྱེད་པ་ཡིན། ཕྱི་ལོ༡༣༥༧—༡༤༡༩) མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།།

ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱོར་བས་བཙུན། །ཀུན་ཀྱང་བསྟན་འགྲོའ་ི དོན་དུ་བསྔོ་

བས་བཟང༌། །ཞེས་གསུངས་སོ། །

92

ཏུན་ཧོང་གི་གནའ་ཡིག<<ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ>> ཞེས་པའི་རྩ་འགྲེལ། ཤོག་ངོས་

༢༥། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 165

བོད་མིའི་རླབས་ཆེན་གྱི་དབུ་ཁྲིད་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པས་ཤ ེས་ཡོན་ ངོས་འཛིན་བྱེད་ཚུལ།

(༡༩༣༥ལོར་མདོ་སྨད་སྐུ་འབུམ་དགོན་གྱི་ཉེ་འདབས་ལྟག་མཚེར་ཞེས་པ་ནས་སྐུ་འཁྲུངས་ཤིང་ཏཱ་ལའི་བླ་མ་སྐུ་

འཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན། ༡༩༥༠ ལོར་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་འགན་བཞེས། རྗེས་སུ་

རྒྱ་གར་དུ་བཙན་བྱོལ་ལ་ཕེབས། ཁོང་གི་སྐུ་ཚེ་སྨད་ནི་འཛམ་གླིང་འགྲོ་བ་ཐུན་མོང་གི་བགོ་སྐལ་ལྟ་བུར་གྱུར ་ཏེ་

འཛམ་གླིང་ཤ ར་ནུབ་ཀུན་ལ་ཆིབས་སྒྱུར་བསྐྱངས་ཤིང་སྐྱེ་བོ་མང་པོར་མི་ཚེ་དང་ཤེས་རབ། ཀུན་སྤྱོད་བཅས་ཀྱི་

ལམ་སྟོན་གནང་བ་དང་། དུས་རབས་འདིའི་མིའི་རིགས་ཀྱི་མི་ཆོས་ལམ་སྟོན་པ་གྲགས་ཆེ་ཤོས་ཤིག་ཏུ་གྱུར་ཏེ་

ནོར་པེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་རྒྱལ་ཁབ་དང་ཚོགས་པ་མང་པོས་མཚན་བསྟོད་གཟེངས་

རྟགས་མང་པོ་ཕུལ།)

༡) ཁོང་གིས་“ཡང་སྙིང་ཤ ར་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌།

ནུབ་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌། ནང་གི་ཡོན་ཏན་ཟེར་ནའང་རུང༌། གང་

ལྟར་ཡང་སྙིང་ཤེས་ཡོན་གྱི་རིགས་ཚང་མའི་རྩ་བའི་སྙིང་པོ་དེ་མི་ལ་བདེ་སྐྱིད་ ཅིག་ཡོང་བའི་དོན་དུ་ཕལ་ཆེར་རེད། བྱས་ཙང༌། དེང་སང་འཛམ་གླིང་འདིའི་སྒང་

ལ་ཤ ེས་ཡོན་རིགས་མང་པོ་ཞེ་དྲག་ཡོད” ཅེས་དང༌། ༢) “དེ་ནས་ནམ་རྒྱུན་ངས་ 93

བཤད་སྡོད་ཡོད་པའི་མདོ་དོན་སྙིང་པོ་མི་ཟེར་བ་དེ་སེམས་ཅན་གཞན་ལས་ཁྱད་ པར་འབྱེད་བྱེད་གཙོ་བོ་དེ་མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཡོད་པ་རེད། རང་བཞིན་

ལྷན་སྐྱེས་ཀྱི་མིའི་རྣམ་དཔྱོད་དེ་ནུས་པ་ཐོན་པ་ཞིག་ཡོང་བར་ཤ ེས་ཡོན་དགོས་ཀྱི་ ཡོད་པ་རེད། ཤེས་ཡོན་དེ་ཡང་ཕན་པའི་རང་བཞིན་ཅན་ཞིག་ལས་གནོད་པའི་རང་

བཞིན་ཅན་ཞིག་ལ་མི་འགྲོ་བར་བཙུན་པའི་ཡོན་ཏན་དགོས་ཀྱི་ཡོད་པ་རེད། བཙུན་ པའི་ཡོན་ཏན་མཐར་སོན་པ་ཞིག་ཡོང་བར་བཟང་པོའ་ི ཡོན་ཏན་དགོས་ཀྱི་ཡོད་པ་

93

<<ཤེས་ཡོན་ལམ་སྟོན།>> འགྲེམས་སྤེལ་བྱས།

ཤོག་ངོས༢༠ནས༢༡།

བཙན་བྱོལ་བོད་གཞུང་ཤ ེས་རིག་ལས་ཁུངས་ཀྱིས་


166 ཉམས་ཞིབ་དེབ་ཕྲེང་། ༡

སྟེ། སྔོན་ཆད་ང་ཚོས་ནམ་རྒྱུན་མཁས་བཙུན་བཟང་གསུམ་འཛོམས་པ་ཞེས་བླ་

སྤྲུལ་སྐྱེས་ཆེན་དམ་པ་དེ་ཚོར་བསྟོད་པ་འབུལ་བཞིན་ཡོད། ད་ཆ་ང་ཚོ་བོད་མི་ སྤྱི་ཡོངས་འདི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་དགོས་ཀྱི་མི་འདུག་ གམ” ཞེས་གསུངས་ཡོད། 94

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

(༡༩༢༧—༡༩༩༧ ཁོང་ནི་གོངས་ལོ་བདུན་བཅུར་བཞུགས་ཤིང་། ཁོང་དང་མཁས་དབང་དམུ་དགེ་བསམ་གཏན་

དང་ཨ་ལགས་ཚེ་ཏན་ཞབས་དྲུང་བཅས་གསུམ་ལ་དེང་བོད་ཀྱི་མཁས་པ་མི་གསུམ་ཟེར་ཞིང་། གནའ་དེང་བོད་ཀྱི་

རིག་གནས་བར་གྱི་རྒྱུན་མཐུད་པ་གཙོ་གྲས་ཤིག་དང་། ཕུལ་དུ་བྱུང་བའི་མཁས་པ། ཤེས་ཡོན་སྨྲ་བ་བཅས་ཡིན་

ཞིང་། ཁོང་གིས་སྔ་གཞུག་ཏུ་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་སུ་དགེ་

རྒན་ཆེན་མོའ་ི ཕྱག་ལས་གནང་།)

སློབ་གསོ(ཤེས་ཡོན) ནི། དམིགས་ཡུལ་ངེས་ཅན་ཞིག་གི་

དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀུན་སྤྱོད་དང་། ཤེས་ རིག གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་

འགུལ་སྐྱོད་ཅིག་དང་། སྤྱི་ཚོགས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར་

ལམ་ལུགས་ཀྱིས་ཁ་ལོ་སྒྱུར་གྱི་ཡོད་པ་མ་ཟད། སྤྱི་ཚོགས་དེའི་ཐོན་སྐྱེད་ནུས་ ཤུགས་དང་། ཐོན་སྐྱེད་འབྲེལ་བའི་རྣམ་པ་མཚོན་པ་དང་། སླར་ཡང་ཐོན་སྐྱེད་ ནུས་ཤུགས་དང་། ཐོན་སྐྱེད་གོང་དུ་འཕེལ་བར་སྐུལ་འདེད་བྱེད་ཀྱི་ཡོད་པ། རིག་

གནས་དང་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཡོད་པའི་མི་ནི་སྤྱི་ཚོགས་ཀྱི་དཔལ་ འབྱོར་དང་། ཆབ་སྲིད་རིག་གནས་བཅས་ཀྱི་འཚོ་བའི་ནང་གི་གཙོ་ཤུགས་ཡིན་པ།

དེ་འདྲའི་ནུས་པ་དང་འཇོན་ཐང་ཡོད་པའི་མི་ནི་གོ་རིམ་ཡོད་པའི་སློབ་གསོ་ཐོབ་པ་

94

<<ཤེས་ཡོན་ལམ་སྟོན>> ཤོག་ངོས༥༣༤། བཙན་བྱོལ་བོད་གཞུང་ཤ ེས་རིག་ལས་ཁུངས་ཀྱིས་འགྲེམས་ སྤེལ་བྱས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 167

བརྒྱུད་ནས་ཡོང་དགོས་པ་བཅས་ཡིན།” ཞེས་གསུངས་ཡོད། 95

མཁས་དབང་ཟམ་གདོང་རིན་པོ་ཆེས་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

(༡༩༣༩ལོར་ཁམས་འཇོལ་ནག་བྲུག་ཏུ་སྐུ་འཁྲུངས་ཤིང་ཟམ་གདོང་སྐུ་སྐྱེས་སུ་ངོས་འཛིན་བྱས། ཕྱིས་སུ་རྒྱ་གར་དུ་

ཕེབས་ཏེ་ཝཱ་ཎཱ་དབུས་ཆེས་མཐོའ་ི གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་ གཙོ་དང་། མི་མང་འོས་བསྡུའི་ལམ་ནས་སྐབས་༡༢ པའི་བཀའ་བློན་ཁྲི་པའི་འོས་ཐོབ་སྟེ་དུས་ཡུན་གཉིས་རིང་ བཀའ་བློན་ཁྲི་པ་བྱས། ཁོང་བཀའ་བློན་ཁྲི་པ་བྱས་པའི་རིང་ལ་བཙན་བྱོལ་བོད་ཀྱི་གཞི་རིམ་ཤེས་ཡོན་སྲིད་ཇུས་

གཏན་འབེབས་བྱས།) ༡)

“ཤེས་ཡོན་སློབ་སྟོན་གྱི་དགོས་པ་དང་དམིགས་ཡུལ་ནི། མིའི་

འགྲོ་བར་བླངས་དོར་གྱི་གནས་ལ་མ་རྨོངས་པའི་རྣམ་འབྱེད་ཀྱི་ཤ ེས་རབ་སྐྱེད་པར་

བྱེད་རྒྱུ་དེ་རང་ཡིན། ཤེས་ཡོན་ཞེས་པ་ཚོགས་དྲུག་གི་ཡུལ་ཤ ེས་པ་ཙམ་མིན་གྱི་

བླང་དོར་གྱི་གནས་ལ་རྨོངས་ན་གང་ཤེས་ལག་ལེན་བསྟར་སྐབས་ཚུལ་མཐུན་མི་ ཡོང” ཞེས་དང་། 96

༢) “ཤེས་ཡོན་སློབ་སྦྱོང་ནི་རྣམ་འབྱེད་ཀྱི་ཤེས་རབ་སྤེལ་བའི་ཐབས་ལམ་

ཡིན་ཞིང༌། བླང་དང་དོར་བྱའི་དངོས་པོའ་ི གནས་ལུགས་ཇི་ལྟ་བ་བཞིན་དུ་རྣམ་ འབྱེད་ཀྱི་ཤ ེས་རབ་ཀྱིས་གཏན་ལ་དབབ་པའི་སྒོ་ནས་སྤྱི་ཚོགས་དང༌། སྲིད་དོན་

གྱི་ལམ་སྲོལ་ལ་ཡང་དག་པའི་བཅོས་བསྒྱུར་བཏང་དགོས་པ་ཡིན། དེ་ལྟ་བས་ན་ རང་རིགས་བོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་ངོ་བོ་ནི། སྐྱེས་བུ་གང་དག་ཅོལ་ཆུང་

ཆུ་སྣ་གར་འཁྲིད་མ་ཡིན་པར་བླང་དོར་གྱི་གནས་ལ་རིགས་པ་བཞིན་རང་སྟོབས་

95

96

<<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཤོག་ངོས༢༠༨། དུང་དཀར་བློ་བཟང་ འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་ཞིབ་འཇུག་ཁང་།

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཤོག་ངོས༩། ཝཱ་ཎཱ་དབུས་བོད་ ཀྱི་ཆེས་མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་ཐུན་མོང་ནས་དཔར་སྐྲུན་ཞུས།


168 ཉམས་ཞིབ་དེབ་ཕྲེང་། ༡

ཀྱིས་དཔྱད་དེ་གཏན་ལ་འབེབས་པའི་ཤེས་རབ་ཀྱི་ནུས་པ་བསྐྲུན་ནུས་ཀྱི་ཐབས་

ལམ་ཞིག་ལ་འཇོག་དགོས་པ་ཡིན།” ཡང་ཁོང་གིས“མ་འོངས་བོད་ཀྱི་ཤ ེས་ཡོན་ 97

སྲིད་བྱུས་ཀྱི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་རྣམས་ཀྱི་བསམ་བློ་གོང་འཕེལ་

དུ་བཏང་སྟེ་གང་ཟག་རང་ཉིད་ཀྱིས་རང་གི་ངོ་བོ་ངོ་མ་བསྐྱར་གསོ་དང༌། གང་ཟག་

སོ་སོའ་ི གཞི་རྩའི་ནུས་མཐུ་དེ་བཟང་པོའ་ི རང་བཞིན་གྱི་རྒྱུར་འགྲོ་བ་དང༌། རྣམ་

འབྱེད་ཀྱི་ཤ ེས་རབ་རྒྱས་སུ་འཇུག་རྒྱུ་དེ་ཡིན། འདི་ལ་མེ་ཏོག་རང་བཞད་ཅེས་ཐ་ སྙད་སྦྱར་རྒྱུ་ཡིན། ཤེས་ཡོན་གྱི་དམིགས་ཡུལ་ནི་འཚོ་ཐབས་བཙལ་རྒྱུའམ་ཁེ་ ཡོད་ལས་ཀ་འཐོབ་པར་བྱ་རྒྱུ་ཙམ་མ་ཡིན་པར་དེ་ལས་ཆེས་ལྷག་པ་ཞིག་དགོས”

98

ཞེས་གསུངས་པའོ། །

༢ རྒྱ་གར་གྱི་གནའ་དེང་བསམ་བློ་བ་ཚོས་ཤེས་ཡོན་ངོས་འཛིན་བྱེད་ ལུགས།

གནའ་རབས་རྒྱ་གར་ཀྱི་གཞུང་ལུགས་དག་ཏུ་ཤེས་ཡོན་ངོས་འཛིན་བྱེད་ལུགས།

གནའ་བོའ་ི རྒྱ་གར་གྱི་རིག་བྱེད་སྨྲ་བའི་གཞུང་ཆེན་མོ་ཝེ་དཱས(Vedas)དང༌། ཨུཔ་ ནི་ཤ དྷས

(Upannishadas)

ཡི་ནང་དུ་ཤེས་ཡོན་ནི“མི་རང་སྐྱ་འཕེར་བ་ཞིག་དང་ངར་

འཛིན་གྱི་བསམ་བློ་དྲུངས་འབྱིན་བགྱིད་པར་བྱེད་པ་ཞིག་རེད། ད་དུང་ཤ ེས་ཡོན་ 97 98

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཤོག་ངོས༡༥། ཝཱ་ཎཱ་དབུས་བོད་ ཀྱི་ཆེས་མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་ཐུན་མོང་ནས་དཔར་བསྐྲུན་ཞུས།

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཤོག་ངོས་༢༦༥། འབྱུང་འགྱུར་

བོད་ཀྱི་སྐོར་བསམ་པའི་འཆར་སྣང༌། ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་ཐུན་ མོང་ནས་དཔར་བསྐྲུན་ཞུས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 169

གྱི་མཐར་ཐུག་གི་གྲུབ་འབྲས་ཐར་པ་དམ་པ་ཡིན་པར་ངོས་འཛིན་བྱས་ཡོད།” སྙན་ གྲགས་ཆེ་བའི་བརྡ་སྤྲོད་མཁས་དབང་པཱ་ནི་ནི(Panini-4th or 7th century, BC) ལ་མཚོན་ ན༑ “འགྲོ་བ་མིའི་ཤ ེས་ཡོན་རིག་པ་ཟེར་བ་ནི་རང་བྱུང་ཁམས་ནས་ཐོབ་པའི་སྦྱོང་ བརྡར་གྱི་རིགས་ལ་གོ”ཞེས་གསུངས་ཡོད་ལ།

རྒྱ་གར་གནའ་རབས་ཀྱི་མཁས་པ་སློབ་དཔོན་དབྱིག་གཉེན་གྱིས་ཤ ེས་ཡོན་ངོས་ འཛིན་བྱེད་ལུགས།

རྣམ་པར་བཤད་པའི་རིགས་པར། “དེ་ལ་བསླབ་པ་ནི་གང་ཡིན། བསླབ་

པའི་གཞི་ནི་གང་ཡིན་ཞེ་ན། ཡང་དག་པར་བླང་བ་དང༌། རྗེས་སུ་ཞུགས་པ་དང༌། རྗེས་སུ་བསྲུང་བ་དང༌། སོར་ཞུགས་པ་རྣམས་ནི་བསླབ་པ་ཡིན་ནོ། །བྱ་བ་མ་ཡིན་

པ་དང༌། བྱ་བ་ཡང་དག་པར་བླང་བར་བྱ་བ་དང༌། རྗེས་སུ་བསྲུང་བར་བྱ་བ་དང༌། སོར་གཞུག་པར་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །གཞན་ཡང་སྤང་བ་དང༌།

བླང་བ་དང༌། སོ་སོར་བཤགས་པ་དང༌། ཉིན་དང་མཚན་དུ་སློབ་པ་ནི་བསླབ་པ་ ཡིན”ཞེས་བསྟན་ཡོད།

རྒྱ་གར་དེང་རབས་མཁས་པ་དག་གིས་ཤེས་ཡོན་ངོས་འཛིན་བྱེད་ཚུལ།

༡) ཊེགྷོར་ལགས་གྱིས།(Rabindranath Tagore 1861-1941 Indian poet-Philosopher,Pro-free“ཤེས་ཡོན་ནི་མཐར་ཐུག་གི་བདེན་པ་བཙལ་ཐུབ་པ་དང༌། ཟང་ཟིང་གི་

dom) —

ཕྱིའི་དངོས་པོ་ལས་འདས་ཏེ་ནང་བསམ་བློའ ི་ཡར་རྒྱས་དང༌། དྲག་ཤུགས་ལས་ འདས་ཏེ་ཕན་ཚུན་མཛའ་བརྩེས་སྐྱོང་བ་དང་ཕྱི་ལའང་དེ་ལྟར་བརྡ་སྟོན་ནུས་


170 ཉམས་ཞིབ་དེབ་ཕྲེང་། ༡

པ་ནི་ཤེས་ཡོན་ཡིན”ཞེས་དང༌། འགྲེལ་ཚིག་གཞན་དུ་ཊགྷོར་ལ(Tagore) མཚོན་ན་ཁོང་གིས“ཤེས་ཡོན་ནི་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ ཡོང་བར་བྱེད་པ་ལ་བྱ་ཞེས་གསུངས”ཞེས་དང་།

༢) སོ་ཝ་མི་ཝི་ཝེ་ཀཱ་ནཱན་དྷ་ལགས་ཀྱིས། (Swami ings of Vedanta, Writer) —

Vivekananda 1863-1902 teach-

“ང་ཚོ་ལ་ཤེས་ཡོན་དགོས་པ་ནི་གཙོ་བོ་ཤ ེས་ཡོན་

བརྒྱུད་དེ་ང་ཚོར་སྤྱོད་ལམ་ཡག་པོ་ཞིག་བཟོ་ཐུབ་པ་དང༌། མིའི་བསམ་བློའ ི་ ནུས་པ་འཕེལ་རྒྱས་སུ་གཏོང་ཐུབ་པ། གཞན་ཡང་མིའི་རིག་སྟོབས་འཕེལ་ རྒྱས་སུ་ཕྱིན་ཏེ་མཐར་སོ་སོའ ི་རྐང་པའི་སྟེང་ལང་ཐུབ་པ་ཞིག་ཡོང་བ་ཡིན”

༣) བདག་ཉིད་ཆེན་མོ་གན་དྷི་ལགས་ཀྱིས།

(Mahatma Gandhi1869-1948 non-vio-

lent activist, and leader of independence morement, political engineer ) —

“གཞོན་ནུ་

དག་གི་སྙིང་སྟོབས་དང༌། ནུས་པ། དགེ་བའི་བསམ་པ། གཞན་གྱི་གནོད་ འཚེ་བྱས་པར་ཞེ་འཛིན་མེད་པ། རླབས་ཆེའི་དམིགས་ཡུལ་སྒྲུབ་པའི་སླད་

དུ་ཁུར་བརྩོན་བྱེད་པ་བཅས་ཀྱི་ཡོན་ཏན་རྒྱས་ཐབས་བྱེད་པ་དེ་ནི། འབྲི་ ཀློག་དང་གཙུག་ལག་གི་རིག་གཞུང་སློབ་པ་ལས་རྒྱ་ཆེའི་དམིགས་ཡུལ་ སྒྲུབ་པའི་ཐབས་ལམ་ལྷག་པར་གལ་ཆེ་བ་ཞིག་ཡིན” ཞེས་དང་། 99

༤) སློབ་དཔོན་ཨོ་རོ་བྷིན་དོ་ལགས་ཀྱིས། —

(Aurobindo 1872-1950 Educator)

“འགྲོ་བ་མིའི་རང་གཤིས་སུ་མངའ་བའི་བླ་སྲོག་དམ་པ་གོང་ནས་གོང་དུ་

འདེགས་པར་བྱེད་པ་ནི་ཤེས་ཡོན་ངོ་མ་ཞིག་ཡིན་ཞེས་གསུངས་ཡོད”ཅེས་ གསུངས་ཡོད་པ་དང་། ཡང་ཁོང་གིས་“ངས་ཡི་གེ་སློབ་སྦྱོང་དེར་ང་ཚོས་

99

སྐུ་བརྙན་བཞིན་མཆོད་པ་བྱེད་རྒྱུ་ཡོད་པ་མ་རེད་ཅེས་དེ་ཙམ་ཞུས་པ་ཡིན།

<<བདག་ཉིད་ཆེན་པོ་གན་དྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས་བཞུགས་སོ།།>> ཤོག་ངོས༡༨༧། ལྷ་ ལུང་བློ་བཟང་ཕུན་ཚོགས་ཀྱིས་བསྒྱུར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 171

དེ་ང་ཚོའི་འདོད་འཇོའ་ི བ་མོ་མ་རེད། དེ་རང་སར་མཛེས་པར་བྱེད་ཐུབ།

ནམ་ཞིག་ང་དང་ཁྱེད་རང་གིས་རང་ཉིད་ཀྱི་དབང་པོ་རྣམས་དབང་འོག་ཏུ་

ཚུད་པར་བྱས་པ་དང༌། དེ་བཞིན་བཟང་སྤྱོད་ཀྱི་གཞི་རྟེན་བརྟན་པོར་བཟོས་ ཟིན་ན། དེ་ནས་གལ་ཏེ་ང་ཚོར་ཡི་གེའི་སློབ་སྦྱོང་བསླབ་འདུན་ཡོད་ན་དེ་ ཉིད་ཐོབ་པར་བྱས་ཏེ་ང་ཚོས་བེད་སྤྱོད་བཟང་པོ་ཐུབ་པ་ཡིན། སློབ་སྦྱོང་དེ་

རྒྱན་ཆའི་ངོ་བོར་ལེགས་པར་ཚོར་ཐུབ་པ་ཡིན” ཞེས་གསུངས་ཡོད་པ་ 100

དང་།

(ཨིན་ཇིའི་མཁས་པ

(Huxley,Aldous 1894-1963 British writer)

—ཞིག་ནས་ཤེས་ཡོན་སྐོར་ལ་འདི་

ལྟར་བཤད་ཡོད། མི་གང་ཞིག་གིས་རང་གི་ལུང་པ་དེ་རང་གི་འོག་ཏུ་གནས་པའི་གོམས་གཤིས་འཇགས་པ་

དང༌། གང་གི་ལུས་དེས་བདེ་བ་དང་ལས་སླ་པོའ་ི སྒོ་ནས་བཅོལ་བའི་ལས་རྣམས་བྱེད་པའི་མི་དེར་ཤེས་ཡོན་

ངོ་མ་དེ་ཐོབ་ཡོད་པ་རེད། གང་གི་བློ་ནི་གཙང་མ་དང༌། ཞི་བ། རིགས་པས་ལྟ་བ་དེས་ཤེས་ཡོན་ངོ་མ་ཐོབ་

ཡོད། གང་ཞིག་གི་སེམས་དེ་རང་བྱུང་ཁྲིམས་ཀྱིས་ཁེངས་པ་དང༌། དབང་པོའ ི་སྒོ་རྣམས་བསྡམས་པ། བསམ་

བློ་རྣམ་པར་དག་པ། དམན་པའི་ལས་ལ་དགའ་བ། ལས་ཀ་ཉེས་པ་ལ་ཞེན་པ་གཏིང་ནས་ལོག་པ། གཞན་ལ་

རང་ལྟར་བརྩི་འཇོག་བྱེད་མཁན་དེས་ཤེས་ཡོན་ངོ་མ་ཐོབ་པ་ཡིན། མི་དེ་ཚོ་ཤེས་ཡོན་ཅན་ངོ་མར་བརྩི་རྒྱུ་རེད།

གང་ཡིན་ཟེར་ན་མི་དེ་ཚོས་རང་བྱུང་ཁམས་དང་བསྟུན་ཏེ་འགྲོ་གི་ཡོད། རང་བྱུང་ཁམས་ཀྱིས་བེད་སྤྱོད་ཡག་

པོ་བྱེད་ཀྱི་རེད། དེ་བཞིན་ཁོས་ཀྱང་རང་བྱུང་ཁམས་ལ་བེད་སྤྱོད་ཡག་པོ་བྱེད་ཀྱི་རེད།” ཅེས་པ་གྷན་དྷིས་ལུང་

འདྲེན་བྱས་ཡོད། 101)

༥) མཁས་དབང་ར་དྷ་ཀི་རི་ཤི་ནཱན་ལགས་ཀྱིས།(S. Radhakrishnan 1888-1975 Educator) —

“ཤེས་ཡོན་ནི་གནས་ཚུལ་དང་ལག་རྩལ་བརྒྱུད་སྤྲོད་བྱ་རྒྱུ་

ཙམ་མི ན ་པར། ཤེ ས ་ཡོ ན ་གྱི ས ་སྐྱེ ་ བོ ར ་རི ན ་ཐང་གཞལ་དུ་ཡོ ད ་པའི ་

100

101

ཉམས་མྱོང་ཞིག་སྤྲོད་དགོས”ཞེས་དང་།

<<རྒྱ་གར་རང་སྲིད་རང་སྐྱོང༌།>> ཤོག་ངོས་༡༤༨། སེམས་དཔའ་ཆེན་པོ་གན་དྷིས་བརྩམས། རྒྱ་གར། ཨ་

མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང༌།

<<རྒྱ་གར་རང་སྲིད་རང་སྐྱོང།>> ཤོག་ངོས་༡༤༦། རྒྱ་གར་གྱི་སེམས་དཔའ་ཆེན་པོ་གན་དྷིས་བརྩམས། རྒྱ་

གར། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང༌།


172 ཉམས་ཞིབ་དེབ་ཕྲེང་། ༡

༦) ཇི་དུ་ཀི་རི་ཤི་ན་མུར་ཏི་ལགས་ཀྱིས། nowned spiritual teacher) —

(J. Krishnamurti1895-1986 world-re-

“ང་ཚོས་བར་སྐབས་ཤིག་ནས་འགོ་བརྩམས་ཐུབ་

ཚེ༑ མིའི་བསམ་བློའ ི་ཕུགས་སུ་རིག་གསར་འཕྲུལ་རིག་གི་ཤེས་བྱའི་ཡར་

རྒྱས་ཙམ་མིན་པར། ང་ཚོས་དེ་ལས་ཀྱང་ཚད་མཐོ་བ་དང༌། གཏིང་ཟབ་ པའི་མིའི་བསམ་བློའ་ི རང་བཞིན་ཞིག་འཚོལ་སྙེག་བྱ་རྒྱུ་ལོས་ཡོད། ངས་ ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ཁྱེད་ཀྱིས་སློབ་མ་རྣམས་ལ་

རིག་གསར་འཕྲུལ་རིག་གི་ཤེས་ཡོན་ལ་མཁས་པར་བྱ་རྒྱུ་དང༌། ཕྱོགས་

གཞན་དེ ་ དོ ར ་རྩི ས ་བྱེ ད ་ཚེ ། གང་ཟག་དེ ་ གང་འདྲ་ཞི ག ་ཏུ་འགྱུར་ཉེ ན ་ ཡོད” ཞེས་དང། 102

༧) ཌོག་ཊར་རཱ་ཝིན་ཌ་རཱ་ཀུ་མཱར་ལགས་ཀྱིས།

“འུ་

(Dr.Ravindra Kumar 1959) —

ཅག་གི་རྒྱལ་ཁབ(རྒྱ་གར) ནང་ཆེས་གདོད་མའི་དུས་ནས་ཤེས་ཡོན་ནི(Vidya Vimuk taye)

ཞེས་པར་ངོས་འཛིན་བྱེད་པར་བརྗོད་ལ། དེའི་དོན་ནི་ཤེས་ཡོན་

གྱི་དམིགས་བྱའམ་ཡུལ་ནི་ལས་རིགས་ཀུན་གྱི་ནང་གང་ཞིག་རང་ཁ་རང་ གསོ་ཡོང་བ་བྱ་རྒྱུ་དེའ།ོ །དེའི་བསྟན་བྱའི་ནང་དུ་འདི་འདྲའི་དོན་སྙིང་མཆིས། འབྲི་ཀློག་ཁོ་ནའི་ཤེས་ཚད་ཙམ་ལྡན་པ་ལས་ཤེས་ཡོན་གྱི་གྲུབ་འབྲས་གང་ ཡང་ཐོབ་མེད། དོན་དངོས་ལ་གཞིག་ན་ཤེས་ཡོན་ཐོབ་པའི་གོ་དོན་ནི་རྣམ་

དཔྱོད་ཀྱི་རྩ་ལག་རྒྱས་པར་གྱུར་པའམ་ཉིན་རེ་ཉིན་རེའི་འཚོ་བའི་དཀའ་ངལ་

སྣ་ཚོགས་མེད་པར་བཟོས་ཏེ། འདྲ་མཉམ་གྱི་གོ་སྐབས་གཞི་རྩར་བཟུང་

ནས་སྤྲོ་ཞིང་བག་ཕེབས་པའི་གཤིས་སྤྱོད་འཕེལ་རྒྱས་ཚད་ལྡན་ཞིག་བསྐྲུན་ ཐུབ་བྱ་རྒྱུ་དེ་ཡིན” ཞེས་པ་སོགས་ཀྱི་ལྟ་ཚུལ་བཏོན་ཡོད། 103

102 <<On Education>> “On Right Education” page 73-81 Krishnamurti Foundation India1998 103

<<ཤེས་ཡོན།>> ཤེས་ཡོན་དང་གན་དྷིའི་དགོངས་དོན། ཤོག་ངོས༣༥༤། (Dr.Ravindra kumar) ཌོག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 173

༣ རྒྱ་ནག་དང་འཇར་པན་གྱི་མཁས་པ་དག་གིས་ཤེས་ཡོན་ངོས་འཛིན་བྱེད་ ལུགས།

༡) འཇར་པན་གྱི་མཁས་པ་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས“ཐོག་མར་ཤེས་ རི ག ་ཅེ ས ་པ་ནི ་ མཐར་གཏུགས་ན་ཇི ་ འདྲ་ཞི ག ་ཡི ན ་པ་གསལ་རྟོ ག ས་ དགོས་ལ། འདིའི་ཐད་བཤད་ཚུལ་སྣ་ཚོགས་ཀྱི་རྩོད་གླེང་སྔོན་བྱོན་དམ་པ་

དག་གི་ཁྲོད་མང་ཙམ་བྱུང་མྱོང་བ་དང༌། དེ་ལྟར་བྱུང་བའི་རྒྱུ་མཚན་ཡང་ མདོར་ན་ཤེས་རིག་གི་དོན་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ ཀྱི་གོ་བ་ཡོད་པས་རེད། ཐོག་མར་ཤེས་རིག་གི་གོ་དོན་སྒྲ་དོག་འཇུག་གི་

དབང་དུ་བཏང་ནས་བཤད་ན། མིའི་ཤུགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་

དགོས་མཁོའ་ི དངོས་ཆས་ཇེ་མང་ངམ་ཟས་གོས་གནས་མལ་གྱི་ཕྱིའི་རྣམ་

པ་ཇེ་མཛེས་སུ་གཏོང་བ་ཙམ་ལ་ཟེར། གལ་ཏེ་སྒྲ་ཡངས་འཇུག་གི་དབང་

དུ་བྱས་ན། ཟས་གོས་གནས་མལ་གྱི་ལོངས་སྤྱོད་ལ་རོལ་བ་ཙམ་གྱིས་མི་

ཆོག་པར་མ་ཟད། ལུས་སེམས་ཀྱི་ཤིན་སྦྱངས་ལ་འབད་དེ་འགྲོ་བ་མི་བླ་ན་ འཕགས་པའི་གནས་ཤིག་ཏུ་ཕྱོགས་པར་བྱེད་པ་ཞིག་གོ” ཞེས་དང་། 104

༢) རྒྱ་ནག་གི་ཏོའུ་ལུགས་ཀྱི་སྲོལ་འབྱེད་པ་ལོའུ་ཙི་ལགས་ཀྱིས།(Lowtsiནི་ཀྲན་ ཀོའ ི་དུས་མཇུག) —གསུང་དུམ་འདི་ནི་ལོའུ་ཙིའི<སྤྱོད་ལམ་གྱི་མདོ>ལས་དྲངས།

“གཞན་

ཊར་རཱ་ཝིན་ཌ་རཱ་ཀུ་མཱར་གྱིས་བརྩམས། བུདྡྷ་སྐྱབས་ཀྱིས་བསྒྱུར། ས་རཱ་བོད་ཀྱི་སློབ་རིམ་སློབ་གཉེར་ཁང་གི་ 104

སྐབས་བཞི་པའི་འབྲིང་རིམ་དགེ་འོས་སློབ་མ་ཐུན་མོང་གིས་འགྲེམས་སྤེལ་བྱས།

<<ཤེས་རིག་སྨྲ་བའི་བསྡུས་དོན།>> ཤོག་ངོས༤༨། འཇར་པན་གྱི་བསམ་བློ་བ་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་

ཆིས། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


174 ཉམས་ཞིབ་དེབ་ཕྲེང་། ༡

ལ་བསམ་གཞིགས་བྱས་ན་རྟོགས་ལྡན་དང༌། རང་ཉིད་རང་ལས་རྒྱལ་ན་ ཤེས་ལྡན་ཡིན། རང་ཉིད་གཞན་ལས་རྒྱལ་ན་སྟོབས་ལྡན་དང༌། རང་ཉིད་

རང་ལས་རྒྱལ་ན་ནུས་ལྡན་ཟེར། འདོད་སྲེད་ཚོད་འཛིན་ཐུབ་ན་འབྱོར་ལྡན་ དང༌། བརྩོན་འགྲུས་རྟག་ཏུ་བསྐྱེད་ན་དམ་པ་ཡིན། རྨང་རྩ་བོར་བརླག་མེད་ ན་རྟག་བརྟན་དང༌། ཤི་ཡང་དམ་ཚིག་སྲུང་ལ་ཚེ་ལྡན་ཟེར”ཞེས་དང།

༣) རྒྱ་ནག་གི ་ ཏོ འུ ་ལུགས་ཀྱི ་ སྲོ ལ ་འཛི ན ་པ་ཀྲོ ང ་ཙི ་ ལགས་ཀྱི ས ། (Tangtsi 369~286B.c.c.) —

<ཀྲོང་ཙི་ཞེས་པའི་དེབ་ལས་དྲངས>ཁོང་ནི་ཏོའུ་ལུགས་ཀྱི་གྲུབ་མཐའི་

སྲོལ་འཛིན་པ་ཡིན།)“ཤིང་སྡོང་གཏུབ་ནས་རོལ་ཆ་བཟོ་བ།

ཤིང་བཟོ་ཡི་ཉེས་

སྐྱོན་དང༌། ལྷན་སྐྱེས་ཀྱི་སྤྱོད་ལམ་དོར་ནས་བྱམས་བརྩེ་དང་དྲང་བདེན་ བསྐྱངས་པ། འཕགས་པ་རྣམས་ཀྱི་ཉེས་དམིགས་ཡིན།”ཞེས་གསུངས།

༤) རྒྱ་ནག་རོའུ་ལུགས་ཀྱི ་ སྲོལ་འབྱེ ད ་པ་ཁུང་ཙི ་ ལགས་ཀྱི ས ། (Kuntsi 551~479B.c.c.) —

“ཁུང་ཙི་ལ་བསླབ་པར་བྱ་བ་བཞི་སྟེ། རིག་གནས། ཉམས་

ལེན། གཞུང་དྲང༌། ཡིད་བརྟན་བཅས་སོ། །” ཞེས་དང༌། “ད་གཡུགས་ཞོག

ངས་མཛེས་མ་ལ་དགའ་བ་ཇི་བཞིན། མཛེས་སྤྱོད་ལ་དགའ་མཁན་ཞིག་

གཏན་ནས་མཐོང་མྱོང་མེད”ཞེས་དང༌། ཡང་ཁོང་གིས“ཀུན་སྤྱོད་ལ་མཐོར་ འདེགས་དང་ཤེས་ཡོན་ལ་རྟོག་དཔྱོད། ཐོས་རྒྱ་ལ་ཆེར་བསྐྱེད། རང་སྐྱོན་ལ་ དག་སེལ་མི་བྱེད་པ་ཐམས་ཅད། ངས་སེམས་ཁྲེལ་བྱ་ས་ཡིན” ཞེས་དང་། 105

༥) རྒྱ་ནག་རོ འུ ་ལུགས་ཀྱི ་ སྲོ ལ ་འཛི ན ་པ་མུན་ཙི ས ། (Muntsi372~289B.c.c.) —

<མུན་ཙི> ཞེས་པའི་དེབ་ལས་དྲངས། ཁོང་ནི་རྒྱ་ནག་གི་རོའུ་ལུགས་ཀྱི་གྲུབ་མཐའི་

སྲོལ་འཛིན་པ་ཡིན།

105

“སྐྱེས་མཆོག་དམ་པ་ཞེས་པ་ནི། བྱིས་ཆུང་གི་སེམས་

པ་ལྟ་བུའི ་ དྭངས་གཙང་སླད་མེ ད ་ཀྱི ་ སེ མ ས་ཁམས་ལྡན་པ་གང་དེ ་ ལ་

<<ཁུང་ཙིའི་གསུང་སྒྲོས།>> ཤོག་ངོས་༦༢། པདྨ་རྣམ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང༌།


བྱའོ”ཞེས་དང་།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 175

༦) དེང་དུས་རྒྱ་ནག་གི་ཤེས་ཡོན་སྨྲ་བ་དང་སྤྱི་ཚོགས་མཚན་ཉིད་རིག་པ་

བ་ཨན་ཡཱང་ཁྲོའུ་ལགས་ཀྱིས།(Anyangtou1890-1990) —“བདག་ནི་རྒྱ་ནག་ གི་རིག་གནས་དང་ནུབ་ཕྱོགས་མང་གཙོའི་རིག་གནས་ལས་གྲུབ་པའི་

གང་ཟག་ཅིག་ཡིན། བདག་གི་ཤེས་ཡོན་གྱི་རྩ་བ་ནི་བྱམས་པ་དང་བརྩེ་ བ་ལས་འགོ་བརྩམས་ཡོད་ལ། ད་དུང་ཡུལ་སྲོལ་སྙིགས་མ་ཐམས་ཅད་

དག་ཐེར་བྱ་རྒྱུ་དང༌། གཏུམ་སྤྱོད་དང་དམར་གསོད་སྤངས་རྒྱུ་དེ་ཡིན།

མི་རྣམས་ཀྱི་སེམས་ཀྱི་ངོ་བོ་བརྩེ་བ་ཡིན་པ་དེར་བདག་ཡིད་ཆེས་ཟབ་ མོ་ཡོད”ཅེས་དང་།

༧) དེང་དུས་རྒྱ་ནག་གི་རྒྱལ་གཅེས་རིང་ལུགས་པ་དང་མང་གཙོའི་ཤ ེས་ཡོན་

སྨྲ་བ་ཧྥང་གཡན་ཕེ་ལགས་ཀྱིས།(Fangyanphy) —“ཤེས་ཡོན་གྱི་ཐབས་ལམ་

ནི༑ མི་རེ་རེའི་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་བསྐང་ཐུབ་པ་དང༌། མི་ མང་གི་བྱ་བཞག་བསྒྲུབ་ཐུབ་པ་དང་། ཡང་དག་པའི་བྱ་བཞག་རླབས་ཆེན་ བསྒྲུབ་ཐུབ་པ་དེའོ”ཞེས་སོགས་ཀྱི་ལྟ་ཚུལ་བཏོན་ཡོད།

༤ ནུབ་ཕྱོགས་མཁས་པ་དག་གིས་ཤེས་ཡོན་ངོས་འཛིན་བྱེད་ལུགས།

གནའ་བོའ ི་ཡུ་རོབ་གླིང་གི་ལྟ་གྲུབ་སྨྲ་བ་པེ་ལ་ཊོ​ོ(Plato) ལགས་ཀྱིས། ཤེས་ཡོན་ལ་

སྡོམ་ཚིག་འདི་འདྲ་ཞིག་བརྒྱབ་ཡོད“ཁོང་གི་དཔེ་དེབ་ཅིག་གི་ནང༌། སྤྱིར་སློབ་སྦྱོང་ གི་ཕན་ཡོན་གང་རེད། ཅེས་པར་ལན་ལས་སླ་པོར་འདེབས་ཐུབ་སྟེ། དེ་ནི་སློབ་

སྦྱོང་གིས་མི་བཟང་པོར་གྱུར་ཅིང་མི་དེས་བྱ་བ་ཡག་པོ་བྱེད་ཐུབ་པ་དེ་ཡིན” ཞེས་ 106

106

<<ནུབ་ཕྱོགས་ཀྱི་ཤེས་ཡོན་དང་རིག་གཞུང་གི་ལོ་རྒྱུས་ཟླ་བའི་ཕྲེང་བ།>> ཤོག་ངོས༢༡། བསྟན་འཛིན་བློ་


176 ཉམས་ཞིབ་དེབ་ཕྲེང་། ༡

གསུངས་ཡོད།

དུས་རབས་བར་མར་ཡེ་ཤེས་སློབ་གྲྭ་ཁག་གི་ཤེས་ཡོན་ངོས་འཛིན་བྱེད་ལུགས།

༡) དུས་རབས་བར་མར་ཡོ ་ རབ་ནང་དུ་དགེ ་ རྒན་ཡི ན ་པའི ་ མཁས་དབང་ བྷ་ནཊཤྷར་ཏ་བས (Bernard of Chartres 12 Century) ཤེས་ཡོན་ལེགས་སྐྱེད་

ཡོང་སླད་དུ་གནད་འགག་དྲུག་བཞག་ཡོད་པ་ནི། ༡) བཅོས་མིན་གྱི་ཉམ་

ཆུང་དང༌། ༢) དཔྱད་ཞིབ་ལ་དགའ་བ། ༣) ཞི་དུལ་གྱིས་འཚོ་བ། ༤)

དབེན་པའི་སྒོམ་སྒྲུབ། ༥) དབུལ་བ། ༦) ཁྱིམ་ནས་བྱོལ་བ་དང་བཅས་ སོ ཞེས་དང། 107

༢) ཡུ་རོབ་གྱི་སླར་གསོའ་ི དུས་རབས་ནང་དུ(Renaissance)མཁས་དབང་ཨེ་རཱ་ སི་མ་སི

(Erasmus1466-1534)

དང་ཐོ་མ་སི་མཱོར་གྱིས

(ThomasMoore 1779-1852)

ཆོས་ལུགས་ཀྱི་གནའ་བོའ་ི སྒྲོམ་གཞི་ལས་བརྒལ་ཏེ་དངོས་སུ་སྤྱི་ཚོགས་ ལ་ཞབས་འདེགས་ཞུ་བའི་མི་སྤྱོད་རིང་ལུགས་ཀྱི་ལྟ་བ་བཟུང་སྟེ་ཤེས་ཡོན་

ནི༑ ༡) ཆོས་ཀྱི་བག་ཆགས་འཇོག་པ། ༢) ཡོངས་གྲགས་ཀྱི་རིག་གནས་ བདུན(བརྡ་སྤྲོད། འཆད་རྩོམ། གཏན་ཚིགས་རིག་པ་བཅས་དམའ་རིམ་གསུམ་དང༌། ཨང་རྩིས་དང༌།

དབྱིབས་རྩིས། རྒྱུ་སྐར་རིག་པ། རོལ་དབྱངས་བཅས་མཐོ་རིམ་བཞི།)

ལ་དུང་བ་སྐྱེས་པ། ༣)

མ་འོངས་པར་གྲ་སྒྲིག་ཡོད་པ། ༤) ཀུན་སྤྱོད་བཟང་པོར་གོམས་འགྲོས་ བྱེད་པ་བཅས་ལ་ངོས་འཛིན་བྱེད ཞེས་དང། 108

གསལ་གྱིས་བརྩམས། པ་སངས་བསྟན་འཛིན་དང་བསྟན་འཛིན་བློ་གསལ་གཉིས་ཀྱིས་བསྒྱུར། རྡ་ས་རིགས་ ལམ་སློབ་གཉེར་ཁང༌།

107 <<A Glance at the History of Western Education and Culture>> p.g 42 by Tenzin Losel (Graham Woodhouse) Institute of Buddhist Dialectics, McloeodGanj, Dharamsala,HP,India. 108 <<A Glance at the History of Western Education and Culture>> p.g 42 by Tenzin Losel (Graham Woodhouse) Institute of Buddhist Dialectics, McloeodGanj, Dharamsala,HP,India.


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 177

༣) ཨ་རིའི་གཞི་རིམ་སློབ་གྲྭ་བསྐྱར་སྒྲིག་ཚོགས་ཆུང་གི་སྙན་ཐོར།

of the Commission on the Reorganisation of Secondary Schools, U.S.A.) —

(Report

“ཤེས་

ཡོན་གྱི་དམིགས་འདུན་ནི་སྒེར་རེ་རེའི་རྒྱུད་ལ་ཤ ེས་ཡོན་དང༌། དུང་ཞེན།

སེམས་ཚོར་དང་གོམས་གཤིས་སོགས་ཀྱི་ནུས་པ་ཡར་རྒྱས་སུ་གཏོང་རྒྱུ་ དེ་དང༌། དེ་ལས་མི་རང་ཉིད་སོ་སོའ ི་གནས་བབ་འཚོལ་སྙེག་བྱེད་པ་དང༌།

རང་དང་སྤྱི་ཚོགས་སྒྱུར་བཅོས་བཏང་སྟེ་བསྒྲུབ་བྱ་བཟང་པོ་ཞིག་ལ་མངོན་ པར་ཕྱོགས་རྒྱུ་དེ་ཡིན”ཞེས་དང།

༤) མར་ཁི་སུ<Karl Heinrich Marx1818-1883> རིང་ལུགས<Marxism>ཀྱི་གོ་སླ་བའི་

མཚན་ཉིད་རིག་པ་ཞེས་པ་ལས་ཤེས་ཡོན་ངོས་འཛིན་བྱེད་ལུགས། “ཕྱི་ ཡུལ་གྱི་བྱ་དངོས་དང༌། སྣང་ཚུལ། གོ་རིམ་བཅས་ཀྱི་མཚོན་ཚུལ་ཞིག་

རེད། མཚོན་ཚུལ་གྱི་གཏིང་ཟབ་ལོད་མི་འདྲ་བའི་རྐྱེན་གྱིས་ཤ ེས་ཡོན་ཡང་ མི་འདྲ་བ་རེ་བྱུང་བ་དཔེར་ན་སྤྱིར་བཏང་གི་འཚོ་བའི་རྒྱུན་ཤེས་གྱི་ཤེས་ ཡོན་དང༌། ཉམས་མྱོང་གི་ཤེས་ཡོན། ཚན་རིག་གི་ཤ ེས་ཡོན་སོགས་ལྟ་

བུའོ། །ཚན་རིག་གི་ཤེས་ཡོན་དེ་ཤེས་ཡོན་གཞན་དག་དང་མི་འདྲ་ས་ནི་ ཚན་རི ག ་གི་ཤེ ས ་ཡོན ་ནི་ ཕྱི་ རོ ལ་ཡུལ་གྱི་ སྣང་ཚུལ་སྣ་ཚོ ག ས་དང་གོ ་

རིམ་སྣ་ཚོགས་ཀྱི་ངོ་བོའམ་ཆོས་ཉིད་ཀྱི་རང་བཞིན་གྱི་མཚོན་ཚུལ་ཡིན་

པ་དེ་རེད། ཉམས་མྱོང་གི་ཤེས་ཡོན་སྤྱིར་བཏང་བ་དང་རྒྱུན་ཤ ེས་དེས་ཕྱི་ རོལ་ཡུལ་གྱི་བྱ་དངོས་མཚོན་པ་དེ་སྤྱིར་བཏང་དུ་བཤད་ན་ཐད་ཀའི་བརྡར་ ཤ་བཅད་པའི་གྲས་ཙམ་ཡིན་པས། ཤེས་ཡོན་དེ་དག་གིས་ཕྱི་རོལ་ཡུལ་ ཀྱི་བྱ་དངོས་ཀྱི་ཕྱོགས་འགའ་ཞིག་དང་ཕྱིའི་འབྲེལ་བ་མཚོན་པ་ཙམ་ལས།

བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ཤ ེས་རྟོགས་འདོན་


178 ཉམས་ཞིབ་དེབ་ཕྲེང་། ༡

མི་ཐུབ” ཅེས་དང། 109

༥) སོཀ་རཱ་ཏིས་ལགས་ཀྱིས། —

(Socrates 470 BC-399 BC Greek Philosopher,teacher)

“ཤེ ས ་ཡོ ན ་ནི ་ མངོ ན ་པར་མི ་ གསལ་བར་སྐྱེ ་ བོ ་ ཚང་མའི ་ བསམ་

བློ ར ་ཡོ ད ་པའི ་ བསམ་ཚུལ་བཟང་གྲས་རྣམས་ཕྱིར ་མངོ ན ་པར་བྱ་རྒྱུ་དེ ་ རེད”ཅེས་དང་།

༦) ཨ་རེ ས ་ཀྲོ ་ ཀྲོ ལ ་གྱི ས ། Educator,Scientist) —

(Aristotle 384BC-322 BC Greek Philosopher,

“ཤེས་ཡོན་ནི་གཟུགས་པོ་བདེ་ཐང་ཞིག་གི་ནང་དུ་

སེམས་ཁམས་ཡང་དག་ཅིག་བསྐྱེད་སྐྲུན་བྱ་རྒྱུ་དེ་ཡིན”ཞེས་དང་།

༧) ཨེ་གྲི་སན་གྱིས། (Addison,Joseph 1672-1719 Oxford University,English author,Politician) —

“མི་བཟང་པོའ ི་ནང་སེམས་སུ་ཤེས་ཡོན་ལྡན་ཚེ། ཤེས་ཡོན་དེའི་ནུས་པས་

མིའི་བཟང་ཆ་རྣམས་ཕྱིར་མངོན་བྱེད་པར་ནུས”ཞེས་དང་།

༨) ཁཱནཊ་ལགས་ཀྱིས།(Kant 1724-1804 German Philosopher) —“ཤེས་ཡོན་ནི་ མི་སྒེར་ཞིག་གི་ཕྱོགས་ཡོངས་ཀྱི་འཇོན་ནུས་ལྡན་པའི་ཡར་རྒྱས་ཤ ིག་ལ་ གོ”ཞེས་དང་།

༩) པེས་ཀྲོ་ལོ་ཛི་ལགས་ཀྱིས།

(Pestalozzi 1746-1827 Swiss Educator) —

“ཤེས་

ཡོན་ནི་མིའི་ནང་གི་དངོས་དོན་དང༌། ཞི་འཇམ་ལྷན་སྐྱེས་སུ་མངའ་བའི་

ནུས་པ་གོང་འཕེལ་དུ་གཏོང་རྒྱུ་དེ་ཡིན”ཞེས་དང་།

༡༠) ཧྥ་རོ་གྲལ་ལགས་གྱིས(Frobel, Friedrich Wilhelm August 1782-1852 German Educator) —

“ཤེས་ཡོན་ནི་བྱིས་པའི་ནང་གི་རྣམ་དཔྱོད་ཕྱིར་མངོན་པར་བྱེད་

པའི་བརྒྱུད་རིམ་ཞིག་ཡིན”ཞེས་དང་།

109 <<གོ་སླ་བའི་མཚན་ཉིད་རིག་པ།>> ཤོག་ངོས༩༠༠ནས༩༠༡། ཧན་ཧྲུའུ་ཡིང་གིས་གཙོ་སྒྲིག་བྱས། མི་རིགས་

དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 179

༡༡) ཇཱ་མསི་ལགས་ཀྱིས།

(James,William 1842-1910 An American Philosopher)

“ཤེས་ཡོན་ནི་གོམས་འདྲིས་སུ་སོང་བའི་ལག་ལེན་ཕྱོགས་བསྡུས་ཤ ིག་

ཡིན་ལ། དེས་ནི་རང་སྒེར་གྱི་གཟུགས་གཞི་དང་སྤྱི་ཚོགས་ཁོར་ཡུག་ གཉིས་ལ་སྙོམ་སྒྲིག་བྱེད་པའོ”ཞེས་དང་།

༡༢) བེཀྲི་ཧིསཌ་ལགས་ཀྱིས།

(Whitehead 1861-1947) —

ཤེས་ཡོན་ཐད་གླེང་

གཞིའི་གནད་དོན་གཅིག་རང་ཡོད་པ་དེ་ནི“རྣམ་སྤྲུལ་གྱི་ཆ་ལག་རྫོགས་ པའི་འཚོ་བ་ཡིན”ཞེས་དང་།

༡༣) སྦ་ཏ་ལར་ལགས་ཀྱིས།

(Butler,Nicholas Murray 1862-1947 An American Educa-

“ཤེས་ཡོན་ནི་སྒེར་གྱིས་སྤྱི་ཚོགས་ཀྱི་བསམ་བློའ ི་སྒྲོམ་གཞི་ལ་དལ་

tor) —

བོའ ི་རང་བཞིན་གྱི་སྙོམ་སྒྲིག་གོམས་འདྲིས་བྱེད་པ་ཞིག་ཡིན”ཞེས་དང་།

༡༤) ཧིར་བྷིརཊ་ལགས་ཀྱིས།

(Herbert, Frank 1920-1986 An American Author)

“ཤེས་ཡོན་ནི་ཕྱོགས་ཡོངས་ཀྱི་ཀུན་སྤྱོད་ཡར་རྒྱས་དེ་ཡིན”ཞེས་དང་།

༡༥) ཀྲི་པི་ནན་གྱིས།

(T.P Nunn) —

“ཤེས་ཡོན་ཟེར་བ་ནི་གང་ཟག་སྒེར་གྱི་

ཕྱོགས་ཡོངས་ཀྱི་ཡར་རྒྱས་ཤིག་རེད་ལ། དེ་ལ་བརྟེན་ནས་མིས་རང་གི་ ནུས་པ་ཡོད་ཚད་ཀྱིས་འགྲོ་བ་མི་འཚོ་གནས་ལ་ཕན་རླབས་ཆེན་པོ་ཞིག་ བསྐྲུན་ཐུབ་པ་ཡིན”ཞེས་དང་།

༡༦) སྦ་རོན་ལགས་གྱིས།

(Brown) —

“མིའི་ཤེས་ཡོན་ནི་དམིགས་སུ་བཀར་

ནས་བཅོ ས ་སྒྱུར་བྱེ ད ་པའི ་ བརྒྱུད་རི མ ་ཞི ག ་ཡི ན ་ལ། དེ ས ་མི ་ སྒེ ར ་གྱི ་ གཤིས་སྤྱོད་ལ་འགྱུར་བ་གཏོང་བ་དང༌། མི་དེ་བརྒྱུད་ནས་ཚོགས་པའི་ ནང་འགྱུར་བ་གཏོང་བར་བྱེད་པའི་ཚོར་ཤེས་ཀྱི་སྟངས་འཛིན་བརྒྱུད་རིམ་ དེ་ཡིན”ཞེས་དང་།


180 ཉམས་ཞིབ་དེབ་ཕྲེང་། ༡

༡༧) ཧོར་ནི་ལགས་ཀྱིས། (Horne) —“ཤེས་ཡོན་ནི་ཤེས་རབ་ལྡན་པའི་མིས་རང་

ཉིད་ཀྱི་ཤ ེས་སྟོབས་དང༌། སེམས་ཚོར། བློ་སྟོབས་བཅས་ཀྱིས་ཁོར་ཡུག་ ལ་བཅངས་པའི་མཆོག་གྱུར་གྱི་སྙོམ་སྒྲིག་གོམས་འདྲིས་དེ་ཡིན།”

༡༨) སྦོ་སིང་གྷ་ལགས་ཀྱིས།

(Bossing) —

“ཤེས་ཡོན་གྱི་བྱེད་ལས་ནི་མི་ཞིག་

གིས་རང་ཉིད་ཀྱི་ཁོར་ཡུག་ལ་སྙོམ་སྒྲིག་གོམས་འདྲིས་ཀྱིས་ཚིམས་པ་

གསོ ན ་པོ ་ ཞི ག ་རང་དང་སྤྱི ་ ཚོ ག ས་གཉི ས ་ཀར་སྟེ ར ་ཐུབ་པ་བྱེ ད ་རྒྱུ་དེ ་ ཡིན།”

༡༩) ཌེ་ཝེ་ལགས་ཀྱིས། —

(Dewey ,John 1859-1952 An American Philosopher,Educator)

“ཆེས་སླ་བར་མཐོང་ཐུབ་པ་སྟེ། ཤེས་བྱའི་ཕྱོགས་ཀྱི་གསར་བརྗེ་འདིས་

མི ་ རང་གི ་ ལྟ་ཚུལ་ལ་མངོ ན ་གསལ་དོ ད ་པའི ་ འགྱུར་ལྡོ ག ་བཟོ ས ་ཡོ ད ། ཤེས་བྱའི་ཕྱོགས་ཀྱི་དྲག་བསྐུལ་དེ་ཐབས་ལམ་སྣ་ཚོགས་པ་བརྒྱུད་ནས། མུ་མཐུད་ཟམ་མི ་ ཆད་པར་མི ་ རྣམས་ཀྱི་ ཕྱོ ག ས་སུ་རྟག་ཏུ་འཕྱོ ་ སྟེ ་ འོང ་

བཞིན་ཡོད། ཆིག་རྐྱང་བའི་སྒོ་ནས་ཤེས་བྱའི་ལས་ཀ་སྒྲུབ་པའི་འཚོ་བ་སྟེ། མཁས་ཉམས་ཀྱི་འཚོ་བ་དེར། འདིའི་སྟབས་ཀྱིས་གཏན་ནས་མི་འདྲ་བའི་ གདེང་འཇོག་ཐོབ་ཡོད། མཁས་རྐྱང་བའི་ཚུལ་གྱི་མི་སྣ་ཟེར་བའམ་དགེ་ བཤེས་ཟེར་བ་ད་ནས་གཟི་བརྗིད་དང་ལྡན་པའི་མིང་ཞིག་མ་ཡིན་པ་དང༌། མི་ལ་འཕྱ་བའི་ཚུལ་གྱི་མིང་བརྡ་ཞིག་ཏུ་གྱུར་ཡོད།”

110

110

<<ཏུའུ་ཝེ(ཌེ་ཝེ) ནས་སློབ་གསོ་གླེང་བ།>> ཤོག་ངོས༢༤། ཨ་མེ་རི་ཁ་ཡེ་ཧན་ཌེ་ཝེ་ནས་བརྩམས། བདུད་

ལྷ་རྒྱལ་གྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 181

1)

༥ དེང་དུས་ཀྱི་ལྟ་གྲུབ་མི་འདྲ་བས་ཤེས་ཡོན་ངོས་འཛིན་བྱེད་ལུགས། སྐྱེས་དངོས་རིག་པའི་ཤེས་ཡོན་གོ་དོན།

སྐྱེ ་ དངོ ས ་རི ག ་པ་སྨྲ་བས་ཤེ ས ་ཡོ ན ་ནི ་ མི ་ ཞི ག ་འཚོ ་ བའི ་ ཁོ ར ་ཡུག་དང་

མཐུན་སྦྱོར་བྱེད་པའི་ནུས་པ་ཞིག་ཏུ་གོ་ཞིང་། དེའི་ནང་དུ་ཁོར་ཡུག་ལ་མཐུན་

སྦྱོར་བྱེད་པ་དང་དྲང་ཕྱོགས་ནས་ཁོར་ཡུག་དྲང་བདེན་གྱི་སྒོ་ནས་བཀོལ་སྤྱོད་བྱེད་ པ་འདུ། ཨ་རིའི་ཤ ེས་ཡོན་སྨྲ་བ

W.C.Ruediger

ཀྱིས“མི་ལ་ཤ ེས་ཡོན་སྤྲོད་རྒྱུ་དེ་ནི་

མི་རང་ཉིད་ད་ལྟའི་ཁོར་ཡུག་དང་མཐུན་སྦྱོར་བྱས་ཏེ། འཕེལ་རྒྱས་ཡོད་ལ་སྒྲིག་ འཛུགས་ལྡན་ཞིང་། ནུས་ཤུགས་སྦྱོང་བརྡར་ལྡན་པའི་སྒོ་ནས་ཁོར་ཡུག་བེད་སྤྱོད་

བྱེད་ཐུབ་པའི་ཆེད་དུ་ཡིན”ཞེས་བསྟན་ཡོད། འདིའི་ཁྱབ་ཁོངས་སུ་འཁྲབ་ཟློས་སྨྲ་ བའང་ཚུད་ཡོད། འཁྲབ་ཟློས་སྨྲ་བས(G.Stanley Hall) བྱིས་པས་རྩེད་མོ་ལ་བརྟེན་ ནས་སློབ་སྦྱོང་བྱེད་དགོས་པར་མཐོང་ཆེན་བྱས་ཡོད།

2)

སེམས་ཁམས་རིག་པའི་ཤེས་ཡོན་གོ་དོན།

སེམས་ཁམས་སྨྲ་བས་ཤ ེས་ཡོན་ནི་མིའི་ཀུན་སྤྱོད་སྒྱུར་བཅོས་གཏོང་བྱེད་

ཅིག་ཏུ་འདོད། འདིའི་ནང་འདྲ་དཔེ་སྦྱོང་བརྡར་སྨྲ་བ(Formal Discipline Theory) དང་

གྲུབ་པ་སྨྲ་བ། ཀུན་སྤྱོད་སྨྲ་བ(Ethology) བཅས་འདུ་ཞིང་། དེ་དག་གིས་མི་སྐྱེ་བ་ ནས་ཚོར་བ་འདྲ་མིན་ཡོད་པ་དེ་དག་ལ་སྦྱོང་བརྡར་སྤྲོད་པ་ཞིག་དང་། དངོས་

ཡོད་དང་ཉམས་མྱོང་གི་ཁོར་ཡུག་གལ་ཆེ་ཞིང་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་

རྒྱུ་དེ་ཤེས་ཡོན་གྱི་དགོས་དམིགས་ཡིན་ན། ཁོར་ཡུག་གི་འདྲིས་གོམས་ལས་


182 ཉམས་ཞིབ་དེབ་ཕྲེང་། ༡

མི འི ་ ཀུན་སྤྱོ ད ་ལ་ཤུ གས་རྐྱེ ན ་ཐེ བ ས་བཞི ན ་ཡོ ད ་པས་དེ ་ཉི ད ་གཙི ག ས་ཆེ ར ་ འཛིན་དགོས་པར་འདོད།

3)

སྤྱི་ཚོགས་རིག་པའི་ཤེས་ཡོན་གོ་དོན།

སྤྱི་ཚོགས་རིག་པ(Socialogical) སྨྲ་བ་དག་གིས་མི་སྒེར་གྱི་འཚར་ལོངས་དང་

འཕེལ་རྒྱས་དེ་སྤྱི་ཚོགས་འཚོ་བའི་དགོས་མཁོ་ལ་དམིགས་པ་ཞིག་ཡིན་ཞི ང་། ཤེས་ཡོན་གྱིས་མི་སྒེར་བ་ཞིག་སྤྱི་ཚོགས་དང་མཐུན་སྦྱོར་བྱེད་པ་དང་རིག་གནས་ ཀྱི་ཁྱབ་ཁོངས་ནས་དར་སྤེལ་བཏང་བ་ཞིག་ཏུ་འདོད།

4)

མཚན་ཉིད་རིག་པའི་ཤེས་ཡོན་གོ་དོན།

རང་བྱུང་རི ང ་ལུགས (Naturalism)པས་ཤེ ས ་ཡོ ན ་ཀྱི ས ་མི ་ ལ་ཕྱི ་ རོ ལ ་གྱི ་

གནས་ཚུལ་བརྒྱུད་སྤྲོ ད ་བྱེ ད ་པ་ཙམ་མ་ཡིན ་པར། ལྷན་སྐྱེ ས ་ཀྱི ་ ནུས་ སྟོ བ ས་སྔོ ག ་འདོ ན ་བྱས་ཏེ ་ རང་བྱུང་གི ་ ཆོ ས ་ཉི ད ་དང་འགྱུར་བའི ་ རང་ བཞིན་དང་བསྟུན་ཏེ་འཕེལ་རྒྱས་སུ་གཏོང་བའམ་ཕྱིར་འདོན་བྱེད་པ་ཞིག་

ཏུ་འདོད། འདོད་ཚུལ་འདིས་ཤེས་ཡོན་ཁྲོད་དུ་བྱིས་པའི་ལྷན་སྐྱེས་ནུས་པ་ ངོས་འཛིན་དང་། ཐབས་ལམ་གལ་ཆེན་ཡིན་པ། ཐབས་ལམ་འོས་འཚམ་

ཡིན་པ། རང་དབང་གིས་འཚར་ལོངས་བྱེད་པར་མཐོང་ཆེན་བྱེད་དགོས་ པ༑ འཇོན་ནུས་ཆ་སྙོམས་གྱི་སྒོ་ནས་ཡར་རྒྱས་གཏོང་དགོས་པ་བཅས་ ཤེས་ཡོན་སྟེང་གི་ཆོས་ཉིད་རྣམ་པ་ལྔ་གསལ་བཤད་བྱས་ཡོད།

༢) ཕུགས་བསམ་རིང་ལུགས་པས། ཤེས་ཡོན་ནི་མྱོང་བའི་ཤེ ས ་པ་གོང་ འཕེལ་དུ་གཏོང་རྒྱུ་དེ་ཡིན་པ་དང་། ཤེས་རྟོགས་ཀྱི་ཐོག་མ་མྱོང་བ་ཡིན་

ཞིང་མི་ནི་ཕུགས་བསམ་གྱིས་ཕྱིར་མངོན་བྱེད་པ་ཞིག་ཡིན་པའི་ལྟ་ཚུལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 183

བཏོན་ཏེ། རང་རྟོགས་ཀུན་སྤྱོད་དང་རང་དབང་གི་ཤ ེས་ཡོན་ལ་མཐོང་ཆེན་ བྱས་ཡོད།

༣) དངོས་སྤྱོད་རིང་ལུགས་པས(Experimentalism)ཤེས་ཡོན་ནི་ཉམས་མྱོང་སྒྱུར་ བཀོལ་ཁྲོད་ཀྱི་འཕེལ་རིམ་ཞིག་ཡིན་ཞིང་། ཉམས་མྱོང་གི་འཕེལ་རྒྱས་ནི་

ཡང་དག་པ་དང་ཚད་མེད་པ་ཞིག་ཡིན་པས། ཉམས་མྱོང་སྒྱུར་བཀོལ་ལ་ ཁྲིད་སྟོན་གནང་དགོས་པར་བསྟན་ཡོད།

༤) རིག་གནས་སྨྲ་བས་ཤ ེས་ཡོན་ནི་མི་ཞིག་སྤྱི་ཚོགས་རིག་གནས་ཀྱི་ཁྱབ་

ཁོ ང ས་ནས་མཐར་ཕྱི ན ་པ་ཞི ག ་གསོ ་ སྐྱོ ང ་བྱེ ད ་རྒྱུ་དེ ་ ཡི ན ་པར་འདོ ད ། འཇར་མན་གྱི ་ མཚན་ཉི ད ་རི ག ་པ་བ Edwar

Spranger

ལགས་ཀྱི ས ་རི ག ་

གནས་ཀྱི་ཕུགས་རེ་ལ་དཔེ་དྲུག་བཞག་ཡོད་པ་ནི། བདེན་དོན་དང། ཕན་ ནུས། མཛེས་ཚོར། སྙིང་རྗེ། ཐོབ་ཐང་། ལེགས་ཚོགས་བཅས་ཡིན་ཞིང་

དེ་དག་གོང་འཕེལ་དུ་གཏོང་བ་ནི་ཤ ེས་ཡོན་རིག་པའི་ནང་དོན་གལ་ཆེན་ ཞིག་ཏུ་འདོད།

༦ མཐའ་སྡོམ།

གོང་དུ་བཀོད་པ་ནི་རིག་གནས་ཁོར་ཡུག་མི་འདྲ་བ་དང༌། གཞུང་ལུགས་ཀྱི་རྒྱབ་ ལྗོངས་མི་འདྲ་བ། བསམ་བློ་དང་རེ་འདུན་མི་འདྲ་བའི་ཕྱི་ནང་གི་གཞུང་ལུགས་

དང༌། མཁས་པ་མང་པོས་དོན་དམ་དུ་མིའི་རིགས་ཀྱི་ཤ ེས་ཡོན་ཞེས་པ་ཅི་ཞིག་

ཡིན་པའི་ཐད་ཀྱི་ལྟ་ཚུལ་དང་སྡོམ་ཚིག་རེ་རེ་ཡིན། སྡོམ་ཚིག་དེ་དག་གིས་དངོས་

ཤུགས་གང་རུང་ནས་ཤེས་ཡོན་ངོས་འཛིན་བྱས་ཡོད་པས་མིའི་རིགས་ལ་ཤེས་ ཡོན་རིག་པའི་གོ་རྟོགས་གསར་པ་རེ་འབྱིན་ཐུབ་པར་བསྙོན་དུ་མེད་ཀྱང༌། སྡོམ་


184 ཉམས་ཞིབ་དེབ་ཕྲེང་། ༡

ཚིག་དེ་དག་ནི་དོན་དངོས་སུ་སྡོམ་ཚིག་ཙམ་ཡིན་པས་ན་ཞིབ་ཚགས་པའི་ཤ ེས་ ཡོན་འཚོལ་དཔྱོད་ཀྱི་གནས་ལུགས་དྲི་མ་མེད་པ་ཞིག་ཡིན་མི་སྲིད། གོང་གི་

ལྟ་ཚུལ་དང་སྡོ མ ་ཚི ག ་དེ ་ དག་གི ས ་གསལ་ཁ་མ་ཐོ ན ་པ་དང༌། ཆ་མ་ཚང་བ། ཕྱོ ག ས་སུ་ལྷུང་བ་བཅས་ཀྱི ་ གནས་སྟངས་འདྲ་མི ན ་ཞི ག ་ཡོ ད ་པ་ནི ་ སྨོ ས ་མེ ད ་

ཡིན་ཏེ། དོན་དངོས་སུའང་ཤེས་ཡོན་ཞེས་པ་དེ་འདྲའི་བརྗོད་པ་ཐུང་ཐུང་གིས་ མཚོན་ཐབས་བྲལ་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན། འོན་ཀྱང་གོང་གི་སྡོམ་

ཚིག་དེ་དག་གིས་ང་ཚོ་ལ་གཤམ་གྱི་གནས་ཚུལ་དག་ཤེས་ཡོན་ཞིབ་འཇུག་གི་ རྒྱུ་ཆར་མཁོ་འདོན་བྱས་ཡོད།

༡) ཁ་ཅིག་གིས་ཤ ེས་ཡོན་ནི་གཙོ་བོ་ཀུན་སྤྱོད་ཀྱི་གོ་རྟོགས་ཁྱད་དུ་འཕགས་ པ་ཞིག་དང་དེ་ཉིད་ཕྱིར་མངོན་བྱེད་སྟངས་ཤིག་ཏུ་ངོས་འཛིན་བྱས་ཡོད།

༢) ཁ་ཅིག་གིས་ཚོགས་སྡེའི་རང་བཞིན་གྱི་སྙོམ་སྒྲིག་ཅིག་དང་མི་སྒེར་དང་ སྤྱི་ཚོགས་ལ་འགྱུར་བ་སྐྲུན་བྱེད་ཀྱི་མ་ལག་གལ་ཆེན་ཞིག་ལ་ངོས་འཛིན་ བྱས་ཡོད།

༣) ཁ་ཅིག་གིས་མི་སྒེར་གྱི་ཕྱོགས་ཡོངས་ཀྱི་ཡར་རྒྱས་ཤིག་ལ་ངོས་འཛིན་ བྱས་ཡོད།

༤) ཁ་ཅིག་གིས་ཕྱི་རོལ་ཡུལ་གྱི་གོ་རྟོགས་མཐོར་འདེགས་བྱུང་བའི་ཚན་རིག་ གི་ཤ ེས་ཚད་ཅིག་ལ་ངོས་འཛིན་བྱས་ཡོད།

༥) ཁ་ཅི ག ་གི ས ་མི འི ་ ནང་གི ་ ནུས་པ་ཕྱི ར ་མངོ ན ་བྱུང་བའི ་ བླ་ན་མེ ད ་པའི ་ ཁམས་ཤ ིག་ལ་ངོས་འཛིན་བྱས་ཡོད།

༦) ཁ་ཅིག་གིས་སྒྲ་འཇུག་དོག་པའི་སྒོ་ནས་བལྟས་ཏེ་བརྒྱུད་སྤྲོད་ཀྱི་བྱེད་སྒོ་ ཙམ་ལ་ངོས་འཛིན་བྱས་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 185

༧) ཁ་ཅིག་གིས་སྒྲ་འཇུག་ཡངས་པའི་སྒོ་ནས་བལྟས་ཏེ་མི་ཚེའི་བརྒྱུད་རིམ་ དང་དེ་ལས་ཐོབ་པའི་ཉམས་མྱོང་ཡོད་ཚད་ལ་ངོས་འཛིན་བྱས་ཡོད།

༨) ཁ་ཅིག་གིས་མིའི་རིགས་ཀྱི་ཤེས་རིག་གི་ཉམས་མྱོང་རྒྱུན་འཛིན་གྱི་བྱེད་ སྒོ་ཞིག་ལ་ངོས་འཛིན་བྱས་ཡོད།

༩) ཁ་ཅིག་གིས་རང་གཞན་གྱི་སྡུག་བསྔལ་བསལ་ཞིང་བདེ་བ་ཐོབ་བྱེད་ཀྱི་མ་ ལག་ཅིག་ལ་ངོས་འཛིན་བྱས་ཡོད།

༡༠) མང་ཆེ་བས་ཕྱི་རོལ་ཡུལ་གྱི་གོ་རྟོགས་དང་ནང་སེམས་ཁམས་ཀྱི་བླ་ན་ མཐོ་བའི་མི་གཤིས་ཀྱི་འོད་སྣང་ཟུང་འབྲེལ་ཞིག་ལ་ངོས་འཛིན་བྱས་ཡོད།

༡༡) ཁ་ཅིག་གིས་མི་ཚེའི་འདུན་མ་མངོན་འགྱུར་དང་རང་ཁ་རང་གསོ་བྱེད་ པའི་ནུས་པ་ཞིག་ལ་ངོས་འཛིན་བྱས་ཡོད།

༡༢) ཁ་ཅིག་གིས་རྣམ་འབྱེད་ཀྱི་ཤེས་རབ་ལྡན་ཞིང༌། ཀུན་སྤྱོད་ཀྱི་སྤུས་ཚད་ མཐོ་བ། རང་གཞན་གྱི་ཕན་བདེ་བསྒྲུབ་པའི་ནུས་པ་ལྡན་པ་བཅས་བསླབ་ པ་གསུམ་གྱི་ཁྱད་ཡོན་ལ་ངོས་འཛིན་བྱས་ཡོད།

༡༣) ཁ་ཅི ག ་གི ས ་ཤེ ས ་ཡོ ན ་ནི ་ མི ་ རེ ་ ངོ ་ རེ ་ ནས་གནས་སྐབས་ཀྱི ་ འཚོ ་ བའི ་

དགོས་མཁོ་བསྐང་ཐུབ་པ་དང་རང་ཉིད་ཀྱི་རྐང་མགོ་ནས་ལངས་ཐུབ་པ་ ཞིག་ལ་ངོས་འཛིན་བྱས་ཡོད།

༡༤) ཁ་ཅིག་གིས་གནས་སྐབས་ཙམ་དང་འཚོ་བའི་དགོས་མཁོ་བསྐང་ཐུབ་པ་ ཙམ་གྱིས་མི་ཆོག་པར་རང་ཉིད་དང༌། མི་རིགས། མིའི་རིགས་བཅས་ཀྱི་

ཕུགས་ཕན་གྱི་དགོས་མཁོ་ལ་ལྟ་ཞིབ་དང་ལག་ལེན་བྱེད་ཐུབ་པ་ཞིག་ལ་ ངོས་འཛིན་བྱས་ཡོད།

༡༥) ཁ་ཅི ག ་གི ་ བརྗོ ད ་ཚུལ་ལ་བརྒྱུད་དེ ་ གོ ་ བ་བླངས་ན་མི འི ་ ལྷན་སྐྱེ ས ་དང་


186 ཉམས་ཞིབ་དེབ་ཕྲེང་། ༡

དེའི་ངོ་བོ་མ་བརླག་པར་ནུས་པ་ཕྱིར་འདོན་བྱེད་པ་ཞིག་ལ་ངོས་འཛིན་ བྱས་ཡོད།

དང་པོ། ཤེས་ཡོན་གླེང་བའི་སྐབས་སུ་ནམ་རྒྱུན་དཀའ་ངལ་ཞིག་ཡོད་པ་ནི་ཤ ེས་ ཡོན་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་རེ་འཇུག་པ་དེ་ཡིན། དཔེར་ན།

༡) ཤེས་ཡོན་གྱི་བརྒྱུད་ལམ་གླེང་བའི་སྐབས་སུ་མི་ཚེའི་འཚར་ལོངས་ཀྱི་

བརྒྱུད་རིམ་ཆ་ཚང་བར་གོ་བ་དང༌། ༢) སློབ་གྲྭ་རུ་དགེ་རྒན་གྱིས་བརྒྱུད་ སྤྲོད་བྱས་པའི་ཤེས་རྟོགས་ཙམ་ལ་གོ་བ་ཞིག

གཉིས་པ། ཤེས་ཡོན་ཕྱིར་མངོན་བྱེད་སྟངས་ཀྱི་ངོས་ནས། ༡) ཕྱི་རོལ་ཡུལ་གྱི་

གནས་ཚུལ་ལ་གོ་རྒྱ་ཡངས་པ་ཙམ་ལ་གོ་བ་དང༌། ༢) ཡང་མི་གཤིས་ཀྱི་ ཁྱད་དུ་འཕགས་པའི་ཁམས་ཤིག་ལ་གོ་བ། ༣) ཕྱི་རོལ་གྱི་གནས་ཚུལ་ལ་ གོ་རྒྱ་ཡངས་པ་མ་ཟད་ནང་གི་སེམས་ཁམས་ཀྱི་བཟང་པོའ ི་ཡོན་ཏན་བླ་ན་

འཕགས་པའི་སྒོ་ནས་ཕྱིར་མངོན་བྱས་པར་གོ་བ་ཞིག

གསུམ་པ། ཤེས་ཡོན་སྤྲོད་པའི་བསམ་བློའ ི་ངོས་ནས། ༡) སློབ་མ་ནི་སྣོད་སྟོང་པ་

ཞིག་དང་མཚུངས་པར་དེའི་ནང་དུ་དགེ་རྒན་གྱིས་ཤེས་བྱ་དང་བཟང་པོའ་ི ཡོན་ཏན་བླུགས་དགོས་པ་ཞིག་ཏུ་གོ་བ་དང༌། ༢) ཡང་སློབ་མ་རེ་རེ་ལ་རང་

རང་གི་གཤིས་སྤྱོད་དང་མཐུན་པའི་འཚར་ལོངས་དང་མོས་འདུན་གྱི་ནུས་པ་ ཐུན་མོང་མ་ཡིན་པ་རེ་ཡོད་པ་དེ་ཉིད་ཕྱིར་འདོན་བྱེད་པར་གོ་བ་ཞིག

བཞི་པ། ཤེས་ཡོན་གྱི་ཚད་གཞིའི་ངོས་ནས། ༡) མི་ཞིག་གི་ཤ ེས་ཚད་ནི་དམིགས་

ཚད་ལྡན་པའི་སྒོ་ནས་འཇལ་ཐབས་ཡོད་པ་ཞིག་ཏུ་གོ་བ་དང༌། ༢) མི་ཞིག་

གི་ཤེས་ཡོན་གྱི་ཚད་གཞི་ཞེས་པ་ཕྱོགས་ཡོངས་རང་བཞིན་གྱི་ནུས་པ་ ཞིག་ཡིན་ཕྱིར་དེ་ནི་གཏན་ནས་གཞལ་ཐབས་བྲལ་བ་ཞིག་ཏུ་ངོས་འཛིན་


བྱེད་པ་ཞིག

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 187

ཤེས་ཡོན་གྱི་སྟེང་དུ་འདི་འདྲའི་གོ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པས་དོན་

དམ་གྱི་ཤ ེས་ཡོན་ངོ་མ་ཞིག་ངོས་འཛིན་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཤེས་ཡོན་ རང་ངོས་ནས་སྒྲ་ཡངས་དོག་གཉིས་ཀའི་ཁྱད་ཆོས་ལྡན་པས་ན་ཤ ེས་ཡོན་ཆ་ཚང་ བ་ཞེས་པའང་སྒྲ་དོན་ཡངས་དོག་གི་གོ་དོན་གཉིས་ཀ་ལྡན་ཞིང་ཧྲིལ་པོའ་ི རང་

བཞིན་ཅན་ཞིག་ཡིན་སྟེ། སྒྲ་དོན་ཡངས་དོག་གི་འཇུག་ཡུལ་གཉིས་ཀྱིས་ཕན་ཚུན་ ནུས་པ་ཐོན་བྱུང་ཟུང་དུ་འབྲེལ་བའི་སྣང་ཚུལ་ཞིག་ལ་ངོས་འཛིན་བྱེད་དགོས་པས་

ན་གོང་གི་གནད་དོན་འདི་དག་གཞིར་བཞག་སྟེ་འོག་ཏུ་སྟབས་བདེ་བ་དང་ཧྲིལ་ པོའ ི་སྒོ་ནས་ཤ ེས་ཡོན་ངོས་འཛིན་བྱེད་པ་ལ།

(ཀ) ཤེས་ཡོན་གྱི་བརྒྱུད་ལམ་ལ་མཚོན་ན་མི་ཚེའི་བརྒྱུད་རིམ་ཆ་ཚང་བ་དང་ ལྷག་པར་སློབ་གྲྭའི་ཤེས་རིག་གི་བརྒྱུད་ལམ་ཆ་ཚང་བ་འགྲིམ་དགོས་པ་ ཞིག་ཡིན།

(ཁ) ཕྱི་རོལ་ཡུལ་གྱི་གོ་རྟོགས་དང་ཚན་རིག་གི་ཤེས་བྱ་ལྡན་པ་མ་ཟད་ལྷག་

པར་ནང་བསམ་བློའ ི་ངོས་ནས་བླ་ན་མེད་པའི་བཟང་པོའ ི་ཡོན་ཏན་དང་ལྡན་ པ་ཞིག་ཡིན།

(ག) མི་ཞིག་ལ་མི་རབས་ནས་མི་ཐོག་གི་ཚོགས་སྡེའི་ཉམས་མྱོང་བརྒྱུད་སྤྲོད་

བྱེད་དགོས་པ་མ་ཟད་ལྷག་པར་མི་རེ་རེ་ནི་ཐུན་མོང་མ་ཡིན་པའི་ནུས་པའི་ འབྱུང་ཁུངས་རེ་ཡིན་པས། མི་གང་ཞིག་གི་ཐུན་མིན་ཁྱད་ཆོས་ལྡན་པའི་ ནུས་པ་ཕྱིར་མངོན་བྱེད་པ་ཞིག་ཡིན།

(ང) མི་ཞིག་གི་ཕྱི་རོལ་ཡུལ་གྱི་གོ་རྟོགས་དང་ཚན་རིག་གི་ཤེས་ཚད་ནི་དམིགས་

ཚད་ལྡན་པའི་སྒོ་ནས་སྤྲོད་ལེན་དང་ཚད་འཇལ་བྱེད་དུ་ཡོད་ནའང༌། མི་གང་


188 ཉམས་ཞིབ་དེབ་ཕྲེང་། ༡

ཞིག་གི་ཁྱད་ཡོན་ཆ་ཚང་གི་ངོས་དང་ལྷག་པར་བསམ་བློའ་ིཤེས་ཡོན་གྱི་ ངོས་དེ་ནམ་ཡང་ཚད་འཇལ་བྱེད་ཐབས་བྲལ་བ་ཞིག་ཡིན།

(ཅ) ཤེས་ཡོན་ནི་མི་ཞིག་ལ་དམིགས་ཚད་མེད་པའི་སྒོ་ནས་རང་བཞིན་གྱིས་ འཚོ་བའི་ཁྲོད་དུ་ཐོབ་ཀྱིན་ཡོད་ལ། ལྷག་པར་དམིགས་ཚད་ལྡན་པའི་སྒོ་ ནས་མཛུབ་སྟོན་དང་སྣེ་ཁྲིད་བྱེད་དགོས་པ་ཞིག་ཀྱང་ཡིན།

རྒྱུ་མཚན་དེ ་ བས་ཤེ ས ་ཡོ ན ་གླེ ང ་སྐབས་སྒྲ་དོ ན ་ཡངས་དོ ག ་གི ་ གནས་

ལུགས་གཉིས་ཀྱི་བར་དུ་འགལ་བའི་འདུ་ཤེས་འཛིན་པའམ། ལག་ལེན་དངོས་ ཀྱི ་ ནང་དུའང་གཅི ག ་ཐོ བ ་གཅི ག ་ཤོ ར ་གྱི ་ མཐའ་གཉི ས ་སྤངས་ཏེ ་ གཅི ག ་ཕན་

གཅི ག ་གྲོ ག ས་སུ་འགྲོ ་ དགོ ས ་པའི ་ ཆོ ས ་ཉི ད ་ནི ་ཤེ ས ་ཡོ ན ་གྱི ་ དོ ན ་སྙི ང ་མཐར་ ཐུག་ཡིན་ནོ། །

ད་ནི་ཤེས་ཡོན་ཞེས་པ་སྤྱིའི་ཆ་ནས་གོང་དུ་དཔྱད་ཞིབ་བྱས་པ་བརྒྱུད་ར་

སྤྲོད་བྱེད་ཐུབ་པ་ཞིག་ཡིན་ནའང་གང་ཟག་སྒེར་ཞིག་ལ་སྦྱར་ན་གང་ཟག་གཅིག་གི་

གྲུབ་ཆ་གང་དག་ནས་ཤེས་ཡོན་ངོས་འཛིན་བྱེད་དགོས་པའམ། གྲུབ་ཆ་གང་དག་ ཡར་རྒྱས་གཏོང་བའམ་གསོ་སྐྱོང་བྱེད་དགོས་པ། དེ་དག་གི་ཆོས་ཉིད་རང་བཞིན་ གང་འདྲ་ཞིག་ཡིན་པ། གྲུབ་ཆ་རེ་རེ་ལ་ཁྱད་ཡོན་གང་དག་ལྡན་པ། དེ་དག་གི་ཚད་ གཞི་ཅི་འདྲ་ཞིག་ཡིན་པ་སོགས་ནི་དྲི་བ་ཆེ་ཤོས་ཡིན་པས་གཤམ་དུ་དེ་དག་གི་ སྐོར་ལ་དབྱེ་ཞིབ་རྒྱས་ཙམ་བྱ་བར་འདོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 189

ལེའུ་གསུམ་པ།

དཔྱད་ཞིབ་རིགས་པའི་གཤག་བཅོས་ལྟ་ཐབས་ཀྱིས་བལྟས་ པའི་ཤེས་ཡོན་ངོས་འཛིན་བྱེད་ལུགས། དང་པོ། སྤྱི་དཔྱད།

འདིར་དཔྱད་པར་བྱ་བ་ནི་གང་གི་བརྗོད་ཚུལ་དེ་དག་ལ་དགག་སྒྲུབ་བྱེད་རྒྱུ་དེ་

མ་ཡིན་པར་དེ་དག་ལས་ལེགས་ཆ་བསྡུ་ལེན་གྱིས་ལོ་རྒྱུས་ཀྱི་གོ་རྟོགས་དང༌། མཁས་པའི་གསུང་སྒྲོས། དུས་རབས་ཀྱི་གོ་རྟོགས་བཅས་རྩ་བར་བཟུང་སྟེ་ཤ ེས་

རིག་གི་དཔལ་ཡོན་ངོས་འཛིན་ཐད་ལ་ཆ་ཚང་བ་དང་སྔར་ན་མེད་པའི་དཔྱད་ཞིབ་ གསར་པ་ཞིག་བྱ་རྒྱུ་དེའོ། །ཤེས་རིག་གི་དོན་སྙིང་ནི་མིའི་རིགས་ཀྱི་བླ་ན་མཐོ་

བའི་ཕུགས་བསམ་དང༌། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ། མཛེས་སྡུག་ལྟ་ ཚུལ། མི་ཚེའི་ལྟ་ཚུལ་སོགས་བསྡུས་པའི་འཚོ་བའི་དོན་སྙིང་ཞིག་ཡིན་པའི་ཆ་

ནས་ཤ ེས་ཡོན་ངོས་འཛིན་བྱེད་པ་ལའང་མཐའ་ཡས་པའི་གླེགས་བམ་ཞིག་གི་ཞལ་

ཕྱེས་པ་དང་གཉིས་སུ་མ་མཆིས་པས་ཕྱོགས་ཡོངས་རང་བཞིན་གྱི་ལྟ་ཚུལ་ཞིག་ དང༌། ཞིབ་ཚགས་རང་བཞིན་གྱི་ལྟ་ཚུལ་ཞིག ཕྱོགས་སྡོམ་རང་བཞིན་གྱི་ལྟ་ཚུལ་ ཞིག་བཅས་དགོས་པས་ན་འདིར་ཡང་དེ་འདྲའི་དཔྱད་ཐབས་ཤིག་ལྟེ་བར་བཟུང་


190 ཉམས་ཞིབ་དེབ་ཕྲེང་། ༡

ནས་དཔྱད་ན། ཤེས་ཡོན་ཞེས་པ་དོན་དམ་དུ་ཅི་འདྲ་ཞིག་རེད་ཅེ་ན་གོང་དུ་དྲངས་

པའི<བསླབ་མདོ>ལས། “དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་

བཀའ་སྩལ་པ། དགེ་སློང་དག འདི་དག་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་ འཛིན་ཡིན་ནོ། །འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག ཚུལ་ཁྲིམས་ལ་གོམས་ པར་བྱས་ན། ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་

གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་ལས་སེམས་ཡང་དག་

པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །” ཞེས་པ་ནས་བསྟན་པའི་བསླབ་པ་ 111

གསུམ་དང༌། གོང་དུ་དྲངས་པའི་ཕྱི་ནང་གནའ་དེང་གི་མཁས་པ་དག་གི་ཤ ེས་ཡོན་

ངོས་འཛིན་བྱེད་ཚུལ་གཞི་ལ་བཞག་ནས་དཔྱད་ན། ཤེས་ཡོན་ནི་ཤ ེས་ཡོན་རང་ ངོས་ནས་ཟུར་བཞིའི་བདག་ཉིད་ཅན་ཞིག་ཡིན་ལ། ཟུར་བཞི་བོ་ནི་བློ་གྲོས་ཀྱི་ཟུར་

གཅིག་དང༌། ཀུན་སྤྱོད་ཀྱི་ཟུར་གཅིག འཇོན་ནུས་ཀྱི་ཟུར་གཅིག བདེ་ཐང་གི་ཟུར་

གཅིག་བཅས་བཞི་ཡིན་པ་དང་དེའང་ཕན་ཚུན་ལྟོས་གྲུབ་ཏུ་གནས་པ་གང་ཞིག་ལ་ དཀྱིལ་སྙིང་དུ་ཤ ེས་ཡོན་གྲུབ་པའི་ཚུལ་དེ་གོ་བདེ་ཕྱིར་འོག་ནས་དཔེ་རིས་བརྒྱུད་ ནས་དཔྱད་ཞིབ་བྱེད་པ་ལ།

111

<<མདོ་ཚན་ལམ་སྒྲིག>> ཤཱཀྱ་ཐུབ་པ་དེབ་ཕྲེང༌། ཤོག་ངོས༤༥། དགེ་བཤེས་ཐུབ་བསྟན་དཔལ་བཟང་གིས་

བསྒྲིགས། རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 191

རི་མོ་འདིས་མཚོན་པར་བྱ་བ་དེ་བློ་གྲོས་དང༌། ཀུན་སྤྱོད། འཇོན་ནུས། བདེ་

ཐང་བཅས་ཀྱི་ཟུར་བཞི་ག་ཚང་ཞིང༌། དེའང་གོར་ཐིག་གིས་སྦྲེལ་བ་ལྟར་ཕན་ཚུན་ དམ་དུ་འབྲེལ་ན་གཞི་ནས་སྒོར་ཐིག་བཞིའི་སྣོལ་མཚམས་སུ་གནས་པའི་ཤེས་ ཡོན་ཞེས་པའི་དོན་སྙིང་དེ་གྲུབ་པའི་གནས་ལུགས་སྟོན་གྱིན་ཡོད། གལ་སྲིད་དེ་

དག་ལས་ཟུར་གཅིག་ཉམས་ནའང་དཀྱིལ་སྙིང་དུ་གནས་པའི་ཤེས་ཡོན་གྱི་དོན་ སྙིང་ཉམས་དམས་སུ་ཕྱིན་ཏེ། ལྷུ་ལག་མ་ཚང་བའི་ཤེས་ཡོན་བཏགས་པ་བ་ཞིག་ ལས་འགྲུབ་ཐུབ་མེད་པས་ན། ཤེས་ཡོན་ཆོས་ཉིད་ཀྱི་ཐོག་མའི་གནས་ལུགས་འདི་ མ་རྟོགས་ན་ཤེས་ཡོན་ལས་དོན་ཉིད་ཕྱོགས་སུ་ལྷུང་བའམ་ཡང་ན་འཇིགས་སུ་

རུང་བའི་གནད་དོན་སྣ་ཚོགས་ཀྱི་ཉེར་ལེན་དུ་མི་འགྱུར་བའི་ངེས་པ་མེད་པས་ན། ཐོག་མར་ཤ ེས་ཡོན་གྱི་གནས་ལུགས་དང་དེའི་གྲུབ་ཆ་རེ་རེ་ལ་བསམ་གཞིགས་ གནད་དུ་ཐིང་བ་རེ་བྱེད་དགོས་པ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ལགས་

ན༑ བདག་གིས་བསམ་གཞིགས་ཀྱི་ནུས་པ་ཡོད་རྒུ་ཤེས་ཡོན་འཚོལ་ཞིབ་ཀྱི་སྟེང་

དུ་འཛུགས་རྒྱུ་ཡིན་ལ་དེའང་ཤེས་ཡོན་གྱི་ཟུར་རེ་རེ་བཞིན་ཕྲལ་ཏེ་དཔྱད་ཞིབ་དང་ གསེད་གྲོལ་བྱས་ན་གནས་ལུགས་ཤིག་རྟོགས་པར་གདོན་མི་ཟ།

གཉིས་པ། ཤེས་རབ་ཤེས་ཡོན་གྱི་ངོས་འཛིན་དང་དཔྱད་ཞིབ། ༡ ཤེས་རབ་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།

ད་ནི་ཤེས་རབ་ཀྱི་གཟི་དཔལ་བཤད་པ་ལ་དོན་དངོས་ཤེས་རབ་ཅེས་པ་ཅི་ཞིག་ ཡིན་པ་དང༌། ཤེས་རབ་དང་ཀུན་སྤྱོད་ཀྱི་ཁྱད་པར་དང་ལྕི་ཡང༌། ཤེས་རབ་ཀྱི་


192 ཉམས་ཞིབ་དེབ་ཕྲེང་། ༡

ཡུལ་དུས་རང་བཞིན་བཅས་མ་འདྲེས་པར་གསེད་བཀྲོལ་བྱེད་དགོས་ན། ཆེས་དབྱེ་ དཀའ་བའི་རྙོག་འཛིང་རང་བཞིན་ལ་ཡུན་རིང་དཔྱད་གཞིག་བྱེད་དགོས།

112*

འདིའི་

ཐད་འཇར་པན་གྱི་མཁས་དབང་ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་ཀྱིས“བློ་གྲོས་ཞེས་ པ་ནུབ་གླིང་བས(Intellect) ཞེས་བྱ་བར་འབོད་ཅིང༌། ཡིན་པ་ཆོས་རྣམས་ལ་དཔྱད་

གཞིགས་གསེད་བཀྲོལ་དང་རྟོགས་པའི་ནུས་པ་ལ་གོ” ཞེས་གསུངས་ཡོད་ལ། 113

སྒྲ་ཡངས་འཇུག་གི་དབང་དུ་བཏང་ན་བློ་གྲོས་དང༌། ཤེས་རབ། རིག་པ་གསུམ་ དོན་གཅིག་མིང་གི་རྣམ་གྲངས་སུ་ངེས་ཏེ<བོད་རྒྱ་ཚིག་མཛོད་ཆེན་མོ།>ལས“བློ་

གྲོས་ནི་རིག་རྩལ་ལམཤེས་རབ” ཀྱི་དོན་དུ་གསུངས་པ་ལྟར་ཁྱབ་ཆེ་བའི་སྒོ་ནས་ 114

བཤད་ན་བློ་གྲོས་ནི་ཕྱིའི་དངོས་པོའ་ི ཆོས་ཉིད་དམ་ཡུལ་གྱི་གནས་ལུགས་དང༌།

ནང་སེམས་ཀྱི་ཆོས་ཉིད་དམ་ཡུལ་ཅན་གྱི་གནས་ལུགས། དེ་གཉིས་བར་དུ་གནས་

པའི ་ སྟེ ང ་གི ་ བཀོ ད ་པའི ་ ཆོ ས ་ཉི ད ་དེ ་ སྒྲི ག ་གཞི ་ ལམ་ལུགས་སོ ག ས་ཀྱི ་ གནས་ ལུགས་བཅས་ལ་དཔྱད་ཞིབ་དང༌། གསེད་བཀྲོལ། དབྱེ་འབྱེད། ཕྱོགས་སྡོམ། བླང་

112*

ཨིན་ཡིག་གི་ནང་དུ། INTELLIGENCE: བློ་གྲོས།

deal with new or trying situations,

(1) : the ability to learn or understand or to

སྦྱོང་བ་དང༌། དོན་གོ་བའི་ནུས་པའམ་ཡང་ན་གནས་སྟངས་གསར་

པ་དང་དཀའ་ངལ་ལ་ཁ་གཏད་གཅོག་པའི་ནུས་པ་ཞིག 2) : the ability to apply knowledge to manipu-

late one's environment or to think abstractly as measured by objective criteria (as tests) ; <Christian Science> : the basic eternal quality of divine Mind

ང་ཚོར་ཐོབ་པའི་ཤ ེས་བྱ་གསར་

པ་གང་ཞིག་སྤྱི་ཚོགས་སྒུལ་བསྐྱོད་བྱེད་པར་ལག་ལེན་དུ་བསྟར་བའི་ནུས་པ་ཞིག་དང༌། ཡང་ན་ཤ ེས་རབ་ནི་ ཡིག་ཚད་སོགས་ཀྱིས་ཚད་རྒྱག་ཐུབ་པ་ཞིག་ཡིན།

ཡེ་ཤུའི་ཆོས་ལུགས་ཀྱི་ཚན་རིག་ལས་བླ་ན་མེད་པའི་

སེམས་ཀྱི་རྩ་བའི་ཐོག་མཐའ་མེད་པའི་ཁྱད་གཤིས། ཞེས<<taken from Merriam-Webster’s Collegiate 113

114

Dictionary>>ཞེས་པའི་ཨིན་ཡིག་གི་ཚིག་མཛོད་ལས་འགྲེལ་བརྗོད་གནང་ཡོད།

<<ཤེས་རིག་སྨྲ་བའི་བསྡུས་དོན།>> ཤོག་ངོས༩༠། ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་ཀྱིས་བརྩམས། ཆ་རིས་

སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

<<བོད་རྒྱ་ཚིག་མཛོད་ཆེན་མོ།>> ཤོག་ངོས༡༩༡༩། ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་

སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 193

དོར་བཅས་བྱེད་པའི་ཤེས་རབ་ཀྱི་ནུས་རྩལ་ལ་གོ་ན་འགྲིག

ཤེས་རབ་ནི་ཆོས་ཀྱི་གནས་ལུགས་ལ་མ་རྨོངས་པ་སྟེ་བྱ་དངོས་རེ་རེའི་ཁྱད་

གཤིས་དང་རྣམ་དབྱིབས། ཡུལ་དུས་གནས་བབ་བཅས་ལ་དཔྱད་ཞིབ་དང་གསེད་

བཀྲོལ་བྱས་ཏེ་འཇུག་ལྡོག་བླང་དོར་བྱེད་པའི་ཀླད་ནུས་ཤིག་གི་མིང་དུ་ངེས་ལ། ཀླད་ནུས་དེ་ནི་སྤྱི་ཚོགས་ཁོར་ཡུག་དང༌། རིག་གནས་ཁོར་ཡུག སློབ་སྦྱོང་གི་ཁོར་ ཡུག ན་ཚོད་འཕེལ་རིམ། ཡུལ་དུས་ཀྱི་འགྱུར་བ་བཅས་ལ་བརྟེན་ནས་ངོ་བོ་སོ་ན་

མི་སྡོད་པར་ཐུག་མེད་ཡར་རྒྱས་འགྲོ་བ་དང༌། རྣམ་པ་ཇེ་མང་དང༌། ནང་དོན་གཏིང་ ཟབ་ཏུ་འགྲོ་བའི་རང་བཞིན་ཅན་ཞིག་ཡིན་ཕྱིར་སློབ་སྦྱོང་ཅི་ཙམ་བྱས་ན་ཆུ་ཕྲན་མི་

འདྲ་བ་སྟོང་ཕྲག་འདུས་པ་ལས་རྒྱ་མཚོ་གྲུབ་པ་བཞིན་ཆུ་ཕྲན་ཅི་ཙམ་མང་ནའང་དེ་ དག་རེ་རེ་ནས་མཐའ་ཀླས་གཏིང་ཟབ་ཀྱི་རྒྱ་མཚོར་དོན་སྙིང་ཆེ་རུ་འགྲོ་བ་དང་འདྲ་ བར་སློབ་སྦྱོང་མི་འདྲ་བ་ཅི་ཙམ་མང་དུ་བྱས་ན་ཟབ་པ་དང༌། གསལ་བ། མྱུར་བ་

བཅས་ཀྱི་ཁྱད་ཆོས་ལྡན་པའི་བློ་གྲོས་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་བ་དང༌། ཤེས་བྱ་

སྣ་གཅིག་དང་ཚིག་འབྲུ་སྣ་གཅིག་སྦྱོང་ནའང་ཤེལ་གོང་ལྟ་བུའི་ཤ ེས་རབ་ཀྱི་ནུས་

པ་གཅིག་སྐྱེས་པ་རེད་ལ་མ་རིག་པའི་མུན་པ་གཅིག་བསལ་བ་ཡིན་ནོ། །དེའི་ཕྱིར་ ཤེས་རབ་ལ་སློབ་སྦྱོང་བརྒྱུད་ནས་ངོ་བོ་ཇེ་གསལ་དང་ནུས་པ་ཇེ་ཆེ་བཅས་འགྲོ་ བའི་རང་བཞིན་དང་ཁྱད་ཆོས་ཡོད། རྩོད་སྒྲུབ་དངོས་གཙོ་རིང་ལུགས་པས་དངོས་

པོ་ཨང་དང་པོ་དང་ཤེས་པ་ཨང་གཉིས་པར་བརྩི་བ་དང༌། སེམས་གཙོ་སྨྲ་བས་ ཤེས་པ་ཨང་དང་པོ་དང༌། དངོས་པོ་ཨང་གཉིས་པར་བརྩི་བ་གང་ཡིན་ཀྱང་ཕྱི་རོལ་ ཡུལ་དང་ཤ ེས་པའི་བར་དུ་ལྟོས་བཅས་འབྲེལ་བ་ཞིག་ཡོད་པ་རྩོད་མེད་ཁས་ལེན་

པ་བཞིན། ཤེས་པ་ནི་ཕྱི་རོལ་ཡུལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་བརྟེན་ནས་ ཐུག་མེད་དུ་ཡར་རྒྱས་འགྲོ་བའི་ཆོས་ཤིག་ཡིན།


194 ཉམས་ཞིབ་དེབ་ཕྲེང་། ༡

ཕྱོགས་གཞན་ཞིག་ནས་བཤད་ན་ཤ ེས་རབ་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེ་ཆེར་

ལྡན་ཏེ་སེམས་ཀྱི་བཀོད་པ་དང༌། ལུས་ངག་གི་འཇོན་ནུས་དང་ཐབས་རྩལ། ཀུན་

སྤྱོད་ཀྱི་ནུས་པ་དང༌། བདེ་ཐང་གི་ནུས་པ་བཅས་ཀྱི་ངོ་བོ་དག་སྒྲིག་དང༌། དགེ་ སྡུད་སྐྱོན་སེལ་བྱས་ཏེ་འོད་སྣང་གི་ཕྱོགས་སུ་སྣེ་ཁྲིད་བྱེད་ཀྱིན་ཡོད། རྒྱུ་མཚན་ དེ་བས་ཤ ེས་ཡོན་འཚོལ་ཞིབ་ནས་སྡུད་ལེན། སྡུད་ལེན་ནས་དག་སྒྲིག དག་སྒྲིག་

ནས་བཀོལ་སྤྱོད། བཀོལ་སྤྱོད་ནས་བསྐྱར་སྒྲིག བསྐྱར་སྒྲིག་ནས་སྙིང་པོ་ལེན་ པའི ་ བར་དུ་ཤེ ས ་རབ་ཀྱི ་ ནུས་པའི ་ ཕྱོ ག ས་སྟོ ན ་ལ་བརྟེ ན ་དགོ ས ་པ་ལས་ཀུན་ སྤྱོད་ཀྱི་ཆིག་མཐར་ལྷུང་མི་རུང་ངོ༌། །

ཤེས་རབ་ལ་ཡུལ་གྱི་ལྕི་ཡང་དང༌། བཟང་ངན། ཐོབ་ཤ ོར་སོགས་ལ་མྱོང་

ཚོར་བྱེད་པ་དང་དཔྱད་ཞིབ་བྱེད་པ། འདོར་ལེན་བྱེད་པ་བཅས་ཀྱི་ནུས་པ་ཡོད།

ནང་བསྟན་ཤེ ས ་རི ག ་གི་གྲུབ་མཐའི་ཡང་རྩེ ་ཐལ་འགྱུར་བའི ་ ལུགས་ལ“བདག་

འཛིན་ཕྲ་རགས་ས་བོན་དང་བཅས་པ་དང༌། དེའི་དབང་གིས་བྱུང་བའི་དུག་གསུམ་

ས་བོན་དང་བཅས་པ་ཉོན་སྒྲིབ་ཏུ་འདོད་དེ། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའི་ ཕྱིར། བདེན་འཛིན་གྱི་བག་ཆགས་དང༌། དེའི་དབང་གིས་བྱུང་བའི་གཉིས་སྣང་ འཁྲུལ་བའི་ཆ་དང༌། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་རྣམས་ཤེས་ སྒྲིབ་ཏུ་འདོད་དོ། །” ཞེས་དང“མིང་དང་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ 115

ཡིན་པའི་ཡོད་པར་འཛིན་པ་བདེན་འཛིན་ཕྲ་མོ་དང༌། དེའི་ཞེན་ཡུལ་མིང་དང་ཐ་ སྙད་ཀྱི་དབང་གིས་བཞག་པའི་ཡོད་པ་དེ་གང་ཟག་གི་སྟེང་དུ་ཡོད་པར་འཛིན་པ་

གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ཆོས་ཀྱི་བདག་ འཛིན་ཡིན་ལ། དེ་ལྟར་འཛིན་པའི་ལྷན་སྐྱེས་གཉིས་ཀའང་འཁོར་བའི་རྩ་བར་གྱུར་

115 <<གྲུབ་པའི་མཐའི་རྣམ་པར་བཞག་པ་རིན་པོ་ཆེ་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །>> ཤོག་ངོས༨༠། བཙུན་པ་

དཀོན་མཆོག་འཇིགས་མེད་དབང་པོ། ཤེས་རིག་པར་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 195

པའི་མ་རིག་པ་དང་ཉོན་སྒྲིབ་ཏུ་བཞེད་དོ། །” ཞེས་དང“ཐལ་འགྱུར་བའི་ལུགས་ཀྱི་

ཤེས་སྒྲིབ་འདོད་ཚུལ་ནི། རྐྱེན་དང་ཕྲད་ཀྱང་ཉོན་མོངས་དངོས་སུ་བསྐྱེད་པར་མི་ ནུས་པའི་ཉོན་མོངས་ཀྱི་བག་ཆགས་དང༌། དེའི་འབྲས་བུ་གཉིས་སྣང་འཁྲུལ་བའི་ བདེན་སྣང་ཙམ་ལ་བྱ་ཞིང༌། འདི་ལ་ཕྲ་རགས་གསུམ་མམ་བཞིར་བྱས་པ་དག་པ་ ས་གསུམ་གྱིས་སྤོང་བའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤ ེས་ཐོབ་པར་

བཞེད་པ་ཡིན་ནོ། །” ཞེས་པའི་གསུང་ཚན་འདི་དག་ལ་གཞིག་ན་འདི་ནི་དགག་ 116

བྱའི་སྒོ་ནས་ཤ ེས་རབ་ཀྱི་ཚད་འཇལ་བྱེད་སྟངས་ཤིག་ཡིན་ལ་ཚད་འཇལ་འདིའི་

དབང་དུ་བཏང་ན། ཤེས་རབ་ལ་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་ཤ ེས་རབ་

ཆུང་ངུ་དང་ཤེས་སྒྲིབ་སྟེ་ཉོན་མོངས་པ་ཕྲ་མོ་བག་ཆགས་ཞེས་པ་དང་བྲལ་ཞིང་ གནས་ལུགས་མཐར་ཐུག་རྟོགས་པའི་ཤེས་རབ་ཆེན་པོ་ཞེས་གཉིས་སུ་དབྱེ་རུང་

བར་འདོད་ལ། ཡང་ཤེས་རབ་ཀྱི་ཐད་ལ་འཇར་པན་གྱི་མཁས་དབང་ཧྤོའུ་ཁོའུ་ཛ་ བཱ་ཡོའུ་ཁིས་ཆིས་ཀྱིས་སྒེར་གྱི་བློ་གྲོས་དང༌། སྤྱིའི་བློ་གྲོས་ཞེས་དབྱེ་བ་མཛད་

པའི​ི“སྒེར་གྱི་བློ་གྲོས་ནི། ཆོས་ཀྱི་གནས་ལུགས་ལ་དཔྱད་གཞིག་བྱས་ཤ ིང་གནས་ ལུགས་དེར་བསྟུན་པའི་ནུས་རྩལ་ལ་སྒེར་གྱི་བློ་གྲོས་ཟེར། ཆོས་རྣམས་ཀྱི་ལྕི་ཡང་

མྱུར་བུལ་གྱི་ཁྱད་པར་ཕྱེ་སྟེ། ཡང་ཞིང་བུལ་བ་རྗེས་དང༌། ལྕི་ཞིང་མྱུར་བ་སྔོན་ ལ་བསྒྲུབས་ཤ ིང༌། དེའི་དུས་དང་ཡུལ་གྱི་རང་བཞིན་གཟིགས་ཞིབ་བྱེད་པའི་ནུས་ རྩལ་ལ་སྤྱིའི་བློ་གྲོས་ཞེས་ཟེར།” ཞེས་པའི་གསུངས་ཚུལ་བཅས་ལ་གཞིག་ན་ཤ ེས་

རབ་ཀྱི་ཁ་གཏད་སའི་ཁྱད་པར་གྱི་དབང་གིས་ཡུལ་ལ་དཔྱད་གཞིག་བྱེད་པའི་ཤ ེས་ རབ་ཕྲ་རགས་སམ་ཆེ་ཆུང་གི་དབྱེ་བ་གཉིས་ཕྱེས་པ་ནི་གནས་ལུགས་སུ་ངེས་ཏེ།

སྒེར་གྱི་ཤ ེས་རབ་བམ་ཤེས་རབ་ཆུང་བ་དང་སྤྱིའི་ཤེས་རབ་བམ་ཤ ེས་རབ་ཆེན་པོ་ 116 <<གྲུབ་མཐའ་ཤེལ་གྱི་མེ་ལོང༌།>>

ཤོག་ངོས༢༨ནས༢༩། ཐུའུ་བཀྭན་ཆོས་ཀྱི་ཉི་མ། བོད་ཀྱི་གཙུག་ལག་ཞིབ་

དཔྱོད་ཁང་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་ཞུས།


196 ཉམས་ཞིབ་དེབ་ཕྲེང་། ༡

གཉིས་ཀྱི་འབྲེལ་བའི་ཕྱོགས་ནས་བལྟས་ན་ཤེས་རབ་ཆུང་ཆུང་མང་པོའ་ི ནུས་པ་

གཅིག་ཏུ་སྒྲིལ་ཏེ་ཤ ེས་རབ་ཆེན་པོའ ི་ནུས་རྩལ་ལ་བསླེབ་དགོས་པ་དང༌། དཔེར་ན་ ཀ་མད་སུམ་ཅུ་ལས་གཅིག་ཤེས་ནའང་ཤེས་པ་ཞིག་ཡིན་ལ། ཁ་ཤ ས་ཤ ིག་ཤ ེས་

པའང་ཤ ེས་པ་ཞིག་ཡིན། འོན་ཀྱང་དེ་འདྲ་ཤེས་པ་ཙམ་གྱིས་ཀ་མད་བསླབ་པའི་

དགོས་པ་འགྲུབ་ཐབས་བྲལ་བས་ན་ཀ་མད་སུམ་ཅུ་རེ་རེ་ནས་སྦྱངས་ཏེ་ཆ་ཚང་བ་ ཤེས་ཤ ིང༌། སྦྱོར་ཀློག་དང་ཚིག་དོན་གྱི་གོ་དོན་ཤེས་པའི་ནུས་ཚད་ལ་སླེབ་དུས་ ཤེས་རབ་ཀྱི་ཁ་གཏད་ཡུལ་དེའི་དབང་དུ་གྱུར་པའི་ཤེས་རབ་ཆེན་པོ་ཟེར་ཆོག

ཕྱིར་རྟོགས་ཤ ིག་བྱས་ན་ཤེས་པ་ཕྲ་མོ་མང་པོ་ཕྱོགས་གཅིག་ཏུ་བསྒྲིལ་པའི་སྒྲིལ་

ཤུགས་ལས་ད་གཟོད་ཤེས་རབ་ཆེན་པོ་དེ་བྱ་དངོས་ཀྱི་ཁྱད་གཤིས་དང་དེའི་ཡུལ་ དུས་ཀྱི་རང་བཞིན་བཅས་རྟོགས་པའི་ཡེ་ཤེས་ཀྱི་སྤྱན་འབྱུང་བཞིན་ཡོད།

ཤེས་རབ་ཀྱི་དོན་སྙིང་གི་སྟེང་ནས་བལྟས་ན་མིའི་རིགས་ཀྱིས་འཚོ་བ་ནི་

ཤེས་རབ་ལ་བརྟེན་ནས་རོལ་གྱིན་ཡོད་དེ། སྔ་རབས་པའི་མིའི་ཤ ེས་རབ་ཀྱི་སྟེང་

དུ་རྐང་བ་བཙུགས་ཏེ་བགྲོད་ལམ་གྱི་སྲིད་ཞེང་ལེགས་བཅོས་བྱེད་པ་དང་འདྲ་བར་ ཤེས་རབ་ཀྱི་རྒྱུན་ཟམ་མ་ཆད་པར་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་ཞིག་ཡིན་

ཕྱིར། སྐྱེས་བུ་དམ་པ་དང་མི་སྤྱི་བྱིངས་ཀྱི་ཤེས་རབ་འདྲ་མིན་ལ་བརྟེན་ནས་ཡར་ རྒྱས་དང་འཕོ་འགྱུར་སྣ་ཚོགས་ཀྱི་དབང་གིས་འཚོ་གནས་འཕེལ་རྒྱས་འགྲོ་བའོ། ། ཤེས་རབ་ནི་རྒྱུན་འཛིན་དང༌། སྡུད་བཏང༌། བརྗེ་རེས། འཕོ་འགྱུར། ཆེ་ཆུང་མང་

ཉུང་བཅས་ལྟོས་གྲུབ་ཀྱིས་ཡར་རྒྱས་འགྲོ་བ་ཞིག་ཡིན་གཤིས་སྦྱོང་བ་སྣ་ཚོགས་ ཤིག་བརྒྱུད་དགོས་པས་ན་མངལ་གྱི་གནས་སྐབས་ནས་ཤེས་རབ་ཀྱི་སྦྱོང་འགོ་

བརྩམས་ཡོད་པ་ཤ ེས་ཡོན་སྨྲ་བ་རྣམས་ཀྱིས་ཁས་ལེན་ནོ། །དེ་བས་ཤ ེས་རབ་ནི་ སྦྱང་ན་འཕེལ་ཞིང་མ་སྦྱངས་ན་མི་འཕེལ་བ་ཞིག་ཡིན་ཕྱིར་ཤ ེས་རབ་སྦྱང་བའི་ཁོར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 197

ཡུག་ཅི་ཙམ་ཡངས་པ་དང་ཕུན་སུམ་ཚོགས་པ་ཡོད་ན་དེ་དང་ལྟོས་བཅས་ཀྱིས་ འཕེལ་རྒྱས་འགྲོ་བའི་དབང་གིས་ཨ་རི་དང་ནུབ་ཕྱོགས་ཀྱི་སྔོན་ཐོན་རྒྱལ་ཁབ་

རྣམས་ཤ ེས་རབ་ཀྱིས་བླ་ན་མཐོ་བ་དང༌། རྒྱ་གར་དང་རྒྱ་ནག་ལྟ་བུ་ཤ ེས་རབ་ཀྱིས་ བར་མར་གནས་པ་དང༌། བོད་ལྟ་བུའི་གདོད་མའི་རྒྱལ་ཁབ་རྣམས་ཤ ེས་རབ་ཀྱིས་ དམན་སར་གནས་པའོ། །

མི་དག་གིས་ཤེས་རབ་དང་ཤེས་རབ་ཀྱི་སྡུར་ཚད་ལེན་པའི་སྐབས་སུའང་

ཀུན་སྤྱོད་ཀྱི་ཁྱད་ཡོན་འཁྱེར་ཏེ་ངོམ་སོ་བྱེད་པ་འདི་རང་རིགས་ལ་དར་ཆེ་ནའང༌། དོན་དངོས་སུ་ཤེས་རབ་དང་ཀུན་སྤྱོད་ནི་ཤེས་ཡོན་གྱི་ཟུར་གཉིས་སུ་གཏོགས་

པའི་ཁྱད་ཡོན་སོ་སོ་བ་ཡིན་ལ། ཤེས་རབ་ཀྱིས་ཀུན་སྤྱོད་ལ་སྣེ་ཁྲིད་བྱེད་པས་ ན་གོམ་པ་དང་པོ་དང་གཉིས་པ་ལྟ་བུའི་ཁྱད་པར་ཡང་ཡོད། མི་ཞིག་སྐྱེས་པ་ནས་ ཤེས་རབ་སྦྱང་བའི་ཁོར་ཡུག་ཏུ་མ་ཚུད་པ་གཅིག་ཀྱང་མེད་ནའང་སློབ་སྦྱོང་གི་ཁོར་

ཡུག་དང(སློབ་གྲྭ་གཅིག་པུར་མི་གོ) ཤེས་པ་གནས་པའི་རྩ་ཁམས་གྲུབ་སྟངས་ཀྱི་དབང་ གིས་མི་ཁ་ཤ ས་ཀྱི་ཤེས་རབ་ཀྱིས་འཇིག་རྟེན་ཁ་ལོ་བསྒྱུར་བ་དང༌། མི་ཁ་ཤ ས་ཀྱི་

ཤེས་རབ་ཀྱིས་རང་གི་འཚོ་བའང་ཐག་གཅོད་བྱེད་དཀའ། དེ་ལྟ་བུ་ནི་ཀུན་སྤྱོད་ཀྱི་ ཁྱད་པར་ལས་བྱུང་བ་མ་ཡིན་པར་ཤེས་རབ་ཀྱི་ཧེ་བག་ལས་བྱུང་བ་ཡིན།

ཤེས་རབ་ནི་སྦྱང་ནས་གོང་འཕེལ་གཏང་དགོས་པ་དང་སྦྱང་སའི་ཁོར་ཡུག་

གི་ཁྱད་པར་ལ་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན་སྔོན་ཐོན་རྒྱལ་ཁབ་ཀྱི་རྣམ་ དཔྱོད་བཀྲ་བའི་ཕ་མ་བཟང་པོའ་ི བྱིས་པ་ཞིག་ཀྱང་མི་མེད་ལུང་སྟོང་དུ་ཡུན་རིང་ གཅིག་པུར་ལུས་ན་དུད་འགྲོ་དང་མཚུངས་པའི་གནས་ལུགས་དེས་ཀྱང༌། ཤེས་

རབ་ནི་སློབ་སྦྱོང་བརྒྱུད་ནས་ངོ་བོ་གོང་འཕེལ་དུ་འགྲོ་བ་དང༌། ཇི་ལྟར་རྙོག་འཛིང་ གི་ཆོས་ལ་དཔྱད་གཞིག་བྱས་ན་ཤེས་རབ་ཀྱི་སྒོ་མོ་ཇེ་ཡངས་དང༌། ངོ་བོ་འཐུས་


198 ཉམས་ཞིབ་དེབ་ཕྲེང་། ༡

ཚང་བཅས་སུ་འགྱུར་བས་ན་ཤེས་ཡོན་སྦྱང་སའི་ཁོར་ཡུག་དང་། ཕ་མ། དགེ་རྒན་ སོགས་ཀྱི་རྣམ་དཔྱོད་ཀྱི་ཆུ་ཚད་ནི་མི་ཞིག་གི་ཤེས་རབ་ཀྱི་སྤུས་ཚད་འཇལ་བྱེད་ ཀྱི་ཚད་གཞིར་འཛིན་ཆོག

ཤེས་རབ་ནི་ཕྱི་རོལ་ཡུལ་ལ་ལྟོས་པ་ཞིག་ཡིན་པས་གནའ་གཞུང་རྣམས་སུ་

ཐབས་ལ་ཕ་དང༌། ཤེས་རབ་ལ་མ་ཞེས་པར་རྒྱུ་མཚན་ཟབ་མོ་ཡོད། དངོས་ཡོད་

གནས་ཚུལ་ལའང་ཤ ེས་རབ་ནི་བུད་མེད་གཅིག་དང་ཀུན་ནས་མཚུངས་པར་མཉེན་ ལྕུག་སྟབས་བསྟུན་གྱི་ཁྱད་ཆོས་ལྡན། དེ་ནི་ཕྱི་རོལ་ཡུལ་ལ་འབྲེལ་གཏུགས་ཀྱི་ སྒོ་ནས་ཤ ེས་རབ་ལ་ལྟ་སྟངས་ཤིག་ཡིན་པར་ངེས། ཤེས་རབ་ཀྱིས་ཕྱི་རོལ་ཡུལ་

ལ་འབྲེལ་གཏུགས་བྱས་ཏེ་ལེགས་ཉེས་ཕན་གནོད་ལ་གཞིགས་ཏེ་བླང་དོར་བྱེད་ ལ༑ ཆོས་ཀྱི་ངོ་བོ་ཅི་ཙམ་ལེགས་ཀྱང་དེས་རང་ལ་མི་ཕན་ན་དེ་ཉིད་དོར་ཏེ་གཞན་

ཞིག་གདམས་སྲིད། བསྟོད་སྨད་དང༌། དབུལ་ཕྱུག དྲག་གནོན། དཀའ་ངལ་བཅས་

ཀྱི ་ གནད་ལ་ཐུག་ན་སྟབས་བསྟུན་འགྱུར་བའི་ རང་བཞིན ་ཅན་སྟེ ་ ཕྱི ་ རོ ལ ་ཡུལ་ དུས་དང་འཚམ་པའི་སྤྱོད་སྟངས་ཅན་དུ་ངེས། ཕྱི་རོལ་ཡུལ་དུས་དང་བསྟུན་ནས་ བློ་གྲོས་ཀྱི་ངོ་བོ་དང་རྣམ་པ་འགྱུར་བཞིན་པ་དེ་ནི་ཤེས་རབ་རང་སྟེང་ནས་འཕེལ་

རྒྱས་ཀྱི་ངོ་བོར་བརྩི་ཆོག སློབ་ཆུང་ཁོར་ཡུག་ནས་ཞིབ་འཇུག་གི་བར་དུ་ཤ ེས་རབ་

ཀྱི་ཁྱབ་ཚད་ཅི་ཙམ་ཆེ་རུ་སོང་བ་དེ་ནི་སློབ་དེབ་དང་སློབ་གྲྭ སྤྱི་ཚོགས་བཅས་ཀྱི་ རིམ་འགྱུར་གྱི་ནུས་པས་རྟགས་ཐམ་བརྒྱབ་ཡོད་པས་ཤེས་རབ་ཀྱང་སོ་ན་མི་སྡོད་ པར་རྐྱེན་འགྱུར་དང་འཕེལ་རྒྱས་ཀྱི་ཁམས་སུ་བསྐྱལ་ཡོད།

ཕྱི་རོལ་གྱི་ཤ ེས་བྱའི་རྣམ་གྲངས་ཅི་ཙམ་མང་དུ་སོང་བ་དེ་ཙམ་དུ་ཤ ེས་རབ་

ཀྱི་ངོ་བོ་འཕེལ་རྒྱས་འགྲོ་སྟེ། དེ་བས་གནའ་བོའ ི་མི་དང་བསྡུར་ན་དེང་དུས་ཀྱི་ཡིག་ རྨོངས་པ་དག་ཀྱང་ཤ ེས་རབ་ཅན་དུ་བོས་ན་འོས། དེ་ནི་ཕྱི་རོལ་ཡུལ་དུས་ཀྱིས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 199

ཐག་བཅད་པའི་ཤ ེས་རབ་ཀྱི་འཕེལ་ཚད་ཡིན། སྔོན་གྱི་མིས་སྒྲུབ་དཀའ་བའམ་སྐྱོ་

སྣང་སྐྱེས་པའི་ཡུལ་དེ་ད་ལྟའི་མིས་དགའ་ཞིང་ལས་སླ་པོར་དང་དུ་ལེན་པ་དང༌། ཤེ ས ་རབ་ཀྱི ་ སྟོ བ ས་ཤུ གས་ནི ་ ཧ་ཅང་རྒྱ་ཆེ ་ བ་ཡོ ད ་དེ ་ཤེ ས ་རབ་ཀྱི ་ ཕུན་སུམ་

ཚོགས་པའི་ཤུལ་རྗེས་གཅིག་གློ་བུར་ཉིད་དུ་འཛམ་གླིང་ལ་ཁྱབ་འགྲོ་བ་དང༌། འགྲོ་

བ་མི་ཡོངས་ཀྱིས་ལོངས་སུ་སྤྱོད་དུ་ཡོད། དཔེར་ན། ལོ་ངོ་ཉིས་སྟོང་ཡར་སྔོན་ནས་ བྱུང་བའི་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལུགས་ཀྱི་རྟེན་གཞི་ཁག་ཆོས་ལུགས་གཞན་

གྱིས་རྨེག་མེད་དུ་བཟོས་པ་དང༌། དེའི་ཡར་སྔོན་དུ་བྱུང་བའི་སྟོན་པ་གཤེན་རབ་ཀྱི་

ཤེས་རབ་མཚན་ཉིད་རིག་པའི་མ་ལག་དང་རྟེན་གནས་དག་ཀྱང་ནང་བསྟན་ཆོས་ ལུགས་དང་གདོང་གཏུགས་ཀྱིས་གཏོར་བཅོམ་ཐེབས་པ་དང༌། ལི་ལེའོས(Galileo

1564-1642)

གཏོགས།)

གནམ་རིག་སྐར་རྩིས་ལ་མཁས་ཞིང་རྒྱང་ཤེལ་གསར་གཏོད་གནང་མཁན་གྱི་གྲས་སུ་

ཉི་མ་ལྟེ་བར་སྨྲ་བས་ཆོས་ཚོགས་ཀྱིས་གཉའ་བཅག་པ་དང༌། ཨི་ཊ་

ལིའི(ITLAY) མཚན་ཉིད་རིག་པ་མཁན་རུའུ་ནི(G.Bruno1548-1600) དང། སི་པན་གྱི་

ཚན་རིག་པ་སར་ཝེ​ེ་ཊྲེལ(M.Servetre1905-1980གསོ་རིག་མཁས་པ།) བཅས་ཀྱི་དཔྱོད་

ཤེས་འཚོལ་རྟོགས་ཆོས་ཀྱི་དགོངས་པ་དང་འགལ་བས་མེར་བསྲེགས་པ་དང༌།

དགེ་ཆོས་ཀྱི་བསམ་གཞིགས་གསར་པའི་གྲོས་འདེབས་དེ་ཡུལ་དུས་ཤ ིག་གི་ཤ ེས་ རབ་དང་མ་མཐུན་པས་མུན་དོང་དུ་བཅུག་པ་སོགས་སྐྱེས་ཆེན་དེ་དག་གི་ཟ་མ་

ཏོག་ལྟ་བུའི་ཕྱི་ལུས་ཀྱི་ཕུང་པོ་རྡོ་ལ་བརྡབས་ཀྱང༌། དེ་དག་གི་གསེར་དང་འདྲ་བའི་ ཤེས་རབ་ནི་འགོག་ཐབས་མེད་པར་འཇིག་རྟེན་ཡོངས་སུ་ཁྱབ་ནས་ཡོད། དེ་ལྟ་བུ་

ནི་ཤ ེས་རབ་ཀྱི་ནུས་པ་ཁོ་ན་ཡིན་ཏེ་ཤེས་རབ་ལ་འགུལ་བསྐྱོད་བྱེད་ཐེངས་གཅིག་ གིས་ཆུང་བ་ཁྱིམ་ཚང་ནས། ཆེ་བ་རྒྱལ་ཁབ་དང་འཛམ་གླིང་གི་འཚོ་གནས་འཕེལ་ རྒྱས་བཏང་བ་དང༌། འཚོ་སྟངས་མགོ་རྟིང་བསློག་པའི་ནུས་པ་ཡོད་པ་དེང་གི་ཚན་

རིག་གི་གསར་གཏོད་ཀྱིས་བདེན་དཔང་བྱེད་ཐུབ། རྒྱུ་མཚན་དེ་ལྟར་དཔྱད་ན་ཤ ེས་


200 ཉམས་ཞིབ་དེབ་ཕྲེང་། ༡

རབ་ལ་མགྱོགས་ཤ ིང་མྱུར་ལ་ཁྱབ་ཚད་ཆེ་བ། འགྱུར་བ་སྐྱེན་པ། ངོ་བོ་ཐུག་མེད་དུ་ ཡར་རྒྱས་འགྲོ་བ་བཅས་ཀྱི་ཁྱད་རྟགས་ཡོད་པ་མཐོང་ཐུབ། ཤེས་རབ་ཞེས་གླེང་ན་

རྣམ་དཔྱོད་ཀྱི་བསྡུས་མིང་ཞིག་ཡིན་ཕྱིར་ཧ་ཅང་ཁྱབ་ཁོངས་ཆེན་པོ་ཞིག་ཡིན་ཀྱང་ ཤེས་རིག་གི་ངོ་བོ་མི་འདྲ་བས་ཤེས་རབ་ལ་དབྱེ་འབྱེད་བྱེད་སྟངས་མི་འདྲ་བ་ཡོད་

པ་ལས་ནང་བསྟན་ཤ ེས་རིག་གི་ནང་དུ་བྱེད་ནུས་དང་སྐྱེས་རིམ། དམིགས་ཚད་ སོགས་ཀྱི་སྒོ་ནས་ངོས་འཛིན་དང་དབྱེ་འབྱེད་བྱས་ཡོད་པ་གཤམ་གསལ།

མཚན་ཉིད་དང་དབྱེ་བ། “ཤེས་པ། གསལ་ཞིང་རིག་པ་དེའི་མཚན་ཉིད།

ཤེས་པ་དང༌། བློ། རིག་པ་རྣམས་དོན་གཅིག དེའི་དབྱེ་བར། ༡) རང་རིག་དང་ གཞན་རིག་གཉིས། ༢) ཡང་ཚད་མ་དང་ཚད་མིན་གཉིས། ༣) ཚད་མ་ལ་མངོན་ སུམ་ཚད་མ་དང༌། རྗེས་དཔག་ཚད་མ། དཔྱད་ཤེས། ཡིད་དཔྱོད། སྣང་ལ་མ་ ངེས་པ། ལོག་ཤ ེས། ཐེ་ཚོམ་དང་བདུན། ལུང་མ་བསྟན་པ་དང༌། མི་དགེ་བ་བཞི།

སེམས་སེམས་བྱུང་ཐམས་ཅད་ལ་དེ་བདུན་པོ་གང་རུང་གིས་ཁྱབ་པོ” ཞེས་དང་། 117

ཡང“ཤེས་རབ། ཐེ་ཚོམ་འགོག་པར་བྱེད་ཅིང་རང་ཡུལ་བརྟག་པར་བྱ་བའི་དངོས་ པོ་ལ་དམིགས་ནས་རང་སྟོབས་ཀྱིས་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་སེམས་ བྱུང་ཞིག” ཞེས་དང་། 118

སྐྱེས་རིམ་གྱི་དབང་གིས་ཕྱེས་པའི་ཤེས་རབ་གསུམ་ནི། ཐོས་པ་ལས་བྱུང་

བའམ་སློབ་སྦྱོང་ལས་བྱུང་བའི་ཐོས་བྱུང་གི་ཤེས་རབ། བསམ་པ་ལས་བྱུང་བའམ་

བསམ་གཞིགས་ལས་བྱུང་བའི་བསམ་བྱུང་གི་ཤེས་རབ། སྒོམ་པ་ལས་བྱུང་བའམ་ ལག་ལེན་ལས་བྱུང་བའི་སྒོམ་བྱུང་གི་ཤེས་རབ་གསུམ།

བྱེད་ནུས་ཀྱི་སྒོ་ནས་ཕྱེས་པའི་ཤེས་རབ་གསུམ་ནི། དོན་དམ་རྟོགས་པའི་

117 <<དུང་དཀར་ཚིག་མཛོད་ཆེན་མོ།>> 118 <<དུང་དཀར་ཚིག་མཛོད་ཆེན་མོ།>>

སྨད་ཆ། ཤོག་ངོས༡༩༩༨། ཤེས་རིག་པར་ཁང་ནས་བསྐྱར་དཔར་ཞུས།

སྨད་ཆ། ཤོག་ངོས་༢༠༠༡། ཤེས་རིག་པར་ཁང་ནས་བསྐྱར་དཔར་ཞུས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 201

ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་པའི་ཤ ེས་ རབ་གསུམ་དང་།

ཁྱད་ཆོས་ཀྱི་སྒོ་ནས་ཤེས་རབ་ལྔ་རུ་དབྱེ་ཚུལ་ཡོད་དེ། རྣམ་བཤད་རིགས་

པར ༡) ཤེས་རབ་ཆེན་པོ་ཡོད་དེ། འདྲི་བ་དང་ལན་གདབ་པ་དག་ལ་ཕུགས་ཐུག་

པར་མི་འགྱུར་བའི་ཕྱིར་རོ། ། ༢) ཡངས་པ་ཡང་ཡིན་ཏེ། མངོན་པར་ཤ ེས་པ་ལྔ་རྒྱ་

ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་རོ། ། ༣) ཟབ་པ་ཡང་ཡིན་ཏེ། གཞན་དག་ གིས་རྟོགས་པར་དཀའ་བའི་ཕྱིར་རོ། ། ༤) མཉམ་པ་མེད་པ་ཡང་ཡིན་ཏེ། འཇིག་ རྟེན་པ་ཐམས་ཅ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། ། ༥) རིན་པོ་ཆེ་ཡང་ཡིན་

ཏེ༑ རྙེད་པར་དཀའ་བའི་ཕྱིར་དང་། དོན་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིར་དང་། དགའ་བར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་རྒྱུད་དག་ལ་རྣམ་པར་གྲོལ་བ་དང་

དགའ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་ཆེ་བ་དང་། ཤེས་རབ་

ཡང་བ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་ཆེན་པོ་དང་ ལྡན་པ་ཡིན་ཏེ་གོ་རིམ་བཞིན་ནོ། །ཞེས་པའི་སྐབས་ནས་བསྟན་པ་ལྟར་ཁྱད་ཆོས་ མི་འདྲ་བའི་ཤ ེས་རབ་ལྔའང་ཡོད། དམིགས་ཚད་ཀྱིས་དབྱེ་བའི་ཤ ེས་རབ་ལྔ་ནི། 119

“འཁོར་འདས་ཀྱི་འཆར་གཞི་སོ་སོར་ཕྱེད་པས་འབྱེད་པའི་ཤ ེས་རབ། རིག་པའི་

ངང་དུ་གཅིག་པས་སྡུད་པའི་ཤེས་རབ། རིག་པ་ལས་མ་འདས་པས་ཁྱབ་བྱེད་ཀྱི་

ཤེས་རབ། རིག་དུས་འདི་ཉིད་དུ་ཡོད་པའི་ཤེས་རབ་བམ་འཁོར་འདས་གཉིས་ཀའི་ 119

<<བསྟན་འགྱུར།>> སེམས་ཙམ། ཤི-སི-77 རྣམ་པར་བཤད་པའི་རིག་པ། ཤོག་ངོས༡༨༠། སློབ་དཔོན་

དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང། ལོ་ཙཱ་བ་དགེ་སློང་གཙང་བན་དེ་བེནྡྲརཀྵི་

ཏས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་ རིག་དཔེ་སྐྲུན་ཁང།


202 ཉམས་ཞིབ་དེབ་ཕྲེང་། ༡

སྲོག་གཅོད་པའི་སྒྲོལ་བྱེད་ཀྱི་ཤེས་རབ།”

120 121*

༢ དེང་རབས་ཀྱི་རིག་སྟོབས་བདུན་སྨྲ་བ།

འདི་ནི་དེང་རབས་ནུབ་ཕྱོགས་སུ་མི་བུ་རེ་ལ་ལྷན་སྐྱེས་ནས་ཤ ེས་རབ་ཀྱི་འཇུག་

ནུས་མི་འདྲ་བ་རེ་ཡོད་པར་ངོས་འཛིན་བྱེད་ཚུལ་ཡིན་ཞིང། ལྟ་ཚུལ་འདིས་སྔོན་ གྱི(Psychometric) ལག་ལེན་གྱིས་སྦྱོང་བ་དང(Behavourist) ཉམས་འགྱུར་ལྟ་ཞིབ་ཀྱིས་ སྦྱོང་བར་སྨྲ་བ་སོགས་ཀྱིས་མིའི་རིག་སྟོབས་ནི་གཅིག་རང་ལ་ངོས་འཛིན་བྱེད་པ་ ལ་ཁ་གཏད་ལྟ་བུར་ཧོ་ཝུར་ཌ་གཱརཌ་ནར

(Gardner) ——

གྱིས་རིག་སྟོབས་སྣ་མང་

གི་ལྟ་གྲུབ་བརྩམས། དེ་བརྩམས་དགོས་པའི་རྒྱུ་མཚན་གཅིག་ནི། དེ་སྔ་ངོས་ཛིན་

བྱས་པའི་མིའི་རིག་སྟོབས་ནི་གཅིག་རང་ཡིན་པར་ངོས་འཛིན་བྱེད་པ་ནི་ཆ་ཚང་ བའི་ལྟ་ཚུལ་ཞིག་མིན་པར་སྨྲ་ཞིང། ཁོང་གིས་མི་གཅིག་གིས་སློབ་སྦྱོང་བྱེད་པར་

ཕྱོགས་གཅིག་ནས་ཚད་འཛིན་བྱེད་པ་ནི་མི་དེའི་ཤེས་རབ་ཀྱི་ནུས་པ་ངོས་འཛིན་

བྱེད་ཐབས་ཀྱི་ཕྱོགས་ཡོངས་མཚོན་ཐབས་ཤིག་མིན་ཏེ། དཔེར་ན། སྦྱངས་འབྲས་ ཀྱི་ཚད་གཞི་མི་འདྲ་བ་ནི་ཐབས་ལམ་མི་འདྲ་བ་དང། ཡང་ན་དགའ་ཕྱོགས་མི་འདྲ་

བ༑ ཡང་ན་རང་སྟོབས་དང་བློ་འཛིན་གྱི་རྣམ་པའི་སྦྱོང་ཚུལ་མི་འདྲ་བ་སོགས་ཀྱི་ རྐྱེན་ལས་སྦྱངས་འབྲས་ཀྱི་བར་ཁྱད་བྱུང་ཡོད་སྲིད་པའི་འདོད་ཚུལ་བཟུང་སྟེ་རིག་ 120 <<དུང་དཀར་ཚིག་མཛོད་ཆེན་མོ།>>

སྨད་ཆ། ཤོག་ངོས་ ༢༠༠༢། ཤེས་རིག་དཔར་ཁང་ནས་པར་སྐྲུན་ཞུས།

121* (Howard Gardner’s theory of multiple intelligences proposed in 1983 to analyze and better describe the concept of intelligence . Gardner argues that the concept of intelligence as traditionally defined in psychometrics (IQ tests) does not sufficiently describe the wide variety of cognitive abilities humans display. For example, the theory states that a child who learns to multiply easily is not necessarily more intelligent than a child who has stronger skills in another kind of intelligence. The child who takes more time to master simple multiplication 1) may best learn to multiply through a different approach, 2) may excel in a field outside of mathematics, or 3) may even be looking at and understand the multiplication process at a fundamentally deeper level..)


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 203

སྟོབས་བདུན་གྱི་ལྟ་གྲུབ་བརྩམས་པ་དེང་གི་དུས་སུ་ལྟ་ཚུལ་སྐད་གྲགས་ཅན་ཞིག་ ཏུ་གྱུར་ཡོད། ཁོང་གིས་བཏོན་པའི་རིག་སྟོབས་མི་འདྲ་བ་བདུན་ནི་གཤམ་གྱི་འདི་ དག་ཡིན་ཞིང།

1. Linguistic intelligence ——

སྐད་བརྡའི་རིག་སྟོབས།

2. Logical-mathematical intelligence —— ཚད་མའི་རིག་སྟོབས། 3. Musical intelligence ——

སྒྲ་དབྱངས་རིག་སྟོབས།

4. Bodily-kinesthetic intelligence —— ལུས་རྩལ་གྱི་རིག་སྟོབས། 5. Spatial intelligence ——

6. Interpersonal intelligence ——

འཆར་འགོད་ཀྱི་རིག་སྟོབས།

གཞན་འབྲེལ་གྱི་རིག་སྟོབས།

7. Intrapersonal intelligence —— རང་བཅུན་གྱི་རིག་སྟོབས། (One major criticism of the theory is that it is ad hoc: that Gardner is not expanding the definition of the word “intelligence”; rather, he denies the existence of intelligence as traditionally understood and instead uses the word “intelligence” whenever other people have traditionally used words like “ability”.ཨེད་ཌོ་ཁ ad hoc: – ལྟ་བུས་ཁོང་གིས་རིག་སྟོབས་བདུན་ཞེས་པར་དགག་པ་བརྒྱབ་སྟེ། ཧོ་ཝུར་ཌ་གཱར་

ཌ་ནར

(Gardner)

གྱིས་ཤེས་རབ་བམ་རིག་སྟོབས་ཀྱི་མཚན་ཉིད་གསར་པ་གང་ཡང་བཞག་མེད་པར། སྔོན་གྱི་

རིག་སྟོབས་མཚན་ཉིད་རྣམས་ཁས་ལེན་མ་བྱས་པར། དེའི་ཐོག་ཏུ་སྔོན་ཆད་རྩལ་ནུས་སུ་ངོས་འཛིན་བྱེད་པ་རྣམས་ བསྣན་ཏེ་རིག་སྟོབས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་ཙམ་རེད་ཅེས་བཤད་ཡོད།)

གོང་དུ་བཀོ ད་པའི་ཧོ་ཝུརཌ་གཱརཌ་ནར་གྱིས་ངོས་འཛིན་བྱས་པའི་རིག་

སྟོབས་བདུན་ཞེས་པ་ནི་ཤེས་རབ་ཀྱི་བྱེད་ལས་མི་འདྲ་བ་དང་འཇུག་ཕྱོགས་མི་ འདྲ་བའི་སྒོ་ནས་ངོས་འཛིན་བྱེད་ཚུལ་ཞིག་ཡིན་ཞིང། དེ་ལྟ་ན་ནང་བསྟན་མཚན་

ཉིད་རིག་པས་མིའི་རིགས་ཀྱི་ཤེས་རབ་ལ་ཕྱོགས་ཆ་མང་པོ་ནས་ངོས་འཛིན་བྱས་

ཡོད་པ་གོང་གི་དཔྱད་གཞི་དག་ལས་གསལ་ཀྱང། དེ་ནི་མི་སྤྱིའི་ཤ ེས་རབ་ཀྱི་ངོས་

ནས་ངོས་འཛིན་བྱེད་ཚུལ་ཙམ་ལས། གང་ཟག་སྒེར་རེ་རེ་ལ་ཤེས་རབ་ཀྱི་རྩལ་


204 ཉམས་ཞིབ་དེབ་ཕྲེང་། ༡

ནུས་དང་འཇུག་ཕྱོགས་མི་འདྲ་བ་རེ་ཡོད་པར་ངོས་འཛིན་བྱས་མེད་པར་སྣང།

122*

གོང་དུ་བསྟན་པའི་ཤ ར་ནུབ་ཀྱི་ཤེས་རབ་ངོས་འཛིན་བྱེད་ཚུལ་དང་ལྷག་པར་ནང་ བསྟན་ཤེས་རིག་གིས་སྤྱི་སྡོམ་དང་དབྱེ་འབྱེད་བྱས་པའི་ཤེས་རབ་འཚོལ་ཞིབ་བྱེད་ ཐབས་དེ་གཞི་ལ་བཞག་ནས་དཔྱད་ནའང། ཤེས་རབ་ནི་བསྐྱེད་འཕེལ་གྱི་རང་

བཞིན་ཅན་ཞིག་ཡིན་ཞིང་དེའི་ནང་དུ་གཤམ་གྱི་དབྱེ་བ་འདི་དག་འདུས་ཡོད། ༡)

གསར་རྟོགས། ༢) བླང་དོར། ༣) ལྟ་ཞིབ། ༤) དབྱེ་སྡུར། ༥) དོགས་སློང༌། ༦) འཚོལ་དཔྱོད། ༧) བཏང་སྤྲོད། ༨) སྡུད་ཉར། ༩) གསར་གཏོད། ༡༠) སྙོམས་སྒྲིག ༡༡) ཐག་གཅོད། ༡༢) ཕྱོགས་སྡོམ། ༡༣) དྲན་ཤེས། ༡༤) བསམ་ཚོད། ༡༥)

འཆར་རྟོག ༡༦) འཆར་འགོད། ༡༧) ལག་ལེན། ༡༨) བརྗེ་ལེན། ༡༩) ངོས་འཛིན། ༢༠) ཚོད་བགམ། ༢༡) རིགས་བསྒྲེས། ༢༢) ཕྱིར་རྟོག ༢༣) གདེང་འཇོག ༢༤) རྒྱུ་མཚན་ཁུངས་འདེད། ༢༥) མྱོང་ཚོར། ༢༦) ཤེས་རྟོགས་བཅས་སོ། །

༣ ཤེས་རབ་ཀྱི་ཡུལ་དུས་རང་བཞིན།

མིའི་ཤ ེས་རབ་ནི་མུན་པ་ནས་འོད་སྣང་དང༌། མ་གྲོལ་བ་ནས་གྲོལ་བའི་ཕྱོགས་སུ་ ཁ་ཕྱོགས་པ་ལ་ཡུལ་དུས་ཀྱི་རང་བཞིན་ལ་གཏོགས་པའི་ཆ་ཞིག་ཡོད། གནའ་དེང་

122* (Gardner received his B.A. summa cum laude in social relations from Harvard College in 1965 and his Ph.D. in psychology from Harvard University in 1971. At Harvard he studied with the renowned developmental psychologists Jerome Bruner and Erik Erikson, and the philosopher Nelson Goodman.

Gardner is currently the John H. and Elisabeth A. Hobbs Professor in Cognition and Education at the Harvard Graduate School of Education. In addition he is Adjunct Professor of Psychology at Harvard University, and Adjunct Professor of Neurology at the Boston University School of Medicine.

Gardner has written more than 400 research articles and twenty books. Gardner’s work has been highly influential. His books have been translated into 20 languages. In addition, he has been given honors by numerous psychological and educational organizations.

http://findarticles.com/p/articles/mi_g2699/is_0004/ai_2699000478/)


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 205

གཤིབ་བསྡུར་ཞིག་བྱས་ན་ཀླ་ཀློའ་ི དུས་རབས་སུ་མི་དང་མིའི་འབྲེལ་བ་ནི་ཀུན་

སྤྱོད་ཚད་གཞི་བྱས་ཡོད་ལ། དེང་གི་དུས་ན་མི་དང་མིའི་བར་གྱི་འབྲེལ་བ་ནི་ ཤེས་རབ་ཚད་གཞི་བྱས་ཡོད་པས་ཀུན་སྤྱོད་ཀྱི་ཆ་ནས་སྔོན་གྱི་མི་དག་ད་ལྟའི་

མི་ལས་བླ་ན་མེད་པར་ཀུན་གྱིས་ཁས་ལེན་བཞིན་ཡོད་ཅིང༌། སྒེར་གྱི་ཀུན་སྤྱོད་ ཀྱི་ ཆ་ནས་བལྟས་ན་ཁས་ལེན ་འོས ་པ་ཞིག ་ཀྱང་རེད ། ཤེ ས ་པའི་ ཁྱབ་ཁོངས་

ནས་བལྟས་ན་གོང་དུ་བཤད་པ་ལྟར་ཉིན་བཞིན་ཆུ་ལོག་བརྡོལ་བ་དང་འདྲ་བར་ ཤེས་རབ་འཕེལ་བཞིན་ཡོད་ལ། ཤེས་རབ་ཀྱི་གསར་གཏོད་ནུས་པ་ནི་བློ་ཡུལ་

དུ་ཤ ོང་དཀའ་བ་ཞིག་ཡིན་ཏེ། དཔེར་ན། མིའི་རིགས་ཀྱིས་ཤ ོག་གུའི་གནམ་གྲུ་

ལྟེ བ ་པ་ནས་ལྕགས་ཀྱི ་ གནའ་གྲུ་མཁའ་དབྱི ང ས་སུ་གཏོ ང ་བའི ་ བར་དུ་བསམ་

གཞིགས་བྱས་ན་རྟོགས་ནུས།

སྔོན་གྱི་བྱམས་བརྩེ་ཆེ་བའམ་འདོད་རྔམ་ཆེ་བ། གནམ་གྱིས་བསྐོས་པའམ་

ལས་ཀྱིས་ཐོབ་པ། ཕྱག་འཚལ་མཆོད་འབུལ་གྱི་ཡུལ་ཡིན་ལ་སྲིད་ཀ་ཁྲིམས་

ལུགས་ཀྱི་བདག་པོའང་ཡིན་པའི་སྐྱེས་བུ་དེ་དག་ནུབ་གླིང་དུ་དུས་རབས17-18ནས་

རིམ་གྱིས་ཉམས་དམས་སུ་གྱུར་ཏེ། དུས་རབས19-བར་བསླེབས་དུས་ཡོངས་སུ་ མཇུག་བསྒྲིལ་ནས་དེའི་ཚབ་ཏུ་མང་ལ་དབང་བའི་སྒྲིག་གཞི་ཁྲིམས་ལུགས་དག་

བྱུང༌། ཉེ་བའི་ཆར་འཇར་པན་དང་རྒྱ་དཀར་ནག་སོགས་ཀྱང་དེ་བཞིན་དུ་ངེས་ལ།

ད་ལྟའི་དུས་ན་ཐུ་བྷོད་མི་རིགས་ཀྱིས་ཀྱང་དོགས་སློང་བྱེད་འགོ་བཙུགས་པ་མཐའ་ དག་ལ་བལྟས་ནའང་རྒྱལ་པོའ་ི ལམ་ལུགས་དང་བཅས་པ་དར་བ་ནས་རྒུད་པའི་

ལམ་དུ་ཞུགས་ཤ ིང༌། རྒུད་པ་ནས་མེད་པར་གྱུར་པ་མཐའ་དག་ཀུན་སྤྱོད་དང་ཤ ེས་

རབ་ཉམས་དམས་སུ་གྱུར་པའི་རྐྱེན་གྱིས་མ་ཡིན་པར་མི་མང་གི་ཤ ེས་རབ་གོང་དུ་ འཕེལ་བའི་འབྲས་རྟགས་ཡིན། ཤེས་རབ་ཀྱི་འཕེལ་རིམ་ལས་འཇིག་རྟེན་གྱི་ནུས་


206 ཉམས་ཞིབ་དེབ་ཕྲེང་། ༡

པ་ཡོད་ཚད་སྐྱེས་བུ་གཅིག་གི་ཁྱད་ཡོན་དུ་བརྩི་བའི་རྨོངས་སྲོལ་སྒྲོམ་གཞི་ལས་

ཐར་པ་དེའང། དུས་རབས་ཀྱི་འཕེལ་རིམ་དང་འགྲོགས་ནས་མིའི་རིགས་ཀྱི་ཤ ེས་ རབ་ནི་ཐུག་མེད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱུ་མཚན་ཡང་དག་ཏུ་འཁུམས། དེ་

འདྲའི་འཕེལ་རྒྱས་དང་འགྲོགས་ནས་ཀུན་སྤྱོད་ཡར་རྒྱས་འགྲོ་བའི་ངེས་པ་མེད་

དེ་མི་མང་གིས་ཀུན་སྤྱོད་གཞུང་ཤིང་ཡིན་པའི་ཆོས་ལུགས་ཀྱི་ཁྱབ་ཁོངས་ལ་ འཁང་ར་བྱས་ཤ ིང༌། བཀོད་འདོམས་མི་བརྩི་བའི་གནས་ཚུལ་མང་དུ་ཐོན་བཞིན་ ཡོད་པ་དེ་དག་ནི་ཀུན་སྤྱོད་ཀྱི་ར་བ་ལས་བརྒལ་བའི་ཤེས་རབ་ཀྱི་འཕེལ་རིམ་ ཞིག་ཡིན། མི་ཞིག་གི་ཤེས་རབ་ལ་དུས་རབས་ཀྱི་རྒྱས་བཏབ་ཡོད་པས་དུས་

རབས་གཅིག་དང་ཁོར་ཡུག་ཅིག་གི་ཤེས་རབ་དེའང་ཚད་ཡོད་ཀྱི་སྒོ་ནས་ཚད་ མེད་དུ་ཡར་རྒྱས་འགྲོ་བཞིན་ཡོད། ཚད་ཡོད་ཅེས་པ་ནི་ཤ ེས་རབ་ཀྱི་དུས་རབས་

རང་བཞིན་དང༌། ཁོར་ཡུག་རང་བཞིན་ལ་དམིགས་པ་ཞིག་ཡིན་ལ། ཚད་མེད་ ཅེས་པ་ནི་འཕེལ་རིམ་ཁོ་ནའི་ངོས་ནས་གླེང་པ་ཞིག་ཡིན་ཏེ་དུས་རབས་ཤ ིག་གི་

ཤེས་རབ་ཀྱི་རྨང་གཞིའི་སྟེང་ནས་དུས་རབས་རྗེས་མའི་ཤེས་རབ་ཐུག་མེད་དུ་ ཡར་རྒྱས་འགྲོ་ངེས་པ་དང༌། དུས་རབས་རྗེས་མ་ནི་ཤ ེས་རབ་ཀྱི་ངོས་ནས་དུས་

རབས་སྔོན་མའི་ཕྱིར་རྟོག་ཅིག་དང༌། དག་སྒྲིག་ཅིག འཕེལ་རིམ་ཞིག་བཅས་ ཡིན་ལ་ཀུན་སྤྱོད་ནི་དེ་ལྟ་མ་ཡིན་ནོ།།

ཤེས་རབ་ཀྱི་ཁྱབ་ཁོངས་ནི་ཀུན་སྤྱོད་དང་མི་འདྲ་བར་གསར་རྟོགས་དང་

གསར་འབྱེད་ཀྱི་རང་བཞིན་ལ་གནས་པ་ཞིག་ཡིན་པས་ན། ཀུན་སྤྱོད་ཆོས་ལུགས་

ཀྱི་ཁྱབ་ཁོངས་སུའང་དཀོན་མཆོག་གི་བཀའ་ཁྱབ་ལ་མི་བརྩི་བར་ལྟ་གྲུབ་གསར་

པའི་གཏེར་ཁ་བརྡོལ་ལ་ཉེ་བའི་ངང་ཚུལ་སླེབ་ཀྱིན་ཡོད། དཔེར་ན། རྒྱ་གར་ཀྱི་ མཚན་ཉིད་རིག་པ་སྨྲ་བ་ཨོ་ཤ འོ(Osho) དང་རྒྱ་ནག་གི་ཆོས་ལུགས་པ་ཧྥ་ལོན་ཀོང་


(Phalongkun)

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 207

ལྟ་བུ་ནི་དེ་འདྲའི་མཚན་གཞིར་འཇོག་འོས་པ་ཞིག་ཡིན། འོན་ཀྱང་དེ་

དག་ཚད་མའི་སྐྱེས་བུར་མི་བརྩི་བ་ནི་མི་དག་དུས་རབས་ཀྱི་ཤ ེས་རབ་རྒྱས་པའི་ རྐྱེན་དུ་ངེས་ཏེ། དེ་བས་དུས་རབས་འདིར་རྣམ་དཔྱོད་ཅི་ཙམ་ཆེ་ཞིང་ལྟ་གྲུབ་

ཅི་ཙམ་ཟབ་ནའང་དེ་དག་སྐྱབས་གནས་མཐུར་ཐུག་ཏུ་ཁས་མི་ལེན་པར། དུས་ རབས་ཀྱི ་ཤེ ས ་རབ་ཀྱིས “རང་ཉིད ་རང་གི་ མགོ ན་ཡིན ་ཏེ ། གཞན་ལྟ་སུ་ཞིག་ མགོན་དུ་འགྱུར”བའི་གནས་ལུགས་རྟོགས་ཡོད་པས། རང་ཉིད་ཀྱི་དཀའ་ངལ་ རང་གིས་ཐག་གཅོད་བྱེད་དགོས་པ་ལས་ལྟ་གྲུབ་གང་ཞིག་གི་ཁོངས་སུ་འཛུལ་

ཏེ་དེ་ཉིད་བདེན་པའི་ཚད་གཞིར་འཛིན་མི་སྲིད། དེ་ལ་དུས་རབས་ཀྱི་ཤ ེས་རབ་ ཞེས་སུ་བསྙད་ན་འོས་ཏེ་དེ་དག་མི་གཅིག་གི་རྟོགས་པ་མ་ཡིན་པར་དུས་རབས་ ཀྱི་གོ་རྟོགས་ཤ ིག་ཡིན། འདི་ལྟ་བུ་ལ་ཤ ེས་རབ་ཀྱི་དུས་རབས་རང་བཞིན་ཞེས་ བསྙད་ན་འོས་པར་བསམ།

༤ ཤེས་རབ་ཀྱི་ཡུལ་གྱི་རང་བཞིན།

ཡུལ་གྱི་ཆ་ནས་གྲོང་ཁྱེར་གྱི་རྣམ་དཔྱོད་བཀྲ་བའི་སློབ་གྲྭ་ཆེན་མོ་བས་ཀྱང་ནོར་ ལུགས་འཚོ་སྐྱོང་བྱེད་དགོས་ན་འབྲོག་པའི་བྱིས་པའི་དོ་ཟླའང་མིན་ལ། ཚ་བའི་ ཡུལ་དུ་འཕྲོད་པའི་ཟས་གོས་གནས་མལ་འཚོལ་སྒྲུབ་ཐད་ཚ་བའི་ཡུལ་གྱི་མི་དང་

བསྡུར་ན་གྲང་བའི་ཡུལ་གྱི་མི་དག་རྗེས་ལུས་ཡིན་ཡང༌། གྲང་བའི་ཡུལ་ལ་འཕྲོད་ པའི་ཟས་གོས་འཚོལ་སྒྲུབ་ཕྱོགས་ནས་གྲང་བའི་ཡུལ་གྱི་མི་དང་བསྡུར་ན་ཚ་བའི་ ཡུལ་གྱི་མི་དག་རྗེས་ལུས་ཡིན་པ་བཤད་མི་དགོས། དེའི་རྒྱུ་མཚན་ཡང་ཤ ེས་རབ་ ནི་ཕྱི་རོལ་ཁོར་ཡུག་གི་ཆ་རྐྱེན་ལ་ལྟོས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་

ཆོས་ཉིད་དུ་རྟོགས་ཐུབ། གངས་རྒྱུན་གྱིས་བཅད་པའི་རྒྱ་གར་དང་བོད། རྒྱ་མཚོས་


208 ཉམས་ཞིབ་དེབ་ཕྲེང་། ༡

བཅད་པའི་ནུབ་གླིང་དང་ཤར་གླིང་བཅས་ཀྱི་ཤེས་རིག་གི་འཚོལ་ཞིབ་དེ་ཡུལ་དུས་ ཁོར་ཡུག་དང་དམ་དུ་འབྲེལ་ཡོད་པའི་རྐྱེན་གྱིས་རང་རང་གི་ཁྱད་གཤིས་ལྡན་པའི་ དཔལ་ཡོན་ཞིག་གྲུབ་ཡོད། ཚུལ་འདི་ལ་བརྟག་ནའང་ཡུལ་དུས་མི་གཅིག་པའི་

མིའི་ཤ ེས་རབ་ཀྱི་ཁ་གཏད་སའི་ཡུལ་གྱི་དབང་གིས། ཤེས་རབ་ཀྱི་ཁྱད་ནུས་དང༌། ཤེས་རབ་ཀྱི་རིན་ཐང་འཇོག་ཚུལ་བཅས་ལ་ཁྱད་གཤིས་སོ་སོ་བ་རེ་ཐོན་ཡོད། འདིའི་ཐད་མར་ཁེ་སིས“དངོས་པོའ ི་འཚོ་བའི་ཐོན་སྐྱེད་བྱེད་སྟངས་ཀྱིས་སྤྱི་ཚོགས་

ཀྱི་འཚོ་བ་ཧྲིལ་པོ་བཅས་ཀྱི་གོ་རིམ་ཁ་ལོ་སྒྱུར་གྱི་ཡོད། མི་རྣམས་ཀྱི་འདུ་ཤ ེས་

ཀྱིས་མི་རྣམས་ཀྱི་གནས་པ་ཐག་གཅོད་རྒྱུ་ལྟ་ཞོག་མི་རྣམས་ཀྱི་སྤྱི་ཚོགས་གནས་ པ་དེས་མི་རྣམས་ཀྱི་འདུ་ཤེས་ཐག་གཅོད་ཀྱི་ཡོད།” ཅེས་པ་ནི་དོན་ལ་གནས་ 123

པའི་སྐད་ཆ་ཞིག་ཡིན་ཏེ། དེས་སྤྱི་ཚོགས་ཀྱི་གནས་པ་ཞེས་པའང་ཡུལ་དུས་གྱི་ རང་བཞིན་ལ་དམིགས་ཤིང་ཡུལ་དུས་ལས་ལྡོག་པའི་མི་ནུས་ཤ ིག་ཡོང་མི་སྲིད་ པའི་དོན་དུ་ངེས།

ཤེས་རབ་ཀྱི་ངོས་ནས་འཛམ་གླིང་སྤྱི་མཐུན་གྱི་ཆ་ཞིག་ཡོད་མོད། འོན་ཀྱང་

རྒྱལ་ཁབ་བམ་མི་རིགས་མི་འདྲ་བའི་ཡུལ་དུས་ཀྱི་ཁྱད་རྟགས་ཡོད་པ་དེའི་དབང་

གིས་ཡུལ་སོ་སོའ་ཤ ི ེས་རབ་ཀྱི་མཐོ་དམན་དང༌། ནུས་ཚད་གཞལ་ཆོག་སྟེ་རྒྱལ་

ཁབ་གཅིག་གི་ཤ ེས་རབ་རྩེར་སོན་པ་དང༌། རྒྱལ་ཁབ་གཅིག་གི་ཤ ེས་རབ་དམའ་ རིམ་ན་གནས་པ་དེ་མི་བྱེ་བྲག་པ་རེ་རེའི་ཤེས་རབ་ཀྱི་ནུས་ཚད་ཀྱིས་ཐག་བཅད་ པ་མ་ཡིན་པར་མི་མང་སྤྱིའི་ཤེས་རབ་ཀྱི་མཐོ་དམན་ལས་བྱུང་བ་ཞིག་ཡིན། ཐོག་ མའི་སྐབས་སུ་ཤ ེས་རབ་ལ་ཕྱོགས་པ་དང༌། ཤེས་རབ་ཅན། ཕུལ་བྱུང་ཤ ེས་རབ་

ཅན་བཅས་ཀྱི་རྒྱལ་ཁབ་གང་ཡིན་ཀྱང་རྡོ་ཡི་མཚོན་ཆ་བཀོལ་བ་དང༌། ལོ་མའི་

123

<<ཆབ་སྲིད་དཔལ་འབྱོར་རིག་པའི་མཐའ་དཔྱོད་ཀྱི་གླེང་གཞི།>> <མར་ཁེ་སི་དང་ཨེན་ཁེ་སིའི་གསུང་རྩོམ་

གཅེས་བསྡུས།> རྒྱ་ཡིག་པར་གཞི་དེབ་གཉིས་པ། ཤོག་ངོས༨༢བར་གསལ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 209

གྱོན་གོས་གོན་པ། རང་བྱུང་ལ་དད་མོས་བྱེད་པ་སོགས་ཀྱི་འཚོ་བ་རོལ་སྟངས་ཀྱི་ ལོ་རྒྱུས་གཅིག་མཚུངས་ཡོད་ཀྱང༌། ད་ལྟའི་སྐབས་སུ་རྒྱལ་ཁབ་གཅིག་གིས་འཕུར་ གྲུ་བཟོས་ཏེ་ཟླ་བའི་གོ་ལའི་སྟེང་དུ་བསྐྱོད་པ་དང༌། རྒྱལ་ཁབ་གཅིག་གིས་མི་མང་

གི་འཚོ་གནས་ཡོ་བྱད་རང་གིས་ཐོན་སྐྱེད་བྱེད་ཤེས་པ། རྒྱལ་ཁབ་གཅིག་གིས་རང་ བྱུང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་བྱེད་པ་ཙམ་ལས་རིག་གནས་ཐོན་སྐྱེད་དར་ མེད་པའི་གནས་ཚུལ་མཐོང་ཆོས་སུ་ཡོད། དེའང་རྒྱལ་ཁབ་ཀ་པ་དང༌། ཁ་པ། ག་ པ་བཅས་ལ་དེ་འདྲའི་ཁྱད་པར་བྱུང་བ་ནི་སྐྱེས་བུ་དམ་པ་མ་བྱོན་པའི་རྐྱེན་གྱིས་

མིན་པར་སྐྱེས་བུ་དམ་པའི་ཤེས་རབ་ཀྱི་ཞིང་ས་སྣུམ་པོ་ཡོད་མེད་ལ་རག་ལས་ ཡོད། ཤེས་རྨོངས་སྤྱི་ཚོགས་སུ་ཤེས་རབ་ཅན་མེད་པ་མིན་ལ་ཤེས་རིག་དར་ བའི་རྒྱལ་ཁབ་ལའང་བླུན་རྨོངས་མགོ་མཁྲེགས་མེད་པ་མིན་མོད། ཡང་ལྕི་མི་

མཉམ་པའི་དངོས་པོ་གཉིས་སྲང་ཐོག་ཏུ་བཞག་པ་དང་འདྲ་བར་གཅིག་ཤོས་ལྕི་

དྲགས་པས་ཤ ེས་རབ་ཅན་གྱི་ཕྱོགས་ལ་རྒྱལ་ཁ་མ་ཐོབ་པའི་ཡུལ་དེ་བླུན་རྨོངས་ སྤྱི་ཚོགས་སུ་གནས་བཅས་ཡོད་ལ། གཞན་དེའི་གླེང་ཕྱོགས་ཚང་མ་ཤེས་རབ་

ཅན་གྱིས་བདག་གར་བྱེད་པའི་ཞིང་ས་གཤིན་པོ་ཡོད་ཕྱིར་ཤེས་རིག་དར་བའི་ རྒྱལ་ཁབ་ཅེས་སུ་འབོད་རུང༌།

ཤེ ས ་རབ་ཅན་ཕལ་མོ ་ ཆེ ར ་དུས་རབས་ཀྱི ་ཤེ ས ་རབ་མངའ་ཕྱི ར ་བསམ་

བློ་གསར་པ་དང༌། ལྟ་བ་གསར་པ། གླེང་ཕྱོགས་གསར་པ། ཕྱིར་རྟོག་གསར་པ། འཆར་སྣང་གསར་པ་བཅས་ལ་དགའ་འབོད་དང་བརྩི་བཀུར་བྱས་ཏེ་དེའི་ཕྱོགས་

ཀྱི་གླེང་སློང་ལ་དགའ་ཞིང་ཁོ་ཚོས་མི་རེ་རེའི་ཤེས་རབ་ཀྱི་མེ་སྟག་བསྒྲུགས་ཏེ་ མི་ཡུལ་ལ་འོད་སྣང་སྦྱིན་གྱིན་ཡོད། སྤྱི་ཚོགས་དེའི་ཁྲོད་དུ་གོམས་སྲོལ་དང་ཐོབ་ ཐང་ལ་མི ་ ལྟ་བར་མི་ རེ ་ རེ འི་ ལེ ག ས་ཆ་སྡུད་སྒྲིག ་བྱེ ད ་པ་ལས་སྐྱེ ས ་བུ་གཅིག ་


210 ཉམས་ཞིབ་དེབ་ཕྲེང་། ༡

དང༌། ལམ་ལུགས་གཅིག ལྟ་ཚུལ་གཅིག་ཅེས་པའི་གླེང་ཕྱོགས་སྔ་ས་ནས་དོར་ ཟིན་པས་མི་བྱེ་བྲག་པ་རེ་རེའི་ཤེས་རབ་རྒྱས་པའི་སྒོ་མོ་ཡངས་པོ་ཡོད། ཡིད་

སྐྱོ་བ་ཞིག་ལ་ནམ་རྒྱུན་ཀུན་སྤྱོད་ཆོ་ག་མང་ཞིང་རང་ཉིད་ཀུན་སྤྱོད་ཀྱི་ཕུལ་བྱུང་ དཔེ ་ སྟོ ན ་པར་རློ མ ་སེ མ ས་ཆེ ་ བའི ་ མི ་ རི ག ས་སམ་རྒྱལ་ཁབ་མང་དག་གཅི ག ་

གིས་རང་ཉིད་ཀུན་སྤྱོད་ཀྱི་རྒྱ་རུ་ཚུད་ནས་ཡོད་པ་རྟོགས་མི་ནུས་ལ། ཀུན་སྤྱོད་ དུ་སྒྲོག་པ་ལས་མང་དག་ཅིག་ནི་མི་མང་གི་གོམས་སྲོལ་ཡིན་པ་དང༌། དེ་ལས་

མང་པོ་ཞིག་རྨོངས་སྲོལ་དུ་གཏོགས་པ་མ་ཤེས་པའི་རྐྱེན་པས་ཤེས་རབ་ཀྱི་སྒོ་ མོ་ཡོངས་སུ་བསྡམས་ནས་ཡོད།

བསམ་གཞིགས་ཀྱི་འཚོལ་རྟོག་གསལ་ཞིང་ཤེས་རབ་ཀྱི་སྒོ་འཕར་ཕྱེས་པ་

ལ་རྒྱལ་ཁབ་བམ་མི་རིགས་གང་དེ་གོམས་སྲོལ་ལས་ཐར་ཏེ། དཀྱེལ་ཡངས་དང་

སྒོ་འབྱེད་ཀྱིས་ཡོད་ཚད་ལ་འདྲ་མཉམ་གྱི་ལྟ་སྟངས་ཆགས་ཏེ་རྒྱལ་ཁབ་མི་འདྲ་བ་ དང༌། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ་རེ་ལ་ཐུན་མོང་མ་ཡིན་པའི་ཞན་ ཆ་རེ་དང་བཟང་ཆ་རེ་ཡོད་པར་ངོས་འཛིན་བྱེད་ཐུབ་པའི་སྤྱི་ཚོགས་དེ་ཤ ེས་རབ་

ཀྱི་ཕྱོགས་ན་གནས་པ་དང༌། ཤེས་རབ་ཀྱི་ཁྱད་ཡོན་ལ་བརྩི་འཇོག་དང་སྡུད་ལེན་

མི་བྱེད་པར། བསམ་བློ་གསར་པ་དང༌། བགྲོ་གླེང་གསར་པ། སྡོམ་ཚིག་གསར་

པ་མཐའ་དག་ལ་ཕན་ཡོན་མཐོ་དམན་གྱི་ཐད་ནས་མི་ལྟ་བར་འཕྲལ་མ་ཉིད་དུ་མི་ མང་གི་གོམས་སྲོལ་དང་འཕྲོད་མིན་གྱིས་ཐག་གཅོད་པ་དང༌། མཐར་སྐྲོད་བཅས་

བྱེད་པའི་སྤྱི་ཚོགས་དེ་ནི་རྨོངས་སྲོལ་གྱི་ཕྱོགས་ན་ཡོད། ཕྱོགས་རྗེས་མས་བསམ་

བཞིན་དུ་ཤ ེས་རབ་ཀྱི་འཕེལ་རིམ་ལ་དམའ་འབེབས་བྱས་པ་མིན་ནའང༌། ཏག་ཏག་ ཀུན་སྤྱོད་ལ་དད་དྲགས་པས་རྨོངས་སྲོལ་གྱི་རྒྱ་རུ་ཚུད་དེ་ཤ ེས་རབ་དང་ཀུན་སྤྱོད་

ཀྱི་མྱུར་བུལ་དང༌། ལྕི་ཡང༌། སྔ་གཞུག ཁྱབ་ནུས་བཅས་རྟོགས་མ་ནུས་པའི་དབང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 211

གིས་ཀུན་སྤྱོད་དང་པོ་དང་ཤེས་རབ་གཉིས་པར་བརྩི། དཔེར་ན་འཇིག་རྟེན་ལ་

རླབས་ཆེན་གྱི་གྲུབ་འབྲས་གསར་པ་འཇོག་མཁན་མང་པོ་མུན་པའི་སྤྱི་ཚོགས(མུན་

པའི་སྤྱི་ཚོགས་ནི་ཀུན་སྤྱོད་ལ་དད་ཀྱང་རྨོངས་སྲོལ་གྱི་རྒྱ་རུ་ཚུད་པའི་དོན།)

ཀྱིས་གསོད་བསྲེག་སྐྲོད་

གསུམ་གྱིས་རྩད་འབྱིན་བྱེད། དོན་དངོས་སུ་ཀུན་སྤྱོད་ཀྱི་རྒྱལ་པོས(སྐབས་འདིའི་ཀུན་ སྤྱོད་ནི་གཙོ་བོ་མི་མང་གི་གོམས་སྲོལ་ལ་བྱ།)

ཤེས་རབ་ལ་ཉེས་མེད་སྐྱོན་འདོགས་བྱས་པའོ།།

དཔེ་དོན་ཆུང་ཆུང་ཞིག་གིས་མཚོན་ན་ཤེས་རབ་ལ་གདེང་འཇོག་བྱེད་པའི་

ཡུལ་དུས་སུ་རྒྱལ་པོའ ི་ལམ་ལུགས་དང༌། དབང་ཆ་སྒེར་བདག འཚོ་གནས་གཅིག་ ཆོད་བཅས་ཀྱི་ལམ་ལུགས་ཡོངས་རྫོགས་རྩ་གཏོར་བྱེད་སླ་སྟེ་ཁོ་ཚོས་མི་ཕལ་བ་

ཡིན་ཡང་ཤ ེས་འཇོན་ལྡན་ན་སྲིད་ཀ་དོ་དམ་པར་གདམ་པ་དང༌། དེས་ཀྱང་ཉེས་ པའི་ལས་བགྱིས་ན་འཕྲལ་མར་བརྗེ་ལེན་ངོ་རྒོལ་བྱེད། ཀུན་སྤྱོད་ཀྱི་རྟག་མཐར་ལྷུང་ བའི་ཡུལ་དུས་སུ། ལེགས་པའི་མཐར་ཐུག་ཡིན་པའི་མི་བུ་མང་པོ་ཡོད་ལ། ལེགས་

ན་མཐའ་གཅིག་ཏུ་ལེགས་པ་དང་། ཉེས་ན་མཐའ་གཅིག་ཏུ་ཉེས་པ། བདེན་པ་ནམ་

ཡང་བདེན་པ་དང་། ནོར་ན་ནམ་ཡང་ནོར་བ། གོང་ནི་ནམ་ཡང་གོང་མ་དང་། འོག་ ནི་ནམ་ཡང་འོག་མར་གནས་པའི་གོམས་སྲོལ་གདེང་འཇོག་བྱེད་ལུགས་ཀྱི་དབང་ གིས་ཤ ེས་རབ་ཅན་གྱིས་བསྒྲགས་གཏམ་གསར་པ་སྤེལ་བའི་གོ་སྐབས་མེད་དོ། །


212 ཉམས་ཞིབ་དེབ་ཕྲེང་། ༡

གསུམ་པ། ཀུན་སྤྱོད་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ། ༡ ཀུན་སྤྱོད་རིག་པའི་བསྡུས་དཔྱད་དམ་གླེང་གཞི།

བོད་ཀྱི་རང་སྐད་དུ་ཀུན་སྤྱོད་ཡག་པོ་དང་ཀུན་སྤྱོད་མེད་པའི་མི་ཞེས་ནམ་རྒྱུན་བེད་

སྤྱོད་མང་ཙམ་གཏོང་བཞིན་ཡོད། ཀུན་སྤྱོད་ཅེས་པའི་ཆོས་ཚིག་ལ་ཚུལ་ཁྲིམས་

ཟེར་བས་ན་ཚུལ་ཁྲིམས་ལྡན་པའི་དགེ་སློང་ཞེས་དང་། ནམ་རྒྱུན་མི་མང་ཕལ་གྱི་ ཁ་བྱང་དུ་སོང་བའི་བརྡ་ཆད་ལ་ཡ་རབས་སྤྱོད་བཟང་དང་། མི་སྤྱོད་པ་ཡག་པོ་

དང་སྤྱོད་ལམ་མེད་པའི་མི་ཞེས་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། བརྡ་ཆད་འདིའི་

ཐ་སྙད་ཀྱི་གྲུབ་ཚུལ་དང་། ནང་དོན། ཁྱབ་ཚད་སོགས་ལ་དཔྱད་ཞིབ་བྱས་མྱོང་ མེད། ཤེས་ཡོན་གྱི་ཁྱད་རྟགས་གལ་ཆེན་དུ་གྱུར་པའི་བརྡ་ཆད་འདི་ལ་དཔྱད་པའི་ འཁུར་ལེན་པ་ལ། ཀུན་སྤྱོད་སོགས་ཀྱི་ཐ་སྙད་འདི་དག་ལ་དཔྱད་པར་བྱ་བ་འདི་ ཡོད་དེ། ཚུལ་ཁྲིམས་ཞེས་པའི་སྐབས་སུ་གཙོ་བོ་ནང་བསྟན་གཞུང་ལུགས་ཀྱི་

ནང་དུ་བཀོད་པའི་བཅའ་ཁྲིམས་ལ་གོ་བ་དང་། སྤྱོད་པ་ཡག་པོ་ཞེས་པའི་སྐབས་

སུ་ཡིག་ཐོག་རང་ནས་གོ་བ་བླངས་ན་ཕྱིའི་ལུས་ངག་གི་འགུལ་བསྐྱོད་བྱེད་སྟངས་ ཙམ་ལ་གོ་བ་དང་། ཀུན་སྤྱོད་ཅེས་པར་ཀུན་དང་མཐུན་པའི་སྤྱོད་པ་ཞེས་གོ་བ་

བླངས་ན་ཕྱིའི་སྤྱོད་པ་གཞན་དང་བསྟུན་པ་ཞེས་པ་ཙམ་ལས་གཏིང་ཟབ་པའི་ནང་

དོན་མེད་མོད། དེ་བས་བོད་ཀྱི་ཀུན་སྤྱོད་ཅེས་པར་ཀུན་སློང་བཟང་པོ་དང་སྤྱོད་པ་ ལེགས་པོ་གཉིས་ཀའི་བསྡུས་མིང་ཞིག་གི་སྒོ་ནས་གོ་བ་བླངས་ན་ཧ་ཅང་འོས་ཤ ིང་

འཚམས་ནའང་ཀུན་སྤྱོད་ལ་དབྱེ་ཞིབ་བྱེད་པའི་ངོས་ནས་བོད་ལ་ནང་ཆོས་ཕུད་ པའི་བརྩམས་ཆོས་གཞན་དང་དཔྱད་ཐབས་གཞན་གྱི་སྟོང་ཆ་ཆེན་པོ་ཡོད། རྒྱུ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 213

མཚན་དེ་བས་མི་རིགས་གཞན་དག་གི་དཔྱད་ཐབས་དང་ཐ་སྙད་ལ་འདྲེས་སྦྱོར་ གྱིས་དབྱེ་ཞིབ་བྱས་ཏེ་ར་སྤྲོད་བྱེད་རྒྱུ་ལས་མ་འདས། དཔྱད་ཐབས་དེ་འདྲ་ཞིག་

གི་ངོས་ནས་བལྟས་ན་དེང་སང་ཨིན་སྐད་ཀྱིEthicsདངMoralityཞེས་པར་སྐབས་དང་

སྐབས་སུ“ཀུན་སྤྱོད”དང་། སྐབས་དང་སྐབས་སུ“སྤྱོད་ལམ་སྟོན་པའི་མདོ”དང་། སྐབས་དང་སྐབས་སུ“ཚུལ་ཁྲིམས་དང་།” སྐབས་དང་སྐབས་སུ“ཀུན་སྤྱོད་རིག་

པ”དང་། སྐབས་དང་སྐབས་སུ“མི་ཆོས་རིག་པ”བཅས་སྣ་ཚོགས་ཤིག་བསྒྱུར་ ཡོད་ལ། ཀུན་སྤྱོད་ཅེས་པའི་བོད་སྐད་དེའང་སྐབས་དང་སྐབས་སུ་ཆོས་ལུགས་ཀྱི་

ཚུལ་ཁྲིམས་ལ་གོ་བ་དང་། སྐབས་དང་སྐབས་སུ་ཕྱིའི་སྤྱོད་པའི་མཛེས་སྡུག་ལ་གོ་

བ༑ སྐབས་དང་སྐབས་སུ་ཀུན་སློང་བཟང་པོ་དང་སྤྱོད་པ་མཛེས་པོ་གཉིས་ཀར་གོ་ བ་ལྟ་བུ་སྣ་ཚོགས་ཤིག་ཡོད། དཔེར་ན<བོད་རྒྱ་ཚིག་མཛོད་ཆེན་མོའ ི>ནང་དུ“ཀུན་ སྤྱོད་ལ། ཀུན་དུ་སྤྱོད་པ་སྟེ། ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་བྱ་

སྤྱོད་དམ་སྤྱོད་ལམ”ཞེས་དང་། ཡང་མི་ཆོས་ཞེས་པ་འགྲེལ་བའི་སྐབས་སུ“འཇིག་

རྟེན་པའི་བྱ་བའམ་མིའི་ཚུལ་ལུགས”ཞེས་བཀོད་ཡོད་པ་དང་། <དག་ཡིག་གསར་

བསྒྲིགས>ཀྱི་ནང་དུ་ཀུན་སྤྱོད་འགྲེལ་བའི་སྐབས་སུ“མིའི་བསམ་ཚུལ་སྤྱོད་ཚུལ་ཀྱི་ སྤྱི་མིང”ཞེས་དང་ཡང་དེའི་ནང་དུ་མི་ཆོས་འགྲེལ་བའི་སྐབས་སུ“༡) མི་དང་མིའི་ ཕན་བདེ་དང་། ༢) སེམས་འཁུར་བྱེད་པ་དང་མིའི་མཚན་ཉིད་ལ་བརྩི་འཇོག་བྱེད་ པའི་བྱ་སྤྱོད་སྟེ། མི་ཆོས་རིང་ལུགས”ཞེས་བཀོད་ཡོད། <དབྱིན་སྐད་ནས་བོད་

སྐད་དུ་ཕབ་པའི་སྐད་གཉིས་ཤན་སྦྱར་དུ།> “Ethicsནི་སྤྱོད་ལམ་སྟོན་པའི་མདོ”ཞེས་

དང་། <The New Tibetan­-English Dictionary of Modern Tibetan> ཞེས་པར་མི་ཆོས་འགྲེལ་

བརྗོད་བྱེད་པའི་སྐབས་སུ1.worldly affairs,secular etiquette/ethics/morals. 2. marriagements. ཞེས་བཀོད་ཡོད་པ་དང་། ཨིན་བོད་རྒྱ་གསུམ་གྱི་ཚིག་མཛོད་དུEthicsའགྲེལ་བའི་


214 ཉམས་ཞིབ་དེབ་ཕྲེང་། ༡

སྐབས་སུ“མི་ཆོས་རིག་པའམ་ཀུན་སྤྱོད”ཅེས་དང་།

Morality

འགྲེལ་བརྗོད་བྱེད་

པའི་སྐབས་སུ་ཡང“ཀུན་སྤྱོད། སྤྱོད་བཟང་།” ཞེས་དང་། <ནང་དོན་རིག་པའི་མིང་

ཚིག་དབྱིན་བོད་ཤན་སྦྱར>དུ། མི་ཆོས་གཙང་མ་བཅུ་དྲུག་བཤད་པའི་སྐབས་དུ“མི་ ཆོས་ནིEthics and Human right“ཞེས་མིའི་བཟང་སྤྱོད་དུ་འགྲེལ་ཡོད། <དབྱིན་བོད་ཤན་ སྦྱར་གྱི་ཚིག་མཛོད་སྣང་བ་གསར་པ།>ཞེས་པརEthicsནི“ཀུན་སྤྱོད་རིག་པ”ཞེས་

དང་། <དུང་དཀར་ཚིག་མཛོད>དུ“མི་ཆོས་ནི་འཇིག་རྟེན་པའི་བྱ་བ་ལ་ཟེར”ཞེས་ འགྲེལ་སྟངས་སྣ་ཚོགས་ཤིག་ཡོད་ནའང་བོད་སྐད་ཀྱི་མི་ཆོས་དང་ཀུན་སྤྱོད་ནི་ དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པ་ལས་ཐ་སྙད་དེ་གཉིས་ལ་གཏིང་ཟབ་ པའི་འབྱེད་ཆོས་ཀྱི་འགྲེལ་བརྗོད་མ་བྱུང་བར་མངོན། འོན་ཀྱང་། ཐ་སྙད་དེ་གཉིས་

ལས་ཀུན་སྤྱོད་ནི་ཡོངས་ཁྱབ་བརྡ་ཆད་ཅིག་ཏུ་གྱུར་ཡོད་པས་སྤྱོད་རྒྱ་ཆེ་ལ། མི་

ཆོས་ནི་ཡིག་ཐོག་དང་བརྩམས་ཆོས་ཁྲོད་དུ་སྤྱོད་པ་ཙམ་ལས་དམངས་ཁྲོད་དུ་ དེ་ཙམ་མི་སྤྱོད་པས་སྤྱོད་རྒྱ་ཆུང་། དཔེར་ན་གནའ་བོའ་ི སྐབས་སུ་བོད་རྒྱལ་སྲོང་

བཙན་སྐབས་གསར་གཏོད་གནང་བའི་ཁྲིམས་བཅུ་དྲུག་ལ“མི་ཆོས་གཙང་མ་བཅུ་ དྲུག”ཅེས་དང་། ཏུན་ཧོང་གཏེར་ཡིག་ཏུའང“མྱིའི་ཆོས་ནི་གང་། མྱི་ཆོས་མ་ཡིན་

པ་ནི་གང” ཞེས་དང་། <མི་ཆོས་གནད་ཀྱི་འཕྲེང་བ>ཞེས་པ་སོགས་ཡིག་ཐོག་ཏུ་ 124

མི་ཆོས་ཞེས་འབྱུང་བཞིན་ཡོད། དེང་གི་དུས་སུ་མི་ཆོས་ཞེས་པའི་ཚིག་དེ་སྤྱོད་རྒྱ་

ཇེ་ཆེར་འགྲོ་བཞིན་ཡོད་ནའང་ཀུན་སྤྱོད་ལས་གཞན་པའི་འགྲེལ་བརྗོད་ཟབ་མོ་བྱུང་

མེད། དེ་ན་བོད་སྐད་ཀྱི་ཀུན་སྤྱོད་དང་མི་ཆོས་གཉིས་ཀྱི་གོ་དོན་གཅིག་གྱུར་ཡིན་ པས། ཐ་སྙད་དེ་འདྲའི་འཇུག་གཞི་ཨིན་ཡིག་གི་བརྡ་ཆདEthics/Moralityཞེས་པར་

བོད་སྐད་དུ་ཀུན་སྤྱོད་དང་མི་ཆོས་གང་རུང་སྤྱོད་བཞིན་པས་ན་ང་ཚོས་ཨིན་ཡིག་ 124 ཏུན་ཧོང་གི་གནའ་ཡིག

<<ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ།>> ཤོག་ངོས༢༥། ཆབ་སྤེལ་ཚེ་

བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 215

གི་ཐ་སྙད་ལ་ངེས་པར་དུ་ལྟ་ཞིབ་བྱེད་དགོས་པར་སྣང་།

ཨིན་ཡིག་གིEthicsཞེས་པ(Greek)གྷི་རིག་གི་ཐ་སྙདethosཞེས་པ་ནས་བྱུང་ཞིང་

དོན་དུ་གོམས་འདྲིས་ཅན་གྱི་གནས་སམ་ས་ཆ་ལ་གོ

Ethos

ཞེས་པ་ཡངEthicosདེ་

ཀུན་སྤྱོ ད ་ཅེ ས ་པའི ་ ཚི ག ་གི ་ གྲུབ་རྐྱེ ན ་དུ་གྱུར་ཡོ ད ། ཡང་ལཱ་ཊི ན (Latin) སྐད་ ཀྱིEthicusཞེས་པའི་མོ་ཡིགEthicalནི་བཟང་སྤྱོད་ཀྱི་ལྟ་གྲུབ་ཅེས་པEthicsཞེས་པའི་

ཐ་སྙད་ཀྱི ་ འབྱུང་ཁུངས་ཡི ན ། གཞན་ཡང་ཨི ན ་ཡི ག ་གི ་ ཐ་སྙད Moralཞེ ས ་པ་

དངMoralityཞེས་པའི་རྩ་བའང་ལཱ་ཊིན་གྱི(Latin) ཐ་སྙདMoresཞེས་པའི་ཚིག་དེ་ཡིན་

ཞིང་དེ་ནི“སྤྱི་ཚོགས་ཀྱི་གོམས་སྲོལ་དང་སྤྱོད་བཟང་གི་ལུགས་སྲོལ”ཞེས་པའི་ དོན་ཡིན།

གོང་གི་Moral/Ethicsབོད་སྐད་ཀྱི་ཀུན་སྤྱོད་རིག་པ་ཞེས་པའི་ཐ་སྙད་འདི་དག་

གི་ཁྱབ་ཁོངས་ལ་བསམ་གཞིགས་བྱས་ན། དེ ་ ཡང་འཛམ་གླི ང ་སྤྱི ་ བཤད <World

Book Encyclopedia1994>

ཀྱི ་ ནང་དུ“ (Ethics) ཀུན་སྤྱོ ད ་རི ག ་པ་ཞེ ས ་པར་དུས་

ཀྱི ་ ཆ་ནས་ནུབ་ཕྱོགས་སུ་གནའ་རབས་ཀུན་སྤྱོད་རི ག ་པ (Ancient

Ethics)

དང་། དེ ང ་རབས་ཀུན་སྤྱོད་རིག་པ(Modern Ethics)གཉིས་སུ་དབྱེ་སྲོལ་ཡོད་པ་

ལས། འདི་ནས་གསལ་བོ་བཤད་ཐུབ་པའི་ནུབ་ཕྱོགས་མཁས་པ་རྣམས་ཀྱིས་ངོས་

འཛིན་བྱས་པ་ལྟར་ན་ནུབ་ཕྱོགས་སུ་ཕྱི་ལོ ༡ ༥༠༠ལོ ་ བར་གྱི ་ གནའ་རབས་ཀུན་

སྤྱོ ད ་རི ག ་པའི (Ancient

Ethics)

འགོ ་ ཁུངས་ནི ་ གྷི ་ རི ག ་སི (Greeks) ལྟ་གྲུབ་སྨྲ་

བPlatoདངAristotleགཉིས་ཀྱི་རྗེས་འབྲང་བ་ཤ་སྟག་ཡིན་ཞིང་། ནུས་ཤུགས་ལྡན་ པའི་ལྟ་གྲུབ་སྨྲ་བ་འདི་གཉིས་ཀྱིས་ཀུན་སྤྱོད་ཀྱི་གནད་དོན་ཐད་ལ་དབྱེ་ཞིབ་ཀྱི་

བསམ་བློ་གཏོང་ཚུལ་ཞིག་གསར་གཏོད་གནང་ཡོད་ཀྱང་། ཁོང་ཚོས་མིས་འཚོ་བ་

ཇི་འདྲ་ཞིག་བསྐྱལ་བའི་དོན་སྙིང་འགྲེལ་བརྗོད་བྱས་ཏེ་ཀུན་སྤྱོད་རིག་པའི་དཀའ་


216 ཉམས་ཞིབ་དེབ་ཕྲེང་། ༡

རྙོག་བསལ་རྒྱུའི་སྣེ་འདྲེན་བྱས་ཡོད། དེ་ཡངPlatoལ་མཚོན་ན། ཕུལ་བྱུང་ཀུན་

སྤྱོད་ལ་བཞིར་འདོད་དེ། ༡) ཤེས་རབ་དང་། ༢) སྙིང་སྟོབས། ༣) བག་ཡོད། ༥) ཁྲིམས་མཐུན་བཅས་ཡིན། དེ་དག་ལས་ཀྱང་དང་པོ་ནིལེགས་ཉེས་རྣམ་པར་འབྱེད་ པའི་ནུས་པ་ཡིན་པས་གལ་འགངས་ཆེ་ཤོས་སུ་བརྩི། བླང་དོར་གྱི་གནད་ཤེས་

པའི་མི་དེས་སྤྱི་སྒེར་གང་རུང་དུ་མཐུན་གཤིབ་བྱེད་ཐུབ་ཅིང་། དེ་ནི་ཚུལ་ཁྲིམས་

སྟངས་འཛིན་གྱི་རྨང་གཞི་ཡིན། ཚུལ་ཁྲིམས་སྟངས་འཛིན་ཚགས་ཚུད་བྱུང་ཚེ་སྤྱོད་ ལེགས་གཞན་དག་འཕེལ་བར་བློ་ཁ་ཕྱོགས་པ་ཡིན་པར་བཤད་པས། དོན་དངོས་ སུPlatoཡིས་ང་ཚོ་ལ་ལེགས་ཉེས་ཀྱི་དབྱེ་མཚམས་འབྱེད་པའི་མན་ངག་གང་ཡང་

གསལ་འདོན་བྱས་མེད།“ ཅེས་དང་།

“Platoཡི་དངོས་སློབAristoleགྱིས་ཀྱང་རང་གི་སློབ་དཔོན་གྱི་ཀུན་སྤྱོད་རིག་

པའི་རྩ་དོན་བཞི་བོ་ཁས་ལེན་ཀྱང་ཁོང་གི་འདོད་ཚུལ་ཡང་མགོ་རྙོག་ཆེ་ཞིང་། ཁོང་ གིས་བཟང་སྤྱོད་ཀྱི་རྩ་དོན་བཞིའི་ཐོག་ལ། ༡) མཛའ་བརྩེ་ལྡན་པ་དང་། ༢) གཏོང་

ཕོད་ལྡན་པ། ༣) རིག་རྩལ་ལྡན་པ། ༤) དྲང་བདེན་བཅས་ཀྱི་ཁྱད་ཆོས་ལྡན་ པའི་ཀུན་སྤྱོད་གལ་ཆེན་དུ་བརྩིས་ཡོད།”

Aristotle

གྱིས་རང་ངོ་ཟིན་པ་ནི་ཀུན་སྤྱོད་

ཀྱི ་ འབྱུང་ཁུངས་སུ་གསུངས་ཤི ང ་དེ ས ་མི ་ ཚེ ་ དོ ན ་སྙི ང ་ལྡན་པ་ཞི ག ་ལ་སྣེ ་ ཁྲི ད ་

བྱེད་པའི་བླང་བྱ་བཏོན་ཡོད། དཔེར་ན་བྱིས་པ་ནི་མི་ཆ་ཚང་བ་ཞིག་མིན། ཅིའི་

ཕྱིར་ཞེ་ན་བྱིས་པས་རང་ངོ་མི་ཤེས་པས་སོ་ཞེས་ཟེར། ཁོང་གིས་རང་ངོ་ཤ ེས་པ་ ནི་མི་ཚེའི་བྱ་བཞག་དང་རྒྱལ་ཕམ་སོགས་ཐག་གཅོད་ཀུན་གྱི་རྩ་བར་གསུངས་

ཡོད། ཁོང་གིས་ད་དུང་ཀུན་སྤྱོད་ནི་མཐར་ཐུག་ན་བདེ་བ་ཡིན་པས་ཀུན་སྤྱོད་ཀྱི་རྩ་

འཛིན་ནི་བདེ་བ་ཆེ་རུ་གཏོང་བ་དེ་ཡིན་ཞིང་། ཀུན་སྤྱོད་ཀྱི་ལེགས་པའི་ཚད་གཞི་

ནི་སྙིང་སྟོབས་ལྡན་པ་དང་ཞུམ་པ་གཉིས་ཀྱི་དབུས་དེ་ཡིན་པར་འདོད་ཡོད། འོན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 217

ཀྱངAristotleགྱིས་ཀྱང་མི་ཚེའི་དོན་སྙིང་གང་ཡིན་གསལ་ཁ་ཅན་ཞིག་བཤད་མེད་ པ་ནི་ཁོང་གི་སློབ་དཔོནPlatoདང་འདྲ་མཚུངས་ཡིན། དེང་རབས་ཀུན་སྤྱོད་རིག་པ་

བ་རྣམས་ཀྱིས་ཕྱི་ལོ༡༥༠༠རྗེས་ནས་བཟུང་གནའ་རབས་ཀྱིPlatoདངAristotleགཉིས་ ཀྱིས་ལམ་སྟོན་བྱ་རྒྱུར་ལྷག་ཡོད་པའི་རྙོག་འཛིང་ཆེ་བའི་གནད་དོན་དང་། ལྟ་གྲུབ། འཚོ་བ་དངོས། སྒྲིག་གཞི་ལམ་ལུགས་སོགས་ལ་དབྱེ་ཞིབ་བྱས་ཏེ་ལེགས་ཉེས་ བཟང་ངན་ཞེས་པའི་དབྱེ་མཚམས་གསལ་བོ་ཞིག་ཕྱེ་རྒྱུར་འབད་བརྩོན་བྱས་ཡོད།

དེང་རབས་ཀུན་སྤྱོད་སྨྲ་བ་རྣམས་ཀྱིས་རྙོག་འཛིང་ཅན་གྱི་ཀུན་སྤྱོད་རང་

བཞིན་དེ། ༡) དམ་བཅའ(Obligation) དང་། ༢) ཕན་ཡོན(benefit) ཞེས་རིགས་གཉིས་

སུ་ཕྱེས་ཡོད། དཔེར་ན། གྲོགས་པོ་ཞིག་གིས་ཁྱེད་ལ་ཡིད་ཆེས་བྱས་ཏེ་རང་ཉིད་

ཀྱིས་བྱ་བ་མི་རུང་བ་ཞིག་སྒྲུབ་བཞིན་པ་ཁྱེད་ལ་བཤད་ཀྱང་། ཁྱེད་ཀྱིས་ཁོང་གི་

སྤྱོད་ཚུལ་དག་ཁོའ་ི ཕ་མ་སོགས་ལ་མི་བཤད་པའི་དམ་བཅའ་བཞག་ཡོད་པར་

མཚོན་ན། ཁྱེད་ཀྱི་གྲོགས་པོ་མུ་མཐུད་ནས་ལམ་དེར་ཞུགས་ན་ཕུགས་ལ་དཀའ་ ངལ་ཡོང་རྒྱུར་གཏན་འཁེལ་ཞིང་། ཁྱེད་ཀྱིས་ཀྱང་རང་ཉིད་ཀྱིས་གྲོགས་པོ་བཟང་པོ་ ཞིག་གི་འགན་འཁུར་མེད་པའི་བློ་འཚབ་བྱེད་ངེས་ཡིན། ཕྱོགས་གཞན་ཞིག་ནས་

ཕུགས་ལ་མནོ་བསམ་བཏང་སྟེ་གྲོགས་པོའ ི་བྱ་སྤྱོད་དེ་ཁོང་གི་ཕ་མར་བརྗོད་ན་རང་

ཉིད་དམ་བཅའ་ལས་འདས་ཟིན་པ་དང་། གྲོགས་པོའང་ཡིད་ཆེས་བརླག་པའི་ཉེན་

ཁ་ཡོད། དེ་འདྲའི་གནད་དོན་གཉིས་དུས་གཅིག་ཏུ་བྱུང་དུས་དེ་ལ་རྙོག་འཛིང་ཅན་

ཞེས་ཟེར། དཔེར་ན། ཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བ་ཁཱན་ཊི(Immanuel Kant of Germang 1700)

ལྟ་བུ་ལ་མཚོན་ན་ཁོང་ནི་ཀུན་སྤྱོད་རིག་པ་སྨྲ་བ་སྐད་གྲགས་ཆེ་

ཤོས་ཤ ིག་ཡིན་ལ་ཁོང་གིས་གསུང་དོན། ཀུན་སྤྱོད་ཐག་གཅོད་ལེགས་ཉེས་ཞེས་

པ་ནི། ཐག་གཅོད་གང་བྱས་པ་དེ་ཀུན་ཀྱིས་བྱེད་འོས་ཤ ིང་ཀུན་ལ་ཕན་པ་ཡིན་ན་


218 ཉམས་ཞིབ་དེབ་ཕྲེང་། ༡

འགྲིག་པ་དང་དེ་མིན་ན་ནོར་བར་བརྩི། དེ་མ་གཏོགས་ཕུགས་ལ་ཕན་ཡོན་ཡོད་ མེད་བཤད་ནས་དམ་བཅའ་དོར་ན་མི་གང་ཞིག་གང་ལ་ཡིད་ཆེས་མི་བྱེད་པར་

འདོད། རྒྱུ་མཚན་དེ་འདྲ་དང་ཡུལ་དུས་གནས་བབ་ཀྱི་དབང་གིས་དེང་རབས་ཀུན་ སྤྱོད་རིག་པར་ངོས་འཛིན་དང་། དབྱེ་བ། འགྲེལ་བརྗོད་བྱེད་ལུགས་བཅས་མི་འདྲ་

བ་སྣ་ཚོགས་ཤིག་འབྱུང་བཞིན་པ་མཐའ་དག་ཚུར་བསྡུས་ན་བཞིར་བསྡུ་ཆོག་པ་ ནིགཤམ་གསལ་ལྟར་རོ། །

༡) སྤྱོད་ལེགས་རང་གཤིས་ཀྱི་སྒོ་ནས་བཞག་པའི་ཀུན་སྤྱོད་ཀྱི་རྣམ་བཞག

ལུགས་འདིས་མི་ཞིག་གི་ནམ་རྒྱུན་གྱི་རྒྱུན་གོམས་བྱ་སྤྱོད་དང་མིའི་ངོ་བོ་ གཙོབོར་འཛིན་ཞིང་། རིགས་འདི་ལ་བྱེད་པོ་གཙོ་བོར་འཛིན་པའི་ཀུན་ སྤྱོད་རིང་ལུགས་པ་ཟེར། དཔེར་ན།

Aristotle’s Nicomschean Ethics(and-not co-

incidentally Ayn Rand’s Objectivist ethics of rational self-interest) .

༢) རྒྱུ་མཚན་ཡང་དག་ཡོད་མིན་གང་ལའང་མ་བལྟས་པར་མི་ཞིག་གི་རྒྱ་ཆེ་

ཞིང་འགྱུར་སྐྱེན་པའི་མྱོང་ཚོར་གྱི་སྒོ་ནས་བཞག་པའི་ཀུན་སྤྱོད་རྣམ་བཞག ལུགས་འདིས་སྐབས་དང་སྐབས་ཀྱི་མྱོང་ཚོར་གཙོར་འཛིན་བྱེད་པས་འདི་

ལ་ཤ ེས་ཚོར་གཙོ་བོར་འཛིན་པའི་ཀུན་སྤྱོད་རིང་ལུགས་པ་ཟེར། དཔེར་ན།

David Hume’s noncognitive ethics.

༣) ཡོ ང ས་ཁྱབ་རང་བཞི ན ་ལ་མོ ས ་མཐུན་བྱེ ད ་པའི ་ ཀུན་སྤྱོ ད ་རྣམ་བཞག ལུགས་འདིས་ལམ་ལུགས་ནི་འབྱུང་འབྲས་གང་ལ་ཐུག་ཀྱང་འདོར་མི་རུང་

བར་བརྩི། རིགས་འདི་ལ་བྱ་བ་གཙོ་བོར་འཛིན་པའི་ཀུན་སྤྱོད་རིང་ལུགས་ པ་ཟེར། དཔེར་ན། Immanuel Kant ‘s de ontology

༤) སྔོ ན ་ནས་གཏན་ལ་ཕབ་ཟི ན ་པའི ་ བྱ་བ་བཟང་པོ ་ ཞི ག ་གམ་དེ འི ་ འབྱུང་

འབྲས་ཤེས་པའི་ཀུན་སྤྱོད་རྣམ་བཞག ལུགས་འདིས་སྤྱིར་བཏང་བ་དང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 219

ཡོ ང ས་ཁྱབ་ཏུ་གྱུར་པའི ་ བྱ་བ་བཟང་པོ འ་ི འབྱུང་འབྲས་གཙོ ་ བོ ར ་བརྩི ། རིགས་འདི་ལ་ཁེ་ཕན་གཙོ་བོར་འཛིན་པའི་ཀུན་སྤྱོད་རིང་ལུགས་པ་ཟེར། དཔེར་ན། Jeremy Bentham’s utilitarianism.

Abraham Lincoln-

༢ མཁས་པ་དག་གི་ཀུན་སྤྱོད་སྡོམ་ཚིག

ཁོང་གིས“བདག་གིས་བྱ་བ་བཟང་པོ་ཞིག་བྱེད་པའི་སྐབས་སུ་

ཚོར་སྣང་སྐྱིད་པོ་འབྱུང་བཞིན་པ་དང་། བདག་གིས་བྱ་བ་མི་ལེགས་པ་ཞིག་སྒྲུབ་ དུས་ཚོར་སྣང་མི་སྐྱིད་པ་འབྱུང་བཞིན་ཡོད། འདི་ནི་ངའི་ཆོས་ལུགས་ཡིན” ཞེས་ གསུངས་ཡོད།

Albert Einstein-

ཁོ ང ་གི ས “མི ་ ཞི ག ་གི ་ ཀུན་སྤྱོ ད ་ཀྱི ་ ཚུལ་ལུགས་དེ ་ སྙི ང ་

རྗེ་དང་དགེ་བ། མཐུན་འབྲེལ་སོགས་ཀྱི་སྒོ་ནས་བཞག་པ་ལས། གཞན་ཆོས་

ལུགས་ཀྱི་སྒོ་ནས་འཇོག་དགོས་པའི་རྒྱུ་མཚན་མེད། གལ་སྲིད་མི་ཞིག་གི་ཀུན་

སྤྱོད་ཀྱི་ལེགས་ཉེས་དེ་ཚེ་ཕྱི་མར་འཇིགས་པའི་འདམ་ང་ཞིག་ཡིན་ན། དེ་ནི་ཤ ིན་ ཏུ་ཐབས་སྡུག་ཅིག་ཡིན་ནོ” ཞེས་གསུངས་ཡོད། Felix Adler-

ཁོང་གིས“གཞན་ལ་དུང་སེམས་བཅངས་པའི་རྐྱེན་གྱིས་གཞན་

གྱི་དཀའ་ངལ་རང་ཉིད་ཀྱིས་ཚོར་ཐུབ་པ་བྱུང་ན། དེ་ནི་ཀུན་སྤྱོད་རྣམ་པར་དག་པའི་ གོམ་པ་དང་པོ་ཡིན”ཞེས་གསུངས་ཡོད། Cicero-

ཁོང་གིས“བཀའ་དྲིན་ཤེས་རྟོགས་ཐུབ་པ་ནི་ཀུན་སྤྱོད་ཀྱི་ཚད་གཞི་

མཐོ་ཤ ོས་སམ་ཀུན་སྤྱོད་ཀྱི་གཞི་རྩ་ཁོ་ན་ཡིན”ཞེས་གསུངས་ཡོད། Albert Schweitzer-

ཁོང་གིས“ཀུན་སྤྱོད་རིག་པ་ནི་མི་ཚེར་གུས་བཀུར་བྱེད་པ་

ཁོ་ན་ལས་གང་ཡང་མིན། འདིས་བདག་ལ་ཚུལ་ཁྲིམས་ཀྱི་རྩ་དོན་སྩོལ་གྱིན་འདུག


220 ཉམས་ཞིབ་དེབ་ཕྲེང་། ༡

ནམ་ཡང་བཟང་པོ ས ་མི་ ཚེའི་ རྒྱུན་སྐྱོ ང་བྱེ ད ་པ་དང་ངན་པས་མི ་ ཚེ ར ་བར་ཆད་ གཏོང་བཞིན་ཡོད”ཅེས་གསུངས་ཡོད།

གོ ང ་གི ་ དཔྱད་ཞི བ ་དེ ་ དག་ལས་ཀུན་སྤྱོ ད ་རི ག ་པ་ཞེ ས ་པ་ཇི ་ འདྲ་ཞི ག ་

ཡིན་མིན་སྐོར་ལ་དཔྱད་གཞི་མཁོ་འདོན་བྱས་པ་ལྟར་ན།

Ethics

ཀུན་སྤྱོད་རིག་

པའམ་མི་ཆོས་རིག་པ་ནི་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་གཏོགས་པ་དང་། དེའང་ཀུན་སྤྱོད་མཚན་ཉིད་རིག་པ་ཞིག་ཡིན་ལ། ཀུན་སྤྱོད་མཚན་ཉིད་རིག་པ་དེ་ ནིMoralityལས་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཏུ་བརྩི་ཆོག མཚན་

ཉིད་རིག་པ་དེས་བྱ་བ་བྱེད་པ་གཙོ་བོར་འཛིན་པ་ལས(Logic) ཚད་མ་གཙོ་བོར་མི་

འཛིན། ཡང་བྱ་སྤྱོད་མང་པོ་ཞིག་གོམས་སྲོལ་གྱི་དབང་དུ་གྱུར་པ་ཡིན། དཔེར་ན་ རིན་ཐང་ལྟ་ཚུལ། མཛེས་སྡུག་ལྟ་ཚུལ། ཆོས་ལུགས་ལྟ་ཚུལ་སོགས་ཚུལ་ཁྲིམས་

སམMoralityལ་གཏོགས་ཀྱངEthicsལ་མི་བརྩི། དེ་དག་གི་ཀུན་སྤྱོད་ནི་རྒྱུན་གོམས་ གཤིས་ལུགས་ཤ ིག་ཡིན་པ་ལས་རྒྱུ་མཚན་གཞི་ལ་བཞག་པ་ཞིག་མིན། རྩ་བའི་

ཆ་ནས Moralityགྱི ས ་མི འི ་ ཀུན་སྤྱོ ད ་བསྟན་བཞི ན ་པ་འདྲ་ནའང་དེ ་ ནི ་ ཚི ག ་རྙི ང ་

པའམ་ཆོས་ལུགས་དང་སྒེར་ཙམ་ལས། རྒྱུ་མཚན་གཞི་ལ་འཛིན་པའི་གོམས་

སྲོལ་སོགས་སུ་མི་ཚུད་པས་ཐ་སྙད་དེ​ེར་དེང་གི་དུས་སུ་དགའ་མོས་མི་བྱེད་ལ། Ethics

ཀུན་སྤྱོད་རིག་པས་བྱ་བ་བསྒྲུབ་པ་དང་། བྱ་བའི་ལེགས་ཉེས། བྱ་བའི་ཐག་

གཅོད་བཅས་ལ་འགན་ཁུར་བ་ལྟར་གདམ་གསེས་བྱེད་པར་རྒྱུ་མཚན་གྱི་སྒོ་ནས་ གཞོགས་འདེགས་བྱེད་བཞིན་ཡོད།

ལ་རྒྱུ་མཚན་མཁོ་བས་ཆོས་ལུགས་དང་

Ethics

ཐ་དད་ཡིན་ལ། ཡིག་ཐོག་གམ་སྒྲིག་གཞི་ཙམ་ཞིག་ལ་གཞི་མི་འཛིན་པས་ཁྲིམས་ ལུགས་དང་ཐ་དད་ཡིན། Morality

ནི་ཤ ེས་རབ་ཀྱིས་སྣེ་ཁྲིད་དབེན་པའི་མི་སྒེར་དང་སྤྱི་ཚོགས། རིག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 221

གཞུང་བཅས་ཀྱི་བྱ་བའི་རྣམ་འགྱུར་དང་། བྱ་བའི་ཁྲིམས། བྱ་བའི་གོམས་སྲོལ་

བཅས་བྱ་བའི་སྣང་ཚུལ་ལམ་བྱ་བ་བྱེད་སྟངས་དེ་ཡིན་པས་འདི་ནི་བདག་གིས་ འོག་ཏུ་དཔྱད་འགྱུར་གྱི་གཞན་རྟོགས་ཀུན་སྤྱོད་ཡིན་ལ། Ethicsཀུན་སྤྱོད་མཚན་

ཉི ད ་རི ག ་པའི ་ ཕྱོ ག ས་སུ་གཏོ ག ས་པས་ཀུན་སྤྱོ ད ་རི ག ་པའམ་མི ་ ཆོ ས ་རི ག ་པ་

ཅེས་བརྗོད་ན་འོས་པས་འདི་ནི་བདག་གིས་འོག་ཏུ་དཔྱད་འགྱུར་གྱི་རང་རྟོགས་ ཀུན་སྤྱོད་ཞེས་པ་ཡིན།

Morality

ལ་བོད་སྐད་དུ་སྤྱོད་པ་ལེགས་པོ་ཞེས་བརྗོད་ན་

འོས་ཏེ་དེས་གནས་ལུགས་དང་བདེན་པ་གཞི་ལ་མི་འཛིན་པར་སྤྱོད་པ་ཀུན་དང་ བསྟུན་པ་གཙོ་བོར་འཛིན་པས། མི་མང་གི་གོམས་སྲོལ་དང་། ཆོས་ལུགས་ཀྱི་ ཁྲིམས་སོགས་དང་མཐུན་པར་ཁོར་ཡུག་ལ་འཕྲོད་པའི་མི་གཙོར་འདོན་བྱེད་པས་ ན་འདི་ནི་སྤྱོད་པ་ལེགས་པོ་ཙམ་དུ་ངོས་འཛིན་བྱེད་དགོས།

Ethics

ལ་བོད་སྐད་

དུ་ཀུན་སྤྱོད་དམ་ཀུན་སྤྱོད་རིག་པ་ཞེས་པའི་ཐ་སྙད་སྦྱར་ན་འོས་ཏེ་འདིས་གནས་ ལུགས་དང་བདེན་པ་གཞི་ལ་བཟུང་སྟེ་ཤེས་རབ་ཀྱིས་དཔྱད་ཞིབ་ལྡན་པའི་སྒོ་ནས་

ཀུན་སློང་བཟང་པོས་བདེན་པ་བརྩི་བ་དང་། དེའི་སྒུལ་ཤུགས་ཀྱིས་སྤྱོད་པའང་ཕུན་

སུམ་ཚོགས་པ་ཞིག་ཕྱིར་མངོན་བྱེད་པས་ན་རྒྱུ་མཚན་ལྡན་པའི་སྤྱོད་སྟངས་ཤ ིག་ ཏུ་ངོས་འཛིན་བྱེད་དགོས།

གང་ལྟར་དཔྱད་ཞིབ་འདི་དག་བརྒྱུད་ནས་ཨིན་སྐད་ཀྱིMorality/Ethicsགཉིས་

ཀྱི་ཁྱད་པར་དང་། ཅི་ཞིག་ལ་སྤྱོད་པ་ལེགས་པོ་དང་ཅི་ཞིག་ལ་ཀུན་སྤྱོད་རིག་ པ་ཞེས་པའི་ནུབ་ཕྱོགས་པའི་བཤད་ཚུལ་དང་། མཁས་པ་དག་གི་ལྟ་ཚུལ། རིང་

ལུགས་མི་མཐུན་པ་དང་དུས་རབས་ཀྱི་དབྱེ་མཚམས་བཅས་ཤེས་རྟོགས་བྱུང་ བ་མ་ཟད། ཀུན་སྤྱོད་རིག་པ་ནི་སྐྱེས་དངོས་འབྱུང་ཁམས་སོགས་རང་བྱུང་ཚན་

རིག་དང་། ཆབ་སྲིད་དཔལ་འབྱོར་སོགས་སྤྱི་ཚོགས་ཚན་རིག་མ་ཡིན་པར། ཁ་


222 ཉམས་ཞིབ་དེབ་ཕྲེང་། ༡

ནང་དུ་བལྟས་པའི་མི་རང་ཉིད་ཀྱི་བསམ་སྤྱོད་དང་གཤིས་ཀ ཕུགས་འདུན་ལེགས་

ཉེས། བྱ་བའི་བླང་དོར་དང་ཐག་གཅོད། རིན་ཐང་ལྟ་ཚུལ་བཅས་ངོས་འཛིན་བྱེད་ པའི་མིའི་རིག་པ་ཞིག་ཡིན་པ་དང་། དེའང་ཨརེ་སི་ཊོ་ཊར(Aristotle) གྱིས་ཀུན་སྤྱོད་ རིག་པ་ནི་རང་ཉིད་ངོས་འཛིན་ཡིན་པའི་ལྟ་ཚུལ་བཏོན་པ་ནི་ཡང་དག་པའི་གསུང་

གདམས་ཤ ིག་ཡིན་པ་ལྟར། ཀུན་སྤྱོད་ནི་རྒྱུ་མཚན་ལྡན་པའི་སྒོ་ནས་མི་རང་ཉིད་ ཀྱི་བསམ་བློ་གཏོང་ཚུལ་དང་སྤྱོད་པ་མངོན་ལུགས་ངོས་འཛིན་པའི་རིག་པ་ཞིག་ ཡིན་པ་རྟོགས་ཐུབ་པ་དང་། ལྷག་པར་དུ་ཐེ་ཝན་གྱི་མཁས་པ་ལུང་དབྱིན་ཐེས་ཀུན་

སྤྱོད་རིག་པ་བཤད་པའི་སྐབས་སུ་རྩོམ་རིག་སྒྱུ་རྩལ་དང་། མཚན་ཉིད་རིག་པ། ལོ་

རྒྱུས་བཅས་གྲུབ་ཆ་གསུམ་གྱི་སྒོ་ནས་བཤད་ཡོད་པ་དང་། དེའང་མིའི་ནང་ལོགས་ ན་སྦས་ཤ ིང་བསྐུང་ལ་ནམ་རྒྱུན་མཐོང་དཀའ་བའི་མིའི་ནང་གི་དེ་ཉིད་སོགས་ཀྱི་མི་ ནི་རྩོམ་རིག་གིས་མཐོང་བར་བྱེད་པ་དང་། མཚན་ཉིད་རིག་པས་མི་ནི་རིག་གནས་

ཀྱི་སྲོག་ཆགས་ཡིན་ཞེས་པ་ལྟར་མི་དང་རྟེན་འབྲེལ་གྱི་བྱ་དངོས་མཐའ་དག་བར་

གྱི་འགལ་འབྲེལ་བརྒྱུད་དེ་མི་འཚོལ་ཞིབ་བྱེད་ཀྱིན་ཡོད་ལ། ལོ་རྒྱུས་ཀྱིས་འདས་

བྱུང་གནས་ཚུལ་བརྒྱུད་ནས་གདམ་གསེས་དང་བླང་དོར་གྱི་གནས་ལུགས་བཏོན་

བཞིན་ཡོད་པར་འདོད་པ་ལྟར། འདི་གསུམ་ག་མི་ཆོས་རིག་པའི་བྱེ་བྲག་གྲུབ་ཆ་

གསུམ་དུ་བརྩི་དོན་ནི་མིའི་རང་བཞིན་དང་གནས་ལུགས་བསྟན་པ་བརྒྱུད་ནས་མི་ ལ་ཀུན་སྤྱོད་བློ་སྦྱོང་གི་ནུས་མཐུ་སྐྲུན་བཞིན་པའི་རྐྱེན་དུ་ངེས། གོང་གི་ཀུན་སྤྱོད་

རིག་པའི་ཆོས་ཉིད་འདི་འདྲ་ཞིག་གཞི་ལ་བཟུང་ནས་འོག་ཏུ་ཀུན་སྤྱོད་ཤ ེས་ཡོན་ ལ་དབྱེ་ཞིབ་བྱས་ན་རྒྱུ་མཚན་ལྡན་པ་ཞིག་ཡིན་ནོ། །

125

རྒྱུ་ཆ་མཁོ་འདོན་གྱི་ཁུངས། བདག་གི་སློབ་ཕྲུག་ཁ་ཤས་དང་།

125

googleདྲ་ཚིགས། Word Bookའཛམ་གླིང་

སྤྱི་བཤད། བདག་དང་ཤེས་ཡོན་གྱི་འབྲེལ་འདྲིས་ཡོད་པའི་ཨ་རིའི་མཱ་ཡཱ་མེ་མཐོ་སློབ་ཀྱི་(U.S.Miami versity)

དགེ་རྒན་ཆེན་མོD.r.SiDKY,PH.Dདང་DEBORAH

Uni-

AKERS,PH.Dགཉིས། ཤར་དུང་རིའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 223

༣ ཀུན་སྤྱོད་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།

ད་ནི་ཀུན་སྤྱོད་ཤ ེས་ཡོན་བཤད་པ་ལ་དོན་དངོས་ཀུན་སྤྱོད་ཅེས་པ་ཅི་ཞིག་ཡིན་ པ་དང༌། ཀུན་སྤྱོད་དང་ཤ ེས་རབ་ཀྱི་ཁྱད་པར་དང་ལྕི་ཡང༌། ཀུན་སྤྱོད་དང་སྒྲིག་ ཁྲིམས་ཀྱི་ཁྱད་པར། ཀུན་སྤྱོད་ངོ་མ་དང་བཅོས་མའི་ཀུན་སྤྱོད་ཀྱི་ཁྱད་པར། སྒེར་

གྱི་ཀུན་སྤྱོད་དང་སྤྱིའི་ཀུན་སྤྱོད་བཅས་མ་འདྲེས་བར་གསེད་བཀྲོལ་བྱེད་དགོས་ པས་ན། ཆེས་དབྱེ་དཀའ་བའི་རྙོག་འཛིང་རང་བཞིན་ལ་ཡུན་རིང་དཔྱད་གཞིག་ བྱེད་དགོས།

126*

ཀུན་སྤྱོད་ཤེས་ཡོན་བཤད་པ་ལ་དོན་དངོས་སུ་ཀུན་སྤྱོད་ཤེས་ཡོན་ཞེས་

པ་ཅི ་ ཞི ག ་ལ་ངོ ས ་འཛི ན ་བྱེ ད ་དགོ ས ་མི ན ་དང༌། ཀུན་སྤྱོ ད ་དང་ཤེ ས ་རབ་ཀྱི ་

ལྕི་ཡང་དང་ཀུན་སྤྱོད་དང་སྒྲིག་ཁྲིམས་ཀྱི་ཁྱད་པར། ཀུན་སྤྱོད་དངོས་དང་སྤྱོད་

ལེགས་བཅས་ཀྱི་དབྱེ་བ་ཕྱེས་ཏེ་ཀུན་སྤྱོད་དང་དེ་དང་འབྲེལ་བ། ཡང་ན་དེ་དང་ ངོས་ཀྱི་སློབ་འབྲིང་སློབ་མའི་མི་རིགས་ཀློག་དེབ་རྩོམ་སྒྲིག་སྐོར་གྱི་བློས་(ཉི་གཞོན་གྱིས་བརྩམས) བསླངས།

ཧྥ་རན་སིའི་བུ་མོ་ནཱ་ཡི་ལེ། འཇར་མན་ནས་སྐྱེས་ཤིང་དེ་གར་སློབ་སྦྱོང་མཐར་སོན་པའི་བོད་ཀྱི་བུ་མོ་བསྟན་

འཛིན་གཡུ་སྒྲོན། ཨ་རི་ནས་ཡིན་ཞིང་བོད་རིགས་ལ་མོས་པའི་གྲོགས་པོ་སཱམ་ལགས། རྣམ་དཔྱོད་བཀྲ་བའི་

126*

རང་ཉིད་ཀྱི་བཟའ་ཟླ་ལྷ་མོ་བཅས་ཡིན།

ཨིན་ཡིག་གི་ནང་དུ། ETHICS: ཀུན་སྤྱོད། a : of or relating to principles of right and wrong in be-

havior,

སྤྱོད་ལམ་བླངས་དོར་གྱི་རྩ་དོན་དང་དེ་དང་མཚུངས་པ། b: expressing or teaching a conception

of right behavior , ཀུན་སྤྱོད་གྱི་བླངས་བྱའི་གོ་རྟོགས་བསླབ་པའམ་བརྗོད་པར་བྱེད་པ། c : conforming to

a standard of right behavior,

སྤྱོད་ལམ་ལེགས་པའི་ཚད་གཞི་དང་མཐུན་པར་བྱེད་པ། d : sanctioned by

or operative on one’s conscience or ethical judgment <a moral obligation>རང་ཉིད་ཀྱི་དྲན་ཤ ེས་

སམ་ཀུན་སྤྱོད་ལེགས་ཉེས་ཀྱི་འདུ་ཤེས་ཏེ་དེ་ཡི་བཀོད་འདོན་འོག་ལས་ལ་འཇུག་པ།

e : capable of right

and wrong actionསྤྱོད་ལམ་ལེགས་ཉེས་འབྱེད་པའི་ནུས་པ། ཞེས<<taken from Merriam-Webster’s

Collegiate Dictionary>>ཞེས་པའི་ཨིན་ཡིག་གི་ཚིག་མཛོད་ལས་འགྲེལ་བརྗོད་བྱས་ཡོད།


224 ཉམས་ཞིབ་དེབ་ཕྲེང་། ༡

མཚུངས་པའི་ཆོས་དག་ལ་གསེད་བཀྲོལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཕྱིར་ འདི་ནི་བསམ་གཞིགས་ཡུན་རིང་བྱེད་དགོས་པའི་གནད་དོན་ཞིག་ཡིན་ནོ། །

ཀུན་སྤྱོད་ཐད་འཇར་པན་གྱི་མཁས་པ་ཧྥོའུ་ཁོའུ་ཛ་ཝ་ཡོའུ་ཁིས་ཆིས“ནུབ་

གླིང་བསMoral ཞེས་ཟེར་ཞིང་དེ་ནི་སྤྱོད་ལེགས་ཙམ་མ་ཡིན་པར་ནང་སེམས་ཀྱི་

ཚད་གཞི་ཡིན་ཞིང་དེའང་བཅོས་མ་མ་ཡིན་པའི་རྣམ་པར་དག་པ་ལ་གོ” ཞེས་ 127

དང་། ད་དུང་ཁོང་གིས་ཀུན་སྤྱོད་ལ་སྒེར་གྱི་ཀུན་སྤྱོད་དང་སྤྱིའི་ཀུན་སྤྱོད་ཞེས་ དབྱེ་བ་ཕྱེས་ཡོད་ལ། བོད་སྐད་ཀྱི་ཀུན་སྤྱོད་ཅེས་པའི་ཚིག་བབ་ལ་གཞིགས་ ཀྱང་མི་ཞིག་གི་ནང་སེམས་ཀྱི་འགྱུར་བ་དང༌། ཕྱི་རོལ་ཏུ་སྤྱོད་པ་མངོན་སྟངས་ཏེ་

ནང་ཀུན་སློང་བཟང་པོ་དང་ཕྱིའི་སྤྱོད་པ་མཛེས་པ་གཉིས་གཞི་གཅིག་ཏུ་བསྡུས་ པའི་མི་ཆོས་ཀྱི་མིང་བརྡ་ཞིག་ཡིན་པ་རྟོགས་ཐུབ། དེ་འདྲའི་འབྲེལ་བ་ཡོད་ལ་ དབྱེ་བའང་ཡོད་པའི་བརྡ་དོན་གྱི་ཁྱད་ཟུར་གཉིས་ཀྱིས་ཤ ེས་ཡོན་གྱི་ཟུར་གཅིག་

མཚོན་པ་ལ་རྒྱུ་མཚན་ཕུན་སུམ་ཚོགས་པ་ཡོད། དེའི་སྟེང་ནས་ནང་གི་ཀུན་སློང་ བཟང་པོ་དང་ཕྱིའི་སྤྱོད་པ་མཛེས་བོ་གཉིས་ཡ་བྲལ་དུ་འགྲོ་མི་རུང་བའི་གནས་ ལུགས་བསྟན་གྱིན་ཡོད། ཀུན་སློང་ངན་པའི་སྤྱོད་པ་མཛེས་བོ་ནི་ཚུལ་འཆོས་

དང༌། གཡོ་སྒྱུ། ཁེ་འདོད་བཅས་རེད་ལ། སྤྱོད་པ་ངན་པའི་ཀུན་སློང་བཟང་པོ་ ལས་སེམས་ཙམ་པ་དང༌། ལག་ལེན་གྱི་རིན་ཐང་མེད་པ། བསམ་དོན་ཟུང་འབྲེལ་ བྱེད་མི་ཐུབ་པར་དངོས་ཡོད་ལས་བྱོལ་པའི་ངང་ཚུལ་ཐོན་སྲིད་པས་ན། ཀུན་སློང་

བཟང་པོ་དང་སྤྱོད་པ་མཛེས་པོ་གཉིས་ཡ་བྲལ་དུ་མ་སོང་བའི་མི་ཆོས་ཀུན་སྤྱོད་ ལ་སྤུས་ལེགས་ཀུན་སྤྱོད་ཞེས་སུ་འབོད། དེ་ནི་བློ་གྲོས་ཀྱི་གྲོགས་དང་བཅས་ཏེ་

ལེགས་ཉེས་དབྱེ་བ་རྟོགས་པ་སྔོན་དུ་འགྲོ་བ་ཞིག་ལས་དུང་ཞེན་ཁོ་ནའི་དབང་ 127 <<ཤེས་རིག་སྨྲ་བའི་བསྡུས་དོན།>>

ཤོག་ངོས༩༠། ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་ཀྱིས་བརྩམས། ཆ་རིས་

སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 225

དུ་གྱུར་པའི་མང་སྲོལ་ཙམ་ལ་ཀུན་སྤྱོད་ཀྱི་ཆ་དང་ལྡན་ནའང་དེ་ནི་སྤུས་ལེགས་ ཀུན་སྤྱོ ད ་ཡི ན ་པའི ་ ངེ ས ་པ་མེ ད ། སྲོ ལ ་རྒྱུན་གྱི ་ གཞུང་རྣམས་སུའང་སྟོ ང ་ཉི ད ་ སྙིང་རྗེ་ཟུང་དུ་འཇུག་པའི་ལམ་ཞེས་ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་

བའི་ལམ་དུ་བཀྲི་བ་དེའང་དོན་དུ་སྤུས་ལེགས་ཀུན་སྤྱོད་ལ་ཤ ེས་རབ་ཀྱི་མིག་བུ་ དགོས་པའི་གནས་ལུགས་བསྟན་གྱིན་ཡོད།

ནང་བསྟན་ཤེ ས ་རི ག ་གི ་ སྡོ མ ་ཚི ག ་ཅི ག ་གཡར་ནས་ཀུན་སྤྱོ ད ་ཀྱི ་ སྤུས་

ཚད་གླེང་བར་བྱ་བ་ལ་ནང་བསྟན་གཞུང་ལུགས་རྣམས་སུ་འཕགས་ལམ་ཡན་

ལག་བརྒྱད་དང༌། ཕར་ཕྱིན་དྲུག་ནི་སྤྱི་ཚོགས་དང་འབྲེལ་གཏུགས་ཀྱི་ཁྲོད་ནས་

མངོན་དགོས་པའི་མི་ཆོས་དག་ཡིན་པས་སྤྱིའི་ཀུན་སྤྱོད་ཀྱི་ཁྱད་ཆོས་ལྡན། མི་ ཆོ ས ་ཀྱི་ལྟ་ཚུལ་འདིས ་ཁྱད་དུ་འཕགས་པའི་ མི་ བུ་ཞེ ས ་པ་ཅི་ འདྲ་ཞིག་དགོས ་

པའི་ཕྱོགས་ནས་སྡོམ་ཚིག་བརྒྱབ་ཡོད་པས། ང་ཚོས་འདིར་ཕར་ཕྱིན་དྲུག་དང་ འཕགས་ལམ་ཡན་ལག་བརྒྱད་ཀྱི་སྡོམ་ཚིག་འདི་འཇིག་རྟེན་པའི་འཚོ་གནས་ཀྱི་

སྟེང་དུ་སྤྱད་དེ་ཀུན་སྤྱོད་སྤུས་ཚད་འཚོལ་བྱེད་ཀྱི་མེ་ལོང་བྱས་ཆོག འོག་ནས་

ང་ཚོས་འདི་དག་ནང་ཆོས་ཀྱི་ཁོངས་ནས་ཕྱུང་སྟེ་མི་ཆོས་རྣམ་དྲུག་དང་མི་ཆོས་

རྣམ་བརྒྱད་ཅེས་མིང་བརྡ་གསར་པ་ཞིག་སྤྱད་དེ། དེ་དག་མི་ཆོས་ཀུན་སྤྱོད་ཀྱི་ ཚད་གཞིར་བཟུང་ཆོག མི་ཆོས་རྣམ་དྲུག་ནི། ༡) སྦྱིན་པ། ༢) ཚུལ་ཁྲིམས། ༣)

བཟོད་པ། ༤) བརྩོན་འགྲུས། ༥) བསམ་གཏན། ༦) ཤེས་རབ་བཅས་ཡིན་པ་ དང༌། མི་ཆོས་རྣམ་བརྒྱད་ནི། ༡) ཡང་དག་པའི་ལྟ་བ། ༢) ཡང་དག་པའི་རྟོག་པ།

༣) ཡང་དག་པའི་ངག ༤) ཡང་དག་པའི་ལས་ཀྱི་མཐའ། ༥) ཡང་དག་པའི་འཚོ་ བ། ༦) ཡང་དག་པའི་རྩོལ་བ། ༧) ཡང་དག་པའི་དྲན་པ། ༨) ཡང་དག་པའི་ཏིང་

ངེ་འཛིན་བཅས་ཡིན་ལ། སྤྱིའི་ཀུན་སྤྱོད་དུ་གཏོགས་པའི་མི་ཆོས་རྣམ་དྲུག་དག་


226 ཉམས་ཞིབ་དེབ་ཕྲེང་། ༡

ཆོས་ལུགས་ཀྱི་ཁོངས་ནས་ཕྱུང་སྟེ་འཇིག་རྟེན་མི་ཆོས་ཀྱི་ངོས་ནས་ཚིག་འགྲེལ་ རེ་བརྒྱབ་སྟེ་ངོ་སྤྲོད་བྱེད་པ་ལ།

༡) སྦྱིན་པ།--ལུས་སྲོག་ལོངས་སྤྱོད་དང་བཅས་པ་རང་གཞན་བདེ་ཕན་གྱི་ དོན་དུ་བློས་གཏོང་བྱེད་ནུས་པའི་སྙིང་སྟོབས་ཤིག

༢) ཚུལ་ཁྲིམས།--སྒྲིག་ཁྲིམས་དང་ལྡན་པར་བྱེད་པའི་རང་རྟོགས་རང་བཅུན་ གྱི་བསམ་བློའ ི་སྙིང་སྟོབས་ཤིག

༣) བཟོད་པ།--ལེགས་པ་དང་ཉེས་པའི་བྱ་དངོས་ཡོད་ཚད་ལ་འདྲ་མཉམ་ ཀྱིས་དང་ལེན་བྱེད་པའི་བསྲན་ཐུབ་ཀྱི་སྙིང་སྟོབས་ཤ ིག

༤) བརྩོན་འགྲུས།--ལེགས་ཉེས་བདམས་ཤེས་པའི་སྒོ་ནས་སྤྲོ་སེམས་ཀྱིས་ ཡུལ་ལ་འཇུག་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཤིག

༥) བསམ་གཏན་ནི།--ལུས་སེམས་འདུལ་སྦྱོང་བྱས་ཏེ་གང་འདོད་དུ་བཀོལ་ ཐུབ་པའི་ཤ ིན་སྦྱང་གི་སྙིང་སྟོབས་ཤིག

༦) ཤེས་རབ་ནི།--ཡུལ་དང་ཡུལ་ཅན་གྱི་གནས་ལུགས་ལ་མ་རྨོངས་པར་ དཔྱད་ཞིབ་དང་ཐག་གཅོད་བྱེད་པའི་དཔྱོད་ཤེས་ཀྱི་སྙིང་སྟོབས་ཤིག

སྤྱིའི་ཀུན་སྤྱོད་དུ་གཏོགས་པའི་མི་ཆོས་རྣམ་བརྒྱད་དག་ཆོས་ལུགས་ཀྱི་

ཁོངས་ནས་ཕྱུང་སྟེ་འཇིག་རྟེན་མི་ཆོས་ཀྱི་ངོས་ནས་ཚིག་འགྲེལ་རེ་བརྒྱབ་སྟེ་ངོ་ སྤྲོད་བྱེད་པ་ལ།

༡) ཡང་དག་པའི་ལྟ་བ་ནི།—གནས་ལུགས་ལ་དཔྱད་ཞིབ་བསམ་གཞིགས་ བྱས་ཏེ་ལྟ་བ་ཡང་དག་དང་བསམ་བློ་ཕུན་སུམ་ཚོགས་པ། ཕུགས་བསམ་

ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་གནས་ལུགས་དང་མི་མཐུན་པ་དང་ བརྩེ་དུང་གི་དབང་དུ་ཤོར་བའི་སྣང་ཚུལ་འགོག་ཐུབ་པ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 227

༢) ཡང་དག་པའི་རྟོག་པ།—རང་ཉིད་ཀྱི་གོ་རྟོགས་དེའང་འཆར་སྣང་ཙམ་མ་ ཡིན་པར་གནས་ལུགས་ལ་ཡང་དང་ཡང་དུ་དཔྱད་པ་དང༌། དངོས་ཡོད་

དང་མཐུན་པའི་དཔྱད་དོན་དེ་ཉིད་གཞན་ལའང་རྒྱུ་མཚན་ལྡན་པའི་སྒོ་ནས་ འདོན་ནུས་པ།

༣) ཡང་དག་པའི་ངག་ནི།—རྫུན་ཚིག་སྤངས་ཤིང་དངོས་ཡོད་གནས་ཚུལ་ དང་མཐུན་ཞིང་། གཞན་ལ་ཕན་པའི་ངག་སྨྲ་བ།

༤) ཡང་དག་པའི་ལས་ཀྱི་མཐའ་ནི།—རང་རྟོགས་ཡོད་པའི་སྒོ་ནས་ཕྱི་རོལ་ ཡུལ་དང་འབྲེལ་འདྲིས་བྱེད་པའི་སྤུས་ལེགས་ཀུན་སྤྱོད་ལྡན་པ།

༥) ཡང་དག་པའི་འཚོ་བ་ནི།—ཀུན་སྤྱོད་དང་འགལ་བའི་ལོག་འཚོ་དང༌།

ལུས་ངག་གིས་ཚུལ་འཆོས་དང་ཁ་གསག་བཅས་རིང་དུ་སྤངས་ནས་འཚོ་ བ་རྣམ་དག་རོལ་བ།

༦) ཡང་དག་པའི་རྩོལ་བ་ནི།—ཀུན་སྤྱོད་དང་ཤེས་རབ་ཀྱི་རྟོགས་ཚད་དེའི་

སྟེང་ནས་ཡང་དང་ཡང་དུ་གོམས་པར་བྱས་ཏེ་མི་ལེགས་པའི་དོན་བྱ་མཐའ་ དག་བསལ་བར་བྱེད་པ།

༧) ཡང་དག་པའི་དྲན་པ་ནི།—སྒྲིག་ཁྲིམས་ལྡན་པ་དང༌། ཀུན་སྤྱོད་ལྡན་པའི་ མི་ཆོས་བཟང་སྤྱོད་ཀྱི་དྲན་པས་ཟིན་ཏེ་རང་ཉིད་ལ་བྱ་ར་བྱེད་པ།

༨) ཡང་དག་པའི་ཏིང་ངེ་འཛིན་ནི།—སྤྱོད་ལེགས་ཙམ་མ་ཡིན་པར་ཀུན་སློང་

བཟང་པོའ་ི མི་ཆོས་ཀྱི་ཁྱད་འཕགས་རང་བཞིན་ལ་བརྩོན་ཞིང་བསམ་བློའ་ི ངོས་ནས་ཡང་ཡང་སྦྱོང་བརྡར་སྤྲོད་པ།


228 ཉམས་ཞིབ་དེབ་ཕྲེང་། ༡

གོང་གི་མི་ཆོས་རྣམ་དྲུག་དང་མི་ཆོས་རྣམ་བརྒྱད་པོ་འདི་དག་དང་ལྡན་པའི་

སྐྱེས་བུ་ཞིག་ཡིན་ཕྱིན་ཀུན་སྤྱོད་ལྡན་པའི་མི་བུར་འབོད་རུང་ལ། ཀུན་སྤྱོད་ཀྱི་ཡོན་

ཏན་འདི་དག་དང་ལྡན་ན་ཁྲིམས་དང་ཡང་མཐུན་ཞིང་སྤྱི་ཚོགས་ཡར་རྒྱས་དང༌། ཤེས་ཡོན་ཡར་རྒྱས་སྤུས་ཚད་ལྡན་པ་ཞིག་འགྲོ་བར་གདོན་མི་ཟ་བས་ན་ཤ ེས་ཡོན་

གྱིས་འདི་འདྲའི་མི་ཆོས་ཀྱི་རིན་ཐང་ལྷུར་ལེན་དགོས་པ་དང༌། འདི་འདྲའི་མི་ཆོས་

ཀྱི་རིན་ཐང་ལྷུར་བླངས་ཏེ་འཇིག་རྟེན་གྱི་འཚོ་བའི་ཁ་ཕྱོགས་ཁྲིད་པ་དང་མིའི་ཀུན་ སྤྱོད་ཀྱི་ཁ་ཕྱོགས་ཁྲིད་སྟོན་བྱེད་རྒྱུ་ནི་ཡོལ་དུ་མེད་པའི་འོས་འགན་ཉིད་དུ་གྱུར་ པའི་གནས་ལུགས་རྟོགས་པར་བྱས་ཏེ་ཀུན་སྤྱོད་ཀྱི་བླང་བྱར་འཛིན་འོས་པ་དང་། དེ་མིན་ཀུན་སྤྱོད་དུ་བརྩི་ཡང་ཀུན་སྤྱོད་ཀྱི་རིན་ཐང་མེད་པའི་སྤྱི་ཚོགས་འབྲེལ་བ་

དང་སྒེར་གྱི་བསམ་བློ། སྤྱོད་སྟངས་བཅས་སུ་གྱུར་པའི་གནས་ཚུལ་མང་དག་ཅིག་ ལ་དེ་བཞིན་ལྟ་ཞིབ་བྱེད་ཤེས་དགོས། དབང་སྒྱུར—བྲན་གཤིས།

ངལ་དུབ་ཆེན་པོ—བག་གཡེང་སོས་དལ།

ཚད་མའི་སྐྱེས་བུ—ཚེ་སྲོག་གི་རྩིས་མཐོང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 229

གྲུབ་མཐའི་སྡོམ་བཀྱིག—གསོལ་འདེབས་མཆོད་བཀུར། ལྷན་སྐྱེས—དགའ་གུས།

བརྩེ་བ་གཙོ་བ—དྲང་བདེན་ཕལ་བ།

ཁ་ལེན་ཚིག་བརྩི—འཇོན་ནུས་སྦས་པ། མིའི་ལྷན་སྐྱེས—ཚུལ་འཆོས།

འདི་དང་འདི་འདྲ་བའི་སྙིགས་མའི་སྤྱོད་སྟངས་མང་དག་ཅིག་ལ་སྙིགས་མར་

ངོས་འཛིན་པའི་བློ་གྲོས་ཀྱི་མིག་འོད་གསར་པ་ཞིག་བསྐྲུན་དགོས་པར་ངེས། སྤུས་

ལེགས་ཀུན་སྤྱོད་ནི་ཤེས་རབ་ཀྱི་ཁྲིད་སྟོན་ལ་བརྟེན་དགོས་ཏེ། ཤེས་རབ་ཀྱིས་ སྤྱོད་སྟངས་ཀྱི་དྭངས་སྙིགས་མ་ཕྱེས་པའི་སྤྱི་ཚོགས་སུ། ནམ་ཡང་རྟོགས་སད་མ་ བྱུང་བའི་དུས་ཀྱི་གནའ་བོའ ི་མི་ཆོས་མཛེས་སྤྱོད་དང་འབྲེལ་བའི་རྨོངས་སྲོལ་མང་

དག་ཅིག་ཀུན་སྤྱོད་ཀྱི་ཁོངས་སུ་བསྡུས་ནས་གཙིགས་འཛིན་དང་བརྩི་སྲུང་བྱེད།

ཁྱད་ཡོ ན་དུ་བགྲངས་ཤིང་རྨོངས་སྲོལ་གྱི་སྟེང་དུ་གནས་པའི་ སྤྱོ ད ་སྟངས་ཤིག་ གིས་འཚོ་གནས་འཕེལ་ཕྱོགས་དང༌། མི་རིགས་ཀྱི་འཕེལ་ཕྱོགས། དུས་རབས་ཀྱི་ འཕེལ་ཕྱོགས་བཅས་ལས་ལྡོག་སྟེ་འགོག་རྐྱེན་བཟོ་བཞིན་ཡོད། དེའི་དཔེ་མཚོན་ ལྟ་བུར་མི་རིགས་གང་ཞིག་གིས་མ་འོངས་པ་ཞེས་པའི་དྲི་བ་དེའང་གནད་འགག་

སྐབས་སུ་ཚོད་བགམ་དང༌། བགྲོ་གླེང༌། དབྱེ་བསྡུར། ཐག་གཅོད། ཕྱོགས་སྡོམ་ བཅས་བྱེད་པའི་ཚབ་ཏུ་ལྷ་ཀླུ་གདོན་སོགས་ལ་རེ་སྐུལ་ཁོ་ན་བྱེད་པ་འདིའང་མི་

རིགས་ཤ ིག་རྟོགས་སད་མ་བྱུང་བའམ་ཤེས་རབ་མེད་པའི་རྨོངས་སྲོལ་ཀྱི་མངོན་ སྟངས་གསོན་ཉམས་ལྡན་པ་ཞིག་ཡིན་ཏེ། གནའ་བོའ ི་རང་བྱུང་གི་ལྷ་འདྲེ་ལ་སྐྱབས་ སུ་འགྲོ་བའི་གཉུག་མའི་སྤྱོད་སྟངས་ཀྱི་ཟུར་ཞིག་ཀྱང་ཡིན། མང་སྲོལ་ཀུན་སྤྱོད་དུ་

བརྩི་བའི་བཙན་རྫོང་གཏོར་བའི་ལས་དེ་སླ་མོ་ཞིག་གཏན་ནས་མིན་ཏེ། རྒྱུན་རིང་


230 ཉམས་ཞིབ་དེབ་ཕྲེང་། ༡

འཚོ་བའི་ཁྲོད་ཀྱི་གཏིང་ཟབ་བག་ཆགས་ཤིག་ཡིན་པ་མ་ཟད། མི་རབས་མང་པོའ ི་

རིན་ཐང་གི་ལྟ་ཚུལ་དང༌། མཛེས་དཔྱོད་ཀྱི་ལྟ་ཚུལ། མི་ཆོས་ལྟ་ཚུལ་སོགས་དང་ དམ་དུ་འབྲེལ་བ་མ་ཟད། གཞུང་ལུགས་ཀྱི་ཁྲོད་དུའང་སིམ་ནས་ཡོད། འོ་ན་སྤྱོད་

སྟངས་བཅོས་བསྒྱུར་གྱིས་སྤུས་ལེགས་ཀུན་སྤྱོད་དུ་སླེབས་པར་བྱེད་ན། སྙིགས་ མའི་གོམས་སྲོལ་དུ་གྱུར་ཀྱང་ཀུན་སྤྱོད་དུ་བགྲང་བའི་ཆོས་དག་གི་ཉེས་པ་གསལ་

རྗེན་དུ་བཏོན་ཏེ་ཆོས་གང་ཡིན་ཀྱང་དུང་ཞེན་གྱི་སྔོན་དུ་གཡོ་བ་མེད་པའི་བདེན་པ་ འགྲོ་དགོས་པའོ། །

གོམས་སྲོལ་ལ་དུང་བ།—ཕན་གནོད་ལ་བརྟག་པ།

འདས་བྱུང་ན་འཚོ་བ།—འབྱུང་འགྱུར་ལ་ཕྱོགས་པ། རིག་གནས་ལ་ཐིམ་པ།—རང་ཉིད་ལ་བདག་པ།

བཅས་ཀྱི ་ སྒྱུར་བཅོ ས ་བྱས་ཏེ ་ བློ ་ གྲོ ས ་ཀྱི ་ མེ ལ ་ཚེ འི ་ འོག ་ནས་མུན་ནག་

གི་སྤྱོད་སྟངས་རེ་རེའི་མགོ་བོར་ཐོ་བས་གཞུས་ཏེ་གོམས་སྲོལ་གྱི་སྒོ་མོར་ཤ ེས་ རབ་ཀྱི ་ རླུང་ཁམས་གསར་པ་འཛུལ་ཐུབ་པ་བྱས་ཏེ ་ རང་རྟོ ག ས་ཀྱི ་ གནས་སུ་ བསྐྱལ་དགོས།

༤ ཀུན་སྤྱོད་ཀྱི་རང་རྟོགས་དང་གཞན་རྟོགས།

ཞིབ་ཚགས་པོའ་ི སྒོ་ནས་བཤད་ན་ཀུན་སྤྱོད་ལ་གཞན་རྟོགས་རང་བཞིན་དང་རང་

རྟོགས་རང་བཞིན་གཉིས་ཡོད་པ་ལས། ཀུན་སྤྱོད་ཀྱི་གཞན་རྟོགས་རང་བཞིན་ནི་ གཞན་གྱི་རྟིང་སྐུལ་དང༌། བཙན་འདེད། ཐབས་ཁྲིད། ཉེས་པར་ཞེད་པ། སྒྲིག་གཞིས་ བཅུན་པ། སྤྱོད་སྟངས་སྤྱི་ཚོགས་དང་མཐུན་ཐབས་བྱེད་པ་སོགས་ཏེ། མདོར་ན་

ཕན་གནོད་ཐོབ་ཤོར་འཇལ་བར་རང་ཉིད་ལྟེ་བར་བཟུང་བ་ཞིག་ཡིན། ཀུན་སྤྱོད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 231

ཀྱི་རང་རྟོགས་རང་བཞིན་ནི་ནང་སེམས་ཀྱི་རྟོགས་པ་ཞིག་གིས་རྒྱུ་བྱས་ཏེ་བསམ་ བློའ་ི འཁྱེར་སོ་དང༌། བྱ་བ་བསྒྲུབ་ལུགས། སྤྱོད་པ་མངོན་སྟངས། ཕྱི་རོལ་ཡུལ་

དང་འབྲེལ་བ་འཛུགས་སྟངས་བཅས་ཀྱི་ཐད་དུ་གཞན་གྱིས་སྐུལ་འདེད་དང༌། སྒྲིག་

ཁྲིམས་ལམ་ལུགས་ཀྱིས་བཅུན་པ། རང་གཞན་གཉིས་ཀ་ལྟེ་བར་མི་འཛིན་པར་ ཕུགས་ཀྱི་ཕན་གནོད་གསལ་བོར་རྟོགས་པའི་ནང་སེམས་ཀྱི་མྱོང་རྟོགས་དངོས་

ལ་བརྟེན་ནས་འཕྲལ་ཕུགས་གཉིས་ལས་ཕུགས་ཀྱི་གནད་དོན་ལ་བསམ་ཤེས་

བྱེད་པའི་ཀུན་སྤྱོད་ཀྱི་མངོན་སྟངས་ཤིག་ཡིན། ད་དུང་དེ་གཉིས་ཀྱི་དབྱེ་བ་གསལ་ བོར་བཤད་ན་གཏེར་ཁ་སྔོག་འདོན་བྱས་ན་རང་བྱུང་གི་ལྷ་ཀླུའི་དགོངས་པ་དང་

འགལ་འགྲོ་བ་དང༌། དེ་དང་འགལ་ན་རང་ལ་གནོད་པ་ཡོང་བར་དོགས་ཏེ་གཏེར་ ཁ་སྔོག་འདོན་མི་བྱེད་པ་ནི་མང་སྲོལ་ལ་ཞེན་པའི་གཞན་རྟོགས་ཀུན་སྤྱོད་ཡིན་ལ།

མི་གསོད་འཕྲོག་བཅོམ་དང༌། སྲིད་གཞུང་ལ་ངོ་རྒོལ་བྱས་ན་ཁྲིམས་ཆད་ཕོག་པར་

དོགས་ནས་ལས་དེ་དང་དེ་སྤངས་པ་ནི་ཁྲིམས་ཀྱིས་བཅུན་པའི་གཞན་རྟོགས་ཀུན་ སྤྱོད་ཡིན།

(རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་གཙོ་བོ་མི་མང་གི་ལུས་ངག་སྟངས་འཛིན་བྱེད་པ་ལས་བསམ་

བློའ ི་ཆ་ལ་སྟངས་འཛིན་བྱེད་མི་ཐུབ་པས་ན། ཀུན་སྤྱོད་ཀྱི་རིན་ཐང་མེད་ཀྱང་སྤྱོད་པ་མཛེས་པོ་སྲུང་འཛིན་ བྱེད་ཐུབ་པས་ན་གནས་སྐབས་ཀུན་སྤྱོད་ཀྱི་ཁོངས་སུ་བསྡུས་པ་ཡིན།)

དེ་དང་བསྡུར་ན་ཆོས་

ལུགས་སྤྱི་ཡོངས་ཀྱི་ཀུན་སྤྱོད་ལ་ཀུན་སྤྱོད་ཀྱི་མཚན་ཉིད་ཕྱེད་ཀ་ལས་མང་བ་ལྡན་

ཞེས་བརྗོད་ཆོག་སྟེ་སྤྱོད་སྟངས་དང་བསམ་བློ་གཉིས་ཀའི་ཆ་དང་ལྡན། དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་སྤངས་དགོས་པའི་མི་དགེ་བ་བཅུ་ནི། སྲོག་གཅོད་ པ་དང༌། མ་བྱིན་པ་ལེན་པ། མི་ཚངས་པར་སྤྱོད་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ་

དང༌། རྫུན་དང༌། ཕྲ་མ། ཚིག་རྩུབ། ངག་བཀྱལ་ཏེ་ངག་གི་མི་དགེ་བ་གསུམ། བརྣབ་

སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་སྟེ་མི་དགེ་བ་བཅུ་


232 ཉམས་ཞིབ་དེབ་ཕྲེང་། ༡

ཟེར་ཞིང་དེ་བཅུ་སྤངས་པ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་སུ་འབོད་ལ་ དེའི་ཁྱབ་ཁོངས་སུ་ལུས་ངག་ཡིད་གསུམ་ཚུད་ཡོད།

ཡེ་ཤུའི་ཆོས་ལུགས་ཀྱི་ཁྲིམས་བཅུ་ནི། ལྷ་དབང་ལས་གཞན་པའི་ལྷ་མི་སྨྲ་

བ༑ སྐུ་འདྲ་གཞན་ལ་ཕྱག་མཆོད་མི་བྱེད་པ། ལྷ་དབང་ཡེ་ཧོ་ཧཱའི་མཚན་ནས་གང་

བྱུང་མི་འབོད་པ། བདེ་བར་གཤེགས་ཉིན་དུས་ཆེན་དུ་འཛིན་པ། ཕ་མར་བཀུར་ གཟོ་བྱེད་པ། མིའི་སྲོག་གཅོད་སྤོང་བ། ལོག་གཡེམ་སྤོང་བ། འཕྲོག་བཅོམ་སྤོང་ བ༑ མ་མཐོང་ཡང་བསྙོན་ནས་མཐོང་ཞེས་དཔང་བོ་རྫུན་མ་བྱས་ཏེ་གཞན་ལ་གནོད་

འཚེ་སྤོང་བ། བརྣབ་སེམས་སྤོང་བ་སྟེ་བཅུ་བོ་སྤང་བའི་ཁྲིམས་བཅས་ཡོད་པར་ མཚོན་ནའང་ལུས་ངག་ཡིད་གསུམ་ཚུད་པའི་ཁྲིམས་ལུགས་སུ་ངེས།

ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ཆེན་བདུན་ནི། ༡) ཨ་ལའི་ཆོས་ལས་གཞན་

ལ་ཡིད་ཆེས་མི་བྱེད་པ། ༢) དཀོན་མཆོག་གི་རྗེས་འཇུག་མི་གསོད་པ། ༣) དྭ་

ཕྲུག་གི་རྒྱུ་ནོར་ལོངས་སུ་མི་སྤྱོད་པ། ༤) བུ་ལོན་མི་ལེན་པ། ༥) དམག་འཁྲུག་ སྐབས་ཕྱིར་ནུར་མི་བྱེད་པ། ༦) དཀོན་མཆོག་ལ་དད་པ། ༧) ཀུན་སྤྱོད་གཙང་བའི་ བུད་མེད་ལ་བརྙས་བཅོས་མི་བྱེད་པ།

ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ཆུང་རིགས་ནི། ༡) ཨ་ལ་ལས་དཀོན་མཆོག་

གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། ༢) རང་ཉིད་ཀྱི་གྲོགས་ཟླ་དཀོན་མཆོག་ཏུ་མི་ བརྩི་བ། ༣) འབྱུང་འགྱུར་གྱི་རྣམ་རྟོག་དང་མོ་རྩིས་ལུང་བསྟན་ལ་ཡིད་ཆེས་མི་བྱེད་

པ༑ ༤) རྫུ་འཕྲུལ་དང་ངན་སྔགས་མི་སྤྱོད་པ། ༥) མི་མི་གསོད་པ། ༦) རང་ཤ ི་མི་ རྒྱག་པ། ༧) དཔང་བོ་རྫུན་མ་མི་ཐོན་པ། ༨) ལོག་གཡེམ་དང་བསླུ་བྲིད་མི་བྱེད་པ།

༩) མགོ་སྐོར་དང་རྫུན་རྐུས་མི་བྱེད་པ། ༡༠) བུ་ལོན་མི་ལེན་པ། ༡༡) ཕག་ཤ ་མི་ ཟ་ཞིང་ཆང་མི་འཐུང་བ། ༡༢) དྭ་ཕྲུག་གི་རྒྱུ་ནོར་ལོངས་སུ་མི་སྤྱོད་པ། ༡༣) དུས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 233

ཆེན་ལ་བསྙུང་གནས་བསྲུང་བ། ༡༤) ཉིན་དུས་ལྟར་ཆོས་བྱེད་པ། ༡༥) ཉམ་ཐག་ ལ་སྐྱོབ་གསོ་སྤྲོད་པ། ༡༦) རྒྱན་རྩེད་མི་རྩེ་བ། ༡༧) བཙན་དབང་དང་དྲང་བདེན་

མ་ཡིན་པའི་ལས་མི་བྱེད་པ། ༡༨) ཡིད་ཆེས་མི་དོར་བ་དང་གན་རྒྱ་ལ་གནས་པ། ༡༩) མ་ཉེས་ཁ་གཡོགས་མི་བྱེད་པ། ༢༠) སྤུན་ཚན་ནང་ཁུལ་འགལ་ཟླར་མི་འགྲོ་

བ༑ ༢༡) ཕ་མའི་གསུང་བརྩི་བ་དང་བརྩི་མཐོང་འཇོག་པ་བཅས་ཡིན་ཞིང་དེའི་ནང་ དུའང་ལུས་ངག་ཡིད་གསུམ་ཚུདཡོད་དོ། །

ཁུང་ཙིའི་ཆོས་ལུགས་ཀྱི་མི་ཆོས་རྣམ་ལྔ་སྟེ། ༡) ཕ་བུའི་བརྩེ་དུང་དགོས་པ།

༢) རྒྱལ་བློན་བར་གཞུང་དྲང་བརྩི་བཀུར་ཡོད་པ། ༣) ཁྱོ་ཤུག་གི་ཁྱད་པར་ཡོད་པ།

༤) བགྲེས་གཞོན་གོ་རིམ་ཡོད་པ། ༥) གྲོགས་བཤེས་ཀྱི་བར་དུ་ཡིད་རྟོན་འོས་པ་ བཅས་ཡིན་ལ་འདིའི་ནང་དུའང་ལུས་ངག་ཡིད་གསུམ་འདུས་ཡོད།

བཀས་བཀོ ད ་རྒྱུན་འཛི ན ་གྱི ་ ཀུན་སྤྱོ ད ་ཚད་གཞི ་ ཡི ན ་པའི “ རྟེ ན ་གཞི ་

གསུམ་དང་འཛི ན ་ལུགས་ལྔ”སྟེ ། བློ ན ་པོ འ་ི རྟེ ན ་གཞི ་ རྒྱལ་པོ ། བུ་ཕྲུག་རྟེ ན ་

གཞི་ཕ་མ། སྐྱེ་དམན་རྟེན་གཞི་ཁྱོ་ག་བཅས་རྟེན་གཞི་གསུམ་དང༌། ༡) བྱམས་ བརྩེ། ༢) དྲང་བདེན། ༣) གུས་ལུགས། ༤) ཤེས་རིག ༥) གཞུང་དྲང༌བཅས་ འཛིན་ལུགས་ལྔ་སོགས་ལ་བལྟས་ནའང་ལུས་ངག་གི་ཉེས་འགོག་ཙམ་མ་ཡིན་

པར་བསམ་པའི་ཡོན་ཏན་གྱི་ཕྱོགས་ལའང་རེ་བ་བླ་མེད་བརྒྱབ་ཡོད་པས་ཀུན་

སྤྱོད་ཀྱི་བླང་བྱ་བླ་མེད་ཡོད། ཆོས་ལུགས་ཚང་མའི་ཀུན་སྤྱོད་དང་། ཁྲིམས་ཀྱི་

སྤྱོད་སྟངས་ཡིན་ན་རང་རྟོགས་ཀུན་སྤྱོད་ཡིན་པའི་ཁྱབ་ཅེས་ཁས་ལེན་མི་ཐུབ་ པ་ཤ ེས་ནུས། ཆོས་ལུགས་སྣ་ཚོགས་ཡོད་ལ་ཆོས་ལུགས་གཅིག་གི་ནང་དུའང་ སྣང་ཚུལ་སྣ་ཚོགས་ཡོད།


234 ཉམས་ཞིབ་དེབ་ཕྲེང་། ༡

༥ ཁྲིམས་ལུགས་སུ་གྱུར་པའི་སྤྱོད་ལེགས་ཚད་གཞི་འཇལ་བྱེད་ནི་ཉེས་ཆད་ ཡིན།

མི་ཞིག་གིས་མི་ཞིག་བསད་ན་ཁྲིམས་ལུགས་ཀྱིས་ཉེས་ཆད་གཅོད་པས་ན་དེ་ ནི་ལུས་ངག་གི་བྱ་སྤྱོད་བསྡམས་པ་ཙམ་དུ་ངེས། མིས་ཁྲིམས་འགལ་གྱི་ཉེས་པ་

མི་བསགས་པ་ནི་མི་ཆོས་ཀྱི་རིན་ཐང་རྟོགས་པའི་གོ་རྟོགས་མིན་པར་ཁྲིམས་

ལུགས་ཀྱི་འདུ་ཤེས་ལྡན་པའི་རྐྱེན་ལ་ཐུག་ཡོད་གཤིས། བསམ་བློའ་ི སྟེང་ནས་

རང་རྟོ ག ས་ཀྱི ས ་ལུས་སེ མ ས་ལས་སུ་རུང་བའམ་ཤེ ས ་རབ་ཀྱི ་ རྟགས་མཚན་

མེད་ཕྱིར། ནམ་ཞིག་ཁྲིམས་ལུགས་ཀྱི་ཉེས་གཅོད་སྟོབས་ཤུགས་ཉམས་པར་ གྱུར་ཚེ་བཙན་པོས་གཉོམ་ཆུང་གསོད་པ་དང༌། ཕྱུག་པོས་དབུལ་བོ་སྐྲོད་པའི་

གཤིས་ངན་ཕྱིར་མངོན་བྱེད་པར་ཐེ་ཚོམ་མེད། དེའི་ཕྱིར་ཁྲིམས་ལུགས་ཀྱིས་

འཛུགས་སྐྲུན་བྱས་པའི་སྤྱོ ད་ལེགས་ལ་གཞན་རྟོ གས་ཀུན་སྤྱོད་ཅེ ས ་མི་ འབོད་

རང་འབོ ད ་ཡི ན ། ཡི ན ་ནའང་ཁྲི མ ས་ལུགས་སྤྱོ ད ་ལེ ག ས་ཀྱི ས ་མི ་ རྣམས་རང་ རྟོགས་ཀུན་སྤྱོད་ཀྱི་ཕྱོགས་སུ་འཁྲིད་པར་ནུས་པ་བླ་མེད་འདོན་གྱིན་ཡོད། མི་ ཞིག་གིས་རྐུ་མི་བྱེད་པ་ཁྲིམས་ལུགས་ཀྱི་རྔམ་ཟིལ་ཡིན་ཀྱང༌། དུས་རབས་ཤ ིག་

གིས་རྐུ་མི་བྱེད་པ་ནི་ཁྲིམས་ལུགས་བརྩི་བའི་བྱ་སྤྱོད་དེ་རིམ་གྱིས་གཤིས་ཀའི་

གསེང་ལ་ཐིམ་ནས་གོམས་གཤིས་སུ་གྱུར་ཏེ་རང་རྟོགས་ཀུན་སྤྱོད་ཀྱི་རྒྱུ་རྐྱེན་ གལ་ཆེན་དུ་འགྱུར་གྱིན་ཡོད།

སྤྱི ་ ཚོ ག ས་ཚན་རི ག ་གི ་ སློ བ ་ཚན་རྣམས་སུ་ཁྲི མ ས་དང་ཀུན་སྤྱོ ད ་ལྟ་

བསྡུར་འདི་ལྟར་བྱས་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 235

ཁྲིམས།---- ཀུན་སྤྱོད།

ཁྲིམས་ནི་མིའི་སྤྱོད་པ་དང་འབྲེལ་བ་ལས་ཀུན་སློང་དང་མི་འབྲེལ།--- ཀུན་སྤྱོད་ནི་ཕྱིའི་སྤྱོད་པ་དང་ནང་གི་ཀུན་སློང་གཉིས་ ཀར་འབྲེལ།

ཁྲིམས་ནི་རྒྱལ་ཁབ་ཀྱི་བྱ་བཞག་ཅིག་ཡིན།--- ཀུན་སྤྱོད་ནི་བག་ཡོད་ལ་ལྟོས་པ་ཅན་ཡིན།

ཁྲིམས་ནི་མིའི་མི་ཚེའི་ཆ་ཤ ས་ཤ ིག་ཡིན།--- ཀུན་སྤྱོད་ནི་མིའི་མི་ཚེ་ཧྲིལ་པོ་དང་འབྲེལ་བ་ཡོད།

ཁྲིམས་དང་འགལ་ན་རྒྱལ་ཁབ་ཀྱིས་ཁྲིམས་གཅོད་བྱེད་འོས།--- ཀུན་སྤྱོད་དང་འགལ་ན་རྒྱལ་ཁབ་ཀྱིས་ཁྲིམས་གཅོད་བྱེད་མི་ འོས།

ཁྲིམས་ཀྱི་རྒྱབ་ལོགས་ན་གནོན་ཤུགས་ཡོད།--- བག་ཡོད་ཀུན་སྤྱོད་ནི་རང་རྟོགས་ཤིག་ཡིན། ཁྲིམས་ནི་བརྟན་ཞིང་འགྱུར་མེད་ཡིན།--- ཀུན་སྤྱོད་ནི་ཁ་མི་གསལ་ཞིང་འགྱུར་བ་ཅན་ཡིན། ཁྲིམས་ནི་རྒྱུ་མཚན་རང་བཞིན་ཅན་དང༌།--- ཀུན་སྤྱོད་ནི་རྒྱུ་མཚན་ལ་ལྟོས་པ་མེད།

ཁྲིམས་ཀྱི་བྱ་སྤྱོད་ནི་རྒྱལ་ཁབ་གྱི་བྱ་སྤྱོད་དང་བསྟུན་ཡོད།--- ཀུན་སྤྱོད་ནི་ཡོངས་ཁྱབ་ཅན་ཡིན།

ཁྲིམས་ནི་དགོས་པ་སྟབས་བསྟུན་ལ་གཞི་བཅོལ་ཡོད།--- ཀུན་སྤྱོད་ནི་ལྟོས་མེད་ཀྱི་ཚད་གཞི་ཞིག་ཡིན།

ཁྲིམས་ཐོག་གི་ནོར་བ་ཞིག་ཀུན་སྤྱོད་ཐད་འགྲིག་ཀྱང་སྲིད།--- ཀུན་སྤྱོད་ཀྱི་ནོར་འཁྲུལ་ནི་ཁྲིམས་ལུགས་ཐད་འགྲིག་ཀྱང་སྲིད། ཁྲིམས་ལུགས་ལ་ལག་བསྟར་བྱེད་མཁན་ངེས་གཏན་ཡོད།--- ཀུན་སྤྱོད་ལ་ལག་བསྟར་བྱེད་མཁན་ངེས་གཏན་མེད།

128

ལྟ་བསྡུར་འདིའི་ཐོག་ནས་ཁྲིམས་ལུགས་ནི་གཞན་རྟོགས་ཀུན་སྤྱོད་ཡིན་

ལ་རང་རྟོགས་ཀུན་སྤྱོད་ནི་དེ་ལས་འདས་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། ཆོས་

ལུགས་ཀུན་སྤྱོད་ཀྱང་མཁས་པའི་གསུང་སྒྲོས་ཙམ་མ་ཡིན་པར་མི་མང་གིས་གོ་བ་ ལེན་སྟངས་དང་ཉམས་སུ་མྱོང་སྟངས་ཀྱི་ཆ་ནས་བལྟས་ན། དེའང་གཞན་རྟོགས་

128 <<An Introduction to Sociology>> P.g –691 By VidyaBhushan P.R sachdeva>


236 ཉམས་ཞིབ་དེབ་ཕྲེང་། ༡

ཀུན་སྤྱོད་ཡིན་པ་ལས་རང་རྟོགས་ཀུན་སྤྱོད་མིན། ཆོས་པ་ཞིག་གིས་མ་བྱིན་པ་

ལེན་པ་དང༌། མི་ཚངས་པར་སྤྱད་པ། རྫུན་དུ་སྨྲ་བ། སྲོག་གཅོད་པ་བཅས་ཀྱི་ ལས་ལ་ཞུགས་ན་ཆོས་ཁྲིམས་དང་འགལ་འགྲོ་ལ། ཆོས་ཁྲིམས་དང་འགལ་ན་ཚེ་ འདིར་མ་ཟད་སྐྱེ་བ་གཞན་དང་གཞན་དུའང་དེའི་ཉེས་ཆད་ངེས་པར་དུ་མྱོང་དགོས།

དཔེར་ན། མི་ཚངས་པར་སྤྱད་པའི་དབང་གིས་སྐྱེ་བ་ལྔ་བརྒྱར་མི་ལུས་མི་ཐོབ་པའི་

ཉེས་ཆད་འཁུར་དགོས་པར་བཤད་ན། དེ་ནི་ཁྲིམས་ཁང་གིས་དངོས་སུ་བཅད་ པའི་ཁྲིམས་གཅོད་མིན་ནའང་བསམ་བློའ་ི རྟོག་སྣང་དང་འབྲལ་ཐུབ་མེད་པའི་རང་

བཞིན་གྱི་ཁྲིམས་ཆད་ཅིག་དང་ལེན་བྱེད་དགོས་པའི་འདུ་ཤ ེས་ཡོད་པས་ཀུན་སྤྱོད་ ཀྱི་དོན་དངོས་དེ་ཁྲིམས་ལུགས་ཀྱི་ཕྱོགས་སུ་འཕྱན་ཡོད། ཆོས་ལུགས་ཀྱི་ཉེས་པ་

མཐའ་དག་ལ་དཀོན་མཆོག་གི་བཀའ་དང་དམྱལ་བའི་ཁྲིམས་ཆད་ཀྱི་སྟངས་འཛིན་ ཞིག་དང༌། ཁོར་ཡུག་གི་ལུགས་སྲོལ་གྱི་བཅུན་ཤུགས་གཉིས་ཀྱིས་འགན་ཁུར་བ་ ལྟར་མི་དག་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ལ་སྐུལ་འདེད་བྱེད་ཀྱིན་ཡོད།

(ཤེས་རབ་ཀྱི་

གྲོགས་དང་བྲལ་བའི་སྤྱི་ཡོངས་གོ་བ་ལེན་ཕྱོགས་ཀྱི་ཆ་ནས་དེ་འདྲ་ཞིག་ཡིན་པ་ལས། ནང་བསྟན་མཚན་ཉིད་རིག་

པའི་གཞུང་ལུགས་སུ་བཀོད་པའི་ཤེས་རབ་དང་ཀུན་སྤྱོད་ཡ་མ་བྲལ་བ་ནི་རང་རྟོགས་ཀུན་སྤྱོད་དུ་བགྲང་དགོས་པ་

བཤད་ཅི་ལ་དགོས།)

ཁྲིམས་ལུགས་སྟོབས་ཤུགས་ཀྱི་ཆ་ནས་བལྟས་ན་ཁྲིམས་ལུགས་

ཀྱི་སྤྱི་ཚོགས་ནུས་པ་དེ་ཉེས་ཆད་མངོན་སུམ་ཚད་མས་མྱོང་དགོས་ལ། ལུས་ངག་ གིས་མྱོང་དགོས་པ། འཕྲལ་དུ་མྱོང་དགོས་པ་གསུམ་གྱི་ཐོག་ནས་མངོན་གྱིན་ཡོད་

ནའང༌། ཆོས་ཁྲིམས་ཀྱི་ཉེས་ཆད་ནི་ལྐོག་གྱུར་རྗེས་དཔག་གིས་མྱོང་དགོས་པ། བསམ་བློའ ི་སྟེང་ནས་མྱོང་དགོས་པ། འགྱངས་ནས་མྱོང་དགོས་པ་བཅས་ཀྱི་དབང་

གིས་སྲིད་ཁྲིམས་དང་བསྡུར་ན་ཆོས་ཁྲིམས་ལ་ཁྲིམས་ལུགས་ཀྱི་ནུས་པ་ཆུང་ ཡང་ཁྲིམས་དང་བསྡུར་ན་ཀུན་སྤྱོད་ཀྱི་རྟོགས་པ་ཧ་ཅང་མཐོ་བས་རང་རྟོགས་ཀུན་

སྤྱོད་ལ་གཏོགས། ཁོར་ཡུག་དང་གོམས་སྲོལ་གྱི་དབང་དུ་བྱས་ན་གོམས་སྲོལ་གྱི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 237

མཛེས་རྟོག་ནི་དལ་བོའ་ི ངང་ནས་འགྱུར་བཞིན་ཡོད་པས་ན་སྤྱི་མང་གྱི་ལྟ་སྟངས་

ཀྱང་དེ་བཞིན་འགྱུར་གྱིན་ཡོད། སྔོན་དུས་བཙུན་པ་རྣམས་བུད་མེད་ཀྱི་ཉེ་འགྲམ་དུ་ སྡོད་པ་ཙམ་གྱིས་མི་རུང་བ་ཞིག་ཡིན་ལ་བསམ་བློའ ི་སྟེང་ནས་ཀྱང་ཁྲིམས་འགལ་

དུ་བརྩི་བ་དང་སྤྱི་མང་ལྟ་ཚུལ་དུའང་ཁ་ན་མ་ཐོ་བ་ཞིག་སྟེ་ཀུན་སྤྱོད་ཀྱི་ཁྲིམས་དང་ འགལ་བ་སྨོས་ཅི་ལ་དགོས་ཏེ། འོན་ཀྱང་ཆོས་ཁྲིམས་ལ་ཆད་པ་དངོས་མྱོང་གི་ ནུས་པ་མེད་པ་དང༌། སྤྱི་མང་གི་འདུ་ཤེས་འགྱུར་བའི་དབང་གིས་དེང་གི་དུས་ན་

བཙུན་པ་ཕྱུག་པོ་དག་གིས་བུད་མེད་བསྟེན་པ་མ་ཟད་སྤྱིར་བཏང་མི་ཆོས་ལས་ བརྒལ་ཏེ་བུད་མེད་གང་འདོད་དུ་བསྟེན་པ་དང༌། བཙུན་པ་དང་བཙུན་མའི་ཕྲུ་གུ་ས་

འོག་ཏུ་འཇུག་པའི་དཔེ་གཞི་མང་པོ་རྙེད་རྒྱུ་ཡོད་མོད། དེ་དང་དེ་འདྲ་བར་མི་མང་ གིས་ཉེས་པར་ལྟ་བའི་འཛིན་སྟངས་འགྱུར་ན་སྤྱོད་སྟངས་དེ་དག་ཀྱང་རིམ་གྱིས་

ཆོས་ཁྲིམས་དང་འགལ་བའི་བྱ་སྤྱོད་དུ་མི་འགྱུར་བར་གཟི་བརྗིད་བརྩོན་ལེན་གྱི་བྱ་ སྤྱོད་ཅིག་ཏུ་གྱུར་ཡོད། འདིའི་ཐད་ནས་གཞིག་ན་སྤྱི་ཚོགས་ཀྱི་བཅུན་ཤུགས་ལྷོད་ པར་གྱུར་ཚེ་ཆོས་ཁྲིམས་ཀྱི་ནུས་པ་ཉམས་འགྲོ་བ་དང་ཆོས་གཞུང་གི་ཁྲིམས་སྲོལ་

གྱིས་མིའི་ཀུན་སྤྱོད་ཚོད་འཛིན་བྱེད་མི་ཐུབ། དེ་ནི་ཆོས་ལུགས་ཀུན་སྤྱོད་དེ་གཞན་

རྟོགས་ཀུན་སྤྱོད་ཅིག་ཡིན་པའི་སྒྲུབ་བྱེད་ཡང་དག་ཅིག་ཡིན། དེ་ལྟ་ནའང་ཆོས་

ལུགས་ཀུན་སྤྱོད་ཀྱིས་མི་རྣམས་རང་རྟོགས་ཀུན་སྤྱོད་ཀྱི་ཕྱོགས་སུ་ཁྲིད་པར་སྲིད་ ཁྲིམས་དང་བསྡུར་ན་ནུས་པ་ཟླ་མེད་ཡོད་པས། ཀུན་སྤྱོད་འདིས་མིའི་རིགས་ཀྱི་

འཇིག་རྟེན་ལ་མི་ཆོས་ཀྱི་བདེ་སྐྱིད་བརྩོན་ལེན་བྱས་ཡོད་པས་མི་ཆོས་རང་རྟོགས་ ཀུན་སྤྱོད་ཀྱི་མ་ཡུམ་ཞེས་སུ་འབོད་འོས།


238 ཉམས་ཞིབ་དེབ་ཕྲེང་། ༡

༦ རང་རྟོགས་ཀུན་སྤྱོད་ཁོལ་ཕྱུང་དུ་བཤད་པ།

ཀུན་སྤྱོད་ཀྱི་ཁྱབ་ཁོངས་ནི་ཧ་ཅང་ཆེ་བའི་རྐྱེན་གྱིས་ཀུན་སྤྱོད་ཀྱི་ཚད་གཞི་ཁ་ ཤས་དང་འགལ་ན་ཁྲིམས་དང་འགལ་འགྲོ་བ་དང༌། ཚད་གཞི་ཁ་ཤ ས་དང་འགལ་ ན་ཆོས་ལུགས་དང་འགལ་འགྲོ་བ་དང༌། ཚད་གཞི་ཁ་ཤ ས་དང་འགལ་ན་ཚོགས་ པ་དང་འགལ་འགྲོ་བ་དང༌། ཚད་གཞི་ཁ་ཤ ས་དང་འགལ་ན་ཁྱིམ་ཚང་དང་འགལ་

འགྲོ་བ་དང༌། ཚད་གཞི་ཁ་ཤས་དང་འགལ་ན་མི་རིགས་ཀྱི་གོམས་སྲོལ་དང་འགལ་ འགྲོ་བ་དང༌། ཡང་ཆོས་ག་གེ་མོ་དང་འགལ་བའི་དབང་གིས་སྲིད་ཁྲིམས་དུ་ཚུད་

པ་དང༌། ཆོས་ག་གེ་མོ་དང་འགལ་ན་མཐར་སྐྲོད་པ་དང༌། ཁེར་རྐྱང་དུ་ལུས་པ། ཁ་

བརྡུང་ཕོག་པ། ལས་དོན་མི་འགྲུབ་པ། མི་གྲལ་ནས་ཕུད་པ་སོགས་ཀྱི་འབྲས་བུ་མི་ འདོད་བཞིན་དུ་མྱོང་མིན་ལ་མ་བལྟས་པར་གནས་ལུགས་ཞེས་པ་རྩ་བའི་མི་ཆོས་

ཀྱི་སྲོག་ཤིང་དུ་བཟུང་ནས། ནང་བསྟན་ཤེས་རིག་གི་གཞུང་ལུགས་ལས་ལྟ་བ་

རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཟུང་འབྲེལ་གྱི་ཐབས་ལམ་བསྟན་པ་ བཞིན། ཤེས་རབ་དང་ལྡན་པའི་ཀུན་སྤྱོད་རང་རྟོགས་ཞེས་པ་ནི། ཆོས་མཐའ་དག་

གི་བཟང་ངན་དང་ལྕི་ཡང་ཤེས་པའི་སྒོ་ནས་མི་དང་མིའི་འབྲེལ་བ་དང༌། མི་དང་སྤྱི་

ཚོགས་ཀྱི་འབྲེལ་བ། གཞུང་དང་སྒེར་གྱི་འབྲེལ་བ། མི་དང་ཁོར་ཡུག་གི་འབྲེལ་ བ་བཅས་ཀྱི་ཐུན་མོང་རང་བཞིན་དང༌། རྟེན་འབྱུང་གི་རང་བཞིན་རྟོགས་པའི་སྒོ་

ནས་གཞན་ངོས་ལ་མི་ལྟོས་པའི་ཀུན་སྤྱོད་སྤུས་ལེགས་ཤིག་ཡིན། རང་རྟོགས་དང་ གཞན་རྟོགས་ཀྱི་བར་ཁྱད་ནི་ལྷན་སྐྱེས་དང་ལྷན་སྐྱེས་མ་ཡིན་པའི་སྟེང་ན་ཡོད་ ཅེས་བཤད་ཀྱང་འཐུས།

ཁེ་འདོད་དང༌། དམིགས་ཡུལ་ཡོད་པ། ཀུན་སྤྱོད་ཀྱི་རྩེ་མོར་བསྙེག་འདོད་པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 239

བཅས་ཀྱི་དམིགས་ཡུལ་གང་ཡང་མེད་པར་དབུལ་བོར་སྦྱིན་གཏོང་བྱེད་པ་ནི་རང་ རྟོགས་ཀུན་སྤྱོད་ཡིན་ལ། དངུལ་བུན་གཡར་ཡང་ཕན་ཚུན་བར་དཔང་ཡིག་སོགས་ ཅི་ཡང་མི་དགོས་པར་གཞན་གྱི་དངུལ་རྣམས་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་པ་ནི་རང་

རྟོགས་ཀུན་སྤྱོད་ཡིན། ཁྲིམས་ལ་འཇིགས་པའམ་ཆོས་ལ་བརྩི་སྲུང༌ཙམ་མ་ཡིན་

པར། ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ཡོད་པ་དང་། མི་དང་མིར་འདྲ་མཉམ་གྱི་ འབྲེལ་བ་འཛིན་པ། གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱེད་པ། བདག་གཞན་བརྗེ་ བ༑ གཞུང་དྲང་བ། བྱམས་བརྩེ་ཆེ་བ། བཟོད་སྒོམ་ལྡན་པ། རྐུ་ལེན་གཡོ་ཁྲམ་དང་

གསོད་རྫུན་སོགས་སྤངས་པ། ལས་ལ་བརྩོན་ཞིང་མིའི་ཚེ་སྲོག་ལ་དགའ་བ། འཚོ་

བར་དུང་བ་སོགས་ཀྱི་གཤིས་ཀའི་གྲུབ་ཆ་ནི་རང་རྟོགས་ཀུན་སྤྱོད་ཡིན།

གནའ་བོའ་ི མི་དག་རིག་པ་བརྟུལ་ཞིང་ཤེས་རབ་ཀྱི་ངོས་ནས་ཀླ་ཀློ་ཡིན་

ནའང་གཡོ་མེད་གཞུང་དྲང་གི་ལྷན་སྐྱེས་གཤིས་ཀ་ཞིག་ཡོད་པའི་ཆ་ནས་དེང་གི་

མི་དང་བསྡུར་ན་ཀུན་སྤྱོད་རང་རྟོགས་ཀྱི་ཟུར་ཞིག་མངའ་བའོ་ཞེས་བཤད་ཆོག ཀུན་སྤྱོད་རང་རྟོགས་ནི་དྭངས་གཙང་གཤིས་ཀ་ཞིག་ལ་ཆེད་དུ་སྦྱར་བའི་འབོད་ ཚིག་ཅིག་ཡིན་ཏེ། དཔེར་ན། ཁྱོ་ཤུག་གཉིས་ཀྱིས་ཁྱིམ་ཚང་ནང་ཁོངས་སུ་ཁེ་

སྤོགས་ལ་མི་བལྟས་པར་ལས་ཀ་གཉེར་བ་དང༌། གཅིག་ཚབ་གཅིག་གིས་བྱེད་ པ༑ སྐྱིད་སྡུག་བློས་གཏོང་བྱེད་པའི་ཀུན་སྤྱོད་སྤུས་ལེགས་དེ་ལྟ་བུ་ཞིག་སྤྱི་ཚོགས་

འབྲེལ་བའི་ཁྲོད་དུ་མངོན་ན་དེ་ནི་འདིར་བཤད་པའི་རང་རྟོགས་ཀུན་སྤྱོད་ཡིན། མ་

གཞི་མི་ལ་ལྷན་སྐྱེས་ནས་དེ་འདྲའི་སྤུས་ལེགས་ཀུན་སྤྱོད་ཀྱི་རྨང་གཞི་ཞིག་ཡོད་

པ་ཁྱིམ་ཚང་ཀུན་སྤྱོད་མངོན་སྟངས་ཀྱིས་ར་སྤྲོད་བྱེད་ཐུབ། གོང་དུ་བཤད་པ་ལྟར་

དུ་ཀུན་སྤྱོད་ནི་ཤ ེས་རབ་དང་མཚུངས་པར་ཕྱི་ལོག་ནས་ནང་འདྲེན་བྱེད་རྒྱུ་ཞིག་མ་ ཡིན་པར། སེམས་སྟེང་གི་གཤིས་ཀ་ཞིག་དང་འབྲེལ་བའི་ཁྱད་འཕགས་ཀྱི་ཆོས་


240 ཉམས་ཞིབ་དེབ་ཕྲེང་། ༡

ཤིག་ཡིན་པས་ཤེས་ཡོན་གྱི་གོ་རིམ་ལས། མི་སོ་སོས་བློ་སྦྱོང་བྱས་ཏེ་གོམས་ འདྲིས་ལ་བརྟེན་ནས་རང་ཆོས་སུ་འགྱུར་ཐུབ་མིན་དང་འབྲེལ་བ་ཡོད། སྔོན་གྱི་

སྐྱེས་བུ་དམ་པའི་ཤ ེས་རབ་དང་དེང་གི་མི་སྤྱིར་བཏང་བ་ཞིག་གི་ཤ ེས་རབ་ཀྱི་ཁྱབ་ ཚད་གཅིག་པ་ལྟ་བུར་སྣང་ཡང༌། ཀུན་སྤྱོད་ཀྱི་ཕྱོགས་ནས་སྔོན་གྱི་མི་དག་ཀུན་

སྤྱོད་སློབ་སྟོན་པར་འབོད་རུང་སྟེ་ཀུན་སྤྱོད་ཀྱི་ཁེ་དབང་སྟེ་ནམ་ཡང་སྔོན་གྱི་མི་དང་ མི་རབས་རྒན་པ་དག་ལ་དབང་བ་དང་འདྲ། ཁོང་ཚོས་གནས་ལུགས་མངོན་སུམ་ དུ་མཐོང་བའི་རྐྱེན་གྱིས་མིན་ནའང་ཀུན་སྤྱོད་རྒྱུད་སྦྱོང་ལ་གོམས་པའི་དབང་གིས་

ཀུན་སྤྱོད་ཀྱི་ནུས་ཚད་མཐོ། སྔོན་དུས་བོད་ཀྱི་བཀའ་གདམས་པའི་དགེ་བཤེས་སུ་ གྲགས་པ་དེ་དག་དཔེ་གཞིར་འཇོག་འོས་པའི་རིན་ཐང་གི་ཆ་ནས་ཀུན་སྤྱོད་ནི་རང་

རྒྱུད་ཀྱི་འབད་རྩོལ་ལ་བརྟེན་དགོས་པའི་གནས་ལུགས་རྟོགས་ཐུབ། དུས་རབས་ དང་དུས་རབས་ཀྱི་ཤེས་རབ་ལ་ཧེ་བག་ཡོད་ཕྱིར་ཤེས་རབ་ཀྱི་ངོས་ནས་དུས་

རབས་ཕྱི་མ་ཕྱི་མ་སྔོན་ཐོན་ཡིན་པས་ཤེས་རབ་ཀྱི་རྟོགས་ཚད་ནས་དེང་གི་མི་ རྣམས་གནའ་མི་དང་བསྡུར་ན་མཁས་པ་རྒན་པ་ཞེས་སུ་འབོད་རུང༌།

གྲོང་ཁྱེར་གྱི་མི་དང་གྲོང་གསེབ་ཀྱི་མི་དག་ལ་ལྟ་བསྡུར་བྱས་ནའང་དེ་བཞིན་

ཡིན། ཀུན་སྤྱོད་ཅན་གྱི་དམ་པ་ཡིན་ཀྱང་ཤེས་རབ་ཀྱི་རྟོགས་ཚད་ཞན་པ་དང༌། ཤེས་རབ་འགྲན་བྲལ་གྱི་མིའང་ཀུན་སྤྱོད་ཀྱི་རྒྱུད་དག་ཞན་པའི་དཔེ་གཞི་མང་པོའ ི་ ཐད་ནས་གཞིག་ན་ཤ ེས་རབ་སྦྱོང་བ་དང་འཕེལ་བ་ཙམ་གྱིས་ཀུན་སྤྱོད་ཀྱི་གནད་

དོན་ཐག་གཅོད་བྱེད་མི་རུང་བ་བདེན་དཔང་བྱས་ཡོད། མིའི་རིགས་ཀྱིས་བརྗེད་མི་ རུང་བ་ནི་ཀུན་སྤྱོད་སྤུས་ཚད་དུ་བསླེབ་པར་ཁོར་ཡུག་ཕུན་སུམ་ཚོགས་པ་དགོས་ པ་ལས་གཞན་མི་རང་ཉིད་ཀྱིས་དུས་ནམ་ཡང་རང་ཉིད་ལ་བྱ་ར་བྱས་ཏེ་གཞན་

རྟོགས་ཀུན་སྤྱོད་ནས་རང་རྟོགས་ཀུན་སྤྱོད་དུ་བསླེབ་པར་ཤེས་རབ་ཀྱི་སྟོབས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 241

ཤུགས་དང་ལག་ལེན་ངོས་ཀྱི་འདྲིས་གོམས་གཉིས་ཚོགས་ཀྱིས་གཏན་འཁེལ་

བྱེད་རྒྱུ་ལས་མ་འདས། ཀུན་སྤྱོད་རང་རྟོགས་ཏེ་གོམས་པའི་མྱོང་རྟོགས་ལ་བརྟེན་ ནས་ཐོབ་དགོས་པ་ཞིག་ཡིན་པས་ན། སངས་རྒྱས་ཆོས་ལུགས་ཀྱི་ཀུན་སྤྱོད་ཚད་

གཞིའི་ཕྱོགས་ནས་ད་ལྟའི་བཙུན་པ་དག་གིས་མགོ་བོ་གཡུག་བཞིན་སྔོན་གྱི་སྐྱེས་

བུའི་ཁྱད་འཕགས་ལ་བསྟོད་བསྔགས་མཛད་པ་ལ་གཞིག་ན་ད་ལྟའི་ཤ ེས་རབ་ཅན་ གྱི་བཙུན་པ་རྣམས་སྔོན་དུས་ཀྱི་དམ་པ་དག་དང་བསྡུར་ན་ཀུན་སྤྱོད་ལ་དད་པ་བྱེད་ མཁན་ཙམ་དུ་སྲིད།

༧ ཀུན་སྤྱོད་ཀྱི་ཡུལ་དུས་རང་བཞིན།

འདིར་ཀུན་སྤྱོད་ཀྱི་ཚད་གཞི་ནི་འགྱུར་བའི་རང་བཞིན་ཅན་ཞིག་ཡིན་ཏེ། འཇིག་

རྟེན་གྱི་བྱ་དངོས་མཐའ་དག་འགྱུར་བའི་ཁྲོད་དུ་གནས་པ་བཞིན་དུ་ཀུན་སྤྱོད་ལའང་

ཡུལ་དུས་ཀྱི་འགྱུར་བ་ཡོད་པ་བཤད་ཅི་ལ་དགོས། ཀུན་སྤྱོད་ནི་གཏན་འཇགས་ རང་བཞིན་ཅན་ཞིག་ཡིན་པས་ངོ་བོའ་ི འགྱུར་བ་ཞིག་ཇི་ལྟར་བྱུང་ཞེས་ན། ཐོག་

མར་ཆོས་མཐའ་དག་གི་བཟང་ངན་ཐོབ་ཤོར་དང༌། ལྕི་ཡང༌། མྱུར་བུལ་སོགས་

མིས་གཏན་འབེབས་བྱེད་བཞིན་པ་ཤེས་དགོས། ཡུལ་དུས་ཀྱི་འགྱུར་བ་དང་ཤ ེས་ རིག་གི་འཕེལ་རྒྱས་བཅས་ཀྱི་དབང་གིས་མིའི་རིགས་ཀྱི་རིན་ཐང་འདུ་ཤ ེས་དང༌།

མཛེས་དཔྱོད་འདུ་ཤེས། མི་ཆོས་འདུ་ཤེས་བཅས་འགྱུར་ལྡོག་འགྲོ་བཞིན་པའི་རྒྱུ་

མཚན་གྱིས། ཀུན་སྤྱོད་ཀྱི་འཇལ་བྱེད་མི་ཆོས་ཀྱི་རིན་ཐང་གི་ལྟ་བ་འགྱུར་བཞིན་ པའི་དབང་གིས་གཞལ་བྱ་ཀུན་སྤྱོད་ཀྱི་ངོ་བོར་འགྱུར་བ་ཐེབས་པ་ཡིན།

འཇར་པན་ལ་གྲི་རིང་གྲི་ཐུང་དུ་བརྗེས་པ་དང༌། གྲི་ཐུང་མེ་མདར་བརྗེས་

པ༑ མེ་མདའ་སྨྱུ་གུར་བརྗེས་པ་ཞེས་པའི་གཏམ་རྒྱུད་ཅིག་ཡོད་པ་དེའང་མི་དག་


242 ཉམས་ཞིབ་དེབ་ཕྲེང་། ༡

གི་ཤ ེས་རབ་གོང་འཕེལ་དུ་སོང་བ་ལ་བརྟེན་ནས་ཀུན་སྤྱོད་ཀྱི་འདུ་ཤ ེས་འགྱུར་བ་

ཐེབས་བཞིན་པའི་རྟགས་མཚན་གསལ་བོ་ཞིག་རེད། གྲི་རིང་འདོགས་པའི་ཡུལ་

དུས་ལ་མི་དག་གི་བློ་གྲོས་ཀྱང་གྲི་རིང་འདོགས་པ་དང་འོས་ཤ ིང་འཚམ་པ་དང༌།

མེ་མདའ་འཁུར་བའི་དུས་སྐབས་ཀྱང་དེ་བཞིན་ཡིན་ལ། སྨྱུ་གུ་འཛིན་པའི་དུས་ སྐབས་ཀྱང་དེ་བཞིན་ཡིན། དེ་དག་གི་སྟེང་ན་བློ་གྲོས་ཀྱི་འཕེལ་རིམ་ཞིག་ཡོད་

པའི་རྐྱེན་གྱིས་ཀུན་སྤྱོད་ཀྱི་རིན་ཐང་ལྟ་ཚུལ་ལ་གྲི་རིང་གྲི་ཐུང་དང༌། མེ་མདའ་སྨྱུ་ གུར་བརྗེས་པའི་ཀུན་སྤྱོད་འདུ་ཤ ེས་ཀྱི་འགྱུར་བའི་དབང་གིས་ཀུན་སྤྱོད་ཀྱི་ཚད་

གཞིའང་རིམ་གྱིས་འགྱུར་བཞིན་ཡོད། དཔེ་དོན་ཆུང་ཆུང་འདིའི་སྟེང་ནས་ཆེས་ ཆེ ་ བའི ་ ཀུན་སྤྱོ ད ་ཀྱི ་ ཁྱབ་ཁོ ང ས་ནི ་ འགྱུར་བའི ་ རང་བཞི ན ་ཅན་ཞི ག ་ཡི ན ་པའི ་

གནས་ལུགས་རྟོགས་ཐུབ། དཔེར་ན། གྲི་འཛིན་པའི་དུས་རབས་ལ་རྒྱང་རིང་ ནས་མེ་མདས་འཐབ་ན་སྡར་མར་བརྩི་བ་ལས་དཔའ་བོར་མི་བརྩི། སྐབས་དེར་མེ་ མདའ་བཟོ་བའི་ཚན་རྩལ་དར་མེད་པས་ན་གྲི་ལ་བརྟེན་ནས་འཛམ་གླིང་དབང་དུ་

བསྒྱུར་འདོད་ཀྱི་རྨི་ལམ་ཡོད་ཆོག མེ་མདའ་བཀོལ་སྤྱོད་ཀྱི་དར་སྲོལ་བྱུང་བ་ནས་

གྲི་ཐུང་འཁྱེར་ནས་དགྲ་བོའ་ི མདུན་དུ་བཅར་བ་ནི་གླེན་ལྐུགས་སུ་བརྩི་བ་ལས་

དཔའ་མིང་གིས་འབོད་སྲིད་དམ། དྲག་ཆས་དོར་ཏེ་སྨྱུ་གུ་འཛིན་པའི་ཤ ེས་རབ་ཀྱི་ དུས་རབས་ལ་བསླེབས་ཡོང་དུས་སྨྱུ་གུ་བཟུང་སྟེ་འཇིག་རྟེན་གསར་གཏོད་བྱེད་

པའི་ལྟ་ཚུལ་ཆགས་པའི་དུས་སྐབས་འདིར་འཆི་རྒྱུར་མི་སྐྲག་པའི་དཔའ་བོ་སྟག་

ཅེས་བརྗོད་ན་ཟུར་ཟའི་བརྡ་རྟགས་ཤིག་ཏུ་འགྱུར། འདི་ནི་ཤེས་རབ་ཀྱི་འཕེལ་ རི མ ་ཞི ག ་ཡི ན ་ལ་ཀུན་སྤྱོ ད ་ཀྱི ་ འགྱུར་བ་ཞི ག ་ཀྱང་ཡི ན ། དོ ན ་དངོ ས ་སུ་ཆོ ས ་

གང་ཡིན་ཀྱང་ཡུལ་དུས་ཀྱིས་དཔྱད་གཞིག་བྱེད་རྒྱུ་ལས་འཇིག་རྟེན་ཐམས་ཅད་

ལ་དུས་རབས་གང་དུའང་འཚམ་པའི་ཆོས་ཤ ིག་ཡོད་མི་སྲིད། གནའ་དུས་ཀྱི་གྱ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 243

ནོམ་པ་ཉིད་དུ་གྱུར་པའི་བྱ་དངོས་མང་པོ་ཞིག་དེང་གི་དུས་བེད་སྤྱོད་ཀྱི་རིན་ཐང་

མེད་པར་གྱུར་པ་དང༌། དེང་དུས་ཀྱི་ཆེས་ཕུན་སུམ་ཚོགས་པ་དག་ཀྱང་གནའ་ དུས་སུ་འདྲེ་དང་གདོན་གྱི་ཆོས་སུ་བརྩིས་ཏེ་མཐར་སྐྲོད་བྱེད་སྲིད། ཆོས་མཐའ་ དག་གི ་ ཕན་གནོ ད ་ནི ་ ཡུལ་དུས་ལ་འཚམ་མི ན ་གྱི ས ་ལྟ་ཞི བ ་དང་བཀོ ལ ་སྤྱོ ད ་ བྱེད་དགོས་པ་ལས་ངོ་བོ་ཁོ་ནར་ལྟ་མི་རུང༌།

བོད་ལ་མཚོན་ན་གནའ་བོའ ི་ཏུན་ཧོང་ཡིག་ཆར“མཛངས་པ་ནི་བསྟོད། དཔའ་

བ་ནི་བཀུར།” ཞེས་པའི་མི་ཆོས་ཀུན་སྤྱོད་དག་ཀྱང་བཙན་པོའ ི་སྐབས་ཀྱི་མི་ཆོས་

ཀུན་སྤྱོད་ཀྱི་ངོས་ནས་མཛངས་པ་ནི་འཚོ་གནས་འཕེལ་རྒྱས་དང་གསར་གཏོད་

བྱེད་པའི་ནུས་པར་གོ་ཞིང༌། དཔའ་བ་ནི་གཡུལ་གྱི་དགྲ་འཐབ་ལ་མཁས་ཤ ིང་སྐྲག་

སྣང་མེད་པར་དགྲ་བོའ་ི མདུན་དུ་སྟག་བཞིན་མཆོང་བའི་མི་གཤིས་ལ་གོ་བ་དང༌།

དཔའ་མཛངས་གཉིས་ལྡན་གྱི་མི་ལ་སྤྱི་ཚོགས་ཀྱིས་གོང་མཐོང་བླ་མེད་འཇོག་

པའང་སྐབས་དེའི་གཡུལ་འཐབ་རྒྱ་བསྐྱེད་ཀྱི་ལོ་རྒྱུས་དང་འོས་ཤིང་འཚམ་མོད། དེའི་ཕྱིས་སུ་བོད་ལ་ནང་ཆོས་ཤུགས་ཆེར་དར་བ་ནས་བཟུང་རྗེ་བཙུན་མི་ལ་རས་ པ་ལྟ་བུ་འདོད་ཡོན་སྤངས་ཤིང་དཀའ་བ་སྤྱད་དེ་མི་ཚེ་སྐྱེལ་མཁན་དང༌། རྗེ་ཙོང་

ཁ་པ་ལྟ་བུའི་གཞུང་ལུགས་མཁན་པོ་ལ་བྱང་ཆུབ་སེམས་དཔའ་དང་མཛངས་མིར་

འབོད་པའི་ཀུན་སྤྱོད་དེ་སྐབས་དེའི་བོད་ཀྱི་ལོ་རྒྱུས་ལ་ཏག་ཏག་རན་ཞིང་འཚམ་ པ་ཡིན། དེ་ལས་ལྡོག་སྟེ་བཙན་པོས་གཡུལ་འཐབ་ཀྱིས་རྒྱལ་ཁབ་རྒྱ་བསྐྱེད་བྱེད་ བཞི ན ་པའི ་ སྐབས་སུ་སེ མ ས་ཅན་ཐམས་ཅད་མ་རུ་བསྒོ མ ་དགོ ས ་པའི ་ གཞུང་

ལུགས་བརྩམས་ན་རིན་ཐང་སྤྲོད་མི་སྲིད་ལ། བོད་མི་ཚང་མ་ཆོས་ལ་ཐིམ་པའི་ སྐབས་སུ་དཔའ་བོ་སྙིང་རུས་ཅན་ལ་བརྟེན་ནས་བསྐྱར་དུ་རྒྱ་ནག་ཁྲང་ཨན་ལེན་

དགོས་པ་དང་གངྒཱའི་འགྲམ་ལ་ལྕགས་ཀྱི་ཀ་བ་འཛུགས་དགོས་པའི་གླེང་སློང་བྱེད་


244 ཉམས་ཞིབ་དེབ་ཕྲེང་། ༡

མི་སྲིད་པ་ཡུལ་དུས་ཀྱིས་ཐག་བཅད་པའོ། །

སྔོན་གྱི་དུས་སུ་བཙན་པོ་རྣམས་སངས་རྒྱས་སམ་ལྷ་གང་ཞིག་གི་རྣམ་སྤྲུལ་

ཡིན་པ་དང་བོད་མི་རིགས་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཚུལ་གྱི་གཞུང་

ལུགས་བརྩམས་ན་ཀུན་གྱིས་དགའ་དད་བྱེད་མོད། དེང་གི་དུས་ན་དེ་འདྲའི་གཞུང་

ལུགས་བརྩམས་ན་རྒྱུ་མཚན་མེད་པའི་ཅ་ཅོ་རུ་མི་འགྱུར་གྲང༌། རྔ་མོང་བྱེ་ཐང་དུ་ འཕྲོད་པ་དང༌། མ་ཧེ་ཚ་བའི་ཡུལ་དུ་འཕྲོད་པ། འབྲོང་གཡག་མཐོ་སྒང་དུ་གནས་

པའི་ཡུལ་གྱི་རང་བཞིན་ལས་ལྡོག་ན་འཚོ་ཐབས་མེད་པ་ལྟར་དུ། ངོ་ཚ་ཁ་སྐྱེངས་

དང༌། གྲོགས་ཀྱི་ཆེད་དུ་ཚེ་སྲོག་འདོར་བ། གཞུང་དྲང་མནའ་ཡིས་དགག་པ།

ལས་དབང་སྐྱབས་སུ་བརྟེན་པ། དཀའ་གནད་ལྷ་ལ་འདྲི་བ། མེས་པོར་སྐྱབས་སུ་ འགྲོ་བ། རུས་རྒྱུད་མཆོག་དམན་དབྱེ་བ། སོས་དལ་བག་ཕེབས་ལ་དགའ་བ། ཡ་ རབས་བཟང་སྤྱོད་ལ་དགའ་བ་སོགས་ཀྱི་ཀུན་སྤྱོད་འདུ་ཤེས་དེ་ཐུ་བྷོད་ལ་འཕྲོད་པ་

ལས་ཨ་རི་ལྟ་བུར་ཀུན་སྤྱོད་འདུ་ཤེས་དེ་འདྲ་ཉར་ན་ལྟོགས་ཤ ི་ཐེབས་པར་ངེས་ལ། ཀུན་ལ་དོགས་པ་ཟ་བ་དང༌། ཚོད་ལྟ་ལ་དགའ་བ། སངས་རྒྱས་དང་བླ་མ་སོགས་

ལ་མིའི་འདུ་ཤེས་ཀྱིས་ལྟ་བ། མིའི་ལྷན་སྐྱེས་སྦ་གསང་མི་བྱེད་པ། གསར་གཏོད་

ལས་སྲོལ་རྒྱུན་ནི་ལོ་རྒྱུས་ཀྱི་རིན་ཐང་ཙམ་དུ་ལྟ་བ། སྒོར་མོ་དང་ཁྲིམས་ལུགས་

ལས་གཞན་པའི་དཀོན་མཆོག་ཁས་མི་ལེན་པ་སོགས་ཀྱི་འདུ་ཤ ེས་དེ་ལྷ་མེད་སྨྲ་

བའི་དེང་དུས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་ལས་སྔོན་གྱི་དུས་སུ་མི་དེ་འདྲའི་རིགས་ ལ་འཚོ་གནས་ཀྱི་ཁོར་ཡུག་ཡོད་མི་སྲིད།

ཤེས་རབ་དང་ཀུན་སྤྱོད་ལ་ལྟ་བསྡུར་བྱས་ན་ཁྱད་པར་ཡོད་མོད། ཤེས་

རབ་ཀྱི་གོང་འཕེལ་ལ་བརྟེན་ནས་ཀུན་སྤྱོད་ཚད་གཞི་ལའང་གང་ལ་གང་འཚམ་

གྱི་འགྱུར་བ་འགྲོ་བཞིན་པའི་རྐྱེན་གྱིས། གནའ་བོའ ི་དུས་སུ་རང་བྱུང་གི་གསང་བ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 245

བརྟོལ་མ་ཐུབ་པའི་རྐྱེན་གྱིས་རང་བྱུང་ལ་དད་གུས་ཕྱག་མཆོད་བྱེད་པ་དང་རི་ཆུ་ ལུང་གསུམ་ལ་ཕྱག་སྐོར་བྱས་ཏེ་རང་བྱུང་གི་ཁོངས་གསེང་ན་སྦས་པའི་སྟོབས་

ཤུགས་མཐའ་དག་གྲོགས་སུ་འགུགས་ཐབས་བྱེད། བོད་ལ་མཚོན་ནའང་གངས་ འདབས་ནས་ལོ་ངོ་སྟོང་ཕྲག་མང་པོར་ཡུལ་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ།

རང་བཙན་ཁ་བ་དཀར་པོ། རྨ་རྒྱལ་སྦོམ་ར་སོགས་ལ་གསོལ་འདེབས་དང་མཆོད་ བསྟོད་བྱས་ཏེ་མི་རབས་མང་པོ་རྫོགས་ཀྱང༌། ཕྱིས་སུ་ཤ ེས་རབ་རིམ་གྱིས་འཕེལ་

ཞིང་རང་བྱུང་གི་གསང་གནད་རྟོགས་ཏེ། རང་བྱུང་འདུལ་སྦྱོང་དང༌། རང་བྱུང་ བསྒྱུར་བཀོལ་གྱིས་རང་བྱུང་ནི་མིའི་འཚོ་གནས་ཀྱི་ཐོན་ཁུངས་ཤ ིག་ཏུ་བརྩིས་པ་ ནས་རང་བྱུང་ལ་དད་གུས་བྱེད་པའི་ཀུན་སྤྱོད་དེ་ཉིད་རང་བྱུང་ལས་འཚོ་བའི་ཆ་ རྐྱེན་མཁོ་འདོན་བྱེད་པའི་ཀུན་སྤྱོད་དུ་གྱུར།

༡) བྲན་གཡོག་སྤྱི་ཚོགས་སུ་བསླེབས་པ་དང་འཚོ་གནས་དགོས་མཁོའ་ི

དབང་གིས་མི་རྣམས་ཕྱོགས་སུ་འདུས་ཏེ་ཚོགས་སྡེའི་རྣམ་པ་བྱུང་བ་ནས། བཙན་ པོ ས ་གཉོམ ་ཆུང་ལ་གཉའ་གནོ ན ་བྱས་པའི ་ དབང་གི ས ་སྤྱི ་ མཐུན་དྲང་སྙོ མ ས་

ཀྱི་ཚོ་དཔོན་བྱུང༌ཞིང་། ཚོ་དཔོན་བྱུང་བ་ནས་རུས་རྒྱུད་མཆོག་དམན་གྱི་ཀུན་

སྤྱོད་དར་ཏེ་བདག་པོ་མིན་ན་གཡོག་པོ་ཡིན་པའི་སྤྱི་ཚོགས་འབྲེལ་བ་དང་མཐུན་

པར། བདག་པོ་ནི་ལྷའི་ཕོ་ཉའམ། ལྷ་སྲས། ལྷའི་གདུང་རྒྱུད་སོགས་ལ་བརྩིས་ཏེ་

དད་གུས་བྱེད། གཡོག་པོའ་ི བུ་རབས་ཚ་རྒྱུད་དང་བཅས་པ་བདག་པོར་དབང༌།

བདག་པོ་དང་སྤྱི་འབངས་བར་འདུ་ཤེས་ཏེ་གཅིག་དྲིན་གྱིས་སྐྱོང་མཁན་དང་གཅིག་ ཤོས་ཞབས་འོག་སྒྲུབ་མཁན་ཡིན་པའི་སྣང་ཚུལ་འདི་བདག་པོ་དང་སྤྱི་མང་བར་ དུ་སྨོས་ཅི། དབང་སྒྱུར་བའི་ནང་ཁུལ་དུའང་འདི་འདྲའི་འདུ་ཤ ེས་ཡོད་པ་རྒྱལ་བློན་

བྲོ་བོར་བའི(མནའ་བསྐྱལ་བ) ཚིག་ལ་གཞིག་ན་གསལ་བོ་ཡིན་ཏེ། “ད་ནས་ནི་ཕན་


246 ཉམས་ཞིབ་དེབ་ཕྲེང་། ༡

ཆད་དུ། །ཁྱོད་ཀྱིས་ནི་ང་མ་གཏང༌། །ང་འིས་ནི་ཁྱོད་མྱི་གཏང༌། །ངའིས་ནི་ཁྱོད་

གཏང་ན། །དགུང་མཐའི་ནི་སྲུང་དུ་རུང༌། ཁྱོད་ཀྱིས་ནི་ང་གཏང་ན། །ངས་པོ་ནི་ རྨད་དུ་རུང༌།” (གོང་གི་མནའ་ཚིག་གི་དོན་ནི། དེང་གི་ཕན་ཆད་ནས་ང་བཙན་པོས་ཁྱེད་བློན་པོའ་ི རུས་རྒྱུད་

དང་བཅས་པར་ཁྲེལ་གཞུང་མེད་པའི་བཙན་གནོན་བྱེད་ན་གནམ་སྔོན་པོ་ཞེས་མནའ་བསྐྱལ་ཞིང་། ཁྱེད་ཀྱིས་ང་ལ་

ཁྲེལ་གཞུང་མེད་པ་བྱས་ན་ཁྱེད་ཀྱི་གཞིས་ཁྱིམ་ངས་པོ་རྩ་མེད་བཟོ་བ་ནི་རུང་བའི་ལས་སོ་ཞེས་པའི་དོན་ཡིན།)129

ཞེས་པ་འདི་བཙན་པོའ་ི སྐབས་སུ་བོད་རྒྱལ་སྲོང་བཙན་དང་བློན་པོ་དབས་ཕངས་ ཏོ་རེ་དབྱི་ཚབ་བར་མནའ་བསྐྱལ་བའི་སྐབས་སུ། སྲོང་བཙན་གྱི་མནའ་ཚིག་དེར་

བློན་གྱིས་རྒྱལ་པོའ་ི བཀའ་དང་འགལ་ན་རྩ་མེད་བཟོ་ཆོག་པའི་དོན་ཡོད་པ་འདིའི་ སྟེང་ནས་གཞིག་ན་འབངས་དཀྱུས་མ་དང་བདག་པོའ་ི བར་གྱི་ཧེ་བག་ནི་གནམ་

ས་ལྟ་བུའི་ཁྱད་པར་ཡོད་པ་མཐོང་ཐུབ་ལ། ཁྱིམ་ཚང་ཀུན་སྤྱོད་ཀྱི་ཆ་ནས་བལྟས་ ནའང“སྐྱེས་མ་སྲིད་ཀྱི་བྱ་བར་མིན། གུས་སྲོལ་མཆོག་ནི་མ་ཡིས་བུ་ལ་བརྩི། བུ་ ཡིས་ཕ་ལ་བཀུར” བའི་དཔོན་བཙན་གཡོག་གཉོམ་དང་ཕོ་མཆོག་མོ་དམན་གྱི་སྤྱི་ 130

ཚོགས་འགྲོས་དང་མཐུན་པའི་ཚེ་སྲོག་དང་ཚེ་སྲོག་གི་རིན་ཐང་མཐོ་དམན་མི་འདྲ་

བའི་ཀུན་སྤྱོད་ལམ་སྲོལ་ཞིག་བྱུང་ཡོད་ལ་དེ་ནི་སྐབས་དེའི་སྤྱི་ཚོགས་འབྲེལ་བ་ དང་ཤ ིན་ཏུ་འཕྲོད། བཟང་ངན་ཐོབ་ཤོར་མཐའ་དག་སྟོབས་ཆེ་ཆུང་གིས་ལྟ་བསྡུར་

བྱེད་པ་ལས་རྒྱུ་མཚན་དང་ཁྲིམས་ལུགས་སོགས་ཀྱི་ཆོས་ཀ་ནི་ལས་ཕལ་བར་ གྱུར་ཡོད་ལ། དེང་གི་ཁྲིམས་ལུགས་འདུ་ཤེས་ཀྱི་སྟེང་ནས་གཞིག་ན་དར་སྲོལ་དེ་

ནི་ཁྲིམས་ལུགས་ལས་བརྒལ་བའི་ལུགས་སྲོལ་སྙིགས་མ་ཞིག་ཡིན་ཀྱང༌། རིག་

སྟོབས་མ་རྒྱས་པའི་སྤྱི་ཚོགས་སུ་འདུ་ཤེས་དེ་དང་ཀུན་སྤྱོད་དེ་ལྟ་བུ་ཞིག་འོས་ 129

130

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>>

འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

ཤོག་ངོས༦༩། གོ་ཤུལ་གྲགས་པ་

<<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ>> ཤོག་ངོས༢༧༥། པོད་བཞི་པར་ཡོད་པའི“ཐང་ཡིག་གསར་མ་

ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ།” དོན་གྲུབ་རྒྱལ། མི་རིགས་དཔེ་སྐྲུན་ཁང༌།


ཤིང་འཚམ་པ་ལས་བཅོས་སུ་མེད།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 247

༢) བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བསླེབས་པ་དང་བྲན་གཡོག་

གི་རྣམ་པ་ལས་ཅུང་ཟད་འཕེལ་རྒྱས་ཕྱིན་ཏེ་སྤྱི་སྙོམས་ལ་ཁ་ཕྱོགས་པའི་ཁྲིམས་

ལུགས་དར་འགོ་ཚུགས་ཀྱང༌། སྤྱི་ཚོགས་འབྲེལ་བའི་ཀུན་སྤྱོད་དེ་ད་དུང་མཐོ་

དམན་གྱི་མཐར་ལྷུང་བའི་གུས་ལུགས་ཀུན་སྤྱོད་ཀྱི་སྟེང་ན་གནས་ཡོད། དེ་ནི་ནུབ་ ཕྱོགས་སུ་དུས་རབས་བར་མའི་ཡེ་ཤུའི་ཆོས་ལུགས་ཀྱི་ཀུན་སྤྱོད་དང༌། རྒྱ་ནག་

གི་བཀས་བཀོད་རྒྱུད་འཛིན་གྱི“བློན་པོའ་ི རྟེན་གཞི་རྒྱལ་པོ། བུ་ཕྲུག་རྟེན་གཞི་ཕ་

མ༑ སྐྱེས་དམན་རྟེན་གཞི་ཁྱོ་ག”བཅས་རྟེན་གཞི་གསུམ་དང༌། “བྱམས་བརྩེ། དྲང་ བདེན། གུས་ལུགས། ཤེས་རིག གཞུང་དྲང”བཅས་འཛིན་ལུགས་ལྔ བཅས་ཀྱིས་ 131

མཚོན་པ་དང༌། བོད་ལ་མཚོན་ན་ཁྲི་འདུས་སྲོང་གི་མགུར་ཞིག་ཏུ། བྱ་པུ(ས་ཆའི་མིང) ནི་ལུང་ཆུང་ན། འབངས་ཤིག་ནི་རྗེ་རུ་རེ། མགར་བུ་ནི་རྗེ་སུ་རེ། སྦལ་བ་ནི་འཕུར་

དུ་རེ། འབངས་ལས་ནི་རྗེ་རེ་བ། མཐིང་བྲང(ཆུ་མིག) ནི་གྱེན་དུ་འགྱུར། ཕ་བོང(རྡོ་ཆེན་ པོ)

ནི་རི་ལ་འདྲིལ(འགྲིལ) ། ཞེས་མགར་བུ་རྒྱུད་བཙན་པོ་འདུས་སྲོང་ལ་ངོ་ལོག་ཏེ་ 132

རྒྱལ་པོ་བྱེད་འདོད་པ་ནི་གཏན་དུ་མི་སྲིད་པའི་ཆོས་ཤིག་ཡིན་པའི་དཔེ་ལ་ཆུ་མིག་

གྱེན་དུ་བཞུར་བ་དང༌། རྡོ་ཕ་བོང་རི་ལ་ཡར་བསྒྲིལ་བ་ལྟ་བུའི་མཚུངས་རྟགས་

སྦྱར་ཡོད་པས་རྗེ་འབངས་བར་ཀྱི་མཐོ་དམན་ཧེ་བག་ཡོད་པའི་ཀུན་སྤྱོད་འདུ་ཤ ེས་ མཚོན་ཐུབ་སྟེ། འབངས་ནི་ནམ་ཡང་འབངས་ལས་རྗེ་རུ་འགྱུར་མི་སྲིད་པའི་རིགས་ རུས་མཆོག་དམན་གྱི་ཀུན་སྤྱོད་འདུ་ཤེས་གཏིང་ཟབ་མོ་བསྟན་ཡོད། 131 <<གོ་སླ་བའི་མཚན་ཉིད་རིག་པ།>> 132

སྐྲུན་ཁང༌།

ཤོག་ངོས༨༡༥། ཧན་ཧྲུའུ་ཡིང་གིས་གཙོ་སྒྲིག་བྱས། མི་རིགས་དཔེ་

<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ>> ཤོག་ངོས༦༡། དབང་རྒྱལ་དང་བསོད་ནམས་སྐྱིད། མི་

རིགས་དཔེ་སྐྲུན་ཁང༌།


248 ཉམས་ཞིབ་དེབ་ཕྲེང་། ༡

བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་དབང་སྒྱུར་བའི་ཁྲིམས་ལུགས་ཀྱི་

བཙན་བཀའ་དང་ཀུན་སྤྱོད་འདུ་ཤེས་ཀྱིས་བཅུན་དགོས་པས་ན་དེ་དང་མཐུན་པའི་ ཁྲིམས་སྲོལ་འཛུགས། བོད་བཙན་པོའ་ི སྐབས་ཀྱི་མི་ཆོས་གཙང་མ་བཅུ་དྲུག་ལ་

མཚོན་ནའང་དེ་ལས་མ་འདས་ཏེ་ཁྲིམས་ལུགས་དེའི་ཚན་པ་ལྔ་པར། “རིགས་ མཐོ་བ་དང་རྒན་རབས་ལ་གུས་བཀུར་བྱེད་དགོས་པ་དང༌། བརྒྱད་པར་བསམ་བློ་

དང་བྱ་སྤྱོད་དྲང་བོ་དགོས་པ། དགུ་པར་ཡ་རབས་སྤྱོད་བཟང་ལྡན་པའི་མི་ལ་མིག་ དཔེ་ལྟ་དགོས་པ། བཅུ་པར་ཟས་དང་རྒྱུ་ནོར་ལ་ཆོག་ཤེས་བྱེད་དགོས་པ། བཅུ་

དྲུག་པ་བུད་མེད་ཀྱི་ཁ་ལ་མི་ཉན་པ་ལྟ་བུའི་ཁྲིམས་སྲོལ་བཟོས་ཏེ་བཀས་བཀོད་

རྒྱུད་འཛིན་སྤྱི་ཚོགས་ཀྱི་མི་མང་གི་ཀུན་སྤྱོད་འདུ་ཤེས་ལ་ཚད་ཐིག་བརྒྱབ་ཡོད།”

དེའི་དབང་གིས་རིགས་རུས་མཐོ་དམན་དང༌། སྐྱེས་པ་དང་བུད་མེད་ཀྱི་དབྱེ་བ། ཡ་རབས་བཟང་སྤྱོད་ཀྱང་བཀས་བཀོད་རྒྱུད་འཛིན་ཁྱིམ་རྒྱུད་ཀྱི་དགོས་འདུན་དང་

མཐུན་པར་འདྲ་མཉམ་མ་ཡིན་པའི་ལུགས་སྲོལ་དར་ཀྱང་དུས་སྐབས་དེར་གནས་ ཚུལ་དེར་དྲང་བདེན་མིན་པའི་ལྟ་བ་འཛིན་མཁན་བྱུང་མ་མྱོང་། སྐབས་དེ་དང་དེའི་ འབངས་མིའི་ཤ ེས་རབ་ཀྱི་རྟོགས་པ་དམན་པའི་རྐྱེན་གྱིས་སྣང་ཚུལ་དེ་ནི་ཆོས་ཉིད་

ལྟ་བུའི་བཟློག་ཏུ་མེད་པའི་དག་ཆོས་ཤིག་དང་གུས་བཀུར་བྱེད་དགོས་པའི་ལྷའི་ བཀའ་ཁྱབ་ལྟ་བུར་ངོས་འཛིན་བྱེད།

༣) མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསླེབས་པ་དང༌། མིའི་ཤ ེས་རབ་ཀྱི་

འཕེལ་རིམ་ལས་ཀུན་སྤྱོད་འདུ་ཤེས་འགྱུར་ཏེ་རང་དབང་ཞེས་པའི་དོན་སྙིང་བཙལ་ ཏེ་བཀས་བཀོད་རྒྱུད་འཛིན་གྲལ་རིམ་གྱི་མཐོ་དམན་དང་། ཁྱིམ་རྒྱུད་འགྲེལ་བ་

བཅས་ལ་ངོ་རྒོལ་བྱེད་པའི་ཀུན་སྤྱོད་མངོན་དུ་གྱུར་ཏེ། སྤྱི་ཚོགས་ཀྱི་འབྲེལ་བའི་

གནད་དོན་དེ་དངུལ་གྱི་མང་ཉུང་གི་སྟེང་དུ་འཕོས། དངུལ་ནི་དཀོན་མཆོག་ཡིན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 249

ལ་ཁྲིམས་ལུགས་ཡིན་པ་དང་། ཕ་མ་ཡིན་ལ་སྟོབས་ཤུགས་ཀྱང་ཡིན་པའི་འདུ་

ཤེས་ཀྱི་འཕེལ་རིམ་དབང་གིས། སྤྱི་ཚོགས་ཀྱི་མིའི་གོང་མཐོང་གཅོད་ཕྱོགས་ལ་

འབྱོར་ལྡན་དང་འབྱོར་མེད་ཀྱི་དབྱེ་བ་བྱུང་སྟེ་འབྱོར་ལྡན་གྱིས་དངུལ་བཏང་ན་ འབྱོར་མེད་ཀྱིས་སྲོག་གཏོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལྡན་ལ། འཇིག་རྟེན་གྱི་

གནས་ལུགས་དང་ཁྲིམས་སྒོ་མཐའ་དག་འབྱོར་ལྡན་ལ་བདག་ཅིང༌། འབྱོར་མེད་ ཀྱི་སྐྱིད་སྡུག་འགྲོ་འདུག་ཚུན་ཆད་དངུལ་གྱིས་གཏན་ལ་ཕབ། བཟང་ངན་ཐོབ་ཤ ོར་

མཐའ་དག་དངུལ་གྱིས་ཐག་གཅོད་པའི་ཐད་ལ་མར་ཁེ་སིས་“དངུལ་ལོར་གྱི་ཁྱད་

ཆོས་ནི་བདག་ཉིད་ཆེ་བ་དེ་ཡིན་པ་སྟེ། དངུལ་ལོར་ཡོད་མཁན་གྱི་ཁྱད་ཆོས་དང་ ངོ་བོའ་ི སྟོབས་ཤུགས་ཡིན། དེར་བརྟེན་ང་ནི་གང་ཞིག་ཡིན་པ་དང་ངས་གང་ཞིག་ བྱེད་ཐུབ་པ་དེ་བདག་ཉིད་ཀྱི་རང་གཤིས་ཀྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་

མ་རེད། ངའི་གཟུགས་བྱད་སྐྱུག་བྲོ་བོ་ཞིག་ཡིན་ནའང་ངས་དངུལ་ཁྱེར་ནས་རང་

ལ་མཛེས་པའི་ནང་གི་མཛེས་པ་ཞིག་ཉོ་ཐུབ། དེར་བལྟས་ན་བདག་ནི་སྐྱུག་བྲོ་བོ་ མ་རེད། གང་ཡིན་ཟེར་ན། སྐྱུག་བྲོ་བོའ ི་ནུས་པ་དང༌། སྐྱུག་བྲོ་ཐག་ཆོད་ནས་མིས་

ཞེན་པ་ལོག་པའི་ནུས་པ་དེ་དངུལ་ལོར་གྱིས་མེད་པར་བཟོས་པ་རེད། བདག་ཉིད་ ཀྱི་ཁྱད་ཆོས་ལ་ཆ་བཞག་ནས་བཤད་ན་བདག་ནི་རྐང་ཀྱོག་ཅིག་ཡིན་ནའང་དངུལ་ ལོར་གྱིས་བདག་ལ་རྐང་པ་ཉི་ཤུ་རྩ་བཞི་རག་པ་ཞིག་བཟོས་བྱུང༌། དེར་བལྟས་ན་

བདག་ནི་རྐང་ཀྱོག་རེད་མི་འདུག བདག་ནི་མི་བསམ་ངན་ཞིག་དང༌། དྲང་པོ་མ་ ཡིན་པ་ཞིག གཤིས་ཀ་བཟང་པོ་མེད་པ་ཞིག བསམ་བློ་གཏོང་མི་ཤ ེས་པ་ཞིག་

བཅས་ཡིན་ནའང་དངུལ་ལོར་ནི་གུས་བཀུར་བྱེད་འོས་པ་ཞིག་ཡིན་པའི་རྐྱེན་གྱིས་

དངུལ་ཡོད་མཁན་རྣམས་ལའང་གུས་བཀུར་ཐོབ་པ་རེད། དངུལ་ལོར་ནི་མཆོག་

ཏུ་གྱུར་པ་ཞིག་ཡིན་སྟབས་དངུལ་ལོར་ཡོད་མཁན་རྣམས་ཀྱང་མཆོག་ཏུ་གྱུར་པ་


250 ཉམས་ཞིབ་དེབ་ཕྲེང་། ༡

ཞིག་རེད།”

133

ཅེས་མ་རྩ་རིང་ལུགས་ཀྱི་ཀུན་སྤྱོད་འདུ་ཤེས་ཏེ་དངུལ་གྱིས་ཐག་

བཅད་ཡོད་པར་གནད་ལ་འཁེལ་བའི་དཔྱད་ཞིབ་བྱས་ཡོད། མ་རྩ་རིང་ལུགས་ཀྱི་

ཡུལ་དུས་གནས་སྐབས་ལ་བལྟས་ན་མི་ཆོས་ལྟ་ཚུལ་དེ་གཏན་ནས་མི་འཚམ་པ་

ཞིག་ག་ལ་ཡིན། མི་རྣམས་ཀྱིས་ཤེས་རབ་ཀྱི་ནུས་པའང་དངུལ་ལོས་ཕྱོགས་སྡོམ་ བརྒྱབ་ཡོད་པས་དངུལ་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་པ་དང༌། དངུལ་ལོར་ ལས་ལྷག་པའི་དྲང་བདེན་ཞིག་མེད་པའི་ཀུན་སྤྱོད་དར་སྲོལ་བྱུང་ཡོད།

གོང་གི་གནས་ཚུལ་དེ་ཕྱོགས་སྡོམ་བགྱིས་ན་གདོད་མའི་སྐབས་བཟང་ངན་

ཐོབ་ཤོར་མཐའ་དག་རང་བྱུང་གིས་ཐག་གཅོད་པའི་མིའི་འཚོལ་རྟོག་གི་དབང་གིས་

ཀུན་སྤྱོད་འདུ་ཤ ེས་ཀྱང་རང་བྱུང་གིས་ཐག་གཅོད་པ་དང༌། བྲན་གཡོག་སྤྱི་ཚོགས་

སུ་བསླེབས་དུས་བཟང་ངན་ཐོབ་ཤོར་མཐའ་དག་རྒྱལ་པོའམ་བདག་པོར་དབང་བའི་

མིའི་འཚོལ་རྟོག་གི་དབང་གིས་ཀུན་སྤྱོད་འདུ་ཤེས་ཀྱང་བདག་པོའ་ི དགོས་མཁོ་

དང་འཚམ་པ་ཞིག་བྱུང་བ་དང༌། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བསླེབས་ དུས་བཟང་ངན་ཐོབ་ཤོར་མཐའ་དག་རིགས་རུས་མཐོ་བའི་ཁྱིམ་རྒྱུད་ཀྱིས་ཐག་

གཅོད་པའི་འཚོལ་རྟོག་གི་དབང་གིས་ཀུན་སྤྱོད་འདུ་ཤེས་ཀྱང་ཁྱིམ་རྒྱུད་མཐོ་བོའ ི་

དགོས་འདུན་མཚོན་པ་ཞིག་ཡིན། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་སླེབ་དུས་

བཟང་ངན་ཐོབ་ཤ ོར་མཐའ་དག་དངུལ་ལོར་གྱིས་ཐག་གཅོད་པའི་མིའི་འཚོལ་རྟོག་

གི་དབང་གིས་ཀུན་སྤྱོད་འདུ་ཤེས་ཀྱང་འབྱོར་ལྡན་དག་གི་བསམ་བློ་མཚོན་པའི་ དངོས་པོ་ཙམ་དུ་གྱུར།

༤) སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་མཚོན་ནའང་སྔོན་གྱི་སྤྱི་ཚོགས་

རྣམས་དང་བསྡུར་ན་ལྟོས་འཇོག་གིས་སྔོན་ཐོན་ལ་ཕྱོགས་ཏེ་མི་དང་མིའི་འབྲེལ་

133

<<གོ་སླ་བའི་མཚན་ཉིད་རིག་པ།>> ཤོག་ངོས༨༡༨། ཧན་ཧྲུའུ་ཡིང་གི་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 251

བ་དང༌། མི་དང་སྤྱི་ཚོགས་ཀྱི་འབྲེལ་བའི་ཀུན་སྤྱོད་ཚད་གཞི་སྟེ་སྤྱི་སྙོམས་ལ་

ཕྱོགས་པ་དང༌། འདྲ་མཉམ་ལ་ཕྱོགས་པ། མང་གི་ཁེ་ཕན་ལ་ཕྱོགས་པ། དངོས་ ཡོད་ལ་ཕྱོགས་པ། ཐུན་མོང་ལ་ཕྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡང༌། དེའང་

མཐར་ཐུག་གི་ཀུན་སྤྱོད་ཚད་གཞི་མིན་ཏེ་སྤྱི་ཚོགས་འདིའི་ཀུན་སྤྱོད་འདུ་ཤ ེས་ཀྱི་

གཞུང་ཤ ིང་ནི་ཚོགས་སྡེ་གཅིག་གི་ཁེ་ཕན་དང་དགོས་འདུན་གྱིས་ཐག་བཅད་ཡོད་ དེ༑ རྒྱ་ནག་རྒྱལ་ཁབ་ཀྱི་ཀུན་སྤྱོད་གཞུང་ཤིང་ཡིན་པའི་རྩ་བའི་རྩ་དོན་བཞི་སྟེ། ༡)

སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དང༌། ༢) མི་དམངས་ དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་རྒྱུ། ༣) ཀྲུང་གོ་གུང་ ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ། ༤) མར་ཁེ་སི་ལེ་ཉིན་རིང་ལུགས་ དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བྱེད་རྒྱུ་ཞེས་པའི་སྟེང་ནས་ཀྱང་ཏང་

ཁག་གཅིག་གམ་ཚོགས་སྡེ་གཅིག གཞུང་ལུགས་གཅིག ལྟ་གྲུབ་གཅིག་གིས་ཀུན་ སྤྱོད་ཚད་གཞི་མཐའ་དག་སྟངས་འཛིན་བྱས་ཡོད་པ་རྟོགས་ཐུབ་པ་དང༌། ཀུན་སྤྱོད་ ཚད་གཞི་དེ་སྲུང་བརྩི་བྱ་ཕྱིར་ལྡན་པ་ལྔ་སྟེ། ༡) ཕུགས་བསམ་ལྡན་པ་དང༌། ༢)

སྤྱོད་བཟང་ལྡན་པ། ༣) རིག་གནས་ལྡན་པ། ༤) སྒྲིག་ཁྲིམས་ལྡན་པ བཅས་ཀྱི་ 134

ཀུན་སྤྱོད་ལག་ལེན་གྱིས་སྤྱི་སྙོམས་ལུགས་སྲོལ་དར་སྤེལ་བྱེད་པ་དང༌། སྤྱི་ཚོགས་

བྱེད་སྒོ་དང༌། རང་དབང་གི་ལས་དོན་མཐའ་དག་ཚོགས་སྡེ་གཅིག་གི་ཁེ་ཕན་དང་

མཐུན་དགོས་པའི་ར་བ་དམ་པོ་བཟོས་ཡོད། གལ་སྲིད་ཚོགས་སྡེ་དེའི་ཁེ་ཕན་དང་ མི་འཚམ་ན་རང་དབང་གི་སྐད་འབོད་དང་ངོ་རྒོལ་ཅི་བྱས་པ་མཐའ་དག་ལོག་སྤྱོད་ ཅིག་ཡིན་པར་ངོས་འཛིན་བྱེད། འདི་ལྟར་བཤད་པ་ནི་ཆབ་སྲིད་ཀྱི་རྒོལ་གཏམ་

སྤེལ་བ་མ་ཡིན་པར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤ ིག་གི་ཀུན་སྤྱོད་ཀྱི་ཚད་

134

<<བསམ་བློ་ཆབ་སྲིད།>> དམའ་རིམ་སློབ་འབྲིང་སློབ་དེབ། ཤོག་ངོས་༡༦༥། བོད་ཀྱི་ལྗོངས་ཞིང་ལྔའི་སློབ་དེབ།


252 ཉམས་ཞིབ་དེབ་ཕྲེང་། ༡

གཞི་ལ་འགྲེལ་བཤད་བགྱིས་པ་ཡིན། མང་གི་ཤེས་རབ་ཀྱི་ཆུ་ཚད་ཀྱང་སྒེར་འཛིན་

ཚོགས་པའི་ཀུན་སྤྱོད་གཏན་འབེབས་དང་མཐུན་ཕྱིར་མང་གཙོ་དོན་དུ་གཉེར་པའི་ ཀུན་སྤྱོད་འབུས་མ་ཐུབ། ཡུལ་དུས་ཀྱི་དབང་དུ་བཏང་ན་གུང་ཁྲན་རིང་ལུགས་ཀྱི་

ཀུན་སྤྱོད་དྲ་མིག་སྟེ་རྒྱ་ནག་མི་མང་གི་ཤེས་རབ་དང་ཏག་ཏག་འོས་ཤིང་འཚམ་

ཕྱིར་དཔྱོད་ལྡན་སློབ་ཕྲུག་རྣམས་ཀྱིས་མང་གཙོ་ཅན་དུ་བསྒྱུར(༡༩༨༩ལོའ ིགནམ་བདེ་སྒོ་ མོ་ཆེའི་དོན་རྐྱེན)

དགོས་པའི་འབོད་སྐུལ་ལ་རྒྱལ་ཁ་མ་ཐོབ། དེ་ནི་སྲིད་གཞུང་གཅིག་

པུའི་ནུས་པ་མ་ཡིན་པར་མི་མང་གི་ཀུན་སྤྱོད་ཚད་གཞིས་བཀག་སྡོམ་ཐེབས་པ་

ཞིག་ཡིན། གུང་ཁྲན་རིང་ལུགས་ཀྱི་མཛེས་སྤྱོད་འདུ་ཤེས་དང༌། ཀུན་སྤྱོད་འདུ་ཤ ེས་ ཀྱིས་མི་དག་གི་བསམ་བློ་དབང་བསྒྱུར་བྱས་ཡོད་པས་ཤེས་རབ་ཀྱི་འཕེལ་རིམ་ལ་

རང་བཞིན་གྱིས་བཅུན་ཤུགས་བཟོས་ཡོད། རྒྱུ་མཚན་དེར་བརྟེན་ནུབ་ཕྱོགས་རྒྱལ་

ཁབ་རྣམས་དང་བསྡུར་ན་རྒྱ་ནག་གི་མི་རྣམས་རྨོངས་དྲར་ཚུད་ཡོད་པར་ཐེ་ཚོམ་

མེད་དེ། ཚོགས་པ་གཅིག་དང་གཞུང་ལུགས་གཅིག ལྟ་གྲུབ་གཅིག་གི་ཀུན་སྤྱོད་

ཚད་གཞིས་འཆིངས་བཀྱིགས་ཐེབས་པས་སོ། །དེ་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ མི་དག་སྤྱི་ཚོགས་འབྲེལ་བ་དང༌། རང་བྱུང་འབྲེལ་བ་གང་གི་ངོས་ནས་བལྟས་ཀྱང་ སྔོན་ཐོན་དུ་བརྩི་དགོས་ཏེ་མི་རེའི་ངོས་ནས་ཤེས་རབ་ཀྱིས་དཔྱད་བསྡུར་བྱས་ཏེ་

འོས་ཤ ིང་འཚམ་པ་ལེན་པ་དང༌། བབ་དང་བསྟུན་ནས་འདོར་བའི་བསམ་བློའ ི་རང་

དབང་གི་ཆུ་ཚད་མཐོ་བས་ན་ལྟོས་འཇོག་གིས་ཀུན་སྤྱོད་ཀྱི་རྒྱ་རུ་ཚུད་མེད། ཀུན་ སྤྱོད་ཀྱི་ཚད་གཞི་ལ་རང་ཉིད་འཇོག་པས་རིག་གནས་ཀྱི་སྣང་ཚུལ་མི་འཇོག རང་ ཉིད་ཀྱང་ཤེས་རབ་ཀྱི་ཚོད་བགམ་དུས་རབས་ན་གནས་པས་སྤྱིའི་ཀུན་སྤྱོད་ལ་

ཕྱོགས་པ་ལས་སྒེར་གྱི་ཀུན་སྤྱོད་ཡལ་བར་དོར་ཡོད་ཀྱང་། འདིས་ཀུན་སྤྱོད་ཤ ེས་ ཡོན་གྱི་ཚད་གཞིའི་མཐར་ཐུག་གི་རང་རྟོགས་ལ་བསླེབས་ཡོད་དམ་ཞེ་ན། བསླེབ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 253

མེད་པ་ནི་བཤད་ཅི་ལ་དགོས་ཏེ་དཔྱད་འབྲས་འདི་ནི་རྒྱ་ནག་དང་བསྡུར་བའི་དཔྱད་ འབྲས་ཙམ་ཡིན་ནོ། །

༥) ད་ལྟའི་དུས་སྐབས་འདིར་མང་གཙོའི་དུས་རབས་སུ་བསླེབས་ཤ ིང་སྤྱི་

མཐུན་དང༌། རང་དབང༌། འདྲ་མཉམ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁྱད་རྟགས་ལ་མི་ཀུན་ གྱིས་དགའ་མོས་བྱས་ཏེ། ཤེས་འཇོན་ཚུལ་ལྡན་གྱི་སྤྲང་པོའ ི་བུ་ཡང་དངུལ་ཁང་གི་

བདག་པོ་བྱེད་པ་དང༌། མི་དཀྱུས་མ་ཡིན་ཡང་བྱས་རྗེས་ཡོད་ན་ལོ་རྒྱུས་རྡོ་རིང་

ལ་འགོད་པ་དང༌། གྲོང་གསེབ་ཀྱི་དྭ་ཕྲུག་ཀྱང་སྲིད་བློན་བྱེད་པའི་གོ་སྐབས་ཡོད་

པ་འདི་ནི་མིའི་རིགས་ཀྱིས་བརྒྱུད་པའི་སྤྱི་ཚོགས་སྒྲོམ་གཞིའི་ངོས་ནས་ཤ ེས་རབ་

ཀྱི་མཚོན་རྟགས་ཤ ིག་ཡིན་ལ་ཤེས་རབ་ཀྱི་འཕེལ་རིམ་ལས་བྱུང་བའི་ཀུན་སྤྱོད་ཀྱི་ འགྱུར་བ་ཞིག་ཀྱང་ཡིན།

གོ ང་དུ་བཤད་ཟིན་ལྟར་མིའི་རིགས་ཀྱི་སྤྱི་ཚོགས་སྒྲོ མ ་གཞིའི་ ངོ ས ་ནས་

ཤེས་རིག་གི་འཕེལ་རིམ་གསར་པ་རེར་བསླེབས་པ་དང་། ཤེས་ཡོན་གྱི་ཆུ་ཚད་ དང༌། ཕུགས་འདུན། རིན་ཐང་གི་ལྟ་ཚུལ། མཛེས་སྤྱོད་འདུ་ཤ ེས་བཅས་འགྱུར་བ་

ལ་བརྟེན་ནས་ཀུན་སྤྱོད་ཀྱི་ཁྱབ་ཁོངས་ལའང་འགྱུར་བ་ཐེབས་བཞིན་ཡོད་པ་འདི་ ནི་ཤེས་རབ་ཀྱི་རྟོགས་ཚད་ཅིག་ཡིན་པ་བསྙོན་དུ་མེད། གཞན་གནའ་བོའ་ི བྲན་

གཡོག་དུས་ཀྱི་རྒྱལ་རྒྱུད་དག་ལས་ཕྱི་མ་ཕྱི་མ་སྐྱོ་དྲགས་པའམ། བཀས་བཀོད་

རྒྱུད་འཛིན་གྱི་དབང་ཤུགས་ཉམས་པ། མ་རྩ་རིང་ལུགས་ཀྱི་དངུལ་གྱི་རིན་ཐང་ ཆག་པ་སོགས་ལ་བརྟེན་ནས་མང་གཙོའི་དུས་རབས་སུ་བསླེབས་པ་མ་ཡིན་པར།

མིའི་རིགས་ཀྱི་ཤ ེས་རབ་འཕེལ་བ་ལ་བརྟེན་ནས་རྒྱལ་པོའ་ི སྟོབས་ཤུགས་ངོམ་པ་ དང༌། བཀས་བཀོད་རྒྱུད་འཛིན་ཁྱིམ་རྒྱུད་ཀྱི་གཟི་བརྗིད་འདོན་པ། དངུལ་ཁོ་ནས་

ཀུན་སྤྱོད་རྩིས་མཐོང་སྤྲོད་པའི་ཁོར་ཡུག་ཉམས་དམས་སུ་གྱུར་པར་གདོན་མི་ཟ།


254 ཉམས་ཞིབ་དེབ་ཕྲེང་། ༡

རྒྱུ་མཚན་འདི་ལས་ཤ ེས་རབ་ཀྱི་འཕེལ་རིམ་ལ་བརྟེན་ནས་ཀུན་སྤྱོད་ཀྱང་འཕེལ་ བཞིན་པའི་གནས་ལུགས་རྟོགས་པར་བྱས་ཏེ་མིག་སྔར་ཤེས་ཡོན་གྱིས་ཡུལ་དུས་

རང་བཞིན་ལ་དཔྱད་ཞིབ་བྱས་ཏེ་གཞན་རྟོགས་ཀུན་སྤྱོད་ནས་རང་རྟོགས་ཀུན་ སྤྱོད་དང༌། སྒེར་གྱི་ཀུན་སྤྱོད་ནས་སྤྱིའི་ཀུན་སྤྱོད་དུ་ཕྱོགས་པའི་ལམ་ཁ་འཚོལ་ཞིབ་ བྱེད་དགོས་པར་ངེས་སོ། །

༨ སྒེར་གྱི་ཀུན་སྤྱོད་དང་སྤྱིའི་ཀུན་སྤྱོད།

འདིར་འཇར་པན་གྱི་མཁས་དབང་ཧྥོའུ་ཁོའུ་ཛ་བཱ་ཡོའ་ི ཁི་ཆིས་དཔྱད་ཐབས་གཞི་

ལ་བཟུང་སྟེ་སྤྱིའི་ཀུན་སྤྱོད་དང་སྒེར་གྱི་ཀུན་སྤྱོད་གཉིས་ཀྱི་དབྱེ་བ་གླེང་ན་ཀུན་ སྤྱོད་ཀྱི་སྟེང་དུ་གནས་པའི་བསམ་བློའ་ི མདུད་པ་ཞིག་བཀྲོལ་ཐུབ་པར་ངེས་པས། བདག་གིས་འདིར་སྐབས་སུ་བབས་པའི་སྒེར་གྱི་ཀུན་སྤྱོད་དང་སྤྱིའི་ཀུན་སྤྱོད་སྐོར་

ལ་དཔྱད་ཞིབ་བྱེད་པར་འདོད། སྒེར་གྱི་ཀུན་སྤྱོད་ནི་ནང་སེམས་ཀྱི་འགྱུར་བ་ཞིག་

སྟེ་རང་སེམས་འདུལ་སྦྱོང་བྱས་པའི་བློ་སྦྱོང་གི་ཕྱོགས་ན་ཡོད། བློ་སྦྱོང་གི་ཕྱོགས་

ནས་བོད་མི་རིགས་འདི་ཧ་ཅང་ཕྱུག་པོ་ཡིན་ཏེ་ཆོས་བོན་ཀྱི་བློ་སྦྱོང་གི་གཞུང་ ལུགས་ལ་བལྟས་ན་བློ་སྦྱོང་རྩོམ་རིགས་མང་ཤོས་ཀྱི་མི་རིགས་ཤ ིག་ཡིན་ལ། བློ་ སྦྱོང་གི་ངོས་ནས་གྲུབ་འབྲས་ཐོན་པའི་སྐྱེས་བུ་དམ་པའི་མཚན་གཞིའང་མང་པོ་

ཡོད། སྒེར་གྱི་རྒྱུད་སྦྱོང་བ་ནི་རང་ཉིད་ལ་སྤུས་ལེགས་གཤིས་ཀའི་རྨང་གཞི་ཆགས་ པའི་གོ་རིམ་ཞིག་ཡིན། དཔེར་ན། བློ་སྦྱོང་གི་རྩོམ་ཡིག་ཅིག་ན་བརྗོད་དོན་འདི་འདྲ་ ཞིག་ཡོད། “མི་རུང་མི་རུང་རང་བྱས་ན། །རུང་བའི་དོན་དག་ལས་མ་འདས། །ཅི་

སྐྱོན་ཅི་སྐྱོན་རང་བྱས་ན། །འདིར་སྐྱོན་དམྱལ་བ་ནས་བསྟན་ཡོང༌། །”ཞེས་པའི་ བརྗོད་དོན་འདིས་སྔོན་གྱི་བློ་སྦྱོང་གི་ནང་དོན་མཐའ་དག་ལ་སྡོམ་ཚིག་བརྒྱབ་ཆོག


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 255

སྒེར་གྱི་ཀུན་སྤྱོད་དེ་སྤྱི་ཚོགས་འབྲེལ་བའི་ཐད་ནས་མི་མངོན་པར་མི་སྒེར་

གྱིས་རང་ཉིད་ཀྱི་བསམ་བློ་ཚུལ་ཁྲིམས་ཀྱི་ར་བར་བཅུག་པ་ཞིག་ཡིན། སྒེར་གྱི་

ཀུན་སྤྱོ ད ་ཀྱི་ ངོས ་ནས་བལྟས་ན་རང་ཁྱིམ་བཟའ་མི་དང་བཅས་པ་སྤངས་ཏེ ་ ཁུ་

སིམ་སིམ་གྱི་དབེན་གནས་སུ་ཞི་གནས་ལྷུར་ལེན་པའམ། ཚངས་སྤྱོད་ལ་ཞུགས་

ཏེ་ཁྲིམས་སྣ་ཚོགས་བརྩི་སྲུང་བྱས་ན་སྐྱེས་བུ་དམ་པ་ཞེས་མི་ཀུན་གྱིས་གུས་བརྩི་ ཐོབ་ལ། འཁོར་བའི་སྡུག་བསྔལ་ཤེས་ཤིང་ངེས་འབྱུང་རྙེད་པའི་སྤྱོད་ལེགས་ཀྱི་དམ་

པ་ཡིན་ཀྱང༌། སྤྱིའི་ཀུན་སྤྱོད་ཀྱི་ངོས་ནས་དེ་འདྲའི་མི་ནི་སྡུག་བསྔལ་ལ་གདོང་ལེན་

བྱེད་མི་ཕོད་པ་དང༌། མིའི་རིགས་ཀྱི་འཚོ་བའི་གཞི་གྲུབ་དང་ཁྱིམ་ཚང་ལ་འགན་

མི་ཁུར་བའི་གཤིས་སྤུས་མེད་པའི་མི་བུར་ངོས་འཛིན་བྱེད། གཞན་ཡང་མི་ཞིག་ གིས་ཟས་གོས་གནས་མལ་འཚོལ་སྙེག་སྤངས་ཏེ་འཚོ་བ་སློང་མོའམ་སྦྱིན་བདག་

ལ་བརྟེན་པ་དང་། རང་ཉིད་ལྷག་པར་ཉམ་ཐག་མི་མང་དང་ཁ་བྲལ་བཞིན་དུ་ཤ་ མར་ཐུད་གསུམ་གྱིས་ཡོངས་སུ་བཏམ་པའི་དམ་པ་དག་གིས་ཀྱང༌། ཉིན་རེ་བཞིན་

སེ མ ས་ཅན་ཐམས་ཅད་བདེ ་ བའི ་ ཕྱི ར ་དུ་སྨོ ན ་ལམ་བརྒྱབ་སྟེ ་ བསམ་གཞི ག ས་ བྱེད་པའམ་གསུང་རབ་ཀློག་པའང་སྒེར་གྱི་ཀུན་སྤྱོད་ཀྱི་ངོས་ནས་སྤྱོད་ལེགས་ཀྱི་

མཚན་སྙན་ཐོབ་ཀྱང༌། སྤྱིའི་ཀུན་སྤྱོད་ཀྱི་ངོས་ནས་བལྟས་ན་ཟས་གོས་གཞན་ལ་

བརྟེན་པའི་འཚོ་གནས་སྙིང་སྟོབས་བྲལ་བའི་སྤྱི་ཚོགས་ཀྱི་ཁུར་བོར་མི་བརྩི་རང་

བརྩི་རེད། མ་ཐའང་དེ་ལྟར་སྨྲ་བ་ལ་ཆ་རྐྱེན་གཉིས་ཡོད་དེ། གཅིག་ནི་མིའི་རིགས་ ཀྱི་འཚོ་བ་ནི་དེ་འདྲའི་གུ་དོག་པའི་ཀུན་སྤྱོད་ཁོ་ནས་འཕེལ་རྒྱས་འགྲོ་སྲིད་དམ། མི་ཚང་མ་རབ་ཏུ་བྱུང་ན་ཁོ་ཚོའི་འཚོ་བ་དཀོན་མཆོག་གིས་གནང་མི་སྲིད་ལ་ནམ་

མཁའ་ནས་ལྷུང་ཡང་མི་སྲིད་དེ། ང་ཚོ་ཚང་མ་ཟས་གོས་ངན་ངོན་ལ་བརྟེན་པའི་

རྗེ་བཙུན་མི་ལ་རས་པར་འགྱུར་སྲིད་དམ། དེ་ནི་མི་སྲིད་དེ་སྒེར་གྱི་ཀུན་སྤྱོད་ལ་


256 ཉམས་ཞིབ་དེབ་ཕྲེང་། ༡

གཅིག་ཏུ་དད་པའི་མི་རྣམས་ལ་ལྟོས་དང༌། ཁོ་ཚོའི་བླ་བྲང་དང༌། རླངས་འཁོར། གློག་ཆས། ཐ་ན་ཟས་ཐུན་གཅིག་གི་འགྲོ་གྲོན་ལ་བསམ་ནའང་མིའི་རིགས་ཀྱི་

འདོད་འདུན་ངོ་མ་ནི་འཚོ་བའི་ཆ་རྐྱེན་གྱ་ནོམ་པ་ཞིག་ཡིན་པ་ལས་དབུལ་བོའ་ི ཆོག་ཤེས་ལ་གནས་པ་ཡིན་མི་སྲིད། གལ་སྲིད་དེ་འདྲ་རེ་གཉིས་མཐོང་དུ་ཡོད་ ཀྱང་མི་རེ་གཉིས་ཀྱི་སྤྱོད་སྟངས་ཀྱིས་མིའི་འཇིག་རྟེན་ཧྲིལ་པོར་སྡོམ་ཚིག་རྒྱག་ མི་རུང་ངོ༌། །

མིའི་རིགས་ཀྱི་འཚོ་བ་ནི་འགུལ་རྣམ་དང་འཇགས་རྣམ་གཉིས་ལས་གཙོ་

བོ་འགུལ་རྣམ་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཉིན་རེ་བཞིན་མཚོ་རླབས་

ལྟར་འགོག་ཐབས་བྲལ་བའི་འཕེལ་རྒྱས་དང་འགྲན་རྩོད་ཀྱི་ཁྲོད་ནས་གཏན་སྡོད་ ཀྱི་གནས་མལ་ཞིག་རྙེད་མི་སྲིད། དོན་དངོས་ལ་རྒྱབ་གཏད་པའི་མཁས་པ་རེ་

གཉིས་འཆར་ཡན་གྱི་མཐར་ལྷུང་སྟེ་ལོ་རྒྱུས་འཕོ་འགྱུར་དང་མི་འཚམ་པའི་གཏམ་ བརྗོད་སྤེལ་ཡང་དེ་ནི་གཏན་ཚིགས་ཀྱི་སྨྲ་བ་ཙམ་ཡིན་པ་ལས་འཚོ་བའི་ཆ་རྐྱེན་ ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་ཚན་རིག་གི་དོན་དངོས་ཀྱིས་དེ་ལ་རྩོད་

པ་མི་བྱེད་པར་མི་རྣམས་ཁྲིད་དེ་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད་ལ། མདུན་

ཕྱོགས་ནི་ཐུག་མེད་ཤ ེས་རིག་གི་ཡར་རྒྱས་ཡིན་པ་དང༌། ཤེས་རིག་གི་འཕེལ་རྒྱས་ དེ་འཚོ་གནས་འབྱོར་བ་ཕུན་སུམ་ཚོགས་པའི་དངོས་པོའ ི་དཔལ་གྱིས་ཁེངས་པའི་ རྨང་གཞིའི་ཐོག་ནས། སྤུས་ལེགས་ཀུན་སྤྱོད་ཀྱི་མཚན་ཉིད་མཚུངས་པའི་བསམ་ པའི་ཡོན་ཏན་ལྡན་པ་ཞིག་ཡིན་པ་ལས་མུ་གེ་སྡུག་བསྔལ་ཡོད་པའི་ཡ་རབས་ཀྱི་

སྤྱི་ཚོགས་ཤིག་དང་ཟས་གོས་ཕུན་སུམ་ཚོགས་པའི་ཐ་ཤལ་གྱི་སྤྱི་ཚོགས་ཤིག་ ཀྱང་མིན་ནོ། །

དཔེ་གཞི་ཞིག་གི་ཐོག་ནས་བལྟས་ན་རྐུན་མ་ཞིག་གིས་དེ་རིང་ནས་བརྐུ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 257

མི་བྱེད་པ་དང་། ཚོང་པ་ཞིག་གིས་རྫུན་མི་བཤད་པ། ཤན་པ་ཞིག་གིས་སྲོག་

མི་གཅོད་པའི་དམ་བཅས་ན་དེ་ནི་སྒེར་གྱི་ཀུན་སྤྱོད་ཀྱིས་ཨེ་མ་ཧོ་ངོ་མཚར་ཆེ་ ཞེས་འབོད་ནའང༌། སྤྱིའི་ཀུན་སྤྱོད་ཀྱིས་དེ་དག་གི་ཚབ་ཏུ་ཁྱེད་ལ་འཚོ་སྟངས་ཀྱི་ ཐབས་ལམ་གསར་པ་ཅི་ཞིག་ཡོད་ཅེས་འདྲི་རྩད་བྱེད་པར་ཐེ་ཚོམ་མེད། སྤྱིའི་ཀུན་

སྤྱོད་ཀྱིས་ཁྱེད་ཀྱི་བཟའ་མི་བུ་ཕྲུག་དང་བཅས་པ་མུ་གེ་ཤ ི་རུ་འཇུག་འདོད་མེད་ལ་ ཁྱེད་ལ་སྤྲང་པོའ་ི འཚོ་བའང་རོལ་དུ་འཇུག་འདོད་མེད། དཔེ་གཞི་གཞན་ཞིག་གི་

སྟེང་ནས་བལྟས་ན་གྲོང་གསེབ་ཀྱི་མིས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ལ་བབ་ཆགས་ བརྟན་བརླིང་ཞིག་ཡིན་ནའང༌། སྒེར་གྱི་སྤྱོད་བཟང་ཙམ་དུ་བགྲང་དགོས་ཏེ། མིའི་

རིགས་ཀྱི་རིག་གནས་འཚོ་བ་འཕེལ་རྒྱས་འགྲོ་བའི་འཚོལ་སྙེག་དང་གསར་གཏོད།

འཛུགས་སྐྲུན་མཐའ་དག་གི་འབྱུང་ཁུངས་ནི་གྲོང་ཁྱེར་ཡིན་པས། ཕྱི་རོལ་ཡུལ་དང་

འབྲེལ་གཏུགས་བྱེད་པའི་སྤྱིའི་ཀུན་སྤྱོད་ཀྱི་ཕྱོགས་ནས་གྲོང་ཁྱེར་ནི་ཀུན་སྤྱོད་ཀྱི་

ཕ་སར་འབོད་རུང་། དར་རྒྱས་ཆེ་བའི་ས་ཁུལ་དང་ཤེས་རིག་མ་དར་བའི་རྒྱལ་

ཁབ་བསྡུར་ནའང་དེ་བཞིན་ཡིན། གང་ཞིག་ཤེས་རིག་གི་དར་རྒྱས་མེད་པ་ནི་སྒེར་

གྱི་ཀུན་སྤྱོད་ཁོ་ན་ཀུན་སྤྱོད་དུ་འདོད་དེ་གཙིགས་འཛིན་བྱེད་པ་དང༌། གང་ཞིག་ དར་རྒྱས་ཆེ་བས་ཀུན་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེར་བསྐྱེད་ཡོད། སྲིན་འབུ་དང་མིའི་ འབྲེལ་བའི་སྟེང་ནས་བལྟས་ནའང་སྲིན་འབུད་གསོ་མི་རུང་བ་ནི་སྲོག་གཅོད་པའི་

སྡིག་པ་འབྱུང་བ་དང༌། སྲོག་ཤོར་བའི་ན་ཟུག་ལ་དྲན་ཤེས་བརྟེན་པ། ཆོས་ལུགས་

ཀྱི་དགོངས་པ་དང་འགལ་འགྲོ་བ། རང་ལ་དཔེ་བླངས་ཏེ་འབུ་གསོད་པའི་ལས་ངན་

སྲུང་སྡོམ་བྱེད་པ་སོགས་ནི་ཡ་རབས་ཀྱི་བྱ་སྤྱོད་ཡིན་པས་ང་ཚོས་དེ་འདྲའི་མི་ལ་ ཀུན་སྤྱོད་ལྡན་པའི་མི་བཟང་པོར་འབོད་པ་དོན་ལ་གནས་ཀྱང༌། སྤྱིའི་ཀུན་སྤྱོད་ཀྱི་

ངོས་ནས་ད་དུང་དེ་ལས་རྒྱ་ཆེར་བསྐྱེད་དེ། འབུ་སྲིན་ཞིག་སྐྱེ་འཕེལ་བྱེད་ཚུལ་དང༌།


258 ཉམས་ཞིབ་དེབ་ཕྲེང་། ༡

དེ་དང་ཡུལ་དུས་ཀྱི་འབྲེལ་བ། དེ་དང་མིའི་བར་གྱི་འབྲེལ་བ། དེ་ལ་བརྟེན་ནས་མིའི་

རིགས་ཀྱིས་རང་བྱུང་གི་གསང་བ་སྔོག་འདོན་བྱེད་པ་མ་ཟད། འབུ་སྲིན་གང་ཞིག་ གིས་ཁོར་ཡུག་ལ་ཇི་ལྟར་གནོད་སྐྱོན་འབྱུང་མིན། སྲིན་འབུའི་ནུས་པ་འདོར་ལེན་

བཅས་བྱས་ཏེ་ཁོར་ཡུག་བདག་སྐྱོང་བྱེད་ཤེས་པའི་སྒོ་ནས་དེ་དང་འབྲེལ་གཏུགས་ བྱེད་པའི་ཀུན་སྤྱོད་ལ་སྤྱིའི་ཀུན་སྤྱོད་ཟེར། ཐོས་མ་ཐག་ཚུལ་འདི་ནི་ཤ ེས་རབ་ཀྱི་ ཁོངས་སུ་གཏོགས་སོ་སྙམ་སྲིད་ནའང་ཤེས་རབ་ཀྱི་ནུས་པ་རེ་རེ་མངོན་སྟངས་ལ་

ཀུན་སྤྱོད་ཀྱིས་མ་ཁྱབ་པ་མེད་དེ་འཇིག་རྟེན་རྡུལ་དུ་བརླག་པའི་རྡུལ་ཕྲན་མཚོན་ཆ་

ཞིག་བཟོ་བའམ། ཡང་ན་འཇིག་རྟེན་ལ་འོད་སྣང་སྦྱིན་པའི་གློག་རྫས་ཆུང་ཆུང་ཞིག་ འཚོལ་ཞིབ་བྱེད་པ་ནས་གསར་གཏོད་ཀྱི་གྲུབ་འབྲས་ཐོན་པའི་བར་དུ་ཀུན་སྤྱོད་ཀྱི་ དོན་སྙིང་ཞིག་དང་འབྲེལ་བའི་དངོས་ཡོད་རྟོགས་པར་བྱས་ན། ཀུན་སྤྱོད་ཀྱི་ཁྱབ་

ཁོངས་ཆེ་རུ་ཕྱིན་ཏེ་སྒེར་གྱི་ཚུལ་ཁྲིམས་ཙམ་མམ་བློ་སྦྱོང་ཙམ་གྱི་ཁྱབ་ཁོངས་ནས་ ཀུན་སྤྱོད་སྤྱི་ལ་ཕྱོགས་སྡོམ་རྒྱག་མི་སྲིད།

གོང་གི་བསམ་བློའ་ི སྟེང་ནས་ང་ཚོའི་ཀླད་པའི་ནང་དུ་བརྡ་འཕྲིན་གསར་པ་

ཞིག་འབྱོར་ཡོད་པར་ཡིད་ཆེས་ཡོད་ལ། བརྡ་འཕྲིན་དེ་ནི་སྤྱི་སྒེར་གྱི་ཀུན་སྤྱོད་དང་ དེའི་ཁྱད་པར་ལ་གསེད་བཀྲོལ་ཅིག་བྱས་པའི་མཐའ་སྡོམ་ཡིན་མོད། གལ་བོ་ཆེ་ལ་

ནན་ཏན་གྱི་ཚུལ་དུ་དེ་གཉིས་ཀྱི་དབྱེ་བ་བསྐྱར་དུ་གསལ་བཤད་ཅིག་བྱས་ན། ཀུན་ སྤྱོད་ནི་འགྲོ་བ་མིའི་རིགས་ཀྱི་གཤིས་ཀའི་མངོན་སྟངས་ཤ ིག་ཡིན་པ་ལས། སྒེར་ གྱི་ཀུན་སྤྱོད་ནི་ང་ཚོས་ནམ་རྒྱུན་ཡ་རབས་སྤྱོད་བཟང་ཞེས་པའི་དོན་དུ་ངེས། ཡ་

རབས་ཞེས་པས་བསམ་བློའ ི་སྟེང་ནས་མི་དགེ་བ་སྤངས་ཏེ་ཁ་མིག་ཡར་ལྟ་བྱེད་པ་ དང༌། སྤྱོད་པ་བཟང་པོ་སྤྱི་ཚོགས་དང་མཐུན་པ་ཞེས་པའི་དོན་དུ་ངེས། དེ་ནི་ཁོར་

ཡུག་གིས་ཐག་བཅད་པའི་སྤྱོད་པའི་སྡོམ་ཁྲིམས་ཤིག་དང་འདྲ་བས་ན། དབང་པོའ ི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 259

སྒོ་བསྡམས་ཏེ་གཉོམ་ཆུང་ཚུལ་མཐུན་བྱེད་པ་དང་ཁོར་ཡུག་གི་བཀག་རྒྱ་ལ་རྒོལ་

ལན་མི་སློག་པ། གཡོག་གིས་དཔོན་དང་སློབ་མས་བླ་མར་མཐའ་གཅིག་ཏུ་གུས་

བརྩི་ཞུ་བ་ལྟར་སྲོལ་ཀ་ཡོད་ཚད་ལ་མགོ་བསྒུར་བའི་དོན་དུ་སོང་ཕྱིར། རི་ཁྲོད་ འགྲིམ་པའི་བཙུན་པ་དང༌། ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབ་པའི་གཡོག་

པོ༑ བླ་མར་དད་གུས་རྩེ་གཅིག་ཏུ་བྱེད་པའི་སློབ་མ། དབང་ཕྱུག་ཅན་གྱི་ཁྱིམ་ཚང་ གི་མནའ་མ་སོགས་ནི་སྐྱེས་བུ་དམ་པར་འབོད་རུང་སྟེ། དེ་དག་ལ་སྨྲ་བ་ཉུང་ཞིང་

གཤིས་ཀ་འཇམ་པ་དང་། ཅི་གསུང་བཀའ་བཞིན་བསྒྲུབ་པ་དང་། གཡོ་སྒྱུ་མེད་པར་

ཚུལ་ཁྲིམས་ལ་གནས་པས་སོ། །འོན་ཀྱང་མི་ཡོངས་རྫོགས་དེ་འདྲའི་ཁོངས་སུ་ གཏོགས་ན་ཤ ེས་རིག་བདེན་པའི་འཇིག་རྟེན་གསར་སྐྲུན་བྱེད་པའི་ལས་དེ་སུ་ཞིག་ གིས་བསྒྲུབ། ཤེས་རིག་ལ་སྣེ་ཁྲིད་བྱེད་པའི་མཁས་དབང་དང༌། གསར་གཏོད་པ།

ཚན་རིག་པ། བློ་འབྱེད་བསམ་བློ་བ་སོགས་འཁྲུངས་པའི་ཁོར་ཡུག་འབྱུང་མི་སྲིད་

པར། འཁོར་བར་འཚོ་བཞིན་འཁོར་བ་སྤངས་པ། ཟས་གོས་ཉམ་ཐག་གི་གནས་

ལ་ལྷུང་བའི་ཆོག་ཤ ེས་ཅན། དགའ་དུས་དགོད་སྒྲ་མེད་ལ་སྡུག་དུས་ཐབས་ལམ་མི་

འཚོལ་བའི་ཚོར་བ་བཏང་སྙོམས་ལ་གནས་པ་དང་སྒམ་ཚུགས་ལ་མོས་པ། དོན་ ཉུང་བྱ་ཉུང༌། གོམས་སྲོལ་ལ་གཅིག་ཏུ་དད་པ། ལེགས་ཉེས་མི་དཔྱོད་པར་གཞན་ གྱི་རྗེས་སུ་ཤ ར་བསྐྱོད་བྱེད་པ། རྒྱུ་མཚན་ལས་བརྩེ་དུང་གཙིགས་ཆེར་འཛིན་པ།

སྒྲིག་ཁྲིམས་བརྩི་སྲུང་བྱེད་པ། ལམ་སྲོལ་ལ་གཅིག་ཏུ་དད་ཅིང་བརྩི་སྲུང་བྱེད་པའི་ བསམ་བློ་དང་སྤྱོད་ཚུལ་མཐའ་དག་གིས་འཇིག་རྟེན་གང་བར་འགྱུར་རོ། །

སྒེ ར ་གྱི ་ ཀུན་སྤྱོ ད ་ལ་སྤྱི འི ་ ཀུན་སྤྱོ ད ་ཀྱི ་ ངོ ས ་ནས་གུ་དོ ག ་པའི ་ ཀུན་སྤྱོ ད ་

ཅེས་སྨྲ་ཆོག རྒྱུ་མཚན་ནི་སྤྱིའི་ཀུན་སྤྱོད་ཅེས་པ་དྲན་ཤ ེས་ལྡན་པའི་ཕྱོགས་ཡིན་

ལ་འཚོ་གནས་འཕེལ་རྒྱས་ཀྱི་ཕྱོགས་ཧྲིལ་པོ་ལ་ཁྱབ་ནས་ཡོད་པའི་མིའི་རིགས་


260 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་གཤིས་ཀའི་སྤུས་ལེགས་ཀྱི་ཆ་ཞིག་ཡིན་ཕྱིར། སྒེར་གྱི་ཀུན་སྤྱོད་ཀྱི་རྨང་གཞིའི་

སྟེང་ནས་བྱ་དངོས་མཐའ་དག་ལ་ཚོད་བགམ་བྱེད་པ་དང༌། ལན་བརྒྱར་ཕམ་ཡང་

ལན་བརྒྱར་ལང་ཐུབ་པ། རྒྱུ་མཚན་ལ་དགའ་བ། འཚོ་གནས་ཀྱི་འགན་འཁྲིའི་འདུ་

ཤེས་ཡོད་པ། ཕྱིར་རྟོགས་དང་དོགས་སློང་བྱེད་པའི་སྤོབས་པ་ལྡན་པ། བྱ་དངོས་ མཐའ་དག་གི་ཡུལ་དུས་རང་བཞིན་ཤེས་པའི་སྒོ་ནས་སྤྱི་ཚོགས་འབྲེལ་བ་དང༌། མི་

ཉིད་འཕེལ་རྒྱས་བཅས་དང་འབྲེལ་བའི་བྱ་སྤྱོད་མཐའ་དག་གི་ཁོངས་ན་མི་རིགས་ ཀྱི་ཀུན་སྤྱོད་ཀྱང་ཐིམ་ནས་ཡོད། མདོར་ན་མི་རིགས་ཤིག་གི་ཤ ེས་རིག་གི་ལས་

དབང་མཐའ་དག་སྤྱིའི་ཀུན་སྤྱོད་དང་འབྲེལ་བས་ན་སྤྱིའི་ཀུན་སྤྱོད་ནི་ཁྱབ་ཚད་ཆེ་ ཞིང་བློ་རིག་གི་ཕྱོགས་སུ་གནས།

ཆོས་བོན་ཤེས་རིག་གི་དབང་དུ་བྱས་ན་བྱང་ཆུབ་སེམས་བསྐྱེད་ལ་སྨོན་

སེམས་དང་འཇུག་སེམས་གཉིས་འཇོག་པའི་ནང་གི་འཇུག་པ་སྟེ་དངོས་སུ་སྦྱོར་ བར་ཞུགས་ཏེ་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན།

ཤེས་རབ་ཅེས་པའི་སྤྱོད་པ་དྲུག་ལྡན་གྱི་མི་ཞིག་དང༌། དེའང་བསམ་བློ་ཙམ་མ་ ཡིན་པར་བྱ་སྤྱོད་དངོས་ཀྱི་ནང་ནས་མངོན་ཐུབ་པ་དང༌། ཕྱི་རོལ་ཡུལ་དང་འབྲེལ་

གཏུགས་བྱེད་པའི་མིའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་དེ་དག་ལ་སྤྱིའི་ཀུན་སྤྱོད་ཀྱི་ རིན་ཐང་བླ་ན་མེད་པ་ཡོད་ཀྱང༌། བླ་སྤྲུལ་དགེ་འདུན་པ་མང་དག་ཅིག་ཀུན་སྤྱོད་ལ་ དད་པ་ཙམ(བླ་སྤྲུལ་དགེ་འདུན་པ་ཚང་མ་དེའི་དོན་སྙིང་མེད་པ་ཞིག་མིན་པ་ཤེས་དགོས) དང༌། ཀུན་སྤྱོད་

རིག་གཞུང་གི་གཟི་བརྗིད་སྒྲོག་མཁན་ཙམ། སྤྱི་ཚོགས་དང་ཁ་གྱེས་ཤ ིང་སྤྱི་ཚོགས་ ཀྱི་ཆེད་དུ་སྨོན་ལམ་འདེབས་མཁན་ཙམ་ཡིན་ཕྱིར། ལག་ལེན་གྱི་ཁྲོད་ནས་དེ་དག་ ལ་སྤྱིའི་ཀུན་སྤྱོད་ཀྱི་རྟོགས་ཚད་ལས་རིང་དུ་གྱེས་ཡོད་པ་དངོས་སུ་མཐོང་ཐུབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 261

༩ ཤེས་རབ་དང་ཀུན་སྤྱོད་གཤིབ་བསྡུར།

བོད་ལ་མཚོན་ན་མི་མང་རྣམས་གོམས་སྲོལ་གྱི་དབང་དུ་གྱུར་པ་དང་གོམས་སྲོལ་

དང་ཆོས་ལུགས་ལ་དུངས་དྲགས་པའི་དབང་གིས་ཀུན་སྤྱོད་ཀྱི་མཐར་ལྷུང་སྟེ་ཤ ེས་ རབ་ཀྱི་ནུས་པ་མངོན་མ་ཐུབ་པས་ན། ཀུན་སྤྱོད་ལ་དྭངས་སྙིགས་འབྱེད་པའི་ཤ ེས་

རབ་ལ་དཀྱུ་ས་ཡངས་པོ་མེད་པས་སྤུས་ལེགས་ཀུན་སྤྱོད་གནས་ཚད་དུ་བསླེབ་མི་

ཐུབ་པ་དང་། ཤེས་རབ་དང་ཀུན་སྤྱོད་གཤིབ་བསྡུར་བྱས་ན་གཤམ་གྱི་མཐའ་སྡོམ་

འདི་འདྲ་ཞིག་རྙེད་ཐུབ་སྟེ།

• སྒེར་གྱི་རྒྱུད་སྦྱོང་ཀུན་སྤྱོད་ཀྱི་ཆ་ནས་སྔོན་གྱི་མི་དག་བསླབ་པ་རྒན་པར་བརྩི་ ཆོག་ལ་ཤ ེས་རབ་ཀྱི་ཆ་ནས་དེང་གི་མི་རྣམས་སློབ་སྟོན་པ་བྱེད་ཆོག

• ཀུན་སྤྱོད་ནི་རྒྱུན་འཛིན་གྱི་གོ་གནས་ཤིག་ཡིན་ལ་ཤ ེས་རབ་ནི་གསར་གཏོད་ ཀྱི་གདེང་འཇོག་ཅིག་ཡིན།

• མི ་ ཞི ག ་གི ་ ཀུན་སྤྱོ ད ་ཀྱི ་ ལེ ག ས་ཉེ ས ་ནི ་ འགྱུར་ལྡོ ག ་ཆེ ་ ཞི ང ་མངོ ན ་སུམ་ གྱི ས ་དཔྱད་དཀའ་ལ་མི ་ ཞི ག ་གི ་ཤེ ས ་རབ་ནི ་ གཏན་འཇགས་སུ་གནས་ པས་དཔྱད་སླ།

• ཀུན་སྤྱོད་ཀྱིས་ཤེས་རབ་བཅུན་པ་ནི་གཤོག་ལྡན་གཟེབ་ཏུ་ཚུད་པ་དང་འདྲ་ལ་

ཤེས་རབ་ཀྱིས་ཀུན་སྤྱོད་སྣེ་ཁྲིད་བྱེད་པ་ནི་མུན་པའི་ཁྲོད་དུ་འོད་སྣང་ཐོབ་པ་ དང་འདྲ།

• ཀུན་སྤྱོད་ནི་ནང་གི་རྒྱུད་སྦྱོང་གི་འབད་རྩོལ་ལ་བརྟེན་དགོས་ལ་ཤ ེས་རབ་ནི་ ཕྱི་རོལ་ནས་ནང་འདྲེན་བྱེད་དུ་ཡོད།

• འཚོ་བ་འཛུགས་སྐྲུན་བྱེད་པར་ཤེས་རབ་ཀྱིས་འགན་འཁུར་ཡོད་ལ་མི་ཉིད་ ལེགས་ལམ་དུ་འགྲོ་བར་ཀུན་སྤྱོད་ཀྱིས་རྟིང་སྐུལ་བྱེད་ཀྱིན་ཡོད།


262 ཉམས་ཞིབ་དེབ་ཕྲེང་། ༡

གོང་དུ་བཤད་ཟིན་ལྟར་དུས་རྒྱུན་བོད་ཀྱི་ཐང་ཀ་ཞིག་གི་ངོས་ན་ལྷ་སྐུ་འདི་

འདྲ་ཞིག་མཐོང་རྒྱུ་ཡོད་པ་དེའི་མཚོན་ཐབས་ཀྱི་ངོས་ནས་དཔྱད་ན། ཆོས་གཞུང་ རྣམས་སུ་དེ་ལ་རིགས་གསུམ་མགོན་པོ་ཞེས་འབོད་ཅིང༌། ལྷ་བྲིས་བཟོ་རིག་གི་

གཞུང་རྣམས་སུའང་ལྷ་སྐུ་མཐའ་དག་འདི ་ གསུམ་གྱི ་ ཁོ ང ས་སུ་བསྡུས་ཏེ ་ འབྲི ་

བཞེངས་བྱེད་སྲོལ་ཡོད། ང་ཚོས་ཤེས་གསལ་ལྟར་སངས་རྒྱས་དང༌། བཅོམ་ལྡན་

འདས། དེ་བཞིན་གཤེགས་པ་ཞེས་པ་སོགས་ཤེས་ཡོན་གྱི་ཕུགས་བསམ་མཚོན་ པའི་བརྡ་རྟགས་ཡིན་ལ་ཆོས་ལུགས་ཤེས་རིག་གི་དབང་དུ་བཏང་ན་སློབ་སྦྱོང་

གི་ཚད་གཞི་མཐོ་ཤ ོས་ཀྱི་དམིགས་འབེན་ཞིག་བསྟན་གྱིན་ཡོད་ཅེས་བཤད་ཆོག མཐར་ཐུག་གི་དམིགས་འབེན་དུ་གྱུར་པའི་སངས་རྒྱས་ཞེས་པའི་བརྡ་ཐོབ་འཇུག་

པའི་འཇུག་ཡུལ་མཐའ་དག་ལ། གཞན་དང་མི་འདྲ་བའི་ཁྱད་འཕགས་ཀྱི་ཡོན་ཏན་

གསུམ་མངའ་བ་ནི་མཁྱེན་པ་དང༌། བརྩེ་བ། ནུས་པ་གསུམ་གྱི་ཁོངས་སུ་བསྡུ་བ་

དང༌། ལྷ་སྐུའི་ངོ་བོ་དང་རྣམ་པ་མི་འདྲ་བ་དེ་གསུམ་ལ་རིགས་གསུམ་མགོན་པོ་ ཞེས་མིང་བརྡ་སྦྱར་ཏེ་ཐང་ཀ་གཅིག་གི་ནང་དུ་གཙོ་ཕལ་གྱི་དབྱེ་བ་ཕྱེས་ཏེ་འབྲི་

བ་འདི་ལ་ཤ ེས་ཡོན་གྱི་ནང་དོན་ཟབ་མོ་ལྡན་ཡོད། བསླབ་པའི་དབང་དུ་བྱས་པའི་ ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་

པ་གསུམ་དང༌། ཤེས་ཡོན་གྱི་དབང་དུ་བྱས་ན་སྤྱན་རས་གཟིགས་ཀྱིས་ཀུན་སྤྱོད་

ཤེས་ཡོན་མཚོན་པ་དང༌། འཇམ་དཔལ་དབྱངས་ཀྱིས་ཤེས་རབ་མཚོན་པ་དང༌། གསང་བའི་བདག་པོས་ནུས་པ་མཚོན་པ་བཅས་ཤེས་རིག་དཔྱད་གཞིག་གིས་

དཔག་ན་ཕུན་སུམ་ཚོགས་པའི་བསམ་བློའ ི་གཏེར་ཁ་འདོན་ཐུབ། འོན་ཏེ་ཤ ེས་རིག་

གི་ནང་གནས་འབྲེལ་བ་དང་ལྕི་ཡང་གི་ཆ་ནས་བལྟས་ན་ནོར་འཛོལ་ཆེན་པོ་ཞིག་ ཡོད་པའང་མཐོང་ཐུབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 263

ཤེས་ཡོན་གྱི་ནང་གནས་འབྲེལ་བའི་སྟེང་ནས་བལྟས་ཚེ་བརྩེ་བ་གཙོ་བོ་

ཡིན་ལ་མཁྱེན་པ་དང་ནུས་པ་ཕལ་བར་བཀོད་པ་འདིས་བོད་ཀྱི་ཤ ེས་ཡོན་ནི་ཀུན་ སྤྱོད་ཀྱིས་གཙོ་ཁྲིད་བྱས་པའི་ཤེས་ཡོན་ཞིག་ཡིན་པ་དང༌། ཤེས་རབ་དང་ནུས་

པའི་ཤེས་ཡོན་ལ་ཀུན་སྤྱོད་ཤེས་ཡོན་གྱིས་སྣེ་ཁྲིད་བྱས་ཡོད་པ་གསལ། སྤྱིར་

ཤེས་ཡོན་ཀྱི་གཙོ་ཕལ་དང་ནང་གནས་འབྲེལ་བའི་སྟེང་ནས་བལྟས་ན་ཤ ེས་རབ་ གཙོ་ཞིང་ཤ ེས་རབ་ཀྱི་ནུས་པས་ཀུན་སྤྱོད་དང་འཇོན་ནུས་ལ་སྣེ་ཁྲིད་བྱེད་དགོས་

པ་གོང་དུ་བཤད་ཟིན་ལྟར་ཡིན་མོད། གཙོ་ཕལ་གྱི་འབྲེལ་བ་གོ་ལྡོག་པའི་ཤེས་

ཡོན་མཚན་ཉིད་རིག་པའི་ལྟ་ཚུལ་འདི་ནི་བོད་མི་རིགས་ཀྱི་བསམ་བློ་དང༌། བྱ་སྤྱོད་ མཐའ་དག་གི་རྨང་གཞི་ཡིན། རྒྱུ་མཚན་དེ་བས་ད་ལྟའི་དངོས་ཡོད་ལའང་གཤམ་

གྱི་དོན་སྙིང་འདི་འདྲ་མཐོང་ཐུབ། དངོས་ཡོད་རྩོད་སྒྲུབ་ཀྱི་བསམ་གཞིགས་བརྒྱུད་ དེ་ཤ ེས་ཡོན་གྱི་ནོར་འཛོལ་ལ་སྡོམ་ཚིག་བརྒྱབ་ན་ཀུན་སྤྱོད་རྫུན་མས་སྣེ་ཁྲིད་པའི་

མཛེས་དཔྱོད་ལྟ་ཚུལ་དང༌། རིན་ཐང་གི་ལྟ་ཚུལ་གྱི་ཁྱབ་ཁོང་ནས་ཤ ེས་རབ་ཀྱི་རྒྱང་ མཐོང་ཡོད་མི་སྲིད་དེ་ཀུན་སྤྱོད་རྫུན་མའི་བསྒྲིབ་གཡོགས་ཀྱིས་ཤ ེས་རབ་ཀྱི་མིག་

འབྲས་བཀབ་ཡོད་ལ། འཇོན་ནུས་ཀྱི་ལག་པ་བཅིངས་ནས་ཡོད་དེ་ཀུན་སྤྱོད་རྫུན་ མ་ནི་མ་རིག་པ་ཡིན་པས་སོ། །སྤྱན་རས་གཟིགས་རྫུན་མས་གསོ་སྐྱོང་བྱས་པའི་ འཇམ་དཔལ་དབྱངས་ནི་ལོང་བ་ཞིག་ཡིན་ལ། གསང་བའི་བདག་པོ་ནི་ལག་རྡུམ་

ཞིག་ཡིན་སྲིད། གནད་དོན་འདི་ནི་ཤེས་ཡོན་ངོས་འཛིན་དང༌། མཁས་པའི་བཞེད་

ཚུལ། མི་མང་གི་བསམ་བློ་བཅས་ཀྱི་ནང་དུ་གཏན་འཇགས་ཀྱིས་གནས་བཅས་ པའི་ཤ ེས་ཡོན་གྱི་ལྕི་ཡང་དང༌། སྔ་གཞུག་མྱུར་བུལ་ལྡོག་པའི་ངོས་འཛིན་མཚན་ ཉིད་རིག་པའི་ཆོས་ཉིད་ཀྱིས་ཐག་བཅད་ཡོད། རིག་པ་འདིས་དེང་དུས་ཀྱི་སློབ་

གྲྭ་ཁག་གི་ཤ ེས་ཡོན་སྒྲོམ་གཞི་ལའང་དཔེ་རིས་ཀྱི་མཚོན་རྟགས་བཀོད་དེ་དཔྱད་


264 ཉམས་ཞིབ་དེབ་ཕྲེང་། ༡

བསྡུར་བྱས་ན།

༡༠ དཔྱད་བསྡུར་ཀྱི་རིགས་ལམ་འདིའི་ཁུངས་སུ་གྱུར་པའི་ནང་བསྟན་རིག་ པའི་ཤེས་ཡོན་སྒྲོམ་གཞི།

གོང་དུ་བཀོད་པའི་ཤེས་ཡོན་སྒྲོམ་གཞི་དག་གི་ནང་དུ་མིའི་ཤེས་ཡོན་གྱི་

ཁྱད་ཟུར་བཞི་བོ་མི་འདོད་པ་དང་། དེ་དག་འབྲེལ་མེད་དུ་ལྟ་མཁན་མེད་ནའང་།

ལག་ལེན་དངོས་དང་སློབ་གྲྭའི་ཚོང་ལམ་ལ་དམིགས་ཏེ་གང་ཞིག་གཙོ་བོར་བཟུང་

ཤིང་གཞན་དག་ཕལ་བར་བཅད་པ་ལས། ཤེས་ཡོན་གྱི་སྒྲོམ་གཞི་མི་འདྲ་བར་གྱུར་

ཡོད་ལ་རྒྱུ་མཚན་དེ་བས་ཤེས་ཡོན་ལམ་ལུགས་ཐོག་གི་དཀའ་ངལ་དང་། བགྲོ་

གླེང་། དྲི་བ་མང་དག་ཅིག་ལ་ལན་འདེབས་མ་ཐུབ་པས་ན། ཅི་ཞིག་ལ་ཤ ེས་ཡོན་ ཟེར་རམ་ཞེས་པ་འདི་ད་དུང་འཚོལ་དགོས་པའི་གནད་དོན་ཞིག་གི་ངོ་བོར་གནས་

ཡོད། དཔེར་ན་ཁོ་བས་སྒྲོམ་གཞི་མི་འདྲ་བའི་དྲི་བ་འདི་དག་བརྒྱུད་ནས་ཤ ར་ནུབ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 265

ཀྱི་དགེ་རྒན་ཆེན་མོ་དང་། མཁས་པ། སློབ་མ་བཅས་མང་དག་གཅིག་ལ་དྲི་བ་

དྲིས་པ་རྣམས་འདིར་བཀོད་ན། བོད་ཀྱི་མཁས་པ་མང་པོ་ཞིག་གིས་ཀུན་སྤྱོད་གཙོ་

བོ་རེད་ཅེས་མཐའ་གཅིག་ཏུ་ལན་རྒྱག་པ་དང་། ནུབ་ཕྱོགས་པའི་མཁས་པའི་ཁྲོད་

ནས་ཁ་ཤ ས་ཀྱིས་ཤེས་རབ་གཙོ་བོར་འཛིན་པ་དང་། ཁ་ཤ ས་ཀྱིས་བདེ་ཐང་གཙོ་

བོར་འཛིན། དཔྱད་ཐབས་འདི་འདྲའི་སྒོ་ནས་བལྟས་ན་ཤ ེས་ཡོན་རིག་པའི་ལྟ་གྲུབ་ དང་ལམ་ལུགས་ཁ་ཤ ས་ཀྱིས་ཤེས་རབ་གཙོ་བོར་འཛིན་པ་དང་། ཁ་ཤ ས་ཀྱིས་

ནུས་པ་གཙོ་བོར་འཛིན་པ། ཁ་ཤ ས་ཀྱིས་བདེ་ཐང་གཙོ་བོར་འཛིན། ཡང་ཁ་ཤ ས་ ཀྱིས་ཀུན་སྤྱོད་གཙོ་བོར་འཛིན་པའི་གནས་ཚུལ་བྱུང་བར་བལྟས་ན་ཤ ེས་ཡོན་སྤྲོད་ པའི་ལྟ་གྲུབ་དང་དམིགས་ཡུལ་མི་འདྲ་བ་ཡོད་པ་དང་། དེ་ལས་ལྟ་གྲུབ་མི་འདྲ་བ་

བྱུང་བ་དང་། དེ་ལས་ལག་ལེན་མི་འདྲ་བ་དུ་མ་བྱུང་དང་འབྱུང་བཞིན་པས། འཇིག་ རྟེན་མི་སྡེའི་ཤེས་ཡོན་རིག་པའི་ཁྲོད་དུ་མུ་མཐུད་བགྲོ་གླེང་ཞིག་གནས་ཡོད་པ་ རྟོགས་ཐུབ།

བདག་གིས་འདོད་པའི་ཤ ེས་ཡོན་མཚོན་པའི་ཤ ེས་ཡོན་གྱི་སྒྲོམ་གཞི་འབྲི་

དགོས་ན་གཤམ་གྱི་དཔེ་རིས་འདི་འདྲ་ཞིག་འབྲི་དགོས་པ་དང་དེའི་དོན་ནི་ཤ ེས་ ཡོ ན ་གྱི ་ ཐ་སྙད་སྤྱད་དེ ་ བཀོ ད ་བདེ ་ ཕྱི ར ་རེ འུ ་མི ག ་གི ་ ལམ་ནས་གསལ་བཤད་ བྱས་ཡོད།

རི་མོ་འདིས་ཤེས་ཡོན་ནི། ཤེས་རབ་ཀྱི་མིག་ཟུང་ལྡན་ཞིང་སྤུས་ལེགས་ཀུན་


266 ཉམས་ཞིབ་དེབ་ཕྲེང་། ༡

སྤྱོད་མངའ་བ། དེའི་ཐོག་ཏུ་འཇོན་ནུས་ཆེ་ཞིང་། ལུས་སེམས་བདེ་ཐང་བཅས་

ཁྱད་ཟུར་བཞི་དང་ལྡན་དགོས་པའི་ཤ ེས་ཡོན་གྱི་ཁྱད་ཆོས་བསྟན་པ་ཡིན། ཤེས་

ཡོན་གྱི་ཁྱད་རྟགས་འདི་བཞི་བོ་དམ་དུ་འབྲེལ་ཞིང་། གཅིག་བརྟེན་གཅིག་གྲོགས་ ཀྱི ས ་ཡར་རྒྱས་གཏོ ང ་དགོ ས ་པ་ནི ་ དཔེ ་ རི ས ་ཀྱི ་ འབྲེ ལ ་མཚམས་ནས་རྟོ ག ས་

ཡུལ་དུ་བཞག་ཡོད་ལ། ད་དུང་དེ་དག་གི་གཙོ་ཕལ་གྱི་དབྱེ་བའང་གསལ་བོར་ བྱས་ཡོད། ཤེས་རིག་གི་དཔལ་ཡོན་ཟུར་བཞི་བོ་དང་ལྡན་པའི་མི་བུ་ལ་ཤེས་ ཡོ ན ་ཅན་ཞེ ས ་འབོ ད ་རུང་ལ་དེ ་ འདྲའི ་ ཁྱད་ཆོ ས ་ལྡན་པའི ་ སྐྱེ ས ་བུ་དམ་པའང་

འདས་མ་ད་གསུམ་དུ་ཡོད་པར་ངེས། ཤེས་ཡོན་གྱི་ཁྱད་ཟུར་བཞི་དང་ལྡན་པའི་

རྒྱལ་ཁབ་ལ་ཤེ ས་ཡོ ན ་དར་བའི ་ རྒྱལ་ཁབ་ཏུ་འདོ ད་དགོ ས ་ཀྱང་དེ ་ འདྲའི་ རྒྱལ་ ཁབ་ཅིག་དེ་སྔ་ཡོད་མི་སྲིད་དོ། །

བཞི་པ། འཇོན་ནུས་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ། ༡ འཇོན་ནུས་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།

དེ་ཡང་མིའི་རྩལ་ནུས་ཀྱི་དཔལ་ཡོན་དེ་ཤེས་ཡོན་གྱི་ཁྱབ་ཁོངས་སུ་བགྲང་སྟེ་རྒྱས་

བཤད་བྱས་པའི་རྩོམ་ཡིག་ཅིག་མེད་ནའང༌། ཆོས་གཞུང་རྣམས་སུ་ཡང་དང་ཡང་

དུ་སངས་རྒྱས་ཀྱི་ཡོན་ཏན་འཕྲིན་ལས། ནུས་པ་བཅས་འབྱུང་བར་བལྟས་ཙམ་ གྱིས་ཡོན་ཏན་དང་ནུས་པ་ལོགས་སུ་བཀར་བ་ལྟ་བུར་སྣང་ཡང༌། སྐབས་འདིའི་ ཡོན་ཏན་ནི་ཤ ེས་རབ་ཀྱི་རྟོགས་ཚད་ལ་གོ་བའི་དབང་དུ་བཏང་ན་ཤ ེས་རབ་དང༌།

བྱ་བའི་འཇོན་ནུས་སོ་སོར་བྱས་ཏེ་འཇོན་ནུས་ཀྱང་ཤེས་ཡོན་ཞིག་ཡིན་པ་རང་


བཞིན་གྱིས་ཁས་བླངས་ཡོད།

135*

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 267

དོན་དངོས་སུའང་སྤྱི་ཚོགས་འཕེལ་རྒྱས་དང༌།

ཤེས་རིག་གི་འཕེལ་རྒྱས་བཅས་ལ་བརྟེན་ནས་སློབ་གསོས་སྔོག་འདོན་བྱས་པའི་ མིའི་རིགས་ལྷན་སྐྱེས་ཀྱི་གཏེར་ཁའི་རྣམ་གྲངས་ཇེ་མང་དུ་སོང་གཤིས་འཇོན་ནུས་

ཀྱང་ཤ ེས་ཡོན་གྱི་ལྷུ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷག་པར་དཔལ་འབྱོར་གྱི་ མཐོ་རླབས་འཕྱུར་བའི་དབང་གིས་ཤེས་ཡོན་པ་སྤྱི་ཚོགས་དང་ཁ་གྱེས་པའི་བྲམ་

ཟེའི་ཤ ེས་ཡོན་ལམ་ལུགས་ཀྱིས། དུས་རབས་འདིར་མི་སྒེར་གྱི་འཚོ་བའང་འཁྱོལ་ དཀའ་སྟེ་མི་ནུས་འགྲན་རྩོད་ཁྲོམ་ར་ནས་འཇོན་ནུས་མེད་པའི་ཤ ེས་ཡོན་པར་སྔར་ བཞིན་རླུང་རྟ་རྒྱུགས་མི་སྲིད་ལ། མི་ཞིག་གིས་དཔེ་ཀློག་བྱས་ནས་བསྡད་ན་འཚོ་ བ་གཞན་གྱིས་སྦྱར་བའི་དུས་རབས་མཇུག་རྫོགས་ཟིན།

འཇོན་ནུས་ཞེས་པ་ཐོག་མའི་ཆར་འཚོ་བ་འཚོལ་བསྒྲུབ་ཀྱི་བརྡ་ཆད་ཅིག་

ཡིན་ཡང༌། ད་ལྟའི་ཆར་བརྡ་ཆད་དེའི་ཁྱབ་ཁོངས་ཧ་ཅང་ཆེ་སྟེ། འཇོན་ནུས་ནི་

མི་ཞིག་གི་ལུས་སེམས་བདེ་ཐང་ཡིན་པའི་རྨང་གཞིའི་ཐོག ལྷན་སྐྱེས་ནས་མངའ་ བའམ་སྦྱངས་སྟོབས་ཀྱིས་ཐོབ་པའི་ཀུན་སྤྱོད་དང་བློ་གྲོས་ཀྱི་དཔལ་ཡོན་གང་ཞིག་ ཡུལ་དུས་བབ་བསྟུན་གྱིས་བཀོལ་སྤྱོད་བྱེད་ཐུབ་པའི་སྤུས་ཚད་ཅིག་ཡིན། གལ་ སྲིད་འཇོན་ནུས་མེད་ན་བློ་གྲོས་དང་ཀུན་སྤྱོད་ཀྱི་གཟི་དཔལ་རྒྱས་མི་ཐུབ། འཇོན་ ནུས་ཀྱིས་མིའི་དཔལ་ཡོན་ཕྱིར་མངོན་མ་བྱས་ན་ཀུན་སྤྱོད་ཡག་ལ་བློ་གྲོས་དང་

ལྡན་ནའང་ཤ ེས་ཡོན་པ་གླེན་པར་འགྱུར་འགྲོ་ལ། འཇོན་ནུས་ཤ ེས་ཡོན་གྱི་ཆུ་ཚད་ ནི་བྱ་བ་བསྒྲུབ་པའི་སྤུས་ཚད་ཀྱི་སྟེང་ནས་མངོན་དགོས། ཡི་གེ་དག་ཆ་སྦྱོང་བའི་ 135*

ཨིན་ཡིག་གི་ནང་དུCAPABILITY: འཇོན་ནུས།

a: having attributes (as physical or mental

power) required for performance or accomplishment,

ལུས་སེམས་ཀྱི་ནུས་ཤུགས་མངའ་བའི་ཁྱད་ཆོས།

ལས་དོན་ལེགས་པར་བསྒྲུབ་པ་ལ་མཁོ་བའི་

b: feature or faculty capable of development :

POTENTIALITYམངོན་དུ་འགྱུར་བར་བྱེད་པའི་རྣམ་པའམ་ནུས་རྩལ། ཞེས<<taken

from Merriam-

Webster’s Collegiate Dictionary>>ཞེས་པའི་ཨིན་ཡིག་གི་ཚིག་མཛོད་ལས་འགྲེལ་བརྗོད་བྱས་ཡོད།


268 ཉམས་ཞིབ་དེབ་ཕྲེང་། ༡

སྐབས་སུ་དཔེ་བཞག་ནའང་སྦྱངས་ནས་ཤེས་པ་ནི་ཤེས་རབ་ཡིན་ལ། ཤེས་ཟིན་ པའི་ཤ ེས་བྱ་གང་ཞིག་ལག་ལེན་གྱི་དོན་སྙིང་གང་འདྲ་ཞིག་གི་རྣམ་པས་མངོན་པ་ ནི་ཀུན་སྤྱོད་ཡིན། ལག་ལེན་གྱི་དོན་སྙིང་ཇི་འདྲ་ཞིག་འབྱུང་མིན་དེ་འཇོན་ནུས་

ཀྱིས་ཐག་བཅད་པ་ཞིག་ཡིན། དཔེར་ན། བོད་ཀྱི་བྱིས་པ་ཞིག་དང་ཨ་རིའི་བྱིས་པ་

ཞིག རྒྱ་ནག་གི་བྱིས་པ་ཞིག་བཅས་ཀྱིས་བསྒྲུབ་དང༌། སློབ། སྦྱོང་བཅས་ལ་བརྗོད་ པ་རེ་བཟོ་བའི་དབང་དུ་བྱས་ན་འདི་ལྟར་འབྲི་སྲིད།

(བོད་ཀྱི་བྱིས་པ་དགེ་འདུན་གྱིས་བདག་གིས་སློབ་སྦྱོང་བྱས་ནས་སེམས་ཅན་གྱི་དོན་བྱེད་དགོས་ཞེས་པའི་

བརྗོད་པ་བཟོ་བ་དང༌། ཨ་རིའི་བྱིས་པ(Jone) ཇོན་གྱིས་ངས་སློབ་སྦྱོང་བྱས་ཏེ་ང་རང་ཉིད་ཀྱི་མ་འོངས་པའི་འཚོ་

བར་དཀའ་ངལ་མེད་པ་བཟོ་དགོས། རྒྱ་ནག་གི་བྱིས་པ(Tangyi) ཀྲང་ཡེས་ངས་སློབ་སྦྱོང་བྱས་ནས་མ་འོངས་པར་

ཏང་དང་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་དགོས།)

རི ག ་གནས་མི ་ འདྲ་བའི ་ ཁོ ར ་ཡུག་ནས་འཚར་ལོ ང ས་བྱུང་བའི ་ བྱི ས ་པ་

གསུམ་གྱིས་བྱ་ཚིག་གསུམ་ལ་བརྗོད་པ་བཟོས་པའི་སྟེང་ནས་ཤ ེས་ཡོན་གྱི་དོན་ སྙིང་ཧྲིལ་པོ་ཞིག་འགྲེལ་བཤད་རྒྱག་ཐུབ། བསྒྲུབ་ཅེས་པའི་བྱ་ཚིག་འདིའི་དོན་དག་

ཁོང་དུ་ཆུད་ཅིང་བཀོལ་ཤེས་པ་ནི་ཤེས་རབ་ཡིན་ལ། ཅི་ཞིག་བསྒྲུབ་རྒྱུ་ཡིན་པའི་ ནང་དོན། བྱ་བ་བསྒྲུབ་པའི་གདེང་ཚོད་བརྟན་པོ་ཡོད་མེད་དེ་ཀུན་སྤྱོད་ཤེས་ཡོན་ གྱི་ངོས་ནས་མཐོང་ཐུབ། ཚིག་གྲུབ་བསྒྲུབ་པའི་མྱུར་ཚད་དང༌། ཚིག་གྲུབ་བསྒྲུབས་

པ་དེ་དོན་ལ་འཁེལ་མིན། དགེ་རྒན་དང་གཞན་གྱི་རོགས་སྐྱོར་མི་དགོས་པར་རང་ ཚུགས་ཀྱིས་བསྒྲུབ་ཐུབ་མིན་བཅས་ཀྱི་སྟེང་ནས་འཇོན་ནུས་ཤ ེས་ཡོན་མཐོང་ཐུབ།

ཚིག་གྲུབ་བཟོ་བའི་སྐབས་སུ་གཟུགས་པོ་བདེ་ཐང་ཡིན་མིན་དང༌། སེམས་ལ་

དཀའ་ངལ་ཡོད་མེད་བཅས་བདེ་ཐང་ཤེས་ཡོན་གྱིས་མཐོང་ཐུབ། དེ་བཞིན་འཇོན་

ནུས་ཀྱི་ཤ ེས་ཡོན་ནི་ལག་ལེན་དངོས་ཀྱི་ཁྲོད་ཤེས་རབ་དང་ཀུན་སྤྱོད་ཕྱིར་མངོན་ བྱེད་པའི་ངོས་ནས་མངོན་དགོས་ན་འཇོན་ནུས་ཤེས་ཡོན་ནི་འཆད་ཁྲིད་བྱེད་པའམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 269

གདམས་པ་བརྒྱུད་སྤྲོད་ཀྱི་ཕྱོགས་ན་མེད་པར། མྱོང་བ་དངོས་ཀྱི་ཚོད་བགམ་དང༌། ནོར་འཁྲུལ། ཕྱིར་རྟོགས། དག་བསྒྲིགས། སླར་ཡང་ལག་ལེན་དུ་ཞུགས་པ། འབྲེལ་ བ་བརྒྱུད་ནས་འགལ་བ་ཐག་གཅོད་དང་། འགལ་བ་བརྒྱུད་ནས་འབྲེལ་བ་ཐག་

གཅོད་བྱེད་པའི་ལག་བསྟར་བརྒྱུད་ནས་འཇོན་ནུས་ཤ ེས་ཡོན་གྱི་རྒྱུད་སྤུས་ཚད་ ལྡན་དུ་འགྱུར་བཞིན་ཡོད།

ཤེས་རབ་ཀྱི་ནུས་པ་དང་ཀུན་སྤྱོད་སྤུས་ཚད་ཕུན་སུམ་ཚོགས་པ་ཅི་ཙམ་

ཞི ག ་ཡོ ད ་ཀྱང་ལག་ལེ ན ་གྱི་ མྱོ ང་བ་མ་བརྒྱུད་པ་དེ ་ སྲི ད ་དུ་འཇོ ན ་ནུས་ཀྱི ་ རྨང་ གཞི་ཆགས་མི་ཐུབ། དེ་བས་ལག་ལེན་ཁྲོད་ཀྱི་ཕམ་ཁའི་སློབ་སྟོན་དང་རྒྱལ་ཁའི་

སྐུལ་འདེད་ནི་འཇོན་ནུས་ཤེས་ཡོན་ཐོབ་པའི་རྩ་བའི་རྨང་གཞི་ཡིན། སློབ་ཁང་ ནང་གི་དཔལ་འབྱོར་རིག་པའི་སློབ་དཔོན་གྱིས་ཁྱིམ་ཚང་འཚོ་བ་སྐྱོང་མི་ཤ ེས་པ་ དང༌། དམག་ཇུས་བཀོད་འདོམས་པ་ལ་ལར་དཔའ་བོའ་ི བློ་སྙིང་མེད་པ། འཁོར་

བ་སྡུག་བསྔལ་གྱི་རྒྱ་མཚོར་འགྲེལ་བརྗོད་གནང་མཁན་གྱི་ཆོས་པས་འཇིག་རྟེན་ འཁོར་བའི་གནས་ཚུལ་མི་ཤེས་པ། ཕྱུག་ལས་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་ མས་འབྲོག་པའི་འཚོ་བ་སྐྱོང་མི་ཤེས་པ། བརྩེ་དུང་གི་རླབས་ཆེན་རང་བཞིན་ མཐོར་འདེགས་བྱེད་པའི་རྩོམ་པ་པོས་རང་ཉིད་ཀྱི་ཆུང་མར་བརྩེ་བ་སྤྲོད་མི་ཤ ེས་པ་

སོགས་ལ་བལྟས་ན་ཆེད་མཁས་པ་དེ་དག་ལ་ཆེད་ལས་དེ་དང་དེའི་ཕྱོགས་ཀྱི་ཀུན་

སྤྱོད་སྤུས་ཚད་ཞན་པའམ་དེ་དང་དེའི་ཤེས་བྱ་ཁོང་དུ་མ་ཆུད་པ་ག་ལ་ཡིན། གཙོ་བོ་

ཤེས་བྱ་དེ་དག་ལག་བསྟར་བྱེད་པའི་ཡུལ་དང་མ་འཕྲད་པའམ་ལག་ལེན་དངོས་ཀྱི་ ནང་དུ་མ་ཞུགས་པའི་རྐྱེན་གྱིས་ཡུལ་དང་འབྲེལ་གཏུགས་བྱས་ཏེ་གཞུང་ལུགས་

དང་ཕྱི་རོལ་ཡུལ་བར་གྱི་འགལ་བར་བརྟེན་ནས་འབྲེལ་བ་ཐག་གཅོད་དམ། འབྲེལ་

བ་བརྒྱུད་ནས་འགལ་བ་ཐག་གཅོད་པ། མདོར་ན་ཡུལ་གྱི་ཁྱད་གཤིས་ཁོང་དུ་ཆུད་


270 ཉམས་ཞིབ་དེབ་ཕྲེང་། ༡

ཅིང་དང་དུ་ལེན་པའི་འཇོན་ནུས་ཤེས་ཡོན་གྱི་ཕྱོགས་ན་སྟོང་ཆ་ཞིག་ཡོད། སྟོང་ཆ་

དེ་ནི་འཇོན་ནུས་ཤ ེས་ཡོན་གྱིས་དབུལ་བའི་གནད་དོན་ལས་གཞན་དུ་ཁུངས་སྐྱེལ་ བྱེད་ཐབས་བྲལ།

གནའ་ནས་ད་ལྟའི་བར་དུ་མཚན་ཉིད་རིག་པའི་ལྟ་ཚུལ་མི་འདྲ་བ་མང་པོས་

བདེན་པ་བཙལ་སྟེ་སྡོམ་ཚིག་མི་འདྲ་བ་མང་པོ་བརྒྱབ་ཡོད་དེ། འཕགས་པའི་གསུང་ ནི་མཐར་ཐུག་གི་བདེན་པ་ཡིན་པའི་ལྟ་ཚུལ་བྱུང་སྟེ། རྒྱ་ནག་ལ་མཚོན་ན་ཁུང་ཙི།

རྒྱ་གར་གྱི་ཤཱཀྱ་ཐུབ་པ། ནུབ་གླིང་གི་ཡེ་ཤུའི་སྟོན་པ། ཨ་རབ་ཀྱི་ཨ་དམ་སོགས་ ཀྱི་གསུང་གིས་བདེན་པའི་ཚབ་བྱས་ཡོད། རིགས་གཅིག་ནི“བདག་ཉིད་ཀྱི་སེམས་ ནང་གང་ཞིག་བདེན་རྫུན་དུ་སྣང་ན་དེ་ཉིད་བདེན་རྫུན་གྱི་ཚད་དུ་འཛིན”ཞེས་བདག་

ཉིད་ཀྱི་བསམ་འཆར་གྱིས་བདེན་པའི་ཚབ་བྱས་ཡོད། རིགས་གཅིག་ནི་མི་མང་ པོའ ི་བསམ་ཚུལ་ནི་བདེན་པར་བརྩིས་ཏེ་གང་ཞིག་མང་པོའ ི་བསམ་བློས་བདེན་པའི་

ཚབ་བྱས་ཡོད། རིགས་གཅིག་ནི་ཧྥ་རན་སིའི་མཚན་ཉིད་རིག་པ་ཏི་ཁར་གྱིས“ང་ ཚོས་བློ་རིག་ཧ་ཅང་གསལ་དྭངས་ཀྱི་སྒོ་ནས་བསམ་ཚོད་བྱས་པའི་རིགས་ཤ ིག་

ཡིན་གཤིས་དེ་དག་ཐམས་ཅད་ནི་བདེན་དོན་ཡིན”ཞེས་པ་ལྟ་བུའི་འདུ་ཤ ེས་དྭངས་ གསལ་གྱིས་བདེན་པའི་ཚབ་བྱས་ཡོད།

དེང་གི་དོན་དངོས་ཁུངས་སྐྱེལ་རིང་ལུགས་ཀྱི་ཚན་རིག་པའི་ཁྲོད་དུ་ཤུགས་

ཆེ་བའི་ལྟ་ཚུལ་ལ་བསམ་གཞིགས་བྱེད་སླ་བའི་རྩ་དོན་གྱིས་བདེན་པའི་ཚབ་བྱས་ ཡོད། རིགས་གཅིག་ནི་ཨ་རིའི་དངོས་ཕན་རིང་ལུགས་པ་ཀྲན་མོའ་ི སིས“ང་ཚོར་

ལས་ཀར་ཕན་ཐོགས་ཡོད་པར་མ་ཟད། ང་ཚོར་ཕན་འབྲས་ཀྱང་འཐོབ་པ་བཟོ་

བའི་རིགས་ཤ ིག་ཡིན་ཕྱིན་དེ་ནི་བདེན་དོན་ཡིན་པ་མ་ཚད། བདེན་དོན་ཡིན་མིན་

གྱི་ཚད་འཛིན་ས་ཉག་ཅིག་ཀྱང་ཡིན”ཞེས་ཕན་ཐོགས་ཀྱིས་བདེན་པའི་ཚབ་བྱས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 271

ཡོད། དེ་འདྲའི་བདེན་དོན་འཚོལ་ཞིབ་བྱེད་པར་སེམས་གཙོ་དང་དངོས་གཙོའི་ལྟ་ ཚུལ་འདྲ་མིན་བྱུང་བའི་ཕྱིས་སུ་གོང་གི་རྨང་གཞི་དེ་དག་གི་སྟེང་ནས“མར་ཁི་སིའི་

རིང་ལུགས་ཀྱིས་ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་བཤེར་བྱེད་སྤྱད་ཀྱི་ཚད་ འཛིན་ས་ཉག་ཅིག་ཡིན”པའི་ལྟ་ཚུལ་བྱུང་སྟེ་མཐར་ཐུག་གི་བདེན་པ་ཡིན་མིན་དེ་

ལག་ལེན་གྱིས་ར་སྤྲོད་བྱེད་དགོས་པའི་ལྟ་ཚུལ་བྱུང་བ་ནི་དོན་དངོས་དང་མཐུན་ པའི་བདེན་པའི་ལྟ་ཚུལ་ཞིག་ཡིན་ཏེ། ལག་ལེན་གྱི་ནང་དུ་མ་ཞུགས་ཀྱི་བར་དུ་ 136

བདེན་པ་ཞིབ་བཤེར་བྱེད་མི་ཐུབ་ལ། ལག་ལེན་གྱིས་ཡོད་ཚད་ཐག་གཅོད་བྱེད་

པའི་མར་ཁི་སིའི་ལྟ་ཚུལ་དེ་ནི་འཇོན་ནུས་ཤེས་ཡོན་དེ་ལག་ལེན་གྱི་གལ་གནད་ ར་སྤྲོད་བྱེད་པའི་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་གལ་ཆེན་ཞིག་ཏུ་བརྩི་ ཆོག དེ་ན་འཇོན་ནུས་ཤེས་ཡོན་ནི་ཧ་ཅང་གལ་ཆེན་ཡིན་ཞིང་དེའང་ལག་ལེན་གྱི་ ཁྲོད་ནས་མངོན་དགོས་ལ་མཐར་ཐུག་གི་ཤེས་ཡོན་མཇུག་འབྲས་གཏན་འབེབས་ བྱེད་པའི་གཞི་འཛིན་སའང་ལག་ལེན་ལས་མ་འདས།

སྲོལ་རྒྱུན་ཤ ེས་ཡོན་རིག་པའི་བརྡ་ཆད་ཅིག་སྤྱད་ན་འཇོན་ནུས་ཤ ེས་ཡོན་

ནི་སྒོམ་བྱུང་གི་ཤེས་ཡོན་དུ་གཏོགས་པས(སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སྒོམ་ནི་

ལག་ལེན་དངོས་ཀྱི་སློབ་སྦྱོང་ལ་གོ)

སྒོམ་སྟོབས་ཀྱི་ཤེས་ཡོན་ལ་བརྟེན་ནས་ཐོབ་དགོས།

ཤེ ས ་རྟོ ག ས་ཀྱི ་ ངོ ས ་ནས་བལྟས་ན་རང་མྱོ ང ་མངོ ན ་སུམ་གྱི ་ཤེ ས ་རྟོ ག ས་ཤི ག ་ ཡིན། དཔེར་ན། ཆོས་འཆད་མཁན་ཀྱི་བླ་མར་ཐོབ་པའི་འཁོར་བའི་སྐྱོ་ངལ་ནི་

གཞུང་ལུགས་ལ་བརྟེན་ནས་ཐོབ་པའི་རྗེས་དཔག་ཤེས་རྟོགས་ཡིན་ལ། ཁྱིམ་ཚང་

བསྐྱངས་ཏེ་གཉའ་གནོན་དང་དབུལ་ཕོངས་ཀྱི་སྡུག་བསྔལ་གྱིས་མནར་ཏེ་མི་ཚེ་ བསྐྱལ་བའི་རྒན་མོར་ཐོབ་པའི་འཁོར་བའི་སྡུག་བསྔལ་ནི་ཉམས་མྱོང་མངོན་སུམ་

136

<<གོ་སླ་བའི་མཚན་ཉིད་རིག་པ།>> ཤོག་ངོས༥༥༤ནས༥༩༣། ཧན་ཧྲུའུ་ཡིང་གིས་གཙོ་སྒྲིག་བྱས། མི་

རིགས་དཔེ་སྐྲུན་ཁང༌།


272 ཉམས་ཞིབ་དེབ་ཕྲེང་། ༡

གྱི་ཤ ེས་རྟོགས་ཡིན། དེའང་ལག་ལེན་དངོས་ཀྱི་ཁྲོད་དུ་ཞུགས་མ་ཞུགས་ཀྱི་ཁྱད་ པར་དུ་མངོན། ཆོས་པ་ཞིག་གིས་འཁོར་བའི་སྡུག་བསྔལ་སྤྱིའི་ཆ་ནས་དང༌། གཞུང་

ལུགས་ཀྱི་གོ་རྟོགས་བརྒྱུད་ནས་གོ་རིམ་འགྲིག་པོ་དང་ཡང་དག་པར་འགྲེལ་བཤད་

རྒྱག་པའི་ཕྱོགས་ནས་ཤེས་རབ་ཤེས་ཡོན་དང་འབྲེལ་བས་འགྲན་བྲལ་ཞིག་ཡིན་ མོད། དབུལ་བོའ་ི རྒན་མོས་འགྲེལ་བརྗོད་བྱེད་མི་ཐུབ་ཀྱང་བྱེ་བྲག་མོ་རང་ཉིད་ཀྱི་

མྱོང་བ་ཕྱིར་དྲན་བྱས་ཏེ་མིག་ཆུའི་དོག་པས་མིག་ཟུང་ཡོངས་སུ་བསྒྲིབས་ཏེ་ཡིད་

ཐང་ཆད་པའི་ཤུགས་རིང་འབྱིན་པར་བལྟས་ན། སྤྱི་མཚན་པའམ་གཞུང་ལུགས་ ལ་བརྟེན་པའི་ཤེས་རབ་ཀྱི་རྟོགས་ཚད་ཀྱིས་མྱོང་བ་དངོས་ཀྱི་ཚབ་བྱེད་མི་ཐུབ་

སྟེ། རབ་བྱུང་བའི་འཁོར་བའི་སྡུག་བསྔལ་གྱི་རྟོགས་པ་དེས་སྡུག་བསྔལ་ནང་དུ་མི་

ཚེ་བསྐྱལ་བའི་རྒན་མོའ ི་སེམས་ཁོངས་ན་དྲག་ཏུ་འཕྱོ་བའི་མྱོང་རྟོགས་དང་བསྡུར་ ཐབས་མེད། ལག་ལེན་གྱི་མྱོང་བ་དངོས་དེའི་གལ་ཆེན་རང་བཞིན་ལ་བསམ་ནའང་

མྱོང་བའི་ཁྲོད་ནས་ཐོབ་པའི་འཇོན་ནུས་ཤེས་ཡོན་གྱི་གཏེར་ཁ་ནི་ཤ ེས་ཡོན་རིག་ པས་ངེས་པར་དུ་བརྒྱུད་དགོས་ངེས་ཀྱི་ལམ་ཐིག་གལ་ཆེན་དེ་ཡིན།

༢ འཇོན་ནུས་ཀྱི་བབ་བསྟུན་ཁྱད་ཆོས།

མིའི་རིགས་ཀྱི་ཤེས་ཡོན་མཐའ་དག་ཚུར་བསྡུས་ན་ཡུལ་དང་ཡུལ་ཅན་བར་གྱི་

གནད་དོན་ཐག་གཅོད་ཡང་དག་བྱེད་པར་ལག་ལེན་དངོས་ཀྱི་མཐའ་མའི་གོ་རིམ་ དེ་ངེས་པར་བརྒྱུད་དགོས་ཕྱིར། ནང་བསྟན་ཤེས་ཡོན་རིག་པས་ཐོས་བྱུང་གི་ཤ ེས་

རབ་དང༌། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་ཕྱོགས་གསུམ་

ནས་ཤ ེས་ཡོན་ལ་སྡོམ་ཚིག་བརྒྱབ་སྟེ་སྒོམ་བྱུང་གི་ཤེས་རབ་ནི་ཤ ེས་རབ་གཞན་ གཉིས་ཀྱི་རྗེས་སུ་འབྲངས་པའི་དོན་སྙིང་ཡོད། དེའང་མཐར་ཐུག་གི་བདེན་པ་དེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 273

ལག་ལེན་དངོས་དང་མྱོང་བ་དངོས་ཀྱིས་འཚོལ་དཔྱོད་དང་ཞིབ་བཤེར། ར་སྤྲོད་ བཅས་བྱེད་དགོས་པའི་ཆོས་ཉིད་གསལ་བཤད་བྱས་ཡོད་དོ། །

ལག་ལེན་གྱི་གོ་རིམ་མ་བརྒྱུད་པ་དེ་སྲིད་དུ་མངོན་སུམ་གྱིས་ཡུལ་དུས་རང་

བཞིན་ལ་ཤ ེས་རྟོགས་བྱེད་མི་ཐུབ། ཡུལ་ལ་ཤེས་རྟོགས་བྱེད་མ་ཐུབ་པ་དེ་སྲིད་ དུ་ཡུལ་གྱི་སྟེང་གི་ཡུལ་དང་དུས་ཀྱི་ཁྱད་གཤིས་ལ་བབ་བསྟུན་བྱེད་མི་ཤེས་པ་

དེ་སྲིད་དུ་ཕྱི་རོལ་ཡུལ་དུས་ལ་སྒྱུར་བཀོལ་བྱེད་མི་ཐུབ་པས་ན་ལག་ལེན་གྱི་ཁྲོད་ དུ་ཡིབ་པའི་འཇོན་ནུས་ཤེས་ཡོན་ཐོབ་མི་སྲིད། སྐབས་འདིར་དྲི་བ་ཞིག་འབྱོར་

བ་ནི་ཆོས་མཐའ་དག་མངོན་སུམ་གྱིས་མྱང་ག་ལ་དགོས་ཅེས་པར་ལེན་འདེབས་

བྱེད་དགོས། ཆོས་མཐའ་དག་མི་རབས་གཅིག་དང་དུས་རབས་གཅིག ཡང་ན་མི་ བྱེ་བྲག་པ་རེ་རེ་ནས་མྱོང་དགོས་པའི་དོན་མིན་པར། དཔེར་ན། ཟླ་བའི་གོ་ལར་ ཕྱིན་པའི་མངོན་སུམ་མྱོང་བ་ནི་དུས་རབས་ཤིག་ལ་མི་སྲིད་པ་ཞིག་ཡིན་ཀྱང་དུས་

རབས་ཤ ིག་ལ་ཁྱོད་དང་ང་ལྟ་བུ་ཟླ་བའི་གོ་ལར་སོང་མེད་ཀྱང༌། གཞན་དང་གཞན་

འགྲོ་བཞིན་པ་རིགས་པས་བསྒྲུབ་མི་དགོས་པ་ལྟ་བུ་ནི་དུས་རབས་ཀྱིས་མངོན་ སུམ་དུ་གྱུར་པའི་དུས་རབས་ཀྱི་གོ་རྟོགས་ཡིན་ལ། མི་རྣམས་ངེས་པར་དུ་འཆི་

དགོས་པ་ནི་རང་ཉིད་འཆི་མྱོང་ཡོད་པའི་རྐྱེན་གྱིས་མ་ཡིན་པར་ཉེ་འགྲམ་གཡས་ གཡོན་གྱི་མི་དག་རེ་རེ་བཞིན་ལྔ་ལམ་དུ་མཆིས་པའི་མྱོང་བ་དངོས་ཀྱིས་ཤེས་ རྟོགས་བྱུང་། དེ་ལྟ་བུ་ནི་མྱོང་རྟོགས་སུ་བགྲང་ན་འགྲིག

མི་གཅིག་གིས་མྱོང་རྟོགས་བྱེད་མ་ཐུབ་པ་མི་གཞན་ཞིག་གིས་མྱོང་རྟོགས་

བྱེད་ཐུབ་པ་དང༌། ཡུལ་དུས་ཤིག་ལ་མྱོང་རྟོགས་བྱེད་མ་ཐུབ་པ་ཡུལ་དུས་གཞན་

ཞིག་ལ་མྱོང་རྟོགས་བྱེད་ཐུབ་པས། མིའི་རིགས་ཀྱི་ལག་ལེན་ནུས་ཚད་ཀྱིས་ཟིན་

མིན་གྱི་ཁྱད་པར་ཙམ་ལས་འཇིག་རྟེན་འདིར་བྱ་དངོས་མང་པོ་ཞིག་མངོན་སུམ་


274 ཉམས་ཞིབ་དེབ་ཕྲེང་། ༡

མྱོང་རྟོགས་ཀྱི་ཡུལ་དུ་འགྱུར་བཞིན་ཡོད། རྒྱུ་མཚན་ཤེས་བྱ་མཐའ་དག་ལས་ གཞལ་བྱ་མངོན་སུམ་ལ་འཇལ་བྱེད་མངོན་སུམ་ཚད་མ་དང༌། གཞལ་བྱ་ལྐོག་གྱུར་

ལ་འཇལ་བྱེད་རྗེས་དཔག་ཚད་མ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་འཇལ་བྱེད་ལུང་

གི་ཚད་མ་གསུམ་དུ་ཕྱེས་པའི་ཚད་མའི་འགྲོས་ལྟར་བྱས་ནའང་མངོན་སུམ་མྱོང་ རྟོགས་ཀྱི་རྨང་གཞི་མེད་པར་རྗེས་དཔག་ཚད་མ་དང་ལུང་གི་ཚད་མ་སྐྱེ་ཐབས་ མེད། རྗེས་དཔག་ཚད་མའི་རྨང་གཞི་ནི་མངོན་སུམ་ཚད་མ་ཡིན་ཞེས་པའི་དོན་ནི་

མངོན་སུམ་གྱིས་དཔྱོད་པར་འོས་པའི་ཆོས་ཀྱི་སྟེང་ནས་རྒྱ་བསྐྱེད་དེ་རིགས་འདེད་

བྱས་པ་ལས་རྗེས་དཔག་ཚད་མ་དང་ལུང་གི་ཚད་མ་བྱུང་བ་ལས། གལ་སྲིད་

གཞལ་བྱ་མངོན་སུམ་གྱི་ཆོས་དག་དང་བྲལ་ན་ཚད་མ་གཞན་གཉིས་ཀྱིས་རིགས་ བསྒྲེས་བྱེད་པའི་རྨང་གཞི་མེད་པས་ཡུལ་དང་བྲལ་བའི་ཡུལ་ཅན་ལ་དཔྱད་པ་ཞེས་

པའི་མིང་དོན་འཇུག་པ་མ་ཡིན་ནོ། །དེ་བས་ན་མིའི་རིགས་ཀྱི་ཤ ེས་བྱ་མཐའ་དག་ གི་ཁུངས་སྐྱེལ་ནི་མཐར་ཐུག་ན་མངོན་སུམ་ལག་ལེན་ལ་ཐུག་ཡོད་ལ། མངོན་སུམ་ ལག་ལེན་གྱིས་ཐག་གཅོད་མ་བརྒྱུད་པ་དེ་སྲིད་དུ་ཡོངས་རྫོགས་ཀྱི་རང་བཞིན་དང་ ཧྲིལ་པོའ ི་རྣམ་པའི་ཐག་གཅོད་ཆ་ཚང་བྱེད་མི་ནུས།

མངོན་སུམ་མྱོང་རྟོགས་ཀྱི་ཤེས་པ་ནི་གཞན་གྱིས་བསྒྲུན་དུ་མེད་པ་ཞིག་

ཡིན་པ་དང༌། སྦྲང་རྩིའི་བྲོ་བ་མྱངས་ནས་ཁུངས་སྐྱེལ་བྱེད་དགོས་པ་ལྟར་ལག་ ལེན་ལྟེ་བར་འཛིན་དགོས། ལག་ལེན་གྱི་ཁྲོད་དུ་ཞུགས་པའི་རྒྱལ་ཕམ་སྟེ་མངོན་ སུམ་ཤ ེས་ཡོན་གྱི་སྤུས་ཚད་གྱིས་ཐག་གཅོད་བྱེད་པ་དང༌། འཇོན་ནུས་ཤ ེས་ཡོན་ གྱི་མཐོ་དམན་ཡང་ལག་ལེན་ལ་ཞུགས་པའི་ཆུ་ཚད་ཀྱིས་གཏན་འཁེལ་བྱེད་ཀྱིན་

ཡོད། ནང་བསྟན་ཤ ེས་ཡོན་དུ་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤ ེས་རབ།

སྒོམ་བྱུང་གི་ཤ ེས་རབ་ཅེས་ཤེས་རྟོགས་འབྱུང་བའི་བརྒྱུད་རིམ་དང་ཤ ེས་རྟོགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 275

ཀྱི་དབྱེ་བ་མི་འདྲ་བ་གསུམ་དུ་ཕྱེས་པ་ལས། སྒོམ་བྱུང་གི་ཤ ེས་རབ་ཅེས་པ་མངོན་

སུམ་མྱོང་རྟོགས་བྱེད་པ་དང་ལག་ལེན་གྱི་ཁྲོད་དུ་དངོས་སུ་ཞུགས་པ་ལས་སྐྱེས་ པ་ནི་རང་མྱོང་བརྒྱུད་པའི་ཤེས་ཡོན་ཞིག་ཡིན་པས་ན་འདི་ལ་འཇོན་ནུས་ཞེས་སུ་ འབོད་རུང་ངོ༌། །

ཐོ ས ་བྱུང་དང་བསམ་བྱུང་གི ་ཤེ ས ་རབ་སྔོ ན ་དུ་འགྲོ ་ དགོ ས ་ནའང་དེ ་

གཉིས་ལྡན་པ་ཙམ་གྱིས་འཚང་རྒྱ་ཐབས་མེད་པས་ན་མཐར་གཏུགས་ན་སྒོམ་ བྱུང་གི ་ཤེ ས ་རབ་དང་ལྡན་དགོ ས ་པའི ་ སྟེ ང ་ནས་ཀྱང་། ལག་ལེ ན ་ལས་ཐོ བ ་ པའི་རང་ངོས་འཇོན་ནུས་ཤེས་ཡོན་དང་མ་ལྡན་པ་དེ་སྲིད་དུ། ཤེས་ཡོན་གང་

ཞི ག ་མཐར་ཐུག་གི ་ ཚད་གཞི ར ་བསླེ བ ་མི ་ ཐུབ་པ་གསལ་བཤད་བྱས་ཡོ ད ། སྒོ མ ་བྱུང་གི ས ་འཚོལ ་དཔྱོ ད་བྱས་པའི ་ བདེ ན ་པ་ནི ་ བདེ ན ་པ་ཞིབ་བཤེ ར ་བྱེ ད་

པའི ་ ཚད་གཞི ་ མཐོ ་ཤོ ས ་དང་ཚད་གཞི ་ མཐའ་མ་དེ ་ ཡི ན ་པ་ནི ་ ལག་ལེ ན ་ཞི ག ་

ཡིན་པའི་རྐྱེན་དུ་ངེས་ལ། ལག་ལེན་དོན་འཁྱོལ་འབྱུང་མིན་ནི་འཇོན་ནུས་ཤ ེས་ ཡོན་གྱིས་ཐག་བཅད་ཡོད་དོ། །

1

༣ འཇོན་ནུས་ཀྱི་དབྱེ་བ།

ལྷན་སྐྱེས་འཇོན་ནུས།

ལྷན་སྐྱེས་འཇོན་ནུས་ནི་སྐྱེ་བ་སྔོན་མ་ཁས་ལེན་མཁན་རྣམས་ཀྱི་ངོས་ནས་

སྐྱེ་བ་སྔོན་མའི་ལས་ཀྱི་རྣམ་སྨིན་ནམ་སྔོན་གོམས་བག་ཆགས་ཀྱི་དབང་གིས། ཚེ་ འདིར་ལས་གང་ཡིན་པ་དེར་ཞུགས་པ་ལ་དཀའ་ཚེགས་མེད་པར་འཇོན་ནུས་ཕྱིར་

མངོན་བྱེད་ཐུབ་པར་འདོད། ཚན་རིག་གིས“ཕོ་མོའ ི་ས་བོན་འདུས་པ་དེ་གའི་དབུས་


276 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་རྫས་དེར་ཕ་དང་མ་གཉིས་སོ་སོ་ནས་རྒྱུད་གཤིས་འཁུར་བའི་ཕྲ་གཟུགས་ཀྱི་ ཕུང་པོ་ཉི་ཤུ་རྩ་གསུམ་རེ་བྱུང་བ་བསྡོམས་བཞི་བཅུ་ཞེ་དྲུག་ཡོད། ཕ་ནས་བྱུང་

བའི་ཉི་ཤུ་རྩ་གསུམ་དང་མ་ནས་བྱུང་བའི་ཉི་ཤུ་རྩ་གསུམ་པོ་དེ་རྣམས་ག་དུས་ཡིན་

ནའང་ཕའི་གཅིག་དང་མའི་གཅིག་སྟེ་གཉིས་མཉམ་དུ་གནས་ཀྱིན་ཡོད། ཕུང་པོ་

དེ་འདྲ་རེ་རེར་རྒྱུད་གཤིས་འཁུར་བའི་ས་བོན་ཕྲ་མོ་གྲངས་དེ་ཚོ་བརྒྱུད་ནས་ང་ཚོ་ ལ་ཕ་མའི་ཡང་ཕ་མ་ལ་སོགས་པའི་རྒྱུད་གཤིས་དེ་དག་ཐོབ་ཀྱིན་ཡོད”ཅེས་དང༌།

“སྲིང་མོ་དང་མིང་པོ་རྣམས་གང་ཅིའི་ཆར་མི་འདྲ་བའི་ཁྱད་པར་ཡོང་གི་ཡོད་པའི་ རྒྱུ་མཚན་གང་ཡིན་ཞེ་ན། མི་སུ་ཡིན་ཡང་ཕ་མ་དང༌། ཕ་མའི་ཡང་ཕ་མ། དེའི་ཡང་ ཕ་མ་བཅས་བརྩིས་ན་མཐའ་མེད་པ་དང༌། སྔོན་གྱི་ཕ་མའི་ཡང་ཕ་མ་སོགས་ཀྱི་

གཟུགས་དབྱིབས་ཆེ་ཆུང་དང༌། ཤ་མདོག་དཀར་ནག ཤེས་ཚད་ཆེ་ཆུང་ལ་སོགས་

པའི་རིགས་དང་རྒྱུད་གཤིས་འདྲ་མིན་གྲངས་ལས་འདས་པ་ཡོད་པ་དེ་དག་སྔར་

ནས་ད་བར་ཕ་མ་གཅིག་ནས་གཅིག་ལ་ཁམས་དཀར་དམར་ནང་གི་རྒྱུད་གཤིས་ འཛིན་པའི་ས་བོན་ཕྲ་གཟུགས་ཀྱི་ཕུང་པོ་བརྒྱུད་ནས་འཕོ་ལེན་བྱེད་ཀྱིན་ཡོད།”

137

ཅེས་པ་ལྟར་དུ་ཁྲག་རྒྱུན་གྱི་ནུས་པ་ཞིག་དང་ཡང་ཕྱིའི་གཟུགས་ཕུང་འགྲུབ་བྱེད་ ཀྱི་རྫས་རྒྱུན་ཞིག་ལ་ངོས་འཛིན་བྱེད།

འདོད་ཚུལ་འདི་གཉིས་ཀས་བསྟན་དོན་ནི་མིའི་རིགས་ཀྱི་ནུས་པ་ཁུངས་

སྐྱེལ་བྱེད་ཀྱིན་ཡོད་ཀྱང་འདི་འགྲིག་དང་དེ་བདེན་གྱི་ར་སྤྲོད་བྱེད་རྒྱུ་དཀའ་མོད་

ཀྱི༑ གང་ལྟར་སྲོག་ལྡན་ཞིག་ཡིན་ཕྱིན་ནུས་པ་མ་འདྲ་བ་རེ་ཡོད་པ་བསྙོན་དུ་མེད་

དེ་ཚད་མའི་གཞུང་རྣམས་སུ་གསུངས་པ་ལྟར་དུ་བ་ཕྱུགས་ཀྱི་ཕྲུ་གུས་བ་ཡི་ནུ་མ་ བཙལ་ནུས་པ་དང༌། བྱིས་པ་བཙས་མ་ཐག་ནས་ངུ་ནུས་པ་བཅས་ཀྱི་སྟེང་ནས་ 137 <<སློབ་ཁྲིད་ཐབས་ལམ།

ཤེས་ཡོན་དང་འབྲེལ་བའི་སེམས་ཁམས་རིག་པ།>> ཤོག་ངོས༨༣ནས༨༤། དབུ་

མ་རབ་འབྱམས་པ་བསྟན་འཛིན་སྟོབས་རྒྱས་ཀྱིས་བསྒྱུར། རྡ་ས་མཚན་ཉིད་སློབ་གྲྭ


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 277

ཀྱང་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད་པ་ཁུངས་སྐྱེལ་བྱས་ཡོད། གལ་སྲིད་ནུས་པ་ མེད་ན་མངལ་གྱི་གནས་སྐབས་སུ་ཨ་མའི་འཚོ་བཅུད་བསྡུ་ལེན་བྱས་ཏེ་འཚར་

ལོངས་འབྱུང་མི་ཐུབ་ལ། ཟླ་དུས་བསླེབས་ཀྱང་བཙའ་མི་སྲིད། བཙས་ཏེ་འཚར་ ལོངས་ཀྱི་བརྒྱུད་རིམ་ཁྲོད་ནས་ཀྱང་ཁོར་ཡུག་གི་ཤེས་བྱ་དང་རྩལ་ནུས་མཐའ་དག་ བསྡུ་ལེན་ཐུབ་པའི་ནང་གི་རྒྱུ་རྐྱེན་ཚང་མི་སྲིད། འོན་ཀྱང༌། མི་ཡོད་དོ་ཅོག་གིས་ ཁོར་ཡུག་གི་ཆ་རྐྱེན་དང་ཤུགས་རྐྱེན་མི་འདྲ་བའི་འོག་ནས་སྤུས་ཚད་མི་འདྲ་བའི་ ནུས་པ་བསྡུ་ལེན་བྱེད་བཞིན་ཡོད་པ་དང༌། “སེམས་ཀྱི་ངོ་བོ་འོད་གསལ་བ།། དྲི་ མ་རྣམས་ནི་གློ་བུར་བ། །” ཞེས་པ་ནང་བསྟན་གྱི་གཞུང་རྣམས་སུ་མིའི་རྒྱུ་ན་རང་

བཞིན་གྱིས་ཉོན་མོངས་པའི་དྲི་མ་དང་བྲལ་ན་འཚང་རྒྱ་རུང་བའི་འོད་སྣང་ཞིག་ ཡོད་པར་གསུངས་པ་དེས་ཀྱང་མི་ལ་ལྷན་སྐྱེས་ཀྱི་འཇོན་ནུས་ཤ ིག་ཡོད་པ་ར་སྤྲོད་ བྱེད་ཐུབ། ནང་བསྟན་གྱི་ཐེག་པ་ཆེན་མོའ ི་གཞུང་ལུགས<རྒྱུད་བླ་མ>ལས། “ནད་ནི་ཤ ེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ཞིང༌། །

བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །

སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །

ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །” ཞེས་གསུངས་ཡོད། 138

གོང་གི་ལུང་འདིས་བསྟན་པར་བྱ་བ་ནི་མིས་རང་ཉིད་ཀྱི་དཀའ་ངལ་ཤ ེས་པ་དང༌། དཀའ་ངལ་དེའི་རྒྱུ་རྐྱེན་བརྩད་འཚོལ་བྱས་ཤིང་དེ་དང་བྲལ་བའི་བདེ་བ་ཞིག་དང་ ལེན་བྱེད་པར་འབད་བརྩོན་གྱིས། དཀའ་ངལ་དེའི་རྒྱུ་དང་བཅས་པ་སྤང་བར་བྱེད་

པའི་ལས་ཀྱི་གོ་རིམ་ནང་དུ་ཞུགས་པ་ནི། དཔེར་ན། ནད་པ་ཞིག་གིས་རང་ཉིད་

ཀྱི་ནད་ཤ ེས་ཤ ིང་ནད་དེ་བསྐྱེད་པའི་རྒྱུ་བརྩད་འཚོལ་གྱིས་ཤ ེས་པར་བྱེད་པ་དང༌།

138 <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ།།>>ཤོག་ངོས༡༩༤།

ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས།

རྗེ་བཙུན་བྱམས་པ་མགོན་པོ།


278 ཉམས་ཞིབ་དེབ་ཕྲེང་། ༡

ནད་ལས་ཐར་བའི་བདེ་བ་ཐོབ་ཕྱིར་སྨན་བསྟེན་པ་བཞིན་ནོ། །ཞེས་པའི་ངོས་ནས་

གོ་བ་བླངས་ནའང་མི་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དེ་མི་རང་ཉིད་ལ་ ཤེས་པ་དང༌། བསལ་བར་བྱེད་པའི་ནུས་པ་ཡོད་པ་དང་ནུས་ཤུགས་མངོན་པར་ བྱེད་པ་ལ་སློབ་སྦྱོང་བྱས་ཏེ་སྦྱོང་སྟོབས་འཇོན་ནུས་ཡོད་དགོས་པའི་དོན་དུ་ངེས་ ཤིང༌། དེའི་ནང་དུའང་མི་ལ་ལྷན་སྐྱེས་ཀྱི་ནུས་པ་ཞིག་མེད་ན་སྦྱངས་སྟོབས་འཇོན་

ནུས་གཅིག་པུས་ནད་དོན་བསལ་ཐབས་བྲལ་བའི་བླང་བྱ་བཏོན་ཡོད་པར་བསམ། ཤེས་ཡོན་རིག་པའི་ངོས་ནས་ཀྱང་མིས་མི་ནུས་པ་མེད་ལ་མི་རེ་རེ་ནི་འཇོན་ནུས་

ཀྱི་གཏེར་ཁ་རེ་ཡིན་པ་དང༌། ཤེས་ཡོན་རིག་པའི་འོས་འགན་ཡང་དེ་འདྲའི་གཏེར་

ཁ་དེ་སྔོག་འདོན་བྱེད་རྒྱུ་དེ་ཡིན་ཕྱིར་མི་ལ་ལྷན་སྐྱེས་ཀྱི་ནུས་པ་ཞིག་དང་། ཁྱད་

གཤིས་ཤ ིག་ཡོད་པ་དེ་ལ་གུས་བརྩི་དང་གདེང་འཇོག་ལྡན་པའི་སྒོ་ནས་སློབ་སྦྱོང་

སྤྲོད་དགོས་པར་སྨྲ་བའི་ཤེས་ཡོན་བསམ་བློའ་ི ངོས་ནས་ཀྱང་མི་ལ་ལྷན་སྐྱེས་ཀྱི་

འཇོན་ནུས་ཤིག་ཡོད་པར་ཁས་ལེན་བྱེད་པ་ལྟར། མི་ཞིག་གིས་ཁོར་ཡུག་ནས་ ཐོབ་པའི་ཤ ེས་བྱ་དང་ནུས་པ་བསྡུ་ལེན་བྱས་ཏེ་རང་བདོག་གི་ཤ ེས་ནུས་སུ་འགྱུར་ ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི་ལྷན་སྐྱེས་འཇོན་ནུས་ཉིད་དུ་ངོས་འཛིན་བྱེད་དགོས།

དེ་ནི་གཤིས་རྒྱུད་ཁྲོད་ན་གབ་ནས་ཡོད་ལ་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་དང་འཕྲད་ན་ ཕྱིར་མངོན་བྱེད་པ་དང༌། རྐྱེན་མི་མཐུན་པ་དང་འཕྲད་པའི་དབང་གིས་སྔར་ལས་

ཀྱང་གབ་པའི་རང་བཞིན་ཅན་དུ་གྱུར་ཏེ་ཕྱིར་མངོན་བྱེད་མི་ཐུབ། ཁ་ཤ ས་ཀྱི་མི་ཚེ་ ལའང་ཆུང་དུས་ཀྱི་རྐྱེན་མི་མཐུན་པ་དང་འཕྲད་པའི་ཤུགས་རྐྱེན་དབང་གིས་རང་ ཉིད་ལ་ལྷན་སྐྱེས་ནས་ཡོད་པའི་ནུས་པ་ཕྱིར་མངོན་བྱེད་མི་ཐུབ། འདི་ལྟར་བལྟས་

ན་ལྷན་སྐྱེས་འཇོན་ནུས་ནི་མིའི་རྩ་བའི་གཉེར་ལེན་གྱི་རྒྱུ་ཞིག་དང་། ཁོར་ཡུག་ གིས་བསྐྲུན་པའི་འཇོན་ནུས་ནི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཞིག་ཏུ་ངེས་པས་སྦྱངས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 279

སྟོབས་འཇོན་ནུས་མཐའ་དག་གི་རྟེན་གཞི་ཡིན་ཤིང༌། སྦྱངས་སྟོབས་འཇོན་ནུས་ རེ་རེས་ལྷན་སྐྱེས་འཇོན་ནུས་ཀྱི་ཁྱད་གཤིས་མ་འཇོམ་པར་དེའི་སྟེང་ནས་སྣེ་ཁྲིད་ དང་ལམ་སྟོན་བྱེད་རྒྱུ་བརྗེད་མི་རུང་ངོ༌། །

2

སྦྱངས་སྟོབས་འཇོན་ནུས།

སྦྱངས་སྟོབས་འཇོན་ནུས་ནི་སློབ་སྦྱོང་དང༌། ཚོད་ལྟ། ནོར་འཁྲུལ། བསྐྱར་

བཅོས། ལེགས་གྲུབ་བཅས་ལག་ལེན་དངོས་ཀྱི་མྱོང་བ་བརྒྱུད་དེ་ཐོབ་པའི་ནུས་པ་

ཞིག་ཡིན། དེ་ནི་ཕྱི་རོལ་ཡུལ་དང་འབྲེལ་བའི་རྩ་བའི་འགུལ་ཤུགས་ཤ ིག་ཡིན་ལ།

སྡོང་བོ་གཅོད་པའི་ཀུན་སྤྱོད་དང་སྡོང་བོ་གཅོད་པའི་རྣམ་དཔྱོད་སོགས་ལ་དངོས་ ཡོད་རྒྱལ་ཁ་ཐོབ་མིན་ཏེ་ལག་པ་དང་སྟ་རེའི་སྟེང་ནས་མཐར་ཐུག་ཡོངས་གྲུབ་ བྱེད་པ་དང་མཚུངས། ལྷན་སྐྱེས་འཇོན་ནུས་བསྐྱེད་བསྲུང་བྱེད་པའི་སྦྱོང་སྟོབས་

འཇོན་ནུས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་འཇོན་ནུས་ཀྱི་རིན་ཐང་མི་འདྲ་ བར་འགྱུར་གྱིན་ཡོད། ཚོད་ལྟ་དང༌། དོགས་སློང༌། གསར་གཏོད། བཅོས་བསྒྱུར།

ནོར་འཁྲུལ། གྲུབ་འབྲས་བཅས་ཀྱི་ལག་ལེན་བརྒྱུད་པ་ནི་འཇོན་ནུས་སློབ་སྦྱོང་

ཡིན་ཞིང་། སློབ་སྦྱོང་གི་རྣམ་པ་འདི་འདྲ་རང་ངོས་ནས་ལག་ལེན་གྱི་བརྒྱུད་རིམ་དུ་ ཞུགས་པ་ནི་འཇོན་ནུས་ཤེས་ཡོན་ཐོབ་པའི་བརྒྱུད་རིམ་ཡིན། ཤེས་བྱ་བརྒྱུད་སྤྲོད་

བྱེད་པ་དང་ལམ་སྟོན་བྱེད་པ་དེ་འཇོན་ནུས་ཤེས་ཡོན་གྱི་མཐུན་རྐྱེན་དུ་འགྲོ་ནའང་

འཇོན་ནུས་ཤ ེས་ཡོན་གྱི་མ་རྒྱུད་ཡིན་མི་སྲིད། འཇོན་ནུས་ཤ ེས་ཡོན་ནི་རང་མྱོང་ དངོས་བརྒྱུད་ཀྱིས་ཤེས་དགོས་པ་ཞིག་ཡིན།

འཇོ ན ་ནུས་ཤེ ས ་ཡོ ན ་དང་ལྡན་དགོ ས ་ན་ལག་ལེ ན ་ནི ་ རྨང་གཞི ་ ཡི ན ་པ་

དང༌། ལག་ལེན་བརྒྱུད་ན་ད་གཟོད་བསམ་ཕོད་པ་དང་བསྒྲུབ་ཕོད་པ་འབྱུང་བ་དང༌། བསམ་ཕོད་པ་དང་བསྒྲུབ་ཕོད་པ་དང་ལྡན་ན་བྱ་དངོས་ལ་བཅར་ཐུབ་པ་དང༌། བྱ་


280 ཉམས་ཞིབ་དེབ་ཕྲེང་། ༡

དངོས་ལ་བཅར་ན་བྱ་དངོས་ཀྱི་ཡུལ་དུས་རང་བཞིན་དང་བསྟུན་ཏེ་བཀོལ་ཤ ེས་པ་ དང༌། རང་ཉིད་ཀྱི་ནུས་པ་ལའང་ཚོད་བགམ་བྱེད་ཐུབ། དེ་འདྲའི་ཚོད་བགམ་ལ་

བརྟེན་ནས་ལག་ལེན་ཁྲོད་ཀྱི་ཕམ་ཁ་དང་རྒྱལ་ཁ་གཉིས་ཀར་གདོང་ལེན་བྱེད་ཐུབ། དེ་འདྲའི་བརྒྱུད་རིམ་འོག་ནས་རང་གཤིས་ཀྱི་ཆ་དང་ཤེས་བྱའི་ཆ་ན་བསྡུ་དགོས་

པ་གང་ཡིན་བསྡུ་བ་དང༌། གཏོང་དགོས་པ་གང་ཡིན་གཏོང་ཐུབ་པས་འདི་ནི་འཇོན་ ནུས་ཤེས་ཡོན་གྱི་བརྒྱུད་རིམ་ཧྲིལ་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག དེ་ལས་འདས་

ན་འཇོན་ནུས་ཤ ེས་ཡོན་ཐོབ་མི་སྲིད་པས་ཤེས་ཡོན་ཁྲོད་དུ་མི་སྤུས་ལྡན་པའམ།

འཇོན་ནུས་ལྡན་པའི་མི་བུ་སྐྱེད་སྲིང་བྱེད་འདོད་ན་ངེས་པར་སློབ་མ་རྣམས་བྱ་བའི་ བརྒྱུད་རིམ་ཁྲོད་དུ་ཞུགས་པ་གཙོ་གནད་དུ་འཛིན་དགོས།

སླར་ཡང་ཤ ེས་རབ་དང་འཇོན་ནུས། ཀུན་སྤྱོད་གསུམ་ལྟ་བསྡུར་ཞིག་བྱས་

ནའང་བློ་གྲོས་ལ་འོད་ཟེར་གྱི་ཁྱད་ཆོས་ལྡན་པས་སྣེ་ཁྲིད་ཀྱི་རང་བཞིན་ཡོད་པ་ དང༌། ཀུན་སྤྱོད་ལ་སྲོག་ཤིང་གི་ཁྱད་ཆོས་ལྡན་པས་རྟེན་གཞིའི་རང་བཞིན་ལྡན།

འཇོན་ནུས་ལ་སྒུལ་ཤུགས་ཀྱི་ཁྱད་ཆོས་ཡོད་པས་ཕྱིར་མངོན་བྱེད་པའི་རང་བཞིན་ ལྡན། (༸གོང་ས་མཆོག་གི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ལས། ང་ཚོའི་འགྲོ་བ་མིའི་ཀུན་སྤྱོད་རིག་པ་

ཕལ་ཆེ་བའི་མཚན་ཉིད་རིག་པའི་རྒྱབ་རྟེན་ལ་ཞིབ་ལྟ་བྱས་ཚེ། ཤེས་ཡོན་དང་ནུས་སྟོབས་གཉིས་ཀུན་སྤྱོད་ཀྱི་འགན་

ཁུར་ཞིག་དང་སྦྲེལ་དགོས་པའི་ལྟ་བ་འདི་ནི་དེ་དག་གི་རྨང་གཞི་གཙོ་བོ་ཡིན་པ་གསལ་པོར་རྟོགས་ཐུབ། ཉེ་ཆར་བར་

དུ་ཀུན་སྤྱོད་རིག་པའི་རྩ་འཛིན་འདི་ལ་ནུས་པ་ཆེན་པོ་ཐོན་ཡོད་དེ། འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིགས་སྟོབས་དེ་ཤེས་ཡོན་

གྱི་དར་རྒྱས་དང་དེའི་ནུས་སྟོབས་གཉིས་དང་མཉམ་བསྐྱོད་བྱས་ཡོད། འོན་ཀྱང་། སྐྱེ་དངོས་རིགས་རྒྱུན་གྱི་ཚན་རིག་གི་

དུས་སྐབས་གསར་པ་འདིར་ཀུན་སྤྱོད་ཀྱི་རིག་སྟོབས་དང་ང་ཚོའི་འཕྲུལ་ལས་ཀྱི་ནུས་སྟོབས་བར་གྱི་སྟོང་ཆ་ནི་ཤིན་ཏུ་

ཆེ་ཞིང་ཛ་དྲག་ཡིན།139 ཞེས་གསུངས་པའང་ཀུན་སྤྱོད་དང་ཤེས་རབ། འཇོན་ནུས་བཅས་ཀྱི་འབྲེལ་བ་སྟོན་པའི་གསུང་ ཚིག་གལ་ཆེན་ཞིག་ཡིན།) 139

བློ་གྲོས་ཀྱི་མིག་དང་བྲལ་བའི་འཇོན་ནུས་ལ་གློ་བུར་བའི་སྣང་

<<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>> ཤོག་ངོས༢༥༦། ༸གོང་ས་ཏཱ་ལའི་བླ་མས་མཛད། བསྟན་

འཛིན་རིག་བཟང་གིས་བསྒྱུར། རྒྱ་གར་ནས་པར། དཔེ་སྐྲུན་ཁང་མི་གསལ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 281

ཚུལ་ཡོད་པ་ལས་གསལ་རིག་གི་ཆ་དང་བྲལ། དཔེར་ན། བྱ་བའི་ཁྲོད་ནས་རྒྱལ་ཁ་ ཞིག་ཐོབ་ཀྱང་རྒྱལ་ཁ་དེ་ཇི་ལྟར་ཐོབ་པ་དང༌། རྒྱུ་རྐྱེན་གང་དང་འབྲེལ་མིན། ཕྱིས་

ཀྱི་ལག་ལེན་ཁྲོད་དུ་ཇི་ལྟར་ལམ་འཁྱེར་བྱེད་ཕྱོགས་བཅས་ཀྱི་ཐད་ནས་བསླབ་བྱ་ ལེན་མི་ཤ ེས། ཀུན་སྤྱོད་ཀྱི་སྲོག་ཤིང་དང་བྲལ་བའི་འཇོན་ནུས་ནི་ལམ་བོར་བའི་ སྨུག་ཀློང་ཁྲོད་ཀྱི་མགྲོན་པོ་དང་འདྲ་བས་རང་གིས་རང་ཉིད་གཡང་སར་བསྐྱལ་ སྲིད། འཇོན་ནུས་བྲལ་བའི་ཀུན་སྤྱོད་ནི་ལྷག་བསམ་རྣམ་དག་གི་ནད་པ་ཞིག་དང་

འདྲ་བར་ཕུགས་བསམ་མངོན་འགྱུར་བྱེད་པའི་དུས་ཚོད་མེད། འཇོན་ནུས་མེད་

པའི་ཤ ེས་རབ་ནི་དྲན་རིག་རྒོད་པའི་བྱིས་པ་ཞིག་དང་འདྲ་བར་རླབས་ཆེ་བའི་ལས་ ཀ་བསྒྲུབ་མི་ཐུབ་པར་འཆར་རྟོག་གི་ཁྲོད་ན་འཚོ་བ་ཙམ་མོ། །དེ་བཞིན་བདེ་ཐང་ གི་རྨང་གཞི་ནི་ཞིང་ས་གཤིན་པོ་དང་འདྲ་བས་བདེ་ཐང་མེད་ན་ཤ ེས་ཡོན་གྱི་མྱུ་གུ་ སྨིན་མི་སྲིད་པས་འོག་ནས་བདེ་ཐང་ཤེས་ཡོན་སྐོར་ལ་དཔྱད་ཞིབ་བྱེད་པར་འདོད།

ལྔ་པ། བདེ་ཐང་གི་ཤེས་ཡོན་ངོས་འཛིན་དང་དཔྱད་ཞིབ། ༡ བདེ་ཐང་ཤེས་ཡོན་གྱི་ངོ་བོ་དང་ཁྱད་ནུས།

བདེ་ཐང་ཞེས་པ་ནི་བསམ་བློའ་ི སྟེང་ནས་སེམས་རྣལ་དུ་གནས་པ་ཙམ་ལ་མི་གོ་ བར། ལུས་ལ་ན་ཚ་མེད་པ་དང་དབང་བོར་སྐྱོན་མེད་པ། དུས་ཚོད་འོས་འཚམས་

ལ་ངལ་རྩོལ་བྱེད་ཐུབ་པའི་ལུས་ཀྱི་ནུས་པ་ཡོད་པ་སྟེ་ལུས་བཀོལ་དུ་རུང་བའི་

ལུས་ཀྱི་ཤིན་སྦྱངས་ཤིག་དང་། སེམས་ཀྱི་བདེ་ཐང་ཡང་སེམས་ཀྱི་དཀའ་ངལ་ མེད་པ་དང་དུས་ཡུན་འོས་འཚམས་ལ་བསམ་གཞིགས་བྱེད་པ། སེམས་ཀྱི་སྟེང་


282 ཉམས་ཞིབ་དེབ་ཕྲེང་། ༡

ན་ནད་རྟགས་མེད་པར་སེམས་བཀོལ་དུ་རུང་བའི་སེམས་ཀྱི་ཤ ིན་སྦྱངས་ཤ ིག་ལ་ བྱ༑

140*

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“བདེ་ཐང་ནི་ལུས་པོའ་ི ཐོག་དང་

སེམས་ཁམས་ཀྱི་ངོས། སྤྱི་ཚོགས་ཀྱི་སྟེང་གི་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་ ཡིན་པ་ལས། ལུས་ལ་ན་ཚ་ཡོད་མེད་དང་ལུས་སྟོབས་ཉམས་པའི་སྣང་ཚུལ་ཙམ་ མིན།” ཞེས་བཀོད་ཡོད་པ་ནི་དོན་དང་མཐུན་པ་ཞིག་ཡིན། རྗེ་ཙོང་ཁ་པའི<ལམ་ 141

རིམ>ལས“ཞི་གནས་གྲུབ་ན་སེམས་ལ་དགའ་བ་དང་ལུས་ལ་བདེ་བ་རྒྱས་པས་

མཐོང་ཆོས་ལ་བདེ་བར་གནས་པ་དང་ལུས་སེམས་ཤིན་ཏུ་སྦྱངས་པ་བརྙེད་པས་ སེམས་དགེ་བའི་དམིགས་པ་ལ་གང་འདོད་དུ་བཀོལ་དུ་རུང་བ་དང༌། རང་དབང་

མེད་པར་ཕྱིན་ཅི་ལོག་གི་ཡུལ་ལ་གཡེང་བ་ཞི་བས་ཉེས་སྤྱོད་མང་པོ་མི་འབྱུང་ཞིང་

དགེ་བ་གང་བྱེད་སྟོབས་ཆེ།” ཞེས་པའི་སྟེང་ནས་ཀྱང་ལུས་སེམས་ཞི་བའི་དགའ་ 142

བདེ་ཞེས་པ་ལུས་སེམས་དུས་ཚོད་འོས་འཚམ་ལ་གང་འདོད་དུ་བཀོལ་དུ་རུང་བའི་

དོན་དུ་ངེས་ལ་དེ་ནི་ཤ ེས་རབ་ཀྱི་སྨྱུ་གུ་སྐྱེས་པའི་ཞིང་ས་ལྟ་བུ་ཞིག་ཏུ་ངོས་འཛིན་

གནང་ཡོད། དོན་དངོས་ལའང་སྦྱོང་ཚན་ཤེས་ཡོན་གང་ཞིག་གིས་མི་ཉིད་གསོ་ སྐྱོང་བྱེད་དགོས་ན་ཐོག་མར་ལུས་སེམས་ལ་དཀའ་ངལ་མེད་པའི་ཞི་བའི་ཁོར་

ཡུག་བསྐྲུན་དགོས་ལ། མི་ཞིག་གིས་ཡུལ་ལ་དཔྱད་པའི་སྐབས་སུའང་སེམས་རྣལ་

140* ཨིན་ཡིག་གི་ནང་དུ་WELL-BEING: : WELFAREསྐྱིད་པོ།

བདེ་ཐང༌། the state of being happy, healthy, or prosperous

བདེ་ཐང༌། ཡང་ན་དར་ཞིང་རྒྱས་པར་གནས་པའི་ངང་ཚུལ། ཞེས<<taken

from

Merriam-Webster’s Collegiate Dictionary>>ཞེས་པའི་ཨིན་ཡིག་གི་ཚིག་མཛོད་ལས་འགྲེལ་བརྗོད་

141

བྱས་ཡོད་པ་དང༌།

<<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> ཤོག་ངོས་༡༡༢། གཅན་རོང་བསྟན་འཛིན། ཀན་སུའུ་མི་རིགས་

དཔེ་སྐྲུན་ཁང༌།

142 <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།>>

དཔེ་སྐྲུན་ཁང༌།

ཤོག་ངོས་༤༩༠ ། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 283

དུ་གནས་པ་ནི་རྨང་གཞི་ཡིན་པས་ན་ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་བ་ནི་ཤ ེས་ ཡོན་གྱི་དོན་སྙིང་གལ་ཆེན་ཞིག་ཡིན་ནོ། །

“བསམ་གཏན་གྱིས་ཞི་བ་དང་ཤེས་རབ་ཀྱིས་གྲོལ་བ་ཐོབ”ཅེས་པའང་ཆོས་

ཀྱི་གནས་ལུགས་མཐར་ཐུག་རྟོགས་པ་ལ་ལྷག་མཐོང་དགོས་པ་དང༌། ལྷག་མཐོང་ སྐྱེས་པ་ལ་ཞི་གནས་ངེས་པར་དུ་སྐྱེ་དགོས་པར་གསུངས་པའི་གནས་ལུགས་ཀྱི་ སྟེང་ནས་བསམ་བློའ་ི བདེ་ཐང་གི་ནང་དོན་ལྡན་པའི་བསམ་གཏན་གྱི་གལ་ཆེན་

རང་བཞིན་རྟོགས་ཐུབ། ཞི་ལྷག་ཅེས་པའི་ཚིག་གི་གོ་བབ་དེ་ཆོས་ལུགས་གཅིག་

པུའི་ཁྲོད་དུ་མི་འཇོག་པར་གནས་ལུགས་འཚོལ་བའི་ཤ ེས་རབ་ཀྱི་རྟེན་གཞི་བླ་ན་ མེད་པ་ཞིག་ཡིན་པས་ན་ཞི་གནས་ཀྱི་ངོ་བོ་བཤད་པའི་སྐབས་སུ། “གསུམ་པ་ལ་ ཞི་གནས་ཀྱི་ངོ་བོ་ནི། དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ།

ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམ་པའི་ཆོས་དེ་དག་ཉིད་ཡིད་ ལ་བྱེད་ཅིང༌། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་

ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་

པ་དེ་ལ་ལུས་ཤ ིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་ཞི་

གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་འཚོལ་

བར་བྱེད་པ་ཡིན་ནོ”ཞེས་དང་། “ལྷག་མཐོང་གི་ངོ་བོ་ནི། མདོ་དེ་ཉིད་ལས། དེ་

ལུས་ཤ ིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ ཏེ་སེམས་ཀྱི་རྣམ་པ་སྤངས་ནས། ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་

ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོགས་པར་བྱེད་མོས་པར་བྱེད་ དོ༑ ༑དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤ ེས་བྱའི་དོན་ དེ་རྣམ་པར་འབྱེད་པ་དང་ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང་འདོད་པ་དང་བྱེ་


284 ཉམས་ཞིབ་དེབ་ཕྲེང་། ༡

བྲག་འབྱེད་པ་དང༌། ལྟ་བ་རྣམ་པར་རྟོགས་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་

སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །” ཞེས་ 143

པར་དེང་གི་བསམ་བློའ་ི ངོས་ནས་གོ་བ་བླངས་ན་ཡུལ་ལ་དཔྱད་གཞིག་གསེད་

བཀྲོལ་བྱེད་པའམ་ཀླད་པས་ངལ་རྩོལ་བྱེད་པའི་ཤེས་རབ་དང་ལྡན་དགོས་ན་ཐོག་ མར་ཡུལ་གྱི་སྟེང་དུ་བསམ་བློ་མི་གཡེང་བར་རྩེ་གཅིག་ཏུ་གནས་དགོས། (༸གོང་ས་ མཆོག་གི་<<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན>>ལས། གལ་ཏེ་ང་ཚོའི་དམིགས་ཡུལ་ནི་དཔྱད་

ཡུལ་གྱི་ཆོས་དེར་ཞིབ་ལྟ་བྱེད་རྒྱུ་དེ་ཡིན་ཚེ། རྩེ་གཅིག་ཏུ་སྒྲིམ་པའི་བློ་ཞིག་ཡོད་པ་ཙམ་གྱིས་འདང་གི་ མེད། ཞིབ་འཇུག་བྱེད་ཡུལ་གྱི་ཆོས་དེའི་ངོ་བོ་དང་ཁྱད་ཆོས་ལ་ཞིབ་ལྟ་བྱེད་པར་རིག་རྩལ་མང་པོ་ཞིག་

ངེས་པར་དུ་དགོས། གནས་རིམ་གཉིས་པའི་བློ་སྦྱོང་འདི་ལ་ནང་ཆོས་ཀྱི་གཞུང་དུ་ལྷག་མཐོང(བིཔཤྱནཱ)

ཟེར། ཞི་གནས་ཀྱི་སྐབས་སུ་གཡེང་བ་མེད་པར་བློ་རྩེ་གཅིག་ཏུ་གནས་པ་གཙོ་བོར་འཛིན་ཅིང་དེའི་ ཡོན་ཏན་འཚོལ་སྒྲུབ་བྱེད་པ་དང་། ལྷག་མཐོང་གི་སྐབས་སུ་བློ་རྩེ་གཅིག་ཏུ་གནས་ནས་རྣམ་པར་འབྱེད་ པའི་རྟོག་པ་དང་དཔྱད་པ་སྒྲུབ་པ་གཙོ་བོ་ཡིན།)144

ཞེས་གསུངས་པའང་དོན་འདིར་དམིགས་

པ་ཞིག་ཡིན། དེས་ན་ཐོག་མར་ལུས་སེམས་འདུལ་སྦྱོང་བྱས་ཏེ་འོས་འཚམ་གྱིས་ བཀོལ་སྤྱོད་བྱེད་རུང་བའི་ལུས་སེམས་ཀྱི་བདེ་ཐང་གསོ་སྐྱོང་བྱས་ཏེ་སྲོལ་རྒྱུན་ རིག་གཞུང་ཁྲོད་དུ་གསུངས་པའི་ལུས་སེམས་ཤིན་སྦྱངས་ཀྱི་དོན་སྙིང་ལྡན་དགོས།

དེ་ནི་ལུས་སེམས་གཉིས་ཡུལ་གང་དུ་བཞག་ཀྱང་དུས་ཚོད་འོས་འཚམ་རིང་ལ་ ངལ་བ་མེད་པའི་དོན་དུ་ངེས་ཤིང༌། ད་དུང་ལུས་སེམས་ཀྱི་འཕྲོད་བསྟེན་ཟུང་འབྲེལ་

བྱས་ན་བདེ་ཐང་གི་ཤེས་ཡོན་པར་འགྱུར་བའི་གནས་ལུགས་བསྟན་ཡོད། བདེ་

ཐང་ཤེས་ཡོན་གྱི་ངོས་ནས་བལྟས་ན་སྔོན་གྱི་སྐྱེས་བུ་དམ་པ་ཁ་ཤས་ཀྱིས་སྒོམ་

143

144

<<ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>>

ཤོག་ངོས་༤༧༡། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་ནས་༡༩༩༩པར།

<<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>> ཤོག་ངོས༢༡༢ནས༢༡༣བར། ༸གོང་ས་ཏཱ་ལའི་བླ་མས་

མཛད། བསྟན་འཛིན་རིག་བཟང་གིས་བསྒྱུར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 285

ཉམས་ལེན་བྱེད་པའི་ཞོར་དུ་རྐྱང་ཕྱག་འབུམ་ཕྲག་མང་པོ་འཚལ་ཏེ། ལུས་ཀྱི་བདེ་ ཐང་ལྷུར་ལེན་པས་ཁོང་དག་གི་ལུས་སེམས་ཀྱི་བདེ་ཐང་ནི་མིག་དཔེར་འོས་པ་

ཞིག་ཡིན། ཁོང་དག་གི་ལུས་ལ་ན་ཚ་མེད་པ་དང་སེམས་ལ་དཀའ་ངལ་མེད་པར་ མི་ཚེ་བསྐྱལ་ཐུབ་པའི་རིན་ཐང་དེ་ནི་སྲོལ་རྒྱུན་རིག་གཞུང་གི་བདེ་ཐང་ཤ ེས་ཡོན་

ལས་བྱུང་བར་བསྙོན་དུ་མེད་ལ། གཙོ་བོ་བསམ་བློའ ི་བདེ་ཐང་གི་ནུས་པ་དམིགས་

བསལ་བ་ལ་བརྟེན་ནས་བྱུང་བར་བསྙོན་དུ་མེད། ཡུན་རིང་གི་དངོས་མྱོང་གཞིར་ བཞག་ན་སྔོན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་དབུགས་ཀྱི་རྒྱུ་བ་འགག་ལ་ཉེ་

བའི་སྐབས་སུའང་འཇིགས་ཞུམ་མེད་པར་བདེ་ཐང་གི་བསླབ་བྱ་རྒྱག་པ་དང༌། འཚོ་ བའི་སྐབས་སུའང་བྲག་རི་སྐམ་པོར་གནས་བཅས་ཀྱང་སྐྱིད་པའི་མགུར་གླུ་ལེན་པ་ སོགས་ཀྱི་དཔེ་གཞི་མང་པོ་ཞིག་ཡོད།

༸གོང་ས་སྐྱབས་མགོན་རིན་པོ་ཆེ་གཅིག་པུའི་ངོས་ནས་བལྟས་ནའང་ཁོང་

གི་མི་ཚེའི་ཉམས་ཞིབ་པ་དག་གིས་བཤད་རྒྱུར། ཁོང་གི་མི་ཚེ་ནི་དཀའ་ངལ་སྣ་

ཚོགས་ལ་གདོང་གཏུགས་ཏེ་འགལ་བ་སྣ་ཚོགས་པའི་ཁྲོད་ནས་འཚར་ལོངས་ བྱུང་བ་ཞིག་སྟེ། རིག་གནས་གསར་རྙིང་དང༌། བསམ་བློ་གསར་རྙིང༌། སྤྱི་ཚོགས་

གསར་རྙིང༌། ཆབ་སྲིད་ཀྱི་འགལ་བ་ཛ་དྲག་བཅས་ཀྱི་ཁྲོད་ནས་གྲུབ་པ་ཞིག་ཡིན་ པས་སྤྱིར་བཏང་གི་མི་ཞིག་ཡིན་ན་བསམ་བློར་རྨས་ཚབས་ཆེན་པོ་ཡོད་ངེས་ཀྱང༌།

༸སྐྱབས་མགོན་རིན་པོ་ཆེ་ལ་ད་དུང་བདེ་ཐང་གི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་ ར་སྤྲོད་བྱུང་ཡོད་ལ། ཁོང་རང་ཉིད་ནས་ཀྱང་ང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་

ཆོས་ཀྱི་ཕྱོགས་ལ་བསམ་བློ་མང་ཙམ་གཏོང་བ་ཡིན་ཞེས་དང༌། དགྲ་བོ་ལའང་སྙིང་

རྗེ་དང་བཟོད་པའི་ཉམས་ལེན་གྱི་དགེ་རྒན་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་པའི་ གསུང་བཤད་ཐེངས་མང་གནང་ཡོད།


286 ཉམས་ཞིབ་དེབ་ཕྲེང་། ༡

དེ ་ ན་སྲོ ལ ་རྒྱུན་རི ག ་གཞུང་གི ་ བདེ ་ ཐང་ཤེ ས ་ཡོ ན ་གྱི ་ ཕྱོ ག ས་གཅི ག ་སྟེ ་

བློས་བཏང་དང་བཟོད་སྒོམ་ལ་འབྲེལ་བ་མངོན་སུམ་ཡིན། དངོས་ཡོད་ལའང་

བློས་གཏོང་དང་བཟོད་སྒོམ་ཡོད་པའི་མི་གང་ཞིག་ལ་ཕྲག་དོག་དང༌། ང་རྒྱལ་

སོགས་མི་དགེ་བའི་སེམས་བྱུང་གི་ཤུགས་ཆུང་བ་དང༌། ཅི་ཙམ་སེམས་འཛིང་ བའི ་ ཆ་ཉུང་བ་དེ ་ ཙམ་གྱི ས ་སེ མ ས་ཞི ་ བར་གནས་ཐུབ་པ་དང༌། སེ མ ས་ལྷི ང ་ འཇགས་ལ་ཅི་ཙམ་གནས་པ་དེ་ཙམ་གྱིས་སེམས་ཀྱི་ཤ ིན་སྦྱངས་ཏེ་སེམས་ལས་

སུ་རུང་བ་ཐོབ་པ་དང༌། ཅི་ཙམ་སེམས་ལས་སུ་རུང་བ་ལ་བརྟེན་ནས་ལུས་ཀྱི་

ན་ཚ་སོགས་ཉུང་དུ་འགྲོ་སྟེ། “དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང༌། །རང་ གི་གྲིབ་མ་དེ་དང་མི་འབྲལ་ཞིང༌། །འགྲོ་ཀུན་བདེ་བར་གནས་ཤ ིང་སྤྱོད་ནའང༌།།

མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་ བའི། །འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་འཁྲིས་ བད་ཀན་ཉེས་པ་སྐྱེད། །ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། །རྣམ་པར་མ་

གྱུར་ནད་ཀྱི་རྒྱུར་འགྱུར་ལ། ། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། །ལུས་ དང་སྲོག་ལ་གནོད་ཅིང་གདུང་བས་སོ། །” ཞེས་གསུངས་པར་གཞིག་ནའང་ 145

ནད་མཐའ་དག་གི་རྩ་བ་སེམས་ཡིན་པ་དང༌། སེམས་ཀྱི་འཛིང་པ་ནི་ལུས་ཀྱི་ བདེ་ཐང་མི་འབྱུང་བའི་རྩ་བའི་མ་རྒྱུ་ཡིན་པའི་དོན་ཡིན་ལ། ༡) སྐྱེ་མཆེད། ༢) གཡོག་ལྡང༌། ༣) རྣམ་པ་གསུམ་ཞེས་ནད་འབྱུང་བའི་རྐྱེན་མི་འཕྲོད་པའི་ཟས་

དང༌། དུས་མ་ཡིན་པ་དང༌། སྤྱོད་ལམ་ལོག་པ་དག་ནི་ལུས་ནད་ཕྱིར་མངོན་བྱེད་ པའི་རྐྱེན་ཙམ་ཡིན་པ་ལས་རྩ་བའི་མ་རྒྱུ་མིན་པར་བསྟན་ཡོད།

སེམས་ཀྱི་ནད་རྟགས་ལ་བརྟེན་ནས་ལུས་ལ་དཀའ་ངལ་འཕྲད་བཞིན་ཡོད་

145 <<བདུད་རྩི ་ སྙི ང ་པོ ་ ཡན་ལག་བརྒྱད་པ་གསང་བ་མན་ངག་གི ་ རྒྱུད་ཅེ ས ་བྱ་བ་བཞུགས་སོ ། །>>ཤོ ག ་

ངོས༣༤ནས༣༥། གཡུ་ཐོག་ཡོན་ཏན་མགོན་པོ། དུམ་པ་གཉིས་པ། བཤད་པའི་རྒྱུ། བོད་གཞུང་སྨན་རྩིས་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 287

པར་བོ ད ་ཀྱི ་ གསོ ་ དཔྱད་རི ག ་པར་སྔ་མོ ་ ནས་གཏན་ལ་ཕབ་ཡོ ད ་དེ ་ ནད་ཀྱི ་ རྩ་

བ་གསུམ་ནི་བད་ཀན་དང༌། མཁྲིས་པ། རླུང་གསུམ་ཡིན་ལ་དེ་གསུམ་རིམ་པ་ བཞིན་དུ་གཏི་མུག་དང༌། ཞེ་སྡང་དང༌། འདོད་ཆགས་རྣམས་ལས་སྐྱེས་པའི་ཐད་

ནས་གསོ་རིག་གི་གཞུང་རྣམས་སུ་འདི་ལྟར་གསུངས་ཡོད་དེ། “བད་ཀན་གཏི་

མུག་ལྡན་པ་སྟེ། །མཁྲིས་པ་ཞེ་སྡང་ལྷན་ཅིག་ཉིད། །རླུང་ནི་ཆགས་ལྡན་ཀུན་གྱི་ གྲོགས། །ཆུ་མེ་རླུང་གསུམ་ནད་ཡིན་ཏེ། །ལུས་ལ་ནད་བྱེད་སེམས་ལ་ཡང༌།། བདེ་དང་རྟོག་དཔྱོད་རྟོག་པ་གཡོ། །”

146

ཞེས་དང༌། “དགའ་དྲགས་ན་སྙིང་ལ་

གནོད། ཁྲོས་དྲགས་ན་མཆིན་པར་གནོད། སྡུག་དྲགས་ན་གློ་བར་གནོད། བསམ་ དྲགས་ན་མཁྲིས་པར་གནོད། སྐྱོ་དྲགས་ན་མཁལ་མར་གནོད།” ཞེས་པ་སོགས་ 147

ནས་བསྟན་པ་ལྟར་ལུས་ཀྱི་ནད་རྟགས་དང་སེམས་ཀྱི་དཀའ་ངལ་མཐའ་དག་གི་རྩ་ བ་ནི་སེམས་ལ་ཐུག་ཡོད་པ་ལས་ཕྱི་རོལ་གྱི་སྣང་ཚུལ་ནི་དེ་དང་དེ་སྐྱེད་བྱེད་ཀྱི་ རྐྱེན་ཙམ་དུ་འདོད། དེ་ལྟར་ན་ནང་བསྟན་ཤེས་རིག་དང་སྲོལ་རྒྱུན་བོད་ཀྱི་གསོ་

རིག་གཉིས་ཆ་ནས་བསམ་བློའ་ི སྙིང་སྟོབས་ནི་བདེ་ཐང་ཤ ེས་ཡོན་གྱི་རྨང་གཞིར་

བསྟན་ཡོད། སློབ་སྦྱོང་གི་ཐོག་མའང་བསམ་བློའ ི་བདེ་ཐང་ལ་བརྟེན་དགོས་པ་དང་

བསམ་བློའ་ི བདེ་ཐང་གིས་ལུས་ཀྱི་བདེ་ཐང་ལ་ཁག་ཐེག་བྱེད་པའི་གནས་ལུགས་ བསྟན་ཡོད། རྒྱུ་མཚན་དེ་ཉིད་གཞི་ལ་བཞག་ན་གསོ་དཔྱད་རིག་པ་དང་ནང་བསྟན་

སེམས་ཁམས་རིག་པ་གཉིས་ཐད་ནས་བལྟས་ཀྱང་། དཔེར་ན། བྱ་ནི་མཁའ་ལ་

ལྡིང་ནའང་རང་ཉིད་ཀྱི་གྲིབ་མ་རང་དང་གཏན་དུ་འགྲོགས་པ་བཞིན་དུ། མི་ཡོད་

146 <<མཁས་དབང་སྐྱེམ་པ་ཚེ་དབང་མཆོག་གིས་མཛད་པའི་རྒྱུད་བཞིའི་འགྲེལ་པ་བཞུགས་སོ།།>>ཤོག་ངོས་

༢༠༥ནས ༢༠༦། མཁས་དབང་སྐྱེམ་པ་ཚེ་དབང་། བོད་གཞུང་སྨན་རྩིས་ཁང༌།

147 <<སློབ་གསོའ ི་ཐབས་ལམ་རྣམ་བཤད།>>

དཔེ་སྐྲུན་ཁང༌།

ཤོག་ངོས༡༢༧། གཅན་རོང་བསྟན་འཛིན། ཀན་སུའུ་མི་རིགས་


288 ཉམས་ཞིབ་དེབ་ཕྲེང་། ༡

ཚད་ཀྱི་ལུས་ན་ནད་རྟགས་ཡོད་པ་དེ་བཞིན་སེམས་ལའང་ནད་རྟགས་ཡོད་པས་ སེམས་ཀྱི་ནད་རྟགས་ཇི་སྲིད་མ་བསལ་བ་དེ་སྲིད་དུ་ལུས་ཀྱི་བདེ་ཐང་མི་ཡོང་

བས་ན་ཤ ེས་ཡོན་རིག་པས་མིའི་སེམས་ཁམས་ཀྱི་བདེ་ཐང་ལ་གཙིགས་ཆེན་བྱས་

ཏེ་སེམས་ཀྱི་དཀའ་ངལ་བསལ་བ་ནི་ཤེས་ཡོན་གྱི་བྱ་བ་གཞན་མཐའ་དག་གི་རྨང་

གཞི་ཡིན། ཤེས་ཡོན་རིག་པས་མིའི་སེམས་ཀྱི་དཀའ་ངལ་ལ་དོ་སྣང་མ་སྤྲད་པའི་ དབང་གིས་ནད་རྟགས་མང་པོ་ཞིག་སྐྱེད་འཕེལ་བྱེད་ཀྱིན་ཡོད། དེས་ན་བདེ་ཐང་མ་

ཡིན་པའི་ནད་རྟགས་ཀུན་སེམས་ལས་བྱུང་བ་ལྟར་བདེ་ཐང་ཤ ེས་ཡོན་ཀྱང་སེམས་ ཀྱི་སྙིང་སྟོབས་ནས་འགོ་བརྩམས་ཏེ་ཐོབ་དགོས་ཕྱིར་སེམས་ཀྱི་བཅོས་ཐབས་གཙོ་

བོར་བཟུང་ནས་སེམས་ཀྱི་ཞི་བ་ལྷུར་ལེན་དགོས། སེམས་ཀྱི་ཞི་བ་ལྷུར་ལེན་པ་ལ་ ཆོས་གཞུང་རྣམས་སུ་དཀའ་ངལ་གཉིས་ལ་གདོང་ལེན་བྱེད་དགོས་པར་གསུངས་ ཡོད། དེ་ནི་བྱིངས་པ་དེ་གཏི་མུག་གི་ཆར་གཏོགས་པའི་སེམས་ཁོང་དུ་ཆུད་པའི་

དཀའ་ངལ་དང༌། རྒོད་པ་དེ་འདོད་ཆགས་ཀྱི་ཆར་གཏོགས་པའི་གཡེང་བ་གཉིས་

ཟློག་པའི་ཕྱིར་དུ་སེམས་ཀྱི་ཞི་བ་དང་གསལ་བ་གཉིས་དོན་དུ་གཉེར་དགོས། དེ་ ལ་ཆོས་གཞུང་རྣམས་སུ། “ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་

མོངས་རྣམ་པར་འཛོམས་པར་ཤེས་བྱས་ནས། །(སྤྱོད་འཇུག་ལས) ཞེས་དང༌། “མར་ མེའི་གཟུགས་གསལ་བར་བྱེད་པའི་ཆ་སྡོང་བུ་དང་དེ་སྔ་མ་ལས་སྐྱེ་ཡི། རླུང་སྐྱོབ་

པའི་ཡོལ་བ་སོགས་ལས་མི་སྐྱེ་ཡང་མར་མེ་མི་གཡོ་བའི་བསྟན་པའི་ཆ་དེ་ཡོལ་བ་ སོགས་ལས་སྐྱེ་བ་བཞིན་ནོ། །མཉམ་གཞག་དང་ལྡན་པའི་ཤ ེས་རབ་ཀྱིས་བརྟགས་ ན་ཡང་དག་པའི་དོན་སེམས་མཉམ་པར་བཞག་པ་ལ་དགོངས་ནས། ཆོས་ཡང་དག་ པའི་དོན་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤ ེས་པར་འགྱུར་


རོ༑ ༑”

148

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 289

ཞེས་པ་སོགས་ནས་བསྟན་པར་བྱ་བའི་དོན་དེ་ནང་ཆོས་གཅིག་པུའི་

ངོས་ནས་མི་ལྟ་བར་ཤེས་ཡོན་རིག་པའི་ངོས་དང་ལྷག་པར་བདེ་ཐང་ཤ ེས་ཡོན་གྱི་

ངོས་ནས་བལྟས་ན་དོན་སྙིང་གལ་ཆེན་ཡོད་དེ་ཤེས་རབ་ལྡན་པར་བྱ་བ་ལ་སྔོན་

དུ་སེམས་ཀྱི་ཞི་བ་འམ་སེམས་ཀྱི་བདེ་ཐང་དོན་དུ་གཉེར་དགོས་པ་དང༌། སེམས་

ཀྱི ་ བདེ ་ ཐང་ནི ་ སེ མ ས་ཀྱི་ དཀའ་ངལ་བསལ་བ་ལ་བརྟེ ན ་ནས་བརྩོ ན ་ལེ ན ་བྱས་ ཏེ༑ “ལུས་དང་སེམས་དགའ་བདེས་རྒྱས་པའི་ཤིན་ཏུ་སྦྱངས་པ་ཐོབ་ན་ཉིན་མཚན་ ཀུན་དུ་དགེ་བ་ལ་སྦྱོར་བ་ལ་སྐྱོ་དུབ་མི་འབྱུང་བས” སེམས་ཀྱི་བདེ་ཐང་དོན་དུ་ 149

གཉེར་བ་ལ་ཞི་བར་གནས་པ་སྟེ་སེམས་མ་འཁྲུག་པའི་བདེ་བ་ལ་བརྟེན་དགོས། དེ་ལ<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ>ལས། “ཞི་གནས་རབ་ཏུ་ལྡན་

པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤ ེས་བྱས་ནས། ། ཐོག་ མར་ཞི་གནས་བཙལ་བྱ་དེ་ཡང་ནི། །” ཞེས་པ་ལྟར་དུ། ཀུན་སྤྱོད་ཤ ེས་ཡོན་དང༌། 150

ཤེས་རབ་ཀྱི་ཤ ེས་ཡོན། འཇོན་ནུས་ཤེས་ཡོན་བཅས་ཐོབ་པ་ལ་སྔོན་དུ་སེམས་ཀྱི་

བདེ་ཐང་ནི་རྨང་གཞི་གལ་ཆེན་ཡིན་པ་དང༌། <སྒོམ་རིམ་བར་བ>ལས“ཞི་གནས་ དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་བའི་སེམས་ཡུལ་ལ་རྣམ་ པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་ མི་འགྱུར་རོ”ཞེས་དང་། “ཞི་གནས་མ་ཐོབ་ན་སོ་སོར་རྟོག་པའི་ཤ ེས་རབ་ཀྱིས་

དཔྱད་སྒོམ་གྱིས་རང་གི་མཐར་ཤིན་སྦྱངས་སྐྱེད་པར་བྱེད་པས་དེ་ལ་ཞི་གནས་རྒྱུར་

148 <<ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།>>

ཤོག་ངོས༤༧༧། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་ནས༡༩༩༩པར།

149 <<ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།>> 150

ཤོག་ངོས༤༨༩། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་ནས༡༩༩༩པར།

<<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ།>> ཤོག་ངོས༤༦། རྒྱལ་སྲས་ཆེན་པོ་ཞི་

བ་ལྷ། མི་རིགས་དཔེ་ཁང༌།


290 ཉམས་ཞིབ་དེབ་ཕྲེང་། ༡

དགོས།” ཞེས་དང༌། <བྱང་ཆུབ་ལམ་གྱི་སྒྲོན་མ>ལས་ཀྱང༌། “ཞི་གནས་ཡན་ 151

ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་

དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །” ཞེས་སོགས་གསུངས་ 152

པས་ཀྱང་ཤ ེས་རབ་ཀྱི་རྣམ་པར་དཔྱོད་པ་དང༌། རྣམ་པར་འབྱེད་པ་དང༌། རྣམ་པར་

གྲོལ་བ་ལ་སོགས་པའི་རྨང་གཞི་ལ་སེམས་རྣལ་དུ་གནས་པ་ནི་མེད་དུ་མི་རུང་བ་

དང་སེམས་ཀྱི་ལྷིང་འཇགས་ནི་ཤེས་རབ་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཞི་གནས་ཀྱི་དོན་ནི་དེང་གི་བརྡ་ཆད་ཀྱིས་བསྙད་ན་སེམས་ཀྱི་བདེ་ཐང་བརྩོན་ལེན་

བྱེད་པ་ཞིག་སྟེ་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་ཞེས་པའང་དེང་གི་བརྡ་

ཆད་ཀྱིས་བསྙད་ན་ནང་གི་བསམ་བློའ་ི སྟོབས་ཤུགས་ཤིག་ལ་བརྟེན་ནས་ལུས་

སེམས་ཀྱི་ལྷིང་འཇགས་དོན་དུ་གཉེར་ཏེ་བདེ་ཐང་ཐོབ་པའི་དོན་དུ་འཁུམས།

སེམས་ཀྱི་བདེ་ཐང་ཐོབ་པ་ཙམ་མིན་པར<སྒོམ་རིམ་བར་བ>ལས། “ཞི་

གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་བ་རྣམས་ཀྱི་སྒྲིབ་པ་ནི་ མི་སྤོང་གི་རེ་ཞིག་ཉོན་མོངས་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་

བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ནི་ ཉོན་མོངས་རྣམ་པར་གནོན་ནོ། །ཤེས་རབ་ཀྱིས་བག་ལ་ཉལ་ལེགས་པར་འཇོམས་

པར་བྱེད་དོ། །”ཞེས་གསུངས་པའི་དོན་ལ་དེང་གི་བདེ་ཐང་ཤ ེས་ཡོན་གྱི་ངོས་ནས་ བལྟས་ན་སེམས་ཀྱི་བདེ་ཐང་ཡོད་ན་ཡུལ་ལ་དཔྱོད་པའི་ནུས་པ་མངོན་པར་འདོན་

151 <<སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་ཐོག་མཐའ་བར་གསུམ་བཞུགས་སོ།།>>ཤོག་ངོས༨༣། 152

ཕྱོགས་སྒྲིག་པ་ཨཱཙཱརྱ་རྒྱལ་མཚན་རྣམ་གྲོལ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའ ི་གཙུག་ལག་སློབ་གཉེར་ཁང༌།

<<བྱང་ཆུབ་ལམ་གྱི་སྒྲོན་མའི་བཀའ་འགྲེལ།>> ཤོག་ངོས༩། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། ཝཱཎ་བོད་ཀྱི་ཆེས་

མཐོའ ི་གཙུག་ལག་སློབ་གཉེར་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 291

ཐུབ་པ་དང་། དེ་བས་སེམས་ཀྱི་བདེ་ཐང་དང་ཤེས་རབ་ཀྱི་དཔྱོད་པ་གཉིས་ཟུང་དུ་

འབྲེལ་དགོས་པར་བསྟན་པའི་བསམ་བློ་གཞི་ལ་བཞག་ན། ཤེས་ཡོན་རིག་པས་

སློབ་ཕྲུག་གི་སེམས་ལ་རྨས་སྐྱོན་འབྱུང་བའི་ཉེན་ཁ་ལ་གཟབ་ནན་གྱིས་སློབ་མའི་

སེམས་ཁམས་ཀྱི་བདེ་ཐང་དོན་དུ་གཉེར་ཞིང་བདེ་ཐང་གི་གོ་རྟོགས་འཛུགས་པ་ དང༌། ཤེས་རབ་ཀྱི་སྣེ་ཁྲིད་བྱེད་པའི་ཤེས་ཡོན་གཉིས་མཉམ་དུ་འགྲོ་དགོས་པའི་ གནས་ལུགས་བསྟན་ཡོད།

ཞི་གནས་སྐབས་སུ་སེམས་ཀྱི་བདེ་ཐང་ཡོང་བའི་ཐབས་སམ་སེམས་ཀྱི་

འཛིན་སྟངས་དགུ་དང་། བསམ་བློའ ི་ནུས་པའམ་སྟོབས་དྲུག ཡིད་ལ་བྱེད་པ་བཞི་ བཅས་ཀྱི་སྒོ་ནས་སེམས་ཀྱི་བདེ་ཐང་བསྟེན་ལུགས་གསུངས་ཡོད་པ་རེའུ་མིག་ གིས་མཚོན་པར་བྱས་ན།

གོང་དུ་ནང་བསྟན་ཤེས་ཡོན་སློབ་གསོས་སེམས་ཀྱི་བདེ་ཐང་ཤ ེས་རབ་ཀྱི་

རྨང་གཞིར་འཛིན་པའི་དགོངས་དོན་འདི་ནི་ཆོས་ལུགས་ཙམ་མ་ཡིན་པར་བདག་

གིས་འགྲེལ་བརྗོད་བྱེད་བཞིན་པའི་བདེ་ཐང་ཤེས་ཡོན་གྱི་གལ་ཆེན་རང་བཞིན་གྱི་ རྒྱབ་ལྗོངས་ལྟ་བུ་ཞིག་ཡིན་ལ། ཐབས་ལམ་འདི་དག་ཀྱང་སྒོམ་རྒྱག་པ་གཅིག་པུ་

མ་ཡིན་པར་སེམས་ཁམས་བདེ་ཐང་དོན་གཉེར་བྱེད་ཐབས་ཀྱི་ཐབས་ལམ་ཞིག་ཏུ་ བཟུང་ཆོག ཤེས་ཡོན་གྱིས་ཚུལ་འདི་ནི་མིའི་རྣམ་དཔྱོད་སད་སྨིན་རྫོགས་གསུམ་ བྱེ ད ་པ་ལ་སེ མ ས་ཀྱི ་ བདེ ་ ཐང་གལ་ཆེ ན ་དུ་བརྩི ་ དགོ ས ་པའི ་ ར་སྤྲོ ད ་ཅི ག ་ཡི ན །

གོང་གི་རིགས་འདེད་འདི་ལས་ཤེས་རྟོགས་ཐུབ་པ་ནི་སྲོལ་རྒྱུན་རིག་གཞུང་གིས་

སེམས་གཙོ་མཚན་ཉིད་རིག་པའི་དགོངས་དོན་ལྟར་སེམས་ཀྱི་སྟོབས་ཤུགས་ཀྱིས་

ལུས་ངག་ལ་དབང་བསྒྱུར་བ་གལ་གནད་དུ་བརྩིས་ཏེ། བདེ་ཐང་ཤ ེས་ཡོན་ཀྱང་གཙོ་

བོ་སེམས་ཀྱི་དཀའ་ངལ་འཚོལ་བ་ནས་འགོ་བརྩམས་དགོས་པར་བསྟན་ཡོད་ལ།


292 ཉམས་ཞིབ་དེབ་ཕྲེང་། ༡

ལུས་ཀྱི་བདེ་ཐང་ཡང་སྣང་མེད་ཏུ་བཞག་མེད་པར་ལུས་སེམས་གཅིག་གྱུར་གྱི་ལྟ་ ཐབས་ཤ ིག་བཟུང་ཡོད།

༢ སྲོལ་རྒྱུན་བློ་སྦྱོང་དང་བདེ་ཐང་ཤེས་ཡོན།

ད་ལ་ཐུག་གི་བར་དུ་སྲོལ་རྒྱུན་བློ་སྦྱོང་བསླབ་བྱས་བདེ་ཐང་ཤེས་ཡོན་གྱི་གཟི་ དཔལ་རྒྱས་སུ་བཅུག་ཡོད། སྔོན་གྱི་སྐྱེས་བུ་ཉམས་ལེན་ལ་དགའ་བ་མང་པོ་ཞིག་

ནི་བློ་སྦྱོང་སྙན་ཚིག་འབྲི་བར་མོས་པ་དང༌། གུང་ཐང་བསྟན་པའི་སྒྲོན་མེ་ལྟ་བུའི་

སྐྱེ ས ་བུ་དམ་པ་མང་པོ ་ ཞི ག ་གི ས ་རང་རྒྱུད་བཏུལ་བ་གཙོ ་ བོ ར ་བཟུང་སྟེ ་ རྒྱུན་ དུ་རང་སེམས་ལ་བྱ་ར་བྱེད་པ་དང༌། ནམ་ཡང་བསམ་བློའ་ི སྟེང་ནས་གཞན་ལ་ དམིགས་པའི་བློས་གཏོང་གི་ཉམས་ལེན་དང་སྒོམ་བསྒྲུབ་བྱས་ཏེ། “འཇིག་རྟེན་

བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་

ཇི་རྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། ། བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ ནི་ཁྱད་པར་ལྟོས། །” ཞེས་པའི་བསམ་བློའ་ི སྙིང་སྟོབས་མི་ཚེའི་རིན་ཐང་ལྟ་ཚུལ་

གྱི་མཐིལ་དུ་བཟུང་ཡོད་ཕྱིར། སྐྱེས་བུ་དེ་དག་ལ་རིག་གནས་སེམས་ཁམས་ཀྱི་ ནད་རྟགས་ཉུང་བས་རྣམ་དཔྱོད་ཀྱི་རིན་ཐང་མངོན་པར་འདོན་ཐུབ་ཡོད་ལ། ཆོས་

བོན་གཉིས་ཀའི་དོན་སྙིང་མཐར་ཐུག་ན་ཚུལ་ཁྲིམས་སུ་གཏོགས་པའི་ཀུན་སྤྱོད་

ཅིག་ཡིན་ལ་ཀུན་སྤྱོད་བསྟན་པའི་བློ་སྦྱོང་གི་གཞུང་མཐའ་དག་གིས་ཀྱང་། ཀུན་

སྤྱོད་བཟང་པོ་སྤེལ་བ་གཙོ་གནད་དུ་བཟུང་ཡོད་ཀྱང་ཀུན་སྤྱོད་བཟང་པོ་སྤེལ་བའི་ རྨང་གཞི་དེས་བདེ་ཐང་ཤེས་ཡོན་ལ་གཞོགས་འདེགས་བླ་མེད་ཐུབ་ཡོད། བོད་ལ་

བློ་སྦྱོང་གི་བསླབ་བྱ་ཆེ་ཆེར་དར་ཡོད་དེ། བློ་སྦྱོང་གཞུང་ལུགས་ལས་ཚབ་མཚོན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 293

རང་བཞིན་གྱི་གཞུང་ལུགས་ཆེན་པོའ་ི ངོས་ནས་རྙིང་མའི་ཆོས་བརྒྱུད་ལ་མཚོན་

ན<སྔོན་འགྲོའ་ི ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང༌།> ས་སྐྱའི་ཆོས་བརྒྱུད་

ལ་མཚོན་ན<ཐུབ་པ་དགོངས་སེལ།> བཀའ་བརྒྱུད་པར་མཚོན་ན<དྭགས་པོ་ ཐར་རྒྱན།> དགེ་ལུགས་པར་མཚོན་ན་རྗེའི<བྱུང་ཆུབ་ལམ་རིམ་ཆེ་བ> སོགས་

གཞུང་ཆེན་པོ་དང་འཁྱེར་བདེ་བ་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་བར་དུ་ཉུང་ བསྡུས་བྱས་པ་སོ གས་ཧ་ཅང་མང༌། བསམ་བློ འ་ིཤེ ས ་ཡོན ་གཞུང་ལུགས་ཀྱི་

ངོས་ནས་བལྟས་ན་སེམས་ཁམས་བདེ་ཐང་ཤེས་ཡོན་གྱི་མ་ལག་ཧྲིལ་པོ་ཞིག་ ཆགས་ཡོད་ཅེས་བཤད་ཆོག་པར་སྙམ།

བློ་སྦྱོང་ཤ ེས་ཡོན་ལ་བརྟེན་ནས་སྔོན་གྱི་སྐྱེས་བུ་མང་དག་ཅིག་གིས་དཀའ་

ངལ་ལ་དཀའ་ངལ་དུ་མི་འཛིན་པར་དབེན་རི་བྲག་གོག་ནས་ས་ཚོད་ལ་བསྟེན་

དགོས་བྱུང་ཡང་སེམས་པ་དགའ་ཡེར་ཡེར། གདོང་པ་འཛུམ་ཤ ིག་ཤ ིག སྐྱིད་པའི་ མགུར་ལྷང་ལྷང་གིས་མི་ཚེ་བསྐྱལ་བའི་ལོ་རྒྱུས་ཀྱི་བདེན་དཔང་མང་དུ་ཡོད། འདི་

ལ་བལྟས་ནའང་སེམས་ཁམས་བདེ་ཐང་ནི་སེམས་ཀྱི་སྙིང་སྟོབས་ལ་བརྟེན་པ་ གཙོ་བོར་འཛིན་དགོས་སོ། །དེང་གི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་སླར་ཡང་

ཆོས་ལུགས་ཀྱི་བློ་སྦྱོང་ཤེས་ཡོན་སྤེལ་ཕྱིར་ཆོས་ལུགས་པ་གདན་འདྲེན་བྱེད་པ་ དང༌། ཆོས་ལུགས་བློ་སྦྱོང་གི་ལེགས་བཤད་ཉན་པ་སོགས་བྱས་ཏེ་ཀུན་སྤྱོད་ཤ ེས་

ཡོན་སྤེལ་བཞིན་ཡོད་ལ་ཀུན་སྤྱོད་ཤེས་ཡོན་གྱི་འོད་མདངས་དེ་མི་ཆོས་ཀྱི་གངས་ ལ་ཕོག་པའི་མཛེས་སྡུག་གི་ལྡོག་འཕྲོས་ཀྱིས་སླར་ཡང་བདེ་ཐང་ཤེས་ཡོན་ལ་ བཀྲགས་མདངས་སྤྲས་བཞིན་ཡོད།

ཕྱོ ག ས་སྡོ མ ་ཞི ག ་བརྒྱབ་ན་བདེ ་ ཐང་ཤེ ས ་ཡོ ན ་ལ་བསམ་བློ ར ་ལྷི ང ་

འཇགས་དང༌། སྤྱོད་པ་འོས་མཚམས་ཀྱི་ཟུར་གཉིས་ཡོད་པ་ལས་བསམ་བློ་ལྷིང་


294 ཉམས་ཞིབ་དེབ་ཕྲེང་། ༡

འཇགས་ནི་སྲོལ་རྒྱུན་ཤེས་ཡོན་གཞི་ལ་བཞག་ནས་བལྟས་ན་ཚད་མེད་བཞིས་ སྡོམ་ཚིག་རྒྱག་ཆོག

བཏང་སྙོམས་ཚད་མེད། —ཀུན་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཤེས་པ།

བྱམས་པ་ཚད་མེད།—དཀའ་ངལ་ཁྱད་དུ་བསད་ནས་གཞན་ལ་རོགས་སྐྱོར་བྱེད་པ།

སྙིང་རྗེ་ཚད་མེད།—དཀའ་ངལ་ཅན་དག་སྡུག་བསྔལ་ལས་བྲལ་བའི་ཐབས་ལ་འབད་པ།

དགའ་བ་ཚད་མེད།—གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག་པར་དགའ་བ་སྐྱེས་པ།

སྤྱོད་ལམ་འོས་འཚམ་ཞེས་པ་ནི་མང་དྲགས་པ་དང་ཉུང་དྲགས་པའི་མཐའ་

གཉིས་སྤངས་ཏེ་སྤྱོད་ལམ་རང་ཉིད་ཀྱི་ཆོས་ཉིད་དང་ཕྱི་རོལ་གྱི་ཆོས་ཉིད་གཉིས་ ཀར་མཐུན་པར་བྱས་པའི་དོན་ཡིན། “མིང་གྲགས་ཅན་གྱི་འཇར་པན་སྨན་པ་སུང་

མོའུ་ཧྥོའ་ི ཡིས་བདེ་ཐང་ཐབས་ལམ་བདུན་མྱུར་མ་ཞེས་པ་ཞིག་བཏོན་ཡོད་པ་ནི།

༡) མྱུར་ཟ། ༢) མྱུར་གཉིད། ༣) མྱུར་རྔུལ། ༤) མྱུར་སྒྲུབ། ༥) མྱུར་འདོར། ༦) མྱུར་བཤད། ༧) མྱུར་ཟགས་བདུན་ཡིན་ལ། འཇར་ཡིག་གི་མྱུར་ཞེས་པ་ནི་འོས་ འཚམ་གྱི་དོན་ཡིན་པས།”

153

མིའི་རིགས་ཀྱི་ལུས་ཀྱི་བདེ་ཐང་གི་ཆེད་དུ་ཐབས་

ལམ་འདི་ཆེས་བསྟེན་རིགས་པ་ཞིག་ཡིན་ལ་འདི་འདྲའི་འོས་འཚམ་གྱི་སྤྱོད་ལམ་ བསྟེན་པར་མི་ལ་འཕྲོད་པ་བསྟེན་པའི་གོ་རྟོགས་འབྱུང་དགོས་པ་མ་ཟད། འོས་

འཚམས་ཀྱི་འགུལ་བསྐྱོད་ཆེད་དུ་དེང་གི་སློབ་གྲྭ་ཁག་གིས་ལུས་རྩལ་སྦྱོང་བརྡར་ སྤྲོད་བཞིན་པ་ལྟར་དུ་ལུས་ཀྱི་རྩལ་དང༌། ངག་གི་རྩལ། ཡིད་ཀྱི་རྩལ་གསུམ་ག་

སྦྱངས་ཏེ་མིའི་བདེ་ཐང་གི་ཤེས་ཡོན་བསམ་བློ་གཟུག་དགོས། དེང་གི་དུས་སུ་མི་

ཚབ་འཕྲུལ་ཆས་ཀྱིས་བྱས་པའི་དབང་གིས་ཁྲག་རྩ་མཐོ་བ་དང༌། ཁྲག་ཤ ེད་རྒྱས་ པ་སོགས་ཀྱི་ནད་རྟགས་མང་དུ་འབྱུང་བཞིན་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་ 153

<<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> ཤོག་ངོས༡༢༧། གཅན་རོང་བསྟན་འཛིན། ཀན་སུའུ་མི་རིགས་

དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 295

འཛུགས་ཁག་གིས་ར་སྤྲོད་བྱེད་བཞིན་པས། ལུས་ཀྱི་འཕྲུལ་ཐབས་དང་སེམས་ཀྱི་ འཕྲུལ་ཐབས་གཉིས་ཟུང་དུ་སྦྲེལ་ཏེ་ལུས་ལ་ན་ཚ་མེད་པ་དང་སེམས་ལ་དཀའ་ངལ་ མེད་པ་བྱེད་དགོས་སོ། །

༣ སྲོལ་རྒྱུན་རྩ་རླུང་འཕྲུལ་འཁོར་དང་བདེ་ཐང་ཤེས་ཡོན།

སྲོལ་རྒྱུན་དགོན་སྡེ་སློབ་གསོའ་ི ཁྲོད་དུ་རྩ་རླུང་འཕྲུལ་འཁོར་ཞེས་པ་ཞིག་ཡོད་

པའང་ད་ལ་ཐུག་གི་བར་དུ། བོད་ཀྱི་བཀའ་དགེ་གསར་རྙིང་གི་མཁས་པ་རིས་སུ་མ་

ཆད་པས། གསང་བ་བསམ་གྱིས་མི་ཁྱབ་པའི་ཆོས་ལུགས་ཀྱི་ཉམས་ལེན་ཞིག་ཏུ་

ངོས་འཛིན་གྱིས་སྦས་པའི་སྒོ་ནས་ཉམས་ལེན་བྱེད་པ་ལས། དེའང་ཐུན་མོང་མིའི་ རིགས་ཀྱིས་སྤྱོད་ཆོག་པའི་བདེ་ཐང་གི་བྱེད་ཐབས་ཤིག་ཏུ་གོ་བ་བླངས་མྱོང་མེད་

པ་འདྲ། འོན་ཀྱང་ལོ་ངོ་མང་པོའ་ི སྔོན་ནས་རིག་གནས་འདིའི་བདག་པོ་ཡིན་པའི་ རྒྱ་གར་གྱི་ཡོ་གའི་མཁས་པ་རྣམས་ཀྱིས་རིག་པ་འདི་ཁྲོམ་བསྒྲགས་བྱས་པ་མ་

ཟད། ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་བཏོན་ཏེ་ཆོས་ལ་དད་མིན་དང༌། མི་རིགས་

འདྲ་མིན་ལ་སློབ་ཁྲིད་བྱས་ཏེ་འཛམ་གླིང་མི་མང་གིས་ལུས་ཀྱི་བདེ་ཐང་གི་ཐབས་ ལམ་བླ་མེད་ཅིག་ཏུ་ངོས་འཛིན་བྱས་ཤིང་ས་ཁྱབ་རྡོ་ཁྱབ་གྱུར་ཟིན་ནའང༌། བོད་ཀྱི་ ཡོ་གའི་རྣལ་འབྱོར་བ་རྣམས་ཀྱིས་ད་དུང་གསང་བའི་སྤྱོད་པ་ཞིག་ཏུ་ངོས་འཛིན་

བྱེད་ཀྱིན་ཡོད། འོན་ཀྱང་རྩ་རླུང་འཕྲུལ་འཁོར་གྱི་རྣམ་བཞག་འདི་ནི་ཆོས་ལུགས་ ལས་ལོགས་སུ་བཏོན་ཏེ་མི་དག་གིས་སྦྱོང་བརྡར་བྱས་ན་ལུས་ཀྱི་ན་ཚ་མང་དག་

ཅིག་བཅོས་ཐུབ་པ་མ་ཟད། བཅོས་ཐབས་མེད་པའི་ན་ཚའི་རིགས་ཀྱང་བཅོས་ ཟིན་པའི་བདེན་དཔང་ཡོད་བཞིན་དུ་སྦས་ཏེ་མི་འཇོག་པར་བདེ་ཐང་གི་རིག་གནས་

འདི་སྲོལ་རྒྱུན་ཤ ེས་ཡོན་ཁྲོད། ལུས་ཀྱི་བདེ་ཐང་གི་རྩལ་སྦྱོང་ཞིག་ཏུ་ཇི་ལྟར་ངོས་


296 ཉམས་ཞིབ་དེབ་ཕྲེང་། ༡

འཛིན་བྱེད་པའི་ཐད་ལ། <རྩ་རླུང་འཕྲུལ་འཁོར>ཞེས་པའི་ནཱ་རོ་བའི་གདམས་པ་ ཟབ་མོ་མར་པ་ལོ་ཙཱ་བ་ནས་བརྒྱུད་པའི་བདེ་མཆོག་སྙན་བརྒྱུད་ཀྱི་འཕྲུལ་འཁོར་

ཕྱོགས་བསྒྲིགས་བྱེད་པོ་ཐུབ་བསྟན་ཕུན་ཚོགས་ཀྱིས། “བོད་ཀྱི་རྩ་རླུང་འཕྲུལ་

འཁོ ར ་གྱི ་ རི ག ་པ་འདི ་ ནི ་ གནའ་རབས་བོ ད ་ཀྱི ་ སྲོ ལ ་རྒྱུན་གྱི ་ རི ག ་གནས་ཤི ག ་ ཡིན་པར་མ་ཟད། ནད་རིགས་འགོག་བཅོས་བྱེད་ཅིང་གཟུགས་ཁམས་བདེ་ཐང་

ཡོང་བར་བྱེད་པའི་འཚོ་བྱེད་ཀྱི་རིག་པ་ཞིག་སྟེ། དེང་རབས་ཚེ་སྲོག་དང༌། ལུས་

ཁམས་ཚན་རིག་གི་ཡ་གྱལ་གལ་ཆེ་ཤོས་ཤིག་ཡིན། རིག་པ་འདིའི་གཞི་འཛིན་ས་

ནི་གསོ་བ་རིག་པའི་གཞུང་གི་ལུས་ཁམས་ཀྱི་སྐོར་དང༌། སེམས་ཁམས་རིག་པ་ བཅས་ཡིན་ལ། རྣམ་པ་ནི་ལུས་རྩལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན། དེས་ན་

དེང་དུས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་མང་པོ་ཞིག་གིས་རིག་པ་འདི་ལ་ཞིབ་ འཇུག་གནང་ཞིང་ཚན་རིག་རང་བཞིན་གྱི་གདེང་འཇོག་ཆེན་པོར་གནང་ཡོད”ཅེས་ དང༌། ཡང་གཉའ་བློ་གྲོས་རྒྱལ་མཚན་གྱིས་ཀྱང་དེབ་དེའི་དཔེ་སྐྲུན་ཞུ་མཆིད་དུ། 154

“རྩ་རླུང་འཕྲུལ་འཁོར་ལ་སྦྱངས་པ་མཐར་ཕྱིན་པ་ན། ཚེ་ཡི་རྒྱུན་ཐག་རིང་དུ་སྲིང་

བ་དང༌། ནད་རྣམས་འགོག་པས་ལུས་ཁམས་བདེ་བ། རིག་པའི་རྣོ་ངར་མི་ཉམས་ པར་འཕེལ་བ། བརྗེད་ངས་བཟློག་སྟེ་གཟུངས་སྤོབས་འཐོབ་པ་བཅས་ལ་ཐེ་ཚོམ་ ཟ་མི་དགོས་སོ”ཞེས་དང་། ཡང་དེབ་དེའི་འགོ་བརྗོད་འབྲི་མཁན་བོད་བརྒྱུད་ནང་ 155

བསྟན་སློབ་གླིང་གི་དགེ་རྒན་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཀྱང༌། “དེང་དུས་

རྒྱལ་ཁབ་ཕྱི་ནང་དག་ན་རྩ་རླུང་གི་ནུས་པས་ནང་གི་ཁོང་སྐྲན་བཤིགས་པ་དང༌།

154 <<རྩ་རླུང་འཕྲུལ་འཁོར།>>སྒྲིག་པ་པོའ ི་གསལ་བཤད་ཀྱི་ཤ ོག་ངོས༡། ཐུབ་བསྟན་ཕུན་ཚོགས་གྱིས་བསྒྲིགས། 155

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

<<རྩ་རླུང་འཕྲུལ་འཁོར།>> དཔེ་སྐྲུན་ཞུ་མཆིད་ཀྱི་ཤ ོག་ངོས༩། ཐུབ་བསྟན་ཕུན་ཚོགས་གྱིས་བསྒྲིགས། སི་

ཁྲོན་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 297

སྙིང་ནད་སངས་པ། ཞ་རེངས་བསྲང་བ། ཟླ་ལམ་ཞག་གིས་ཆོད་པ། རི་ཆུའི་སྒྲིབ་

པའི་རྒྱང་རིང་གི་དངོས་པོ་ཕྲ་རགས་མཐོང་ཐུབ་པ། གློག་དང་མཚོན་ཆས་གནོད་ མི་ནུས་པ། གཟུགས་ཁམས་བདེ་ཞིང་ཚེ་རིང་བ་སོགས་ལེགས་ཚོགས་ངོ་མཚར་ ཅན་ཇི་སྙེད་ཅིག་བྱུང་བ་མངོན་སུམ་བསྙོན་མེད་འདི་ག་ལགས” ཞེས་དང༌། 156

སྔོན་ཆད་རྩ་རླུང་འཕྲུལ་འཁོར་སྦྱངས་མྱོང་ཡོད་པའི་རྙིང་མའི་ཆོས་བརྒྱུད་

ཀྱི་དགེ་འདུན་པ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་འཇུ་བསྟན་སྐྱོང་

དང༌། བཀའ་བརྒྱུད་ཀྱི་དགེ་འདུན་པ་དཀོན་མཆོག་བཟོད་པ་གཉིས་ལ་བཀའ་འདྲི་

བྱས་པ་ཞིག་བཀོད་ན།

༡)

རྙིང་མའི་མཁན་པོ་འཇུ་བསྟན་སྐྱོང༌གིས་ལན་འདེབས་བྱས་པ།

དྲི་བ། རྩ་རླུང་འཕྲུལ་འཁོར་གྱི་རིག་པ་འདི་ཉིད་ཆོས་ཀྱི་ཉམས་ལེན་ཙམ་མ་ཡིན་པར་མིའི་ རིགས་ཀྱི་བདེ་ཐང་ཤ ེས་ཡོན་ཞིག་ཏུ་བརྩིས་ན་འགྲིག་གམ།

ལན། རང་རེའི་གསང་སྔགས་ཀྱི་གཞུང་རྣམས་སུ་གསལ་ལ་དགོན་སྡེ་ཕལ་མོ་ཆེར་ཉམས་ལེན་གནང་

བཞིན་པའི་རྩ་རླུང་འཕྲུལ་འཁོར་འདི་ལ་དེ་སྔོན་དབྱེ་བ་ཞིབ་གསལ་བྱས་པ་ཞིག་མ་མཐོང་ཡང་།

ཕྲན་གྱིས་བསམ་ན་རྩ་རླུང་ཐིག་ལེ་སྦྱོང་བ་སྤྱི་ཙམ་ཕྱི་ནང་གཉིས་ཀ་ལ་ཡོད་པ་ཞིག་ཡིན་པས་ ཐུན་མོང་པ་ཞིག་རེད་སྙམ། དེ་ཡང་སྔགས་ཀྱི་ལྟ་དགོངས་ཟབ་མོ་དང་མ་འབྲེལ་བའི་སྤྱིར་བཏང་

གི་འཕྲུལ་འཁོར་རྣམས་བདེ་ཐང་གི་ཤ ེས་ཡོན་ཙམ་ལ་བརྩིས་ན་འགྲིག་པ་ཙམ་དུ་མ་ཟད། ངེས་ ༢)

156

པར་ལག་ལེན་དུ་ཐེབས་པར་བྱས་ན་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་འདོད།

དྲི་བ། ཉིད་ཀྱིས་འཕྲུལ་འཁོར་ཉམས་ལེན་བྱས་མྱོང་ཡོད་པས་ན། ཉམས་ལེན་གནང་བཞིན་པའི་ སྐབས་སུ་དོན་དངོས་ལུས་ཀྱི་བདེ་ཐང་ལ་མངོན་གསལ་གྱིས་ཕན་ཐོགས་བྱུང་བའི་མྱོང་བ་བྱུང་ སོང་ངམ།

<<རྩ་རླུང་འཕྲུལ་འཁོར།>> འགོ་བརྗོད་ཀྱི་ཤ ོག་ངོས་༣། ཐུབ་བསྟན་ཕུན་ཚོགས་གྱིས་བསྒྲིགས། སི་ཁྲོན་མི་

རིགས་དཔེ་སྐྲུན་ཁང༌།


298 ཉམས་ཞིབ་དེབ་ཕྲེང་། ༡

ལན། ང་རང་ལ་མཚོན་ན་འཕྲུལ་འཁོར་སྦྱོང་སྐབས་ཉིད་ཀྱིས་གསུངས་པ་ལྟར་བདེ་ཐང་གི་ཤེས་ཡོན་ ཙམ་ལས་སྔགས་ཀྱི་ལྟ་དགོངས་སོགས་ཅི་ཡང་ཡོད་པ་མ་རེད། འོན་ཀྱང་ཆོ་ག་ཕྱག་ལེན་ རྣམས་ཆོས་ལུགས་ཀྱི་གཞུང་ལུགས་རང་ནས་ཅི་ལྟར་བསྟན་པ་ལྟར་བྱས་པ་རེད། སྐབས་དེར་

དུས་ཚོད་དགུན་ཁ་དང་སྦྱང་གནས་ཀྱང་ཕ་ཡུལ་མགོ་ལོག་ཡིན་ཞིང་། ཆོས་ར་ཡང་རི་བོའ ི་རྩེ་

མོ་བླ་གབ་མེད་པའི་གནས་ནས་སྦྱོང་བརྡར་བྱས་པ་རེད། སྐབས་དེར་ལུས་ལ་དྲོད་འབར་ནས་

ཁ་བའི་གྲང་ངར་གྱིས་ལུས་ལ་མི་གནོད་པ་དང་། རིག་པ་གསལ་བ། ལུས་ཡང་པ་སོགས་བདེ་

ཐང་ལ་ཕན་པ་མྱོང་གྲུབ་ཡིན། ངས་བསམ་ན་འདི་ནི་རླུང་དང་འཕྲུལ་འཁོར་ཁོ་ནས་ནུས་པ་ཡིན་ པ་ལས་ལྟ་དགོངས་ཟབ་མོ་ཞིག་གིས་མ་རེད་སྙམ། དེ་ནི་གོང་བཤད་ལྟར་ཕྲན་ལ་ལྟ་དགོངས་ ༣)

ཟབ་མོ་མེད་པ་མངོན་སུམ་ཡིན་ཡང་། ལུས་སེམས་ལ་ཕན་པ་འབྱུང་གིན་འདུག

དྲི་བ། རྒྱ་གར་གྱི་ཡོ་གའི་རིག་པ་ལྟར་རྩ་རླུང་གི་རིག་པ་འདི་ཆོས་ལུགས་ལས་ལོགས་སུ་འདོན་ ཐབས་ཤིག་ཡོད་དམ། དཔེར་ན།

ལན། རྒྱ་གར་གྱི་ཡོ་གའི་རིག་པ་ངས་ཡག་པོ་ཤ ེས་ཀྱིན་མེད་མོད། སྤྱིར་གསང་སྔགས་སུ་རྩ་རླུང་ཐིག་

ལེ་རྩལ་སྦྱོང་བཤད་པ་ཐབས་ལམ་ཁྱད་པར་བའི་སྔོན་འགྲོ་དང་། ཕྱག་རྫོགས་ཀྱི་འབོགས་འདོན་

དུ་བཤད་པ་ཞིག་ཡིན་པས་དེ་ལྟར་སྦྱོང་པ་ཆོས་ཀྱི་ཉམས་ལེན་ཟབ་མོ་ཞིག་ལ་འགྲོ་བཞིན་ཡོད་ པ་རེད། དེ་ཆོས་དང་མ་འབྲེལ་བར་ཉམས་ལེན་བྱེད་ཚུལ་བཤད་ན་མི་ཁ་ཤས་ཀྱིས་ཁ་རྡུང་

གཏོང་ཁོ་ཐག་ཡིན། རེད་དེ་ཕྲན་གྱི་བསམ་ཚུལ་ལྟར་ན་རྩ་རླུང་གི་རིག་པ་འདི་གསང་སྔགས་ཀྱི་ ལྟ་སྤྱོད་ཟབ་མོ་དང་མ་འབྲེལ་བའམ་དེ་ལས་ལོགས་སུ་བཀར་ནས་ལུས་ཀྱི་འཕྲུལ་འཁོར་དང་ རླུང་གི་འཛིན་སྟངས་སྤྱི་ཙམ་ལ་སྦྱང་ན་འགལ་བ་གང་ཡང་ཡོད་པར་མི་སེམས། སྤྱིར་གསང་

སྔགས་གྱི་གསང་བ་ནི་དག་མཉམ་སོགས་ལྟ་དགོངས་ཟབ་མོ་རྣམས་གབ་པའི་གསང་བ་དང་།

སྦྱོར་སྒྲོལ་སོགས་སྤྱོད་བ་བརླིང་པོ་དག་སྦས་པའི་གསང་བ་ཡིན་མོད་དེང་སང་ཁྱབ་བསྒྲགས་ བྱེད་གང་ཐུབ་ལྟ་བུ་བྱེད་ཀྱིན་འདུག་ག འདི་ཚོ་གསང་མ་དགོས་ན་རླུང་སྦྱོར་དང་འཕྲུལ་འཁོར་

ཙམ་ལ་ཧ་ལས་བ་གང་ཡང་ཡོད་པ་མ་རེད་ཐུན་མོང་ཙམ་རེད། ཡིན་ཡང་འདི་ལ་རྒྱུས་མངའ་ དང་ཉམས་མྱོང་ཡོད་མཁན་ཞིག་གིས་བསྡུ་སྒྲིག་དང་ཁྲིད་སྟོན་དགོས་པ་ལས། གང་བྱུང་བྱུང་ ༤)

བྱས་ན་བོད་ཀྱི་ཡོ་གའི་རླུང་རྟ་ཆག་རྒྱུ་རེད།

དྲི་བ། རྩ་རླུང་འཕྲུལ་འཁོར་གྱི་ལག་ལེན་འདི་དེང་གི་སློབ་གྲྭ་དང་། ཁྱིམ་ཚང་བཅས་ཀྱི་ཁོར་

ཡུག་ནས་ལུས་ཀྱི་རྩལ་སྦྱོང་ཞིག་ཏུ་བརྩིས་ཏེ་སྦྱོང་བརྡར་བྱས་ན་ཕན་གནོད་གང་ཞིག་འབྱུང་ སྲིད་དམ།

ལན། གསང་སྔགས་ཀྱི་གསང་བ་ཟབ་མོ་གང་བྱུང་བསྒྲགས་ན་ཆོས་དང་འགལ་བ་ཞིག་རེད། དེ་ལས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 299

ངས་གོང་དུ་བཤད་པ་བཞིན་རླུང་སྦྱོར་དང་འཕྲལ་འཁོར་རྣམས་ཆེས་སྤྱིར་བཏང་བ་ཞིག་གི་ངོ་

བོའ ི་ཐོག་ནས་སྦྱང་ན་ངེས་པར་ཕན་རྒྱུ་རེད། ཡིན་ཡང་ལག་ལེན་གྱི་རིམ་པ་ཡག་པོ་མ་བྱུང་ན་ ༥)

རླུང་ལོག་པ་དང་རྩ་གཅུ་བ་སོགས་སྐྱོན་ཡང་ཡོང་སྲིད་པ་རེད།

དྲི་བ། མཁས་པ་དག་གི་གསུང་སྒྲོས་ལྟར་ན་རྩ་རླུང་འཕྲུལ་འཁོར་གྱི་སྦྱོང་བརྡར་བརྒྱུད་ནས་ གསོ་རིག་གིས་བསལ་ཐབས་བྲལ་བའི་ན་ཚ་མང་དག་ཅིག་ལ་ཕན་པར་ངེས་ན། འདིའི་ཐད་ཉིད་ ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

ལན། འདི་དགོངས་ཚུལ་ཡང་དག་རེད། རང་རེའི་ལུས་ཀྱི་གྲུབ་ཆ་རྩ་རླུང་ཐིག་ལེ་གསུམ་པོ་རེད་ལ།

ན་ཚ་རྣམས་ཀྱང་དེ་དག་ཆ་མ་སྙོམས་པར་འཁྲུག་པ་ལས་བྱུང་པ་ཞིག་རེད། སྤྱིར་ཡང་ནད་ཁ་

ཤས་ལུས་ཀྱི་འཕྲུལ་འཁོར་རམ་འགུལ་བསྐྱོད་ཀྱིས་སྦྱང་ཐུབ་ལ་རྫས་ཀྱིས་གསོ་མི་ཐུབ་པ་དེ་ འདྲ་ཡང་ཡོད་སྲིད་རྒྱུ་རེད་སྙམ། དེའི་ཕྱིར་རྩ་རླུང་ཡང་དག་པ་ཞིག་སྦྱང་ཐུབ་ན་ངེས་པར་ཕན་

༦)

ཐོགས་ཀྱི་རེད།

དྲི་ བ། བོ ད་ཀྱི་ བླ་མ་དག་གི ས ་ཕྱི ་ རྒྱལ་ཡུལ་གྲུ་ཁག་ཏུ་རྩ་རླུང་སློ བ ་ཁྲིད་བྱེ ད་བཞིན་ཡོ ད་ ཀྱང་། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རྒྱ་གར་གྱི་ཡོ་གའི་ལག་ལེན་ཙམ་ལས་རྩ་རླུང་གི་སྦྱོང་བརྡར་ བྱེད་སྲོལ་མེད་པ་འདིའི་ཐད་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

ལན། གསེར་གྱི་མཎྜལ་ཡོད་ན་དམ་ཆོས་གང་འདོད་ཞུ་ཐུབ་པ་གནའ་ནས་དར་བའི་ལུགས་སྲོལ་ ཞིག་རེད། ཕྲག་དོག་མ་བྱེད། ཧ། ཧ། ངོ་མ་བཤད་ན་གསང་སྔགས་ཀྱི་ཆོས་འདི་གང་འདོད་

གསུང་རྒྱུ་ཞིག་ཀྱང་མ་རེད་ལ། གང་བྱུང་ཞུ་རྒྱུ་ཞིག་ཀྱང་མ་རེད། གང་ཡིན་ཟེར་ན་ཉེན་ཁ་ཆེན་ པོ་ཅན་ཞིག་ཡིན། འོན་ཀྱང་ཕྱི་གླིང་པ་དང་རྒྱ་རིགས་ལ་གསང་སྔགས་བཤད་པ་ལས་ཉན་

འདོད་ཡོད་ན་བོད་རྒན་རྣམས་ལ་བཤད་ན་བཟང་གི་རེད་སྙམ། གང་ཡིན་ཞེ་ན། བོད་འདིར་

བསྟན་པ་དར་བ་ནས་བཟུང་གསང་སྔགས་འདི་དར་བ་རེད་ལ། བོད་ཀྱི་གྲུབ་མཐའ་ཡོངས་ རྫོགས་སྔགས་བླ་མེད་ལྟ་གྲུབ་མཐར་ཐུག་ཏུ་བཞེད་མཁན་རྐྱང་རྐྱང་རེད། དེས་ན་གོ་བ་མ་སྐྱེས་ ཀྱང་ལོག་ལྟ་སྐྱེས་མཁན་དཀོན་པོ་ཡིན་རྒྱུ་རེད། དེ་མིན་གཞན་དག་ལ་ཁག་པོ་རེད། སྔགས་

འདི་རབ་བྱུང་ཁོ་ནས་ཆོས་ཤ ིག་མིན་པས་དད་ལྡན་ཁྱིམ་པ་རྣམས་ཀྱིས་ཀྱང་འདིའི་ཉམས་ལེན་ ལ་ཤུགས་རྒྱག་དགོས་ལ། བླ་མ་རྣམས་ཀྱིས་ཀྱང་རྒྱུད་ཚོད་དང་བསྟུན་ནས་རྗེས་སུ་འཛིན་འོས་ པ་ཞིག་རེད། འདི་དག་ཆོས་ལུགས་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན། རང་རེའི་རྩ་རླུང་ཡང་

རྒྱ་གར་ནས་དར་བ་ཞིག་རེད་མོད། འོན་ཀྱང་བོད་ཀྱི་མཁས་པ་རྣམས་ཀྱི་ཉམས་མྱོང་དང་ལག་ ལེན་སོགས་མང་པོས་བརྒྱན་ཡོད་པས་ད་ཆ་རང་རེའི་གཞུང་ལུགས་ཤིག་ཏུ་གྲུབ་པ་རེད། དེའི་ ཕྱིར་རང་ལ་རྒྱུས་མངའ་ཡོད་པ་འདི་ལག་ལེན་ལ་བསྟར་ཐུབ་ན་བཟང་གི་རེད།


300 ཉམས་ཞིབ་དེབ་ཕྲེང་། ༡ ༧)

དྲི་བ། དེང་སང་བོད་ཀྱི་སློབ་གྲྭ་ཁག་དང༌། ཟབ་སྦྱོང་འདྲ་མིན། དགེ་རྒན་སྦྱོང་བརྡར་སོགས་

ཀྱི་སྐབས་སུ་ཡོ་གའི་ཟབ་སྦྱོང་གནང་བཞིན་ཡོད་ཀྱང་།རྩ་རླུང་གི་རིག་པ་ཉམས་ལེན་བྱེད་སྲོལ་ མེད་པ་འདིའི་ཐད་ཁྱེད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

ལན། ཡོ་ག་བདེ་ཐང་ཁོ་ནའི་ཆེད་དུ་སྦྱང་གི་ཡོད་པ་འདྲ་བའི་ཐུན་མོང་གི་རིག་གནས་ཤ ིག་རེད། རྩ་

རླུང་ནི་ཆོས་ཀྱི་ཉམས་ལེན་ཞིག་གི་ཆེད་དུ་སྦྱང་པ་ཡིན་པའི་ཐུན་མིན་གྱི་གསང་ཆོས་ཤ ིག་ཏུ་ ཆགས་པ་རེད། དེའི་ཕྱིར་འདི་གཉིས་ཀྱི་ཁྱབ་ཚད་མ་འདྲ་བའི་དབང་གིས་ཡོ་ག་ཐུན་མོང་སྐྱེ་ བོས་སྦྱང་གི་ཡོད་པ་དང་། རྩ་རླུང་ཆོས་པའི་ཉམས་ལེན་དུ་ཆགས་པ་རེད། ཡིན་ཡང་གོང་དུ་ བཤད་པ་ལྟར་རྩ་རླུང་གི་རིག་པ་བདེ་ཐང་གི་ཆེད་གསང་སྔགས་དང་མ་འབྲེལ་བར་ལོགས་སུ་

བཀར་ཐུབ་ན་ད་གཟོད་མང་པོ་ཞིག་གིས་སྦྱང་ཐུབ་རྒྱུ་རེད་ལ་སྦྱང་གི་ཡང་རེད། དེ་ལྟར་བྱས་

ན་བོད་ཀྱི་རིག་གནས་ཤིག་གི་ཁྱབ་ཁོངས་ཆེ་རུ་ཕྱིན་པ་དང་དགོས་མཁོ་ཡང་ཆེ་རུ་སོང་པ་ རེད་སྙམ།

གོང་གི་མཁས་པ་དག་གི་གསུང་སྒྲོས་དང༌། འཕྲུལ་འཁོར་ཉམས་ལེན་བྱས་

མྱོང་བའི་དངོས་མྱོང་ཅན་གྱི་མི་ལ་དྲི་བ་དྲིས་ལན་བྱས་པ་འདིའི་ཐོག་ནས་བོད་ཀྱི་ སྲོལ་རྒྱུན་རྩ་རླུང་འཕྲུལ་འཁོར་ནི་ལུས་རྩལ་གྱི་ཁྱབ་ཁོངས་སུ་བཞག་སྟེ་འཚོ་བྱེད་ རིག་པའི་རྩལ་སྦྱོང་ཞིག་ཏུ་བརྩིས་ཆོག་ལ། རྩ་རླུང་འཕྲུལ་འཁོར་གྱི་གཞུང་ལུགས་

གཞི་ལ་བཟུང་སྟེ་བལྟས་ནའང༌། སྦྱང་བྱ་ལུས་ལ་སྦྱོང་བྱེད་འཕྲུལ་འཁོར་དང༌། སྦྱང་ བྱ་སེམས་ལ་སྦྱོང་བྱེད་རླུང༌། སྦྱང་བྱ་ཐིག་ལེ་ལ་སྦྱོང་བྱེད་དྲོད་བཅས་འབྱུང་ཞིང༌།

མིའི་ལུས་ཀྱི་རྩ་མང་པོའ ི་ནང་ནས་གཙོ་བོ་ནི་དབུ་མ་དང༌། རོ་མ། རྐྱང་མ་གསུམ་

ཡིན་ཞིང༌། དེ་གསུམ་ལས་རྩ་རྣམས་སྐྱེས་ཤིང་འཕེལ་ཏེ་རྩ་སྟོང་ཕྲག་བདུན་བཅུ་རྩ་

གཉིས་ཀྱིས་ཁྱབ་ཡོད་པ་དང༌། རྩ་ནི་རླུང་ཁྲག་ཐིག་ལེ་གསུམ་གྱི་རྟེན་གཞིར་ངོས་

འཛིན་བྱེད་ཅིང༌། རྩའི་གཙོ་བོའང་དབུ་མ་དང༌། རོ་མ། རྐྱང་མ་གསུམ་ཡིན་ཞིང༌། ལུས་ཀྱི་འཕྲུལ་འཁོར་ལ་བརྟེན་ནས་རྩ་རྣམས་བྱང་བར་འགྱུར་བ་དང་རྩ་རྣམས་

བྱང་བ་ལ་བརྟེན་ནས་ཁྲག་རླུང་བབ་མཐུན་དུ་རྒྱུ་བ་དང༌། རླུང་སྦྱོང་ལ་བརྟེན་ནས་

ལུས་ཁམས་གཙང་མར་བྱེད་ཅིང༌། རླུང་ལེགས་པར་འཛིན་ཐུབ་པས་ན། སེམས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 301

ཀྱི་གཏི་མུག་དང་ཞེ་སྡང་། འདོད་ཆགས་གསུམ་གྱི་རྣམ་པར་རྟོག་པ་འགག་ཐུབ་ པས་རང་བཞིན་གྱིས་གསོ་རིག་ནས་བཤད་པའི། གཏི་མུག་ལས་སྐྱེད་པའི་བད་ ཀན་དང༌། ཞེ་སྡང་ལས་སྐྱེད་པའི་མཁྲིས་པ། འདོད་ཆགས་ལས་སྐྱེད་པའི་རླུང་ བཅས་ནད་ཀྱི་རྩ་བ་གསུམ་བཅོ ས ་ཐུབ་པ་ཞིག ་ཏུ་མངོན ་ཞིང༌། གསོ་ རིག་གི་

གཞུང<བཤད་རྒྱུད>ལས། “རྩ་གཅིག་གྱེན་དུ་སོང་བས་ཀླད་པ་ཆགས། གཏི་མུག་

ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེད་པས་སྟོད་ན་གནས། ། རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་

གནས། །དེ་ལས་མཁྲིས་པ་བསྐྱེད་པས་བར་ན་གནས། །རྩ་གཅིག་ཐུར་དུ་ཟུག་ པས་གསང་བ་ཆགས། །འདོད་ཆགས་ཕོ་མོ་གསང་བར་གནས་པ་སྟེ། །དེ་ལས་ རླུང་བསྐྱེད་སྨད་ན་གནས་པ་ཡིན། །” ཞེས་ཁྲག་རྩ་དང༌། རླུང་རྩའམ་རླུང་ཁྲག་ གཉིས་འདོམས་ཀྱི་འཕར་རྩ། ཆུ་རྩའམ་རྩ་དཀར་བཅས་གསུམ་དུ་ངོས་འཛིན་

བྱས་ཡོད་ལ་དེ་གསུམ་ལས་སེམས་ཀྱི་དཀའ་ངལ་ཀུན་གྱི་རྩ་བ་འདོད་ཆགས་ཞེ་

སྡང་གཏི་མུག་གསུམ་དང༌། ལུས་ཀྱི་དཀའ་ངལ་ཀུན་གྱི་རྩ་བ་རླུང་མཁྲིས་བད་ཀན་

གསུམ་འབྱུང་བཞིན་པ་དང༌། དེ་གསུམ་ཀྱང་དོན་དུ་རྩ་རླུང་སྐབས་བཤད་པའི་རྩ་ དབུ་མ་དང་རྐྱང་མ། རོ་མ་བཅས་ཡིན་པས་དེ་གསུམ་ནི་གསོ་རིག་དང་རྩ་རླུང་

འཕྲུལ་འཁོར་གྱི་རིག་པ་གཉིས་ཀའི་ཐུན་མོང་གི་སྦྱང་བྱ་གལ་ཆེན་ཞིག་ཏུ་བརྩི་

བཞིན་ཡོད། ནམ་རྒྱུན་རྩ་འཁོར་བཤད་པའི་སྐབས་སུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་ བའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ལས་མགྲིན་པ་ལོངས་སྤྱོད་

ཀྱི་འཁོར་ལོ་ཤུགས་བསྟན་དུ་བཞག་པའི་རྩ་འཁོར་ལྔའང་གསོ་བྱེད་རིག་པ་ནས་ འབྱུང་བའི་སྲིད་པའི་རྩ་བོ་ཆེ་བཞི་སྟེ། ༡) དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།


302 ཉམས་ཞིབ་དེབ་ཕྲེང་། ༡

༢) དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། ༣) ལུས་ཀྱི་ཕུང་པོ་ཆགས་པར་ བྱེད་པའི་རྩ། ༤) བུ་རྩ་རིགས་རྒྱུད་འཕེལ་བར་བྱེད་པའི་རྩ་རྣམས་ཡིན་པ་དང་། དེ་

དག་དང་དེ་དག་ལས་གྱེས་པའི་རྩ་ཕྲན་ཀུན་གྱིས་རླུང་དང་ཁྲག་དཀར་ནག ཐིག་ལེ་

བཅས་རྒྱུད་པའི་བརྟེན་བྱེད་པས་ན་རྩ་སྦྱོང་བ་ནི་ལུས་ཀྱི་བདེ་ཐང་གི་བྱེད་ཐབས་བླ་ ན་མེད་པ་ཞིག་ཡིན་པ་བསྙོན་དུ་མེད་དོ། །

ཡང“<ཟུར་མཁར་བའི་མེས་པོའ ི་ཞལ་ལུང>དུ། རོ་མ་དང་འབྲེལ་བའི་སྲོག་

རྩ་ནག་པོ་བཤད་པ་དང༌། རྐྱང་མ་དང་འབྲེལ་བའི་སྲོག་རྩ་དཀར་པོ་བཤད་པའོ།།

ཞེས་གསུངས་པ་དང༌། ཡང་དེ་ཉིད་ཀྱི་འགྲེལ་བཤད་བྱེད་སྐབས། རོ་རྐྱང་དང་ འབྲེལ་བའི་རྩ་ནི་གཙོ་བོ་ནང་དུ་རྒྱུ་བའི་ཁམས་དཀར་དམར་གྱི་དབང་གིས་དཀར་

པོ་དང་ནག་པོ་གཉིས་སུ་ཡོད་པ་དེ་ལས། ཕྱི་མ་སྲོག་རྩ་ནག་པོ་ནི་ཁྲག་རྩའི་ཡལ་ གའི་ ཚུལ་དུ་གྱེ ན་ལ་གྱེ ས་པའི་ཤ་ཁྲག་འཕེལ་བར་བྱེད་པའི་ རྩ་ཆེ ན་པོ ་ཉི་ཤུ་རྩ་ བཞི་ཡོད་པ་ཡིན་ནོ། །ཞེས་རོ་མ་གང་ཡིན་གསལ་བོར་གསུངས་པ་དང༌། རྐྱང་མ་

དང་འབྲེལ་བའི་སྲོག་རྩ་དཀར་པོ་ནི། རྐྱང་མའི་ཡར་སྣས་བསྐྱེད་པའི་ཀླད་པ་ནི་རྩ་ དཀར་ཐམས་ཅད་བསྐྱེད་པའི་གཞི་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེ་ལས་རྩ་བ་ལྟ་

བུར་ཁ་ཐུར་བལྟས་སུ་ཟུག་པའི་རྩ་རྒྱུངས་པ་ནི་སྲོག་རྩ་དཀར་པོ་སྟེ་གཙོ་བོ་ཡིན་

ལ༑ ཞེས་རྐྱང་མ་གང་ཡིན་ངོས་འཛིན་གསལ་པོར་གནང་ཡོད་པ་རེད། དབུ་མ་ནི་ ཡེ་ཤ ེས་ཀྱི་རླུང་རྒྱུ་བའི་གནས་སུ་བཤད་པས་དོན་ལ་དུས་རྒྱུན་མིའི་དབུགས་དང་

ལྷན་དུ་རྒྱུ་བའི་རླུང་གི་ཁམས་དྭངས་མ་དེ་ཉིད་འཇུག་པའི་ཡུལ་གྱི་རྩ་དེ་ལ་ཟེར།

དེས་ན་དབུ་མ་ཞེས་པ་འཕར་རྩའམ་རླུང་རྩ་དམར་པོ་དེ་དང༌། རྐྱང་མ་ཞེས་པ་ཆུ་རྩ་ འམ་རྩ་དཀར། རོ་མ་ཞེས་པ་ཁྲག་རྩ་འམ་སྡོད་རྩ་ནག་པོ་དེ་བཅས་ཡིན།” ཞེས་ 157

157 <<གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་བཞག>>

གྲགས། བོད་གཞུང་སྨན་རྩིས་ཁང༌།

ཤོག་ངོས༢༦། སྐུའི་བླ་སྨན་བསྟན་འཛིན་ཆོས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 303

སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ཀྱིས་གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་

གྱི་རྣམ་བཞག ཞེས་པར་ཟུར་མཁར་བའི་མེས་པོའ ི་ཞལ་ལུང་ལས་དྲངས་པའི་ལུང་

གི་སྒྲུབ་བྱེད་དང་བཅས་བཀོད་པ་འདི་ལས་རྩ་རླུང་སྐབས་ཀྱི་དབུ་རོ་རྐྱང་གསུམ་ དང་གསོ་རིག་སྐབས་ཀྱི་ཁྲག་རྩ་ནག་པོ་དང༌། རླུང་ཁྲག་གཉིས་འདོམས་ཀྱི་རྩ། ཆུ་

རྩའམ་རྩ་དཀར་བཅས་ཀྱི་ཐ་སྙད་མི་འདྲ་བ་ཙམ་ལས་གཞི་གཅིག་ཏུ་བབས་ཡོད་པ་ རྟོགས་ཐུབ། རྒྱུ་མཚན་དེའི་སྟེང་ནས་ཀྱང་རྩ་རླུང་འཕྲུལ་འཁོར་དང་འཚོ་བྱེད་རིག་

པ་གང་གི་ཐད་ནས་བལྟས་ཀྱང་རྩ་རླུང་སྦྱོང་བ་ནི་བླ་ན་མེད་པའི་མིའི་ལུས་སེམས་ བདེ་ཐང་ཤ ེས་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་རིགས་སོ། ། རླུང༌།

“རླུང་གིས་ནི་དབུགས་ཕྱིར་འབྱིན་པ་དང་ནང་དུ་རྔུབས་པ། འགུལ་བསྐྱོད་སོགས་

ལུས་ངག་ཡིད་གསུམ་གྱི་བྱ་བའི་ལས་གང་དང་གང་ལ་ཡང་ལོངས་སུ་སྤྱོད་ཅིང༌། བཤང་གཅིན་དང་ངར་སྣབས་སོགས་ཕྱིར་དོར་བའི་ཤུགས་འབྱིན་པ་དང༌། དྭངས་

མ་སོ ག ས་གནོ ད ་བྱའམ་ལུས་ཟུངས་བདུན་པོ ་ རྣམས་རང་རང་གི ་ བུ་ག་རྣམས་ སུ་བདེ་བར་རྒྱུ་སྟེ་ལུས་ཁམས་ཡོངས་ལ་ཁྱབ་པར་བྱེད་པ། མིག་ལ་སོགས་པའི་

དབང་པོ་རྣམས་རང་རང་གི་ཡུལ་གཟུགས་སྒྲ་སོགས་འཛིན་ཅིང་གསལ་བར་བྱེད་ པ་སོགས་མདོར་ན་རླུང་གི་རང་བཞིན་འདིས་ལུས་ཁམས་འདིའི་སྟོད་སྨད་བར་

གསུམ་གྱི་ཕྱི་ནང་ཐམས་ཅད་དུ་མ་ཁྱབ་པ་མེད་པར་རྒྱུ་ཞིང་རྗེས་སུ་འཛིན་པའི་

ལས་བྱེད་པ་ཡིན་ནོ། །” ཞེས་རླུང་གི་ཕན་ཡོན་དང་བྱེད་ལས་བསྟན་པ་ལྟར་རླུང་ 158

ལ་རིགས་ལྔ་ཡོད་པ་ལས།

158 <<གསོ་རིག་ལས་རྩ་རླུང་ཐིག་ལས་གསུམ་གྱི་རྣམ་བཞག>>

གྲགས། བོད་གཞུང་སྨན་རྩིས་ཁང་གིས་བཏོན།

ཤོག་ངོས་༣༥། སྐུའི་བླ་སྨན་བསྟན་འཛིན་ཆོས་


304 ཉམས་ཞིབ་དེབ་ཕྲེང་། ༡

༡) སྲོག་འཛིན་གྱི་རླུང་ནི་སྤྱི་གཙུག་ནས་བྲང་གཞུང་གི་བར་དུ་རྒྱུ་ཞིང་བཟའ་ བཏུང་མིད་པ་དང༌། དབུགས་འབྱིན་རྔུབས། མཆིལ་མ་འདོར་བའི་ཤུགས་

འབྱིན་པ། དབང་པོ་རྣམས་གསལ་བ་དང༌། སེམས་འཛིན་པ་སོགས་ཀྱི་ ལས་བྱེད་པ་དང༌།

༢) གྱེན་རྒྱུའི་རླུང་ནི་བྲང་ཁོག་དང་ལྕེ། ལྐོག་མ་དང་མིད་པ་དང༌། གློ་བ་བཅས་

སུ་རྒྱུ་ཞིང་ལུས་ཀྱི་སྟོབས་དང་བཀྲག་མདངས་རྒྱས་པ། དྲན་པ་གསལ་བ་ སོགས་ཀྱི་བྱ་བ་བྱེད་ཀྱིན་ཡོད་པ་དང༌།

༣) ཁྱབ་བྱེད་ཀྱི་རླུང་ནི་དོན་ལྔའི་ནང་དུ་རྒྱུ་ཞིང་ཟུངས་ཀྱི་བུ་ག་ཀུན་ཏུ་འགྲོ། བྱེ ད ་ལས་ནི ་ ཁ་མི ག ་འབྱེ ད ་འཛུམ་དང་རྐང་ལག་འདེ ག ས་འཇོ ག ་གི ས ་ མཚོན་པའི་འགུལ་བསྐྱོད་ཀྱི་བྱ་བ་བྱེད།

༤) དྲོད་རླུང་ནི་ཕོ་བའི་སྨད་དང་ནང་ཁྲོལ་གྱི་རྩ་སྦུབས་རྣམས་སུ་ཁྱབ་ཡོད་ ཅིང༌། བཟའ་བཏུང་གི་དྭངས་སྙིགས་ཕྱེ་བའི་བྱ་བ་བྱེད།

༥) ཐུར་སེལ་གྱི་རླུང་ནི་བཤང་ལམ་དང་ལྒང་པ། བསམ་བསེའུ། མངལ་ལམ་

དང་བརླ་སོགས་སུ་རྒྱུ་ཞིང་ཁུ་ཁྲག་དང་བཤང་གཅིན་སོགས་ཕྱིར་འདོར་ བའི་བྱ་བ་བྱེད།

ཐིག་ལེ།

ཐིག་ལེ་ནི<བཤད་རྒྱུད>ལས། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ།། སྙིང་ལ་གནས་ཀྱང་ལུས་ཀུན་ཁྱབ་པ་དང༌། །ཚེ་གནས་གཟི་མདངས་བཀྲག་དང་

ལྡན་པར་བྱེད། །ཅེས་གསུངས་པ་ལྟར་དོན་དུ་ཁམས་དཀར་དམར་གཉིས་ཡིན་

པ་དང༌། དེའང་རྒྱུད་སྡེའི་གཞུང་རྣམས་སུ་བྱེད་ལས་ཀྱི་ཆ་ནས་རྩ་བ་སྤྲོས་བྲལ་གྱི་ ཐིག་ལེ། འཁྲུལ་བ་མ་རིག་པའི་ཐིག་ལེ། དེའི་གཉེན་པོའ་ི ཐིག་ལེ་བཅས་དབྱེ་བ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 305

གསུམ་དུ་ཕྱེས་ཡོད་པ་དང༌། <གསང་འདུས>ལས་ཀྱང་། སྲོག་འཛིན་པ་ཡི་བྱང་

སེམས་ནི།།སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱིལ་བུ་ལན་ཚྭའི་སྒོང་ཚད་ཀྱི།།

དཀྱིལ་ན་འོད་ཀྱི་གོང་བུ་ནི། །སྲན་མའི་གའུ་ཁ་སྦྱར་ཚད། །དེ་དབུས་དྲན་བྱེད་ཤ ེས་

པ་གནས། །ཞེས་གསུངས་པ་སོགས་ལས་ཐིག་ལེ་ནི་མིའི་ཟུངས་བཅུད་ཀྱི་དྭངས་ མ་ཡིན་པ་ར་སྤྲོད་ཐུབ་པས་འཚོ་བྱེད་རིག་པ་དང་རྩ་རླུང་གི་རིག་པ་གཉིས་ཀྱི་ཐུན་

མོང་གི་འདོད་ལུགས་ལྟར་དུ། དེ་ནི་མིའི་འཚོ་གནས་བྱེད་པའི་ཆ་རྐྱེན་གལ་ཆེ་ཤ ོས་

ཤིག་ཡིན་པས། དེའང་དྲོད་ལ་བརྟེན་ནས་ཐིག་ལེ་ཞེས་པའི་ཁམས་དཀར་དམར་

གྱི་ནུས་པ་ངོས་འཛིན་དང་སྲུང་སྐྱོབ་བྱེད་པ་བཅས། རྩ་རླུང་ཐིག་ལེའི་ནུས་པ་སྦྱོང་ བའི་འཚོ་བྱེད་རིག་པ་འདི་ཉིད་ཐུན་མོང་གི་ཤེས་ཡོན་ཞིག་དང་ལུས་ཀྱི་རྩལ་སྦྱོང་ ཞིག་ཏུ་འཁྱེར་ཤ ེས་ན། སྐྱེས་བོ་ཀུན་ལ་ཕན་པ་ལས་གནོད་པ་མེད་པས་སོ། །

བདག་ལ་རྩ་རླུང་འཕྲུལ་འཁོར་གྱི་ཉམས་ལེན་མེད་པ་དང༌། འདིའི་སྐོར་

གྱི་ཤེས་རྒྱ་ཆུང་བ། ཉམས་ཞིབ་ཀྱི་བརྗོད་གཞི་མིན་པ་བཅས་ཀྱིས་ཞིབ་ཚགས་

པོ་ཞིག་དང་གསལ་བོ་ཞིག་བཤད་དཀའ་ནའང༌། རྩ་རླུང་འཕྲུལ་འཁོར་གྱི་གཞུང་ ལུགས་དང་གསོ་བ་རིག་པ་གཉིས་ཀའི་རྩ་རླུང་ཐིག་ལེ་བཤད་པའི་སྤྱི་འགྲོས་དང༌།

མྱོང་བ་ཡོད་པའི་མི་ལ་བཀའ་འདྲི། མཁས་པ་དག་གིས་ངོས་འཛིན་བྱེད་ཚུལ། དེང་ དུས་རྒྱ་གར་གྱི་ཡོ་གའི་རིག་པ་བཅས་གཞི་གཅིག་ཏུ་སྤུངས་ཏེ་བལྟས་ན་ངེས་ཤ ེ​ེས་

བརྟན་པོ་ཞིག་རྙེད་ཐུབ་པ་ནི་རྩ་རླུང་འཕྲུལ་འཁོར་གྱི་རིག་པ་འདི་ནི། བདེ་ཐང་ཤ ེས་ ཡོན་གྱི་དོན་སྙིང་གལ་ཆེན་ལྡན་པའི་རིག་པ་ཞིག་ཡིན་པས་ན་འདིར་སྲོལ་རྒྱུན་ བདེ་ཐང་གི་ཤ ེས་ཡོན་ཞིག་ཏུ་ངོས་འཛིན་བྱས་པ་ལགས། རིག་པ་འདི་ནི་དེང་གི་

ཤེས་ཡོན་གྱི་ཁྲོད་ནས་ཀྱང་བདེ་ཐང་ཤེས་ཡོན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་བྱེད་ དགོས་པའི་རིག་གནས་གལ་ཆེན་ཞིག་རེད་ཅེས་སྨྲ་བར་སྤོབས་སོ། །


306 ཉམས་ཞིབ་དེབ་ཕྲེང་། ༡


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 307

ལེའུ་བཞི་པ།

དཔྱད་ཞིབ་རིགས་པའི་ཕྱོགས་ཡོངས་ལྟ་ཐབས་ཀྱིས་བལྟས་ པའི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་བྱེད་ཐབས། དང་པོ། ཁྲིད་གསུམ་བཤད་པ། ༡

དེ་ཡང་མིའི་རིགས་ལ་ཤེས་ཡོན་གྱི་ཐབས་ལམ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་

ཡོད་པ་དེ་དག་ནི་རང་རང་གི་ཤེས་རིག་གནས་ཚུལ་མི་འདྲ་བ་དང་འབྲེལ་ཏེ་བྱུང་ བ་ཞིག་ཡིན། མི་རིགས་སོ་སོ་བ་དང་རིག་གནས་མི་འདྲ་བའི་ཁྲོད་ནས་བལྟས་ན་

ཤེས་ཡོན་རིག་པའི་ཕྱོགས་བསྡོམས་དང༌། དབྱེ་གཅོད། རིན་ཐང་མཚན་ཉིད་དང་ དམིགས་ཡུལ་མི་འདྲ་བ་རེ་ཡོད་པ་དེ་བཞིན་གྱི་བྱེད་ཐབས་ཀྱང་སྣ་ཚོགས་ཡོད།

ཡང་མི་རིགས་གཅིག་གི་རིག་གནས་དང་སློབ་གསོའ་ི འཕེལ་རིམ་གྱི་ཐོག་ནས་

བལྟས་ནའང་དུས་སྐབས་རེ་རེའི་འཚོ་བ་དང་རིག་གནས་སྣང་ཚུལ་འགྱུར་ལྡོག་གི་ དབང་གིས་རྣམ་པ་མ་འདྲ་བ་རེ་འབྱུང་བཞིན་ཡོད་པ་དེ་ལ་དུས་རབས་རང་གི་སྒོ་

ནས་བལྟས་ན་ཕུན་སུམ་ཚོགས་པའི་རིན་ཐང་ཡོད་ཀྱང་། འཚོ་བ་དང་དུས་རབས་


308 ཉམས་ཞིབ་དེབ་ཕྲེང་། ༡

འགྱུར་ལྡོག་གི་རྐྱེན་པས་སྔར་གྱི་གང་ཡོད་པ་སྒོ་ཐམས་ཅད་ནས་རིན་ཆེན་གསེར་ དུ་བརྩི་མི་རུང་ཞིང༌། དེའི་ཁྲོད་དུ་དུས་རབས་གསར་པར་བེད་སྤྱོད་ཀྱི་རིན་ཐང་

མེད་པའང་ཤ ིན་ཏུ་མང་པོ་ཡོད། འོན་ཀྱང་འདས་སོང་ནི་ཉམས་མྱོང་གི་ཐོན་ཁུངས་

ཤིག་ཡིན་པའི་ཆ་ནས་ངེས་པར་དེ་ལ་ཡིད་འཇོག་དང༌། ཕྱིར་ལྟ། སྙིགས་དོར་ བཅུད་བསྡུ་བཅས་བྱེད་དགོས་པ་ནི་གོར་མ་ཆག དེ་འདྲའི་བསམ་བློའ་ི ངོས་ནས་

སྔོན་རབས་བོད་ཀྱི་དགོན་སྡེ་སློབ་གསོ་ལ་ཕྱིར་མིག་ཕྱོགས་ན་དེའི་ཁྲོད་ཀྱི་སློབ་

གསོ་རིག་པའི་བྱེད་ཐབས་དག་དེ་འདྲའི་གསལ་ཁ་བཏོད་པ་ཞིག་མིན་ནའང༌། ཁྲིད་ ཐབས་རིག་པའི་སྒོ་ནས་ཕྱོགས་བསྡོམས་ཀྱང་མི་ཉུང་བ་ཞིག་བྱས་ཡོད་པའི་ཁྲོད་དུ་

ཝ་ལེར་སྣང་ཞིང་གླེང་རིན་ཡོད་པ་ཁ་ཤ ས་ཤིག་གཤམ་གྱི་ནང་དོན་དག་ཏུ་བསྡུས་ ཏེ་དཔྱད་ན་འདོད། ༡

བཤད་མྱོ ང ་དམར་གསུམ་སྟེ ་ དགེ ་ རྒན་གྱི ་ གཙོ ་ ཁྲི ད ་ཀྱི ་ ངོ ས ་ནས་ཁྲི ད ་

ཐབས་གསུམ།

ཐོས་བསམ་སྒོམ་གསུམ་སྟེ་སློབ་མའི་གཙོ་སྦྱོང་གི་ངོས་ནས་སྦྱོང་ཐབས་

གསུམ།

འཆད་རྩོད་རྩོམ་གསུམ་སྟེ་སྦྱངས་འབྲས་ཀྱི་སྒོ་ནས་མཁས་པའི་བྱ་བ་རྣམ་

གསུམ།

གོང་གི་གསུམ་ཚན་གསུམ་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའ་ི ཁྲོད་ཀྱི་བྱེད་

ཐབས་གལ་ཆེན་ཞིག་དང་སྡུད་ནུས་ཆེ་བའི་ཤེས་ཡོན་རིག་པའི་འཇལ་བྱེད་ཚད་

གཞི་དགུ་ཡིན། གསུམ་ཚན་དེ་གསུམ་ཕན་ཚུན་ལ་ཁ་འབྲལ་ཐབས་བྲལ་བའི་ ལྟོས་བཅས་ཀྱི་འབྲེལ་བ་ཞིག་ཡོད། དེས་ན་ཅི་ཞིག་ལ་ཁྲིད་གསུམ་ཟེར་ཞེས་ན།

“བཤད་ཐབས་ཡན་ལག་ལྔའི་སྒོ་ནས་གཞུང་དོན་མཐའ་དག་ཚང་བར་ཁྲིད་པ་ལ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 309

གཞུང་ཁྲིད་ཟེར། བཤད་ཁྲིད་དང་དོན་གཅིག་པར་གཞུང་དོན་མཐའ་དག་ཤ ར་སྒོམ་

དུ་སྒྲིལ་ནས་ཁྲིད་པ་ལ་དམར་ཁྲིད་ཟེར། སློབ་མ་ཉུང་ཤ ས་ལ་སྒོམ་རིམ་དང་སྦྱར་ ནས་ཁྲིད་རིམ་བཞིན་ཉམས་མྱོང་གསོག་ཏུ་བཅུག་ནས་ཉམས་མྱོང་བསྡུར་ཏེ་ཁྲིད་

པ་ལ་མྱོང་ཁྲིད་ཟེར་བ་ཡིན” ཞེས་དང༌། “བཤད་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་ 159

སློབ་མར་བསླབ་བྱའི་གཞུང་དེའི་ཚིག་དང་དོན་རྣམས་ཡིག་འབྲུ་གཅིག་ཀྱང་མ་

ལུས་པར་གསལ་བཤད་བྱས་པ་ལ་ཟེར། དམར་ཁྲིད་ཟེར་བ་ནི་དངོས་ཡོད་ཀྱི་དཔེ་ མཚོན་ནམ། ཡང་ན་རི་མོར་བྲིས་པ་ལྟ་བུའི་སྟེང་ནས་གསལ་བཤད་བྱས་པ་སྟེ་ དེང་སང་གཟུགས་སྣང་ཅན་གྱི་སློབ་ཁྲིད་ཟེར་བ་དེ་ཡིན། མྱོང་ཁྲིད་ཟེར་བ་ནི་སློབ་

དཔོན་གྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སློབ་མར་སློབ་ཁྲིད་བྱས་ཏེ་སློབ་མ་ ལ་ཉམས་མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་བཅུག་པ་དེ་ལ་ཟེར།”

160

ཞེས་དང༌།

“བཤད་ཁྲིད་ཟེར་བ་སློབ་དཔོན་གྱིས་སློབ་མར་བསླབ་བྱའི་གཞུང་དེའི་ཚིག་

དོན་རྣམས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གསལ་བཤད་བྱེད་པ་དང༌། དམར་ ཁྲིད་ཅེས་པ་དངོས་ཡོད་དཔེ་མཚོན་ནམ། ཡང་ན་རི་མོར་བྲིས་པ་ལྟ་བུའི་གསལ་ བཤད་བྱེད་པ་སྟེ་དེང་སང་གཟུགས་སྣང་ཅན་གྱི་སློབ་ཁྲིད་ཟེར་བ་དེ་ཡིན། མྱོང་

ཁྲི ད ་ཅེ ས ་པ་ནི ་ སློ བ ་དཔོ ན ་གྱིས ་སློ བ ་མར་སློ བ ་ཁྲིད ་བྱས་ཏེ ་ སློ བ ་མ་ལ་ཉམས་

མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་བཅུག་པ་སོགས་དང༌།” ཞེས་ 161

159

160

161

<<སྐལ་བཟང་སྒོ་བརྒྱ་འབྱེད་པའི་ལམ་སྟོན།>> ཤོག༣༥། ཤཱཀྱའི་དགེ་སློང་བློ་བཟང་རྒྱ་མཚོ། རྒྱ་གར་རྡ་

ས་རིགས་སློབ་ཁང༌གིས་པར་དུ་བསྐྲུན།

<<སྐད་ཡིག་དང་སློབ་གསོ།>>གསུང་འབུམ་ཇ་པ། ཤོག་ངོས༡༦༦། མཁས་དབང་དུང་དཀར་བློ་བཟང་

འཕྲིན་ལས་ཀྱིས་མཛད། མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན།

<<སློབ་འབྲིང་བོད་ཡིག་སློབ་ཐབས།>> ཤོག་ངོས༢། བྱམས་པ་ཚུལ་ཁྲིམས་སོགས། མི་རིགས་དཔེ་སྐྲུན་ཁང༌གིས་

པར་དུ་བསྐྲུན།


310 ཉམས་ཞིབ་དེབ་ཕྲེང་། ༡

གསལ་ཞིང་། གོང་དུ་བཀོད་པ་ནི་དཔྱད་ཡིག་གི་དེབ་གཞན་དག་ཏུ་གསལ་བའི་

ཁྲིད་གསུམ་གྱི་ངོ་བོ་ཡིན་ཞིང་དེ་འདྲའི་ཁྲིད་ཐབས་གསུམ་ལ་ང་ཚོས་གོ་བ་གསར་ པ་ཞིག་བླངས་ན། བཤད་ཁྲིད་ནི་དགེ་སློབ་ཐུན་མོང་གི་སློབ་ཁྲིད་བྱ་འགུལ་དངོས་

གཞིའི་སྐབས་གཙོ་བོ་འགྲེལ་བཤད་བྱེད་སྟངས་སྣ་ཚོགས་ཤ ིག་ཡོད་པ་དེ་ལ་ཟེར་ ཞིང༌། ༡) དོན་ཚང་བར་སྟོན་པའི་དོན་འགྲེལ་དང༌། ༢) དཀའ་གནད་བྱེ་བྲག་ཏུ་

འགྲེལ་བ་ལ་བཀའ་འགྲེལ། ༣) ཚིག་འབྲུ་རེ་རེ་བཞིན་འགྲེལ་བ་ལ་ཚིག་འགྲེལ།

༤) ཡིག་དོན་གྱི་ཐོབ་ཚད་ལྟར་འགྲེལ་བ་ལ་ངག་འགྲེལ། ༥) འཕྲོས་དོན་ཡན་ལག་ དང་བཅས་ཏེ་འགྲེལ་བ་ལ་རྒྱ་ཆེར་འགྲེལ་ཟེར་བའི་འགྲེལ་ཚུལ་རིགས་དུ་མ་ཡོད་

པ་གང་འཚམ་གྱིས་སྤྱོད་པའི་དོན་ཡིན་ཞིང་སྲོལ་རྒྱུན་སློབ་ཁྲིད་ཁྲོད་དུ་ཁྲིད་ཐབས་

འདིས་གོ་གནས་གལ་ཆེན་བཟུང་ཡོད་པ་དང་སྤྱོད་སྒོ་འང་ཆེ་བ་ཡིན་ལ་ཁྲིད་ཐབས་ གཞན་དག་སྣང་མེད་དུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ཡང་ཡིན། དམར་ཁྲིད་ནི་མྱུར་ལམ་

ཞིག་དང་རྟོགས་བདེའི་ཁྲིད་ཐབས་ཤིག་སྟེ་རྗེན་འཆར་དུ་བསླབ་བྱའི་ནང་དོན་དང་

དངོས་ཡོད་ཟུང་འབྲེལ་གྱིས་འགུལ་བསྐྱོད་ཅན་གྱི་སློབ་ཁྲིད་ཅིག་ཡིན་ལ་སྐབས་ འགར་སློབ་ཁྲིད་ཡོ་བྱད་ཀྱང་སྤྱོད། ཁྲིད་ཐབས་འདི་ནི་དེང་དུས་སློབ་ཁྲིད་ཁྲོད་དར་ ཤུགས་ཧ་ཅང་ཆེ་ལ། སྲོལ་རྒྱུན་དགོན་སྡེ་སློབ་ཁྲིད་ཁྲོད་ཀྱི་དགེ་སློབ་བགྲོ་གླེང་གི་

རྩོད་པའི་རིག་རྩལ་གྱི་སློབ་ཁྲིད་ནི་འདིའི་ཁོངས་སུ་འདུ། མྱོང་ཁྲིད་ནི་གཏིང་ཟབ་

མོའ་ི ཁྲིད་ཐབས་ཤ ིག་སྟེ་ཤེས་བྱའི་གསོག་ཚད་ཙམ་མིན་པར་ཡུལ་ཅན་གྱི་རྟོགས་ པ་གཙོ་བོར་བྱེད་པའི་ཤ ེས་ནུས་གསོ་སྐྱོང་གི་ཁྲིད་ཐབས་ཤ ིག་ཡིན། མྱོང་ཁྲིད་ལ་

དགེ་རྒན་གྱི་མྱོང་རྟོགས་ནུས་སྤུས་གཙོ་བོ་ཡིན་ཞིང་འདིའང་སྲོལ་རྒྱུན་སློབ་ཁྲིད་ ཁྲོད་དུ་དེ་ཙམ་སྤྱོད་ཤུགས་མི་ཆེ། དེ་འདྲའི་འཆད་ཐབས་གསུམ་གྱི་ཚིག་བབ་ཀྱིས་

གོ་བ་བླངས་ན་ནང་དོན་ཧ་ཅང་ཆེན་པོ་ཡོད་ལ་དེའི་ནང་དུ་སྔོན་གྱི་ཁྲིད་ཐབས་ཡོད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 311

ཚད་བསྡུ་རིགས་པ་ཞིག་ཡིན་མོད། འོན་ཀྱང་སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་གཅིག་ པུའི་ངོས་ནས་ཀྱང་ཤེས་ཡོན་པ་གསོ་སྐྱོང་ཐད་ལ་ནུས་པ་འབུར་དུ་ཐོན་ཡོད། སྤྱིར་ ཁྲིད་གསུམ་དེ་སློབ་ཁྲིད་ཐུན་གཅིག་གི་ནང་དུའང་ཕན་ཚུན་འབྲེལ་བ་ཡོད་ནའང་

ཆོས་ལུགས་ཀྱི་སློབ་ཁྲིད་བྱེད་ཐབས་ཁྲོད་དུ་གཙོ་བོ་བཤད་ཁྲིད་ཀྱིས་གོ་གནས་ གལ་ཆེན་བཟུང་ཡོད་པར་སྣང༌། ཆོས་གཞུང་གི་ཁྲིད་ཐབས་མང་ཆེ་བ་ཞིག་རྒྱས་ བསྡུས་འདྲ་མིན་གྱི་སྒོ་ནས་ཚིག་དོན་འགྲེལ་བ་གཙོ་བོར་བྱེད་ཅིང་ཞིབ་ཚགས་

ཀྱིས་ཕྲད་རྣམ་དབྱེ་དང་བཅས་པ་མ་ལུས་པར་རྒྱས་འགྲེལ་ཅི་ཙམ་བྱས་ན་བཟང་

པོར་བརྩི། དགེ་རྒན་གྱིས་ཆུ་བཞུར་བ་ལྟར་ངག་མཚམས་མི་འཇོག་པར་དབུགས་ གཏོང་ལེན་གཉིས་ཀར་འཆད་ཅིང་ཞོར་དུ་ལུང་འདྲེན་པ་དང༌། རིགས་པས་བསྒྲུབ་

པ༑ དཔེ་འགོད་པ་སོགས་བྱེད་ཐབས་འགའ་ཤས་སྤྱོད་ཀྱང་ཕྱིར་ཚིག་དོན་འགྲེལ་ བའི་རྒྱུད་སྐུད་ཀྱི་སྟེང་དུ་འབབ་པ་ནི་ཆོས་གཞུང་སློབ་ཁྲིད་ཀྱི་ཐུན་མིན་ཁྱད་གཤིས་

ཤིག་ཡིན་ཏེ། དེ་བས་སྲོལ་རྒྱུན་རིག་གནས་སློབ་ཁྲིད་ཁྲོད་དུའང་བཤད་ཁྲིད་གཙོ་ བོ་བྱེད་པའི་ཁྲིད་ཚུལ་ཞིག་དར་ནས་ཡོད།

སྔོ ན ་གྱི ་ སློ བ ་ཁྲི ད ་ཁྲོ ད ་དུ་དམར་ཁྲི ད ་དང་མྱོ ང ་ཁྲི ད ་སྤྱོ ད ་སྒོ ་ ཆུང་བ་ལས་

གཏན་ནས་མི་སྤྱོད་པ་མིན་ཏེ། ལམ་རིམ་སོགས་འཆད་ཁྲིད་ཀྱི་སྐབས་འགར་སློབ་

མ་ཉུང་ངུ་ལ་སྒོམ་རིམ་དང་སྦྱར་ནས་དགེ་རྒན་གྱིས་ཉམས་མྱོང་རང་གི་སྟེང་ནས་ ཁྲིད་ཅིང་སློབ་མར་མྱོང་བ་གསོག་པ་དང་ཉམས་མྱོང་བསྡུར་དུ་འཇུག་པ་དང༌། གཞན་ཡང་གཞུང་ཆེན་པོ་འཆད་ཁྲིད་སྐབས་སུ་གནད་དོན་གཏིང་ཟབ་དང་ནང་

དོན་ཕྲ་ཞིབ་རིགས་ལ་དགེ་སློབ་བར་དོགས་འདྲི་དང་བགྲོ་གླེང་གི་བྱ་ཐབས་སྤྱད་ དེ་ཡུན་རིང་བར་དུ་རྩོད་པ་བྱེད་པ་དང༌། རིག་གནས་སློབ་ཁྲིད་སྐབས་ཀྱང་སུམ་

རྟགས་སྙན་ངག་ལྟ་བུ་ལ་ནང་དོན་མི་འདྲ་བ་རེར་དཔེ་བརྗོད་འཇོག་ཏུ་བཅུག་སྟེ་


312 ཉམས་ཞིབ་དེབ་ཕྲེང་། ༡

དཔེ་བརྗོད་རེ་རེའི་སྟེང་དུ་དགེ་སློབ་གྲོས་སྡུར་དང་རྟོག་ཞིབ། བཟོ་བཅོས། བསྐྱར་ འབྲི་སོགས་བྱེད་པ་དེ་དག་ནི་དམར་ཁྲིད་དང་མྱོང་ཁྲིད་བྱ་ཐབས་ཤིག་ཏུ་བགྲང་

ཆོག སྒྲུབ་གྲྭ་ཁག་གི་སློབ་ཁྲིད་སྐབས་ཀྱང༌། དཀྱིལ་འཁོར་དང་གར་ཐིག་དབྱངས་

སོ ག ས་ཀྱི ་ སློ བ ་ཁྲི ད ་སྐབས་སློ བ ་ཁྲི ད ་ཡོ ་ བྱད་དེ ་ ས་ཚོ ན ་དང་རི ་ མོ ་ དཔེ ་ རི ས ་ སོགས་སྤྱོད་པའི་དམར་ཁྲིད་ཀྱི་ཁྲིད་སྲོལ་ད་ལྟའི་བར་མ་ཉམས་པར་ཡོད།

རྩིས་སློབ་ཁྲིད་སྐབས་ཀྱང་གཟའ་སྐར་གྱི་འཁོར་སྒྱུར་དང་བྱེད་ནུས་ངོས་

འཛིན་སོགས་དཔེ་རིས་ལ་བརྟེན་ནས་མཚོན་པར་བྱེད་པའི་དམར་ཁྲིད་ཀྱི་ཁྲིད་ ཐབས་སྤྱོད་ཅིང༌། གསོ་བ་རིག་པའི་སྐབས་འགར་ལྷག་པར་དམར་ཁྲིད་དེ་གཟུགས་

སྣང་ཅན་གྱི་ཁྲིད་ཐབས་དེས་གོ་གནས་ཆེན་པོ་ཟིན་ཡོད་དེ། སྡོང་འགྲེམས་ལྟ་བུ་ལ་

ལྗོན་ཤ ིང་གི་ཚོན་རིས་དང༌། རྩ་བ། སྡོང་པོ། ལོ་མ། ཡལ་ག མེ་ཏོག འབྲས་བུ་ བཅས་ཀྱི་སྟེང་ནས་མི་ལུས་ཧྲིལ་པོ་མཚོན་པར་བྱེད་པ་མ་ཟད། ནད་པར་དངོས་

སུ་སྨན་བཅོས་བྱེད་པའི་སར་བཅར་ཏེ་བརྟག་ཐབས་བསླབ་པ་སོགས་དང་། སྨན་ འཐུ་བར་བསྐྱོད་དེ་ས་རྡོ་དང་རྩི་ཏོག་སོགས་དངོས་སུ་ངོས་འཛིན་དང་སྦྱོར་བ་བྱེད་

དུ་བཅུག་ཏེ་རེ་རེ་བཞིན་ངོ་སྤྲོད་ཀྱིས་ཞིབ་ཁྲིད་བྱེད་པ་སོགས་དམར་ཁྲིད་དང་མྱོང་ ཁྲིད་བྱེད་པའི་ཤ ེས་ཡོན་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡོད་མོད་གཙོ་བོའ ི་གོ་གནས་དེ་

བཤད་ཁྲིད་ཀྱིས་བཟུང་ཡོད་དོ། །

གཉིས་པ། སློབ་ཁྲིད་བྱེད་ཐབས་སྤྱིར་བསྟན་པ།

སྔོན་དུས་ཀྱི་སློབ་ཁྲིད་རྣམ་བཞག་སྟོན་པའི་ཆོས་བོན་གྱི་གཞུང་དག་ཏུའང་སློབ་ ཁྲིད་ཀྱི་ནང་དོན་དང་དབྱེ་བ། ཆ་རྐྱེན་བཅས་བསྟན་ཡོད་དེ།


“མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 313

དགོས་པ་བསྡུས་པའི་དོན་བཅས་དང༌། །

ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། ། བརྒལ་ལན་བཅས་ཏེ་བསྙད་པར་བྱ། །”

162

ཞེས་གསུངས་པ་ལྟར་གཞུང་གང་ཞིག་ཁྲིད་ཀྱང་བཤད་ཐབས་ཡན་ལག་

ལྔའི་སྒོ་ནས་ཐོག་མར་གཞུང་དེར་འཇུག་པར་བྱེད་པའི་དགོས་སོགས་ཆོས་བཞི་སྟེ་

དགོས་པ། ཉིང་དགོས། བརྗོད་བྱ། འབྲེལ་བ་བཞིའི་སྒོ་ནས་སློབ་མ་རྣམས་གཞུང་ དེ་ལ་འཇུག་སེམས་བསྐྱེད་པར་གཏན་ཚིགས་རང་བཞིན་ལྡན་པའི་སྣེ་ཁྲིད་ཅིག་ བྱེད་པ་དང༌། དེ་ནས་གཞུང་དོན་ལ་འཇུག་བདེ་བ་དང༌། བློར་བཟུང་སླ་བའི་ངག་

ཚིག་ཉུང་ཞིང་ཚིག་སྡེབ་ལེགས་པའི་བསྡུས་དོན་བསྟན་དགོས། ༡ དེའང་བརྗོད་ བྱའི་དོན་མ་འདུས་པ་དང༌། ༢ བསྡུས་དོན་ཚིག་མི་གསལ་བ། ༣ འཆད་པར་བརྗོད་

མི་བདེ་བ། ༤ ངག་མང་བ། ༥ ཚིག་མི་སྙོམ་པ། ༦ གཟུང་དཀའ་བ། ༧ གཞུང་གི་

དགོངས་པ་མི་གོ་བ་བཅས་ཀྱི་སྐྱོན་དང་བྲལ་ཞིང་འཆད་པ་བརྡ་སྤྲོད་ཀྱི་གཞུང་དང་

མི་འགལ་ཞིང་སྒྲ་སྔ་ཕྱི་དང་དོན་ཕན་ཚུན་གོང་འོག་འདྲེན་ནུས་པ་སོགས་ལེགས་ པར་མཚམས་སྦྱར་བ་དང༌། གཞུང་དོན་གཏིང་ཟབ་ཅིང་འཛིང་བ་དང་། ཕྲ་ཞིབ་

རིགས་ལ་བརྒལ་བ་དང་ལན་ཏེ་བགྲོ་གླེང་དཔྱད་ཞིབ་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ།

“བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ། །” ཞེས་འབྱུང་བ་ 163

ལྟར། སློབ་མའི་བློ་རབ་འབྲིང་མཐའ་གསུམ་ལ་ལེགས་པར་བརྟགས་ཏེ་འཆད་པ་

སྐབས་དང་མཐུན་པ་དགོས་ལ་ལག་ལེན་དངོས་ཀྱི་ནང་དུའང་ཐོག་མར་གོ་བདེ་

བའི་སྒོ་ནས་ཐེངས་གཅིག་ཁྲིད། དེ་ནས་རྒྱས་བཤད་བྱས་ཏེ་དཀའ་བའི་གནད་ལ་

162

<<མཁས་པ་འཇུག་པའི་སྒོ>>ཤོག་ངོས༧༨། ས་སྐྱ་པཎ་ཆེན། མི་རིགས་དཔེ་སྐྲུན་ཁང༌གིས་པར་དུ་བསྐྲུན།

163 <<མཁས་པ་འཇུག་པའི་སྒོ།>>ཤོག་ངོས༩༤།

ས་སྐྱ་པཎ་ཆེན། མི་རིགས་དཔེ་སྐྲུན་ཁང༌གིས་པར་དུ་བསྐྲུན།


314 ཉམས་ཞིབ་དེབ་ཕྲེང་། ༡

དོགས་པ་གཅོད་པར་དགེ་སློབ་བར་ལུང་རིགས་རྒྱབ་རྟེན་དུ་བྱས་པའི་བགྲོ་གླེང་ བྱེད། བགྲོ་གླེང་ལའང་གཞན་གྱི་དོན་མཐུན་མ་ཡིན་པའི་གནད་དག་དགག་པ་དང༌། རང་གི་འདོད་པ་འཇོག་པ། དེ་ལ་རྩོད་པ་སྤངས་པ་བཅས་གཏན་ཚིགས་རིག་པའི་ དཔྱད་ཐབས་སྤྱོད། མཇུག་ཏུ་སླར་ཡང་བསྐྱར་ཁྲིད་ཐེངས་གཅིག་འགྲོ་བ་དང༌། ཕྱིའི་

ཉིན་གྱི་སློབ་ཁྲིད་འགོ་བརྩམས་སྐབས་ཀྱང་སྔོན་དུ་ཁྲིད་ཟིན་པའི་སློབ་ཚན་གྱི་སྐོར་ ལ་དོགས་འདྲི་བྱེད་ཅིང༌། ལྷག་པར་སློབ་ཁྲིད་དངོས་གཞིའི་སྐབས་སུ། ༡) ཡིད་ ཆེས་པའི་གཏམ་རྒྱུད་དང་ལུང༌། ༢) གོ་བདེ་བའི་དཔེ། ༣) བློ་སྒོ་འབྱེད་པའི་དོགས་

སློང་། ༤) གཉིད་རྨུགས་སེལ་བའི་གཏམ་རྒྱུད། ༥) དགའ་བ་འཕེལ་བའི་བཞད་

གད་བསླང་བ། ༦) བློ་མི་གཡེང་བའི་ཕྱིར་དུ་བསླབ་བྱ་སོགས་ཕུལ་བྱུང་དགེ་རྒན་

རྣམས་ཀྱིས་རང་བཞིན་གྱིས་གང་ལ་གང་འོས་སྤྱོད་པ་མ་ཟད། དགེ་རྒན་ཕུལ་བྱུང་ རྣམས་ལ་ཁྲིད་གཞུང་དུ་མ་བསྟན་ཀྱང་རང་རང་གི་ཉམས་མྱོང་གིས་ཁྲིད་ཐབས་དུ་ མ་སྤྱོད་ལུགས་ཡོད་པ་སྨོས་མ་དགོས་སོ། །

གསུམ་པ། སློབ་ཁྲིད་ཀྱི་ཐོག་མའི་སྤྱི་ཤ ེས།

“མདོ་རྣམ་པར་འཆད་པར་འདོད་པས་ཐོག་མ་ཁོ་ནར་ཐོས་པ་མང་བ་དང༌། ཐོས་

པའི་གཞི་ཅན་དང༌། ཐོས་པ་བསགས་པར་བྱའོ” ཞེས་གསུངས་པ་ལྟར་དུ་སློབ་ 164

ཁྲིད་བྱེད་པར་འདོད་པའི་དགེ་རྒན་དག་གིས་ཐོག་མར་དགེ་བའི་བྱ་བར་ཐོས་པ་

164

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། <རྣམ་པར་བཤད་པའི་རིགས་པ།> ཤོག་

ངོས༨༡། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཞིབ་འཇུག་ཁང་གིས་པར་དུ་བསྐྲུན།

ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 315

མང་དུ་བསྟེན་ཏེ། རང་ཉིད་ངེས་བཞིན་གཞན་དག་ལ་ངེས་པ་བསྐྱེད་པར་འདོད་པ་ ཞེས་པ་ལྟར་ཐོག་མའི་ཆ་རྐྱེན་དུ།

༡) མང་དུ་ཐོས་པ།—ཉན་པ།

༢) ཐོས་པའི་གཞི་ཅན།—འཛིན་པ།

༣) ཐོས་པ་བསགས་པ།—འཇུག་པར་བྱེད་པ། དོན་སེམས་པ། དམིགས་

ཀྱིས་ཕྱེད་པ་གསུམ་སྔོན་དུ་འགྲོ་དགོས་ན་དེ་ལ་ཉན་པ་དང༌། འཛིན་པ་དང༌། འཇུག་ པར་བྱེད་པ་དང༌། དོན་སེམས་པ་དང༌། དམིགས་ཀྱི་ཕྱེད་པ་བཅས་ཀྱི་སྒོ་ནས་བལྟ་ དགོས་པར་བསྟན་ཡོད་ལ།

མང་དུ་ཐོས་པ་ཞེས་པ་ནི།—དགེ་རྒན་སོགས་བསྟེན་ནས་གཞན་གྱི་འཆད་

ཁྲིད་ལ་མང་དུ་ཉན་དགོས་པར་བསྟན་པའོ། །

ཐོས་པའི་གཞི་ཅན་ཞེས་པ་ནི།—ཐོས་པའི་དོན་གང་ཞིག་ཕྱིན་ཅི་མ་ལོག་

པར་བཟུང་སྟེ་ཉམས་སུ་ལེན་པར་བསྟན་པའོ། །

ཐོས་པ་བསགས་པ་ཞེས་པ་ནི།—ཐོས་པའི་དོན་དེ་ལ་ཡང་དང་ཡང་འཇུག་

པའམ་ཐོས་པའི་དོན་ལ་ཡང་དང་ཡང་དུ་སེམས་པ་དེ་དཔྱད་གཞིག་བྱེད་པ་དང༌། དབྱེ་བ་མ་འཛིང་བར་གསེད་བཀྲོལ་བྱེད་པའི་དོན་ཡིན་ནོ། །གོང་དུ་བསྟན་པ་ནི་

དགེ་རྒན་གྱི་ངོས་ནས་ཐོག་མར་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་འཇུག་དགོས་

པའི་དོན་ཡིན་ལ་སྲོལ་རྒྱུན་གྱི་གཞུང་རྣམས་སུ་དགེ་རྒན་ལ་མཚན་ཉིད་བཅུ་ཚང་ དགོས་པར་བླང་བྱ་བཏོན་པ་ལས“ལུང་གིས་ཕྱུག་པ”ཞིག་དགོས་པར་གསུངས་པ་ བཞིན་ནོ། །

“ཆོས་གང་དག་ཐོག་མར་དགེ་བ། བར་ཏུ་དགེ་བ། ཐ་མར་དགེ་བ། དོན་

བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་


316 ཉམས་ཞིབ་དེབ་ཕྲེང་། ༡

པ༑ ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། མངོན་པར་བརྗོད་པས་མངོན་པར་བྱེད་

པ༑” ཞེས་གསུངས་པ་ལྟར་དུ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ 165

གསུམ་བསླབ་པ་གསུམ་ལ་སྦྱར་བའི་དབང་དུ་བྱས་ན་རིམ་པ་བཞིན།

ཐོག་མར་དགེ་བ།—ཚུལ་ཁྲིམས་ཀྱི་བསླབ་པ།—ཀུན་སྤྱོད་ལྡན་པ།

བར་དུ་དགེ་བ།—ཏིང་ངེ་འཛིན་གྱི་བསླབ་པ།—འཇོན་ནུས་ལྡན་པ།

ཐ་མར་དགེ་བ།—ཤེས་རབ་ཀྱི་བསླབ་པ།—རྣམ་དཔྱོད་ལྡན་པ་བཅས་མི་

ཞིག་གི་ཁྱད་འཕགས་ཀྱི་ཡོན་ཏན་ཏེ་ཀུན་སྤྱོད་ལྡན་པ་དང༌། འཇོན་ནུས་ལྡན་པ། རྣམ་དཔྱོད་ལྡན་པ་སྟེ་གསུམ་མམ་བསླབ་པ་གསུམ་གྱི་ཡོན་ཏན་དང་ལྡན་དགོས་ པ་དང༌།

དོན་བཟང་པོ།—བརྗོད་བྱའི་དོན་ཕུན་སུམ་ཚོགས་པ།

ཚིག་བཟང་པོ།—རྗོད་བྱེད་ཀྱི་སྒྲ་དང་ཚིག་ཕུན་སུམ་ཚོགས།

མ་འདྲེས་པ།—གཞན་དང་མ་འདྲེས་པར་ཐུན་མོང་མ་ཡིན་པ། ཡོངས་སུ་རྫོགས་པ།—བསྟན་པའི་དོན་གང་ཞིག་ཆ་ཚང་བ།

ཡོ ང ས་སུ་དག་པ།—བརྗོ ད ་དོ ན ་གང་ཞིག ་གིས ་བརྗོ ད ་པར་བྱ་བའི ་ དོ ན ་

རྣམས་འདུ་བ།

ཡོངས་སུ་བྱང་བ།—དེ་དང་འབྲེལ་བའི་ཤེས་བྱ་མང་པོའ ི་གོ་འབྱེད་པ།

མངོན་པར་བརྗོད་པས་མངོན་པར་བརྗོད་པ།—རྟོགས་པར་བྱེད་པ། བཅས་

སྤྱི ་ ཡོ ང ས་ཀྱི ་ ཆ་ནས་སྲོ ལ ་རྒྱུན་གྱི ་ ནང་བསྟན་སློ བ ་ཁྲི ད ་རི ག ་པར་སྡོ མ ་བརྒྱབ་ 165

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། <ནམ་པར་བཤད་པའི་རིགས་པ།> ཤོག་

ངོས༥༡། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་

ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 317

ཡོད་ལ། སྡོམ་ཚིག་འདི་ནི་དེང་གི་སློབ་ཁྲིད་རིག་པ་ལའང་ཁྱབ་ཐུབ་པའི་སྤྱི་ཁྱབ་

ཀྱི་སྡོམ་ཚིག་ཅིག་དང༌། ཐོག་མར་ངེས་དགོས་པའི་སློབ་ཁྲིད་ཀྱི་སྤྱི་ཤ ེས་ཤ ིག་ཏུ་ བགྲང་ན་ལགས།

བཞི་པ། དགོས་པ་སོགས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་ཚུལ་ལ་ཞིབ་པར་ དཔྱད་པ།

༡ སྤྱིར་བཤད་པ།

“མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །

ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པར་བསྙད་པར་


318 ཉམས་ཞིབ་དེབ་ཕྲེང་། ༡

བྱ༑ ༑” ཞེས་པ་ལྟར་སློབ་ཚན་གྱི་ཆོས་ཉིད་ལྟར་བཤད་ཐབས་ཀྱི་ཡན་ལག་ལྔའི་ 166

སྒོ་ནས་མཚན་ཉིད་རིག་པའི་གཞུང་ལུགས་སློབ་ཁྲིད་བྱེད་པའི་སྐབས་ཀྱི་བཤད་ ཐབས་ཡན་ལག་ལྔ་རྒྱས་པར་བཤད་ན། ༡) དགོས་པའི་དོན་འཆད་པ།

༢) བསྡུས་པའི་དོན་འཆད་པ། ༣) ཚིག་གི་དོན་འཆད་པ། ༤) མཚམས་སྦྱོར་བ།

༥) བརྒལ་བ་དང་ལན།

༡) དགོས་པའི་དོན་འཆད་པ།—ཉན་པ་པོ་སྤྲོ་བས་འཇུག་པའི་ཆེད་དུ་བསླབ་ པར་བྱ་བའི ་ དོ ན ་གྱི ་ དགོ ས ་པ་བསྟན་ཏེ ་ བསླབ་པ་ལ་འཇུག་པར་སྐུལ་

ཞིང་། “ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་ མར་དགོ ས ་པ་བརྗོ ད ་པར་བྱ། །”ཞེ ས ་པ་ལྟར་དགོ ས ་པ་བརྗོ ད ་དེ ་ སྤྲོ ་

ཤུགས་འཕེལ་བར་བྱེད་པ་ནི་སློབ་ཁྲིད་ཀྱི་ཐོག་མའི་བྱ་བའི་གལ་གནད་ དུ་བརྩིས་ཏེ། དེ་ལས་བསླབ་བྱ་གང་ཞིག་གི་འབྲས་བུ་མཐོང་བར་འགྱུར་ བས་ན་རྒྱུའི་སྐུལ་སློང་ལྟ་བུར་བརྩི་བ་ཞིག

༢) བསྡུས་པའི་དོན་འཆད་པ།—ཉན་པ་པོས་སློབ་ཚན་གྱི་ནང་དོན་བདེ་བླག་

ཏུ་རྟོ ག ས་པ་དང་ཡི ད ་ལ་འཛི ན ་བདེ ་ བའི ་ ཆེ ད ་དུ་ཚི ག ས་བཅད་ལྟ་བུའི ་

166

བརྗོད་པ་ཐུང་ངུའི་ལམ་ནས་སློབ་ཚན་དེའི་བརྗོད་དོན་བསྡུས་ཏེ་འཆད་ཁྲིད་

<<བསྟན་འགྱུར་དཔེ་སྡུར་མ། སེམས་ཙམ།>> ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས་༨༥།

སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་

ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ ཁང༌གིས་པར་དུ་བསྐྲུན།


བྱེད་པ་ཞིག

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 319

༣) ཚིག་གི་དོན་འཆད་པ།—ཚིག་གི་དོན་ནི་ཉན་པ་པོའ་ི རྗོད་བྱེད་ཀྱི་སྒྲ་ལ་

མི་རྨོངས་པའི་ཕྱིར་དུ་ཚིག་གིས་མཚོན་ཚུལ་བརྗོད་དེ། བརྗོད་བྱའི་དོན་ ལ་འཇུག་པར་བྱེད་པ་ཡིན་པས་བྱ་ཚིག་གི་ཁྱད་པར་དང་སྦྱོར་ཚུལ། རྣམ་ གྲངས་དུ་མར་འཇུག་པའི་མིང་དང་ཚིག་ལྟ་བུ་སྐབས་ཐོག་གོ་བ་ལེན་ཚུལ་ བརྗོད་དེ་མིང་དང་ཚིག་གི་འཁྲུལ་བ་ལྡོག་པར་བྱེད་པ་ཞིག

༤) མཚམས་སྦྱོ ར་བ། མཚམས་སྦྱར་བས་ཉན་པ་པོའ་ི རྗོད་བྱེད་སྒྲའི་སྦྱོ ར་

ལུགས་ཤེས་ཤིང་བརྡ་སྤྲོད་པའི་ལུགས་དང་མཐུན་ཞིང༌། བརྗོད་དོན་མ་ འཁྲུགས་པར་བྱ་བའི་ཕྱིར་དུ་མཚམས་སྦྱར་བའི་སྒོ་ནས་སློབ་ཁྲིད་བྱས་ཏེ་ གོང་འོག་ཚིག་དོན་གྱི་མཚམས་ལེགས་པར་འབྲེལ་བར་བྱེད་པ་ཞིག

༥) བརྒལ་ལན། བརྒལ་བ་དང་ལན་ནི་སྤྱིར་ཐ་དད་ཡིན་ཀྱང༌། བརྒལ་བས་དྲི་ བ་དང་ལན་འདེབས་བྱེད་པའི་སློབ་ཁྲིད་བགྲོ་གླེང་ཅན་གྱི་ངོ་བོའ་ི ཆ་ནས་

གཅིག་ཏུ་བརྗོད་དེ། དྲི་བ་དྲིས་ལན་གྱི་སློབ་ཁྲིད་དང་བགྲོ་གླེང་གི་སློབ་ ཁྲིད། གཞན་གྱི་ལུགས་དགག་པ་དང་རང་ལུགས་ཀྱི་སྒྲུབ་བྱེད་འགོད་པའི་

རིགས་ལམ་གྱིས་བསླབ་བྱའི་དོན་དེ་མངོན་སུམ་དང་རྗེས་དཔག་གི་ཚད་

མ་དང་མི་འགལ་བ་དང༌། དོན་སྔ་ཕྱི་མི་འགལ་བར་བྱས་ཏེ་སློབ་ཁྲིད་བྱེད་ པའི་སློབ་ཁྲིད་ཀྱི་མཐོ་རླབས་ལྟ་བུ་ཞིག་ཡིན་ལ། བརྒྱུད་སྤྲོད་ཙམ་མ་ཡིན་

པར་བསམ་གཞིགས་དཔྱད་བསྡུར་གྱི་སྤུས་ཚད་ལྡན་པའི་སློབ་ཁྲིད་བྱེད་ ཐབས་ཤ ིག་ཡིན་ནོ། །

ཁྲིད་ཐབས་ཡན་ལག་ལྔ་ནི་ནང་བསྟན་མཚན་ཉིད་རིག་པའི་སློབ་ཁྲིད་ཀྱི་

སྤྱི་འགྲོས་སུ་གྱུར་ཡོད་ལ། གཙོ་གནད་དེའི་དབང་གིས་སློབ་དཔོན་དབྱིག་གཉེན་


320 ཉམས་ཞིབ་དེབ་ཕྲེང་། ༡

གྱི<རྣམ་བཤད་རིགས་པའི>གཞུང་གི་བསྟན་དོན་གཙོ་བོའང་དེ་དག་ཡིན་ལ་དེར་ མདོ་འཆད་པའི་བཤད་ཐབས་ཀྱི་སྒོ་ནས་གསུངས་ཡོད་ཀྱང་ཁྲིད་ཐབས་འདི་དག་ གཞན་དང་གཞན་དུ་སྤྱོད་མི་རུང་བ་མ་ཡིན་ནོ། །

བཤད་ཐབས་ཡན་ལག་ལྔ་བོ་ལ་ནང་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པས་

ན་རྣམ་བཤད་རིགས་པར། “དགོས་པ་དེ་ཉིད་མདོ་སྡེའི་བསྡུས་པའི་དོན་ལས་ རྟོགས་པར་འགྱུར་རོ། བསྡུས་པའི་དོན་ཡང་ཚིག་གི་དོན་ལས་སོ། ཚིག་གི་དོན་གྱི་

གོ་རིམས་མི་འགལ་བ་ནི་མཚམས་སྦྱོར་བ་ལས་སོ། རིགས་པ་དང་མི་འགལ་བ་ དང༌། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལན་ལས་ཡིན་པས་བསྡུས་པའི་དོན་ལ་

སོགས་པ་ཡང་བརྗོད་པར་བྱའོ” ཞེས་གསུངས་པ་ལྟར་སློབ་ཁྲིད་བྱེད་པ་ལ་དོན་ 167

གྱི་དབང་དུ་བྱས་པའི་དགོས་པ་བརྗོད་པ་དང༌། བསྡུས་དོན་འཆད་པ། རིགས་པ་

དང་མི་འགལ་བ། དོན་སྔ་ཕྱི་མཚམས་སྦྱར་བ། དོན་གྱི་སྔ་ཕྱིའི་གོ་རིམ་མི་འགལ་ བ་དང་རྗོད་བྱེད་ཚིག་གི་སྔ་ཕྱི་མི་འགལ་བ། ཚིག་སྔ་ཕྱི་མཚམས་སྦྱོར་ཐབས་ཤ ེས་

པ་བཅས་ཀྱི་སྒོ་ནས་སློབ་ཁྲིད་ཐབས་ལམ་ཤེས་དགོས་པ་མ་ཟད་སློབ་ཁྲིད་ཐུན་ གཅིག་གི་ནང་དུའང་ཁྲིད་ཐབས་ལྔའི་བར་དུ་འབྲེལ་བ་དམ་པོ་ཡོད་པ་དང༌། ཕན་

ཚུན་གཞོགས་འདེགས་ཀྱི་སྒོ་ནས་ཁྲིད་ན་འཆད་ཉན་བདེ་བླག་ངང་ལེགས་འགྲུབ་ ཡོང་བར་བསྟན་པའོ། །

167

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༨༥། སློབ་

དཔོན་དབྱིག་གཉེན་གྱིས་མཛད།

རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཁང༌གིས་པར་དུ་བསྐྲུན།

ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 321

༢ དགོས་པ་འཆད་པའི་ཁྲིད་ཐབས། རིན་ཐང་དཔྱད་འཇོག་གི་སློབ་ཁྲིད།

མཁས་འཇུག་ལས། བསྟན་བཅོས་དམ་པ་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་

དགོས་པ་བཤད། ཞེས་པ་ལྟར་དགོས་པ་འཆད་པའི་སྐབས་སུ། “དགོས་པ་ནི་ 168

བསྡུས་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཀུན་དུ་རྨོངས་པ་རྣམས་ལ་ཡང་དག་

པར་བསྟན་པ་དང༌། བག་མེད་པ་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པ་དང༌། ཀུན་ཏུ་ཞུམ་པ་རྣམས་ལ་ཡང་དག་པར་དགའ་བར་བྱ” ཞེས་གསུངས་པ་ལྟར་དུ་ 169

བསླབ་པར་བྱ་བའི་དོན་གྱི་དགོས་པ་སྔོན་དུ་འཆད་པ་ལ་དགོས་པ་བཞི་དག་ཡོད་ པ་ནི། ༡) ཡང་དག་པར་བསྟན་པ་དང༌། ༢) ཡང་དག་པར་ལེན་དུ་འཇུག་པ་དང༌།

༣) ཡང་དག་པར་གཟེངས་བསྟོད་པ་དང༌། ༤) ཡང་དག་པར་དགའ་བར་བྱེད་པ་

དང༌། བཞི་ནི་ཉན་པ་པོ་བསླབ་པ་ལ་འཇུག་པར་ཡང་དག་པ་བཞིའི་འཆད་ཐབས་ ཡིན་ཞིང༌། འཆད་ཐབས་དེ་ལ་བརྟེན་ནས་རིམ་པ་བཞིན་དུ། ༡) ཀུན་ནས་རྨོངས་པ་ དང༌། ༢) བག་མེད་པ་དང༌། ༣) ཀུན་ནས་ཞུམ་པ་དང༌། ༤) ཡང་དག་པར་ཞུགས་ པ་བཅས་སློབ་མའི་ཁྱད་ཆོས་མི་འདྲ་བ་བཞི་ལ་ལྟོས་ཏེ་བཤད་པའི་ཐབས་བསྟན་པ་ ཡིན་ཤ ིང༌།

168

169

༡) མི་ཤ ེས་པ་དང་། ཐེ་ཚོམ་ཅན་དང༌། ལོག་པར་ཤ ེས་པའི་ཀུན་ཏུ་རྨོངས་

<<མཁས་པ་འཇུག་པའི་སྒོ>> ཤོག་ངོས༡༠། ས་པཎ་ཀུན་དགའ་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་གིས་

པར་དུ་བསྐྲུན།

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས་༨༦། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཁང༌གིས་པར་དུ་བསྐྲུན།

ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་


322 ཉམས་ཞིབ་དེབ་ཕྲེང་། ༡

པ་རྣམས་ལ།—ཡང་དག་པར་བསྟན་པ་དང༌། ༢) ལེ་ལོ་ཅན་དང་འདུན་པ་མེད་ པ་དང༌། གཡེང་བ་རྣམས་ལ།—ཡང་དག་པར་ལེན་དུ་འཇུག་པ་དང༌། ༣) དམན་

པ་ལ་དགའ་བ་དང༌། རང་ཉིད་ལ་ཉེས་ཏེ་བདག་མི་ནུས་སོ་སྙམ་པའི་འགྱོད་སྐྱོའ་ི སེམས་ནད་ཅན་རྣམས་ལ།—ཡང་དག་པར་གཟེངས་བསྟོད་པ། ༤) བསླབ་པའི་

དོན་ལ་ཞུགས་པ་རྣམས། དགའ་བ་སྐྱེས་ཤིང་མུ་མཐུད་གུས་སྦྱོར་དང་རྟག་སྦྱོར་གྱི་ བརྩོན་འགྲུས་བརྟན་པོ་གཟུག་པ།

སློབ་མ་གཅིག་ལའང་གོང་གི་ཁྱད་ཆོས་གཅིག་དང་ཁ་ཤ ས་ཚང་བ་བཅས་

སྣ་ཚོགས་ཡོད་མོད། རྩ་བའི་ཆ་ནས་བསླབ་པ་ལམ་དུ་ཞུགས་པའི་སློབ་མའི་ཁྲོད་

དུ་ཐོག་མའི་ཆ་ལ་འདི་འདྲའི་རིགས་བཞི་ཡོད་པ་དག་སློབ་སྦྱོང་ལ་མུ་མཐུད་འཇུག་ ཅིང་སྤྲོ་བ་བརྟས་པར་བྱས་ཏེ།

༡) ལེན་དུ་འཇུག་པ་དང༌།

༢) འདུལ་བར་བྱེད་པ་དང༌།

༣) འཇུག་པར་བྱེད་པ་དང༌།

༤) རབ་ཏུ་འཇོག་པར་བྱེད་པ བཅས་ཀྱི་འཆད་ནུས་ལྡན་པའི་སློབ་དཔོན་ 170

གྱི ས ་ཡང་དག་པར་བསྟན་པས་བསླབ་པའི ་ ཚུལ་དེ ་ དགའ་བའི ་ སྒོ ་ ནས་ལེ ན ་དུ་

འཇུག་པ་དང༌། ཡང་དག་པར་ལེན་དུ་བཅུག་པས་གུས་པའི་སྒོ་ནས་བསླབ་པའི་ དོན་ལ་བརྩོན་པར་སྐུལ་བས་འདུལ་བར་བྱེད་པ་དང༌། ཡང་དག་པར་གཟེངས་

བསྟོད་པ་ལ་བརྟེན་ནས་བསླབ་པའི་དོན་ཉམས་སུ་ལེན་པར་སྐུལ་བས་འཇུག་པར་

170

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས་༨༧། སློབ་

དཔོན་དབྱིག་གཉེན་གྱིས་མཛད།

རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ལ་ཕབ།

ཁང༌གིས་པར་དུ་བསྐྲུན།

ཀྲུང་གོའ ི་བོད་ཀྱི་ཤ ེས་དཔེ་སྐྲུན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 323

བྱེད་པ་དང༌། ཡང་དག་པར་དགའ་བར་བྱས་ཏེ་བསླབ་པའི་དོན་ཉམས་སུ་ལེན་པ་ དང་དོན་དེ་ལས་སེམས་མི་གཡོ་བར་བསྐུལ་བས་རབ་ཏུ་འཇོག་པར་བྱེད་དོ། །

ཐོག་མར་དགོས་པ་བརྗོད་པའི་གཙོ་གནད་དེ་རེའུ་མིག་གི་ལམ་ནས་མཚོན་

པར་བྱས་ན། དགོས་པ་སྔོན་དུ་བརྗོད་པའི་སྒོ་ནས་སློབ་ཁྲིད་བྱེད་པའི་ནང་དོན་ མཚོན་ཐབས།

དགོས་པ་བསྟན་པའི་ཡུལ།

དགོས་པའི་ནང་དོན།

དམིགས་ཡུལ།

༡ ཀུན་ཏུ་རྨོངས་པའི་སློབ་མ།

ཡང་དག་པར་བསྟན་པ།

ལེན་དུ་འཇུག་པ།

༣ ཡིད་ཞུམ་པའི་སློབ་མ།

ཡང་དག་པར་གཟེངས་བསྟོད་པ།

འཛུད་པར་བྱེད་པ།

༢ ལེ་ལོ་ཅན་དང་འདུན་པ་མེད་པ། ཡང་དག་པར་ལེན་དུ་འཇུག་པ། ༤ ཡང་དག་པར་ཞུགས་པ།

ཡང་དག་པར་དགའ་བར་བྱེད་པ།

འདུལ་བར་བྱེད་པ། རབ་ཏུ་འཇོག་པར་བྱེད་པ།

༣ བསྡུས་དོན་གྱི་ཁྲིད་ཐབས། གནད་བསྡུས་སློབ་ཁྲིད།

“བསྡུས་པའི་དོན་ནི་མདོ་སྡེའི་ལུས་ཡིན་ཏེ།” ཞེས་པ་དང༌། ངག་དོན་ནི་གཞུང་ 171

དེར་ཡོད་ན་དེ་ཉིད་གོ་བདེ་བའི་སྒོ་ནས་བསྟན་དགོས་པ་དང་གཞུང་དེར་མེད་ན་

རིག་ཚན་དེའམ་སློབ་ཚན་དེ་དང་འབྲེལ་བ་ཞིག་གཞུང་གཞན་དུ་བཙལ་ནས་བཀོད་ དགོས་པར་བསྟན་པ་དང༌། 171

བསྡུས་པའི་དོན་ལ་རྣམ་པ་གཉིས། །

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༩༡། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་

བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་པར་དུ་བསྐྲུན།


324 ཉམས་ཞིབ་དེབ་ཕྲེང་། ༡

ངག་དོན་བསྡུས་ཏེ་བསྟན་པ་དང༌། །

གཞུང་དོན་སོ་སོའ ི་བསྡུས་དོན་ནོ། ། ཞེས་གསུངས་པ་ལྟར་དུ། 172

ངག་དོན་ལ་དབྱེ་ན་ངག་དོན་བསྡུས་ནས་བཤད་པ་དང༌། གཞུང་གི་དོན་

བྱེ་བྲག་པ་རེ་རེ་སོ་སོར་བསྡུས་ཏེ་འཆད་པའི་རིགས་གཉིས་ཡོད། འདིའི་དོན་ ནི་བསླབ་བྱ་གང་ཞིག་རྟོགས་སླ་བ་དང་བཟུང་བདེ་བའི་ཕྱིར་དུ་བསླབ་བྱའི་སྙིང་

པོ་རྣམས་བསྡུས་ཏེ་ཚིག་ཉུང་དོན་བསྡུས་ཀྱིས་བཤད་པའི་དོན་ཡིན་ལ། སྔོན་གྱི་ མཁས་པ་རྣམས་ཀྱིས་གཞུང་རྩོམ་པའི་སྐབས་སུའང་དོན་བསྡུས་ཚིགས་བཅད་ཀྱི་ ལམ་ནས་བསྡུས་དོན་འགོད་སྲོལ་ཡོད། བསྡུས་དོན་བཤད་པའི་ཁྲིད་ཐབས་འདི་

ནི་གནའ་དེང་ཁྲིད་ཐབས་གང་གི་སྐབས་སུའང་སྤྱོད་ཆེ་བ་ཡིན་ཏེ། བསླབ་བྱའི་ ནང་དོན་ཕྱོགས་གཅིག་ཏུ་དྲིལ་ཏེ་འཁྲིད་པ་ཞིག་དང༌། དེའང་གཞུང་གང་ཞིག་དང་ སློབ་ཚན་གང་ཞིག་གི་རྒྱས་པའི་དོན་གནད་བསྡུས་ཀྱིས་སློབ་ཁྲིད་ཀྱི་ཐོག་མར་

མངོན་རྟོག་རྒྱན་ལྟར་དུ་དོན་ཡོངས་རྫོགས་དངོས་པོ་བརྒྱད་དུ་བསྡུས་ནས་ཁྲིད་པ་

ལྟར་སློབ་ཁྲིད་ཀྱི་ཐོག་མར་བཤད་པ་དང༌། ཡང་ན་སྔོན་དུ་རྟེན་འབྲེལ་ཡན་ལག་ བཅུ་གཉིས་རྒྱས་པར་བཤད་པའི་མཐའ་དོན་ཡོངས་རྫོགས་ཉོན་མོངས་པ་གསུམ་

དུ་བསྡུས་ནས་བཤད་པ་ལྟ་བུའི་རིགས་གཉིས་ཡོད། འདི་ནི་སློབ་སྦྱོང་གང་ལའང་

སྨན་པས་ན་སྲོལ་རྒྱུན་གྱི་གཞུང་རྣམས་སུ་བསྡུས་དོན་བཀོད་དེ་འཆད་ཁྲིད་བྱེད་ པར་དགོས་པ་བདུན་གྱི་སྒོ་ནས་བསྟན་ཡོད་དེ། <མཁས་འཇུག>ལས།

དོན་བསྡུས་ཚིག་གསལ་བརྗོད་པ་བདེ། །

172

ངག་ཉུང་ཚིག་སྙོམས་གཟུང་བ་སླ། །

<<མཁས་པ་འཇུག་པའི་སྒོ>> ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། ཤོག་ངོས་༧༨། མི་རིགས་དཔེ་

སྐྲུན་ཁང་གིས་པར་དུ་བསྐྲུན།


བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། ། དེ་འདྲ་གང་གིས་ཤེས་དེ་མཁས། །

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 325

173

ཞེས་གསུངས་པའི་སྐབས་སུའང༌། ༡) དོན་བསྡུས་པ་དང་། ༢) ཚིག་གསལ་

བ༑ ༣) བརྗོད་པ་བདེ་བ། ༤) ངག་ཉུང་བ། ༥) ཚིག་སྙོམས་པ། ༦) གཟུང་སླ་

བ༑ ༧) གཞུང་གོ་བ་བཅས་ཀྱི་སྒོ་ནས་བསྡུས་དོན་འཆད་པའི་འཁྲིད་ཐབས་ཀྱི་གཙོ་

གནད་མཐོང་ཐུབ་མོད། འོན་ཀྱང་ཁྲིད་ཐབས་འདིའི་ཁྱད་ཆོས་གསལ་བོར་རྟོགས་ པའི་ཕྱིར་དུ་འགྲེལ་བརྗོད་ཅུང་ཟད་བྱ་བར་འདོད་དེ།

༡) དོན་བསྡུས་པ་ནི།—བརྗོད་བྱའི་དོན་སྤྱི་དང་བྱེ་བྲག་བརྗོད་དོན་སོ་སོ་བའི་ དབྱེ་བ། གོ་རིམ་མ་འཁྲུགས་པ་དང་མ་འདྲེས་པའི་སྒོ་ནས་བརྗོད་བྱའི་དོན་ རྣམས་ཕྱོགས་བསྡུས་བྱས་པའི་དོན་དུ་ངེས།

༢) ཚིག་གསལ་བ་ནི།—གོ་མི་བདེ་ཞིང་མི་གསལ་བའི་རང་བཞིན་ཅན་ཞིག་

དགོས་ཏེ་བསྡུས་དོན་བཀོད་པའི་ངག་གང་ཞིག་གིས་ངག་དོན་བསྡུས་པའི་ བརྗོད་བྱའི་དོན་གང་སྟོན་པ་རྣམས་གསལ་བོར་གོ་བ་ཞིག་ལ་བྱ་བར་ངེས།

༣) བརྗོད་བདེ་བ་ནི།— ངག་དོན་བསྡུས་པའི་ཚིག་གང་ཞིག་བརྗོད་བདེ་ཞིང་ ངག་ལ་འཇམ་པའི་རང་བཞིན་ཅན་ཏེ། སྡེབ་ལེགས་ཚིག་གི་འཕྲེང་བར་ བསྡུས་པ་ཀློག་པ་ཙམ་གྱིས་བློར་འཛིན་ཐུབ་པ་ཞིག་དགོས་པར་ངེས།

༤) ཚིག་ཉུང་བ་ནི།— ངག་དོན་བསྡུས་པ་ནི་བརྗོད་བྱའི་དོན་གོ་སླ་བ་དང་

བཟུང་བདེ་ཕྱིར་དུ་ཆེས་བསྡུས་པ་ཞིག་ཡིན་ཕྱིར། རྗོད་བྱེད་ཚིག་གི་སྤྲོས་ པ་ཧ་ཅང་ཉུང་བའི་གནད་བསྡུས་རང་བཞིན་ཅན་ཞིག་དགོས་པར་ངེས།

༥) ཚིག་སྙོམས་པ་ནི།— ཚིགས་སུ་བཅད་པའི་གཅོད་མཚམས་དང༌། ཚིག་

173

<<མཁས་པ་འཇུག་པའི་སྒོ>> ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། ཤོག་ངོས་༧༩། མི་རིགས་དཔེ་

སྐྲུན་ཁང་གིས་པར་དུ་བསྐྲུན།


326 ཉམས་ཞིབ་དེབ་ཕྲེང་། ༡

འགྲོས་སྙོམས་པ་དང༌། སྡེབ་སྦྱོར་གྱི་སྐྱོན་མེད་པ་ཞིག་དགོས་ལ། ལྷུག་ པའི་ལམ་ནས་འཆད་ཀྱང་ཚིག་འགྲོས་སྙོམས་ལ། ཚིག་ཕན་ཚུན་གདངས་ ཤུགས་མཉམ་པ་ཞིག་དགོས་པར་ངེས།

༦) བཟུང་སླ་བ་ནི།—གོང་གི་ཚིག་སྙོམས་པ་དང༌། འབྲེལ་བ་ཆེ་ཆེར་ཡོད་

དེ་ཚིག་གི་འགྲོས་མཉམ་ཞིང་གོང་འོག་རང་བཞིན་གྱིས་འདྲེན་ཐུབ་ཅིང༌། ཡིད་ངོར་འབབ་སླ་ཞིང་བློ་ལ་བཟུང་བདེ་བ་ཞིག་དགོས་པར་ངེས།

༧) གཞུང་གོ་བ་ནི།—བསྡུས་པའི་དོན་བདེ་བླག་ཏུ་རྟོགས་སླ་བ་དེ་ལ་བརྟེན་

ནས་གཞུང་དོན་གོ་བར་ཕན་གྲོགས་སུ་འགྱུར་བ་དང༌། གཞུང་དོན་གཞན་ དུ་མི་འཁྲུལ་བ་ཞིག་འབྱུང་བར་ཕན།

བསླབ་པར་བྱ་བའི་གཞུང་གང་དང་གང་གི་བསྡུས་དོན་གྱི་ཁྲིད་ཐབས་ཕུན་

སུམ་ཚོགས་པ་ཞིག་འབྱུང་བ་ལ་འཆད་པ་པོས་ཐོག་མར་གཞུང་དོན་བདེ་བླག་ཏུ་ རྟོགས་ཤ ིང་བརྗོད་བྱ་སོ་སོར་མ་ཕྱེས་པར་སྤྱི་ལ་སྡོམ་རྒྱག་པ་དང༌། བྱེ་བྲག་སོ་

སོར་ཕྱེས་པ། སྤྱི་ཁོག་ངེས་ཤིང་ཡན་ལག་རྣམས་བསྡུ་ནུས་པ། སྤྱིའི་བསྡུས་དོན་ ཁྱབ་ཆེ་ཞིང་བྱེ་བྲག་གི་བསྡུས་དོན་གོ་བདེ་ཞིང་རང་གིས་བརྗོད་བདེ་ལ་གཞན་ གྱིས་རྟོགས་སླ་བ། གཉིས་ཀར་རྣར་སྙན་པ་ཞིག་དགོས་པས་ན་གོང་དུ་གསལ་

བའི་བསྡུས་དོན་གྱི་ཡོན་ཏན་བདུན་དང་ལྡན་དགོས། གོང་གི་ཡོན་ཏན་བདུན་ག་ དང་ལྡན་པའི་སྒོ་ནས་གཞུང་དོན་སློབ་ཁྲིད་བྱས་ན། ༡) བརྗོད་བྱའི་དོན་མ་བསྡུས་ པ་དང༌། ༢) བསྡུས་དོན་གྱི་ཚིག་མི་གསལ་བ། ༣) འཆད་པ་ལ་བརྗོད་མི་བདེ་བ། ༤) ངག་མང་བ། ༥) ཚིག་མི་སྙོམས་པས་ཚིག་འགྲོས་ཀྱི་མཛེས་པ་ཤ ོར་བ། ༦)

ཚིག་དོན་མི་འབྱོར་བས་ཡིད་ལ་འཛིན་དཀའ་བ། ༧) བསྡུས་དོན་གྱིས་གཞུང་གི་ དོན་བསྟན་མི་ཐུབ་པ་བཅས་ཀྱི་སྐྱོན་དག་སྤངས་པར་འགྱུར་རོ། །


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 327

བསྡུས་པའི་དོན་བསྟན་པའི་སྒོ་ནས་ཁྲིད་ཐབས་ཀྱི་གནད་སྟོན་པའི་རེའུ་མིག ཨང་།

བསལ་བྱའི་སྐྱོན།

སེལ་བྱེད་ཡོན་ཏན།

བརྗོད་བྱའི་དོན་མ་བསྡུས་པ།

བརྗོད་བྱའི་དོན་གྱི་བསྡུ་ཤུགས་ཆེ་བ།

འཆད་པ་ལ་བརྗོད་མི་བདེ་བ།

བརྗོད་པ་བདེ་བ།

བསྡུས་དོན་གྱི་ཚིག་མི་གསལ་བ།

ཚིག་དོན་གོ་སླ་བ།

ངག་མང་པས་བསྡུས་དོན་གྱི་དོན་བརླག་པ། བརྗོད་ངག་ཉུང་བ།

ཚིག་ཁྲིགས་མི་སྙོམས་པ།

ཚིག་འགྲོས་སྙོམ་པ།

གཞུང་དོན་གོ་བར་མི་ཕན་པ།

གཞུང་དོན་གོ་བར་ཕན་པ།

ཚིག་དོན་མི་འབྱོར་བ།

ངག་ཚིག་རྣར་སྙན་པས་བཟུང་སླ་བ།

གོང་དུ་བཤད་པའི་ངག་དོན་བསྡུས་པའི་སློབ་ཁྲིད་བྱེད་ཐབས་འདི་ནི་ས་པཎ་

གྱི་མཁས་འཇུག་སོགས་ལ་ཁུངས་བཅོལ་ཏེ་འཚོལ་ཞིབ་བྱས་པ་ཞིག་ཡིན། གཞུང་

དེ་དག་ཏུ་གཙོ་བོ་གཞུང་ལུགས་ཆེན་པོ་སློབ་ཁྲིད་བྱེད་པ་དང༌། གཞུང་རྩོམ་སྐབས་ ཀྱི་བསྡུས་དོན་བསྟན་པའི་དགོས་པའི་ངོས་ནས་གསུངས་ཡོད་ཀྱང༌། དེང་གི་ཐ་

སྙད་དང་ཁྲིད་ཐབས་ཀྱི་སྒོ་ནས་བསྡུས་དོན་གྱི་གོ་བ་རྒྱ་ཆེར་གཏོང་ན། སློབ་ཁྲིད་ ཁྲོད་ཀྱི་བསྡུས་ཁྲིད་བྱས་པའི་ནང་དོན་དུ་ངེས་ཏེ། ཕུལ་བྱུང་སློབ་དཔོན་དག་གིས་

རིག་ཚན་གང་ཞིག་དང་སློབ་ཚན་གང་ཞིག་སློབ་ཁྲིད་བྱེད་པའི་ཐོག་མའི་ཆར་སློབ་ ཁྲིད་འཆར་ཟིན་འབྲི་བའི་སྐབས་སུ་དོན་བསྡུས་ཟུར་འདོན་བྱས་ཏེ་འབྲི་བ་དང༌། དེ་ ཉིད་ཚིགས་བཅད་དུ་སྡེབ་པ། ཡང་ན་ཟིན་བྲིས་ཕབ་སྟེ་སློབ་ཁྲིད་སྔོན་འགྲོ་ལྟ་བུར་ བསླབ་བྱའི་ནང་དོན་བསྡུས་ཁྲིད་བྱས་ཏེ་སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་འབྱིན་

པར་བྱེད་པ་དེ་ཡིན་ལ། སློབ་དཔོན་ཞིག་གིས་བསྡུས་ཁྲིད་བྱེད་པ་ནི་ཐོག་མར་ཁྲིད་

བྱ་དེ་བྱང་ཆུབ་ཅིང་དེའི ༡) དཀའ་གནད་དང༌། ༢) གཙོ་གནད། ༣) གནད་འགག་


328 ཉམས་ཞིབ་དེབ་ཕྲེང་། ༡

གསུམ་བཅས་ཤ ེས་རྟོགས་བྱེད་ཐབས་ཤིག་ཀྱང་ཡིན་ནོ། །

༤ ཚིག་དོན་བཤད་པའི་ཁྲིད་ཐབས། ཚིག་དོན་རྒྱས་འགྲེལ་གྱི་སློབ་ཁྲིད།

“ཚིག་གི་དོན་ནི་བརྗོད་པ་གང་གིས་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ཡང་ཁ་ ཅིག་ནི་གཅིག་ལ་དྲུག་བྱུང་བ་དང༌། ཁ་ཅིག་ནི་དྲུག་ལ་གཅིག་བྱུང༌།”

174

ཞེས་

གསུངས་པར་གཞིག་ན་ཚིག་གཅིག་ལ་དོན་མི་འདྲ་བ་དྲུག་བྱུང་བ། ཡང་ཚིག་མི་

འདྲ་བ་དྲུག་ལ་དོན་གཅིག་བྱུང་བ་ལྟ་བུ་མང་པོ་ཡོད་པས་དེ་དག་གི་དོན་ལ་མ་ རྨོངས་པར་ཚིག་གི་འཇུག་ཚུལ་དང༌། ཐ་སྙད་ཀྱི་འཇུག་དོན། བསྡུ་ལུགས་དང་ གྲོལ་ལུགས་བཅས་ཤ ེས་དགོས་པར་བསྟན་ཡོད་ལ། དེའི་ཐད་མདོ་སྡེ་ནས་དྲངས་

ཏེ་མཚན་གཞི་ཤིན་ཏུ་རྒྱས་པ་བཞག་ཡོད་ཀྱང༌། མདོར་བསྡུས་ན་གོང་གི་དོན་ བཞིར་འདུས་སོ། ། “གསུམ་པ་ཚིག་གི་དོན་བཤད་པ་ནི། ཚིག་གི་སྦྱོར་བ་དང༌། ཚིག་རྣམ་པར་བཤད་པའི་ཚུལ་ལོ།”

175

ཞེས་གསུངས་པར་གཞིག་ན་ས་པཎ་གྱི་

མཁས་འཇུག་གི་ཚིག་དོན་འཆད་པའི་སློབ་ཁྲིད་བྱེད་ཐབས་དག་བསྡུས་ན་ཚིག་གི་

སྦྱོར་བ་དང༌། ཚིག་རྣམ་པར་བཤད་པའི་ཚུལ་གཉིས་སུ་འདུ་ཚུལ་ཡོད་ལ། “ཚིག་དུ་ མ་དོན་གཅིག་པ་ནི་དཔེར་ན་རྣམ་གྲངས་ཀྱི་ཚོགས་ལྟ་བུའོ། །གཞན་ཡང་དོན་རྣམ་ 174

<<བསྟན་འགྱུར་དཔེ་སྡུར་མ། སེམས་ཙམ།>> ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༩༡། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

175

པར་དུ་བསྐྲུན།

<<དཔལ་ལྡན་ས་སྐྱ་པའི་གསུང་རབ། >> པོད་དྲུག་པ། ཟློས་གར་དང་མཁས་འཇུག <མཁས་པ་རྣམས་

འཇུག་པའི་སྒོ་ཡི་རྣམ་པར་བཤད་པ་རིག་གནས་གསལ་བྱེད་འཕྲུལ་གྱི་མེ་ལོང་།

གློ་བོ་མཁན་ཆེན་བསོད་

ནམས་ལྷུན་གྲུབ་ཀྱིས་བརྩམས། ཤོག་ངོས་༡༥༦། མི་རིགས་དཔེ་སྐྲུན་ཁང༌དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང༌གཉིས་ཀྱིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 329

པ་གསུམ་སྟེ། སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་དང༌། བསྡུས་པའི་དོན་དང༌།

དགོས་པའི་དོན་ནོ། །” ཞེས་གསུངས་པ་ལྟར་དབྱེ་ན་ཚིག་གི་འགྲེལ་ལུགས་ལ་ 176

དབྱེ་བ་གསུམ་དུ་ཕྱེས་ཡོད་དེ།

༡) བརྗོད་བྱའི་དོན་རེ་རེ་བརྗོད་པ། ༢) བསྡུས་པའི་དོན་བརྗོད་པ།

༣) དགོས་པའི་དོན་བརྗོད་པ།

༡) བརྗོད་བྱའི་དོན་རེ་རེ་བ་བརྗོད་པའི་འཆད་འགྲེལ་གྱི་ཁྲིད་ཐབས་ནི། བརྗོད་

དུམ་རེ་རེ་བའི་ནང་གི་གཙོ་ཚིག་དང་ཕལ་ཚིག་གི་དབྱེ་བ་ཕྱེས་ཏེ་གཙོ་ཚིག་གི་

གནད་འབྱིན་ཐབས་ཤིག་ཡིན། “དཔེར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་

ཞེས་བྱ་བ་ལ་མ་རིག་པ་གང་ཞེ་ན”ཞེས་པ་ལྟ་བུའི་གཙོ་ཚིག་གི་སྟེང་ནས་བརྗོད་ དོན་གཙོ་བོ་ཕྱིར་འདོན་བྱེད་ཐབས་ཤིག་ཡིན།

༢) བསྡུས་པའི་དོན་ནི་ཚིག་མང་པོའ་ི ཚོགས་པ་ལས་བྱུང་བའི་ནང་དོན་ཏེ་

ཚིག་གམ་བརྗོད་པ་རེ་རེ་བའི་སྒོ་ནས་ཀྱང་བཀྲལ་དུ་ཡོད་ལ། བརྗོད་བྱའི་དོན་ཐ་ དད་པ་ཡོད་པའི་བརྗོད་དོན་མང་པོ་ཚོགས་པར་བརྟེན་ནས་བརྗོད་བྱའི་དོན་གཅིག་

གམ་ཁ་ཤ ས་བསྟན་པ་ཞིག་ལ་བྱ། དཔེར་ན། “ཇི་ལྟ་བུར་སྲིད་པའི་ཡན་ལག་བཅུ་ གཉིས་པའི་ཚིག་རྣམས་ཀྱིས་མདོར་ཀུན་ནས་ཉོན་མོངས་པ་གསུམ་པོ་ཉོན་མོངས་ པ་དང་། ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་བསྟན་པ”ལྟ་བུའོ། ། 176

༣) དགོས་པའི་དོན་ནི་ཚིག་གཅིག་པ་དང་དོན་གཅིག་པའི་རྣམ་གྲངས་དུ་

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི་-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༠༢། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

པར་དུ་བསྐྲུན།


330 ཉམས་ཞིབ་དེབ་ཕྲེང་། ༡

མའི་བརྗོད་ངག་ཅན་ལ་ཚིག་རེ་རེ་བའི་སྒོ་ནས་བརྗོད་དོན་གཞན་མེད་པར། དེ་དག་

གིས་བརྗོད་པར་བྱ་བའི་བརྗོད་དོན་གཅིག་ཁོ་ན་འཆད་པའི་ཁྲིད་ཐབས་ཤ ིག་སྟེ། དེ་ ལ༑ བསྟན་པ་དང༌། བཤད་པ་གཉིས་ཡོད་པ་ལས།

༡) བསྟན་པ་ནི། དཔེར་ན། “ཀུན་དགའ་བོ་ཡིད་ཕྱི་རོལ་ཏུ་བཞག་ནས་ཡིད་

ཕྱི་རོལ་ཏུ་བཞག་གོ་སྙམ་པ་དང༌། དེའི་འོག་ཏུ་སྔ་མ་བཞིན་དུ་མངོན་པར་བསྡུས་ ནས་བདག་གི་ཡིད་ཕྱི་རོལ་ཏུ་བཞག་ཅིང་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ ལྟ་བ་བཞིན་དུ་རབ་ཏུ་ཤ ེས་སོ”ཞེས་པ་ལྟ་བུ་བསྡུས་པའི་དོན་དང༌། ཚིག་རེ་རེ་བའི་

དོན་མི་འདྲ་བར་ཚིག་གི་རྣམ་གྲངས་དུ་མས་དགོས་པའི་དོན་འཆད་པའི་ཁྲིད་ཐབས་ ཤིག་ཡིན།

༢) བཤད་པ་ནི། དཔེར་ན། “མཆོག་ཏུ་གཞོན་ནུ་དང༌། རབ་ཏུ་གཞོན་ནུ”ལྟ་

བུ་སྟེ་དོན་གཅིག་ལ་ཚིག་ཡང་གཅིག་ཅིང་ཚིག་གི་རྣམ་གྲངས་ཀྱི་སྒོ་ནས་ཡང་ཡང་

ངག་ཏུ་བླངས་ཏེ་ཟབ་ཏུ་གཏོང་བའི་དགོས་མཁོར་དམིགས་པ་ལས་དོན་གྱི་གནད་ གཅིག་ཁོ་ན་བསྟན་པ་ལྟ་བུའོ། །

ཚིག་དོན་འཆད་ཐབས་བཞི།

“གཞན་ཡང་རྣམ་པ་བཞི ་ དག་གི ས ་ཚི ག ་གི ་ དོ ན ་རི ག ་པར་བྱ་སྟེ ” ཞེ ས ་པའི ་ 177

སྐབས་ནས་བསྟན་པའི་རྣམ་པ་བཞིའི་སྒོ་ནས་ཚིག་གི་དོན་འཆད་ཚུལ་ནི། ༡) རྣམ་ གྲངས་ཀྱིས་འཆད་པ་དང༌། ༢) མཚན་ཉིད་ཀྱིས་འཆད་པ་དང༌། ༣) ངེས་པའི་ཚིག་ གིས་འཆད་པ་དང༌། ༤) རབ་ཏུ་དབྱེ་བས་འཆད་པའོ། ། 177

<<བསྟན་འགྱུར་དཔེ་སྡུར་མ།>>སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༢༡༠། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 331

༡) རྣམ་གྲངས་ཀྱིས་འཆད་ཚུལ་ནི།— དོན་གང་ཞིག་ཡང་དག་པར་རྟོགས་པའི་ ཕྱིར་དུ་མིང་གི་རྣམ་གྲངས་གཞན་དུ་མའི་སྒོ་ནས་དོན་ཟློས་ཏེ་འཆད་པའོ། །

༢) མཚན་ཉིད་ཀྱིས་འཆད་ཚུལ་ནི།— དོན་གང་ལ་མིང་དུ་གང་བཏགས་པ་ དང་མིང་དེས་དོན་གང་ཞིག་བསྟན་པའི་ཚུལ་བསྟན་ཏེ་འཆད་པའོ། །

༣) ངེས་པའི་ཚིག་གིས་འཆད་ཚུལ་ནི།— དོན་གང་ལ་མིང་དུ་གང་བཏགས་ པའི་མིང་གི་རྒྱུ་མཚན་བརྗོད་པའོ། །

༤) རབ་ཏུ་དབྱེ་བ།— བརྗོད་པར་བྱ་བའི་དོན་དེ་ཉིད་དོན་གང་དུ་གཏོགས་པ་ དང་རིགས་གང་ཡིན་པ་བཅས་ཚུལ་གཞན་དང་མ་འདྲེས་པར་དབྱེ་བའི་སྒོ་ ནས་འཆད་པའོ། །

ཚིག་གི་སྦྱོར་བ།

ཚི ག ་དོ ན ་བཤད་པའི ་ ཁྲི ད ་ཐབས་ནི ་ སློ བ ་ཁྲི ད ་མཐའ་དག་ལ་ཁྱབ་པ་ཞི ག ་ཡི ན ་

ལ༑ འདི་ནི་ཚིག་གི་སྦྱོར་ལུགས་ལ་བརྟེན་ནས་བརྗོད་བྱའི་ནང་དོན་འཚོལ་བསྡུ་

བྱེད་ཐབས་ཤ ིག་ཡིན། དངོས་ཡོད་བསླབ་པར་བྱ་བའི་གཞུང་གང་ཞིག་ཡིན། རྗོད་

བྱེད་ཚིག་གི་རིག་བྱེད་ལ་མ་བརྟེན་པ་གཅིག་ཀྱང་མེད། དེ་ན་ཐོག་མར་ཚིག་ལ་མ་ རྨོངས་པར་བྱས་ཏེ་ཚིག་གི་མདུད་པ་བཀྲོལ་དགོས་པ་ཞིག་ཡིན་ཕྱིར། ཚིག་གི་ སྦྱོར་ལུགས་ཀྱི་གནད་དག་བཀྲོལ་ཏེ་བརྗོད་ངག་གི་གོ་དོན་བཙལ་དགོས་པས་ན་

སྲོལ་རྒྱུན་སློབ་ཁྲིད་ཁྲོད་དུ། ལུང་དུ་སྟོན་པའི་ལུགས་དང་མི་འགལ་བའི་སྒོ་ནས་ ཚིག་གི་སྦྱོར་ལུགས་ལ་དཔྱད་པ་བྱེད་ཚུལ་ལ་རྣམ་པ་དྲུག་ཏུ་བསྟན་ཡོད་པ་ནི་ཚིག་ བསྡུས་པ་རྣམས་སྦྱོར་བའི་ཚུལ་ཡིན་ཞིང༌། དེའང་གཞུང་རྣམས་སུ། ༡) འབྲུ་མང་

པོའ་ི བསྡུ་བ་དང༌། ༢) མདོར་བསྡུ་བ། ༣) བྱེ་བྲག་བསྡུ་བ། ༤) ཡན་ལག་བསྡུ་


332 ཉམས་ཞིབ་དེབ་ཕྲེང་། ༡

བ༑ ༥) གཞི་བསྡུ་བ། ༦) གཞི་གཅིག་ཏུ་བསྡུ་བ། ༧) སྐྱེས་བུའི་བསྡུ་བ། ༨) ཟླས་

དབྱེ་བས་བསྡུ་བ་བཅས་བརྒྱད་དང༌། ཚིག་བསྡུ་ཇི་ལྟར་བརྒྱབ་པ་གང་དག་ལྷུག་ པས་མཚམས་སྦྱར་ཏེ་གྲོལ་བའི་སྒོ་ནས་ཚིག་གི་གནད་འབྱིན་པ་ལ། གཙོ་བོ་ལུང་

དུ་སྟོན་པའི་གཞུང་ལུགས་ཡིག་བཤད་མཁས་པའི་ཁ་རྒྱན་སོགས་ནས་གསུངས་ པའི་བསྡུ་བར་རིགས་དབྱེ་དྲུག་མཛད་པ་ལྟ་བུར་གཞི་བཅོལ་དགོས་ན།

༡) ལས་འཛིན་པའི་བསྡུ་བ་ནི།— ཨུཏྤལ་སྔོན་པོ་ལྟ་བུ་ཁྱད་གཞི་ཁྱད་ཆོས་ གཞི་མཐུན་དུ་བསྡུས་པའི་དོན་ཅན་ལ་ལས་འཛིན་གྱི་བསྡུ་བ་ཟེར་ཞིང༌།

༢) བ་གཉིས་པའི་བསྡུ་བ་ནི།—

ཁྱད་གཞི་བགྲང་བྱའི་སྟེང་དུ་ཁྱད་ཆོས་

གྲངས་བསྡུས་པ་སྟེ། ས་བཅུ་དང་ལམ་ལྔ་ལྟ་བུའི་གྲངས་བསྡུ་བའི་དོན་ཅན་ ལ་བ་གཉིས་པའི་བསྡུ་བ་ཟེར་ཞིང༌།

༣) དེའི་སྐྱེས་བུའི་བསྡུ་བ་ནི།— མིང་དང་ཚིག་གི་བར་གྱི་རྣམ་དབྱེ་དྲུག་ལས་

གང་རུང་བསྡུས་པ་སྟེ། མཁའ་རུ་འགྲོ་བ་ལ་མཁའ་འགྲོ་ལྟ་བུའི་བར་གྱི་རྣམ་

དབྱེ་བསྡུས་པའི་དོན་ཅན་ནོ། །དེ་བཞིན་རྣམ་དབྱེ་གཞན་དག་ལའང་རིགས་ བསྒྲེས་སོ། །

༤) འབྲུ་མང་པོའ་ི བསྡུ་བ་ནི།— ཚིག་དོན་གཉིས་བསྡུས་པ་ལས་མ་བསྡུས་ པའི་སྐབས་ཀྱི་ཚིག་དོན་ལས་གཞན་ཞིག་སྟོན་པ་སྟེ། དཔེར་ན་ཤ ར་དང་ ལྷོ་གཉིས་བསྡུས་པས་ཤར་ལྷོ་ལྟ་བུ་མེ་མཚམས་སྟོན་པའི་དོན་ཅན་ལ་ ཟེར་ཞིང༌།

༥) ཟླས་དབྱེ་བའི་བསྡུ་བ་ནི།— མིང་གཉིས་སམ་མང་པོའ ི་བར་གྱི་རྣམ་དབྱེ་

རྣམས་བསྡུས་ཏེ་མཐར་རྣམ་དབྱེ་གཅིག་སྦྱར་བས་གསལ་བར་བྱེ ད་པ། དཔེར་ན། སངས་རྒྱས་ཆོས་དང་དགེ་འདུན་ལ་ལྟ་བུ་མཐར་ལ་དོན་གྱི་ཕྲད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 333

གཅིག་གིས་ཀུན་ལ་ཁྱབ་པའི་བསྡུ་ཚུལ་ཞིག་ལ་ཟེར། ཚིག་རྣམ་པར་བཤད་པའི་ཚུལ།

“ལས་དང་བྱེད་པོ་བྱ་བ་ཡི། །ཚིག་དོན་སྦྲེལ་ལ་ངག་དོན་བླང༌། །” ཞེས་གསུངས་ 178

པ་ལྟར། གཞི་གང་ཞིག་ལ་བྱེད་པ་པོ་གང་གིས་བྱ་བ་ཅི་ཞིག་བྱེད་ཀྱིན་པ་དང༌། དེའང་ཚུལ་ཇི་ལྟར་བྱེད་པའི་ཚུལ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་

ལུགས་དང་མཐུན་པ་དང༌། གནས་བརྒྱད་སོགས་ལས་བཤད་པའི། ༡) གང་བྱེད། ༢) གང་གིས། ༣) གང་གིས་བྱེད། ༤) གང་གི་ཕྱིར་བྱེད། ༥) གང་ལས་བྱེད།

༦) གང་གི་བྱེད། ༧) གང་ན་བྱེད། ༨) གང་ཞེས་བྱ་བ་བྱེད་པ་ལྟ་བུའི་བྱེད་པ་བརྒྱད་

དང༌། བྱེད་པ་དྲུག བྱེད་པ་བཞི་སོགས་ལས་བསྟན་པ་ལྟར་བརྗོད་ཚིག་གི་གྲུབ་ ལུགས་ལ་མ་རྨོངས་པར་སྦྱར་ཞིང་ཚིག་དོན་འབྲེལ་བའི་སྒོ་ནས། ཚིག་གི་གནད་ དག་འབྱིན་ཕྱིར་ཚིག་གི་སྤྲོས་པ་དོར་ཏེ་ཚིག་དོན་བཤད་པའི་སློབ་ཁྲིད་ཐབས་ལམ་ ལ་མ་རྨོངས་པ་བྱེད་དགོས་སོ། །

འདི ་ ལྟ་བུ་ནི ་ མཁས་འཇུག་སོ ག ས་ནས་བསྟན་པའི ་ ཚི ག ་གི ་ འབྲེ ལ ་དབྱེ ་

ཤེས་པའི་སྒོ་ནས་ཁྱད་ཆོས་བཤད་དེ་ཚིག་གི་དབྱེ་ལུགས་དང༌། ཁྱད་གཞི་བསྡུས་

ཏེ་བརྗོད་དོན་འཆད་ཚུལ་ཡིན་ལ། འཆད་ཐབས་འདིའི་རིགས་སྒྲའི་བསྟན་བཅོས་ རྣམས་སུ་འཆད་ཐབས་གསུམ་དུ་བསྡུས་ཏེ་བསྟན་པ་ནི། ༡) སེང་གེ་ལྟ་སྟངས་དང༌། ༢) སྦལ་བ་འཕར་ཚུལ།

178

༣) རུས་སྦལ་གྱི་འགྲོས་བཅས་ཡིན་ཞིང༌།

<<མཁས་པ་འཇུག་པའི་སྒོ>> ཤོག་ངོསས་༨༢། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་

སྐྲུན་ཁང་།


334 ཉམས་ཞིབ་དེབ་ཕྲེང་། ༡

༡) སེང་གེ་ལྟ་སྟངས་ནི་དགོས་པའི་དབང་གིས་འོག་ནས་འཆད་པར་འགྱུར་

བའི་བརྗོད་དོན་ཞིག་གོང་ལ་ཡར་བླངས་ཏེ་འཆད་པ། ༢) སྦལ་བའི་འཕར་ཚུལ་ནི་

གོང་དུ་བཤད་ཟིན་པའི་བརྗོད་དོན་ཞིག་དགོས་པའི་དབང་གིས་དོན་གྱི་སྐབས་དང་

བརྗོད་པ་བདེ་བླག་ཏུ་གོ་བར་བྱེད་པའི་ཕྱིར་སྐབས་དང་སྐབས་སུ་སྙེགས་པ། ༣)

རུས་སྦལ་འགྲོས་ཀྱིས་འཆད་པ་ནི་ཚིག་གི་དོན་རྣམས་དལ་བུར་སྙན་འཇེབས་ལྡན་ པའི་སྒོ་ནས་མ་ལུས་པར་འཆད་པ།

ཚི ག ་འབྲེ ལ ་བྱེ ད ་ཐབས་མི ་ འདྲ་བ་འདི ་ གསུམ་གང་འོས ་སུ་སྤྱད་དེ ་ ཁྲི ད ་

ཐབས་རྣམ་པ་གསུམ་གྱི་ལག་ལེན་ལ་ཞུགས་ན་རིམ་པ་བཞིན་དུ་དོན་གནད་དག་

སྐབས་དང་སྐབས་སུ་འབྱིན་ཐུབ་པ་དང༌། ཚིག་གི་དོན་རྣམས་སོ་སོར་ཕྱེས་ཏེ་ བཀྲལ་ཐུབ་པ། ཚིག་གི་དོན་རྣམས་ཆད་ལྷག་མེད་པར་བཤད་དུ་བཏུབ་པའོ། །

དོན་འདི་དང་མཚུངས་པར་བོན་གཞུང་དག་ཏུའང“ཁྱུང་ཆེན་ལྡིང་ཐབས་དང༌།

སེང་གེ་མཆོང་སྟབས་དང༌། ངང་མོའ ི་འགྲོས་དང༌། ཁུ་བྱུག་གསུང་དང༌། རུས་སྦལ་

སྐུམ་ཐབས་ཀྱི་བཤད་པ་བསྟན་པའོ། །” ཞེས་བྱུང་བ་བཤད་པར་བྱ་སྟེ། ༡) ཁྱུང་ 179

ཆེན་ལྡིང་ཐབས་ཀྱི་བཤད་པ་ནི། ཁྱུང་ཆེན་ནམ་མཁར་ལྡིང་བ་ན་གཤོག་འོག་

གི་འཇིག་རྟེན་གྱི་གནས་ལུགས་ཡང་དག་པར་མཐོང་བས་ངམ་གྲོག་སོགས་ལ་ མི་འཇིགས་པ་བཞིན་དུ་བཤད་བྱ་དང་བཤད་ཡུལ་གྱི་གནས་ལུགས་མཐའ་དག་ རྟོགས་ཤ ིང་སེམས་སུ་བསྡུས་ཏེ་བཤད་དགོས་པ། ༢) སེང་གེ་རྩལ་རྫོགས་ཤ ིག་

གངས་རི་གཅིག་གནས་གཅིག་ལ་མཆོང་ཚེ་ཐོགས་པ་མེད་པར་མཆོང་བ་ལྟར་

དུ༑ བཤད་བྱ་དང་བཤད་ཡུལ་གྱི་ཆོས་ཉིད་ལ་རྒྱུས་ལོན་ཡང་དག་པར་བྱས་ཏེ་ཐེ་ 179 <<བྱང་སེམས་གབ་པའི་འགྲེལ་བ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་དང་ས་བཅད་

བཅས་བཞུགས།>> ཤོག་ངོས་༢༦། མཉམ་མེད་ཤ ེས་རབ་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་ སྡེ་ཡིག་ཆ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 335

ཚོམ་དང་ཐོགས་པ་མེད་པར་བཤད་དགོས་པ། ༣) ངང་མོའ་ི འགྲོས་ཀྱིས་བཤད་ པ་ནི། ངང་མོས་སྣེ་ཁྲིད་ཅིང་ངང་ཕྲུག་རྣམས་འབྲེལ་མ་ཆད་པར་དེའི་རྗེས་འབྲངས་

ནས་འགྲོ་བ་དང༌། ངང་ཕོས་རྗེས་སུ་བསྡུས་ཏེ་ཁ་མ་འཐོར་བར་འགྲོ་བ་ལྟར་དུ་ས་ བཅད་དང་གཞུང་དོན། ལུང་འདྲེན། དཔེ་འདོན་པ། འཕྲོས་བཤད་སོགས་ཁ་མ་

གྱེས་པར་གཅིག་ལ་གཅིག་འབྲེལ་གྱིས་བཤད་དགོས་པ། ༤) ཁུ་བྱུག་གསུང་གི་ བཤད་པ་ནི། སོས་དུས་ཁུ་བྱུག་གྲགས་པ་ན་ནོར་ལུག་ལ་སྤྲོ་བ་རྒྱས་པ་ལྟར་དུ་

འཆད་བྱའི་གཞུང་དོན་ལེགས་པར་བཤད་དེ་སློབ་མའི་སེམས་ལ་སྤྲོ་བ་བརྟས་པར་ བྱས་ཏེ་བཤད་དགོས་པ། ༥) རུས་སྦལ་སྐུམ་ཐབས་ཀྱིས་བཤད་པ་ནི། དཔེར་ན་ རུས་སྦལ་རྒྱ་མཚོའི་གཏིང་དུ་ཡན་ལག་སྐུམ་པའི་ཚེ་ན་སྐམ་ས་དང་རྒྱ་མཚོའི་ནང་

གི་སྲོག་ཆགས་གང་གིས་ཀྱང་མི་མཐོང་བ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་ཀུན་ སློང་རྣམ་པར་དག་ཅིང་གཡོ་བ་མེད་པ་དང༌། ཡུལ་གཞན་གང་ལའང་གཡེང་བ་ མེད་པར་བཤད་དགོས་པའོ། །

གཞན་ཡང སེང་གེ་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས། སྦལ་བའི་འཕར་ 180

འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད། རུས་སྦལ་བཞི་འགྲོས་ཀྱིས་ཚིག་དོན་མ་ ལུས་པར་འཆད། སྟག་གི་མཆོང་སྟབས་ཀྱིས་སྐབས་ཕྱེས་ཤ ིང་དོགས་སློང་དང་ དྲིས་ལན་གྱི་སྒོ་ནས་མཐའ་དཔྱད་དེ་འཆད་པར་བསྟན་པ་དག་ཕལ་ཆེར་གཞུང་དོན་ འཆད་ཐབས་ཀྱི་རིགས་གཅིག་ཏུ་ངེས་སོ། །

180 <<ཨ་ལག་ཤ ་བསྟན་དར་ལྷ་རམས་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་བཞག>>

ལེགས་བཤད་ཉིན་བྱེད་

སྣང་བ་ཞེས་བྱ་བ་བཞུགས་སོ། ། ཤོག་ངོས༥། ཨ་ལག་ཤ ་བསྟན་དར་ལྷ་རམས་པས་མཛད།

GURU DEVA E.148 East of Kailash New Delhi -24

LHAMA


336 ཉམས་ཞིབ་དེབ་ཕྲེང་། ༡

ཚིག་གི་འབྲུ་གཉེར་པའི་ཁྲིད་ཐབས།

“ལུས་དང་རྣམ་པར་བཤད་པ་དང༌། །ཚིག་འབྲུ་དང་ནི་དོན་ཉིད་དང༌། །ཆོས་དང་

ཀུན་ནས་སློང་བ་དང༌། །དོན་དང་རྒོལ་བའི་ལན་དང་ནི། །མཚམས་སྦྱར་བ་དང་སྨྲ་ བ་དང༌། །བཤད་དང་འཁོར་དང་ཉན་པ་དང༌། །སངས་རྒྱས་བསྔགས་པ་བསྡུས་པ་ དང༌། །རྒྱས་དང་བསླབ་པའི་ཡོན་ཏན་ཡིན། །”

181

ཞེས་པའི་སྐབས་ནས་བསྟན་

པའི་རྣམ་པར་བཤད་པ་ནི་གང་ཞེ་ན། མདོར་བསྡུས་ན་རྣམ་པ་ལྔར་བསྡུ་ཆོག་ཅིང༌། རྣམ་པ་ལྔ་ནི། ༡) ཆོས་དང༌། ༢) ཀུན་ནས་སློང་བ། ༣) དོན། ༤) རྒོལ་བའི་ལན། ༥) མཚམས་སྦྱོར་བའོ། །འདི་དག་ཀྱང་བསྡུ་ན་ཚིག་འབྲུ་དང་དོན་གཉིས་སུ་བསྡུ་

རིགས་ཏེ་ཚིག་འབྲུ་ནི་གནས་དང་དོན་ནི་དེ་ལ་གནས་པའོ། །ཚིག་འབྲུ་ལ་དབྱེ་ན་

རྣམ་པ་དྲུག་ཏུ་ངེས་ཏེ། ༡) མིང་གི་ཚོགས་དང༌། ༢) ཚིག་གི་ཚོགས་དང༌། ༣) ཡི་ གེའི་ཚོགས་དང༌། ༤) ངག་དང༌། ༥) རྣམ་པ་དང༌། ༦) བསྟན་པ་སྟེ་དྲུག་གོ།

༡ མིང་གི་ཚོགས་ནི།

ཤེས་པར་བྱེད་པའི་ཚིག་བླ་དྭགས་དེ་ཡིན་ཞིང་དེ་ལ་དབྱེ་ན་བཅུ་གཉིས་སུ་

ངེས་ཤ ིང་བཅུ་གཉིས་པོ་གང་ཞེ་ན།

༡) ཉེ ་ བར་བཏགས་པ་ལས་བྱུང་བ། ཉེ ་ བར་བཏགས་པ་ནི ་ གཉི ས ་ཏེ ་ སེམས་ཅན་དང་སྲོག་ལྟ་བུའི་ནང་གི་ངག་དང༌། བུམ་པ་དང་སྣམ་བུ་ལྟ་ བུའི་ངག་གོ།

༢) ཡང་དག་པའི་དངོས་པོའ་ི མིང༌།—མིག་དང་གཟུགས་སོགས་དབང་པོ་ 181

དང་དོན་ནོ། །

<<བསྟན་འགྱུར། སེམས་ཙམ།>> འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། འཕགས་པ་ཐོགས་མེད་ཀྱིས་

མཛད། ཤོག་ངོས་༡༢༩། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 337

༣) རིགས་དང་འབྲེལ་བའི་མིང༌།—སེམས་ཅན་དང༌། འབྱུང་བ་ལྟ་བུའོ། ། ༤) སོ་སོ་དང་འབྲེལ་བའི་མིང༌།—སྔོན་པོ་དང་སེར་པོ་ལྟ་བུའོ། །

༥) ཡོན་ཏན་ལས་བྱུང་བའི་མིང༌།—དགེ་བ། མཛེས་པ། ཚོར་བ་ལྟ་བུའོ། །

༦) ཐ་སྙད་ལས་བྱུང་བའི ་ མི ང ༌།—དོ ན ་ལ་མི ་ ལྟོ ས ་པར་མི ང ་འདོ ག ས་པ་ དབུལ་པོ་ལ་ཕྱུག་པོ་ཞེས་འབོད་པ་ལྟ་བུའོ། །

༧) གྲགས་པའི་མིང༌།—ཉི་མ་དང་ཟླ་བ་ལྟ་བུའི་ཡོངས་སུ་རྟོག་པའི་མིང་ངོ༌།།

༨) མ་གྲགས་པའི་མིང༌།—རིག་ཚན་བྱེ་བྲག་པ་ཞིག་གི་ནང་ཚན་གྱི་མིང་ལྟ་ བུ་ཆེད་ལས་བ་ལས་གཞན་གྱིས་མི་རྟོགས་པའི་མིང་ངོ༌། །

༩) གསལ་བའི་མིང༌།—དགེ་རྒན་ལ་དགེ་བའི་བཤེ ས་གཉེན་ལྟ་བུའི་དོན་ ཤེས་པའོ། །

༡༠) མི་གསལ་བའི་མིང༌།—སྐྱོ་བའི་སེམས་ཁམས་ལ་སེམས་པ་སྐྱོ་བ་ལྟ་བུའི་ གང་གི་དོན་གསལ་བོར་མི་ཤེས་པའོ། །

༡༡) བསྡུས་པའི་མིང༌།—ཀ་བ་ལྟ་བུའི་ཡི་གེ་གཅིག་གཉིས་ཀྱིས་སྟོན་པའོ། །

༡༢) རྒྱས་པའི་མིང༌།—རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་ བསྟན་འཛིན་རྒྱ་མཚོ་ལྟ་བུའི་ཡི་གེ་མང་པོས་མིང་གཅིག་སྟོན་པའོ། །

༢ ཚིག་གི་ཚོགས་ནི།

ཚིག་གི་ཚོགས་རྣམས་ནི་མིང་དང་ཡི་གེ་ཡོངས་སུ་རྫོགས་པ་གང་ཡིན་པ་

སྟེ་དེ་ལ་དབྱེ་ན་དྲུག་ཏུ་འདུ་ཞིང༌། དྲུག་པོ་གང་ཞེ་ན།

༡) ཡོ ང ས་སུ་མ་རྫོ ག ས་པའི ་ ཚི ག ------ཚི ག ་དོ ན ་མ་རྫོ ག ས་ཤི ང ་ཚི ག ་ གཉིས་པས་རྫོགས་པའོ། །

༢) ཡོངས་སུ་རྫོགས་པའི་ཚིག------ཚིག་གང་གིས་ཚིག་དོན་རྫོགས་པར་


338 ཉམས་ཞིབ་དེབ་ཕྲེང་། ༡

སྟོན་པའོ། །

༣) བསྒྲུབ་པའི་ཚིག------གོང་མའི་དོན་འོག་མས་བསྒྲུབ་པ་གང་ཡིན་པ་དེ་ ལ་བྱ་ཞིང་། མི་རྟག་སྟེ་བྱས་པའི་ཕྱིར་ལྟ་བུའོ། །

༤) སྒྲུབ་པའི་ཚིག------གང་གིས་སྒྲུབ་པར་བྱེད་པའི་དོན་ཅན་དེ་གོང་དང་ རིགས་བསྒྲེས་པར་བྱའོ། །

༥) བསྟན་པའི་ཚིག-----བསྟན་པ་ཙམ་ལས་གསལ་པོ་མ་བྱས་པ། དམ་པ་ རྣམས་ལྟ་བུའོ། །

༦) བཤད་པའི་ཚིག------ཡང་དག་པར་སོང་བ་རྣམས་དང་སྐྱེས་བུ་དམ་པ་ རྣམས་ཞེས་གསལ་བར་བྱས་པ་ལྟ་བུའོ། །

༣ ཡི་གེའི་ཚོགས།

ཡི་གེ་ནི་དབྱངས་དང་གསལ་བྱེད་གཉིས་ཀྱིས་བསྡུས་པ་དག་ཡིན་ཞིང༌།

འདུན་པ་སྔོན་དུ་མ་བཏང་བའི་ཡི་གེ་གཅིག་གང་ཡིན་པ་ནི་ཡི་གེ་ཡིན་ལ། མིང་

དང་ཚིག་རྗེས་སུ་གསལ་བར་བྱེད་པའི་ཡི་གེ་ཡིན་ན་ཡི་གེ་ཡིན་ཞིང༌། མིང་ཚིག་

གི་ཚོགས་ཡིན་ན་འང་ཡི་གེའི་ཚོགས་ཡིན་ནོ། །མིང་གི་ཚོགས་ཡིན་ན་ཚིག་ གི་ཚོགས་མ་ཡིན་ཀྱང་ཡི་གེའི་ཚོགས་ཡིན་ལ། ཚིག་གི་ཚོགས་ཡིན་ན་མིང་གི་ ཚོགས་དང་ཡི་གེའི་ཚོགས་གཉིས་ཀ་ཡིན་ནོ། ། ༤ ངག

སློབ་ཁྲིད་སྐབས་ཀྱི་རྗོད་བྱེད་ངག་གི་རིག་བྱེད་ཀྱི་ཡོན་ཏན་ལ་གོ་ཞིང་དེ་ལ་

དབྱེ་ན་རྣམ་གྲངས་བརྒྱད་དུ་གྲངས་ངེས་པའི་བརྒྱད་གང་ཞེ་ན།

༡) ངག་གྲོང་ཁྱེར་བ། —— མྱ་ངན་ལས་འདས་པའི་གྲོང་དུ་ཁྲིད་པ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 339

༢) སྙན་འཇེབས། —— སྨྲ་བ་མཉེན་ཞིང་འཇེབས་པ།

༣) རྣམ་པར་གསལ་བ། —— ཚིག་དང་ཡི་གེ་ལེགས་པར་འབྱོར་བ། ༤) མཉན་པར་འོས་པ། —— དོན་དང་ལྡན་པ།

༥) མི་རྟེན་པ། —— དད་པ་སོགས་ཀྱི་བྱ་བར་མི་རྟེན་པ། ༦) འཚམ་པ། —— འཁོར་དང་འཚམ་པ།

༧) མཐུན་པ། —— གནས་ལུགས་དང་ལྡན་པ། དོན་དང་ལྡན་པ། དུས་ དང་མཐུན་པ།

༨) འགྲུས་སྐྱོང༌། —— གུས་པར་བྱེད་པ་དང་རྟག་ཏུ་བྱེད་པའོ། །

༥ རྣམ་པ།

སྐབས་འདིའི་རྣམ་པ་ཞེས་པ་རྣམ་གྲངས་ལ་གོ་ཞིང༌། རྣམ་གྲངས་དུ་མའི་དོན་

ཅན་གྱི་ཚིག་ལ་ཟེར། དཔེར་ན། ཕུང་པོ་དང་ལྡན་པ་རྣམས་དང་ཁམས་དང་ལྡན་པ་ རྣམས་དང༌། ཞེས་པ་ལྟ་བུའི་ཚིག་དོན་རྣམ་གྲངས་ཀྱིས་འཆད་ཚུལ་ལ་བྱའོ། ། ༦ བསྟན་པ།

གང་ཟག་རིགས་གང་ལ་བརྟེན་ནས་འཆད་པའི་དོན་ཅན་དེ།<རྣམ་བཤད་

བསྡུ་བར>“དབང་པོ་ལ་སོགས་པའི་དབྱེ་བས་གང་ཟག་རྣམ་པ་ཉི་ཤུ་རྩ་བདུན་དུ་

རིག་པར་བྱ”ཞེས་པ་ལྟར། རིགས་དང་དབང་པོའ་ི ཁྱད་པར་དང༌། བྱ་བའི་ཁྱད་

པར། ཕུགས་བསམ་གྱི་ཁྱད་པར་སོགས་ལ་བརྟེན་ནས་འཆད་པའོ། །


340 ཉམས་ཞིབ་དེབ་ཕྲེང་། ༡

དོན་བཤད་པ།

དོན་གང་ཞེ་ན། རྣམ་གྲངས་བཅུར་ངེས་ཏེ། ༡) སའི་དོན་དང༌། ༢) མཚན་ཉིད་ཀྱི་

དོན། ༣) ཡིད་ལ་བྱེད་པའི་དོན། ༤) དབང་དུ་བྱ་བའི་དོན། ༥) ཕན་ཡོན་གྱི་དོན། ༦) ཉེས་དམིགས་ཀྱི་དོན། ༧) མི་མཐུན་པའི་ཕྱོགས་ཀྱི་དོན། ༨) གཉེན་པོའ ི་དོན། ༩) བསྡུས་པའི་དོན། ༡༠) རྒྱས་པའི་དོན་བཅས་སོ། །

༡) སའི་དོན་ནི།—སློབ་སྦྱོང་བྱས་པའི་ཤེས་རྟོགས་ཀྱི་ལམ་ཚད་དམ། ས་ ཚིགས་ལྟ་བུའི་ས་ལམ་གྱི་ཚད་ལ་བྱ་ཞིང༌། ནང་བསྟན་རིག་པའི་ས་ལྔ་

དང་རྒྱས་པར་ས་བཅུ་བདུན་ལྟ་བུ་ཡིན་ལ། ཤེས་རབ་ཀྱི་རྟོགས་པ་འཇལ་ བྱེད་ཀྱི་དོན་དུ་ངེས་པས་ན། ཤེས་བྱའི་ཚད་རིམ་གྱི་དོན་འཆད་ཐབས་དང་ སློབ་མའི་ཤ ེས་ཚད་ལ་ལྟ་ཐབས་ཤིག་གོ།

༢) མཚན་ཉིད་ཀྱི་དོན་ནི།—མཚན་གཞི་གང་ཞིག་སྟོན་པར་བྱེད་པའི་དོན་གྱི་ ངོ་བོ་ཅི་ཞིག་ཡིན་པ་བསྟན་པའི་དོན་ཅན་ཡིན་ཏེ། འདི་ལ་དབྱེ་ན་ལྔར་ངེས་ ཤིང་ལྔ་གང་ཞེ་ན། ༡) རང་མཚན་གྱི་མཚན་ཉིད། ༢) སྤྱི་མཚན་གྱི་མཚན་ ཉིད། ༣) བརྡའི་མཚན་ཉིད། ༤) རྒྱུའི་མཚན་ཉིད། ༥) འབྲས་བུའི་མཚན་ ཉིད་བཅས་སོ། །

༣) ཡིད་ལ་བྱེད་པའི་དོན་ནི།—ཡིད་ལ་བྱེད་པའི་དོན་ནི་གང་ཞིག་ཡིད་ལ་

ངེས་པར་བྱེད་པའི་དོན་ཅན་ཏེ། མཚན་ཉིད་སོ་སོ་རིག་པ་དང༌། མོས་པ་

ལས་བྱུང་བ། རབ་ཏུ་དབེན་པ། དགའ་བ་སྡུད་པ། དཔྱོད་པ། སྦྱོར་བའི་

མཐའ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་བཅས་སོ། །

༤) དབང་དུ་བྱ་བའི་དོན་ནི།—དབང་དུ་བྱ་བ་ནི་ཅི་ཞིག་དབང་དུ་བྱས་ནས་

དོན་བརྟག་པ་དང་འཆད་པའི་དོན་ཅན་ཏེ། དངོས་པོའ་ི དབང་དུ་བྱས་པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 341

དང༌། དུས་ཀྱི་དབང་དུ་བྱས་པ། གང་ཟག་གི་དབང་དུ་བྱས་པ་གསུམ་ཡོད་ དོ། །(༡ དངོས་པོའ ི་དབང་དུ་བྱས་པ་ནི། དངོས་གཞིའི་བྱ་དངོས་ཀྱི་དོན་གང་ཡིན་པ་དང་དེ་ཐོབ་པར་བྱེད་

པའི་ཐབས་སམ། ཡང་དག་པར་འཛིན་དུ་འཇུག་པ་སོགས་ལ་གོ་དགོས་སོ། །༢ དུས་ཀྱི་དབང་དུ་བྱས་པ་

ནི༑ དེ་ནི་འདས་ད་ལྟ་མ་འོངས་གསུམ་གྱི་གཏམ་གྱི་དབང་དུ་བྱས་ནས་འཆད་པའོ། །༣ གང་ཟག་གི་དབང་

དུ་བྱས་པ་ནི། དབང་པོ་རྣོ་རྟུལ་ལ་སོགས་པའི་གང་ཟག་གི་ཁྱད་པར་དུ་བྱས་ནས་འཆད་པའོ། །)

༥) ཕན་ཡོན་གྱི་དོན་ནི།—ཆོས་དང་གཞུང་ལུགས་གང་ཟག་བཅས་སྤྱི་མཐུན་ གྱིས་དོན་ལ་བསྟོད་པའི་སྒོ་ནས་དོན་འཆད་པའོ། །

༦) ཉེས་དམིགས་ཀྱི་དོན་ནི།—ཆོས་དང་གཞུང་ལུགས་གང་ཟག་བཅས་སྤྱི་ མཐུན་གྱིས་མི་བསྔགས་པའི་དོན་ལ་སྨད་པའི་སྒོ་ནས་དོན་འཆད་པའོ། །

༧) མི་མཐུན་པའི་ཕྱོགས་ཀྱི་དོན་ནི།—ཀུན་ནས་རྨོངས་པའི་བསམ་བློ་དང་བྱ་ སྤྱོད་མཐའ་དག་གི་ཕྱོགས་ཤེས་ཏེ་འཆད་པའོ། །

༨) གཉེན་པོའ ི་དོན་ནི།—མི་མཐུན་པའི་བསམ་སྦྱོར་མཐའ་དག་གི་གཉེན་པོའ ི་ བསམ་སྦྱོར་བརྟེན་པའི་སྒོ་ནས་འཆད་པའོ། །

༩) བསྡུས་པའི ་ དོ ན ་ནི ། —ཚི ག ་བསྡུས་པ་དང་དོ ན ་འཆད་ཐབས་དེ ་ སྤྱི འི ་ རིགས་དང་འབྲེལ་ཏེ་གང་ལ་གང་འོས་བསྡུ་ཤེས་པའི་འཆད་པ་ལའོ། །

༡༠) རྒྱས་པའི་དོན་ནི། — ཚིག་རྒྱས་པ་དང་དོན་རྒྱས་པར་བྱེ་བྲག་སོ་སོ་དང་ འབྲེལ་བའི་སྒོ་ནས་འཆད་པའོ། །


342 ཉམས་ཞིབ་དེབ་ཕྲེང་། ༡

༥ མཚམས་སྦྱར་བའི་སློབ་ཁྲིད་བྱེད་ཐབས། བརྗོད་བྱ་དབྱེ་ཞིབ་ཀྱི་སློབ་ཁྲིད།

“སྒྲ་དང་དོན་གྱི་དབྱེ་བ་ཡིས། །མཚམས་སྦྱར་བ་ནི་རྣམ་པ་གཉིས། །” ཞེས་ 182

གསུངས་པ་ལྟར་སྒྲ་དང་དོན་མཚམས་སྦྱར་ཏེ་སློབ་ཁྲིད་བྱེད་ཐབས་ལ། ༡ སྒྲའི་སྒོ་ནས་མཚམས་སྦྱར་བའི་སློབ་ཁྲིད་ནི།

བརྗོད་དོན་གསལ་བར་བྱེད་པའི་རྗོད་བྱེད་ཀྱི་ཚིག་དངོས་སུ་མེད་པ་དང་

མི་གསལ་བ། ཚིག་སྦྱར་བ་དང༌། ཚིག་གིས་དོན་གསལ་བར་འབྱིན་མི་ཐུབ་པའི་

རིགས་ལ་འཆད་པ་པོས་དེ་དང་དེའི་བར་དུ་དགོས་ངེས་ཀྱི་ཚིག་ཆེད་དུ་བཅུག་སྟེ་ དོན་གསལ་བར་བྱ་ཕྱིར།

༡) བརྗོད་འདོད་ཀྱི་སྟོབས་ཀྱིས་རྟོགས་པ་དང༌། ༢) དངོས་ཤུགས་ཀྱི་སྒོ་ནས་རྟོགས་པ།

༣) དགོ ས ་པའི ་ སྒོ ་ ནས་རྟོ ག ས་ཐུབ་པར་བྱ་ཕྱི ར ་སྔར་མེ ད ་པའི ་ ཚི ག ་དག་

མཚམས་སྦྱར་ནས་འཆད་པའི་སློབ་ཁྲིད་བྱེད་ཐབས་ཤ ིག་སྟེ། “དཔེར་ན།

གང་དང་གང་ཞེས་པའི་རྗེས་སུ་དེ་དང་དེ་འདྲེན་པ་དང༌། ཇི་ལྟ་ཇི་ལྟའི་སྒྲས་ དེ་ལྟ་དེ་ལྟར། ཇི་སྙེད་ཀྱི་སྒྲས་དེ་སྙེད། གང་ཕྱིར་གྱིས་དེ་ཕྱིར།” ཞེས་པ་ 183

དེ་ལྟ་བུའི་ཚིག་སྦྱར་མེད་ཀྱང་ཚིག་སྔ་མའི་ཤུགས་སམ་བརྗོད་འདོད་ཀྱིས། 182

183

དེ་ཡི་དོན་ནི་རྟོགས་པར་འགྱུར་བའི་ཚིག་ཆེད་དུ་སྦྱར་བའི་སྒོ་ནས་འཆད་

<<མཁས་པ་འཇུག་པའི་སྒོ>> ཤོག་ངོས་༡༠༥། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། མི་རིགས་

དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

<<དཔལ་ལྡན་ས་སྐྱ་བའི་གསུང་རབ་ཟློས་གར་དང་མཁས་འཇུག>> པོད་དྲུག་པ། ཤོག་ངོས༤༧༠། གློ་བོ་

མཁན་ཆེན་བསོད་ནམས་ལྷུན་གྲུབ། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ ཀྱིས་པར་དུ་བསྐྲུན།


ཁྲིད་བྱེད་ཐབས་ཤིག་གོ།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 343

༢ དོན་མཚམས་སྦྱར་བའི་སློབ་ཁྲིད་བྱེད་ཐབས་ནི།

དོན་གྱི་མཚམས་སྦྱར་ཏེ་དོན་སྔ་ཕྱིའི་བར་གྱི་འབྲེལ་བ་རྟོགས་པར་བྱེད་པའི་

འཆད་ཁྲིད་བྱེད་ཐབས་ཤིག་ཡིན་ཞིང་། དེ་ལ་དོན་གྱི་སྔ་ཕྱི་མཚམས་སྦྱར་བ་དང༌། སྔ་ཕྱི་ཉིད་ཀྱི་གོ་རིམ་མཚམས་སྦྱར་བ་གཉིས་ཡོད། ༡) སྔ་ཕྱི་འབྲེལ་བའི་མཚམས་སྦྱར་བ་ནི།

བརྗོད་བྱའི་དོན་གྱི་སྔ་ཕྱི་མཚམས་སྦྱར་བའི་སྒོ་ནས་དོན་སྔ་མ་འོག་དང་

འོག་མ་གོང་ལ་དྲངས་ཏེ་དོན་གནད་རྟོགས་པར་བྱེད་པའི་སློབ་ཁྲིད་བྱེད་

ཐབས་ཤ ིག་སྟེ། “དཔེར་ན། དེ་ལྟར་སྤང་བྱ་བཤད་ནས་གཉེན་པོ་འཆད་ ཅེས་བྱ་བའམ། རྒྱུ་བཤད་ནས་འབྲས་བུ་འཆད།”

184

ཅེས་བྱ་བ་ལྟ་བུའི་

དངོས་སུ་མེད་ཀྱང་སྦྱར་ཏེ་དོན་གོ་སླ་བ་དང༌། བརྗོད་བྱའི་དོན་གྱི་སྔ་ཕྱིའི་

བར་གྱིས་འབྲེལ་བའི་ཚུལ་བརྗོད་ཅིང༌། དོན་སྔ་མ་འོག་དང་ཕྱི་མ་གོང་ལ་ དྲངས་ནས་དོན་རྟོགས་པར་བྱེད་པའི་སློབ་ཁྲིད་བྱེད་ཐབས་ཤ ིག་ཡིན།

༢) དོན་སྔ་ཕྱིའི་གོ་རིམ་གྱིས་མཚམས་སྦྱར་བ་ནི།

བརྗོ ད་བྱའི་ དོན་གྱི་གོ་རིམ་སྔ་ཕྱི་ལུགས་འབྱུང་དང་ལུགས་ལྡོ ག་གི་ སྒོ ་ ནས་འཆད་ཚུལ་བསྟན་པར་བྱ་བའི་ཕྱིར། བར་དུ་མཚམས་ཡང་དག་པར་

སྦྱར་བའི་སློབ་ཁྲིད་བྱེད་ཐབས་ཤིག་སྟེ། དཔེར་ན། རྒྱུ་སྔོན་དུ་འཆད་ཟིན་

ནས་ད་ནི་འབྲས་བུ་འཆད་པར་བྱེད་དོ་ཞེས་དང༌། འཕགས་པའི་བདེན་པ་ 184

རྣམས་ལས་སྡུག་བདེན་སྔོན་དུ་བསྟན་ཏེ་ཀུན་འབྱུང་བསྟན་པའི་དགོས་པ་

<<མཁས་པ་འཇུག་པའི་སྒོ>> ཤོག་ངོས༡༠༦། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་

སྐྲུན་ཁང་གིས་པར་དུ་བསྐྲུན།


344 ཉམས་ཞིབ་དེབ་ཕྲེང་། ༡

གང་ཡིན་ཞེ་ན་ལྟ་བུ་དོན་གྱི་གོ་རིམ་ལུགས་འབྱུང་ལྡོག་གིས་མཚམས་ སྦྱོར་བའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན།

མཚམས་སྦྱོར་བའི་འཆད་ཐབས་གསུམ།

ཡང་“མཚམས་སྦྱོར་བ་ནི་རྣམ་པ་གསུམ། །” ཞེས་པའི་སྐབས་ནས་བསྟན་པའི་ 185

ཚིག་དོན་བསྡུས་པ་དང༌། ཚིག་དོན་གྱི་སྔ་ཕྱི་བཅས་མཚམས་སྦྱར་ཏེ་འཆད་ཁྲིད་ བྱེད་པར་བྱེད་ཐབས་གསུམ་ཡོད་པ་ནི།

༡) ཡོངས་སུ་རྫོགས་པའི་མཚམས་སྦྱར་བ། ༢) རྣམ་པར་བཤད་པའི་མཚམས་སྦྱར་བ། ༣) བསྒྲུབ་པའི་མཚམས་སྦྱར་བ།

༡) ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་ནི། “བཅོམ་ལྡན་འདས་ཀྱིས་ང་

ནི་ཤ ིན་ཏུ་གཞོན་ནུ་དང་མཆོག་ཏུ་ཤིན་ཏུ་གཞོན་ནུ་དང༌། རབ་ཏུ་ཤ ིན་ཏུ་ གཞོན་ནུར་རབ་ཏུ་བྱུང་ངོ” ཞེས་པ་ལྟ་བུ་མཚམས་སྦྱར་བའི་ཚིག་ལྷག་ 186

མ་རྣམས་ཀྱིས་གཙོ་དོན་དེ་ཡོངས་སུ་རྫོགས་པ་ལས་རྒྱས་འགྲེལ་མི་བྱེད་ པའི་འཆད་ཐབས་ཤིག་གོ།

༢) རྣམ་པར་བཤད་པའི་མཚམས་སྦྱར་བ་ནི། “ཡབ་ཟས་གཙང་གིས་ངའི་གནས་

ཁང་བཟངས་རྩིག་ཏུ་བཅུགས་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་དེས་ནི་

185

186

<<བསྟན་འགྱུར།>> སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། འཕགས་པ་ཐོགས་མེད་ཀྱིས་

མཛད། ཤོག་ངོས༡༥༡། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། འི-ཡི། ཤོག་ངོས༡༥༡། རྣམ་བཤད་བསྡུ་བ་བཞུགས།

འཕགས་པ་ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་

བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 345

ཤིན་ཏུ་གཞོན་ནུར་དེ་ཉིད་རྣམ་པར་བཤད་པ་ཡིན་ནོ” ཞེས་པ་ལྟར་ཚིག་ལྷག་ 187

མ་དག་གིས་མཚམས་སྦྱར་ཏེ་གཙོ་དོན་རྒྱས་བཤད་ཀྱི་འཆད་ཐབས་ཤིག་གོ།

༣) བསྒྲུབ་པའི་མཚམས་སྦྱར་བ་ནི། “ཅིའི་ཕྱིེར་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ ཞེ་ན་ན་བའི་ཆོས་ཉིད་ལ་སོགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྒྲུབ་ པའི་མཚམས་སྦྱར་བ་ཡིན་ནོ། །” ཞེས་པ་ལྟར་མཚམས་སྦྱར་བའི་ཚིག་ 188

ལྷག་མ་དག་གིས་གང་གི་བསྒྲུབ་བྱའི་དོན་དེ་ཉིད་སྒྲུབ་པའི་འཆད་ཐབས་ ཤིག་གོ།

ས་བཅད་བགོ་འགྲེམས་ཀྱི་སློབ་ཁྲིད་བྱེད་ཐབས།

དེ་ཡང་བསྟན་བཅོས་ལ་ས་བཅད་ལེན་པའི་ཁུངས་ནི། ཨ་ལག་ཤ ་བསྟན་དར་ལྷ་ རམས་པས“ཟླ་བ་གྲགས་པའི<<སྒྲོན་གསལ>>ལས། ༡) རྒྱུད་འདིའི་མིང་ཅི་ཞིག་ ཡིན། ༢) སུའི་དོན་དུ་དེ་ཉིད་མཛད། ༣) སུ་ཞིག་བྱེད་པ་པོ། ༤) འདིའི་ཚད་ཅི།

༥) འདིའི་དགོས་པའང་ཅི་ཞིག་ཅེས་གླེང་བསླང་བ་ལྔ་གསུངས་པའི་ནང་ཚན་འདིའི་

ཚད་ཅི་ཞེས་པ་དེས་ས་བཅད་ལེན་ཚུལ་སྟོན་པ་ཡིན་ལ། འདི་ལ་སྔོན་གྱི་མཁས་པ་ རྣམས་ཀྱིས་རྩིས་འགོ་ལྔས་བཤད་པ་ཟེར་རོ། །” ཞེས་གསུངས་པ་ལྟར་རྒྱ་གར་ 189

187

<< བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། འི-ཡི། ཤོག་ངོས༡༥༡། རྣམ་བཤད་བསྡུ་བ་བཞུགས།

འཕགས་པ་ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་ 188

བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། འི-ཡི། ཤོག་ངོས༡༥༡། རྣམ་བཤད་བསྡུ་བ་བཞུགས།

འཕགས་པ་ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་

ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

189 <<ཨ་ལག་ཤ ་བསྟན་དར་ལྷ་རམས་པའི་གསུང་འབུམ།>>

གླེགས་བམ་གཉིས་པ། འཆད་རྩོད་རྩོམ་གསུམ་གྱི་

རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། ཤོག་ངོས༦། ཨ་ལག་ཤ ་བསྟན་དར་ལྷ་ རམས་པས་མཛད། LHAMA

GURU DEVA E.148 East of kailash New Delhi -24


346 ཉམས་ཞིབ་དེབ་ཕྲེང་། ༡

གྱི་གཞུང་རྣམས་སུ་ས་བཅད་བཀྲམ་པའི་སྲོལ་མེད་པ་དང༌། བོད་ཀྱི་མཁས་པ་དག་ གིས་རྒྱ་གར་གྱི་གཞུང་ལས་མཚམས་སྦྱོར་དང་རྩིས་འགོ་ལྔ་ལས་གཞུང་འདིའི་

ཚད་ཅི་ཡིན་ཞེས་པར་ཁུངས་བཅོལ་ཞིང༌། སློབ་ཁྲིད་དང་སློབ་སྦྱོང་གི་དགོས་

མཁོར་དམིགས་ཏེ་གཞུང་དང་སློབ་ཚན་གང་བརྩམས་པའི་ཚེ་ན། ས་བཅད་བགོ་

འགྲེམས་བྱས་ཏེ་རྩོམ་པའི་སྲོལ་གསར་གཏོད་གནང་ཞིང༌། འདི་ལ་སློབ་ཁྲིད་ཀྱི་ དོན་སྙིང་ཆེ་ཆེར་ལྡན་ཏེ། ཆོས་བརྒྱུད་ཁག་གི་སྙིང་པོ་ཉམས་སུ་ལེན་པའི་ལམ་གྱི་ རིམ་པའི་སློབ་ཚན་ཁག་གི་བརྗོད་དོན་འདྲ་ནའང་རྩ་བའི་ས་བཅད་བགོ་འགྲེམས་ བྱེད་ཚུལ་མི་འདྲ་བ་ཡོད་པ་ནི་ལུགས་དེ་དང་དེའི་སློབ་ཁྲིད་བྱེད་ཚུལ་དང་ཉམས་

སུ་ལེན་ཚུལ། སློབ་མ་བཀྲི་བའི་ཐབས་ལམ་མི་འདྲ་བའི་རྐྱེན་དུ་ངེས་ཏེ། ས་བཅད་ བཀྲམ་པའང་དེང་གི་སྤྱི་སྲོལ་ལྟར་དུ་དཔེ་དེབ་འགོ་ལ་དཀར་ཆག་གི་རིམ་པར་

ཕྱེས་ཏེ་སྒྲིག་སྲོལ་མེད་པས་དེང་གི་དེབ་དག་དང་བསྡུར་ན་ས་བཅད་ལེན་དཀའ་ སྟེ། དཔེར་ན་དང་པོ་ལ་གསུམ། དེའི་དང་པོ་ལ་བཞི། དེའི་དང་པོ་ལ་ལྔ་བཅས་ས་ བཅད་བགོ་བ་གཤམ་དུ་རེའུ་མིག་བརྒྱུད་ནས་བསྟན་ཆོག་ཅིང༌། གཞུང་ཆེན་མོ་ རྣམས་ལ་དེ་འདྲའི་ས་བཅད་མང་དྲགས་ཏེ་ངོས་འཛིན་བྱེད་དཀའ་བས་ན། མཁས་

པའི་དབང་པོ་ཨ་ལག་ཤ ་བསྟན་དར་ལྷ་རམས་པས། “ས་བཅད་མང་དྲགས་པ།

ཚད་མ་རིགས་ཐིགས་དང་རྣམ་ངེས་དར་ཊིཀ་ལྟ་བུ་མ་ཡིན་པ་དང༌། སྤྱིར་བོད་ཀྱི་ ས་བཅད་ལུགས་དང་པོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་

བ་ལྟ་བུ་སོགས། ལས་དང་པོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་ པར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་

དགོས་པ་དེ་དག བསྟན་བཅོས་ཀྱི་མགོར་སྡེབས་གཅིག་ཏུ་བཀྲམ་ནས། བཤད་

པ་དངོ ས ་གཞི འི ་ སྐབས་སུ་དེ ་ དག་གོ ་ རི མ ་མ་འཁྲུགས་པར་བཤད་པ་ལྟ་བུར་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 347

བྱས་ན་ཡང་མི་རུང་བ་མེད” ཅེས་གསུངས་སོ།། 190

རྙི ང ་མའི < <སྙི ང ་ཏི ག ་གི ་ སྔོ ན ་འགྲོ འ་ི ཁྲི ད ་ཡི ག ་ཀུན་བཟང་བླ་མའི ་ ཞལ་

ལུང>>ལ་མཚོན་ན།

(མཛད་པ་པོ་ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ)

༡) ཐུན་མོང་

ཕྱིའི་སྔོན་འགྲོ་དང༌། ༢) ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་ཆ་ ལག་ཉེ་ལམ་འཕོ་བའི་ཁྲིད་དང་གསུམ་བཅས་ཀྱི་ས་བཅད་བཀྲམ་སྟེ་རིམ་གྱིས་ས་ བཅད་དེ་དག་གཞིར་བཟུང་ནས་ས་བཅད་མང་པོ་བགོ་འགྲེམས་བྱས་ཡོད་པ་དང་། ས་སྐྱ་པའི<<ཐུབ་པའི་དགོངས་པ་རབ་གསལ>>ཞེས་པར་མཚོན་ན།

སྐྱ་པཎ་ཆེན)

(ས་

༡) རིགས་ངེས་པར་བྱ་བ་དང༌། ༢) ཕར་ཕྱིན་དྲུག ༣) ལམ་ལྔ་དང་ས་

བཅུའི་རྣམ་གཞག ༤) ལམ་ལྔ་དང་ས་བཅུའི་རྟེན་དང་རྒྱུ་དང་རྐྱེན་སོགས་བཤད་

པ་བཅས་ཀྱི་རྩ་བའི་ས་བཅད་གཞིར་བཟུང་སྟེ་ས་བཅད་མང་པོ་བགོ་འགྲེམས་བྱས་ ཡོད་པ་དང་།

བཀའ་བརྒྱུད་ཀྱི < <དམ་ཆོ ས ་ཡི ད ་བཞི ན ་ནོ ར ་བུ་ཐར་བ་རི ན ་པོ ་ ཆེ འི ་

རྒྱན>>ཞེས་པར་མཚོན་ན།

(མཛད་པ་པོ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན)

༡) སྤྱིར་

བསྟན་པ་དང༌། ༢) ཡན་ལག་རྒྱས་པར་བཤད་པ། ༣) ཐབས་དེའི་གདམས་ངག ༤) ཡན་ལག་རྒྱས་པར་བཤད་པ་བཅས་ཀྱི་རྩ་བའི་ས་བཅད་བཀྲམ་སྟེ་དེ་དག་ གཞིར་བཟུང་ནས་རིམ་གྱིས་ས་བཅད་མང་པོ་བགོ་འགྲེམས་བྱས་ཡོད།

དགེ་ལུགས་པའི་རྗེའི<<བྱང་ཆུབ་ལམ་རིམ་ཆེ་བར>>མཚོན་ན།

ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ)

(མཛད་པ་པོ་

༡) ཆོས་ཁུངས་བཙུན་པ་བསྟན་པའི་ཕྱིར་མཛད་

པ་པོའ ི་ཆེ་བ་བསྟན་པ་དང༌། ༢) གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ 190 <<ཨ་ལག་ཤ ་བསྟན་དར་ལྷ་རམས་པའི་གསུང་འབུམ།>>

གླེགས་བམ་གཉིས་པ། འཆད་རྩོད་རྩོམ་གསུམ་

གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །ཤོག་ངོས། ༡༨ནས༡༩། ཨ་ལག་ཤ ་ བསྟན་དར་ལྷ་རམས་པས་མཛད། LHAMA GURU DEVA

E.148 East of Kailash New Delhi -24


348 ཉམས་ཞིབ་དེབ་ཕྲེང་། ༡

ཆེ་བ་བསྟན་པ་དང༌། ༣) ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་

བ་དང༌། ༤) གདམས་པ་དངོས་ཀྱི་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་བཅས་ཀྱི་རྩ་

བའི་ས་བཅད་བཀྲམ་ཞིང་དེ་དག་གཞི་ལ་བཟུང་སྟེ་ས་བཅད་མང་པོ་བགོ་འགྲེམས་ བྱས་ཡོད། དང་པོ་མཛད་པ་པོའ ི་ཆེ་བ་ལ་གསུམ། ༡) རིགས་ཕུན་སུམ་ཚོགས་པར་

སྐྱེ་བ་བཞེས་པའི་ཚུལ། ༢) རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། ༣) བརྙེས་ནས་ བསྟན་པ་ལ་བྱ་བ་མཛད་པ། གཉིས་པ་ཆོས་ཀྱི་ཆེ་བ་ལ་བཞི། ༡) བསྟན་པ་ཐམས་

ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། ༢) གསུང་རབ་ཐམས་ཅད་གདམས་ངག་ཏུ་

འཆར་བའི་ཆེ་བ། ༣) རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ༤) ཉེས་ སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ། གསུམ་པ་ཆེ་བ་གཉིས་དང་ལྡན་པའི་

ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ༡) ཉན་པའི་ཚུལ། ༢) བཤད་པའི་ཚུལ། ༣) མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ། བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ ལྟར་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ། བསྟེན་

ནས་བློ་ཇི་ལྟར་སྦྱོང་བ། ཞེས་རིམ་གྱིས་ས་བཅད་བཀྲམ་སྟེ་ཚེག་བར༣༦༠ཅན་གྱི་ ཤོག་ངོས༨༡༣ཡོད་པའི་གཞུང་ལུགས་ཆེན་པོ་ཞིག་ཡོངས་སུ་མ་ཐོར་བར་རྩ་བའི་

ས་བཅད་ནས་ཡན་ལག་གི་ས་བཅད་བརྒྱ་ཕྲག་དུ་མ་ཕྱེས་ཏེ་གཞུང་ལུགས་འཆད་

བདེ་བ་དང༌། ཉན་བདེ་བ། བཟུང་སླ་བ་བཅས་ཀྱི་ཕྱིར་དུ་བརྗོད་བྱའི་ཁྱད་ཆོས་མི་ འདྲ་བ་ལ་བརྟེན་ནས་ཚན་པ་བརྒྱ་ཕྲག་དུ་མར་བཀྲམ་པ་དང༌། བསྡུ་ན་བརྗོད་བྱ་

ཆེན་པོ་རེ་གཉིས་སུ་བསྡུ་བའི་སྔོན་རབས་གཞུང་གི་རྩོམ་ཐབས་འདིས་བརྗོད་བྱ་

རྒྱ་ཆེ་ལ་གཏིང་ཟབ་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཆེན་པོ་དག་ཀྱང་ཚུར་ དོན་ཚན་ཁ་ཤས་སུ་བསྡུས་ཏེ་འཛིན་པ་དང༌། ཕར་ས་བཅད་བརྒྱ་ཕྲག་དུ་མར་

ཕྱེས་ཏེ་འཆད་པའི་བླ་ན་མེད་པའི་རིགས་ལམ་ཞིག་གསར་གཏོད་གནང་ཡོད། དེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 349

འདྲའི་ཤུགས་རྐྱེན་འོག་ནས་ཐ་སྙད་རིག་གནས་ཀྱི་གཞུང་རྩོམ་པའི་སྐབས་སུའང་

ས་བཅད་བགོ་འགྲེམས་བྱེད་པའི་སྲོལ་རྒྱུན་བྱུང་ཡོད་པ<<བརྡ་སྤྲོད་པའི་བསྟན་

བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མུ་ཏིག་ཕྲེང་མཛེས>>ལྟ་ བུས་མཚོན་ནུས།

སུམ་ཅུ་པའི་གཞུང་འཆད་པའི་ཚུལ།

༡) བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང༌། ༢) བསྟན་བཅོས་

དངོས་སོ། །དང་པོ་ལ། ༡) མཚན་སྨོས་པ་དང་། ༢) འགྱུར་ཕྱག་གོ། དང་པོ་ལ། ༡) དངོས་དང༌། ༢) མཚན་དོན་བཤད་པ། ༣) དོགས་གནས་དཔྱད་པ་གསུམ། ཞེས་ དང༌། གཉིས་པ་བསྟན་བཅོས་དངོས་ལ།

༡) གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ།

༢) སྐབས་དོན་དངོས་སུམ་ཅུ་པ་ཉིད་རྒྱས་པར་བསྟན་པའོ། །དང་པོ་ལ། ༡) མཆོད་

བརྗོད་དང༌། ༢) བཤད་པར་དམ་བཅའ་བ་གཉིས། ཞེས་པ་ལྟ་བུའི་ས་བཅད་བཀྲམ་

སྟེ་འཆད་སྲོལ་ཡོད། ཚུལ་འདི་ནི་དེང་གི་སློབ་གྲྭའི་སློབ་ཁྲིད་ཀྱི་ངོས་ནས་བཤད་ན་

སློབ་ཚན་དབྱེ་ཞིབ་ཅེས་སློབ་ཚན་ཞིག་གི་བརྗོད་བྱ་ཆུང་ཚག་རྣམས་སོ་སོར་ཕྱེས་

ཏེ་སློབ་ཁྲིད་གྲ་སྒྲིག་འབྲི་བ་དང་དོན་གཅིག་དུ་འབབ་ཅིང༌། སྔོན་གྱི་གཞུང་རྣམས་ སུ་ས་བཅད་ཀྱི་རིག་པར་བརྟེན་ནས་བརྗོད་བྱ་མི་འདྲ་བའི་ཁྱད་ཆོས་དག་དབྱེ་བསྡུ་ དང་དཔྱད་ཞིབ་བྱས་ཡོད་ཅེས་སྨྲ་ན་དོན་ལ་གནས་པའི་གཏམ་དུ་འགྱུར་རོ། །


350 ཉམས་ཞིབ་དེབ་ཕྲེང་། ༡

མཚན་དོན་དང་།

སུམ་ཅུ་པ་བཤད་པ་ལ།

ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ།

གདམས་ངག་སྣོད་རུང་ལ་བསྟན་དགོས་པ།

དེ་དོན་ལ་དབབ་པའི་ཚུལ་བསྟན་པའོ། །

རྗེས་འཇུག་ཤེས་པའི་དགོས་པ་བསྟན་པ།

མི་འཇུག་པ་བཤད་པ།

བདག་སྒྲ།

སྤྱི་སྒྲ།

རྗེས་འཇུག་མེད་མི་རུང་དུ་བསྟན་པ།

བསླབ་ཚུལ་གོ་རིམ་ལ་འདོམས་པ།

ཉན་པ་པོ་སྤྲོ་བ་བསྲིང་བའི་སྒོ་ནས་འདོམས་པ།

ཚིགས་བཅད་འགྲོལ་ཚུལ་ལ་འདོམས་པ།

གདམས་ངག་བརྗོད་པས་མཇུག་བསྡུ་བ།

སྐབས་དོན་སུམ་ཅུ་པ་ཉིད་རྒྱས་པར་བཤད་པ།

བསྟན་བཅོས་དངོས་སོ། །

༄༅། །མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱི་བཞེད་གཞུང་སི་ཏུའི་ཞལ་ལུང་སུམ་ཅུ་པའི་གཞུང་གི་ས་བཅད་ཀྱི་རིམ་པ་རེའུ་མིག་དང་པོ། །

བཤད་པར་དམ་བཅའ་བ།

ཁྱད་པར་གྱི་དབྱེ་བ་བསྟན་པ།

ཕྲད་རང་དབང་ཅན་བཤད་པ།

སྔོན་འཇུག་བཤད་པ།

བྱེ་བྲག་སོ་སོར་བཤད་པ།

རྒྱས་པར་བཤད་པ།

ནི་སྒྲ། དེ་སྒྲ།

དགག་སྒྲ།

དང་སྒྲ

སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ།

གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་ཅི་བཤད་པར་དམ་བཅའ་བ།

བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། འགྱུར་ཕྱག་གོ།

མཆོད་པར་བརྗོད་པ།

མདོར་བསྟན་པ།

ལྷག་བཅས།

འབོད་སྒྲ།

འབྱུང་ཁུངས།

འབྱེད་སྡུད།

དབྱེ་སྒོ་སྤྱིར་བསྟན་པ།

སྦྱར་བྱའི་ཡི་གེའི་རྣམ་གཞག་བཤད་པ།

རྗེས་འཇུག་བཤད་པ།

རྒྱན་སྡུད།

ཨི་ལྡན།

ལ་དོན།

སླར་བསྡུ།

ཕྲད་གཞན་དབང་ཅན་བཤད་པ།

དབྱངས་གསལ་ངོས་བཟུང་བ།

ས་བཅད་བགོ་འགྲེམས་ཀྱི་རེའུ་མིག་དཔེ་མཚོན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 351

༦ བརྒལ་ལན་གྱི་སྒོ་ནས་འཆད་ཁྲིད་བྱེད་ཐབས། བགྲོ་གླེང་ཅན་གྱི་སློབ་ ཁྲིད།

“བརྒལ་ཞིང་བརྟག་པ་བྱས་ན་ཡང་བརྒལ་བ་ཅིའི་ཕྱིར་སྨོས་ཤེ་ན། བརྒལ་བའི་

མཇུག་ཐོགས་སུ་ལན་རྣམས་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །” ཞེས་ 191

གསུངས་པ་ལྟར་བརྒལ་ཞིང་བརྟག་པས། སློབ་མ་རྣམས་ལན་ལ་སྲེད་པ་དང་། ལན་

ལ་སྲེད་པ་ཆུང་བ་རྣམས་ཀྱང༌། གུས་པས་མཉན་པར་འགྱུར། ཞེས་པའི་སྐབས་ནས་

བསྟན་པ་ལྟར་བརྗོད་དོན་བཀོད་ནས་བརྒལ་ཞིང་བརྟག་པར་བྱ་སྟེ། སློབ་མ་རྣམས་

ལན་ལ་འདུན་པ་བསྐྱེད་པའི་ཕྱིར་རོ། །འོན་ཀྱང་ལན་གྱི་འདུན་པ་ཆུང་བ་རྣམས་ ཀྱང་རྣ་བ་བླག་ཏུ་གཞུག་པ་དང་གུས་པས་ཉན་སྤྲོ་བར་འགྱུར་རོ། ། སྒྲ་དོན་ལ་བརྒལ་བ།

ལྟ་གྲུབ་མི་འདྲ་བ་དང་བསམ་བློ་མི་འདྲ་བ། ལྟ་ཚུལ་མི་འདྲ་བ་དག་བྱུང་བ་དང༌། བསླབ་པར་བྱ་བའི་དོན་ལ་འཁྲུལ་གཞི་ཆེ་བ་དང༌། འཛིང་བ། ཐེ་ཚོམ་ཅན་དང་བློ་ མི་བདེ་བ། གོ་དཀའ་བ་བཅས་ལ་བརྒལ་བ་དང་ལན་གྱི་སྒོ་ནས་ཚད་མའི་འགྲོས་

དང་མཐུན་པའི་སློབ་ཁྲིད་དམ་བགྲོ་གླེང་གི་སློབ་ཁྲིད་བྱེད་ཐབས་ཤ ིག་ཡོད་པ་དེ་ནི་ སློབ་ཁྲིད་ཀྱི་མཐོ་རླབས་ལྟ་བུ་ཞིག་དང༌། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པ་

དར་རྒྱས་གོང་འཕེལ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོའང་ཁྲིད་ཐབས་འདིར་རག་ལས་ 191

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༠༢། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

པར་དུ་བསྐྲུན།


352 ཉམས་ཞིབ་དེབ་ཕྲེང་། ༡

ཡོད། དེང་རབས་སློབ་ཁྲིད་ཁྲོད་དུའང་འདི་འདྲའི་སློབ་ཁྲིད་ཀྱི་རྣམ་པ་ལ། དོགས་ པ་སློང་བ། དོགས་པ་འཛུགས་པ། དོགས་པ་སེལ་བ་བཅས་ཀྱི་བགྲོ་གླེང་གི་ཁྲིད་ ཐབས་ཤ ིག་ཏུ་ངོས་འཛིན་བྱེད།

སྤྱིར་བརྒལ་བ་དང་ལན་གཉིས་སོ་སོ་བ་ཡིན་ཡང༌། བརྒལ་བ་གང་ཞིག་

ལ་ལན་འདེབས་བྱེད་པ་རྒྱུ་མཚན་དུ་བྱས་ནས། “བརྒལ་ལན་སྒོ་ནས་གཞུང་དོན་

ནི༑ ༑ལུང་དང་རིགས་པས་གཏན་ལ་དབབ། །” ཅེས་བརྒལ་བ་དང་ལན་གཉིས་ 192

མཉམ་དུ་བཤད་ཀྱང་། “ལུང་དང་རིགས་པས་གཏན་ལ་དབབ”པའི་སློབ་ཁྲིད་བྱེད་ ཐབས་ལས་བརྒལ་བ་ལའང་ཞིབ་མོའ ི་དབང་དུ་བྱས་ན་སྒྲ་ལ་བརྒལ་བ་དང༌། དོན་ ལ་བརྒལ་བ་གཉིས་ཡོད་དོ། །

༡) སྒྲ་ལ་བརྒལ་བ་ནི།

རྗོད་བྱེད་སྒྲའི་བརྗོད་ཚུལ་དང་ཚིག་གི་མཚོན་སྟངས་སོགས་ཀྱི་འགལ་བ་ལ་

བརྒལ་བ། བརྗོད་བྱ་དང་རྗོད་བྱེད་གཉིས་ལས། རྗོད་བྱེད་ཀྱི་ཐད་ལ་ལྟ་ཚུལ་གཞན་ འདོན་པ་དང༌། དྲི་བ་དྲིས་ལན་བྱེད་པ་བཅས་རིགས་པས་དཔྱད་བསྡུར་བྱེད་པ་ལ་ བྱའོ། །

༢) དོན་ལ་བརྒལ་བ་ནི།

དོན་ལ་བརྒལ་བ་ལ། སྔ་ཕྱི་འགལ་བར་བརྒལ་བ་དང༌། རིགས་པ་དང་འགལ་

བར་བརྒལ་བ། ལུང་དང་འགལ་བར་བརྒལ་བ་གསུམ་ཡོད་དེ།

༡) སྔ་ཕྱི་བརྒལ་བ། དོན་གྱི་སྔ་ཕྱི་འགལ་བར་བརྒལ་བའི་དོན་དུ་ངེས་ཏེ། ཁ་

192

<<མཁས་པ་འཇུག་པའི་སྒོ>> ཤོག་ངོས༡༠༦། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་

སྐྲུན་ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 353

ཅིག་གིས་བདེན་པ་བཞི་སྨྲ་བ་དང༌། ཁ་ཅིག་གིས་བདེན་པ་གསུམ་སྨྲ་བ།

ཁ་ཅིག་གིས་བདེན་པ་གཅིག་ཁོ་ན་སྨྲ་བ་དག་བཀོད་དེ་སྔ་ཕྱི་མཐུན་མིན་ གྱི་དོན་ལ་བརྒལ་བ་ལྟ་བུའོ། །

༢) རིགས་པ་དང་བརྒལ་བ། རིགས་པ་དང་བརྒལ་བ་ཞེས་པ་ནི“ཚད་མ་རྣམ་ པ་གསུམ་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་དང༌། ཡིད་ཆེས་པ་གསུམ་

དང་འགལ་བ་ལ་བརྒལ་བ་དང༌། བདེན་པ་ལ་རྫུན་པ་དང༌། ཡིན་པ་ལ་མིན་ པར་སྨྲ་བའི་བརྗོད་བྱ་དོན་དང༌། དོན་དེས་སྟོན་པའི་ཕྱི་རོལ་གྱི་བདེན་པ་

གཉིས་ཀྱི་བར་གྱི་འགལ་བ་ལ་བརྒལ་བའོ། །” མདོར་ན་ལྟ་ཚུལ་འགལ་བ་ ཅན་ལ་ཚད་མའི་རིགས་ལམ་སྤྱད་དེ་བརྒལ་བའོ། །

༣) ལུང་དང་བརྒལ་བ། བསླབ་བྱའི་གཞུང་ཞིག་གི་ཁུངས་དང་མཐུན་མིན་ དང༌། སྨྲ་བ་པོ འ་ི དགོ ང ས་པ་དངོ ས ་རྙེ ད ་མི ན ་ལ་དཔྱད་དེ ་ འགལ་བར་ བརྒལ་བའོ།།

བརྒལ་བ་དང་ལན་གྱི་སྒོ་ནས་སློབ་ཁྲིད་བྱེད་ཚུལ།

༡ བརྒལ་བའི་སློབ་ཁྲིད་བྱེད་ཚུལ།

འདི་ནི་སློབ་ཁྲིད་ཀྱི་རིམ་འགྱུར་དང་མཐོ་རླབས་ལྟ་བུ་ཡིན་ཞིང༌། གུ་ཡངས་

པོའ་ི སྒོ་ནས་སློབ་ཁྲིད་བགྲོ་གླེང་ཅན་དང་དཔྱད་ཞིབ་ཅན། ཚོད་ལྟ་ཅན་བཅས་སུ་

བྱེད་ཕྱིར་བགྲོ་གླེང་དང་རྩོད་པ། དྲི་བ་བཅས་ཀྱི་སྒོ་ནས་གཞན་གྱི་འཆད་ཁྲིད་དང་ སློ བ ་ཚན་གྱི ་ ནང་དོ ན ་སོ ག ས་ཀྱི ་ ཕྱོ ག ས་ནས་འགལ་བར་རྟོ ག ་སྟེ ་ རྩོ ད ་པ་ཡི ན ་ ཞིང་དེའང་དོན་ལ་བརྒལ་བ་དང༌། ཚིག་ལ་བརྒལ་བ། རིགས་པ་དང་འགལ་

བར་སྣང་བས་བརྒལ་བ། ཆ་དུ་མར་སྣང་བས་བརྒལ་བ། ཤིན་ཏུ་ལྐོག་ཏུ་གྱུར་


354 ཉམས་ཞིབ་དེབ་ཕྲེང་། ༡

པས་བརྒལ་བ་བཅས་སོ། །

༡) དོན་ལ་བརྒལ་བ་ནི། དོན་མ་རྟོགས་པས་ཚིག་འདིའི་དོན་ཅི་ཡིན་ཞེས་འདྲི་ བ་དང༌། དོན་དེ་ལྟར་མ་ཡིན་ཞེས་བརྒལ་བའོ། །

༢) ཚིག་ལ་བརྒལ་བ། སྐབས་གཞན་དུ་ཚིག་དོན་འདི་ལྟར་འཆད་ཀྱང་འདིར་ དེ་དང་མི་འདྲ་བར་འདི་ལྟར་འཆད་པ་ཅི་ཡིན་ནམ་ཞེས་བརྒལ་བའོ། །

༣) རི ག ས་པ་དང་འགལ་བ། རི ག ས་པ་བཞི ་ དང་འགལ་བར་རྟོ ག ་སྟེ ་ བརྒལ་བའོ། །

༤) ཆ་དུ་མར་སྣང་བས་བརྒལ་བ། དོན་གཅིག་ཁོ་ན་ཞིག་རྣམ་གྲངས་དུ་མས་ བསྟན་པར་བརྒལ་བའོ། །

༥) ལྐོག་ཏུ་གྱུར་པས་བརྒལ་བ། ནང་སེམས་ཀྱི་རྣམ་བཞག་ལྟ་བུ་ལྐོག་ཏུ་གྱུར་ པས་མ་རྟོགས་པར་བརྒལ་བའོ། །

༢ ལན་གྱི་སློབ་ཁྲིད་བྱེད་ཚུལ།

བརྒལ་བ་ལ་ལན་འདེབས་པ་ནི་སྲོལ་རྒྱུན་སློབ་ཁྲིད་ཁྲོད་དུ་གལ་ཆེའི་དོན་

སྙིང་ཞིག་ཏུ་ངོས་འཛིན་བྱས་ཏེ། སློབ་མའི་རྟོག་དཔྱོད་ཀྱི་རིགས་ལམ་འཕེལ་

བའི་མགོ་བོ་མ་འཇོམས་པའི་སྒོ་ནས་དྲི་བ་དང་བརྒལ་བ་ལ་ལན་འདེབས་བྱེད་ ཀྱིན་ཡོད། དགེ་སློབ་བར་གྱི་གུ་ཡངས་པོའ་ི བགྲོ་གླེང་ལ་བརྟེན་ནས་དགོན་སྡེ་

མཚན་ཉིད་རིག་པ་ཆེ་ཆེར་དར་བ་ཡིན་ཞིང༌། དེའང་ཡུན་རིང་ཉམས་མྱོང་ལས་

ལན་འདེབས་བྱེད་ཚུལ་ཁ་ཤས་ཕྱོགས་སྡོམ་བྱས་ཡོད། དྲི་བ་རིགས་གསུམ་ལ་ ལན་འདེབས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་པ་ལ། “འདྲི་བ་རྣམ་པ་གསུམ་ལ་ལན་

གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ། །” ཞེས་ 193

193

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༦༨། སློབ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 355

པའི་སྐབས་ནས་བསྟན་པའི་སྐྱོན་གསུམ་དང་ལན་འདེབས་ཚུལ་ནི། ༡) དོན་དང་མཚམས་སྦྱར་ཚུལ་མི་ཤེས་པའི་དྲི་བ། ལན། ༡ དོན་ཕྱིན་ཅི་མ་ལོག་པ།

༢ མཚམས་སྦྱར་བ་འབྲེལ་བ།

༢) ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས་ནས་འགལ་བའི་དྲི་བ། ལན། ༡ ཆོས་ཉིད་དང་མཐུན་པ། ༢ དགོངས་དོན་བསྟན་པ།

༣) རྟོགས་པའི་དབང་དུ་བྱས་ནས་གདམས་ངག་འདྲི་བ།

ལན། ༡ འཇིག་རྟེན་པའི་ཡོན་ཏན་བསྒྲུབ་པ་དང་མཐུན་པ།

༢ འཇིག་རྟེན་ལས་འདས་པའི་ཡོན་ཏན་བསྒྲུབ་པ་དང་མཐུན་པ།

ལན་འདེབས་པ་བཞིའི་སྒོ་ནས་སློབ་ཁྲིད་བྱེད་ཚུལ།

༡) རིགས་པ། སྔ་ཕྱི་མ་འབྲེལ་བ་མེད་པར་འབྲེལ་བ་བརྗོད་ཅིང་གསལ་བར་ བྱེད་པ་སྔ་ཕྱི་མི་འགལ་བ་དང་།

༢) རྗེས་སུ་མཐུན་པ། ཆོས་ཉིད་དང་མི་མཐུན་པ་མེད་པར་སྦྱོར་བས་ཆོས་ཉིད་ དང་མཐུན་པ།

༣) ཐབས་དང་ལྡན་པ། གདུལ་བྱ་དང་རྗེས་སུ་མཐུན་པར་འཆད་ཅིང་འཚམ་ པས་གདུལ་བྱ་དང་མཐུན་པ།

༤) ཀུན་སྤྱོད་དང་རྗེས་སུ་མཐུན་པ། ཚངས་པར་སྤྱོད་པ་དང་རྗེས་སུ་མཐུན་ པར་བྱེད་པས་དོན་གྱི་མཆོག་དང་ལྡན་པ་རྣམས་སོ། །

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་

བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་པར་དུ་བསྐྲུན།


356 ཉམས་ཞིབ་དེབ་ཕྲེང་། ༡

ལན་འདེབས་ཚུལ་བདུན་གྱིས་སློབ་ཁྲིད་བྱེད་ཚུལ།

༡) སློབ་མས་དོན་ཇི་བཞིན་དུ་མ་རྟོགས་པ་ལ་དངོས་ཡོད་གང་ཡིན་གོ་བདེ་ བའི་སྒོ་ནས་འཆད་དེ་ཡོངས་སུ་རྟོགས་པར་བྱ་བའོ། །

༢) ཚིག་འགལ་བར་རྟོག་པ། ཆ་དུ་མར་སྣང་བས་བརྒལ་བ། ལྐོག་ཏུ་གྱུར་པས་ བརྒལ་བ་བཅས་ལ་དགོས་པ་ཡང་དག་པར་བཀྲལ་ཏེ་རྗེས་སུ་མཐུན་པར་ ལན་འདེབས་པའོ། །

༣) རིགས་པ་དང་འགལ་བའི་བརྒལ་བ་ལ།—རིགས་པ་བཞི་ལ་བརྟེན་ནས་ ལན་འདེབས་པའོ། །

༤) མགོ་གཅིག་ཏུ་ལན་འདེབས་པ་ལ།—ཚུལ་བཞིན་པའི་དྲི་བ་ལ་ཆོས་ཀྱི་ མཚན་ཉིད་ཡོངས་སུ་རྣམ་པར་བཞག་སྟེ་ལན་འདེབས་པའོ། །

༥) རྣམ་པར་ཕྱེས་ཏེ་ལན་འདེབས་པ་ལ།—ཚུལ་བཞིན་ཡིན་པ་དང་མ་ཡིན་པ་ ལ་ཁྱད་པར་གྱི་མཚན་ཉིད་རྟོགས་པའི་སོ་སོར་ཕྱེས་ཏེ་ལན་འདེབས་པའོ།།

༦) ཡོངས་སུ་དྲིས་ཏེ་ལན་འདེབས་པ་ལ།—ཀླན་ཀ་འཚོལ་བའི་ལྟ་ཚུལ་ཁས་ བླངས་པར་བྱས་ནས་ལན་འདེབས་པའོ། །

༧) གཞག་པར་ལན་འདེབས་པ་ནི།—མ་ངེས་པ་དང་ཤེས་ཐབས་མེད་པའི་ དོན་ལ་ཟབ་པའི་ཕྱིར་མི་ཤེས་ལ། ཤེས་པར་བྱེད་པའི་རྒྱུ་མ་ཚང་བས་མི་ ཤེས་སོ་ཞེས་འཇོག་པ་ལས་འོལ་ཚོད་ཀྱིས་ལན་མི་འདེབས་པའོ། ། ལན་འདེབས་པའི་ཡོན་ཏན།

“ཚིག་བརྒྱད་པོ་དག་གིས་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 357

སུ་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ༌། །” ཞེས་པའི་སྐབས་ནས་བསྟན་པའི་ལན་ 194

འདེབས་པའི་ཡོན་ཏན་བརྒྱད་ནི། ༡) དོན་ལ་འཇུག་པ་ངེས་པར་འཛིན་པ་ཉིད་དང༌།

༢) འཇིག་རྟེན་ལ་གྲགས་པའི་ཚིག་དང་ཡིག་འབྲུ་དང་འབྲེལ་བ་ཉིད་དང༌། ༣) རྒོལ་

བ་འགལ་བའི་རྗེས་སུ་མཐུན་པ་ཉིད་དང༌། ༤) ཚིག་ཟབ་མོའ ི་དོན་ངེས་པར་བྱས་པ་

ཉིད་དང༌། ༥) ཉན་པ་པོ་ལ་ཕན་འདོགས་པའི་ཚིག་དང་ཡིག་འབྲུ་རྣམ་པར་གཡེང་ བ་མེད་པའི་གཞིར་གནས་པ་ཉིད་དང༌། ༦) སློབ་མའི་བསམ་པ་དང་མོས་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་རྣམ་པར་ཕྱེ་བ་ཉིད་དང༌། ༧) ལུང་འབོགས་པ་དང༌། ཁ་དོན་

བྱེད་པ་དང༌། མོས་པ་དང་། སེམས་པ་དང་། བསྒོམ་པ་ཉིད་དང༌། ༨) སྒྲ་ཇི་ལྟ་བ་

བཞིན་དུ་མངོན་པར་མི་ཞེན་པར་གཏན་ལ་དབབ་པར་བསྟན་པ་ཉིད་དོ། །

ལྔ་པ། སློབ་ཁྲིད་ཀྱི་ཆེ་བ་དང་བྱེད་ཐབས་གཞན་དག

འཆད་ཐབས་མཐའ་དག་མདོར་བསྡུས་ན། ༡) གཏམ་གྱི་སྦྱོར་བ་དང༌། ༢) གཏམ་གྱི་

ལས་དང༌། ༣) གཏམ་གྱི་ཡོན་ཏན་དང༌། སྨྲ་བ་པོའ ི་ཡོན་ཏན་ལས་བརྩམས་ནས་རྣམ་ པ་ལྔ་ལྔ་དག་གིས་འཆད་པ་དང༌། ཡང་ཇི་ལྟ་བུར་དང༌། གང་གི་དོན་དང༌། གང་འདྲ་

བ་དང༌། གང་འདྲ་བས་གཏམ་བྱ་བ་དེ་ལྔ་ལྔ་དག་གིས་གཏམ་བྱ་བ་བཅས་སུ་བསྡུ་བ་

ཡིན་ལ། སྲོལ་རྒྱུན་དགོན་སྡེའི་སློབ་ཁྲིད་ཡོད་དོ་ཅོག་གིས་སློབ་ཁྲིད་སྟ་གོན་དང༌། སློབ་ཁྲིད་དངོས་གཞི་གང་གི་སྐབས་སུའང་ཁྲིད་ཐབས་ཀྱི་ཚུལ་ཇི་འདྲ་ཞིག་ཡིན་ཀྱང་

194

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༦༩། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་

བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་དཔར།


358 ཉམས་ཞིབ་དེབ་ཕྲེང་། ༡

གོང་གི་ལྔ་ཚན་གཉིས་ཀྱི་ཁྱབ་ཁོངས་ནས་སྤྲོས་ཤིང་དབྱེ་བ་ཡིན་ནོ།།

དག་པ་གསུམ་དང་ཆེ་བ་བཞིའི་སྒོ་ནས་སློབ་ཁྲིད་བྱེད་པ།

སློབ་དཔོན་གྱི་ངག་དག་པ་དང༌། བཤད་བྱའི་ཆོས་དག་པ། སློབ་མའི་རྒྱུད་དག་པ་ སྟེ་དག་པ་གསུམ་དང༌། ཆོས་མཛད་པ་པོའ་ི ཆེ་བ་དང༌། ཆོས་ཀྱི་ཆེ་བ། ཆོས་ལ་

ཉན་བཤད་ཇི་ལྟར་བྱ་བ། གདམས་པ་དངོས་ཀྱི་སློབ་མ་ཇི་ལྟར་ཁྲིད་པའི་རིམ་པ་སྟེ་

ཆེ་བ་བཞི་ལྡན་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་པ་ནི་དེང་གི་སློབ་ཁྲིད་ རིག་པའི་སྒོ་ནས་བལྟས་ན་སློབ་ཁྲིད་སྤྱིའི་ཆ་རྐྱེན་ལྟ་བུ་ཞིག་ཡིན་ནོ། ། སློབ་ཁྲིད་བྱེད་ཐབས་ཀྱི་སྒོ་གསུམ།

སྒོ་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ནི། དོན་བསྟན་པ་དང༌། གཞུང་བཤད་པ། གཞུང་ དོན་ངེས་པར་བྱེད་པའོ། །

༡) དོན་བཤད་པ་ནི།—གཞུང་དོན་དེ་གང་ལས་བྱུང་བའི་ཁུངས་དང༌། ཅིའི་ ཕྱིར་བཀོད་པའི་དགོས་པ། ཅི་ཞིག་བསྟན་པའི་བརྗོད་བྱ་གསུམ་བསྟན་ པ་གཙོ་གནད་དུ་བཟུང་ནས་སློབ་ཁྲིད་བྱེད་པ་དང༌། དེས་སློབ་མ་དོན་ལ་ མཁས་པར་བྱེད་དོ། །

༢) གཞུང་བཤད་པ་ནི།—དཀྱུས་ཀྱི་མཐེབ་སྦྱོར་གྱིས་གཞུང་དོན་ངོས་བཟུང་ སྟེ། དེ་ལ་དོགས་པ་སྤངས་ཕྱིར་ཁྱད་ཆོས་བཤད་པ་དང༌། དེ་ལས་ཅི་ཞིག་ བསྟན་པའི་ཚུལ་ལ་དཔྱོད་པའི་སྒོ་ནས་སློབ་ཁྲིད་བྱེད་ཅིང༌། དེས་སློབ་མ་ ཚིག་ལ་མཁས་པར་བྱེད་དོ། །

༣) གཞུང་དོན་ངེས་པར་བཤད་པ་ནི།—གཞུང་དོན་རྟོགས་ཟིན་ནའང་གཞན་

གྱི་རྒོལ་བ་བཟློག་ཕྱིར་འགལ་བ་དང་ཟློས་པ་བཀོད་ནས། ལན་དངོས་དང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 359

ལུང་རིགས་གཞན་ནས་འདྲེན་པ་བཅས་ཀྱིས་དོགས་པ་བསལ་བའི་ཁྲིད་

ཐབས་ཤ ིག་ཡིན་ཏེ། དེས་སློབ་མར་གཞུང་དོན་ལ་ངེས་པ་རྙེད་པར་བཤད་ དེ༑ འདི་དག་ནི་བསྡུས་དོན་དང༌། ཚིག་དོན། བརྒལ་ལན་བཅས་ཀྱི་བཤད་ ཐབས་དང་དོན་མཚུངས་སོ། །

གཞན་ཡང༌། སློབ་ཁྲིད་བྱེད་པའི་སྒོ་གསུམ་ལ་དོན་གྱི་ཁོག་འབུབས་པ་དང༌།

དཀྱུས་ཀྱི་ས་བཅད་པ། ཚིག་གི་འབྲུ་ནོན་པ་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་ཐབས་

བསྟན་པ་ལས། ༡) དོན་གྱི་ཁོག་འབུབས་པ་ནི། འཆད་བྱའི་བརྗོད་དོན་དེའི་འབྱུང་ ཁུངས་ནས་བརྩམས་ཏེ ་ ཇི ་ ལྟར་བཤད་ཚུལ་སོ ག ས་ཇི ་ བཞི ན ་དུ་རྣ་བར་འཇོ ག ་

པའོ།། ༢) དཀྱུས་ཀྱིས་ས་བཅད་པ་ནི། གཞུང་དོན་དོན་ཚན་དུ་དབྱེ་བསྡུ་བྱས་ཏེ་

སྡེ་ཚན་སོ་སོར་བཀྲལ་ཞིང་ས་བཅད་དུ་དབྱེ་སྟེ་འཆད་པའོ། །༣) ཚིག་གི་འབྲུ་ནོན་ པ་ནི། ཚིག་འབྲུ་རེ་རེ་བྱས་ཏེ་མ་ལུས་པར་འཆད་པའོ། །

གཏམ་ལ་འཇུག་པ་རྣམ་པ་གསུམ་གྱི་སྒོ་ནས་སློབ་ཁྲིད་བྱེད་ཚུལ།

གཏམ་ལ་འཇུག་པ་རྣམ་པ་གསུམ་དང་བཅས་པ་ཡིན་ཏེ། ཕྱིར་རྒོལ་བ་དང༌། བར་

ན་གནས་པ་དང༌། ཆོས་མཐུན་པ་ཉིད་དང་ངོ། །ཞེས་པའི་སྐབས་ནས་བསྟན་པའི་

འཆད་ཐབས་རྣམ་པ་གསུམ་གྱིས་ངག་དག་པ་དང་སེམས་དག་པ་གཉིས་གལ་ཆེན་ དུ་བཟུང་ཡོད་ཅིང་དེ་གསུམ་ནི། ༡) ཕྱིར་རྒོལ་བ་ནི།

ཕྱིར་རྒོལ་བའི་སྦྱོར་བ།

བཀུར་སྟི་མ་ཡིན་པའི་སྦྱོར་བ། ཚིག་རྩུབ་པོའ ི་སྦྱོར་བ།


360 ཉམས་ཞིབ་དེབ་ཕྲེང་། ༡

ཕྱི ར ་རྒོ ལ ་བ་ལ་གཏམ་བྱ་བའི ་ སྐབས་སུ་སློ བ ་དཔོ ན ་གྱི ས ་ཧ་ཅང་རྒྱས་

བཤད་མིན་ལ། ཉེས་པར་རྩོམ་པའི་ཚིག་དང་འགལ་བར་ཡང་མི་འགྲོ་ཕྱིར། མི་

རིགས་པའི་ཚིག་དང་ཚིག་རྩུབ་པ། ཁ་ན་མ་ཐོ་བ་བཅས་སྤངས་ཏེ་ངག་དག་པ་དང་ སེམས་དག་པས་འཆད་པར་བྱ་དགོས་ཏེ།

༡) ཕྱིར་རྒོལ་བའི་སྦྱོར་བ་བྱུང་བ་ན་ཞེ་སྡང་ཞིང་ཕམ་འདོད་ཀྱིས་གཏམ་མི་

སྨྲ་བ་དང༌། ༢) བྱུང་མ་བྱུང་གི་སྐུར་བ་བཏབ་སྟེ་བཀུར་སྟི་མེད་པའི་སྦྱོར་བ་བྱུང་ན་

ང་རྒྱལ་དང་འཆབ་པ་སྤངས་ནས་གཏམ་བྱེད་པའོ། །༣) ཚིག་རྩུབ་པོའ ི་སྦྱོར་བ་བྱུང་

ན་མནར་སེམས་ཀྱིས་སེམས་འཁྲུགས་ཏེ་ཁོང་ཁྲོ་བ་དང་གཤེ་བ་སྤངས་ཏེ་གཏམ་ བྱ་དགོས་སོ། །

༢) བར་ན་གནས་པ།

བར་ན་གནས་པར་གཏམ་བྱ་བར་བཀུར་སྟི་འདོད་པ་དང༌། རང་ལྟ་མཆོག་འཛིན་

སྤངས་ཏེ་སེམས་ཡོངས་སུ་དག་པའི་སྒོ་ནས་ཐེ་ཚོམ་པ་དང༌། བྱེ་བྲག་མི་ཕྱེད་པ་ ལ་གཏམ་བྱ་བའི་རྣམ་པ་དྲུག་གི་སྒོ་ནས་ངག་དག་པའི་གཏམ་བྱ་དགོས་ན། བར་ན་ གནས་པའི་རྣམ་པ་དྲུག་ནི།

༡) ཀུན་ཏུ་ཤ ེས་པར་བྱ།—བསམ་གྱིས་མི་ཁྱབ་པ་ཡིན་པས་ཤ ེས་པར་དཀའ་ འོ་སྙམ་པ་ལ་ཀུན་ཏུ་ཤེས་པར་བྱ།

༢) ཡང་དག་པར་ཤེས་པར་བྱ།— དོན་ཟབ་མོར་ཐེ་ཚོམ་པ་ལ་ཡང་དག་པར་ ཤེས་པར་བྱ།

༣) སེམས་སུ་ཞུགས་པར་བྱ།—བསླབ་པའི་དོན་རྟོགས་ཕྱིར་ཡང་ཡང་བསྒོམ་ པ་ལ་སེམས་སུ་ཞུགས་པར་བྱ།

༤) མགུ་བར་བྱ།— ༡ སེམས་གཡེངས་པ་སྤོང་བའི་མཆོག་ཏུ་དགའ་བ་དང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 361

༢ ཐེ་ཚོམ་གཅོད་པའི་མཆོག་ཏུ་དགའ་བ་དང༌། ༣ འབྲས་བུ་ཡོངས་སུ་ འཛིན་པའི་མཆོག་ཏུ་དགའ་བར་བྱ།

༥) ཡང་དག་པར་མགུ་བར་བྱ།—བསླབ་པའི་གཞི་ལ་བློ་ཕྱོགས་ནས་བདེན་ པར་མཐོང་ཞིང་དེ་ལ་བློ་རྩེ་གཅིག་ཏུ་གཏོད་པའི་འདུན་པ་དང་ལྡན་པར་བྱ།

༦) ཡོངས་སུ་མགུ་བར་བྱ།—བསླབ་པའི་གཞི་ལ་ཡང་དག་པར་ཞུགས་ནས་ དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་ཡོངས་སུ་མགུ་བར་བྱ་བའོ། །

༣) ཆོས་མཐུན་པར་གཏམ་བྱ་བ།

མོས་པ་དང་འདུན་པ་ཡོད་པ་རྣམས་ལ་བསམ་པ་རྣམ་པར་དག་པས་ལེགས་

པར་འདྲི་བ་དང་ངག་ཡོངས་སུ་དག་པས་ལུང་སྟོན་པའོ། །

དོན་དང་མཐུན་པའི་ཁྲིད་ཐབས་གསུམ།

༡) རྒོལ་བའི་ལན་དང་ལྡན་པ། དོན་དང༌། ཚིག རིགས་པ། ཆ་དུ་མར་སྣང་བ།

ལྐོག་ཏུ་གྱུར་པའི་དབང་གིས་བརྒལ་བའི་རྒོལ་བ་རྣམ་པ་ལྔ་ལ་དེ་བཞིན་ཏུ་ དེ་དང་མཐུན་པའི་སྒོ་ནས་ལན་འདེབས་པའོ། །

༢) དེ་དང་འབྲེལ་བ། བསླབ་པའི་གཞི་གང་ཡིན་པ་དེའམ་དེ་དང་ཉེ་བར་འབྲེལ་ བ་འཆད་པ་ལས་དོན་གཞན་མི་འཆད་པའོ། །

༣) གཞན་ལས་དྲངས་པ། བསླབ་པའི་གཞི་གང་ཡིན་པ་དེ་དང་འབྲེལ་ཞིང་དེ་ ལས་གཞན་གྱི་ལུང་དང་རིགས་པ་གཞན་དང་གཞན་དྲངས་ཏེ་དོན་དེ་གསལ་ བར་འཆད་པའོ། །

༤) སྤོབས་པ་ལས་གྱུར་པ་ནི། ཇི་ལྟར་འདོད་པའི་དོན་གང་ཡིན་པ་དེ་ལྟར་རབ་ ཏུ་རྣམ་པར་ཕྱེས་ཏེ་འཆད་པའོ། །


362 ཉམས་ཞིབ་དེབ་ཕྲེང་། ༡

༥) གྲུབ་པའི་མཐའི་རྗེས་སུ་འབྲང་བ། གྲུབ་མཐའ་དང་ལྟ་ཚུལ་གང་ཡིན་པ་དེའི་ དོན་འཆད་ཕྱིར་འདོད་པ་དེའི་རྗེས་སུ་འབྲངས་ནས་འཆད་པའོ། ། སེམས་ལས་སུ་རུང་བས་འཆད་ཉན་བྱེད་ཚུལ།

སྲོ ལ ་རྒྱུན་ཤེ ས ་ཡོ ན ་གྱི ས ་འཆད་ཉན་བྱེ ད ་པའི ་ སྐབས་སུ་དགེ ་ སློ བ ་ཀྱི ་ སེ མ ས་

ཁམས་ཇི་ལྟ་བུ་ཞིག་དགོས་པའི་ཚུལ་བསྟན་པའི་སྐབས་སུ་གཤམ་གྱི་དོན་ཚན་ དག་བགྲངས་ཡོད། ༡) མ་ཆགས་པའི་སེམས། ༢) ཞེ་སྡང་མེད་པའི་སེམས། ༣)

ལས་སུ་རུང་བའི་སེམས། ༤) རྣམ་པར་མ་རྨོངས་པའི་སེམས། ༥) ཞི་བའི་སེམས། ༦) རྩུབ་པ་མེད་པའི་སེམས། ༧) རྒྱུད་གཅིག་ཏུ་གྱུར་པའི་སེམས། ༨) དགེ་བའི་

སེམས། ༩) བྱེ་བྲག་ཕྱེད་པའི་སེམས། ༡༠) གུས་པའི་སེམས། ༡༡) མོས་པའི་

སེམས། ༡༢) ལེགས་པར་རྣམ་པར་གནས་པའི་སེམས། ༡༣) ལེ་ལོ་མེད་པའི་ སེམས། ༡༤) གཟུང་བའི་སེམས། ༡༥) ཕན་འདོགས་པའི་སེམས། ༡༦) རབ་ཏུ་ འཛིན་པའི་སེམས། ༡༧) སྒྲུབ་པའི་སེམས། ༡༨) དོན་ལ་ལྟ་བའི་སེམས། ༡༩) སྐྱོན་

ཡིད་ལ་མི་བྱེད་པའི་སེམས། ༢༠) དོན་ལ་རྟོན་པའི་སེམས། ༢༡) རི་མོར་བྱ་བའི་

སེམས། ༢༢) ཞུམ་པ་མེད་པའི་སེམས། ༢༣) ཁེངས་པ་མེད་པའི་སེམས། ༢༤) མཉམ་པར་གཞག་པའི་སེམས། ༢༥) ཚིག་འབྲུ་ལ་མི་འཕྲོ་བའི་སེམས། ༢༦) དོན་

མི་གཏོང་བའི་སེམས། ༢༧) ཡིད་ལ་བྱེད་པ་དྲག་པོའ་ི སེམས་བཅས་བསམ་བློའ་ི འཛིན་སྟངས་ཉེར་བདུན་དང་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས་པར་ཚད་གཞི་ བཞག་པ་འདིའི་ནང་དུ་དགེ་རྒན་གྱི་ཡང་དག་པའི་བསམ་བློ་དང་སློབ་ཁྲིད་ཀྱི་བྱེད་ ཐབས་གཉིས་ཀ་འདུས་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 363

རྒྱུད་སྡེ་བཀྲལ་ཚུལ་ལམ་འཆད་ཐབས།

གླེགས་བམ་གཉིས་པ། ༡) སྤྱིའི་དོན་དང༌། སྦས་པའི་དོན། མཐར་ཐུག་གི་དོན། 195

ཡན་ལག་གི་དོན། ཡི་གེའི་དོན། མན་ངག་གི་དོན་བཅས་ཀྱིས་བཤད་པའི་གདམས་ ངག་དྲུག་གི་འཆད་ཐབས་དང༌། ༢) གཞི། ལམ། འབྲས་བུ་བཅས་རྒྱུད་གསུམ་

གྱིས་འཆད་ཐབས། ༣) སྔགས་ཀྱི་བདག་ཉིད་དང༌། དབྱིབས་ཀྱི་བདག་ཉིད། ཆོས་ ཀྱི་བདག་ཉིད་དེ་བདག་ཉིད་ཅན་གསུམ་གྱི་འཆད་ཐབས། ༤) སྐུ་བཞིའི་སྒོ་ནས་

བཤད་པའི་གནས་པ་བཞིའི་སྒོ་ནས་འཆད་ཐབས། ༥) རྒྱུའི་རྒྱུད་ངོ་བོ་ཉིད་ཀྱིས་ དག་པ་གསུམ་དང༌། ཐབས་ཀྱི་རྒྱུད་སྦྱོང་བྱེད་ཀྱིས་དག་པ་གསུམ། འབྲས་བུའི་

རྒྱུད་དྲི་བྲལ་གྱིས་དག་པ་སྟེ་དག་པ་གསུམ་བཅས་ཀྱི་འཆད་ཐབས། ༦) མི་གསལ་

བ་དང༌། དེ་ཁོ་ན་ཉིད་མདོར་བསྟན་པ་དང༌། ས་བོན་ལྔ་དང༌། དམ་པའི་དངོས་པོ་ སྦས་པ་དང༌། གསང་བའི་ཆུ་སྐྱེས་དང༌། ལྟ་བའི་དགའ་བ་དང༌། ཐམས་ཅད་དུ་འགྲོ་

བ་བསྡུས་པ་དང༌། བདེ་བ་མཐའ་ཡས་པ་སྟེ་གསང་བ་བདུན་གྱི་སྒོ་ནས་ཁྲིད་པ་

སོགས་གསུངས་ཀྱང་དེ་དག་ནི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཤ ིག་གི་ཁྲིད་ ཐབས་ཡིན་པས་མཐའ་དག་དེང་གི་སློབ་ཁྲིད་ལ་སྦྱར་དུ་མི་ཐུབ་ཀྱང༌། ས་བཅད་མ་ སྟོང་ཙམ་དུ་བཀོད་པ་ཡིན་ནོ། །

འགྲེལ་བའམ་བཤད་པའི་རྣམ་གྲངས།

འགྲེལ་བ་དང༌། རྣམ་པར་འགྲེལ་བ། འགྲེལ་བཤད། རྒྱ་ཆེར་འགྲེལ། བཤད་

པ༑ རྣམ་པར་བཤད་པ། བཤད་སྦྱར། དོན་བསྡུ། བསྡུས་ཕྱེ་བ་སོགས་འགྲེལ་ལུགས་ 195

<<ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ་གྱི་དཀར་ཆག་བཞུགས་སོ། །>> ཤོག་ངོས་༨ནས༩།

ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད།

Delhi -24

LHAMA GURU DEVA E.148 East of Kailash New


364 ཉམས་ཞིབ་དེབ་ཕྲེང་། ༡

མི་འདྲ་བ་མང་པོ་ཡོད་པ་དང༌། རྩ་བའི་ཚིག་དོན་འགྲེལ་བའི་ཆ་ནས། ༡) འགྲེལ་བ་

དང༌། ༢) བཤད་པ། ༣) དོན་འགྲེལ་བཅས་དང༌། འགྲེལ་བ་ལའང་ཡང་འགྲེལ་བྱེད་ པའི་ཆ་ནས། རྣམ་འགྲེལ་དང༌། འགྲེལ་བཤད། རྣམ་བཤད། བཤད་སྦྱར་བཅས་

དང༌། འགྲེལ་བ་ལ་བཀའ་ལ་བརྟེན་པ་དང་མ་བརྟེན་པ་གཉིས་ལས། བཀའི་ཚིག་ དོན་ཐད་ཀར་འགྲེལ་བའི་བཀའ་འགྲེལ་དང༌། རྩ་བ་དང་འགྲེལ་བ་གཉིས་བཀོད་

དེ་སྦྲགས་ནས་འགྲེལ་བའི་མདོ་དང་སྦྱར་ནས་འགྲེལ་བ་དང༌། རྩ་བའི་དོན་གཞིར་

བཟུང་བ་གང་ཞིག་ལ་རྩ་བའི་ཚིག་དངོས་སུ་མ་བཀོད་པ<ས་སྡེ་ལྔ>ལྟ་བུའི་རང་ རྒྱུད་དུ་བརྩམས་པ་སོགས་བསྟན་བཅོས་རྩོམ་ཚུལ་མི་འདྲ་བ་དུ་མ་ཡོད་པ་འདི་དག་ ཀྱང་སློབ་ཚན་བྱེ་བྲག་པ་ཞིག་གི་འཆད་ཐབས་སུ་བགྲང་དགོས་སོ། །

དྲུག་པ། སློབ་ཁྲིད་ཀྱི་ཡོན་ཏན་བཤད་པ།

གསུང་ཡོན་ཏན་ལྔ་དང་ལྡན་པ།

196

གཅེས་པ་དང་ནི་དགོངས་པ་ཅན་གྱི་གསུང་

དག་རྣམ་པ་མང་དུ་བརྗོད། །ཚིག་གི་དོན་དང་མཚམས་སྦྱར་སྡེབ་དང་འདྲ་བར་

མང་དུ་བརྗོད་པར་བྱ། །འགལ་བ་དག་དང་ལན་གདབ་ཐབས་ཀྱང་མང་དུ་བརྗོད་ ཅིང་ཤ ེས་པར་བྱ། །ཡོན་ཏན་འདི་དག་རྣམས་དང་ལྡན་པས་གལ་ཏེ་སྨྲ་ན་ལེགས་

སྨྲ་ཡིན། །ཞེས་མདོ་སྡེའི་རྒྱན་ལས་གསུངས་པ་ལྟར། ༡) དགོས་པ་དང་བཅས་པ།

༢) དགོངས་པ་ཟབ་པ། ༣) མཚན་ཉིད་ཟབ་པ། ༤) སྔ་ཕྱི་འབྲེལ་བ། ༥) རིགས་

196

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༣༣༡། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 365

པ་དང་འབྲེལ་བ་བཅས་སློབ་ཁྲིད་ཀྱི་ཡོན་ཏན་དང་ལྡན་དགོས་ལ། ལྷག་པར་སྨྲ་ བ་པོའ་ི ཡོན་ཏན་དག་ཚུར་བསྡུས་ན་ཡོན་ཏན་གཉིས་སུ་འདུ་སྟེ་ངག་དག་པ་དང་ སེམས་དག་པའོ། །

ངག་དག་པ་ནི།—བརྒལ་བ་ན་སྙན་པར་སྨྲ་ཞིང་རང་བཞིན་གྱིས་སྨྲ་བའི་སྐྱོན་དག་ སྤངས་པའོ། །

སེམས་དག་པ་ནི།— བསྔགས་པ་དོན་དུ་མི་གཉེར་བར་དགེ་བ་འབའ་ཞིག་གི་ ཆེད་དུ་སྨྲ་བའོ། །

སློབ་ཁྲིད་ཀྱི་ཡོན་ཏན་དྲུག་ནི།

“ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་གསུང་ཡོན་ཏན་དྲུག་དང་ལྡན་པར་

ཡོངས་སུ་སྟོན་པ་ཡིན་ནོ། །” ཞེས་པའི་སྐབས་ནས་བསྟན་པའི་འཆད་ཁྲིད་ཀྱི་ 197

ངག་གི་ཡོན་ཏན་དྲུག་དང་ལྡན་དགོས་པར་བཤད་པའི་ངག་གི་ཡོན་ཏན་དྲུག་ནི། ༡

གསུང་སྙན་པ།

༡ གསུང་རྒྱ་ཆེ་བས་འཁོར་འཆུན་པ། ༢ གསུང་འཇམ་པ།

དོན་བཟང་པོ།

དོན་དང་ལྡན་པས་ཉན་པར་འོས་པ།

༤ ༥

༦ 197

ཚིག་འབྲུ་བཟང་བ།

༡ ཚིག་འབྲུའི་ངེས་པའི་ཚིག་ལེགས་པ། ༢ བརྗོད་པ་གོ་བར་མཛད་པ།

ཟང་ཟིང་མེད་པ།

རྙེད་པ་དོན་དུ་གཉེར་བ་མ་ཡིན་པ།

རྒྱ་ཆེ་བ།

སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ།

ཇི་ལྟར་འོས་པ།

འཁོར་ཇི་ལྟར་འདུ་བ་ཉིད་དུ་ལྟ་བ།

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ།

ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས་

༡༦༦ནས༡༦༧། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་ དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ ཤེས་རིག་དཔེ་སྐྲུན་ཁང་གིས་དཔར།


366 ཉམས་ཞིབ་དེབ་ཕྲེང་། ༡

གཏམ་གྱི་ཡོན་ཏན་བརྒྱད་ནི།

“གསུང་རྣམ་པ་བརྒྱད་དང་ལྡན་པ་འདི་ནི་མདོར་ན་ཡོན་ཏན་གསུམ་དང་

ལྡན་པར་རིག་པར་བྱའོ། །” ཞེས་པའི་སྐབས་ནས་བསྟན་པའི་འཆད་ཁྲིད་ཀྱི་ཡོན་ ཏན་བརྒྱད་དང་དེ་དག་གསུང་གི་ཡོན་ཏན་གསུམ་དུ་བསྡུ་ཚུལ་ནི། ༡

དབང་དུ་མཛད་པ་ཉིད་ནི་རྣམ་པ་གཅིག་གིས་སོ། །

(༡ མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ།)

རང་བཞིན་ཉིད་ནི་གཉིས་ཀྱིས་སོ། །

( ༢ གསུང་འཇམ་པ། ༣ ཚིག་འབྲུ་ངེས་པས་ཚིག་ལེགས་པ།)

སྦྱོར་བ་ཉིད་ནི་ལྷག་པ་རྣམས་ཀྱིས་སོ། །

(༤ གོ་བར་མཛད་པ། ༥ ཆོས་དང་དོན་ལྡན་པ། ༦ དད་ནས་བཀུར་སྟི་བྱེད་ པ་ལ་མི་བརྟེན་པ། ༧ རན་པར་གསུང་བ། ༨ རྒྱ་ཆེ་ཞིང་ཐབས་མཁས་པ།)

སློབ་ཁྲིད་ཀྱི་ཆེ་བ་བཅུ།

198

༡) གཏམ་རྒྱ་ཆེ་བ།— མང་དུ་ཐོས་པ་དང༌། ཐོས་པ་འཛིན་པ། ཐོས་པ་ བསགས་པའོ། །

༢) འཁོ ར ་གྱི ་ ནང་དུ་མི ་ འཇི ག ས་པ།— རི ག ས་ཀྱི ས ་མཐོ ་ བ་སོ ག ས་ལ་ འཆད་པར་མི ་ འཇི ག ས་པ་སྟེ ་ སྐད་འདར་བ་དང༌། མཆན་ཁུང་རྔུལ་བ་ དང༌། དྲན་པ་བརྗེད་པ་མེད་པའོ། །

༣) ཚིག་དགེ་ཞིང་ཚིག་གི་བྱ་བ་དང་ལྡན་པ།—སྙིང་པོ་ཟབ་པ་དང་ཚིག་སྙན་

པ་སོགས་ཀྱི་ཡན་ལག་བརྒྱད་དང་ལྡན་ཞིང༌། སློབ་མར་ཚིག་དང་ཡི་གེའི་

198 <<བསྟན་འགྱུར།>>

སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། འཕགས་པ་ཐོགས་མེད་ཀྱིས་

མཛད། ཤོག་ངོས༡༥༢། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 367

སྦྱོར་བ་དང་འབྲེལ་བ་སོགས་རྒྱས་པར་འཆད་པའོ། །

༤) གཏམ་གྱི་སྦྱོར་བ་ལ་མཁས་པ།—དུས་དང་དུས་སུ་དད་པ་དང་གུས་པ་ ལ་སོགས་པ་རྣམ་པ་ཉི་ཤུས་གཏམ་ལ་སྦྱོར་བའོ། །

༥) ཆོས་ཀྱི་རྗེས་སུ་མཐུན་པས་ཆོས་ལ་ཞུགས་པ།—གང་སྨྲས་པའི་སྙིང་པོ་ གཙོ་བོར་བཟུང་སྟེ་འཆད་པའོ། །

༦) སྤྱོད་ལམ་ཕུན་སུམ་ཚོགས་པ།— ལག་པ་དང༌། སྐེད་པ་བཅས་མི་སྒུལ་ཞིང༌། མགོ་ལུས་བཞིན་བཅས་མི་སྒྱུར་བ་དང༌། སྨིན་མ་མི་སྐྱོད་པའོ། །

༧) མཛེས་པ།— འགྲོ་འདུག་ཉལ་ཆག་གི་སྤྱོད་ལམ་མཛེས་པའོ། །

༨) བརྩོན་འགྲུས་བརྩམས་པ།—མ་ཐོས་པ་ཉན་ཞིང་ཐོས་པ་བྱང་བར་བྱེད་ པ་དང༌། རྣལ་འབྱོར་ལ་གནས་པ། ཡིད་ལ་བྱེད་པ་མི་གཏོང་བ། སེམས་ ཀྱི་ཞི་གནས་མི་གཏོང་བའོ། །

༩) ངལ་བ་མེད་པ།— སློབ་མ་ལ་སློབ་ཁྲིད་ཡང་ཡང་བྱེད་པར་ཡོངས་སུ་མི་ སྐྱོ་བའོ། །

༡༠) བཟོད་པ་དང་ལྡན་པ།—ཁྲོས་ཀྱང་ཕྱིར་མི་ཁྲོ་བ། མཚང་བྲུས་ཀྱང་ཕྱིར་

མཚང་མི་འབྲུ་བ། བརྒལ་བས་ཁྱད་དུ་བསད་ནའང་ནོངས་པར་མི་འགྱུར་ ཞིང་འཁྲུག་པར་མི་འགྱུར་བའོ། །

སློབ་ཁྲིད་ཀྱི་ཆེ་བ་བརྒྱད།

བཤད་པ་རྣམ་པ་བརྒྱད་ནི། ༡) བརྗིད་པ་དང༌། ༢) རྣམ་པར་འགྲེལ་བ་དང་ལྡན་པ། ༣) རྒོལ་བའི་ལན་དང་ལྡན་པ། ༤) རབ་ཏུ་དབྱེ་བ་དང་ལྡན་པ། ༥) དེ་དང་འགྲེལ་ བ༑ ༦) གཞན་ལས་དྲངས་པ་དང༌། ༧) སྤོབས་པ་ལས་བྱུང་བ་དང༌། ༨) གྲུབ་པའི་


368 ཉམས་ཞིབ་དེབ་ཕྲེང་། ༡

མཐའི་རྗེས་སུ་འབྲང་བ་རྣམས་ཡིན་ཞིང་དེ་དག་རེ་རེ་ནས་བརྗོད་ན། ༡) བརྗིད་ 199

པ་ནི། ཁྱད་ཆོས་ལྔ་དང་ལྡན་པའི་སྒོ་ནས་འཆད་པ་ཡིན་ཏེ། བརྗིད་པའི་ཁྱད་ཆོས་ ལྔ་ནི། གཏན་ཚིགས་དང་ལྡན་པ་དང༌། དཔེ་དང་ལྡན་པ། ཚིག་བྱ་བ་དང་ལྡན་པ། ཚིག་དང་ཡིག་འབྲུ་སྣ་ཚོགས་པ། གོ་སླ་བ་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་པའོ།།

༢) རྣམ་པར་འགྲེལ་བ་དང་ལྡན་པ་ནི། རྣམ་པར་འགྲེལ་བ་དང་ལྡན་པའི་བཤད་

ཐབས་ནི་དོན་ཟབ་མོ་དག་སླ་བའི་སྒོ་ནས་གསལ་བར་བྱེད་པ་དང༌། བརྗོད་བྱ་རྗོད་

བྱེད་གསལ་བ་དག་གིས་ནང་དོན་ཟབ་མོར་འགྲེལ་ཐུབ་པའོ། །དེ་ལ་དབྱེ་ན། ༡) བསྡུ་འགྲེལ་དང༌། ༢) འབྱེད་འགྲེལ། ༣) འབྲུ་འགྲེལ་གསུམ་ཡོད་དོ། །བསྡུ་འགྲེལ་ ནི་དོན་མང་པོ་ཉུང་ངུར་བསྡུས་པ་བརྒྱད་སྟོང་དོན་བསྡུས་ལྟ་བུ་དང༌། འབྱེད་འགྲེལ་ ནི་ཚིག་དོན་ཟབ་མོར་རྣམ་པར་ཕྱེས་ཏེ་འགྲེལ་བ་ལེགས་བཤད་སྙིང་པོ་ལྟ་བུའོ། ། གསུམ་པ་འབྲུ་འགྲེལ་ལ་གསུམ་ལས། ༡) རྒྱུ་མཚན་གྱིས་གཏན་དབབ་བྱ་ཕྱིར་ལོ་

རྒྱུས་ཀྱིས་འབྲུ་གྲོལ་བ་དང༌། ༢) ཡིད་ཆེས་ཕྱིར་ལུང་ཁུངས་ཀྱི་འབྲུ་གྲོལ་བ། ༣) ཐ་སྙད་ཞིབ་པར་བྱ་ཕྱིར་རིགས་པས་འབྲུ་གྲོལ་བའོ། །

ལེགས་པར་སློབ་ཁྲིད་བྱེད་ཐབས་ཀྱི་ཡོན་ཏན་བཅུ།

ལེགས་པར་འཆད་པ་རྣམ་པ་བཅུ་ནི། ༡) ཡང་དག་པར་བསླང་བ། རང་ཉིད་ལ་

བསླབ་པའི་ཡོན་ཏན་ལྡན་པ། ༢) དབང་དུ་མཛད་པ། སློབ་མ་གཞན་དག་གི་ ཕྱིར། ༣) འཇུག་པ། ཡང་ཡང་རྒྱུན་མི་ཆད་པ། ༤) རབ་ཏུ་བསྟན་པ། དཔེ་མཁྱུད་ སོགས་ཀྱིས་བར་ཆད་མེད་པར་གསུངས་པ། ༥) རབ་ཏུ་དབྱེ་བ། ཁམས་དང་

199

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། འི-ཡི། ཤོག་ངོས༡༥༣། རྣམ་བཤད་བསྡུ་བ་བཞུགས།

འཕགས་པ་ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་

ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 369

མོས་པ་བཞིན་དུ་འཆད་པ། ༦) རྟེན། དབྱངས་ཡན་ལག་ལྔ་དང་ལྡན་པ། ༧) གོ་ བར་མཛད་པ། ཉན་པ་པོ་ཀུན་གྱིས་གོ་བ། ༨) གདག རྟག་ཆད་གཉིས་སུ་མ་ལྷུང་ བ༑ ༩) དུས། ཉན་པ་པོ་རྒྱུད་སྨིན་པ་ལ་འཆད་པ། ༡༠) ཡོན་ཏན་ཡོངས་སུ་འཛིན་ པ༑ གསུང་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་ལྡན་པའི་སྒོ་ནས་གསུངས་པ་སྟེ། གཞུང་རྣམས་སུ་འདི་དག་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་དུ་བགྲངས་ཀྱང་ཆོས་

འཆད་པའི་ཡོན་ཏན་གྱི་སྒོ་ནས་བཞག་པ་ཡིན་ཕྱིར། སྐབས་འདིར་ཡོན་ཏན་བཅུ་ བོ་འདི་སློབ་ཁྲིད་བྱེད་པའི་དགེ་རྒན་གྱིས་སློབ་ཁྲིད་བྱེད་ཐབས་ཀྱི་ཡོན་ཏན་བཅུར་ ངོས་འཛིན་བྱས་ན་ཆོག་གོ །

ཆུ་དང་འདྲ་བའི་འཆད་པའི་ཡོན་ཏན་ལྔ།

༡) འབྲས་མཐུག་པོ་སོགས་བངས་བར་བྱེད་པ།— རྒྱུད་བངས་པར་བྱེད་པ།

༢) ལུས་དང་གོས་དང་སྣོད་དག་གི་དྲི་མ་སེལ་བ།— ཀུན་སྤྱོད་ཀྱི་དྲི་མ་སེལ་བ།

༣) སོས་ཀའི་ལུས་ཀྱི་ཡོངས་སུ་སེལ་བ།— འདོད་པའི་ནད་ཀྱིས་གདུང་བ་ སེལ་བ།

༤) སྐོམ་པ་ཞི་བར་བྱེད་པ།— སྲེད་པའི་སེམས་ནད་ཀྱིས་བཟུང་བ་ཞི་བར་ བྱེད་པ།

༥) རྩ་དང་འབྲུ་དང་ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ།— བྱང་ཆུབ་ དང་མཐུན་པར་ཡར་རྒྱས་ཡོང་བར་ཕན་པ།

མེ་དང་འདྲ་བར་འཆད་པའི་ཡོན་ཏན་བཞི།

༡) སྲེགས་པར་བྱེད་པ། མ་རིག་པ་སོགས་སྲེག་པར་བྱེད་པ།

༢) ཚོས་པར་བྱེད་པ། སྨིན་པ་རྣམས་དེ་ལས་སྨིན་པར་བྱེད་པ།


370 ཉམས་ཞིབ་དེབ་ཕྲེང་། ༡

༣) དྲོ་བར་བྱེད་པ། སྲིད་པ་ལ་མངོན་པར་དགའ་བ་རྣམས་སྐྱོ་ཞིང་གདུང་བར་ བྱེད་པ།

༤) གསལ་བར་བྱེད་པ། ཐེ་ཚོམ་པ་དང་ལོག་པར་རྟོག་པ་རྣམས་ལམ་ཡང་དག་ པར་འགོད་པ།

འཇུག་པ་བདེ་བའི་སློབ་ཁྲིད་ཀྱི་ཁྱད་ཆོས་ལྔ།

༡) དྲི་མ་མེད་པར་བྱེད་པ། འཆལ་བའི་ཀུན་སྤྱོད་ཀྱི་དྲི་མ་མེད་པར་བྱ་བ།

༢) ཚ་བ་རབ་ཏུ་ཞི་བར་བྱེད་པ། འདོད་པའི་ནད་ཀྱིས་གདུང་བ་རབ་ཏུ་ཞི་བར་ བྱ་བ།

༣) སྐོམ་པ་རབ་ཏུ་ཞི་བར་བྱེད་པ། སྲེད་པའི་ནད་ཀྱིས་བཟུང་བའི་གདུང་བ་ཞི་ བར་བྱ་བ།

༤) དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་པ། སེམས་བརྟན་པ་དང་ཤ ེས་ རབ་དང༌། ཚད་མེད་པའི་དགའ་བ་ཉམས་སུ་མྱོང་བར་བྱེད་པ།

༥) ཚུར་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱེད་པ། ཀུན་ཏུ་ རྨོངས་པ་ནས་ཕུགས་བསམ་གྱི་ཤེས་རབ་ཐོབ་པར་བྱེད་པ། འཆད་ཁྲིད་བྱེད་པའི་སྐད་གདངས་ཀྱི་ཁྱད་ཆོས་ལྔ།

སྙན་དང་རིགས་དོན་ལྡན་ཉིད་དང༌། །གཟུང་སླ་སྣ་ཚོགས་ཅི་འདོད་ཉིད། ། འདི་དག་ལྔ་ཡི་ཡན་ལག་སྟེ། །མཉན་དང་རྣམ་པར་མི་གཡེང་དང༌། ། རྣམ་གྲོལ་ཁོང་དུ་ཆུད་པ་དང༌། །སྨིན་པར་བྱེད་པ་ཡིན་ཏེ་དེས། །

ཞེས་པའི་སྐབས་ནས་བསྟན་པའི་དབྱངས་ཀྱི་ཡན་ལག་ལྔས་སློབ་ཁྲིད་བྱེད་

པའི་སྐད་གདངས་ཀྱི་ཁྱད་ཆོས་བསྟན་ཡོད་དེ།


༡) འབྲུག་སྒྲ་ལྟར་ཟབ་པ།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 371

༢) སྙན་ཞིང་འཇེབས་པས་རྣར་སྙན་པ། ༣) ཡིད་དུ་འོང་ཞིང་དགའ་བར་བྱེད་པ།

༤) རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱ་བ། ༥) མཉན་པར་འོས་ཤིང་མི་མཐུན་པ་མེད་པ།

གོང་གི་གསུང་གི་ཡོན་ཏན་ལྔ་བོ་དང་ལྡན་པས་རིམ་པ་བཞིན་དུ་རྒྱ་ཆེ་བ་དང༌། རིགས་པའི་དོན་དང་ལྡན་པ་དང༌། བཟུང་སླ་བ་དང༌། སྣ་ཚོགས་ཅི་འདོད་ཉིད་ ཡོངས་སུ་བསྟན་པ་ཡིན་ལ། དེ་ཡང་མཉན་པ་དང༌། རྣམ་པར་མི་གཡེང་བ་དང༌།

རྣམ་པར་གྲོལ་བ་དང༌། ཁོང་དུ་ཆུད་པར་བྱེད་པ་དང༌། ཡོངས་སུ་སྨིན་པར་བྱེད་ པའི་ཡོན་ཏན་དུ་འགྱུར་རོ། །

བདུན་པ། སྡུད་དངོས་བཞི་དང་ཕར་ཕྱིན་དྲུག་གི་སྒོ་ནས་སློབ་ཁྲིད་དང་ སློབ་སྦྱོང་བྱེད་ཚུལ།

༡ བསྡུ་དངོས་བཞི་དང་ལྡན་པ།


372 ཉམས་ཞིབ་དེབ་ཕྲེང་། ༡

སྲོལ་རྒྱུན་སློབ་གསོའ ི་ཁྲོད་ནས་བསྡུ་བའི་དངོས་པོ་བཞི་དང༌། ཕར་ཕྱིན་དྲུག་གིས་

སློབ་ཁྲིད་བསམ་བློ་དང་བྱེད་ཐབས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། དེའང་རིམ་

གྱིས་བཤད་ན་བསྡུ་བ་རྣམ་པ་བཞི་ནི་དགེ་རྒན་ཞིག་གི་རང་ངོས་ཀྱི་ཡོན་ཏན་ཙམ་

མ་ཡིན་པར་སློབ་མར་ལྟོས་ཏེ་དགེ་རྒན་ལ་མངའ་འོས་པའི་ཡོན་ཏན་བཞི་ཡིན་ཏེ།

བསྡུ་བ་ཞེས་པའང་སློབ་མ་སྐྱོང་བར་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་ཤ ིག་

གམ་སློབ་མ་འདུ་བ་དང་སློབ་སྦྱོང་ལ་བསྐུལ་བར་བྱེད་པའི་ཁྱད་ཆོས་བཞི་ཡིན་ ཞེས་བཤད་ཆོག

ཁྱད་ཆོས་བཞི་ནི།

༡) མཁོ་བ་སྦྱིན་པ། ༢) སྙན་པར་སྨྲ་བ། ༣) དོན་མཐུན་པ། ༤) དོན་སྤྱོད་པ།

༡) མཁོ་བ་སྦྱིན་པ་ནི། དགེ་རྒན་གྱིས་རང་ཉིད་ཀྱི་སློབ་མ་རྣམས་ལ་བསླབ་བྱ་ གང་ཞིག་དཔེ་མཁྱུད་མེད་པར་ཆོས་སྦྱིན་བྱེད་དགོས་པ་མ་ཟད་ཟང་ཟིང་

གི་དངོས་པོའང་གང་ཐུབ་བྱིན་ཏེ་དགེ་སློབ་བར་གྱི་བརྩེ་བ་དངོས་ཡོད་ཅན་ དང་གཏིང་ཟབ་ཅན་དུ་གཏོང་ཐབས་ཤིག་ཡིན། འདི་དེ་ལེགས་བཤད་དང་ ཟང་ཟིང་གང་ཐད་ནས་ཀྱང་སེར་སྣ་སྤངས་དགོས་པའི་དོན་ཡིན།

༢) སྙན་པར་སྨྲ་བ་ནི། དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་པ་དང་ དེ་མིན་སྐབས་གང་དུའང་བརྩེ་ཞིང་དུང་བ་དང༌། རྒྱུ་མཚན་ཡོད་པ། བློ་ལ་

འཚམ་པ་བཅས་ཀྱི་ངག་ཚིག་སྙན་པོ་ཁོ་ན་སྨྲ་ཞིང་སྐྱོང་སྟེ་སློབ་མ་དག་ཉན་ སྤྲོ་བ་དང་སློབ་སྦྱོང་ལ་བློ་སེམས་རྩེ་གཅིག་ཏུ་འདྲེན་ཐུབ་པ་བྱེད་དགོས་ལ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 373

ནམ་དུའང་ཚིག་རྩུབ་དང་བརྙས་གཏམ་སྤངས་དགོས་པའི་དོན་ཡིན།

༣) དོན་དང་མཐུན་པ་ནི། དགེ་རྒན་གྱིས་སློབ་མ་རྣམས་ཀྱི་བློ་གྲོས་དང༌། ནུས་

རྩལ། ཀུན་སྤྱོད་བཅས་གང་ཐད་ནས་སྣེ་ཁྲིད་བྱེད་པ་ལ་ཐོག་མར་དགེ་རྒན་

རང་ཉིད་ནས་འགོ་བརྩམས་ཤིང་ལག་ཏུ་བསྟར་དགོས་ཏེ། དགེ་རྒན་རང་ ཉིད་ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེན་གསེར་གྱི་ཐིགས་པར་མ་སོང་བ་ དགོས་པའི་དོན་ཡིན།

༤) དོན་སྤྱོད་པ་ནི། དགེ་རྒན་རང་ཉིད་ཀྱིས་སྤང་བླང་གིས་དཔྱད་ཞིབ་ཚུལ་ བཞིན་བྱས་ཤིང་དེའི་དོན་ཉམས་སུ་ལེན་པ་ལྟར། མཁོ་བ་སྦྱིན་པ་དང༌། སྙན་པར་སྨྲ་བ། དོན་དང་མཐུན་པ་གསུམ་གྱིས་སློབ་མའི་ཡིད་སེམས་

འགུགས་པའི་བྱེད་ཐབས་ཡང་དག་བྱུང་བའི་འབྲས་བུ་ལྟ་བུར། དགེ་རྒན་ ལ་ཡིད་ཆེས་བྱེད་པའི་སློབ་བུ་རྣམས་ཀྱང་འཇུག་ལྡོག་གི་གནས་ལ་ཚུལ་ བཞིན་དུ་བསྐུལ་ཏེ་སྤྱོད་དུ་འཇུག་དགོས་པའི་དོན་ཡིན།

གོང་ནས་བསྟན་པའི་བསྡུ་དངོས་བཞི་ག་དེ་གྲངས་འདྲེན་ཙམ་མ་ཡིན་པར་

ནུས་པ་ངེས་ཅན་ཞིག་ཡོད་དེ། མཁོ་བ་སྦྱིན་པས་སློབ་མ་རྣམས་དགེ་རྒན་ལ་དགའ་

ཞིང་དགེ་རྒན་གྱི་ཕྱོགས་སུ་འདུ་བར་བྱེད་པ་དང༌། སྙན་པར་སྨྲ་བས་སློབ་མའི་

ཡིད་སེམས་སྤྲོ་བའི་ངང་ནས་དགེ་རྒན་གྱི་ཕྱོགས་སུ་འགུགས་པར་བྱེད། དོན་དང་ མཐུན་པས་སློབ་མར་དགེ་རྒན་ཉིད་ཁ་དང་དོན་མཚུངས་པ་ཞིག་ཡིན་པ་ཤ ེས་སུ་ བཅུག་པས་ནམ་ཡང་ཡིད་ཆེས་པར་འགྱུར། དོན་སྤྱོད་པས་དགེ་རྒན་ཀྱིས་སློབ་མ་

རྣམས་ལ་འཇུག་ལྡོག་བཤད་པ་ཙམ་མ་ཡིན་པར་བྱ་བཞག་གང་ཐད་ནས་ཕུལ་བྱུང་ གི་ལམ་དུ་འགོད་པར་བྱེད།

ཚད་གཞི་འདི་ལ་བལྟས་ན་དགེ་རྒན་ཞིག་གི་དམིགས་ཡུལ་ནི་སློབ་མ་དེ་


374 ཉམས་ཞིབ་དེབ་ཕྲེང་། ༡

ཤེས་རབ་ཅན་དང༌། ཀུན་སྤྱོད་ཅན། འཇོན་ནུས་ཅན་བཅས་ཀྱི་ཁྱད་ཡོན་ལྡན་པ་

ཞིག་གསོ་སྐྱོང་བྱེད་དགོས། དེ་འདྲའི་ཚད་གཞི་ནི་སློབ་མས་ལེགས་ཉེས་དགེ་

སྡུག་ལ་ཉན་བཤད་བྱས་པ་ཙམ་ལ་མི་གོ་བར། གནས་ལུགས་ལ་ཚུལ་བཞིན་དུ་ དཔྱད་པར་རང་ཉིད་ཀྱི་ལག་པ་དང་ཀླད་པ་འགུལ་དགོས་པས་ན་དོན་སྤྱོད་པ་ཞེས་

པ་གལ་ཆེན་ཡིན་ཞིང༌། སློབ་མ་རྣམས་དོན་སྤྱོད་པ་ཞིག་འབྱུང་བ་ལ་ཐོག་མར་དགེ་

རྒན་གྱིས་སློབ་མ་མགུ་བར་བྱེད་པའི་མཁོ་བ་སྦྱིན་པ་དང༌། སྙན་པར་སྨྲ་བ། དོན་ མཐུན་པ་གསུམ་ཚུལ་བཞིན་ལག་ཏུ་བསྟར་དགོས་ལ་སྔོན་དུ་འགྲོ་དགོས་སོ།། ༢ ཕར་ཕྱིན་དྲུག་དང་ལྡན་པ།

སྲོལ་རྒྱུན་དགོན་སྡེ་སློབ་གསོའ་ི ནང་དོན་མཐའ་དག་མདོར་བསྡུས་ན་ཕྱིན་

དྲུག་གིས་བསྡུ་ཆོག་པར་མ་ཟད(བོན།) <བསྟན་པའི་རྣམ་བཤད་དར་རྒྱས་གསལ་ བའི་སྒྲོན་མེ།>དང་། <བུ་སྟོན་ཆོས་འབྱུང>སོགས་ཆོས་བོན་གྱི་གཞུང་དག་ལས་ བསྟན་པ་ལྟར་དུ་སློབ་ཁྲིད་རིག་པའི་སྟེང་ནས་ཀྱང་ཁྲིད་ཐབས་བསྟན་པའི་ཕྱིན་

དྲུག་དང༌། སྦྱོང་ཐབས་བསྟན་པའི་ཕྱིན་དྲུག་ཀྱང་བསྟན་ཡོད་དེ། ཁྲིད་མཁན་དགེ་ རྒན་གྱི་ངོས་ནས་ཕྱིན་དྲུག་དང་ལྡན་དགོས་པ་ནི།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 375

༡) དཔེ་མཁྱུད་མེད་པར་དགེ་རྒན་གྱིས་རྟོགས་པའི་གཏན་ཚིགས་ཀྱི་དོན་སློབ་ མར་སྦྱིན་པའི། — སྦྱིན་པ།

༢) སློབ་ཁྲིད་སྐབས་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པའི། — ཚུལ་ཁྲིམས། ༣) དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི། — བཟོད་པ། ༤) སློབ་ཁྲིད་ལ་སྤྲོ་བའི། — བརྩོན་འགྲུས།

༥) བློ་སེམས་རྩེ་གཅིག་གིས་ཡུལ་ལ་གཞིགས་པའི། — བསམ་གཏན།

༦) ཚིག་དོན་གྱི་འགལ་འབྲེལ་ལ་ཡང་དག་པར་དཔྱོད་པའི། — ཤེས་རབ།

གོང་གི་རྣམ་གྲངས་དྲུག་པོ་འདི་ནི་སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་ལུས་

ངག་ཡིད་གསུམ་ལ་འཛོམས་དགོས་པའི་ཚད་གཞི་དྲུག་ཡིན་ཞིང༌། ཚད་གཞི་འདི་ དྲུག་ནི་སློབ་ཁྲིད་སྐབས་ཀྱི་དགེ་རྒན་ལ་མ་མཐའ་ཡང་ཚང་དགོས་པའི་ཆ་རྐྱེན་དྲུག་ ཡིན་ནོ། །སྲོལ་རྒྱུན་དགོན་སྡེ་སློབ་གསོའ ི་ཁྲོད་དུ་སློབ་མ་ཞིག་ལའང་སློབ་ཁྲིད་ཉན་

པའི་ཕྱིན་དྲུག་དང་ལྡན་དགོས་པའི་རེ་བ་བཏོན་ཡོད་དེ།

༡) ལུས་ངག་ཡིད་གསུམ་སློབ་སྦྱོང་ལ་གཏོང་བའི། — སྦྱིན་པ།

༢) སློབ་མ་ཞིག་གིས་ནམ་རྒྱུན་དང་ལྷག་པར་སློབ་ཁྲིད་སྐབས་བྱ་སྤྱོད་མི་འོས་ པ་སྤངས་དགོས་པའི། — ཚུལ་ཁྲིམས།

༣) དཀའ་ངལ་ལ་གདོང་ལེན་བྱེད་པའི། — བཟོད་པ། ༤) སློབ་སྦྱོང་ལ་དགའ་བའི། —བརྩོན་འགྲུས།

༥) སློབ་ཁྲིད་ནང་དོན་སོགས་ལ་སེམས་རྩེ་གཅིག་ཏུ་འཇོག་པའི། — བསམ་གཏན།

༦) དོན་གྱི་གནས་ལུགས་རང་རྟོགས་ཀྱིས་འབྱེད་ནུས་པའི། — ཤེས་རབ།

སློབ་མ་ཞིག་ལ་ཁྱད་ཆོས་དྲུག་པོ་འདི་ཚང་དགོས་པར་རེ་བ་འདོན་པ་ནི་

སྲོལ་རྒྱུན་དགོན་སྡེའི་སློབ་ཁྲིད་ཀྱི་རེ་བ་ཞིག་ཡིན་མོད། འོན་ཀྱང༌། དགེ་རྒན་གྱིས་


376 ཉམས་ཞིབ་དེབ་ཕྲེང་། ༡

སློབ་མར་རྒྱུས་ལོན་དང༌། སློབ་ཚན་བྱང་ཆུབ་པ། ཁྲིད་ཐབས་ཀྱི་སྒྱུ་རྩལ་ཚད་མཐོ་ བ་བཅས་ལ་བརྟེན་ནས་སློབ་མར་ཁྱད་ཆོས་དེ་དང་དེ་ཚང་བར་བྱེད་དགོས་ཤ ིང་

སློབ་མས་སློབ་ཁྲིད་ཉན་པའི་ཚད་གཞི་དེ་དག་མ་ལོངས་ན་དགེ་རྒན་གྱི་སློབ་ཁྲིད་

སྒྱུ་རྩལ་གྱིས་མ་འདང་བར་སྨྲ་ཆོག་པས། སློབ་མར་སློབ་ཁྲིད་ཉན་པའི་ཕྱིན་དྲུག་གི་

ཡོན་ཏན་དེ་དག་དང་ལྡན་མིན་དགེ་རྒན་ལ་སློབ་ཁྲིད་སྐབས་ཀྱི་ཕྱིན་དྲུག་དང་བསྡུ་ བཞི་ཡང་དག་ཅིག་འཛོམས་མིན་ལ་ལྟོས་པ་ཞིག་ཡིན། སློབ་ཁྲིད་སྐབས་དགེ་རྒན་

ལ་ཁྲིད་ཀྱི་ཕྱིན་དྲུག་འཛོམས་པ་དང་སློབ་མར་སྦྱོང་གི་ཕྱིན་དྲུག་རྫོགས་པར་བྱེད་ པ་གཉིས་ཀ་དགེ་རྒན་གྱི་ནུས་པས་བཞེང་སྐྲུན་བྱ་རྒྱུ་ཞིག་ཡིན་པར་བསྙོན་དུ་མེད། ཕྱིན་དྲུག་ཅེས་པ་དེ་ཆོས་ལུགས་ཀྱི་ཚིག་གཅིག་ཡིན་ནའང༌། དེས་འཇིག་རྟེན་མི་

ཆོས་ཀྱི་ཕུལ་བྱུང་གི་ཆ་དྲུག་ཀྱང་ཕྱོགས་སྡོམ་བྱས་ཡོད་ཕྱིར་ཆོས་འཇིག་རྟེན་གང་

ཡིན་ཡང་དེ་དང་དེའི་སློབ་ཁྲིད་སྐབས་ཕྱིན་དྲུག་གི་སྤྱོད་པ་དེ་བཀོལ་ཆོག་པས་དེ་ ནི་དེ་འདྲའི་བཀོལ་སྤྱོད་ཆེ་བའི་ཚིག་དོན་དྲུག་ཡིན་ནོ། །

བརྒྱད་པ། འཚོལ་བ་དྲུག་གི་སྒོ་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་ ཐབས།

ནང་བསྟན་ཤ ེས་རིག་གི་གཞུང་རྣམས་ལས་ལྷག་མཐོང་གི་སྐབས་སུ་བསམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 377

གཞིགས་སློབ་ཁྲིད་དམ། དཔྱད་ཐབས་བཤད་པའི་སྐབས་སུ་འཚོལ་བ་དྲུག་བསྟན་

ཡོད་ལ། དེ་ནི་ཐབས་ལམ་དྲུག་གི་སྒོ་ནས་བྱ་དངོས་ཤ ིག་ལ་ཟུར་དང་ཕྱོགས་མང་

པོ་ནས་ལྟ་ཞིབ་དཔྱད་འཇུག་བྱེད་པར་རིགས་ལམ་གྱི་འགྲོས་དང་ལྡན་པའི་དཔྱད་ པ་བྱེད་ཐབས་ཤིག་ཡིན་ཞིང༌། ནང་བསྟན་མཚན་ཉིད་རིག་པའི་སློབ་ཁྲིད་དང༌།

སློབ་སྦྱོང༌། བགྲོ་གླེང་བཅས་ཀྱི་སྐབས་སུ་སྤྱད་དང་སྤྱོད་བཞིན་པའི་ཐབས་ལམ་

ཞིག་ཡིན་པས་ན་འདིར་འཚོལ་བ་དྲུག་ཅེས་པར་ཤེས་ཡོན་རིག་པའི་ཕྱོགས་ནས་ ངོས་འཛིན་དང་དཔྱད་ཞིབ་བྱས་ན་དེ་བས་རིན་ཐང་ཆེ།

དེ་ལ་འདིར<སེམས་ཀྱི་ཞི་བདེ>ཞེས་པར“སོ་སོར་རྟོག་པའི་ཤ ེས་རབ་སྐྱེ་

བ་ལ་ཤེས་རབ་དེས་ཡུལ་འཚོལ་ཚུལ་ཤེས་དགོས་ལ། དེའི་ཆ་ནས་འཚོལ་བ་

དྲུག་ཅེས་གསུངས་ཡོད་ལ།” <ཤེས་བྱ་ཀུན་ཁྱབ>ཏུའང“འཚོལ་བ་དྲུག་གི་ལྷག་ 200

མཐོང་ནི། དོན་དང་དངོས་པོ་དང་མཚན་ཉིད་དང༌། ཕྱོགས་དང་དུས་དང་རིགས་པ་ སྟེ་མཚན་མ་དྲུག་ཡོངས་སུ་འཚོལ་བར་བྱེད་ཅིང་བཙལ་ནས་ཀྱང་སོ་སོར་རྟོགས་

པ་ལས་བྱུང་བའོ། །” ཞེས་གསུངས་པ་ལྟར་དུ་སྲོལ་རྒྱུན་དགོན་སྡེ་སློབ་ཁྲིད་ 201

ཁྲོད་དུ་ལྷག་མཐོང་ཞེས་པ་ནི་ཤེས་རབ་ཀྱི་འཚོལ་རྟོག་ཅིག་ཡིན་པས་ན། སྐབས་ འདིར་ནང་བསྟན་ཆོས་ལུགས་ཀྱི་ལྷག་མཐོང་གི་སྐབས་ནས་གསུངས་པའི་འཚོལ་

བ་དྲུག་ཅེས་པ་མིའི་རིགས་ཤེས་རབ་ཀྱི་བྱེད་སྒོ་ཞིག་སྟེ། སློབ་ཁྲིད་དང་སློབ་སྦྱོང་

བྱེད་པའི་གལ་ཆེའི་གྲུབ་ཆ་དྲུག་གམ་གནས་ལུགས་འཚོལ་ཐབས་ཀྱི་བྱེད་ཐབས་

དྲུག་ཡིན་པས་ན་སྣང་ཚུལ་འདི་ཤེས་ཡོན་རིག་པའི་ཁྱབ་ཁོངས་ནས་འགྲེལ་བརྗོད་

200

201

<<སེམས་ཀྱི་ཞི་བདེ།>> ཤོག་ངོས་༢༤། ༡༩༨༡ལོར་༸གོང་ས་མཆོག་ནས་ཨ་རིའི་ཧ་ཝཊ་ཆེས་མཐོའ ི་

གཙུག་ལག་སློབ་གཉེར་ཁང་དུ་གསུངས་པ། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་ཕབ་སྒྱུར་བྱས།

<<ཤེས་བྱ་ཀུན་ཁྱབ་མཛོད།>> སྨད་ཆ། ཤོག་ངོས་༡༢༧ འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཚོ་

སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།


378 ཉམས་ཞིབ་དེབ་ཕྲེང་། ༡

བྱེད་པ་ལ།

༡) དོན་འཚོལ་བ།

འཚོལ་བ་དྲུག་ནི།

༢) དངོས་པོ་འཚོལ་བ།

༣) མཚན་ཉིད་འཚོལ་བ།

༤) སྐྱོན་ཡོན་གྱི་ཕྱོགས་འཚོལ་བ། ༥) དུས་འཚོལ་བ།

༦) རིགས་པ་འཚོལ་བ།

༡) དོན་འཚོལ་བ་ནི། མིང་བརྡ་དང་ཐ་སྙད། ཚིག་དང་བརྗོད་པ་བཅས་རྗོད་ བྱེད་ཀྱིས་གང་བརྗོད་པར་བྱ་བའི་བརྗོད་བྱའི་དོན་གང་ཡིན་པ་འཚོལ་ཞིབ་ བྱེད་ཐབས་ཤ ིག་ཡིན།

༢) དངོས་པོ་འཚོལ་བ་ནི། ནང་གི་དངོས་པོ་དང་འདི་ནི་ཕྱིའི་དངོས་པོའ།ོ །འདི་

ནི་གཟུགས་ཅན་དང་འདི་ནི་གཟུགས་ཅན་མ་ཡིན་པའོ། །འདི་ནི་རྟོགས་སླ་ བ་དང་འདི་ནི་རྟོགས་དཀའ་བའི་དངོས་པོའ །ོ །འདི་ནི་ཕན་པའི་དངོས་པོ་

དང་འདི་ནི་མི་ཕན་པའི་དངོས་པོའ ་ོ ཞེས་རྣམ་པར་ཕྱེས་ཏེ་དངོས་པོའ ི་དབྱེ་ བ་འཚོལ་ཞིབ་བྱེད་ཐབས་ཤིག་ཡིན།

༣) མཚན་ཉིད་འཚོལ་བ་ནི། ཆོས་གང་དང་གང་གི་སྤྱིའི་མཚན་ཉིད་འཚོལ་ ཞིབ་ཀྱིས་སྤྱིའི་རང་བཞིན་ཐག་གཅོད་པ་དང༌། ཆོས་གང་དང་གང་གི་བྱེ་

བྲག་གི་མཚན་ཉིད་འཚོལ་ཞིབ་ཀྱིས་བྱེ་བྲག་གི་རང་བཞིན་ཐག་གཅོད་པ་ དང༌། སྤྱིའི་ཁྱད་གཤིས་ཀྱིས་བྱེ་བྲག་ལ་ལྟ་བ་དང་བྱེ་བྲག་གི་ཁྱད་གཤིས་

ཀྱིས་སྤྱི་ལ་ལྟ་བ་སོགས་མཚན་ཉིད་ཀྱི་སྒོ་ནས་ཆོས་དེ་དང་དེའི་རང་བཞིན་


འཚོལ་ཞིབ་བྱེད་ཐབས་ཤིག་ཡིན།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 379

༤) སྐྱོན་ཡོན་གྱི་ཕྱོགས་འཚོལ་བ་ནི།ཆོས་གང་དང་གང་ཞིག་ཕན་ཞིང་ཡོན་ ཏན་གྱི་རང་བཞིན་ཅན་དང༌། ཆོས་གང་དང་གང་ཞིག་སྐྱོན་དང་ཉེས་པ་

ཅན་ཡིན་མིན་སོགས་ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་བའི་སྒོ་ནས་ཕན་ གནོད་ཐོབ་ཤོར་འཚོལ་ཞིབ་བྱེད་ཐབས་ཤིག་ཡིན།

༥) དུས་འཚོལ་བ་ནི། བྱ་དངོས་མཐའ་དག་ལ་ཡུལ་དུས་ཀྱི་རང་བཞིན་ཡོད་

པ་དང༌། ཡུལ་དུས་ལ་བརྟེན་ནས་འགྱུར་ལྡོག་འགྲོ་བཞིན་པ་དང༌། འདས་

མ་འོངས་ད་ལྟ་གསུམ་གྱི་སྟེང་ནས་སྤྱི་ཚོགས་འཕྲོད་ནུས་དང༌། མཛེས་ བཙོག་ལེགས་ཉེས་སོགས་འཚོལ་ཞིབ་བྱེད་ཐབས་ཤ ིག་ཡིན།

༦) རིགས་པ་འཚོལ་བ་ནི། བྱ་དངོས་གང་དང་གང་ཞིག་ལ་དཔྱད་པའི་སྐབས་ སུ་རྒྱུ་མཚན་འཚོལ་ཐབས་ཀྱི་རིགས་ལམ་ཞིག་གམ་གཞུང་ལུགས་ཤིག སྤྱི་འགྲོས་ཤ ིག་ལ་བརྟེན་ནས་དེ་དང་དེའི་གནས་ལུགས་འཚོལ་ཞིབ་བྱེད་ ཐབས་ཤ ིག་ཡིན།

འཚོལ་ཐབས་འདི་ལ་ནང་གསེས་དབྱེ་བ་བཞི་ཡོད་པ་ནི། ལྟོས་པའི་རིགས་

པ་དང༌། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། འཐད་པའི་རིགས་པ་ བཅས་སོ། །

༡) ལྟོས་པའི་རིགས་པ་ནི། “འབྲས་བུ་ལ་ལྟོས་པའི་རིགས་པའོ” ཞེས་པ་ 202

ལྟར་བྱ་དངོས་གང་ཡིན་ཀྱང་རྒྱུ་དང་རྐྱེན་ལ་ལྟོས་པ་ཅན་ཡིན་པས་ན། བྱ་

202

དངོས་གང་ལ་དཔྱད་ཀྱང་དེའི་དངོས་རྒྱུ་དང༌། ཉེ་རྒྱུ། རིང་རྒྱུ། རྐྱེན། འགལ་

<<སེམས་ཀྱི་ཞི་བདེ།>> གོང་ས་བཅུ་བཞི་པ། ཤོག་༢༥། ༡༩༨༡ལོར་༸གོང་ས་བཅུ་བཞི་པ་མཆོག་ནས་ཨ་

རིའི་ཧ་ཝཊ་ཆེས་མཐོའ ི་གཙུག་ལག་སློབ་གཉེར་ཁང་དུ་གསུངས་པ། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ ནས་ཕབ་སྒྱུར་བྱས།


380 ཉམས་ཞིབ་དེབ་ཕྲེང་། ༡

འབྲེལ་བཅས་ལ་ལྟོས་ཏེ་འབྲས་བུ་གང་དང་གང་ལ་དཔྱད་ཞིབ་བྱེད་པའི་ ལྟོས་གྲུབ་རིག་པའི་འཚོལ་ཞིབ་བྱེད་ཐབས་ཤིག་ཡིན།

༢) བྱ་བ་བྱེད་པའི་རིགས་པ་ནི། མེས་སྲེག་པར་བྱེད་པ་དང༌། ཆུས་བརླན་པའི་

བྱ་བ་བྱེད་པ་ལ་སོགས་པའི་བྱ་བ་བྱེད་པའི་རིགས་པའོ་ཞེས་པ་ལྟར་བྱ་ དངོས་གང་ཞིག་ལ་དཔྱད་ཞིབ་བྱེད་སྐབས་བྱ་དངོས་གང་དེའི་བྱེད་ནུས་ཀྱི་ སྒོ་ནས་བྱ་དངོས་དེ་དང་དེ་ངོས་འཛིན་དང༌། དེ་ལ་དཔྱད་ཞིབ་བྱེད་ཐབས་

ཤིག་ཡིན། དཔེར་ན་མེས་བསྲེག་པར་བྱེད་པ་དང་ཆུས་བརླན་པར་བྱེད་པ་

ལྟ་བུའི་བྱེད་ལས་ལ་ལྟོས་ནས་གཏན་འབེབ་བྱེད་ཐབས་ཀྱི་རིགས་པ་ཞིག་ ཡིན།

༣) ཆོས་ཉིད་ཀྱི་རིགས་པ་ནི། “མེ་ཚ་བ་དང་ཆུ་བརླན་པ་སོགས་ལ་དེ་དག་

གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང༌། བསམ་གྱིས་ མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་

དེ་ལྟར་ཡིན་པའི་རྒྱུ་མཚན་གཞན་སེམས་པར་མི་བྱེད་དེ་དེ་ལྟར་འཚོལ་ བའོ། །” ཞེས་གསུངས་པ་ལྟར་དུ་བྱ་དངོས་གང་ཞིག་གི་ལེགས་ཉེས་ 203

མཛེས་བཙོག་དང༌། ཕན་གནོད། ཡིན་མིན་སོགས་བྱ་དངོས་དེ་དང་འབྲལ་ དུ་མེད་པའི་ངོ་བོའམ་རང་བཞིན་གྱི་སྟེང་དུ་ཡོད་པས་ན། བྱ་དངོས་ཀྱི་རང་

བཞི ན ་ངོ ས ་འཛི ན ་དང་དཔྱད་ཞི བ ་བྱས་ཏེ ་ དེ འི ་ ཆོ ས ་ཉི ད ་དང་བསྟུན་ཏེ ་ འདོར་ལེན་སྤང་བླང་བྱེད་པའི་དཔྱད་ཐབས་ཤིག་ཡིན།

༤) འཐད་པའི་རིགས་པ་ནི། ཚད་མའི་རིགས་པའོ་ཞེས་གསུངས་པ་ལྟར་དུ་ 203

ཚད་མ་ལ་ནང་པའི་གཞུང་རྣམས་སུ་མངོན་སུམ་ཚད་མ་དང༌། རྗེས་དཔག་

<<ཤེས་བྱ་ཀུན་ཁྱབ་མཛོད་བཞུགས།>> སྨད་ཆ། ཤོག་ངོས༡༢༨། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 381

ཚད་མ། ལུང་གི་ཚད་མ་བཅས་གསུམ་དུ་འདོད་པ་དང་དེ་ཡང་རིམ་པ་

བཞིན་དུ་མངོན་སུམ་གྱི་ཡུལ་དང༌། ལྐོག་གྱུར་གྱི་ཡུལ། ཤིན་ཏུ་ལྐོག་གྱུར་ གྱི་ཡུལ་ལ་དཔྱད་ཞིབ་བྱས་ཏེ་རྒྱུ་མཚན་ཡང་དག་ཡོད་མེད་དང་བདེན་པ་

ཡིན་མིན་འཚོལ་བའི་རིགས་ལམ་ཞིག་ཡིན་ལ། དངོས་སུ་མྱོང་གོམས་ བྱེད་དུ་ཡོད་པ་ལ་མངོན་སུམ་གྱིས་དཔྱད་པ་དང༌། མྱོང་གོམས་ཀྱི་ཡུལ་

ལས་འདས་པ་ལ་དེ་ལས་གཞན་པའི་རྒྱུ་མཚན་ཞིག་ལ་བརྟེན་ནས་རྗེས་ དཔག་གི་བྱེད་ཐབས་སྤྱོད་པ་དང༌། ཆེས་ལྐོག་ཏུ་གྱུར་ཞིང་རྗེས་སུ་དཔག་

མི་ཐུབ་པའི་ཡུལ་དག་གནས་སྐབས་ལུང་གི་ཚད་མས་འཚོལ་ཞིབ་བྱེད། རིགས་ལམ་འདི་དག་གི་སྒོ་ནས་དཔྱད་ཞིབ་བྱེད་ཐབས་ཏེ་བོད་ཀྱི་ཚད་ གཞུང་རྣམས་སུ་ཤིན་ཏུ་རྒྱས་པར་ཕྱེས་ཡོད།

མངོན་སུམ་ཚད་མ།

༡) དབང་པོའ ི་མངོན་སུམ།

༢) ཡིད་ཀྱི་མངོན་སུམ།

༣) རང་རིག་མངོན་སུམ།

༤) རྣལ་འབྱོར་མངོན་སུམ།

རྗེས་དཔག་ཚད་མ།

༡) གྲགས་པའི་རྗེས་དཔག

༢) དངོས་སྟོབས་རྗེས་དཔག ༣) ཡིད་ཆེས་རྗེས་དཔག

མངོན་སུམ་གྱི་ཤེས་རྟོགས།

༡) དབང་པོའ ི་མངོན་སུམ། — དམིགས་རྐྱེན་དང༌། བདག་རྐྱེན། དེ་མ་ཐག་

རྐྱེན་ཏེ་རྐྱེན་གསུམ་ཚོགས་ཤིང་ཡུལ་ཅན་དབང་པོར་དངོས་སུ་སྣང་བ་མ་ ཟད་མ་འཁྲུལ་བར་རིག་པ།


382 ཉམས་ཞིབ་དེབ་ཕྲེང་། ༡

༢) ཡིད་ཀྱི་མངོན་སུམ། — ཡུལ་གྱི་ཆོས་ཉིད་དང་སྣང་ཚུལ་ཡིད་ཀྱི་ངོར་ མངོན་སུམ་དུ་སྣང་ཞིང་མ་འཁྲུལ་བའི་མྱོང་སྟོབས་ཀྱིས་རིག་པ།

༣) རང་རིག་མངོན་སུམ། — རང་ཉིད་ཀྱི་ཤེས་རྟོགས་ལ་ཤ ེས་རྟོགས་བྱེད་

ཐུབ་པའི་ཤ ེས་རྟོགས་ཉམས་སུ་མྱོང་བ་ཞིག་སྟེ་ཤེས་པ་ནང་ལ་ཕྱོགས་ཏེ་ ཤེས་པ་རང་གིས་རང་རིག་པ།

༤) རྣལ་འབྱོར་མངོན་སུམ། — སྤྱིར་བཏང་བའི་ཤེས་པ་རང་ག་བས་རྟོགས་

ཐབས་བྲལ་བའི་ཆོས་རྣམས་ལ་དཔྱད་ཞིབ་ཡང་ཡང་བྱས་ཤ ིང་མྱོང་གོམས་ བྱུང་བའི་བློའ ི་ཚད་གཞི་མཐོ་བོ་ཞིག་གིས་རིག་པ། རྗེས་དཔག་གི་ཤེས་རྟོགས།

༡) གྲགས་པའི་རྗེས་དཔག — འཇིག་རྟེན་ཡོངས་གྲགས་ཀྱི་བརྡ་རྟགས་

དང་ངོས་འཛིན་སོགས་ལ་བརྟེན་ནས་དོན་གང་ཞིག་ལ་རྗེས་སུ་དཔག་ནས་ རིག་པ།

༢) དངོས་སྟོབས་རྗེས་དཔག — མངོན་སུམ་དུ་རྟོགས་མི་ཐུབ་ཀྱང་དངོས་ ཡོད་དང་མཐུན་པའི་རྒྱུ་མཚན་གཞན་ཞིག་བརྒྱུད་དེ་རྗེས་སུ་དཔག་ནས་ རིག་པ།

༣) ཡིད་ཆེས་རྗེས་དཔག — རྟོགས་ཐབས་བྲལ་ཞིང་ཤ ིན་ཏུ་ལྐོག་གྱུར་པའི་ ཆོས་ལ་དཔྱོད་པར། ཆོས་དེ་རྟོགས་ཟིན་པའི་སྐྱེས་བུ་གང་ཞིག་གི་དཔྱད་ པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་རིག་པ།

གོང་དུ་གོ་བདེ་བའི་སྒོ་ནས་བཀོད་པའི་འཚོལ་བ་དྲུག་ཅེས་པ་འདི་ནི་གནས་

ལུགས་འཚོལ་ཐབས་ཀྱི་རིགས་ལམ་མི་འདྲ་བ་དྲུག་ཡིན་ལ། བོད་ཀྱི་དགོན་སྡེའི་ མཚན་ཉིད་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སྐབས་དང༌། བགྲོ་གླེང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 383

བྱེད་པའི་སྐབས། ཤེས་རབ་ཀྱིས་འཚོལ་ཞིབ་བྱེད་པའི་སྐབས་སོགས་ལ་ངེས་པར་

སྤྱོད་དགོས་པའི་རིགས་ཐབས་སམ་དཔྱད་ཐབས་མི་འདྲ་བ་དྲུག་ཡིན་ལ། བྱ་དངོས་

ཤིག་ཡང་དག་པར་ངོས་འཛིན་འཚོལ་ཞིབ་བྱེད་པའི་དཔྱད་ཐབས་ཆ་ཚང་བ་ཞིག་ ཡིན། ནང་པའི་མཚན་ཉིད་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སྐབས་སུ་ དཔྱད་ཐབས་དྲུག་པོ་འདི་ལྟེ་གནད་དུ་བཟུང་ནས་འཆད་ཁྲིད་དང༌། དགེ་སློབ་བར་ དང་སློབ་ཕྲུག་ཕན་ཚུན་བར་བགྲོ་གླེང་བྱེད་པའི་ལུགས་སྲོལ་ད་ལྟའང་མ་ཉམས་

པར་ཡོད་ལ། སློབ་སྦྱོང་བྱས་ཏེ་གནད་དོན་འཚོལ་བ་དང༌། བགྲོ་གླེང་བྱས་ཏེ་གཞན་ གྱི་འདོད་ཚུལ་དགག་པ། སྒྲུབ་བྱེད་དྲངས་ཏེ་རང་གི་འདོད་ཚུལ་འཇོག་པ་དང༌།

གཞུང་ལུགས་རྩོམ་པའི་སྐབས་སུའང་བརྩམས་བྱ་དང་རྩོམ་ཚུལ་ལ་དཔྱོད་བྱེད་ཀྱི་

ཚད་གཞི་ལྟ་བུར་སྤྱོད། མདོར་ན་འདི་དག་ནི་འཆད་རྩོད་རྩོམ་གསུམ་གྱི་སྤུས་ཚད་ འཇལ་བྱེད་ཀྱི་ཐིག་ཚད་ལྟ་བུ་ཞིག་ཡིན།

དེང་གི་སློབ་ཁྲིད་དང་སློབ་སྦྱོང་གི་སྐབས་སུའང་རིགས་སྒོ་འདི་ནི་ཆེས་སྤྱོད་

འོས་པ་ཞིག་ཡིན་ཏེ། ཤེས་ཡོན་རིག་པའི་མཁས་དབང་མང་པོས་སློབ་སྦྱོང་ནི་དགེ་ རྒན་གྱིས་གང་ཤ ེས་པ་སློབ་མར་སྤྲོད་རྒྱུ་ཙམ་མིན་པར། སློབ་མར་ལམ་སྟོན་བྱས་ ཏེ་སློབ་མའི་ངོས་ནས་འཚོལ་ཞིབ་དང་ཤེས་རྟོགས་བྱེད་པ་གལ་ཆེན་དུ་བརྩི་བས་

ན༑ སྲོལ་རྒྱུན་ཤ ེས་ཡོན་ཁྲོད་དུ་འཚོལ་བ་དྲུག་ཅེས་པར་མིང་གཞན་གྱིས་བསྙད་ ན་ཡུལ་ལ་དཔྱད་ཐབས་ཀྱི་རིག་སྒོ་དྲུག་དང༌། སློབ་མར་ལམ་སྟོན་བྱེད་པའི་ཁྲིད་

ཐབས་དྲུག ཉམས་ཞིབ་པའི་འཚོལ་ཞིབ་བྱེད་ཐབས་དྲུག བསམ་གཞིགས་བྱེད་ ཐབས་དྲུག་དང༌། རིགས་པའི་འགྲོས་ལ་བརྟེན་ནས་བརྟག་ཞིབ་བྱེད་ཐབས་དྲུག་

བཅས་ཡིན་པས་ན། སློབ་ཁྲིད་དང་སློབ་སྦྱོང་རིགས་ལམ་ཅན་དུ་འགྱུར་བའི་སྲོག་ སྙིང་ལྟ་བུ་ཞིག་ཡིན། ནུབ་ཕྱོགས་པས་རྒྱུ་མཚན་དང༌། ཚད་མ། རིགས་ལམ་


384 ཉམས་ཞིབ་དེབ་ཕྲེང་། ༡

བཅས་ལ་གོ་བའིLogicཞེས་པ་དེ་སློབ་ཚན་ཚང་མར་སྦྱར་སྟེPsychologyསོགས་

སུ་འབོད་པ་ནི་སློབ་ཚན་ཚང་མར་རིགས་ལམ་རེ་ཡོད་པས་དེ་འདྲའི་བརྡ་དོན་སྦྱར་ བའི་རྒྱུ་མཚན་དང་མཚུངས་པར། བོད་ཀྱི་མཚན་ཉིད་རིག་པའི་སློབ་སྦྱོང་སྐབས་

སུ་རིགས་པའི་འགྲོས་ཤིག་ཡོད་དགོས་པས་བོད་ཀྱི་སྲོལ་རྒྱུན་དགོན་སྡེ་སློབ་ཁྲིད་ དང་སློབ་སྦྱོང་མཐའ་དག་འཚོལ་བ་དྲུག་གི་དཔྱད་ཐབས་ལ་བརྟེན་ནས་རིགས་

ལམ་ཅན་དུ་གྱུར་ཡོད། སློབ་ཁྲིད་དང་སློབ་སྦྱོང་བྱེད་པ་ལ་ངེས་པར་རིགས་ལམ་

ཞིག་དགོས་པའི་དབང་གིསྋགོང་ས་མཆོག་གིས་ཡང་དང་བསྐྱར་དུ་སློབ་གྲྭ་ཁག་ ནས་རིགས་ལམ་སློབ་གཉེར་བྱེད་དགོས་པར་ནན་གསུངས་གནང་ཡོད་ལ། མཁས་

དབང་ཟམ་གདོང་རིན་པོ་ཆེས་ཀྱང“རིགས་ལམ་ཟེར་བ་དེ་ཁ་སང་ང་ཚོས་འདིར་ བཀའ་མོལ་བྱུང་ཟིན་ནང་བཞིན་རེད། ཕྱི་ནང་གི་རིག་པའི་གནས་གང་འདྲ་ཞིག་ལ་

སློབ་སྦྱོང་བྱས་པ་ཡིན་ཡང་སློབ་སྦྱོང་བྱེད་ཆེད་ཀྱི་ལག་ཆ་ཡོད་ན་མེད་ན་དེ་རེད།

བསམ་བློའ ི་གཏོང་ཕྱོགས་ནང་ལ་རིགས་ལམ་མེད་པ་ཡིན་ན་སློབ་སྦྱོང་ཤ ེས་ཀྱི་མ་

རེད” ཅེས་གསུངས་པའང་འདི་འདྲའི་འཚོལ་བ་དྲུག་ལྟ་བུའི་རིགས་ལམ་ཡོད་པའི་ 204

སྒོ་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་དགོས་པའི་དགོངས་པ་བསྟན་པ་ཡིན། དེ་ནི་ ཡང་དག་པའི་བསམ་བློ་ཞིག་ཡིན་ལ་བདག་གིས་འདིར་ནང་པའི་གཞུང་ཆེན་ཁག་ ལས་ཟུར་འདོན་བྱས་པའི་འཚོལ་བ་དྲུག་གི་རིགས་ལམ་ལ་བརྟེན་ནས་སློབ་ཁྲིད་ དང་སློབ་སྦྱོང་བྱེད་ཐབས་བསྟན་པའི་རིགས་པ་འདིའི་རྒྱབ་ལྗོངས་ཀྱང་ཡིན་ནོ། །

204 <<ཤེས་རིག>>

འདོན་ཐེངས་༢པ། ཤོག་ངོས༡༠། མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་བཤད། བོད་

གཞུང་ཤེས་རིག་ལས་ཁུངས་ནས་བཏོན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 385

དགུ་པ། ཚད་ལྡན་དགེ་རྒན། དེའི་སྤང་བྱ་དང་འོས་ཆོས། ༡ འཆད་པའི་སྐྱོན་བཅུ་བདུན་ནི།

༡) ལེགས་པར་མི་འཆད་པ། ༢) ཐེ་ཚོམ་གྱིས་འཆད་པ། ༣) དཀའ་བའི་གནས་ལ་

བྱིལ་བྱིལ་བོ། ༤) དགོས་པའི་གནས་སུ་མི་སྤྲོ་བ། ༥) མི་དགོས་པར་སྤྲོ་བ། ༦) གོང་འོག་འཁྲུགས་པ་མི་བསྡེབ་པ། ༧) མི་དགོས་པ་དཀྲུགས་ཏེ་བཤད་པ། ༨) གོང་

དུ་བཤད་རྒྱུ་འོག་ཏུ་འདོར་བ། ༩) འོག་ཏུ་བཤད་རྒྱུ་གོང་དུ་ལེན་པ། ༡༠) སྐབས་སུ་ མ་བབས་པ་བཤད་པ། ༡༡) སྐབས་སུ་བབས་པ་མི་བཤད་པ། ༡༢) བརྗོད་པ་མཐོ་

དམན་ཅན། ༡༣) མི་གསལ་བ། ༡༤) སུབ་སུབ་པོ། ༡༥) འགྱུར་ཆེས་པ། ༡༦) བུལ་ཆེས་པ། ༡༧) ཚིག་དང་དོན་ལེགས་པར་བརྡ་མི་སྤྲོད་པ་བཅས་སོ། ། ༢ ཀུན་ནས་ཉོན་མོངས་པའི་འཆད་ཁྲིད་ཀྱི་སྐྱོན་དགུ

“ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་གྱི་གཞི་ནི་རྣམ་པ་དགུ་སྟེ” ཞེས་དང༌། རྒྱལ་ 205

དང་ཕམ་བྱེད་འདོད་གྲུབ་དང༌། །བྱུང་དང་མ་བྱུང་གླེངས་པ་དང༌། །མ་བྱུང་གླེངས་ན་ ཁྲོ་བ་ལས། །འཁོན་དུ་འཛིན་པ་འབྱུང་བ་དང༌། །ཕམ་ན་གདུག་པ་ལ་སོགས་པ། ། བདུན་ནི་སྤངས་ནས་གཏམ་གཏན་བྱ། །ཞེས་པའི་སྐབས་ནས་བསྟན་པའི་འཆད་ ཁྲིད་ཀྱི་སྐྱོན་དགུ་ནི།

205

<<བསྟན་འགྱུར་དཔེ་བསྡུར་མ།སེམས་ཙམ།>> ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༦༦ནས༡༧༠།

སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་པར་དུ་བསྐྲུན།


386 ཉམས་ཞིབ་དེབ་ཕྲེང་། ༡

༡) རང་གི་ཕྱོགས་རྒྱལ་བར་འདོད་པ།

༢) རང་ཕམ་ན་ཕྱིར་རྒོལ་བ་ལ་ཁོང་ཁྲོ་བ།

༣) རང་གི་ཕྱོགས་གྲུབ་ན་སེམས་ཁེངས་པ།

༤) ཕྱིར་རྒོལ་བས་སྐྱོན་བྱུང་བ་གླེང་ན་དེ་བཅད་པར་འདོད་པ། ༥) སྐྱོན་མ་བྱུང་བ་གླེང་ན་ཁྲོ་བ།

༦) ཁྲོས་ནས་དགྲ་ཤ་གླན་པའི་ཕྱིར་འཁོན་དུ་འཛིན་པ།

༧) ཕམ་ན་ཡིད་མི་བདེ་བར་གྱུར་ཏེ་སེམས་མི་གསལ་བ། གོང་གི་སྐྱོན་ བདུན་གྱི་རྩ་བ་ལ་གཉིས་བྱས་ཏེ་དགུར་ངེས་པར་བསམ།

༨) གཞན་ཕྱོགས་ལ་ཞེ་སྡང་བ། ༩) རང་ཉིད་ཀྱི་སྐྱོན་སྦས་པ།

འདི ར ་བསྟན“ཉོན ་མོ ང ས་པ་ཅན་གྱི ་ གཏམ་ནི ་ རྣམ་པ་གསུམ་དག་གི ས ་

ཡོངས་སུ་བསྟན་པ་ཡིན་ཏེ།” ཞེས་པ་ནས་བསྟན་པ་ལྟར། ༡) མ་ཞི་ཞིང་ཚོད་མི་ 206

འཛིན་པར་སྨྲ་བ་དང༌། ༢) གྲུབ་པའི་མཐའ་ལས་འདས་པར་བྱེད་པ། ༣) གཞན་ལ་ སྨོད་པ་བཅས་ཉོན་མོངས་པ་ཅན་གྱི་སྐྱོན་གསུམ་ལས་བྱུང་བ་ཡིན་ནོ། །

༣ གནད་དུ་འཁེལ་བའི་དཔེས་བསྟན་པའི་སློབ་ཁྲིད་ཀྱི་སྐྱོན།

༡) ཐེ་ཚོམ་ཅན་དེ་བྱིས་པ་ཐང་ལ་འཁྱམ་པ་ལྟ་བུ་དང༌།

༢) དཀའ་གནད་ལ་གཡོལ་བ་རྒན་མོ་སོ་མེད་ཀྱིས་ཟས་ཟ་བ་ལྟ་བུ། 206

༣) དོན་གྱིས་སྟོང་ཞིང་མ་འབྲེལ་བ་སྟེ་བྱ་རོག་གི་ཚང་འཆའ་བ་ལྟ་བུ།

<<བསྟན་འགྱུར་དཔེ་བསྡུར་མ།>>

སེམས་ཙམ།

ཤི-སི-༧༧།

རྣམ་བཤད་རིགས་པ།

ཤོག་

ངོས༡༦༦ནས༡༧༡། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་

སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 387

༤) བློ་ཚད་མི་བརྟག་པ་ཨ་མ་གླེན་མས་བུ་གསོ་བ་ལྟ་བུ།

འདི་འདྲའི་གོ་བདེ་བའི་དཔེའི་སྒོ་ནས་དགེ་རྒན་གྱིས་རང་ཉིད་ཀྱི་ཁྲིད་ཐབས་

ལ་རྒྱུན་དུ་བརྟག་ཞིབ་བྱེད་པར་ཤིན་ཏུ་གཟབ་དགོས་པར་བསྟན་ཡོད། འདི་དག་

ནི་ཁྲིད་ཐབས་ཀྱི་སྐྱོན་མི་འབྱུང་བར་བྱེད་པའི་བྱེད་ཐབས་གལ་ཆེན་བཞི་ཡིན་ནོ། ། གོང་གི་ནང་དོན་དེ་དང་མཚུངས་པར་ཁྲིད་ཐབས་སྟོན་པའི་གཞུང་གཞན་དག་ཏུའང་ སློབ་ཁྲིད་དངོས་གཞིའི་སྐབས་ཀྱི་སྐྱོན་ངོས་འཛིན་མཛད་ཡོད་པ་འོག་ཏུ་བཀོད་ན།

༡) མི་འཁྲིད་པ་དང༌། ༢) ལེགས་པར་མི་ཁྲིད་པ། ༣) ཐེ་ཚོམ་གྱིས་ཁྲིད་པ།

༤) དཀའ་བའི་གནས་ལ་བྱིལ་བྱིལ་བོ། ༥) དགོས་པའི་གནས་སུ་མི་སྤྲོ་བ། ༦) མི་ དགོས་པར་སྤྲོ་བ། ༧) གོང་འོག་འཁྲུགས་པ་མི་བསྡེབས་པ། ༨) མི་དགོས་པར་

དཀྲུགས་ཏེ་བཤད་པ། ༩) གོང་དུ་བཤད་པ་འོག་ཏུ་འདོར་བ། ༡༠) འོག་ཏུ་བཤད་ རྒྱུ་གོང་དུ་ལེན་པ། ༡༡) སྐབས་སུ་མ་བབ་པ་བཤད་པ། ༡༢) སྐབས་སུ་བབ་པ་མི་

བཤད་པ། ༡༣) བརྗོད་པ་མཐོ་དམན་ཅན། ༡༤) མི་གསལ་བ། ༡༥) སུབ་སུབ་པོ། ༡༦) མྱུར་ཆེ་བ། ༡༧) བུལ་ཆེ་བ། ༡༨) ཚིག་དང་དོན་ལེགས་པར་བརྡ་མི་སྤྲོད་པ་ ལ་སོགས་པ་སྤངས་དགོས་པར་བསྟན་ཡོད།

༤ སྐྱོན་བརྒྱད་དང་དེའི་གཉེན་པོ།

གཞན་ཡང“རྣམ་པ་ཉི་ཤུ་བོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་ནི་མདོ་ སྡེ་དུམ་པུའོ” ཞེས་དང༌། “གཏམ་གྱི་ཉེས་པ་བརྒྱད་དང་བྲལ་བས་འཁོར་གསུམ་ 207

དག་པའི་གཏམ་བཤད་པའམ། རྣམ་བཤད་རིགས་པར་བརྗོད་པའི་སྐྱོན་བཅུ་གཅིག་ 207

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། དེབ་གྲངས། ཤི-སི-༧༧། ཤོག་གྲངས༡༦༢། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

པར་དུ་བསྐྲུན།


388 ཉམས་ཞིབ་དེབ་ཕྲེང་། ༡

གི་གཉེན་པོར་ཆོས་ཀྱི་གཏམ་རྣམ་པ་ཉི་ཤུ་དང་ལྡན་པར་གསུངས་ཏེ” ཞེས་པ་ 208

སོགས་ནས་བསྟན་པའི་སྐྱོན་བརྒྱད་དང་དེ་དག་གི་གཉེན་པོ་ཉི་ཤུ་ནི། སྐྱོན།

གཉེན་པོ།

སྣོད་མ་ཡིན་པར་བརྗོད་པའི་སྐྱོན།

བརྗོད་པ་ཡོངས་སུ་མ་རྗོགས་པའི་སྐྱོན།

དུས་སུ་འདོན་པ། བསྒྲིམ་པ།

གོ་རིམ་ཅན།

མཚམས་སྦྱར་བ།

བརྗོད་པ་བར་ཆད་པའི་སྐྱོན།

རྗེས་སུ་མཐུན་པ། དགའ་བར་བྱ་བ། འདོད་པར་བྱ་བ།

བརྗོད་པ་གོ་བར་མི་བྱེད་པ།

མགུ་བར་བྱེད་པ།

སྤྲོ་བ་མི་བསྐྱེད་པ་དང་། མི་སྨད་པ། མི་སྨད་པ།

བརྗོད་པ་མཆོད་པར་མི་འགྱུར་བ། དོན་འཐད་པ་མེད་པར་བརྗོད་པ།

དབང་བོ་དམན་པ་ལ་ཟབ་མོར་བརྗོད་པ། རྣམ་པར་གཡེངས་ནས་བརྗོད་པ།

འབྲེལ་བ།

མ་འདྲིས་པ།

ཆོས་དང་ལྡན་པ།

དོན་མེད་པ་བརྗོད་པ།

འཁོར་ཇི་ལྟ་བ་བཞིན།

མི་འཚམས་པར་བརྗོད་པ། ཉོན་མོངས་ཅན་གྱི་བསམ་པས་བརྗོད་པ།

208 <<བུ་སྟོན་ཆོས་འབྱུང༌།>>

རིགས་པ།

བྱམས་པའི་སེམས།

སྙིང་བརྩེ་བའི་སེམས།

རྒྱུ་མཚན།

ཉན་བཤད་འདོད་པ་ཉིད་དུ་ཤེས་པ། བརྙས་པ་མེད་པ།

དུས་ལྔར་བྱ་བ་སྦྱིན་པ་སོགས་ཕུལ་བྱུང་གཏམ། མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་པ། དྲི་བ་ལུང་བསྟན་པ་ལས་བརྩམས་པ། དད་པ་ཅན་རྣམས།

ཞེ་འགྲས་པ་རྣམས། ཐེ་ཚོམ་ཅན་རྣམས།

སྤྲོ་བ་བསྐྱེད་འོས་མ་ཡིན་ཞིང་སྡིག་པའི་ལས་ཅན། གདུལ་བ་མ་ཡིན་པ་རྣམས་སྙིང་ན་བར་འགྱུར། ཚད་མ་དང་མི་འགལ་བ། སྔ་ཕྱི་འབྲེལ་བ།

གཏམ་གཞན་དུ་འཕྲོ་བ་སྤངས་པ། དགེ་བ་དང་མཐུན་པ།

གདུལ་བ་དང་འཚམས་པ།

ཉན་པ་པོ་བདེ་བར་སྨོན་པ།

སྡུག་བསྔལ་མེད་པར་སྨོན་པ།

ཤོག་ངོས་༣༦། བུ་དོན་རིན་ཆེན་གྲུབ། ཀྲུང་གོའ ི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 389

རྙེད་བཀུར་དང་ཚིགས་ ཉོན་མོངས་ཅན་གྱི་བསམ་པས་བརྗོད་པ།

སུ་བཅད་པར་མི་

ལྟོས་པ། བདག་བསྟོད་མི་བྱེད་པ། གཞན་ལ་མི་སྨད་པ།

འདོད་པ་སྤངས་པ།

བདག་ལ་ལྷག་པར་ཡིད་ཆེས་པར་བྱེད་འདོད་ སྤངས་པ།

དེ ་ ལ་འདི ར ་གཏམ་གྱི ་ རྣམ་པ་ཉི ་ཤུ ་ཞེ ས ་པ་ལ<རྣམ་བཤད་རི ག ས་པ་

དང༌།>དང༌། <ནང་དོན་རིག་པའི་ཚིག་མཛོད།> <དུང་དཀར་ཚིག་མཛོད་ཆེན་མོ།> བཅས་སུ་འདྲེན་ཚུལ་ཅུང་མི་མཐུན་པ་ཡོད་ཀྱང་སློབ་ཁྲིད་བྱེད་པའི་སྐྱོན་བརྒྱད་དང་

དེའི་གཉེན་པོ་ཉི་ཤུ། གཉེན་པོ་བསྟེན་པའི་ཚུལ་བཅས་གོ་བདེ་བ་དང་ལག་ལེན་གྱི་ རིན་ཐང་ཡོང་བའི་ཕྱིར་དུ་གཞུང་རྣམས་སུ་ཁུངས་གཏུགས་ཏེ་རེའུ་མིག་ཏུ་བཀོད་ པ་ལགས་སོ། །

༥ དགེ་རྒན་གྱི་ཚད་གཞི།

ཚད་གཞི་མི་འདང་བའི་དགེ་རྒན་ནི། ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ ཤིན་ཏུ་དཀོན། །ཞེས<དབུ་མ་བཞི་བརྒྱ་བ>ལས་གསུངས་པ་ལྟར་ཚད་ལྡན་གྱི་

སློབ་མ་དཀོན་ལ་ཚད་ལྡན་གྱི་དགེ་རྒན་ནི་དེ་བས་ཀྱང་དཀོན་པས་ན་སློབ་མ་དག་ གིས་དགེ་རྒན་མ་བསྟེན་པའི་སྔ་རོལ་ཏུ་བརྟགས་ཅིང་དཔྱད་དེ།

བློ་ལྡན་སློབ་མས་བླ་མ་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་

ཆགས་ལ་མ་བསྡོམས་དང༌། །སྤྱོམས་དང་བཅས་པར་མི་བྱའོ། ། ཞེས་དང༌། <རྡོ་ 209

རྗེ་མཁའ་འགྲོ་རིམ་པར་ཕྱེ་བ་སོ་གཉིས་པ>ལས་ཀྱང༌། གང་ཡང་ཁྲོ་དང་སྒྱུ་ཅན་

209 <<བླ་མ་ལྔ་བཅུ་པ་རྩ་འགྲེལ་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་བཅས་

བཞུགས་སོ། །>> ཤོག་ངོས༢༧། བསྐྲུན།

རྗེ་ཙོང་ཁ་པས་མཛད། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར་དུ་


390 ཉམས་ཞིབ་དེབ་ཕྲེང་། ༡

དང༌། །ངག་ནི་ཤ ིན་ཏུ་རྩུབ་པ་དང༌། །ཡོན་ཏན་དག་གིས་ཆོག་ཤ ེས་པ། །དེ་ནི་བླ་ མར་བསྟེན་མི་བྱ། ། ཞེས་པ་ནས་བསྟན་པའི་སྐྱོན་དང་བྲལ་ཞིང༌། 210

དུས་རྒྱུན་དགེ་རྒན་གྱིས་སློབ་ཁྲིད་ཙམ་མ་ཡིན་པར་མིག་ལྟོས་བཟང་པོ་

འཇོ ག ་པར་རང་ཉི ད ་ཀྱི ་ ནམ་རྒྱུན་ཀུན་སློ ང ་ལ་གཙང་བཤེ ར ་བྱེ ད ་དགོ ས ་པའི ་

ཕྱོ ག ས་ལའང་གཞུང་རྣམས་སུ་མང་དུ་བསྟན་ཡོ ད ་ཅིང་། ཆོ ས ་བོ ན ་གྱི་ གཞུང་ དག་ཏུ་བསྟན་པ་ལྟར་ན་རང་རང་གི ་ གདན་དང་ན་བཟའ་སོ ག ས་གསོ ལ ་ཞི ང ་ ལུས་ཀྱི་སྐྱོན་དག་སྤངས་པ་དང༌། གླུ་སྒྲུང་སོགས་དང་། མ་བཤད་པའམ་ལོག་

བཤད་ཐལ་ཆེ ་ བ། སྐབས་དང་དགོ ས ་འབྲེ ལ ་མ་ཡི ན ་པ་སོ ག ས་སྤངས་ཤི ང ་

མང་ཉུང་རན་ལ་དག་གཙང་ཡིན་པ། གཞུང་གི་དགོངས་དོན་གཏན་ལ་ཕབ་པ་

ཞིབ་ཅིང་འདུ་ཤེས་དག་པའི་སྒོ་ནས་འཆད་ཁྲིད་བྱེད་དགོས་པ་མ་ཟད་དེའི་ཕན་

ཡོ ན ་དང་ངོ ་ བོ ་ ཡང་དག་པར་ངེ ས ་དགོ ས ་པ་ནི ་ སྲོ ལ ་རྒྱུན་སློ བ ་ཁྲི ད ་ཐུན་མོ ང ་ གི ་ གཞོ ལ ་ཕྱོ ག ས་ཡི ན ་ནོ ། །ལྷག་པར་དགེ ་ རྒན་རང་ཉི ད ་ཀྱི ་ འདུ་ཤེ ས ་འཛི ན ་

སྟངས་ཀྱི་ཆ་ལ་ལམ་རིམ་སོགས་སུ་དཔེ་དོན་གཉིས་ཀྱི་སྒོ་ནས་མང་དུ་བསྟན་ ཡོད་པ་གཤམ་དུ་རིམ་གྱིས་བཀོད་ན།

དགེ་རྒན་གྱི་འདུ་ཤ ེས་ལྔ།

༡) རང་ལ་སྨན་པ་ལྟ་བུ་འདུ་ཤེས་ནི། སློབ་མ་རྨོངས་པའི་ནད་ལས་གྲོལ་བར་ བྱེད་མཁས་པ་ཡིན་པ་ལས་ཤེས་སྤུས་ཀྱི་སྲོག་གཅོད་མཁན་མིན་པ།

༢) ཆོས་ལ་སྨན་ལྟ་བུའི་འདུ་ཤེས་ནི། རྨོངས་པ་སེལ་བར་བྱེད་པའི་སྨན་ཡིན་ 210

པ་ལས་སློབ་མའི་རེ་བའི་སྲོག་འཕྲོག་པའི་དུག་མིན་པ།

<<སྐལ་བཟང་སྒོ་བརྒྱར་འབྱེད་པའི་ལམ་སྟོན།>> ཤོག་ངོས་༦། དགེ་བློ་བཟང་རྒྱ་མཚོས་མཛད། རྡ་ས་

རིགས་ལམ་སློབ་གཉེར་ཁང་གིས་པར་དུ་བཏབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 391

༣) ཆོས་ཉན་པ་ལ་ནད་པ་ལྟ་བུའི་འདུ་ཤེས་ནི། རྨོངས་པས་མནར་བའི་ཉམ་ ཐག་སེམས་ཅན་ཡིན་པ་ལས་ལས་ཉོན་གྱིས་དག་པ་མིན་པ།

༤) དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤ ེས་ནི། དེ་བཞིན་གཤེགས་

པ་དང་སྐྱེས་བུ་དམ་པས་ཁྲིད་པར་བྱ་བའི་ལམ་གཅིག་གྱུར་ཡིན་པ་ལས་ འགལ་ཟླ་ཅན་མ་ཡིན་པ།

༥) ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་ནི། ཁྲིད་སྦྱོང་བྱེད་པ་ནི་ཕན་ དང་བདེ་བའི་རྩ་བ་ཤེས་ཡོན་དར་རྒྱས་ཡུན་གནས་ཡིན་པ་ལས་མུན་ནག་ གི་འཇིག་རྟེན་མིན་པ།

བོན་གཞུང་དག་ལས་སློབ་ཁྲིད་བྱེད་པའི་འདུ་ཤེས་བཞི་བསྟན་ཡོད་པ་ནི་གོང་དང་ ཆ་འདྲ་སྟེ།

༡) བདག་ལ་སྨན་པའི་འདུ་ཤེས་དང༌། ༢) བོན་ལ་སྨན་གྱི་འདུ་ཤེས།

༣) ཉན་པ་པོ་ལ་ནད་པའི་འདུ་ཤེས།

༤) ལེགས་པར་གོ་བ་ལ་ནད་སོས་པའི་འདུ་ཤེས། ཞེས་གསུངས་ཡོད།

སློ བ ་ཁྲི ད ་དང་དེ འི ་ ཀུན་སློ ང ་གི ་ ཕྱོ ག ས་གཉི ས ་འཐད་ནས་ཆོ ས ་བོ ན ་གྱི ་

གཞུང་དག་ཏུ་མང་པོ་གསུངས་ཡོད་པ་གང་ཞིག་ལ། ཚད་གཞི་དེ་འདྲའི་སློབ་ཁྲིད་ བྱེད་པ་ལ་དགེ་རྒན་ལའང་ངེས་པར་དུ་ཚང་འོས་པའི་ཆ་རྐྱེན་ཞིག་ཡོད་དགོས་ པས་དེའང་ཆོས་བོན་གྱི་གཞུང་དག་ཏུ་བསྟན་ཡོད་དེ<མཁས་འཇུག>ཏུ། “གཙང་

མཁས་གཞན་ལ་ཕན་པར་འདོད། །” ཅེས་འབྱུང་བ་ལྟར། ༡) ཀུན་སྤྱོད་དང་སྒྲིག་

ཁྲིམས་ལྡན་པས་གཙང་བ་དང༌། ༢) ཐོས་པས་ཕྱུག་པས་མཁས་པ། ༣) ལྷག་ བསམ་གྱི་ཡོན་ཏན་མངའ་བས་གཞན་ལ་ཕན་འདོད་བཅས་ཆ་རྐྱེན་གསུམ་བགྲང་


392 ཉམས་ཞིབ་དེབ་ཕྲེང་། ༡

ཡོད་ལ། <བླ་མ་ལྔ་བཅུ་པ>ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །སྙིང་བརྩེར་

ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤ ེས། །དཀྱིལ་འཁོར་

འབྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤ ེས། །རབ་ཏུ་དང་ཞིང་ དབང་པོ་དུལ། ། ཞེས་གསང་སྔགས་དགེ་རྒན་གྱི་འོས་ཆོས་ངོས་འཛིན་གནང་ 211

ཡོད་པ་དང༌། <མདོ་སྡེ་རྒྱན>ལས་ཀྱང༌། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །” ཞེས་གསུངས་པ་ལྟར། 212

༡) དུལ་བ།---- ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན། གཞན་རྟོགས་སྒྲིག་ ཁྲིམས་ལྡན་པ།

༢) ཞི་བ།---- ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན། གཞན་རྟོགས་སྤྱོད་ ལེགས་ལྡན་པ།

༣) ཉེར་ཞི་བ།---- ཤེས་རབ་ཀྱི་བསླབ་པའི་ཡོན་ཏན། རང་རྟོགས་ཀུན་སྤྱོད་ ལྡན་པ།

༤) ཡོ ན ་ཏན་ལྷག་པ།---- བསླབ་གཞི ་ གང་ཞི ག ་ལ་མཁས་པ།སྤྱི ར ་ སློབ་མ་ལས་ཡོན་ཏན་ཆེ ་ བ།

༥) བརྩོན་བཅས།---- རྩོལ་བ་ལ་དགའ་བ། སློབ་ཁྲིད་ལ་དགའ་བ།

༦) ལུང་གིས་ཕྱུག་པ།---- ཐོས་པ་ཆེ་བ། སྒམ་དཀྱེལ་ཡངས་པ། གོ་རྟོགས་ མཐོ་བ།

211 <<བླ་མ་ལྔ་བཅུ་པ་རྩ་འགྲེལ་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་བཅས་ 212

བཞུགས་སོ། །>> ཤོག་ངོས༢༨། རྗེ་ཙོང་ཁ་པས་མཛད། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར་དུ་བསྐྲུན།

<<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ།།>> ཤོག་ངོས༩༧། རྗེ་བཙུན་བྱམས་མགོན་གྱིས་ མཛད། ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 393

༧) དེ་ཉིད་རབ་ཏུ་རྟོགས་པ། ---- སློབ་མའི་དེ་ཉིད་རྟོགས་པ། སློབ་ཚན་གྱི་ དེ་ཉིད་རྟོགས་པ། ཤེས་ཡོན་གྱི་དེ་ཉིད་རྟོགས་པ།

༨) སྨྲ་མཁས་པ།---- འཆད་ཁྲིད་ལ་མཁས་པ། བརྩེ་བའི་ངག་སྦྱོར་ལ་མཁས་ པ༑ རྒྱུ་མཚན་འདྲེན་པར་མཁས་པ།

༩) བརྩེ་བའི་བདག་ཉིད།---- སློབ་མ་ཡོངས་ལ་བཏང་སྙོམས་ཀྱིས་ལྟ་བ། སློབ་མར་དགའ་བ། སློབ་མར་བྱམས་པ། སློབ་མར་སྙིང་བརྩེ་བ།

༡༠) སྐྱོ་བ་སྤང་བ།---- མུ་མཐུད་ཐོས་པའི་ལས་ལ་བཟོད་པ། ཡང་ཡང་འཆད་ པར་བཟོད་པ། སློབ་མའི་དྲི་བར་བཟོད་པ།

གོང་གི་ཡོན་ཏན་དེ་དག་ལས་དུལ་བ་དང༌། ཞི་བ། ཉེར་ཞི་བ་གསུམ་ནི་

བསླབ་པ་གསུམ་གྱི་ཡོན་ཏན་དང་ལྡན་པའི་དོན་ཡིན་པས་ན་དགེ་རྒན་རང་ངོས་ལ་

སྔོན་ནས་ལྡན་དགོས་པའི་ཐོག་མའི་ཆ་རྐྱེན་ཡིན་ཏེ་རང་མ་དུལ་ན་གཞན་དུལ་བའི་ གནས་མེད་པ་དང༌། ཡོན་ཏན་ལྷག་པ། བརྩོན་བཅས། ལུང་གིས་ཕྱུག་པ། དེ་ཉིད་

རབ་ཏུ་རྟོགས་པ་བཞི་ནི་སློབ་མ་སྐྱེད་སྲིང་བྱེད་པའི་ཡོན་ཏན་ཡིན། སྨྲ་མཁས་པ་ དང༌། བརྩེ་བའི་བདག་ཉིད། སྐྱོ་བ་སྤང་བ་རྣམས་ནི་སློབ་མར་ཕན་པའི་སློབ་ཁྲིད་ཀྱི་ ཡན་ལག་ལྟ་བུ་ཡིན་ནོ། །དེ་འདྲའི་ཡོན་ཏན་བཅུ་བོ་འཛོམས་པ་ནི་སྲིད་མཐའ་ཙམ་ ཡིན་ཕྱིར། “པོ་ཏོ་བའི་ཞལ་ནས། བསླབ་པ་གསུམ་དང་དེ་ཉིད་རྟོགས་པ་དང༌། སྙིང་ བརྩེ་བ་ལྔ་བོ་ཡིན།” ཞེས་འབྱུང་བ་ལྟར་མ་མཐའང་འདིར་གསུངས་པའི་ཡོན་ཏན་ ལྔ་བོ་སྟེ་གོང་དུ་འཕྲེད་རྟགས་བཏབ་པ་དེ་དག་དང་ལྡན་དགོས་པར་འདོད།

བོ ན ་གཞུང་རྣམས་སུའང༌། “ཐོ ས ་བསམ་སྒོ མ ་གསུམ་རྒྱུད་སྦྱངས་ཤེ ས ་

རབ་ཆེ། །ཐུགས་རྗེ་སེམས་བསྐྱེད་དབང་ཐོབ་ནུས་པ་ལྡན། །བརྩོན་པའི་དཀའ་


394 ཉམས་ཞིབ་དེབ་ཕྲེང་། ༡

སྤྱད་རང་གི་འདི་དོན་མིན། །ཚད་ཟིན་སྟོན་མཁས་སྐྱོ་མེད་རང་ཉིད་གྲོལ། །”

213

ཞེས་གསུངས་པ་དང་མ་མཐའང་། ༡) མཁས་པའིཤེས་རབ། ༢) བརྩེ་བའི་བསམ་ པ༑ ༣) སྦྱོར་བའི་བཟོད་པ་གསུམ་མེད་དུ་མི་རུང་བར་བསྟན་པ་ནི་ལམ་རིམ་

སོགས་ནས་འབྱུང་བ་དང་ཅུང་མི་འདྲ་ནའང་ཤེས་བྱའི་གནས་ལུགས་ལ་མཁས་པ་ དང་སློབ་མར་གཏིང་ཟབ་མོའ་ི བརྩེ་བ་དགོས་པ་ནི་ཐུན་མོང་བ་ཡིན་ཏེ། དེ་གཉིས་

སྲོལ་རྒྱུན་ཤ ེས་ཡོན་ཁྲོད་ཆེས་གལ་ཆེ་བའི་དགེ་རྒན་གྱི་ཚད་གཞི་འཇལ་བྱེད་ཅིག་ ཏུ་འཁུམས་སོ། །ལྷག་པར་དུ་བསླབ་བྱའི་གནས་ལུགས་ལ་མཁས་པ་མ་ཟད་སློབ་

མ་སྐྱོང་ཐབས་ཀྱི་གནས་ལུགས་ལ་མཁས་པ་གལ་ཆེ་སྟེ“ཇི་ལྟར་ནད་པ་ན་བ་ལ། །

སྨན་པས་སྨན་ནི་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ ཙམ་དུའང་རབ་ཏུ་གསུང་། །” ཞེས་པ་ལྟར་སྨན་པ་མཁས་པས་ནད་པའི་ནད་ཀྱི་ 214

ཚད་དང་ཡུལ་དུས། འཚོ་བའི་གནས་བབ་བཅས་ལ་བརྟག་སྟེ་སྨན་སྟེར་བ་ལྟར་དུ་ དགེ་རྒན་གྱིས་ཀྱང་སློབ་མའི་ཁམས་དང་མོས་པ་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ ཆོས་བསྟན་རྒྱུ་གཙོ་གནད་ཡིན་ཏེ། སངས་རྒྱས་ཀྱིས་ཆོས་འཁོར་རིམ་པ་གསུམ་ སྐོར་བ་དང༌། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཞི་རྒྱས་དབང་དྲག་གི་ལས་བཞིའི་ལྷ་

སྐུའི་ངོ་བོར་ཤ ར་བ། གྲུབ་མཐའ་རེ་རེར་འདོད་ཚུལ་མི་འདྲ་བ་བྱུང་བ་དང༌། ཆོས་

བརྒྱུད་སོ་སོར་བཞེད་མཚམས་མི་འདྲ་བ་བྱུང་བ། མདོར་ན་གང་ལ་གང་འདུལ་དེ་

ལ་དེར་སྟོན་པ། ཞེས་པ་སོགས་ལུང་རིགས་དཔེ་གསུམ་གྱིས་འགྲུབ་པ་ལྟར་སློབ་ མའི་མོས་ཁམས་དང་བསྟུན་ཏེ་གང་ལ་གང་དགོས་ཀྱི་ཐབས་དང་ལྡན་པ་གཅེས་ 213 བོན། 214

<<གསུམ་བརྒྱ་བ།>> ཤོག་ངོས༦༠། མེ་སྟོན་ཤ ེས་རབ་འོད་ཟེར་གྱིས་མཛད། ཝཱ་ཎཱ་གཡུང་དྲུང་བོན་གྱི་

དགེ་སློབ་ཁང༌གིས་དཔར།

<<བཀའ་འགྱུར།>> མདོ་སྡེ། འཕགས་པ་ལུང་ཀར་གཤེགས་པའི་མདོ། པོད་གྲངས༡༨། ཤོག་ངོས༡༥༢༦།

ཨ་རི་ནས་པར་དུ་བཏབ།


པར་འཛིན་དགོས་སོ། །

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 395

བཅུ་པ། ཚད་ལྡན་སློབ་མ། དེའི་སྤང་བྱ་དང་འོས་ཆོས། ༡ སློབ་མ། སློབ་ཁྲིད་ཉན་ཚུལ་དང་སྐྱོན་ཡོན་བརྟག་ཐབས།

སྲོལ་རྒྱུན་ཤེས་ཡོན་རིག་པས་ཕུལ་བྱུང་དགེ་རྒན་ཞིག་གི་ཆ་རྐྱེན་གང་དག་ཡིན་པ་

ངོས་འཛིན་བྱས་པ་ལྟར་། ཁྲིད་གསུམ་གྱིས་བསྐྱང་བྱའི་སློབ་མ་ལའང་ཚང་དགོས་

པའི་ཆ་རྐྱེན་གང་དག་ཡོད་པ་ངོས་འཛིན་གསལ་པོ་གནང་ཡོད། དཔེར་ན<ལམ་ རིམ>སོགས་སུ་ཆ་རྐྱེན་གསུམ་བགྲངས་པ་ནི། གཟུར་གནས་བློ་ལྡན་དོན་གཉེར་བ། ། ཉན་པོ་སྣོད་ཅེས་བྱ་བར་བཤད། །

ཅེས་གསུངས་པ་ལྟར་སྣོད་ལྡན་གྱི་སློབ་མ་ནི་ཁྱད་ཆོས་གསུམ་ལྡན་ཞིག་

ཡིན་དགོས་ཏེ། གསུམ་གང་ཞེ་ན། ༡) བློ་ཕྱོགས་སུ་མ་ལྷུང་ཞིང་གཟུ་བོར་གནས་ པ༑ ༢) བློ་དང་ལྡན་པ་དེ་དོན་དང་དོན་མ་ཡིན་པ་དབྱེ་འབྱེད་བྱེད་ནུས་པ། ༣) གང་ བསླབ་བྱ་དེ་ལ་མོས་ཤིང་དོན་གཉེར་ཆེ་བ་གསུམ་ཡིན་ཞིང་། གཞུང་གཞན་དུའང་


396 ཉམས་ཞིབ་དེབ་ཕྲེང་། ༡

སློབ་མ་ཚད་ལྡན་ཞིག་འབྱུང་བ་ལ་རྩ་བའི་ཆ་རྐྱེན་བཞི་བགྲངས་པ་ནི། “དགེ་དང་སྒོམ་ལ་དགའ་བ་དང༌། ། རྟག་ཏུ་བླ་མ་ལ་གུས་དང༌། །

རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །

ཡོན་ཏན་ལྡན་ན་སློབ་མ་ཡིན། །”

215

ཞེས་གསུངས་པ་དང༌། <མཁས་

འཇུག>ཏུའང་སློབ་མ་ཚད་ལྡན་ཞེས་བྱ་བར་རྩ་བའི་འོས་ཆོས་མི་འདྲ་བ་གསུམ་

དགོས་པར་བདམས་པ་ནི། “བློ་གསལ་ཤེས་འདོད་བླ་མར་གུས། །” ཞེས་གསུངས་ པ་ལྟར། ༡) བློ་གསལ་བ་དང༌། ༢) ཤེས་འདོད་ཡོད་པ། ༣) བླ་མར་གུས་པ་གསུམ་

དང༌། བོན་གཞུང་དུའང་། “དད་པ་སྟོབས་དང་བརྩོན་འགྲུས་ཤ ེས་རབ་ཆེ། །སེམས་ བསྐྱེད་གུས་པའི་ཚུལ་དང་མོས་བསམ་ལྡན། །” ཞེས་གསུངས་ཡོད་ཀྱང་མེད་དུ་ 216

མི་རུང་བའི་ཆ་རྐྱེན་ལ་གཞུང་གཞན་དང་གཞན་དུའང་། “རྟོགས་པར་ནུས་པའི་བློ་ གྲོས་དང༌། །དོན་དུ་གཉེར་བའི་འདུན་པ་དང༌། །ང་རྒྱལ་མེད་པའི་གུས་པ་འོ། །”

217

ཞེས་གསལ་བ་སོགས་མང་དུ་སྣང་ནའང་མདོ་དོན<མཁས་འཇུག>ཏུ་བསྟན་པའི། ༡) བློ་གསལ་བ་དང༌། ༢) ཤེས་པར་འདོད་པ། ༣) བླ་མར་གུས་པ་གསུམ་གྱི་ སྟེང་དུ་འབབ་ཅིང་དེ་དག་ནི་མེད་ཐབས་མེད་ལ་གལ་འགངས་ཆེ་བའི་སློབ་མའི་ཆ་

རྐྱེན་དུ་བགྲང་བཞིན་པའོ། །དེ་ལྟ་བུའི་སློབ་མས་བསམ་སྦྱོར་ཚུལ་བཞིན་པས་དགེ་ རྒན་བསྟེན་དགོས་ཤ ིང་དེ་ཡང་སྡོང་བོ་བཀོད་པར་གསུངས་པའི་སེམས་དགུ་དང༌། 215 <<བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང༌།>>

ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

216 བོན། 217

གསུང་འབུམ་པོད་ཀ་པ། ཤོག་ངོས༢༥༤། རྗེ་

<<སུམ་བརྒྱ་བ།>> ཤོག་ངོས༢། མེ་སྟོན་ཤ ེས་རབ་འོད་ཟེར། ཝཱ་ཎཱ་བོན་གྱི་དགེ་སློབ་ཁང༌གིས་པར་དུ་

བསྐྲུན།

བོན། <<བསྟན་འབྱུང་དར་རྒྱས་གསལ་སྒྲོན།>> ཤོག ༣༧། སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའ ི་བོད་ཀྱི་

ཤེས་རིག་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 397

<བྱང་ཆུབ་ལམ་རིམ་དུ་དཀོན་མཆོག་ཏ་ལ་ལའི་གཟུངས>ནས་ལུང་དྲངས་པ་ལས། “དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་ བྱེད། །” ཅེས་དང་ཡང་དེ་ཉིད་དུ་གཏམ་རྒྱུད་གསུམ་དྲངས་པ་རྣམས་བཀོད་ན། 218

༡) “ཇོ་བོ་ལ། སྟོན་པས་བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་

ཏན་ཁྱད་པར་ཅན་བརྙེ ས ་པ་མི ་ བདོ ག ་ཞུས་པས། ཇོ ་ བོ འ་ི ཞལ་ནས།

ཐེ ག ས་པ་ཆེ ན ་པོ འ ་ི ཡོ ན ་ཏན་ཆེ ་ སྐྱེ ས ་ཆུང་སྐྱེ ས ་ཐམས་ཅད་བླ་མ་ལ་

བསྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད། ག་ན་སྐྱེ་གསུངས་པ་དང༌།

༢) ཇོ་བོ་ལ། ཨ་ཏི་ཤ ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་

ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་ དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། །

༣) ལག་ན་རྡོ ་ རྗེ ་ དབང་བསྐུར་བའི་ རྒྱུད་ལས། གསང་བའི་ བདག་པོ ་ སློ བ ་ དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་

འདས་ལ་ཇི་ལྟ་བ་བཞིན་དུའོ། །” ཞེས་པའི་གོང་གི་གཏམ་རྒྱུད་འདི་ 219

དག་ནི་སློབ་མས་དགེ་རྒན་བསྟེན་ཚུལ་གྱི་ལམ་སྟོན་ཡིན་ལ། ལམ་སྟོན་ འདི་དག་གི་དགོངས་དོན་ཡང“སློབ་དཔོན་ལ་ནི་ཡོན་ཏན་བཟུང༌། །སྐྱོན་ནི་

ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་ 218

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༢། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་

དཔེ་སྐྲུན་ཁང༌།

219 <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།

སྐྲུན་ཁང༌།

།>> ཤོག་ངོས༤༢། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་


398 ཉམས་ཞིབ་དེབ་ཕྲེང་། ༡

བཟུང་ན་དངོས་མི་འགྲུབ། །” ཅེས་པ་ཡིན་ཞིང་དེ་ལྟ་བུའི་ལུང་རིགས་ 220

དཔེ་གསུམ་བརྒྱ་ཕྲག་མང་པོས་དགེ་རྒན་བསྟེན་པའི་སྐབས་སུ་བསམ་ པས་དད་པ་དང་བཀའ་དྲིན་རྗེས་སུ་དྲན་པ་དང༌། སྦྱོར་བ་གཙང་ལ་ལོ་མའི་

སེར་ས་དང་ཐུད་ཀྱི་རྔོ་ས་ནས་མ་ཡིན་པར་རང་ལ་བདག་པའི་དངོས་པོ་ གང་བཟང་ཕུལ་ཏེ་བསྟེན་དགོས་པ་ལྟ་ཅི། <བླ་མ་ལྔ་བཅུ་པ་ལས།> “རང་

གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌།།རང་སྲོག་ གིས་རྟག་བསྟེན་བྱ་ན།།ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས།།” ཞེས་ 221

པ་ལྟར་བཀའ་བཞིན་དུ་སྒྲུབ་པ་གཙོ་ཞིང་ཟང་ཟིང་ཡང་གང་ལེགས་ལེགས་ ནས་ཕུལ་བ་དང༌། ལུས་ངག་གིས་བསྙེན་བཀུར་ཚད་ལས་བརྒལ་བ་བྱེད་ པ་གལ་ཆེན་དུ་བརྩི།

༢ འདུ་ཤེས་དྲུག་གི་སྒོ་ནས་སློབ་ཁྲིད་ཉན་ཚུལ།

ད་དུང་གཞུང་རྣམས་སུ་བསྟེན་པའི་འདུ་ཤེས་དྲུག་སྟེ་ཡོན་ཏན་ཚུར་སྡུད་བྱེད་པའི་

རྨང་གཞིའི་བསམ་བློ་དྲུག་གི་སྒོ་ནས་སློབ་ཁྲིད་ཉན་དགོས་པར་གསུངས་པའི་འདུ་ ཤེས་དྲུག་གང་ཞེ་ན་དཔེ་དང་སྦྱར་ནས་བསྟན་ཡོད་དེ། ༡) རང་ལ་ནད་པ་ལྟ་བུ།

(རང་ཉིད་རྨོངས་པའི་ནད་ཀྱི་གཞན་དབང་དུ་གྱུར་པ།)

༢) བསླབ་བྱ་ལ་སྨན་ལྟ་བུ།

(རྨོངས་པའི་ནད་ལས་ཐར་བའི་ལམ་ཡང་དག་པ་ནི་བསླབ་བྱ་དེ་ལས་གཞན་དུ་མེད་པ།)

220 <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༣། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་

སྐྲུན་ཁང༌།

221 <<བླ་མ་ལྔ་བཅུ་པ་རྩ་འགྲེལ་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་བཅས་

བཞུགས་སོ།།>> ཤོག་ངོས༤༥། རྗེ་ཙོང་ཁ་པས་མཛད། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར་དུ་བསྐྲུན།


༣) དགེ་རྒན་ལ་སྨན་པ་མཁས་པ་ལྟ་བུ།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 399

(བརྩེ་བའི་བདག་ཉིད་ཅན་ཡིན་པས་སློབ་མ་རྨོངས་པའི་ནད་ལས་སྒྲོལ་བར་མཁས་པ།)

༤) ནན་ཏན་གྱིས་ཉམས་སུ་བླངས་པ་ལ་ནད་འཚོལ་བ་ལྟ་བུ།

(བསམ་སྦྱོར་དག་པའི་སྒོ་ནས་ནན་ཏན་གྱིས་རྨོངས་པའི་ནད་ལས་གྲོལ་ཕྱིར་ཁྲིད་སྦྱོང་

བྱེད་པ།)

༥) དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས།

(ཉོན་མོངས་པ་ལས་ལྡོག་པའི་ལམ་ལེགས་པར་སྟོན་པས་ན་སངས་རྒྱས་དང་དགེ་རྒན་ངོ་ བོ་དབྱེར་མེད་པ།)

༦) ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས།

(ཁྲིད་སྦྱོང་ལེགས་པར་བྱས་པས་རྨོངས་པ་སེལ་ཞིང་བདེ་སྐྱིད་ཀྱི་རྩ་བ་ཤེས་ཡོན་ཡུན་དུ་

དར་བ།)

སྲོ ལ ་རྒྱུན་དགོ ན ་སྡེ འི ་ཤེ ས ་ཡོ ན ་རི ག ་པར་སྒྲི ག ་གཞི ་ ངེ ས ་ཅན་ཞི ག ་དང་ལམ་

ལུགས་ངེས་ཅན་ཞིག་ཆགས་ནས་ཡོད་ཕྱིར་དགེ་རྒན་ཅི་འདྲ་ཞིག་ཡིན་དགོས་པ་

དང༌། སློབ་ཁྲིད་ཇི་ལྟར་བྱེད་དགོས་པ། སློབ་མ་ཇི་འདྲ་ཞིག་ཡིན་དགོས་པ་དང༌། སློབ་ཁྲིད་ཇི་ལྟར་ཉན་དགོས་པ་བཅས་དེང་གི་སློབ་གྲྭའི་ཤ ེས་ཡོན་ལས་རིགས་ལ་

ནང་འདྲེན་བྱེད་ཆོག་པའི་ལེགས་ཆ་མང་དུ་ཡོད་ཀྱང་། ཕྱོགས་དུ་མ་ནས་དེང་གི་ སློབ་ཁྲིད་དང་མི་འདྲ་བའི་བར་ཁྱད་ཀྱང་ཆེན་པོ་ཡོད་དོ། །

༣ གུས་པའི་སྒོ་ནས་སློབ་ཁྲིད་ཉན་ཚུལ།

“ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། སྣོད་གསུམ་དག་ཏུ་ནི་ལྷས་ཆར་ ཕབ་ཀྱང་ཆུའི་བྱ་བ་མི་བྱེད་དེ། ཁ་གཞན་དུ་ཕྱོགས་པའམ་བཅད་པ་གང་དུ་མི་ འབབ་པ་ཉིད་དང༌། མི་གཙང་བ་གང་དུ་བབས་ཀྱང་སྐྱོན་ཅན་དུ་འགྱུར་བ། བུ་ག་


400 ཉམས་ཞིབ་དེབ་ཕྲེང་། ༡

དང་བཅས་པ་གང་དུ་མི་གནས་པའོ། །” ཞེས་དང༌། “བཅོམ་ལྡན་འདས་ཀྱིས་ 222

དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤ ིག”ཅེས་པའི་སྐབས་

ནས་བསྟན་པའི། ༡) སྣོད་ཁ་གཞན་དུ་ཕྱོགས་པའམ་བཅད་པ་ནི། ནད་པ་གཅིག་ གིས་སྨན་པའི་ལུང་མ་ཤེས་པ་སྟེ་ངག་མ་གོ་བ་དང་མཚུངས། ༢) སྣོད་མི་གཙང་ བ་ནང་དུ་བབས་ཀྱང་སྐྱོན་ཅན་དུ་འགྱུར་བ། སྨན་པའི་ངག་བཞིན་མི་བྱེད་པར་སྨན་ ལོག་བསྟེན་པ་དང་མཚུངས།

(བར་བ་ནི་ཐམས་ཅད་ལས་ཐ་ཆད་དོ།)

༣) སྣོད་བུ་ག་ཅན་ནམ་

ཞབས་བརྡོལ་བ། ལེགས་པར་ནང་དུ་སོང་ཡང་ཆུད་གཟན་པ། དཔེར་ན། “ནད་པ་

གསུམ་པོ་དག་ནི་ཕ་ལ་གནོད་དེ། ཟས་མི་ཟ་བ་གང་ཡིན་པ་དང༌། མི་འཕྲོད་པ་ཟ་བ་ གང་ཡིན་པ་དང༌། འཕྲོད་པ་ཟས་པ་སྐྱུགས་པ་གང་ཡིན་པའོ། །” དེ་ཡང་རིམ་པ་ 223

བཞིན་མི་ཉན་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པ་དང༌། ལེགས་པར་ཡིད་ལ་མི་ བྱེད་པས་བརྗེད་དུ་བཅུག་པའི་དོན་ནོ། །

༤ སྤང་དགོས་པའི་སྐྱོན་གསུམ།

སློབ་ཁྲིད་དངོས་གཞིའི་སྐབས་སུ་སློབ་མའི་འོས་ཆོས་སམ་དགེ་རྒན་གྱིས་བརྟག་

ཐབས་ལའང“ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག”ཅེས་པའི་སྐབས་ ནས་བསྟན་པའི་སྣོད་ཀྱི་སྐྱོན་གསུམ་སྟེ་དཔེའི་སྒོ་ནས་བཀོད་པར་བྱ་བ་ལ།

222

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༢༨༧། སློབ་

དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་གིས་

223

པར་དུ་བསྐྲུན།

<<བསྟན་འགྱུར་དཔེ་བསྡུར་མ།>> སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༢༨༨།

སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 401

༡) སྣོད་ཁ་སྦུབས་ཏེ་ནང་དུ་ཆུ་མི་འགྲོ་བ་ལྟ་བུ།

(སློབ་ཁྲིད་ལེགས་པར་མི་ཉན་པ།)

༢) ཁ་གྱེ ན ་དུ་བཟེ ད ་ཀྱང་མི ་ གཙང་བས་ནང་དུ་སོ ང ་བའི ་ ཆུ་དྭངས་མོ འ ང་ བཙོག་པར་བྱེད་པ་ལྟ་བུ།

(སེམས་ཕྱི་རོལ་ཏུ་གཡེངས་པ་དང་ང་རྒྱལ་གྱིས་ཉན་པ།)

༣) ཞབས་བརྡོལ་བ་སྟེ་ཆུ་ཅི་ཙམ་བླུགས་ཀྱང་ནང་དུ་མི་གནས་པར་ཕྱིར་ཐོན་ པ་ལྟ་བུ།

(སེམས་ལ་མི་འཛིན་པ།)

འདི་འདྲའི་སྐྱོན་གསུམ་སྤངས་པའི་སྒོ་ནས་སློབ་ཁྲིད་ཉན་དགོས་པ་ནི་སྲོལ་

རྒྱུན་དགོན་སྡེ་སློབ་མའི་བླང་བྱ་གལ་ཆེན་དུ་བརྩི་སྲོལ་ཡོད། དེ་འདྲའི་སྐྱོན་དང་

བྲལ་བའི་སློབ་མས་ཐོག་མར་དགེ་རྒན་ལ་བརྟག་ཞིབ་བྱས་ཏེ་གོང་གི་སྐྱོན་དེ་དག་ དང་བཅས་པ་ཡིན་ན། དགེ་རྒན་གཞན་དུ་བཙལ་ཏེ་བསྟེན་ཞིང༌། ནང་བསྟན་ཆོས་ ལུགས་ཀྱི་སློབ་ཁྲིད་རིག་པས་དགེ་རྒན་བསྟེན་ཚར་བའི་རྗེས་སུ། བསམ་སྦྱོར་ཚུལ་

བཞིན་པས་བསྟེན་དགོས་པ་ལས་མ་དད་པ་སོགས་ཡོངས་སུ་སྤངས་ཏེ། “མ་དད་

པ་ཡི་མི་དག་ལ། །དཀར་པོའ་ི ཆོས་རྣམས་མི་སྐྱེས་ཏེ། །ས་བོན་མེ་ཡིས་ཚིག་པ་


402 ཉམས་ཞིབ་དེབ་ཕྲེང་། ༡

ལ༑ ༑མྱུ་གུ་སྔོན་པོ་ཇི་བཞིན་ནོ། །”

224

ཞེས་པ་ལྟར་སྐྱོན་དུ་ནམ་ཡང་ལྟ་མི་རིགས་

པར་བསྟན་ཡོད། དེ་ནི་ཉེས་པའི་ལམ་སྟོན་ཡང་དང་ལེན་བྱེད་དགོས་པའི་དོན་མ་

ཡིན་ཏེ། དེ་ལ་ལམ་རིམ་དུ<འདུལ་བའི་མདོ>དྲངས་པ་ལས། “ཆོས་མ་ཡིན་པ་སྨྲ་

ན་བཟློག་པར་བྱའོ། །” ཞེས་དང༌། དེ་ཉིད་དུ་དཀོན་མཆོག་སྤྲིན་དྲངས་པ་ལས་ 225

ཀྱང“དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་

དོ༑ ༑” ཞེས་དང༌། བླ་མ་ལྔ་བཅུ་པ་ལས་ཀྱང“བློ་གྲོས་ཆེན་པོས་དགའ་སེམས་ 226

ཀྱིས། །བླ་མའི་དཀའ་ནི་འབད་དེ་མཉན། །རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་ དེ་ལ་ཚིག་གིས་སྦྱང༌། །” ཞེས་པ་སོགས་ནས་བསྟན་པ་ལྟར་དགེ་རྒན་གྱིས་ལམ་ 227

ལོག་པ་དང་རིགས་པ་དང་མི་མཐུན་པའི་གཏམ་སྨྲ་ན་དང་དུ་མི་ལེན་པར་གུས་པའི་

སྒོ་ནས་འདོར་བའམ་སླར་བདེན་པ་སྨྲར་རུང་བའང་བསྟན་ཡོད་པས་དེ་ནི་ཆོས་ ལུགས་ཀྱི་ཁྱབ་ཁོངས་ནས་ཅུང་གུ་ཡངས་ཀྱི་ལྟ་ཚུལ་དང་རིགས་པ་དང་མཐུན་

པའི་ལྟ་ཚུལ་ཞིག་ཏུ་བགྲང་ཆོག་ནའང༌། དགོན་སྡེ་སློབ་གསོའ་ི ཁྲོད་དུ་དགེ་རྒན་

ལ་གདེང་འཇོག་གི་ཚད་གཞི་མཐོ་དྲགས་ཏེ་དེ་འདྲ་ལག་ལེན་དུ་འོང་དཀའ་བ་ཞིག་ ཡིན་ཞིང་དེའི་སྐོར་འོག་ནས་འཆད་པར་འགྱུར་རོ། ། 224 <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། 225

226

དཔེ་སྐྲུན་ཁང༌།

།>>ཤོག་ངོས༤༣། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༨། རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་

སྐྲུན་ཁང༌།

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༨། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་

དཔེ་སྐྲུན་ཁང༌།

227 <<བླ་མ་ལྔ་བཅུ་པ་རྩ་འགྲེལ་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་བཅས་

བཞུགས་སོ། །>> ཤོག་ངོས༥༥། རྗེ་ཙོང་ཁ་པས་མཛད། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 403

༥ སློབ་ཁྲིད་ཉན་པའི་སྐབས་ཀྱི་སྐྱོན་དྲུག

གཞན་ཡང་སློབ་ཁྲིད་ཉན་པའི་སྐབས་སུ་སྐྱོན་དྲུག་ཀྱང་ཡོང་སྲིད་པ་དང་དེའང་ སྤངས་དགོས་པའི་ཚུལ་ལ་རྣམ་བཤད་རིགས་པར། “ང་རྒྱལ་དང་ནི་མ་དད་དང༌། །

དོན་དུ་གཉེར་བ་མེད་ཉིད་དང༌། ། ཕྱི་རོལ་རྣམ་གཡེང་ནང་བསྡུས་དང༌། །སྐྱོ་བ་ཉན་ པའི་དྲི་མ་ཡིན། །” ཞེས་གསུངས་པའི་སྐབས་ཀྱི་སྐྱོན་དྲུག་ནི། 228

སྐྱོན་དྲུག

“བཀུར་སྟི་བྱས་ནས་ཉན་པ་སྐྱོན་དྲུག་དང་བྲལ་བར་བསྟན་པ་ཡིན་ནོ། །”ཞེས་

པའི་སྐབས་ནས་བསྟན་པའི་སྐྱོན་དྲུག་ནི།

༡) ང་རྒྱལ་གྱི་སྐྱོན།-----སློབ་མ་ཡོངས་ལས་བདག་མཆོག་ཏུ་རློམ་པ། དགེ་ རྒན་ལས་བདག་མཁས་པར་རློམ་པ།

༢) མ་དད་པའི་སྐྱོན།-----སློབ་ཚན་ལ་མ་དད་པ། དགེ་རྒན་ལ་མ་དད་པ། ཁོར་ཡུག་ལ་མ་དད་པ།

༣) མ་མོས་པའི་སྐྱོན།-----སློབ་ཚན་ལ་མི་དགའ་བ། དགེ་རྒན་ལ་མི་དགའ་ བ༑ ཁོར་ཡུག་ལ་མི་དགའ་བ།

༤) ཕྱི་རོལ་ཏུ་གཡེངས་པའི་སྐྱོན།-----འཆད་ཉན་སྐབས་སུ་སེམས་གཡེང་ བ༑ སྦྱོང་བའི་སྐབས་སུ་སེམས་གཡེང་བ།

༥) ནང་དུ་བསྡུས་པའི་སྐྱོན།----སེམས་ཁོང་དུ་ཆུད་པ། གཏི་མུག་པར་གྱུར་པ།

228

<<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། རྣམ་བཤད་རིགས་པ། དེབ་གྲངས ཤི-སི-༧༧། ཤོགས་

གྲངས། ༡༦༨། སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་

དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བཏབ།


404 ཉམས་ཞིབ་དེབ་ཕྲེང་། ༡

༦) སྐྱོ་བའི་སྐྱོན།-----སྤྱིར་སེམས་ཁམས་ཀྱི་ནད་རྟགས་ཡོད་པ། གློ་བུར་ བའི་སེམས་ཁམས་ཀྱི་ནད་རྟགས་ཡོད་པ།

སློབ་ཁྲིད་ཀྱིས་སློབ་མར་རེ་བ་ཆེ་ཆེར་བཟུང་སྟེ་དགེ་རྒན་གྱི་ཁྲིད་ཐབས་སྒྱུ་

རྩལ་དང་ཤ ེས་རྟོགས་ཀྱི་བཟང་ངན་ལ་མི་ལྟོས་པར་སློབ་མ་རང་ངོས་ཀྱི་བསྲུང་བྱ་ ལའང་མང་དུ་བསྟན་ཡོད།

༦ སློབ་ཁྲིད་ཉན་པའི་སྐབས་ཀྱི་སྐྱོན་བཅུ་གསུམ་དང་དེའི་གཉེན་པོ།

“རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་ཉན་པར་བྱའོ་ཞེས་བྱ་བ་ནི་མདོ་

སྡེའི་དུམ་བུའོ། །དེ་ལ་རྣམ་པ་བཅུ་དྲུག་པོ་དག་ནི་སྐྱོན་རྣམ་པ་བཅུ་གསུམ་གྱི་ གཉེན་པོ་ཡིན་པར་རིག་པར་བྱའོ། །” ཞེས་པའི་སྐབས་ནས་བསྟན་པའི་སློབ་ 229

ཁྲིད་སྐབས་ཀྱི་སྐྱོན་བཅུ་གསུམ་ནི།

༡) སྤྱོད་ལམ་མི་སྡུག་པའི་སྐྱོན། ༢) རིགས་མཐོ་བ་ལ་སོགས་པའི་ང་རྒྱལ་

གྱིས་འགྱིང་བའི་སྐྱོན། ༣) དོན་དུ་མི་གཉེར་བའི་སྐྱོན། ༤) གཞན་གྱི་ཕྱོགས་བྱེད་

པས་སྙིང་ན་བའི་སྐྱོན། ༥) མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་ སྐྱོན། ༦) སུན་ཕྱིན་ཅི་ལོག་ཏུ་བརྒལ་བའི་སྐྱོན། ༧) ཆོས་དང་ཆོས་སྨྲ་བ་ལ་ཡོན་

ཏན་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན། ༨) ཆོས་ལ་ཚིག་དང་ཡིག་ འབྲུ་མ་འབྲེལ་བའམ་ཆོས་སྨྲ་བ་ལ་ཚུལ་ཁྲིམས་དང་རིགས་དང་བྱད་གཟུགས་དང་

ཚིག་འབྱིན་པ་མ་ཚང་བ་ལ་སོགས་པའི་སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་ སྐྱོན། ༩) སྨོད་པའི་སྐྱོན། ༡༠) རྙེད་དང་བཀུར་སྟི་འདོད་པའི་སྐྱོན། ༡༡) སེམས་

229 <<བསྟན་འགྱུར་དཔེ་བསྡུར་མ།>>

སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༦༥།

སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་པར་དུ་བསྐྲུན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 405

རྣམ་པར་གཡེང་པ་དང་གཉིད་རྨུགས་ཀྱིས་བསྡུས་པས་མི་ཉན་པའི་སྐྱོན། ༡༢) དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོགས་པས་ལེགས་པར་ཡིད་ལ་མི་ བྱེད་པའི་སྐྱོན། ༡༣) འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་རབ་ཏུ་ཡིད་ལ་མི་

བྱེད་པའི་སྐྱོན་རྣམས་ངེས་པར་དུ་སྤངས་དགོས་སོ། །གཞན་ཡང“སྐྱོན་རྣམ་པ་དྲུག་ གི་མཉེན་པོར་རྣམ་པ་བཅུ་དྲུག་དག་ཡིན་ནོ། །” ཞེས་པའི་སྐབས་ནས་བསྟན་ 230

པའི་ཉན་པའི་སྐབས་ཀྱི་སྐྱོན་དྲུག་ནི་འོག་ནས་བསྟན་པར་བྱའོ། ། སྐྱོན་དྲུག་ནི།

༡ ལས་ཀྱི་སྐྱོན།

༡) ལུས་ཀྱི་ལས་སྐྱོན་སྤྱོད་ལམ་མི་སྡུག་པ། ༢) ངག་གི་ལས་སྐྱོན་སྐུལ་བར་མི་བྱེད་པ། ༣) ཡིད་ཀྱི་ལས་སྐྱོན་ཉན་ པར་མི་འདོད་པ།

༢ མོས་པ་མེད་པའི་སྐྱོན།

༣ མཆོད་པར་མི་འགྱུར་བའི་སྐྱོན།

༤ གཞན་ལ་གླན་ཀ་འཚོལ་བའི་བསམ་པའི་སྐྱོན། ༥ མི་མཐུན་པའི་སྐྱོན།

༡) ཆོས་ལ་ངེས་པར་འབྱིན་པ་མ་ཡིན་པས་གོ་བ་ཉིད་ཀྱིས་མ་གུས་པ། ༢) ཚིག་དང་ཡི་གེ་མ་འབྲེལ་བ་ཉིད་ཀྱིས་ བརྙས་པ།

༣) གང་ཟག་ལ་ཚུལ་ཁྲིམས་དང༌། ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་དང༌། རིགས་ཀྱི་སྐྱོན་གྱིས་བརྙས་པ།

༤) ཁོང་དུ་ཆུད་པ་དང༌། སྒྲུབ་པར་མི་ནུས་སྙམ་སྟེ་རང་ཉིད་བརྙས་པ། 230 <<བསྟན་འགྱུར་དཔེ་བསྡུར་མ།>>

སེམས་ཙམ། ཤི-སི-༧༧། རྣམ་བཤད་རིགས་པ། ཤོག་ངོས༡༦༦།

སློབ་དཔོན་དབྱིག་གཉེན་གྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾཧ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་ གིས་པར་དུ་བསྐྲུན།


406 ཉམས་ཞིབ་དེབ་ཕྲེང་། ༡

༦ འཛིན་པའི་སྐྱོན།

༡) ལོག་པར་འཛིན་པ། ༢) དོན་མི་འཛིན་པ། ༣) ཚིག་མི་འཛིན་པ། ༤) བརྡ་མ་སྤྲད་པར་འཛིན་པ། ༥) མ་ ལུས་པར་མི་འཛིན་པ།

བཅུ་གཅིག་པ། ཐོས་བསམ་སྒོམ་གསུམ་བཤད་པ། ༡ སློབ་སྦྱོང་བྱེད་ཐབས་ཀྱི་ཁྱད་ཆོས་འཚོལ་དཔྱོད།

སློབ་ཁྲིད་བྱེད་པའི་དགོས་པ་ལྔ་བསྟན་ཞིང་དགོས་པ་ལྔ་བོ་དེའང་ཤ ེས་རབ་ཀྱི་ཆེད་

དུ་ཡིན་ཕྱིར་ཤ ེས་རབ་གསུམ་དུ་བསྡུ་ཚུལ་བཅས་བསྟན་ཡོད་པ་ལས། ༡) ཐོས་པ་ མཉན་པར་བྱ་བ། ༢) ཐོས་པ་རྣམ་པར་བྱང་བར་བྱ་བ། ༣) སོམ་ཉི་སྤང་བར་བྱ་བ།

༤) ལྟ་བ་དྲང་པོར་བྱ་བ། ༥) ཚིག་དང་དོན་ཟབ་མོ་ཤེས་རབ་ཀྱིས་རྟོགས་པར་བྱ་ བ་བཅས་ཡིན་ཞིང་། དེའང་ཤེས་རབ་གསུམ་དུ་བསྡུ་ཚུལ་ལ། “བཅོམ་ལྡན་འདས་

ཀྱིས་རྣམ་པ་དེ་དག་གིས་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤ ེས་

རབ་རྣམ་པར་བྱང་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ།” ཞེས་གསུངས་པ་ 231

ལྟར། ༡) མ་ཐོས་པ་ཉན་པ་དང་ཐོས་པ་བྱང་བས་ནི། ཐོས་བྱུང་གི་ཤ ེས་རབ་སྐྱེས་

པ་དང༌། ༢) སོམ་ཉི་སྤང་བ་དང་ལྟ་བ་དྲང་པོར་བྱེད་པས། བསམ་པ་ལས་བྱུང་བའི་ ཤེས་རབ་སྐྱེས་པ་དང༌། །༣) དོན་དང་ཚིག་ཟབ་མོ་ཤེས་རབ་ཀྱིས་རྟོགས་པས། སྒོམ་བྱུང་གི་ཤ ེས་རབ་སྐྱེས་པའོ། ། 231 <<བསྟན་འགྱུར།>>

སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། ཤོག་ངོས༡༥༦། འཕགས་པ་

ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་

ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 407

སྲོལ་རྒྱུན་དགོན་སྡེའི་སློབ་སྦྱོང་གི་ངོས་ནས་བལྟས་ན་ཁྲིད་ཀྱི་གོ་རིམ་ངེས་

ཅན་ཞིག་སྟེ་དགེ་རྒན་གྱིས་ཁྲིད་གསུམ་བསྐྱངས་པའི་འབྲས་བུ་ལྟ་བུ་ནི་སློབ་མའི་

སྦྱོང་ཞེས་པ་དེ་ཡིན། དེའང་རྣམ་བཤད་རིག་པར“དད་པ་ཙམ་ནི་པགས་པ་ལྟ་བུ་དེ་ སྲབ་པའི་ཕྱིར་དང༌། བརྩོན་འགྲུས་ནི་ཤ་ལྟ་བུ་ཡིན་ཏེ། རྟག་ཏུ་རྩོམ་པས་སྡུག་པའི་

ཕྱིར་རོ། །དྲན་པ་ནི་རྒྱུས་པ་ལྟ་བུ་ཡིན་ཏེ། ཐོས་པ་དང་བསམ་པའི་དོན་འབྲེལ་བའི་

ཕྱིར་རོ། །ཏིང་ངེ་འཛིན་ནི་རུས་པ་ལྟ་བུ་ཡིན་ཏེ། རྟོག་པ་ངན་པས་ཕྱེད་པར་དཀའ་ བའི་ཕྱིར་རོ། །ཤེས་རབ་ནི་རྐང་ལྟ་བུ་ཡིན་ཏེ། མཉམ་པར་བཞག” ཅེས་པ་ལྟར་ 232

སློབ་ཁྲིད་བྱེད་པའི་དགེ་རྒན་དང་སློབ་སྦྱོང་བྱེད་པའི་སློབ་མ་གཉིས་ནས། གང་གསོ་

སྐྱོང་བྱ་བ་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། སེམས་རྣམ་པར་བརྟན་

པ་དང༌། ཤེས་རབ་རྣམས་ཡིན་ཞིང་དེ་དག་འབྲལ་ཐབས་བྲལ་བའི་མི་གཟུགས་ཀྱི་

སྒྲོམ་གཞི་ལྟ་བུ་ཞིག་ཡིན། དེ་ལས་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གལ་ཆེ་བའི་ གནས་ལུགས་བསྟན་ཏེ་མཐར་ཐུག་ཤེས་རབ་གོང་དུ་སྤེལ་དགོས་པར་བསྟན་ཡོད།

དེ་བས་གཙོ་ཁྲིད་དང་གཙོ་སྦྱོང་ནི་ཕན་ཚུན་ལྟོས་བཅས་རྟེན་འབྱུང་གི་ངོ་

བོར་གནས་ཤ ིང༌། གོང་དུ་ཁྲིད་ཀྱི་གོ་རིམ་དང་ངོ་བོ་རགས་ཙམ་བཤད་ཟིན་ན་ད་ ནི་སྦྱོང་སྟེ་སློབ་མའི་གཙོ་སྦྱོང་གི་ཕྱོགས་ནས་ཅུང་ཟད་ཅིག་གླེང་བར་བྱ་ཡི། སློབ་

ཅེས་པ་ནི་སྲོལ་རྒྱུན་གྱི་གཞུང་དཔེ་དག་ན་མཐོང་དུ་ཡོ ད་པའི་ ཐོ ས ་བསམ་སྒོ མ ་ གསུམ་ཞེས་པའི་དེ་འདྲའི་ནང་དོན་མི་འདྲ་བའི་ཚན་པ་གསུམ་སམ་གསོ་སྐྱོང་ བྱེ ད ་ཐབས་མི ་འདྲ་བ་གསུམ་དུ་བསྡུས་ཡོ ད། དེའི ་ འབྲས་བུའམ་ཁྱད་ཡོན ་གྱི་

ངོས་ནས་དཔྱད་པའི་གསུངས་ཚུལ་དང་འདོད་ཚུལ་མི་འདྲ་བ་ཡོད་དེ། “དང་པོ་

232 <<བསྟན་འགྱུར།>>

སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། ཤོག་ངོས༨༦། འཕགས་པ་

ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་

ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།


408 ཉམས་ཞིབ་དེབ་ཕྲེང་། ༡

ཐོས་པའི་ཤེས་རབ་སྦྱངས། །མིང་ལ་དམིགས་པའི་རྙེད་པ་དང༌། །བར་དུ་བསམ་ པའི་ཤ ེས་རབ་ཀྱིས། །མིང་དོན་ཡོངས་སུ་འབྲེལ་བ་དང༌། །” ཞེས་དང༌། “ཐོས་ 233

སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །” ཞེས་ 234

པའི་གསུངས་ཚུལ་ཡོད་ཀྱང་འདིར་རེ་ཞིག་བཞག་སྟེ་ཐོས་བསམ་སྒོམ་གསུམ་གྱི་

སློབ་སྦྱོང་བྱེད་ཐབས་མདོར་བསྡུས་ཏེ་དཔེའི་སྒོ་ནས་བལྟས་ན“རྒྱུ་གསུམ་གྱིས་ སྤགས་པ་ལ་ལས་སུ་རུང་བར་འགྱུར་ཏེ་ཡབ་སྐུད་པ་དང༌། སྲོད་པ་དང༌། ཉེད་པ་

རྣམས་ཀྱིས་སོ། །དཔེ་དེ་བཞིན་དུ་བསམ་ཡང་ཐོས་པ་དང༌། བསམ་པ་དང༌། སྒོམ་

པ་རྣམས་ཀྱིས་ལས་སུ་རུང་བར་བྱེད་པས།” ཞེས་འབྱུང་བ་བཞིན་སྦྱོང་ཐབས་ 235

འདི་གསུམ་ནི་བྱེད་ཐབས་གལ་ཆེ་བ་གསུམ་ཡིན་ལ། རྗེ་ཙོང་ཁ་པའི་བྱང་ཆུབ་

ལམ་རིམ་ཆེན་མོར། མཁས་པ་བསྟེན་ནས་ནུས་པ་དང་བསྟུན་པའི་ཐོས་པ་རེ་བྱ་

དགོས་ཏེ། དེ་མེད་ན་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་ རབ་མི་སྐྱེ་ལ། དེ་ལྟ་ན་ཅི་ཞིག་སྒོམ་པ་མི་ཤེས་པའི་ཕྱིར་དང༌། ཐོས་པ་བྱས་ན་

དེའི་དོན་བསམས་པས་བསམ་བྱུང་གི་ཤེས་རབ་སྐྱེ་ལ། དེ་ལས་སྒོམ་བྱུང་གི་ཤ ེས་ རབ་ཡངས་པ་འབྱུང་བའི་ཕྱིར་རོ་ཞེས་པ་བཞིན་སློབ་སྦྱོང་གི་རིམ་པ་འདི་གསུམ་

བརྒྱུད་དེ་དེ་གསུམ་ལ་དམིགས་པའི་ཤེས་རབ་སྐྱེས་པར་འགྱུར་བ་ནི་དངོས་འཚོལ་

ཚན་རིག་གིས་ར་སྤྲོད་བྱེད་མི་དགོས་པར་མངོན་སུམ་གྱི་ཆོས་ཉིད་ཅིག་ཡིན་ཞིང་ གཤམ་ནས་རེ་རེ་བཞིན་བལྟས་ན། 233 བོན

<<བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།>> ཤོག་ངོས༣༨། སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའ ི་

235 བོན

<<བསྟན་འབྱུང་དར་རྒྱས་གསལ་སྒྲོན།>> ཤོག་ངོས༣༧། སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའ ི་བོད་ཀྱི་

བོད་ཀྱི་ཤེས་རིག་དཔེ་སྐྲུན།

234 <<མངོན་པ་མཛོད།>>

ཤོག་ངོས༢༡༧། སློབ་དཔོན་དབྱིག་གཉེན། ཝཱ་ཎཱ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང༌།

ཤེས་རིག་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 409

༢ ཐོས་བྱུང་གི་སློབ་སྦྱོང༌། ཐོས་སྟོབས་ཀྱི་ནུས་པ་གསོ་སྐྱོང་བྱེད་ཐབས།

ཐོས་པ་ལ་དབྱེ་ན། ཚིག་ཉན་པ་དང༌། དོན་ཉན་པ་གཉིས་སུ་སྣང་བའི། ༡) ཚིག་ཉན་ པ་ནི་ཚིག་གི་སྒྲུབ་ལུགས་སོགས་ལ་མ་རྨོངས་པར་ཉན་པ་དང༌། ༢) དོན་ལ་ཉན་པ་ ནི་གཏན་ཚིགས་དང་མི་འགལ་བའི་གཞུང་ངམ་བསླབ་བྱའི་དོན་ལ་ཉན་པའོ། །

ཐོས་པ་ནི་ཉན་པའི་དོན་ཡིན་ལ་ཉན་པའང་སྒྲ་ཙམ་ལ་ཉན་པ་མ་ཡིན་པར་

དགེ་རྒན་གྱི་འཆད་ཁྲིད་བྱེད་པའི་ངག་ལ་ཉན་པའི་དོན་ཡིན་ཞིང་གོ་རིམ་གྱི་ངོས་

ནས་སྦྱོང་ཐབས་རིམ་པ་དང་པོ་དེ་ཡིན་ཞེས་བཤད་ཆོག དེ་ན་འདིར་འཆད་ཉན་ ཞེས་པའི་དགེ་སློབ་ཐུན་མོང་གི་སློབ་ཁྲིད་བྱ་འགུལ་ཞིག་གི་མིང་དུ་གྱུར་པའི་ཐོས་

པ་ཞེས་པ་ཉན་པ་ཙམ་ལ་མི་གོ་བར་བསླབ་བྱ་གང་དང་ཁྲིད་ཚན་གང་ཞིག ཉན་པ་ དང༌། འཛིན་པ། སྐྱོར་སྦྱོང་བྱེད་པ། བཤར་སྦྱང་བྱེད་པ། དྲི་བ། བརྟག་པ། དོགས་

སློང་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྦྱང་བྱ་གང་ཞིག་ཤ ེས་པར་བྱ་བའི་གོ་

རིམ་ཞིག་གི་དོན་དུ་ངེས། བྱེད་ཐབས་འདི་ནི་དགེ་རྒན་དང་སློབ་མ་གཉིས་ལས་ གཙོ་བོ་སློབ་མའི་ངོས་ནས་དང༌། གཙོ་སྦྱོང་གི་ངོས་ནས་བཤད་ན་སྦྱོང་ཐབས་རིམ་ པ་དང་པོ་ཡིན། སློབ་ཁྲིད་དངོས་གཞིའི་སྐབས་སུ་བསླབ་བྱ་དང་དགེ་རྒན། སློབ་

མ་བཅས་ཀྱི་སློབ་ཁྲིད་དང་སློབ་སྦྱོང་གི་འབྲེལ་བ་བརྒྱུད་དེ་གནད་དོན་གང་ཞིག་ རྟོགས་པར་བྱ་བའི་དོན་ཡིན་ནོ། །

ཐོས་པའི་དམིགས་ཚད་ལའང་ཚད་གཞི་ཞིག་ཡོད་པ་ནི་ཐོས་བྱུང་གི་ཤ ེས་

རབ་ཀྱི་ཆ་ནས་འཇོག་སྟེ། དེའི་དོན་ནི་བསླབ་བྱའི་གཞུང་ངམ་སློབ་ཚན་དེ་དགེ་ རྒན་བསྟེན་པའམ་གཞན་གྱི་འཆད་ཁྲིད་ལ་ཉན་ཏེ་དེའི་དོན་ཡིད་ལ་ངེས་པར་བྱས་

པའི་ཤ ེས་རབ་བམ་ཤེས་བྱ་བརྒྱུད་སྤྲོད་ལས་བྱུང་བའི་རྟོགས་ཚད་ཅིག་ཡིན་ཏེ། རྗེ་


410 ཉམས་ཞིབ་དེབ་ཕྲེང་། ༡

བློ་གྲོས་རྒྱལ་མཚན་གྱིས། “སྔོན་ཆད་བློ་ཡུལ་མ་བྱུང་བའི། །ཆོས་གང་ཐོས་ནས་

བློར་བཟུང་བ། །དེ་ལ་ཐོས་པ་ཤེས་བྱར་བཤད། །རྣ་བར་ཐོས་ཀྱང་བློར་མ་བཟུང༌།།

དེ་ལ་ཐོས་པའི་མིང་མི་འབྱུང༌། །” ཞེས་ཀྱང་འབྱུང་བ་ལྟར་ཐོས་པའི་དོན་ལ་གོ་བ་ 236

ངེས་ཅན་ཞིག་སྐྱེས་པར་གཙོ་བོ་སློབ་མས་སྒྲ་དོན་འཛིན་པ་དང༌། གཞན་རྒྱུད་ཀྱི་གོ་

བ་རྙེད་པ། ཤེས་བྱ་གསོག་པ། གནད་དོན་གསར་པར་འཇུག་པ། སྒྲ་དོན་ལ་བརྟེན་

ནས་གནས་ལུགས་འཚོལ་ཞིབ། བརྗེ་རེས་ཀྱི་སྤུས་ཚད། ཚུར་ལེན་གྱི་སྤུས་ཚད། གཞན་རྒྱུད་ཀྱི་མྱོང་རྟོགས་ལ་བརྟེན་པ། ཚིག་དོན་ལ་ངེས་ཤེས་འདྲོངས་པ། བསམ་

བྱུང་གི་ཤ ེས་རབ་སྟེ་བསམ་གཞིགས་ཀྱི་མིང་གཞི་དག་སྒྲིག་གི་སྤུས་ཚད་བཅས་ སློབ་མའི་སྤུས་ཚད་མང་པོ་ཞིག་གསོ་སྐྱོང་བྱས་ཏེ་ཚད་གཞི་ཅན་གྱི་ནུས་ལྡན་མི་ སྣ་སྐྱེད་སྲིང་བྱ་ཐབས་ཤིག་ཡིན་ཕྱིར། ཁྲིད་སྦྱོང་བྱེད་ཐབས་འདི་ལ་བརྟེན་ནས་ལོ་

ངོ་སྟོང་ཕྲག་ལྷག་གི་བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་སློབ་སྦྱོང་གི་ཁྲོད་དུ་འཇོན་ཐང་ ཅན་གྱི་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། དེ་འདྲའི་ཐོས་པའི་སློབ་སྦྱོང་སྤུས་ཚད་

ལྡན་པ་ཡོང་བ་ལ་དགེ་རྒན་གྱི་ཁྲིད་དང་འབྲེལ་བ་ཐད་ཀར་དུ་ཡོད་པས་སློབ་མའི་ ཁམས་དང་མོས་པ་བཞིན་འཆད་ཐབས་ཀྱི་སྤུས་ཚད་དང༌། མ་རྟོགས་ལོག་རྟོག་གི་

སྐྱོན་དང་བྲལ་བའི་ཤ ེས་བྱའི་སྤུས་ཚད་བརྒྱུད་སྤྲོད་དང༌། བརྗེ་རེས་ཀྱི་སྤུས་ཚད་ མཐོར་འདེགས་བྱེད་པ་གནད་དུ་ཆེ།

236

<<བོད་མིའི་ཚེ་སྲོག་གླེང་བའི་ལྷག་བསམ།>> ཤོག་ངོས༢༡། མུན་འཇོམས་སྒྲོན་མེ་དཔེ་ཚོགས། དྷིཿཚ་མུན་

འཇོམས་སྒྲོན་མེ། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 411

༣ བསམ་བྱུང་གི་སློབ་སྦྱོང༌། བསམ་གཞིགས་ནུས་པ་གསོ་སྐྱོང་བྱེད་ ཐབས།

བསམ་བྱུང་གི་སློབ་སྦྱོང་ངམ་བསམ་གཞིགས་སློབ་སྦྱོང་བྱེད་ཐབས་ནི་གཙོ་བོ་སློབ་

མའི་བསམ་གཞིགས་ནུས་ཚད་གསོ་སྐྱོང་བྱེད་ཐབས་ཤ ིག་ཡིན་པས། དེའང་སྲོལ་

རྒྱུན་སློབ་ཁྲིད་ཁྲོད་རྒྱུན་ལྡན་དུ་སྤྱོད་སྲོལ་ཡོད། དེ་ནི་དོན་གནད་གང་ཞིག་ལ་ངེས་ ཤེས་འདྲོངས་པའི་ཕྱིར་དུ་ཐོས་པའི་སློབ་སྦྱོང་སྐབས་ཀྱི་ཐོས་དོན་ལ་རིག་པ་བཞིའི་ སྒོ་ནས་བསམ་གཞིགས་བྱེད་སྟངས་ཀྱི་བསམ་གཞིགས་སྐྱེད་སྲིང་བྱེད་ཐབས་ཤ ིག་ སྟེ ་གོ་རིམ་གྱི་ངོས་ནས་སྦྱོང་ཐབས་ཀྱི་རིམ་པ་གཉིས་པ་ཡིན་ཞེས་བཤད་ཆོག

འདིར་བསམ་གཞིགས་བྱེད་ཐབས་ཀྱི་རིགས་བཞི་ཡོད་པ་ནི་གཤམ་གསལ་དག་ ཡིན་ཏེ།

༡) ལྟོས་པའི་རིགས་པ་ནི།----འབྲས་བུ་གང་འབྱུང་བ་ནི་དེའི་རྒྱུ་དང་རྐྱེན་ལ་ རྟེན་ཅིང་ལྟོས་ནས་གྲུབ་པ་རྟོགས་པའི་ལྟོས་གྲུབ་བསམ་གཞིགས་བྱེད་ཐབས་ ཤིག

༢) བྱ་བ་བྱེ ད ་པའི ་ རི ག ས་པ་ནི ། ----ཆོ ས ་ཡོ ད ་དོ ་ ཅོ ག ་གི ས ་རང་རང་གི ་

མཚན་ཉིད་དང༌། ནུས་ཚད། རྐྱེན་བཅས་ལ་བརྟེན་ནས་བྱ་དངོས་གང་དང་ གང་བསྐྱེད་པར་བྱེད་པའི་ཆོས་ཉིད་འཚོལ་ཞིབ་ཀྱི་བསམ་གཞིགས་བྱེད་ ཐབས་ཤ ིག

༣) འཐད་སྒྲུབ་ཀྱི་རིགས་པ་ནི།---- མངོན་སུམ་དང༌། རྗེས་དཔག ལུང་

གི་ཚད་མ་གསུམ་གྱི་སྒོ་ནས་ཆོས་རྣམས་ཀྱི་ཡིན་མིན་དང་། ཡོད་མེད།


412 ཉམས་ཞིབ་དེབ་ཕྲེང་། ༡

འགལ་འབྲེལ། འཕེལ་རིམ་སོགས་ཀྱི་ཆོས་ཉིད་ལ་བསམ་གཞིགས་བྱེད་ ཐབས་ཤ ིག

༤) ཆོས་ཉིད་ཀྱི་རིགས་པ་ནི།---- སྤྱིར་བཏང་གི་ཆོས་ཐམས་ཅད་ཀྱི་མི་ འདྲ་བའི་རང་མཚན་གྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་འཚོལ་དཔྱོད་བྱེད་པའི་ བསམ་གཞིགས་བྱེད་ཐབས་ཤིག

དེ་འདྲའི་རིག་པའམ་བྱེད་ཐབས་བཞི་ལ་བརྟེན་ནས་བསམ་གཞིགས་ནུས་པ་

གསོ་སྐྱོང་བྱེད་པའི་སློབ་སྦྱོང་གི་ཐབས་ལམ་འདི་ནི་བསླབ་རིམ་མཐོ་དམན་ལ་མ་

ལྟོས་པར་བསམ་གཞིགས་ནུས་པ་སྐྱེད་སྲིང་བྱེད་པ་ལ་ཚན་རིག་དང་མཐུན་པའི་ བྱེད་ཐབས་ཤ ིག་ཡིན། སྤྱིར་བཏང་མི་ཞིག་ཡིན་ཕྱིན་ཁོ་ལ་བསམ་གཞིགས་བྱེད་

པའི་ནུས་པ་དང་རེ་བ་ཡོད་པ་སྨོས་མ་དགོས། བསམ་གཞིགས་ཀྱི་ནུས་ཚད་མཐོ་ དམན་དེ་ནི་མི་སྐྱེས་པ་ནས་གཙོ་བོ་བསམ་བློ་གཏོང་པའི་ནུས་པ་སྣེ་ཁྲིད་བྱས་པ་

ལེགས་ཉེས་ཀྱིས་ཐག་གཅོད་བྱས་ཡོད་དེ་ཨེ་ཏི་སིན་གྱིས“གལ་ཏེ་ལོ་ན་ཕྲ་དུས་ བསམ་གཞིགས་གཏོང་རྒྱུ་མ་བསླབ་ན། མི་ཚེ་གང་བོར་བསམ་བློ་གཏོང་མི་ཤ ེས་

པ་ཡིན།” ཞེས་གསུངས་པ་ལྟར་གཞན་རྟོགས་ཙམ་མ་ཡིན་པར་བྱ་དངོས་ཡོད་ 237

ཚད་ལ་རང་རྟོགས་ཀྱི་གོ་བ་རྙེད་རྒྱུ་གལ་ཆེན་ཡིན་ཏེ་སློབ་མ་རྣམས་ལ་རང་རྟོགས་

ཀྱི་བསམ་གཞིགས་ནུས་པ་ཡོད་པར་གྱུར་པའི་ཚེ་ན། “བླུན་པོ་ཆུ་སྣ་གར་ཁྲིད”མ་

ཡིན་པར་ཁོ་ཚོས“དགེ་རྒན་གྱིས་དེ་གསུངས་བྱུང་ཞེས་དང༌། “མཁས་པ་ཆེ་གེ་

མོས་གསུངས་པའི་ཕྱིར”ལྟ་བུའི་རང་ཚབ་གཞན་གྱིས་བྱེད་པའི་འཁེན་སེམས་དེ་ འདོར་ཐུབ། གཞན་འཁེན་གྱི་བསམ་བློ་མ་དོར་བ་དེ་སྲིད་དུ་མི་སྤུས་ཚད་དང་ལྡན་

པ་ཞིག་ཏུ་འགྱུར་མི་ཐུབ་ཕྱིར་རང་རྟོགས་བསམ་གཞིགས་གསོ་སྐྱོང་བྱེད་པ་གནད་ 237

<<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> ཤོག་ངོས༧༨། གཅན་རོང་བསྟན་འཛིན། མཚོ་སྔོན་མི་རིགས་

དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 413

དུ་མཐོང་ལ། དེ་ཡོད་པས་མི་ཞིག་གིས་རང་ངོས་ནས་དྲི་བ་འདོན་པ་དང༌། དོགས་ སློང༌། འཚོལ་ཞིབ། དབྱེ་གཅོད། ཐག་གཅོད། ཚོད་ལྟ། བརྟག་དཔྱད་སོགས་བྱེད་

པའི་ནུས་སྤུས་མཐོར་འདེགས་བྱེད་ཐུབ། ལྡོག་ཕྱོགས་ཀྱི་ངེས་བརྟན་མེད་པ་དང༌། རང་ཚུགས་མི་ཐུབ་པ། རང་ཉིད་ལ་གདེང་སྤོབས་དང་ཡིད་ཆེས་མེད་པ་སོགས་ཀྱི་

སྐྱོན་དང་བྲལ་བར་བྱ་ནུས་པའི་ཕྱིར། སྲོལ་རྒྱུན་བསམ་བྱུང་ངམ་བསམ་གཞིགས་ སློབ་སྦྱོང་དེ་དགོན་སྡེ་ཁག་ཏུ་སྤྱོད་ཅིང་སློབ་ཁྲིད་སྐབས་སུ་གནད་ཟབ་མོའ ི་རིགས་

ལ་དགེ་སློབ་བར་དྲི་བ་འདོན་པ་དང༌། ལུང་རིགས་ཀྱི་བགྲོ་གླེང་བྱེད་སྲོལ་ཤ ིན་ཏུ་ དར་ཡོད་ཀྱང༌། མཐའ་མ་ཐག་གཅོད་མི་བྱེད་པར་སློབ་མའི་བརྟག་ཡུལ་དུ་བཞག་

སྟེ་ཆོས་ཚུལ་གཅོད་པའི་ཐག་ཆོད་མ་སྔ་ཞེས་མཐའ་སྡོམ་མི་རྒྱག་པ་དང༌། སློབ་

མར་ཁེར་རྐྱང་གིས་བསམ་གཞིགས་བྱེད་པ་དང༌། སློབ་མ་མང་པོས་མཉམ་དུ་ བསམ་གཞིགས་བྱེད་པ། སྔ་རྒོལ་དང་ཕྱི་རྒོལ་བྱས་ཏེ་རིགས་པའམ་གཏན་ཚིགས་ ལ་བརྟེན་ནས་རྩོད་པ་བརྒྱུད་དེ་བསམ་གཞིགས་བྱེད་པ་སོགས་ཀྱི་བྱ་ཐབས་མང་

པོ་སྤྱད་དེ། བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་ངམ་བསམ་བྱུང་གི་ཤེས་རབ་ སྟེ་ཐོས་དོན་གང་ཞིག་ལ་རང་རྟོགས་ཀྱི་རིག་པ་སྣ་ཚོགས་ཀྱིས་བརྟག་ཅིང་དཔྱད་

ནས་ངེ ས ་པ་རྙེ ད ་པའི ་ བློ ་ གྲོ ས ་སྐྱེ ས ་པར་བྱེ ད ། དེ ་ ལྟར་རླབས་ཆེ ་ བའི ་ བསམ་ གཞིགས་ཀྱི་སློབ་སྦྱོང་སྤེལ་བ་ལ་དགེ་རྒན་ནི་ངེས་པར་དུ། བསམ་བློ་གུ་ཡངས་

དང༌། བསམ་བློ་ཞིབ་ཚགས། བསམ་གཞིགས་སྣེ་ཁྲིད་ཀྱི་ནུས་པ་ཡོད་པ། ལྟ་བ་

སྒེར་གཅོད་ཅན་མིན་པ། མིའི་རིགས་ཀྱི་བསམ་བློའ་ི ནུས་པའི་རིན་ཐང་རྟོགས་

པ༑ ཤེས་ཡོན་གྱི་ཆོས་ཉིད་ལ་རྒྱུས་མངའ་ཡོད་པ། ལུང་ལས་རིགས་པ་གཙོ་བོར་ བྱེད་པ་ཞིག་དགོས་པར་གདོན་མི་ཟ་བས་སྲོལ་རྒྱུན་ཤེས་ཡོན་ལས་དགེ་རྒན་ཡོད་

ཚད་དེ་འདྲའི་ཆ་རྐྱེན་འཛོམས་པོ་རེད་ཅེས་བཤད་དཀའ་ནའང་། དགོན་སྡེ་ཤ ེས་


414 ཉམས་ཞིབ་དེབ་ཕྲེང་། ༡

ཡོན་ཁྲོད་དུ་དགེ་རྒན་དང་ལྟ་ཚུལ་ཐ་དད་པ་དང་། འཆད་ཐབས་ཐ་དད་པ་སོགས་

དཔེ་འཇོག་འོས་པ་མང་པོ་ཡོད་དེ། དཔེར་ན། རྗེ་ཙོང་ཁ་པས་ཉ་དབོན་ཀུན་དགའ་ དཔལ་བ་ལས་ཕར་ཕྱིན་ལན་མང་གསན་ཡང་ལེགས་བཤད་གསེར་ཕྲེང་གི་ནང་

དུ་ཉ་དབོན་ཀུན་དགའ་དཔལ་བའི་ལྟ་ཚུལ་ཕྱོགས་སྔར་བཀོད་ཡོད་པ་དང་། གུང་

རི་རྒྱལ་མཚན་བཟང་པོ་རྗེ་རིན་པོ་ཆེའི་སློབ་མ་ཡིན་ཡང་ལྟ་བའི་ཆ་ནས་རྗེ་དང་མི་ མཐུན་པར་མ་ཡིན་དགག་འདོད་པ་ལས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིག་ཆ་

བྱུང་བའི་བརྩམས་ཆོས་དང་ལོ་རྒྱུས་སོགས་ཀྱི་བདེན་དཔང་ཡོད་པ་དང་། ཡང་ལོ་ རྒྱུས་དངོས་མ་མཐོང་ཡང་སེ་ར་དགོན་པའི་གསུང་རྒྱུན་ཞིག་ལ་སེ་ར་རྗེ་བཙུན་པར་

སློབ་མ་རང་ལས་མཁས་པ་ལྔ་བྱུང་བ་ལས་ཕར་ཕྱིན་རང་ལས་མཁས་པ(ཕར་ཕྱིན་རང་

ལས་མཁས་པའི་སློབ་མ་ཁྱུང་ཕྲུག་བྱམས་པ་དར་རྒྱས་ཡིན་པ་ལས་མཁས་གྲུབ་བསྟན་པ་དར་རྒྱས་མིན་པའི་གསུང་

ཚུལ་ཡང་ཡོད་པས་མཁས་པ་རྣམས་ཀྱིས་དཔྱད་པའི་གནས་སོ། །)

མཁས་གྲུབ་བསྟན་དར་བར་རྗེ་

བཙུན་པས་བསམ་བཞིན་དུ་ཕར་ཕྱིན་ཐད་དགེ་རྒན་གྱི་ལྟ་ཚུལ་དང་མི་མཐུན་པའི་

བརྩམས་ཆོས་ཤ ིག་རྩོམ་སྐུལ་གནང་བས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡིག་ ཆ་དང་མི་མཐུན་པའི་སེར་སྨད་ཐོས་བསམ་གླིང་གི་ཡིག་ཆ་བྱུང་བ་ལྟ་བུ། རིགས་

པ་གཙོ་བོར་བཟུང་སྟེ་བདེན་པར་སྨྲ་ན་དགེ་རྒན་གྱིས་ཅི་གསུངས་དད་པས་རྗེས་ འབྲང་མི་བྱེད་པའི་ལུགས་སྲོལ་བཟང་པོའ་ི དཔེ་འཇོག་མང་དུ་ཡོད་པར་གཞིག་ན།

སྔོན་དུས་གདན་ས་གསུམ་དུ་ཤེས་ཡོན་གྱི་ངོས་ནས་གུ་ཡངས་ཤ ེས་ཡོན་ཞིག་དང་ བསམ་གཞིགས་རང་དབང་གི་ཤེས་ཡོན་གྱི་སྣང་ཚུལ་གང་ལ་གང་འཚམས་ཡོད་པ་ མཐོང་ཐུབ་བོ། །


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 415

༤ སྒོམ་བྱུང་གི་སློབ་སྦྱོང༌། ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་ཐབས།

དེ་ནི་དངོས་མྱོང་གང་ཞིག་གོམས་འདྲིས་སུ་ཐེབས་པར་བྱེད་པ་སྟེ་གནས་ལུགས་ དང་གནད་དོན་གང་ཞིག་དཔྱད་སྟོབས་ཀྱིས་ངེས་པ་རྙེད་པ་ན། དེ་ལ་ཡང་དང་ཡང་ དུ་འདྲིས་པར་བྱས་ཏེ་རང་ལ་བདག་པར་བྱེད་པའི་སློབ་སྦྱོང་བྱེད་ཐབས་ཤ ིག་ཡིན།

འདི་ནི་བསམ་བྱུང་སྔོན་དུ་འགྲོ་དགོས་པའི་བྱེད་ཐབས་ཤ ིག་ཡིན་པས་སློབ་མའི་

གཙོ་སྦྱོང་གི་གོ་རིམ་གསུམ་པ་ཡིན་ལ་མཐའ་མའང་ཡིན་ཞེས་བཤད་ཆོག “དང་

པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ ཤར། །མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །” ཞེས་པ་ནས་བསྟན་པ་ 238

ལྟར་དང་པོ་ཐོས། དེ་ནས་བསམ། དེ་ནས་བསམ་པའི་བྱ་དངོས་གང་ཡིན་ཀྱང་བློ་ ལ་འདྲིས་པར་བྱས་པའི་བརྒྱུད་རིམ་ཁྲོད་དུ་གཞི་ནས་གོམས་གཤིས་ཞེས་པ་འབྱུང་ ཤིང༌། མིའི་རིགས་ཀྱི་རིག་གནས་བསམ་བློ་དང་འདུ་ཤ ེས་ནི་མང་གི་གོམས་སྲོལ་

ཀྱི་སྟེང་ནས་འཚོལ་བའི་གནས་ལུགས་ཀྱང་འདི་ལ་ཐུག་ཡོད། གོམས་འདྲིས་སུ་ སོང་བའི་བསླབ་བྱའི་གནས་གང་ཡིན་ཐམས་ཅད་དགེ་རྒན་དང་བསླབ་དེབ་ཏུ་ཡོད་

པ་ཙམ་མ་ཡིན་པར་རང་བདག་གི་ཤེས་ཡོན་དུ་འགྱུར་རྒྱུ་གལ་ཆེ་ལ་དེ་ལྟར་འགྱུར་ བ་ལ་སྒོམ་བྱུང་གི་སློབ་སྦྱོང་ལ་བརྟེན་དགོས་སོ། །

(ཡུལ་ཞིག་ལ་གོམས་འདྲིས་མེད་པ་དེ་ཙམ་གྱིས་ཡུལ་དེར་ཡིད་བྱེད་གཏོད་པར་ཆེད་དུ་འབད་བརྩོན་

ཤུགས་ཆེན་བྱེད་དགོས། ཡིན་ཡང་། སྦྱོང་བརྡར་བྱས་ནས་གོམས་འདྲིས་ཐོབ་ཚེ་ང་ཚོས་འབད་བརྩོན་ཤུགས་ཆེན་ བྱེད་མི་དགོས་ཏེ། ཐོག་མར་ཧ་ཅང་དཀའ་བའི་ལས་ཀ་ཞིག་ཡིན་ནའང་། གོམས་འདྲིས་ལ་བརྟེན་ནས་ཕྱིས་སུ་ལས་

ཀ་དེར་སྔར་བཞིན་འབད་བརྩོན་བྱེད་མི་དགོས་པ་ནི་ང་ཚོའི་སྒེར་གྱི་མྱོང་བ་ལས་གསལ། ནང་བའི་སེམས་ཁམས་ 238 <<ལམ་རིམ་བསྡུས་དོན།

དགེ་ལུགས་པའི་ཞལ་འདོན་ཕྱོགས་སྒྲིག>> རྟོགས་བརྗོད་འདུན་ལེགས་མ། ཤོག་

ངོས༡༦༦། རྗེ་ཙོང་ཁ་པས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།


416 ཉམས་ཞིབ་དེབ་ཕྲེང་། ༡

རིག་པའི་གོ་རྟོགས་གཞི་ལ་བཞག་ན། རྒྱུན་བསྲིངས་ཤིང་གོ་རིམ་ལྡན་པའི་སྒོ་ནས་ཡིད་བྱེད་ལ་གོམས་འདྲིས་བྱེད་

པར་དང་ཐོག་འབད་བརྩོན་བྱེད་དགོས་ཀྱང་། རིམ་གྱིས་དེ་ལ་གོམས་པའི་དབང་གིས་འབད་བརྩོན་ཉུང་ཉུང་ལས་

མི་དགོས། མཐའ་མར་འབད་བརྩོན་ཅི་ཡང་བྱེད་མི་དགོས་པར་རང་བཞིན་གྱིས་འབྱུང་།)

ཞེས༸་གོང་ས་

ཏཱ་ལའི་བླ་མས་བརྩམས་པའི་འཛམ་གླིང་ན་སྐད་གྲགས་ཆེ་བའི་དཔེ་དེབ<<རྡུལ་ ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན>>ཞེས་པར་གསུངས་ཡོད་པ་ནི་ངས་སྒོམ་

སྟོབས་ཀྱི་སློབ་སྦྱོང་འབྲི་བའི་རྒྱབ་ལྗོངས་ལྟ་བུ་ཡིན། འོ་ན་སྒོམ་པའི་སློབ་སྦྱོང་ལ་ 239

མིང་གི་རྣམ་གྲངས་ཀྱི་སྒོ་ནས་དཔྱད་སྒོམ་དང༌། འཇོག་སྒོམ། ཏིང་ངེ་འཛིན་གྱི་སྒོམ་

ཞེས་བྱ་ཞིང་སེམས་ཕྱི་རོལ་ཏུ་གཡེང་བ་ཞི་ནས་ནང་དུ་དམིགས་པར་རྩེ་གཅིག་ཏུ་

གནས་པས་ན་ཞི་གནས་ཞེས་བྱ་ཞིང༌། སེམས་རྩེ་གཅིག་ཏུ་གནས་པ་ཙམ་ནི་རྣམ་ པར་འབྱེད་པའི་ཤ ེས་རབ་ཀྱི་ཞིང་ས་ལྟ་བུ་དང༌། དཔེ་མར་མེའི་འོད་དང་ཡོལ་བ་

ལྟ་བུ་ཡིན་པས་ན་ཞི་ལྷག་ཟུང་འབྲེལ་ཞེས་བྱ་སྟེ། <སྒོམ་རིམ་བར་བ>ལས་ཀྱང༌།

“ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས། ནང་དུ་དམིགས་པ་ལ་རྒྱུན་དུ་རང་

གི་ངང་གིས་འཇུག་པ་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་གནས་པའི་ཚེ་དེ་ཁོ་ན་ ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ།”

240

ཞེས་གསུངས་པ་ལྟར་སློབ་སྦྱོང་དང་དཔྱད་གཞིག་བྱེད་པའི་སྐབས་སུ་སེམས་

རྩེ་གཅིག་པ་དང་སེམས་རྩེ་གཅིག་ཏུ་བཞག་ཀྱང་ལུས་སེམས་ལ་དཀའ་བ་མེད་པའི་

ཤིན་སྦྱངས་ཐོབ་པ་དང༌། དེའི་ངང་ནས་ཡུལ་གྱི་གནས་ལུགས་ལ་ཚུལ་བཞིན་དུ་སྤྱོད་

ནུས་པའི་རྒྱུ་མཚན་དང༌། དེ་ལྟར་དཔྱོད་པའི་ཚུལ་ཞི་གནས་དང་ལྷག་མཐོང་སྒོམ་

239 <<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>>ཤོག་ངོས༢༡༠། 240

བཟང་གིས་བསྒྱུར།

༸གོང་ས་ཏཱ་ལའི་བླ་མ། བསྟན་འཛིན་རིག་

<<ལམ་རིམ།>> ཤོག་ངོས་༤༦༨། རྗེ་ཙོང་ཁ་པས་མཛད། དགའ་ལྡན་ཤ ར་རྩེ་ཐོས་བསམ་ནོར་གླིང་གྲ་ཚང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 417

པའི་གོ་རིམ་དང་ཚད། ཇི་ལྟར་སྒོམ་ཚུལ། བར་དུ་གཅོད་བྱེད་སོགས་མཐའ་ཡས་པ་

གསུངས་ཡོད་དེ། ལམ་རིམ་དུ<འཕགས་པ་དགོངས་པ་ངེས་འགྲེལ>ཀྱི་ལུང་དྲངས་ པར”བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་ བའི་ཆོས་འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་

བུ་ཡིན་པར་རིག་པར་བྱའོ། །” ཞེས་གསུངས་པ་དེ་ཉིད་ཤེས་ཡོན་གྱི་རྣམ་གྲངས་

གང་ཡིན་ཀྱང་སྒོམ་བྱུང་ངམ་མྱོང་བ་དངོས་ཀྱི་སློབ་གསོར་ངེས་པར་བརྟེན་དགོས་ པའི་སྡོམ་ཚིག་ཡང་དག་ཅིག་ཡིན་ནོ། །

སྒོམ་གྱི་སློབ་སྦྱོང་གིས་སློབ་མའི་ལུས་སེམས་གང་འདོད་དུ་བཀོལ་བ་དང༌།

དཔྱད་གཞིག་གང་ཞིག་ཡུལ་གྱི་སྟེང་དུ་འཛུགས་པ་དང༌། ཡུལ་གང་ཡིན་གྱི་དཔྱད་ འབྲས་ལ་གོམས་པས་རང་གི་ཤེས་ཡོན་དུ་འགྱུར་བ། གནད་དོན་དང་བྱ་དངོས་ཆེ་

ཕྲ་ཀུན་ལ་དཔྱོད་པའི་ཚེ་བློ་སེམས་རྩེ་གཅིག་ཏུ་གནས་པ། རང་གི་ལུས་སེམས་

ལའང་ཞིབ་བཤེར་དང་ལུས་སེམས་བདེ་ཐང་གི་ནུས་པ་སྐྱེད་སྲིང་བྱེད་པར་ནུས་པ་ གལ་ཆེན་འདོན། སྒོམ་པའི་ཤེས་ཡོན་ནི་མདོར་ན་ལུས་སེམས་ཀྱི་བཅིང་བ་འགྲོལ་

བར་བྱེད་པའི་སློབ་སྦྱོང་ཞིག་དང༌། རྟོག་གཞིག་གསོ་སྐྱོང་བྱེད་པའི་སློབ་སྦྱོང་ཞིག མྱོང་རྟོགས་ལག་ཏུ་ལེན་པའི་ནུས་ཚད་གསོ་སྐྱོང་གི་སློབ་སྦྱོང་ཞིག་བཅས་ཡིན་

ཕྱིར་གོ་རིམ་འདི་བརྒྱུད་ན་ད་གཟོད་སྒོམ་བྱུང་གི་ཤེས་རབ་སྟེ་ལུས་སེམས་གང་

འདོད་དུ་བཀོལ་དུ་བཏུབ་ཅིང་རྩེ་གཅིག་ཏུ་ཡུལ་ལ་འཇུག་པའི་ལྷན་སྐྱེས་ཀྱི་སྤུས་

ཚད་བསྔོག་འདོན་བྱེད་ཀྱིན་ཡོད་ཕྱིར། རང་སྟོབས་ཀྱིས་ཤ ེས་བྱ་ཚུར་ལེན་བྱེད་ པའི་མི་བུ་གསོ་སྐྱོང་བྱེད་ཐུབ་ཅིང༌། ཐོས་བསམ་གྱིས་དབྱེ་ཞིབ་དང༌། ཐག་གཅོད་ བྱས་པའི་ཤ ེས་ཡོན་སྟེ་རང་གི་དོན་དངོས་ཀྱི་བསམ་བློའ ི་ནུས་རྩལ་ཞིག་ཏུ་གྱུར་ཏེ་

ལག་བསྟར་གྱི་རང་བཞིན་དང༌། དངོས་ཡོད་ཀྱི་རང་བཞིན། ལུས་སེམས་ཀྱི་ནུས་


418 ཉམས་ཞིབ་དེབ་ཕྲེང་། ༡

པ་བདེ་བླག་ངང་ཕྱིར་འདོན་དང་བསྒྱུར་བཀོལ་གྱི་རང་བཞིན་ལྡན་པ་མ་ཟད། བདེ་

ཐང་གསོ་སྐྱོང་བྱེད་པ་བཅས་ཀྱི་སློབ་སྦྱོང་གི་ཕྱོགས་དང་། སློབ་མའི་ངོས་ནས་ལྷན་

སྐྱེས་དང་སྦྱོང་སྟོབས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་བའི་བྱེད་ཐབས་ཤ ིག་ཡིན་ཕྱིར་ སྒོམ་མམ་དངོས་གོམས་གྱི་སློབ་སྦྱོང་ནི་སྲོལ་རྒྱུན་ཤེས་ཡོན་ཁྲོད་ཀྱི་གཙོ་ཤུགས་ ཤིག་ཡིན་ཞེས་བཤད་ཆོག་གོ།

བཅུ་གཉིས་པ། མཁས་པའི་བྱ་བ་རྣམ་གསུམ།

འཆད་རྩོད་རྩོམ་གསུམ། སྦྱངས་སྤུས་མངོན་འགྱུར་བྱེད་ཕྱོགས།

དེ་ཡང་འདིར་སྲོལ་རྒྱུན་ཤེས་ཡོན་རིག་པས་སྡོམ་ཚིག་བརྒྱབ་ཟིན་པའི་མཁས་ པའམ་འཇོན་ནུས་ཅན་གྱི་མི་བསྐྱེད་བསྲིང་བྱས་པའི་བཟོ་རྩལ་ལ་གདེང་འཇོག་

བྱེད་དུས། མཁས་པའི་བྱ་བ་རྣམ་གསུམ་མམ་འཆད་རྩོད་རྩོམ་གསུམ་གྱི་རྒྱུད་སྤུས་ མཐོ་དམན་གྱི་ངོས་ནས་བལྟ་དགོས་ན། སློབ་བུ་སྐྱོང་བའི་དམིགས་ཚད་ལེགས་ གྲུབ་བྱུང་མིན་ཡང་དེའི་ངོས་ནས་དཔྱད་ན་འོས།

༡ འཆད་པ་ལ་མཁས་པ།

དེ་ན་འཆད་པ་ཞེས་པ་ཇི་ལྟ་བུ་ཡིན་ཞེ་ན་གོང་ནས་སོང་ཟིན་ཀྱང་འདིར་དགོས་

པའི ་ དབང་གི ས ་བསྐྱར་དུ་མདོ ར ་བཤད་ཅི ག ་བྱས་ན། ཁྲི ད ་གསུམ་ལ་མཁས་ པ་དང༌། སློབ་མ་བརྟག་ཐབས་ལ་མཁས་པ། སློབ་ཁྲིད་ཀྱི་སྐྱོན་ཡོན་ཡང་དག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 419

པར་ངོས་ཟིན་པ། བརྩེ་བའི་བསམ་པས་སློབ་བུའི་ཡིད་སེམས་འགུགས་ནུས་ པ༑ སྐབས་དོན་དགོས་སོགས་ཀྱི་ཆོས་དང་འབྲེལ་ཐུབ་པ། ཚིག་དོན་ལེགས་ པར་འགྲེལ་བའི་སྡེབ་སྦྱོར་ལ་མཁས་པ་མ་ཟད། དགོངས་པ་དང་དགོངས་པ་མ་ ཡིན་པ་དང༌། དྲང་བའི་དོན་དང་ངེས་པའི་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་

མ་ཡིན་པ། གཞུང་ཆེན་མོ་བཤད་པའི་མཐའ་དྲུག་ཤེས་པ། སྐབས་དོན་འགལ་

མཚམས། དོ ན ་དང་དོ ན ་མ་ཡི ན ་པ་ལུང་རི ག ས་དཔེ ་ གསུམ་གྱིས ་བསྒྲུབ་པར་ མཁས་པ་སོགས་འཆད་པའི་སྐབས་སུ་བསྟན་པའི་ཡོན་ཏན་མཐའ་དག་མི་ལྡན་

ཡང་གལ་ཆེ་བའམ་གཙོ་བོ་དག་ལྡན་དགོས་ལ། ལྷག་པར་དུ་བརྩེ་བའི་སེམས་ པ་དང་སྒྲིག་ཁྲིམས་ལྡན་ཞིང་གནས་ལུགས་རྟོགས་པའི་མིག་དང་ལྡན་དགོས།

ད་དུང་སློབ་མའི་ཁམས་དང་མོས་པ་ཇི་ལྟ་བ་བཞིན་འཆད་པའི་ཐབས་དང་

ལྡན་དགོས་ཏེ། གོང་དུ་བཤད་པ་ལྟར་རྒྱུ་མཚན་དེ་བས་སངས་རྒྱས་ཀྱིས་ཆོས་

འཁོར་རིམ་པ་གསུམ་བསྐོར་དགོས་བྱུང་བར་ངེས། དེ་བཞིན་གྱི་ཡུལ་གྱི་དངོས་ ཡོད་དང་དུས་ཚོད་དང་སྤྱི་ཚོགས་ཁོར་ཡུག་གི་དངོས་ཡོད་མི་འདོར་བར་འཆད་

ལ་མཁས་པས་སློབ་མ་སྐར་ཚོགས་ལྟ་བུ་སྐྱོང་བའི་ལག་རྗེས་ཡོད་པ་དང་། གང་

ཞིག་སྐྱོང་བའི་སློབ་མ་དག་ཀྱང་དཔྱད་གཞིག་ལ་མཁས་པ་ཤ ་སྟག་བྱུང་ན་འཆད་ པར་མཁས་པ་ཡིན།

༢ རྩོད་པ་ལ་མཁས་པ།

རྩོ ད ་པ་དེ ་ བགྲོ ་ གླེ ང ་ལ་མཁས་པ་ནི། ཆགས་སྡང་གི་ དབང་གིས ་མ་ཡིན ་པར་ རང་དང་གཞན་གྱི ་ མ་རྟོ ག ས་པ་དང་ལོ ག ་པར་རྟོ ག ་པ་བཟློ ག ་ནུས་པ་དང༌།

གཞལ་བྱ་གསུམ་ལ་ཚད་མ་གསུམ་གྱི ས ་དཔྱོ ད ་པར་ནུས་པ་སྟེ ། རྒྱ་གར་གྱི ་


420 ཉམས་ཞིབ་དེབ་ཕྲེང་། ༡

སློབ་དཔོན་ཕྱོགས་གླང་དང་བོད་ཀྱི་ཞ་མ་སེང་རྒྱལ། རྔོག་བློ། ཆ་བ་ཆོས་སེང༌། རྗེ་ཡབ་སྲས་སོགས་ཀྱིས་གསར་གཏོད་དང་རྒྱུན་འཛིན་བཅས་གནང་བའི་ཚད་

མའི ་ གཞུང་གི ས ་དར་ཁྱབ་དང་འཐུས་ཚང་དུ་གཏོ ང ་བའི ་ བསྡུས་གྲྭའི ་ གཞུང་

དང༌། དབྱིབས་དང་ཁ་དོག ཡོད་རྟོགས་དང་མེད་རྟོགས། ཡིན་ལོག་དང་མིན་

ལོ ག ལྡོ ག ་པ་ངོ ས་འཛིན ། གཅིག ་དང་ཐ་དད། རྒྱུ་འབྲས་ཆུང་ངུ༌། ཡུལ་དང་ ཡུལ་ཅན། སྤྱི་དང་བྱེ་བྲག འགལ་འབྲེལ། མཚན་མཚོན། རྫས་ལྡོག་སོགས་ ཚན་པ་ཉེར་གཅིག་དང༌། བློ་རིགས་ལ། མངོན་སུམ་དང༌། རྗེས་དཔག བཅད་

ཤེ ས ། ཡི ད ་དཔྱོ ད ། སྣང་ལ་མ་ངེ ས ་པའི ་ བློ ། ཐེ ་ ཚོ མ ། ལོ ག ་ཤེ ས ་བཅས་བློ ་ རིག་བདུན། རྟགས་རིགས་ལ། ཡང་དག་དང་ལྟར་སྣང༌བཅས་རིགས་ཚན་སོ་ སོ ར ་ཕྱེ ་ བ་ལ་སྦྱོ ང ་ཞི ང ་དེ འི་ རིག ས་པའི་ འགྲོ ས ་ཀྱི་ རྩོ ད ་ཐབས་ལ་བྱང་ཆ་ལྡན་

པ༑ མངོན་སུམ་ཚད་མ་སྔོན་དུ་སོང་བ་ལས་རྗེས་དཔག་ཚད་མ་སྐྱེས་པ་དང༌། དེ་སྔོན་དུ་སོང་བས་ཤིན་ཏུ་ལྐོག་གྱུར་རྟོགས་པའི་རིགས་པའི་འགྲོས་ཁས་ལེན་ པ་དང༌། ཆོས་རྟགས་གསལ་གསུམ་བཅས་ཀྱི་སྒྲུབ་ངག་ལ་བརྟེན་ནས་དོགས་ པ་བཟློ ག ་པ་དང་མ་ཤེ ས ་པ་ཤེ ས ་པ་དང་མ་ངེ ས ་པ་ངེ ས ་པར་བྱེ ད ་པ། གཞན་

གྱི་ འདོ ད ་པ་འགོ ག ་པ་དང་རང་གི་ འདོ ད་པ་འཇོ ག ་པ་ལ་གཏན་ཚིགས་རིགས་ འདེ ད ་ཀྱི ་ ཆོ ས ་ཉི ད ་ལྟར་རྒོ ལ ་བ་ཚར་གཅོ ད ་ནུས་པ། རྒོ ལ ་བ་ལ་རང་གཞན་ གཉི ས ་ཡོ ད ་ལ་ཆེ ས ་གཙོ ་ བོ ་ ནི ་ ནང་བསྟན་མཚན་ཉི ད ་ཀྱི ་ བཀའ་བཏགས་དང་

མི་མཐུན་པའི་ལྟ་བ་ལས་ཁ་བསྒྱུར་བའི་གཏན་ཚིགས་སྒྲུབ་ངག་ལ་གློག་འཕྲུལ་ ལྟ་བུའི་ཟབ་གསལ་མྱུར་གསུམ་གྱི་རྣམ་རིག་ལྡན་ན་རྩོད་པ་ལ་མཁས་པ་ཡིན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 421

༣ རྩོམ་པ་ལ་མཁས་པ།

རྩོམ་པའི་ཀུན་སློང་དྲུག་སྟེ། ༡) དོན་ཞིག་ཀུན་ཏུ་རྒྱས་པར་བྱེད་པ་དང༌། ༢) སེམས་ཅན་ཁ་ཅིག་ལ་ཕན་ནོ་སྙམ་པ། ༣) དོན་དབྱེ་བར་དཀའ་བ་ཞིག་རྣམ་

པར་འབྱེད་པར་བྱེད་པ། ༤) ཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུ་བ། ༥) ཟབ་ མོ་རྣམས་གསལ་བར་བྱེད་པ། ༦) ཚིག་བཟང་བས་མཛེས་པར་བྱེད་པ་བཅས་ རྩོམ་པའི་ཀུན་སློང་དྲུག་དང་ལྡན་པ་དང༌། ༡) ང་རྒྱལ་མེད་པ་དང༌། ༢) རྨོངས་ པ་གསལ་བར་འདོད་པའི་སྙིང་རྗེ། ༣) དོན་དེ་གཞན་གྱིས་བདེ་བླག་ཏུ་ཤ ེས་པར་

འདོད་པའི་བྱམས་པ། ༤) ཆེ་བའི་ཡོན་ཏན་གྱིས་བདག་ཉིད་མི་སྒྲོག་པ་བཅས་

ཀྱི་ཡོན་ཏན་བཞི་དང་ལྡན་པའི་སྒོ་ནས་རྩོམ་པ་དང༌། རྩོམ་པའི་ཐོག་མའི་དགོས་ པ༑ ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པ་

ལྟར་ཐོག་མའི་དགོས་པ་དང༌། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལ་མཁས་ཤ ིང་བརྡ་ དག་གསལ་གསུམ་གྱི་སྐད་བརྡའི་གཞུང་དང༌། སྙན་གཞུང་ནས་བསྟན་པའི་སྡེབ་

སྦྱོར་ཚིག་མཛེས་ཀྱི་ཡོན་ཏན་ལྡན་ཞིང་བརྗོད་བྱ་དོན་ཉམས་པ་དང༌། དོན་འགལ་ བ་དང༌། དོན་གཅིག་ཡང་ཡང་བསྐྱར་བ། ཐེ་ཚོམ་མ་ཆོད་པ། རིམ་པ་འཁྲུག་པ།

སྒྲའི་སྦྱོར་ལུགས་ཉམས་པ་སོགས་ཀྱི་སྐྱོན་དང་བྲལ་ཞིང༌། རིན་པོ་ཆེ་གསུམ་ གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།

གཞུང་ལུགས་གདམས་པར་ཤར་བའི ་ཉམས་ལེ ན ་དང༌། །ཚི ག ་སྦྱོ ར ་ཚུལ་ལ་ མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཞེས་ གསུངས་པ་ལྟར་རྩོམ་པ་པོར་ཉམས་མྱོང་ཆེ་བས་བརྩམས་ཆོས་ཀྱི་རྒྱུ་ཆ་ཕུན་

སུམ་ཚོགས་པ་དང༌། དཔྱད་ཞིབ་ཀྱི་རིགས་ལམ་ཕྲ་ཞིབ་ཡིན་པས་ཤ ེས་རབ་ཀྱི་


422 ཉམས་ཞིབ་དེབ་ཕྲེང་། ༡

སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཏུ་གྱུར་པ་དང་། རང་མྱོང་མངོན་སུམ་ལྡན་པས་ལག་ ལེན་གྱི་གདམས་པར་གྱུར་པ། རྗོད་ཚིག་གི་མཛེས་པས་ཕྱུག་པའི་བརྩམས་ཆོས་

གང་དེ་ལུང་རིགས་ཀྱི་རྩོམ་སྐྱོན་དང་བྲལ་ལ་ཕ་རོལ་བོར་དོན་བདེ་བླག་ཏུ་སྟེར་ ཐུབ་པ། བརྗོད་བྱ་དོན་གྱི་ཆ་ནས་ཚད་མ་གསུམ་དང་མི་འགལ་བར་ཟབ་བརླིང་ གི་རང་བཞིན་ལྡན་པ་དང༌། སྦྱོར་དངོས་རྗེས་གསུམ་ཚང་ཞིང་དགོས་སོགས་ ཆོས་བཞི་དང་འབྲེལ་བ། དོན་ཟབ་པ་དང་དོན་དང་འབྲེལ་བ། དོན་གསལ་བ་

བཅས་ཀྱི ་ ཁྱད་ཆོ ས ་ཚང་བས་ལུང་རིག ས་གང་གིས ་ཀྱང་བཤིག ་མི་ ནུས་ཤིང་

གཞན་ཕན་གྱི་ཀུན་ནས་སློང་བའི་བདེན་བཞི་སྟོན་པའམ་དེའི་དོན་གསལ་བར་ བྱེད་པའི་ཡན་ལག་ཏུ་འགྲོ་བའི་བསྟན་བཅོས་ཏེ། དེའང་མདོར་ན་ནང་དོན་རིག་

པ་དང་དེ འི ་ ཡན་ལག་ཏུ་གྱུར་པའི ་ རི ག ་ཚན་དགུ་སྟེ ་ བཅུ་ཕྲག་རི ག ་གནས་ཀྱི ་ གཞུང་གང་རྩོམ་པར་ཐོགས་མེད་དུ་འཇུག་པས་མཁས་པའོ། །

དེ ང ་དུས་བོ ད ་ཀྱི ་ཤེ ས ་ཡོ ན ་པའི ་ ཁྲོ ད་དུ་དེ ་ སྔའི ་ བོ ད་ཀྱི་ དགོ ན ་སྡེ ་ འཆད་

རྩོ ད ་རྩོ མ ་གསུམ་གྱི ་ ལམ་ལུགས་ལ་ལྟ་ཚུལ་གཞན་ཡང་ཡོ ད ་པ་ནི ། འོག ་གི ་ མཆན་དུ་གསལ་བའི ་ ལྟ་ཚུལ་འདི ་ གཉི ས ་ཀྱི ས ་མཚོ ན ་ཐུབ། འོག ་གི ་ སྐད་ཆ་

འདི་གཉིས་ཀྱི་ནང་དོན་མདོར་བསྡུས་ན་གཅིག་ཡིན་ཏེ། ང་ཚོའི་དེ་སྔའི་འཆད་ རྩོད་རྩོམ་གསུམ་གྱི་ཁྲོད་དུ་བསམ་བློ་གསར་པ་དང་ལྟ་བ་གསར་པ་འདོན་ཐུབ་

མེད་པར། འཆད་རྩོད་རྩོམ་གསུམ་ལ་དཀྱེལ་ཡངས་ཀྱི་ལྟ་ཚུལ་མེད་པར་ཁ་ནང་

དུ་རུབ་ཡོད་ཅེས་པའི་དོན་ཡིན། འདི་འདྲའི་སྣང་ཚུལ་ཆོས་ལུགས་ལས་ལོགས་

སུ་འཚོ་གནས་ཀྱི་རིག་ཚན་གཞན་དག་ཏུ་མངོན་པ་ནི་ངེས་པར་འགྱུར་དགོས་

པ་ཞི ག ་ཡི ན ་པ་བདེ ན ་པར་འཁུམས་ཀྱང་། ཆོ ས ་ལུགས་ཤེ ས ་རི ག ་ལ་ཆོ ས ་

ལུགས་ཤེ ས ་རིག་གི་ཁྱད་ཆོ ས ་ཤིག ་ཡོ ད་པས་ནམ་ཡང་ཁུངས་ཤིག་དང་སྟོན ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 423

པ་ཞི ག ་ལ་གཏུགས་དགོ ས ་ཕྱི ར ་དེ ་ འདྲའི ་ ཆ་ཞི ག ་ནམ་ཡང་ཡོ ད་ངེ ས ་ཡིན ་ལ། དེ་ནི་དེའི་ཁྱད་ཆོས་ཀྱང་ཡིན་པས་ནོར་འཁྲུལ་ཞིག་ཏུ་བརྩི་དགོས་པའི་ངེས་པ་ མེད། ཕྱོགས་གཞན་ཞིག་ནས་བལྟས་ན་མཚན་ཉིད་རིག་པ་ཞེས་པ་ཚན་རིག་ གི་གསར་རྙེད་དང་འདྲ་བར་ཉི་མ་རེ་རེ་བཞིན་གསར་གཏོད་དང་འགྱུར་བ་འགྲོ་

བཞིན་པ་ཞིག་མིན་པ་ཤེས་དགོས་ཏེ། འདིའི་ཐད་སྔར་གྱི་མཚན་ཉིད་རིག་པའི་ མ་ལག་ཆགས་བཞི ན ་པའི ་ སྐབས་ཀྱི ་ གསར་རྙེ ད ་དག་ལུང་དྲངས་ཏེ ་ མ་ལག་

ཆགས་ཟི ན ་པའི ་ མཚན་ཉི ད ་རི ག ་པར་དེ ་ བཞི ན ་གྱི ་ ལྟ་ཞི བ ་བྱེ ད ་པ་ནི ་ ནོ ར ་བ་ ཡིན་པར་གོར་མ་ཆག ཚན་རིག་དང་མཚན་ཉིད་རིག་པའི་མི་འདྲ་སའི་གནད་ ཀྱང་གཅིག་ལ་གསར་གཏོད་མང་ཞིང་འགྱུར་བ་སྐྱེན་པ་དང་གཅིག་ཤ ོས་ནི་རྒྱུན་

ཞིག་གི་སྟེང་ནས་དལ་བོའ་ི ངང་ཡར་རྒྱས་འགྲོ་དགོས་པ་ཞིག་ཡིན་པ་སུས་ཀྱང་ བསྙོན་དུ་མེད་དོ། །

241*

241* <རིག་གནས་སྙིང་སྟོབས།> འཛིན་སྐྱོང་སྤེལ་གསུམ། ཤོག་ངོས༥༨ནས༥༩བར། ཉི་གཞོན། ཡུན་ “འཆད་རྩོད་རྩོམ་གསུམ་ནི་འུ་ཚོའི་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལམ་ ནན་མི་རིགས་དཔེ་སྐྲུན་ཁང་། གཙོབོ་ཡིན་ཙ་ན་འཆད་པ་ཡིས་སྔར་མ་བྱུང་ཡང་འདིར་བརྗོད་མེད་ཟེར་བ་རེད་ལ། དེ་ཡང་སྔར་གསུངས་གང་ ཡང“གསུང་གཅིག་ཉིད་དུ་གསུང་མོད་ཀྱང་། དུ་མ་ཉིད་དུ་སོ་སོར་གོ“བས་རྣམ་པ་ཐམས་ཅད་ནས་ཐམས་ཅད་ དུ་ཕྱིས་བཤད་མཁོ་བ་མིན་ཏེ། གསར་བཤད་ཅི་བྱུང་སྔོན་ཆད་དང་གཞི་མཐུན་འཚོལ་བ་རེད། དེ་དང་ཕྱོགས་ མཚུངས་སུ་རྩོད་པ་ཡིས་འདྲ་མཉམ་གྱི་གོ་སྐབས་ཤིག་སྟེར་བ་མིན་ཏེ། ཁྱོད་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་ ཅན་དུ་བརྩིས་ནས། ཐོག་མར་ལོག་སྨྲ་སྟེ་ཕྱིན་ཅི་ལོག་པའི་ལྟ་བ་ཅན་ནས་འགོ་རྩོམ་པ་རེད་ལ། གང་མི་མཐུན་ པའི་ཚུལ་ཙམ་འཛིན་ན་ནི“རྟོག་པ་འབུར་འཇོམས“སམ“འགོང་མགོ་འབུར་འཇོམས“བྱེད་སའི་ཡུལ་རེད། རྩོམ་གྱི་ཐད་དུའང་ལུང་རིགས་འགལ་མེད་གཅིག་གྲོགས་གཅིག་འཆར་གྱིས་བརྗོད་བྱ་རིགས་གཅིག་ལ་རྗོད་ བྱེད་རྣམ་པ་གཅིག་ལས་མ་འདས་པའི་འགྲེལ་པ་ཡང་འགྲེལ་གྱི་བརྩམས་ཆོས་རི་རབ་ཀྱི་གཏོས་དང་མཉམ་པ་ འདུག དེ་དག་ང་རྒྱལ་དང་གཟི་བརྗིད་དུ་རློམ།“ (ཁོང་ནི་རྩོད་གྲྭ་འགྲིམས་མྱོང་མེད་ཀྱང་བོད་ཀྱི་རིག་གནས་ལ་ སྤྱིའི་ཆ་ནས་ཕྱིར་དཔྱོད་བྱེད་མཁན་ཞིག་ཡིན།)

<ང་ཚོ་སད་རན།> ང་ཚོས་སུའི་ཆེད་དུ་སློབ་གཉེར་བྱེད་ཀྱིན་ཡོད། ཤོག་ངོས༡༥༨ནས༡༥༩བར། སྒོ་ཤ ེས་ རབ་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། “ང་ཚོས་སུའི་ཆེད་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་ཅེས་པའི་ནང་དུ་འདི་ལྟར་བཤད་ཡོད། གོ་ཐོས་ལ། རྩོད་པའི་ སྐབས་སུ་ཡིག་ཆ་ཁས་མ་བླངས་ཚེ། དམ་བཅའ་པ་ཁྲི་ལས་འདྲུད་རྩིས་བྱེད་ཀྱི་འདུག་ཟེར། སྐད་ཆ་དེས་ངའི་


424 ཉམས་ཞིབ་དེབ་ཕྲེང་། ༡

བཅུ་གསུམ་པ། ནང་བསྟན་རིག་གཞུང་ལས་ཤེས་ཡོན་རིག་པའི་དཔྱད་ ཐབས་ལྔ།

༡ རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ཤེས་ཡོན་རིག་པའི་དཔྱད་ཐབས།

ལོ་ངོ་སྟོང་ཕྲག་གཉིས་དང་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་ཤ ར་ཕྱོགས་མཚན་ཉིད་ རིག་པའི་རླབས་ཆེ ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས“རྟེ ན་ཅིང་

འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་དེ། འདི་ཡོད་པས་འདི་འབྱུང་ལ། འདི་

ཡིད་ལ་དབང་མེད་དུ་དྲི་བ་ཞིག་ཐོན་སོང་། མི་དེ་དག་གིས་ཡང་སྙིང་རང་ཉིད་ཀྱི་ཆེད་དུ་སློབ་གཉེར་བྱེད་ཀྱི་ ཡོད་དམ། ཡིག་ཆའི་ཆེད་དུ་སློབ་གཉེར་བྱེད་ཀྱི་ཡོད། ཅེས་དང་། ཡང་མི་དེ་རིགས་ཀྱི་སྔུན་ན། སྔོན་བྱོན་ མཁས་པ་ནི་རྒྱལ་པོ་གཏུམ་པོ་དག་དང་འདྲ་ཞིང་ལེགས་བཤད་བརྩམས་ཆོས་ཀྱང་བཀའ་ལུང་དྲག་པོ་དག་ དང་འདྲ་བའི་ཕྱིར། བརྩམས་ཆོས་དེ་དག་ཀློག་པའི་ཚེ་ན། རང་ཉིད་ནི་རྟག་ཏུ་རྒྱལ་པོ་དང་བཀའ་ལུང་གི་འོག་ ཏུ་འཇིགས་ཞུམ་མེར་བསྡད་དེ་ཁོ་ཚོས་ཅི་བཤད་འབའ་ཞིག་ལ་ཉན་པ་ལས། དབུགས་ཀྱི་རྒྱུ་བ་ལྷོད་པོ་ཞིག་ ཀྱང་གཏོང་ག་ལ་ཐུབ།“ (གོང་གི་སྐད་ཆ་འདི་བཤད་མཁན་ཁོང་ནི་རྩོད་གྲྭ་འགྲིམས་མྱོང་ལ་ད་ལྟའང་འགྲིམ་ བཞིན་པ་ཞིག་ཡིན་པས་སྐད་ཆ་འདི་ལ་ཕྱིར་དཔྱོད་དང་མྱོང་རྟོགས་གཉིས་ཀའི་ཆ་ཡོད་སྲིད།)


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 425

སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་ གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་ གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་

རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་ བའི་རྐྱེན་གྱིས་རྒ་ཤ ི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་

བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་ པས་འདུ་བྱེད་འགགས། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགགས།”

242

ཞེས་གསུངས་པས་ནང་བསྟན་མཚན་ཉིད་རིག་པའི་ནང་དུ་མི་ཚེའི་ལྟ་ཚུལ་ལ་རྟེན་ འབྲེལ་གྱི་ཆོས་ཉིད་གཞིར་བཞག་སྟེ་སྡོམ་ཚིག་བརྒྱབ་ཡོད། སྡོམ་ཚིག་དེའང་རྟེན་

ཅིང་འབྲེལ་བར་འབྱུང་བའི་བསམ་བློའ ི་ལྟ་ཚུལ་གཞིར་བཟུང་ནས་བརྒྱབ་པའི་སྡོམ་ ཚིག་ཅིག་ཡིན་ཞིང་སྡོམ་ཚིག་དེའི་ནང་དུ་མི་ཚེའི་གོ་རིམ་ལ་ཡན་ལག་བཅུ་གཉིས་

ཀྱི་སྒོ་ནས་ལྟ་སྟངས་བཟུང་ཡོད། ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་དང་། འདུ་

བྱེད། རྣམ་པར་ཤ ེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་ པ༑ ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་བཅས་ཡིན་ཞིང་། དེའང་འཕེན་པའི་ཡན་ལག་

དང་། འཕངས་པའི་ཡན་ལག མངོན་པར་འགྲུབ་པའི་ཡན་ལག མངོན་པར་གྲུབ་

པའི་ཡན་ལག་བཅས་ཆོས་ཉིད་མི་འདྲ་བ་བཞིའི་ནང་དུ་ཕྱོ གས་བསྡོ མ ས་བརྒྱབ་ ཡོད། ཚུལ་འདི་ཉིད་མི་ཚེའི་ལྟ་ཚུལ་ཞིག་ཏུ་བྱས་ཏེ་སྔོན་གྱི་སྐྱེས་བུ་དག་གིས་

ཉམས་ལེན་གྱི་གནད་དུ་བཟུང་བའི་ཚུལ་ལ། བྱང་ཆུབ་ལམ་རིམ་ཆེན་མོར། “འདི་ལ་

242

<<མདོ་ཚན་ལམ་སྒྲིག >> ཤཱཀྱ་ཐུབ་པ་དེབ་ཕྲེང་། ཤོག་ངོས༢༠། དགེ་བཤེས་ཐུབ་བསྟན་དཔལ་བཟང་གིས་

བསྒྲིགས། རྒྱ་གར་རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར།


426 ཉམས་ཞིབ་དེབ་ཕྲེང་། ༡

བཤེས་གཉེན་ཆེན་པོ་ཕུ་ཆུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་ གཉིས་པོ་ཉིད་ལ་བློ་སྦྱོང་མཛད་ཅིང་། ལམ་རིམ་ཡང་དེའི་ལྡོག་འཇུག་སེམས་པ་རང་

ལ་མཛད་དོ། །དེ་ཡང་ངན་འགྲོའ ི་ཡན་ལག་བཅུ་གཉིས་ཀྱི་ལྡོག་འཇུག་སེམས་པ་ནི་ སྐྱེས་བུ་ཆུང་ངུའི་སྐོར་ཡིན་ལ། དེ་ནས་བདེ་འགྲོ་གཉིས་ཀྱི་ཡན་ལག་བཅུ་གཉིས་

ཀྱི་ལྡོག་འཇུག་སེམས་པ་ནི་སྐྱེས་བུ་འབྲིང་གི་སྐོར་རོ། །དེ་ལྟར་རང་གི་ཉམས་ལ་ དཔགས་ནས་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཡན་ལག་བཅུ་གཉིས་ཀྱི་སྒོ་ ནས་འཁོར་བར་འཁྱམས་པ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་དེ། དེ་རྣམས་ཀྱི་དོན་

དུ་སངས་རྒྱས་ལ་ཐོབ་འདོད་སྦྱོང་བ་དང་དེའི་ལམ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའ་ི

སྐོར་དུ་འཆད་དོ། །” ཞེས་གསུངས་པ་ལྟར་རྟེན་འབྱུང་གི་ཆོས་ཉིད་ཀྱིས་གང་ 243

ཡོད་པས་གང་བྱུང་བ་དང་། གང་བྱུང་བས་གང་འདྲ་ཞིག་ཏུ་གྱུར་པའི་རྒྱུ་འབྲས་ཀྱི་ གོ་རིམ་ཆ་ཚང་བ་ཞིག་བསྟན་ཡོད། དེའང་རེ་རེ་བཞིན་ངོ་སྤྲོད་བྱས་ཏེ་ཤ ེས་ཡོན་ རིག་པར་སྦྱར་ན། མ་རིག་པ།

མ་རིག་པ་ནི་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་ལྟ་བའམ་རིག་

པའི་འགལ་ཟླ་བདག་ཏུ་འཛིན་པ་ལ་བྱ། ཤེས་ཡོན་རིག་པའི་ངོས་ནས་བལྟས་ན་ མ་རིག་པ་ནི་ཅི་ཞིག་ལ་ཤེས་ཡོན་ཟེར་བའི་ཆོས་ཉིད་མ་རྟོགས་པའམ་ནོར་འཁྲུལ་ ཅན་གྱི་ཤ ེས་ཡོན་ལྟ་གྲུབ་ལ་གོ་ཆོག་ཅིང་། རྩ་བའི་ལྟ་གྲུབ་ཀྱི་སྒྲོམ་གཞི་ཡང་དག་

པ་ཞིག་མེད་པའི་རྐྱེན་གྱིས་ཤེས་ཡོན་རིག་པའི་དཀའ་ངལ་མང་དག་ཅིག་འཕྲད་ བཞིན་ཡོད། 243

<<བྱང་ཆུབ་ལམ་རིམ་ཆེན་མོ།>> ཤོག་ངོས༢༥༦། རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།


འདུ་བྱེད།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 427

ངན་འགྲོར་འཕེན་པའི་བསོད་ནམས་མ་ཡིན་པའི་ལས་དང་། འདོད་ཁམས་

སུ་འཕེན་པའི་བསོད་ནམས་ཀྱི་ལས། ཁམས་གོང་མར་འཕེན་པའི་མི་གཡོ་བའི་

ལས་བཅས་བྱ་བ་བྱེད་པའི་དོན་ཅན་ནོ། །ཤེས་ཡོན་རིག་པའི་སྒོ་ནས་བལྟས་ན་ལྟ་

གྲུབ་ནོར་བའི་ཤ ེས་ཡོན་ལམ་ལུགས་ཀྱིས་མི་ཚེ་ལྟ་ཚུལ་ནོར་འཁྲུལ་ཅན་གྱི་མི་བུ་ སྐྱེད་སྲིང་བྱེད་པའི་ལས་སུ་འཇུག་པའི་དོན་ཅན་གྱི་ཆོས་ཉིད་ཅིག་གསལ་བཤད་ བྱས་ཡོད།

རྣམ་པར་ཤ ེས་པ།

ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་ཞིང་། དེའང་ལས་ཀྱི་བག་ཆགས་བསྒོས་པའི་

ཚེ་འདིའི་རྣམ་ཤེས་དང་། དེ་ལ་བརྟེན་ནས་མ་འོངས་པ་ན་ཉིང་མཚམས་སྦྱོར་བའི་

འབྲས་དུས་ཀྱི་རྣམ་ཤེས་ལ་བྱའོ། །ཤེས་ཡོན་རིག་པའི་སྒོ་ནས་གོ་བ་བླངས་ན་རྣམ་

པར་ཤ ེས་པ་ནི་མིའི་བསམ་བློ་ལ་བྱ་ཞིང་། བྱིས་པའི་སེམས་ཁམས་ནི་རས་དཀར་ པོ་ལྟར་དྭངས་གཙང་ཡིན་ཞིང་། ནོར་འཁྲུལ་ཅན་གྱི་ཤེས་ཡོན་སྤྲད་དེ་འདུ་བྱེད་པ་

ལ་བརྟེན་ནས་ནོར་འཁྲུལ་ཅན་གྱི་བསམ་བློ་གཏོང་ཚུལ་ཞིག་བྱུང་བ་དང་། དེའང་ འཛིན་གྲྭའི་འཕེལ་རིམ་ལྟར་འཕེལ་རྒྱས་སུ་འགྲོ་བའི་དོན་ཅན་ཞིག་གསལ་བཤད་ བྱས་ཡོད།

མིང་གཟུགས།

མིང་ནི་ཚོར་བ་དང་འདུ་བྱེད་དང་རྣམ་པར་ཤེས་པ་བཅས་གཟུགས་མེད་པའི་

ཕུང་པོ་རྣམས་དང་། གཟུགས་ནི་ཐོགས་རེག་ཅན་གྱི་ལུས་གཟུགས་ལ་གོ ཤེས་


428 ཉམས་ཞིབ་དེབ་ཕྲེང་། ༡

ཡོན་རིག་པའི་སྒོ་ནས་གོ་བ་བླངས་ན། བྱིས་པའི་ཚོར་བ་དང་རྣམ་པར་ཤེས་པ་ དང་ལུས་གཟུགས་སོགས་ངོ་བོ་གང་འདྲ་ཞིག་ཏུ་འཚར་ལོངས་འབྱུང་དུ་འཇུག་པ་ དང་། འཚར་ལོངས་ཀྱི་ཁོར་ཡུག་ཏུ་གྱུར་པའི་མིང་བརྡ་ཐ་སྙད་ཀྱི་བག་ཆགས་གང་ འདྲ་ཞིག་དང་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གང་འདྲ་ཞིག་ཡོད་ན། དེ་དང་ མཐུན་པའི་བྱིས་པ་ཞིག་འབྱུང་ངེས་པའི་ཆོས་ཉིད་གསལ་བཤད་བྱས་ཡོད། སྐྱེ་མཆེད་དྲུག

མིག་གི་སྐྱེ་མཆེད་དང་རྣའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་

ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་བཅས་སྐྱེ་མཆེད་དྲུག་རིམ་གྱིས་བྱུང་བའི་དོན་དུ་

ངེས་ཤ ིང་། ཤེས་ཡོན་རིག་པའི་སྒོ་ནས་གོ་བ་བླངས་ན། བྱིས་པར་བརྡ་དང་ཐ་སྙད་

ཀྱི་ཁོར་ཡུག་དང་། འཚོ་བའི་ཁོར་ཡུག་སོགས་ཀྱིས་འཚར་ལོངས་ཀྱི་གོ་རིམ་ཞིག་ གཏན་ཁེལ་བ། དེ་ལས་ཡུལ་འཛིན་པ་དང་འཛིན་སྟངས་ཀྱི་དབང་པོ་ལྔའི་བྱེད་ལས་ རྣམས་དེ་དང་མཐུན་པ་ཞིག་འབྱུང་བའི་དོན་ཅན་དུ་ལམ་སྟོན་གནང་ཡོད། རེག་པ།

དམིགས་པའི་ཡུལ་དང་དབང་པོ་དང་རྣམ་ཤེས་རྣམས་འདུས་པ་ལས་ཡུལ་

ཡིད་དུ་འོང་མི་འོང་བར་མ་གསུམ་གྱི་ཁྱད་པར་ཕྱེ་བའི་དོན་དུ་ངེས་ཤིང་། ཤེས་

ཡོན་རིག་པའི་སྒོ་ནས་གོ་བ་བླངས་ན། བསམ་བློ་གཏོང་ཚུལ་ཞིག་དང་ཡུལ་ལ་ དཔྱོད་ཚུལ་ཀྱི་མཛེས་རྟོག་བསམ་བློ་ཞིག་དང་། དབང་པོའ་ི བྱེད་ལས་བཅས་ལ་

བརྟེན་ནས་གཙང་བཙོག་བདེན་རྫུན་དང་། བཟང་ངན་གྱི་དབྱེ་བ་འབྱེད་བཞིན་ཡོད་ པས་ན་ཁོར་ཡུག་དང་བསམ་བློ། དབང་པོ་བཅས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐབས་ ལ་ལམ་སྟོན་གནང་སྟེ་སློབ་སྦྱོང་གི་ཁོར་ཡུག་ལེགས་པར་བསྐྲུན་དགོས།


ཚོར་བ།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 429

རེག་པས་བཟང་ངན་ཡག་བཙོག་དང་བདེན་རྫུན་སོགས་ཐག་བཅད་པ་བཞིན་

དུ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྐྱེས་པར་ངེས་ཤ ིང་། ཤེས་ཡོན་རིག་ པའི་སྒོ་ནས་བལྟས་ན་བྱིས་པའི་ཚོར་བ་མངོན་ཚུལ་དང་བསྟུན་ཏེ་འཚར་ལོངས་

ཀྱི་བརྒྱུད་རིམ་ཁྲོད་ནས་བསམ་བློའ་ི མཛེས་དཔྱོད་ལྟ་བ་འཛུགས་རྒྱུ་གཙོ་བོ་ཡིན་ ཞིང་། དེ་ལ་བརྟེན་ནས་ཚོར་བའང་དེ་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། དེ་ལས་ སེམས་ཁམས་ཀྱི་དགའ་བདེ་ཆགས་སྡང་གི་འགྱུར་བ་འབྱུང་བཞིན་པས། བྱིས་

པའི་ཚོར་བར་ཁ་ལོ་སྒྱུར་བྱེད་ཀྱི་མཛེས་དཔྱོད་ལྟ་ཚུལ་ཕུན་སུམ་ཚོགས་པ་ཞིག་ འཛུགས་དགོས་པར་ལམ་སྟོན་གནང་ཡོད། སྲེད་པ།

ཚོར་བ་བདེ་བ་དང་མི་འབྲལ་ཞིང་སྡུག་བསྔལ་དང་འབྲལ་བར་སྲེད་པ་ལ་

བྱ་བར་ངེས། ཤེས་ཡོན་རིག་པའི་སྒོ་ནས་གོ་བ་བླངས་ན། མཛེས་དཔྱོད་དང་རིན་

ཐང་ལྟ་ཚུལ་གྱི་བསམ་བློ་ཅི་འདྲ་ཞིག་བཙུགས་པ་ལ་བརྟེན་ནས་ཚོར་བ་དེ་འདྲ་ ཞིག་འབྱུང་བ་དང་། ཚོར་བ་དེ་འདྲ་ཞིག་འབྱུང་བ་ལ་བརྟེན་ནས་ཡུལ་ལ་ཆགས་པ་ འབྱུང་བས་བྱིས་པ་རྣམས་གང་ལེགས་པ་དང་གང་མི་ལེགས་པའི་རྗེས་སུ་ཆགས་

པ་ཞིག་ཡིན་ན། ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་ཤ ེས་རབ་ཀྱིས་ཆོག་ཏུ་ཤ ེས་

པ་དང་འཇུག་ལྡོག་གི་ཞེན་ཡུལ་ཤེས་པར་བྱ་དགོས་པའི་ཕྱོགས་ནས་ལམ་སྟོན་ གནང་ཡོད།


430 ཉམས་ཞིབ་དེབ་ཕྲེང་། ༡

ལེན་པ།

སྲེད་པའི་རྐྱེན་གྱིས་ལྟ་བ་ངན་པ་ཉེ་བར་ལེན་པ་ལ་བྱ་བར་ངེས། ཤེས་ཡོན་

རི ག ་པའི ་ སྒོ ་ ནས་གོ ་ བ་བླངས་ན། མཛེས ་དཔྱོ ད ་ཀྱི་ ལྟ་བ་འཛུགས་ཚུལ་ལས་

ལེགས་ཉེས་གདམ་པའི་བསམ་བློ་ཞིག་སྐྱེ་བ་དེ་ལས་བྱ་བར་དངོས་སུ་ཞུགས་ཏེ། འཇུག་ལྡོག་བྱེད་བཞིན་ཡོད་པས་ན་བྱ་བའི་འཇུག་ལྡོག་གི་ལེགས་ཉེས་ནི་མཐར་

ཐུག་ན་བསམ་བློ་གཏོང་ཚུལ་ཞིག་གིས་རྐྱེན་བྱས་ཏེ་བྱུང་བ་ཡིན་པས་དངོས་སུ་ བྱ་བར་མ་ཞུགས་གོང་ནས་དེའི་བླང་དོར་འབྱེད་པའི་རིགས་ལམ་ཞིག་དགོས་པར་ བསྟན་ཡོད། སྲིད་པ།

འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པ་སྲེད་ལེན་གྱིས་

གསོས་བཏབ་པས་ཡང་སྲིད་ཕྱི་མ་འདྲེན་པ་མཐུ་ཅན་དུ་གྱུར་པར་གོ་ཞིང་། ཤེས་

ཡོན་རིག་པའི་ངོས་ནས་གོ་བ་བླངས་ན། བྱིས་པ་རྣམས་ལ་ཤ ེས་ཡོན་སྤྲད་པ་ལ་ བརྟེན་ནས་བསམ་བློ་གཏོང་ཚུལ་ལ་ཤུགས་རྐྱེན་ཐེབས་ཤིང་། ཕྱིའི་འབྱུང་བསམ་བློ་ དང་སྤྱོད་ལམ། བྱ་བ་བཅས་དེ་འདྲ་བ་ཞིག་འབྱུང་ངེས་པར་ལམ་སྟོན་གནང་ཡོད། སྐྱེ་བ།

སྐྱེས་གནས་བཞི་བོར་ཉིང་མཚམས་སྦྱར་བ་ལ་གོ་བར་ངེས། ཤེས་ཡོན་

རིག་པའི་སྒོ་ནས་བལྟས་ན། སློབ་གྲྭ་ཆུང་བའི་བསམ་བློ་དང་ཀུན་སྤྱོད། ཤེས་རིག་

བཅས་ཀྱི་སློབ་སྦྱོང་ཅི་འདྲ་ཞིག་སྤྲད་ན་སློབ་འབྲིང་གི་གནས་ཚད་དེ་འདྲ་ཞིག་ འབྱུང་བ་དང་། སློབ་འབྲིང་གི་སློབ་སྦྱོང་ཅི་འདྲ་ཞིག་སྤྲད་པ་ལས་སློབ་ཆེན་གྱི་སྐྱེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 431

བའང་དེ་འདྲ་ཞིག་ལེན་པ་དང་། དེ་བས་སྤྱི་ཚོགས་ཀྱི་ནང་དུ་ཞུགས་པ་ནའང་ཤ ེས་

ཡོན་གྱི་ངོ་བོ་ཅི་འདྲ་ཞིག་གིས་གསོ་སྐྱོང་བྱས་པ་དེ་འདྲ་ཞིག་འབྱུང་ངེས་པར་ལམ་ སྟོན་གནང་ཡོད། རྒ་ཤ ི

རྒ་བ་ནི་ཕུང་པོ་ཡོངས་སུ་སྨིན་པ་དང་། ཤི་བ་ནི་ཕུང་པོའ་ི རུས་མཐུན་དོར་

བའི་དོན་ཡིན་པར་ངེས། ཤེས་ཡོན་རིག་པའི་ངོས་ནས་གོ་བ་བླངས་ན་སློབ་གྲྭ་ ཡོངས་སུ་ཐོན་ཞིང་སྤྱི་ཚོགས་ཀྱི་ནང་དུ་བྱ་བ་བསྒྲུབས་ཤ ིང་རྒན་ཡོལ་ཞུ་བའི་བར་ གྱི་གནས་ཚུལ་དེའང་། སློབ་གྲྭའི་ཁོར་ཡུག་ནས་འཚར་ལོངས་ཅི་འདྲ་ཞིག་བྱུང་ ཡོད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མིའི་རང་བཞིན་སྐྱོ་སྣང་བདེན་པ་

མང་པོ་གསོ་སྐྱོང་བྱས་པ་ལ་བརྟེན་ནས་སྤྱི་ཚོགས་ཤིག་དང་། མཐའ་ན་འཇིག་རྟེན་ འདིའི་ལེགས་བྱང་དང་རེ་བ་ཡོངས་སུ་འཆི་ངེས་པར་ལམ་སྟོན་གནང་ཡོད།

དེའང་ལམ་རིམ་ཆེན་མོར་འཕེན་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང་

འདུ་བྱེད་དང་རྣམ་པར་ཤེས་པའོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་ གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའོ། །མངོན་པར་འགྲུབ་པར་ བྱེད་པའི་ཡན་ལག་གང་ཞེ་ན། སྲེད་པ་དང་ལེན་པ་དང་སྲིད་པའོ། །མངོན་པར་གྲུབ་

པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང་རྒ་ཤིའོ། །ཞེས་གསུངས་པ་ལྟར་དེ་དག་རེ་རེ་ ལས་རྒྱུ་འབྲས་ཀྱིས་བྱུང་བ་བསྟན་ཡོད་པ་མ་ཟད། གང་འཕེན་པ་པོ་དང་། གང་ འཕངས་པ། གང་འགྲུབ་པར་བྱེད་པ། གང་གྲུབ་པ་བཅས་ཀྱི་རྒྱུ་འབྲས་འབྲེལ་བ་ ཞིག་ཀྱང་བསྟན་ཡོད།

མདོར་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ནི་སྒྲུབ་ཕྱོགས་ནས་བལྟས་ན་

རེ་རེ་བཞིན་རྒྱུ་སྤངས་ན་འབྲས་བུ་གང་ཞིག་རང་བཞིན་གྱིས་ལྡོག་འགྲོ་བའི་ཆོས་


432 ཉམས་ཞིབ་དེབ་ཕྲེང་། ༡

ཉིད་བསྟན་ཡོད་ལ། དགག་ཕྱོགས་ནས་རྒྱུ་གང་ཡོད་པས་འབྲས་བུ་གང་ཞིག་རང་ བཞིན་གྱིས་གྲུབ་པའི་ལམ་སྟོན་བྱས་ཡོད་པས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ པོ་ནི་ཤེས་ཡོན་རིག་པའི་ལམ་སྟོན་གལ་ཆེན་ཞིག་ཏུ་བརྩི་ཆོག ཤེས་ཡོན་གྱི་

ལྟ་གྲུབ་ཡང་དག་པ་ཞིག་མེད་པའི་མ་རིག་པས་རྒྱུ་བྱས་ཏེ་མཐར་ཐུག་གི་འགྲུབ་ འབྲས་ལེགས་པོ་ཞིག་མ་བྱུང་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ བསྐྱོད་ཀྱིས་ལམ་སྟོན་གཏིང་ཟབ་གནང་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ འཁོར་བསྐྱོད་དེ་སྔ་མ་སྔ་མ་རྒྱུ་བྱས་ཏེ་བྱུང་བའི་ཕྱིར། མཐར་ཐུག་ན་ཐོག་མའི་མ་

རིག་པར་ཐུག་ཡོད་པ་ཇི་བཞིན། ཤེས་ཡོན་རིག་པའི་དཀའ་ངལ་ལམ་མི་བུ་ལེགས་

པོ་ཞིག་སྐྱེད་སྲིང་བྱེད་མ་ཐུབ་པ་ནི་ཐབས་ལམ་མ་འགྲིག་པ་དང་དེའང་མཐར་ཐུག་

ན་ལྟ་གྲུབ་ཕུན་སུམ་ཚོགས་པ་ཞིག་མེད་པ་ལས་བྱུང་བར་དཔྱད་ཞིབ་ཀྱི་ལམ་སྟོན་ གནང་ཡོད་པས་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་ནང་བསྟན་མི་ཚེའི་ལྟ་ཚུལ་ ཙམ་མ་ཡིན་པར་རྟེན་འབྲེལ་གྱི་ཆོས་ཉིད་ལ་གནས་པའི་བྱ་དངོས་ཡོད་དོ་ཅོག་གི་ དཔྱད་ཞིབ་ཀྱི་གཞི་རྩར་བཟུང་ཆོག་གོ།

༢ བདེན་པ་བཞི་དང་ཤེས་ཡོན་རིག་པའི་དཔྱད་ཐབས།

ཇི་སྐད་དུ་རྗེ་བཙུན་བྱམས་པ་མགོན་པོས། “ནད་ནིཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །

བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་ དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །” ཞེས་ 244

གསུངས་པ་ལྟར། ལོ་ངོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྷག་གི་ཡར་སྔོན་དུ་མངོན་

244

<<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ། །>> ཤོག་ངོས༡༩༤། རྗེ་བཙུན་བྱམས་པ་མགོན་

པོ། Thi Corporate Body of the Buddha Educational Foundation


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 433

པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་

ཀྱིས་བླ་ན་མེད་པའི་གནས་ལུགས་ཤིག་རྟོགས་ཤིང་། སློབ་གྲྭ་ཞིག་བཙུགས་ཏེ་ ཤེས་ཡོན་སྤྲོད་འདོད་ཀྱང་། རེ་ཞིག་ན་གནས་ལུགས་དེ་རྟོགས་མཁན་དང་རྒྱབ་

སྐྱོར་གནང་མཁན་མ་བྱུང་བས་སྐྱོ་ཉམས་དང་བཅས249(རྒྱ་ཆེར་རོལ་བ། D No. 95.kha 187b5; P Ku 211b6; T 187, vol. 14, P. 603a,XXVནས་ལུང་དྲངས་པ)

“ཟབ་ཅིང་རྡུལ་བྲལ་འོད་

གསལ་འདུས་མ་བྱས། །བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་

གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབས་གནས་པར་བྱ་

བ་སྙམ། །” ཞེས་ཐབས་ཟད་པའི་སྐབས་ན། ཡུལ་ཝཱ་རཱ་ཎཱ་སའི་དྲང་སྲོང་ལྷུང་ 245

བའི་ནགས་ཚལ་ནས་ཐོག་མའི་སློབ་མ་ལྔ་སྡེ་དང་ཕྲད། དུས་དེར་བདུད་རྩི་ལྟ་ བུའི་ཆོས་དེ་སློབ་མ་ལྔ་བོ་དེ་ལ་བསྟན་ཏེ“དགེ་སློང་དག ང་གང་ནས་འཕགས་

པའི་བདེན་པ་བཞི་བོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་ བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཞིང་། ཤེས་པ་དང་། རིག་པ་དང་། བློ་ དང་། རྟོགས་པ་སྐྱེས་པ་དེ་ནས་ང་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་

བཅས། ཚངས་པ་བཅས། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་

དང་མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་ལྡན་པ་དང་།

ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱི་མང་དུ་གནས་པར་གྱུར་ཅིང་། དགེ་སློང་དག ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ། །” ཞེས་མིའི་རིགས་ལ་འཚོལ་ཞིབ་ 246

245

<<ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་

བཤད་དཀའ་གནད་མདུད་འགྲོལ།>> དེབ་སྔོན་གསར་མ། ཤོག་ངོས༦༦། སློབ་དཔོན་ཆེན་མོ་ཁང་དཀར་

246

ཚུལ་ཁྲིམས་སྐལ་བཟང་། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས།

<<མདོ་ཚན་ལམ་སྒྲིག>> ཤོག་ངོས༣ནས༤ཤཱཀྱ་ཐུབ་པ་དེབ་ཕྲེང་། རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད། དགེ་

བཤེས་ཐུབ་བསྟན་དཔལ་བཟང་གིས་བསྒྲིགས།


434 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་རིགས་ལམ་བཞི་བོའམ་བདེན་པ་བཞི་ཐོག་མར་བསྟན། གནས་ལུགས་འདིར་

མི་ཚེའི་ལྟ་ཚུལ་ཞིག་གི་ངོས་ནས་བལྟས་ན་མི་ཚེའི་མཚན་ཉིད་རིག་པའི་གནས་ ལུགས་ཤ ིག་ཡིན་ནའང་། འཚོལ་ཞིབ་ཀྱི་རིགས་ལམ་བཞིའི་ངོས་ནས་བལྟས་ན་

གནས་ལུགས་འཚོལ་བརྟག་གི་རིགས་ལམ་ཞིག་ཏུ་གྱུར་ཡོད། གསུང་གདམས་ འདི་དེང་གི་སྐད་ཀྱིས་བསྙད་ན། འདི་ནི་གནད་དོན་ནོ། །འདི་ནི་གནད་དོན་འབྱུང་

བའི་རྒྱུའོ། །འདི་ནི་གནད་དོན་སེལ་བའི་ཐབས་སོ། །འདི་ནི་གནད་དོན་བསལ་ བའོ། །ཞེས་པར་འགྱུར་བས་ན་སློབ་སྦྱོང་བྱེད་པའམ། དཔྱད་ཞིབ་བྱེད་པའི་སྐབས་

སུ“འདི་ནི་བདེན་པའོ”ཞེས་པ་ལྟར་དུ་དཀའ་ངལ་དང་གནས་ཚུལ་ལ་དེ་དེ་བཞིན་

དུ་ངོས་ཟིན་དགོས་པ་དང་། དེའི་ཚུལ་ལུགས་ཆ་ཚང་བ་ཞིག་ཤ ེས་པ་ལ་རྒྱུ་རྐྱེན་ ནས་རྩད་ཞིབ་བྱེད་དགོས་པ་དང་། རྟོགས་དཀའ་བའི་རྒྱུ་རྐྱེན་ནས་རྩད་ཞིབ་བྱས་

ཤིང་བསལ་བར་བྱེད་པ་ལ་ཡང་དག་པའི་ཐབས་ལམ་ཞིག་ལ་བརྟེན་དགོས་པ་

དང་། ཐབས་ལམ་ཡང་དག་པ་ཞིག་ལ་བརྟེན་ན་གཞི་ནས་དཀའ་ངལ་དང་གནས་

ཚུལ་གང་ཡིན་བསལ་ཐུབ་པའི་གནས་ལུགས་བསྟན་ཡོད་པ་མ་ཟད། འཚོལ་ཞིབ་

ཀྱི་ཐབས་ལམ་བཞི་བོ་འདི་ཁ་མ་བྲལ་ཞིང་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་ ཟབ་མོ་ཞིག་ཡོད་པའང་བསྟན་ཡོད།

བདེན་པ་བཞིའི་འཇུག་ལྡོག་གི་ཚུལ་མ་ཤེས་པའི་དབང་གིས་འཁོར་བར་

འཁྱམ་པ་ཇི་བཞིན། གནད་དོན་གང་དང་གནས་ཚུལ་གང་ཞིག་འཚོལ་ཞིབ་ཀྱི་ སྐབས་སུ་བདེན་པ་བཞིའི་འཇུག་ལྡོག་མ་ཤེས་པའི་དབང་གིས་འཚོལ་ཞིབ་ལ་

གྲུབ་འབྲས་མི་ཐོབ། ཤེས་ཡོན་རིག་པར་སྦྱར་ནའང་དེ་བཞིན་ཡིན་ཏེ། ཡང་དག་ པའི་ཤ ེས་ཡོན་ངོས་མ་ཟིན་པའི་དབང་གིས་ནོར་འཁྲུལ་ཅན་གྱི་ཤ ེས་ཡོན་སྤྲད་པའི་ དཀའ་ངལ་ལ་ངོས་འཛིན་ཡོད་པའི་སྒོ་ནས་དེའི་རྒྱུ་རྐྱེན་རྩད་ཞིབ་བྱེད་དགོས་པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 435

དང་། དེ་ཉིད་རྩད་ཞིབ་ཀྱིས་ཉེས་པ་བསལ་ཞིང་ལེགས་པའི་ལམ་དུ་བསྐྱོད་དགོས་ ན་ཡང་དག་པའི་ཐབས་ལམ་ཞིག་འཚོལ་དགོས་པ་དང་། ཐབས་ལམ་ཡང་དག་

པ་ལ་བརྟེན་ན་གཞི་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཐོབ་པར་ལམ་སྟོན་ གནང་ཡོད། བདེན་པ་བཞི་ཁ་བྲལ་ན་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་སྤྲོད་ མིཐུབ་པས་ན་སངས་རྒྱས་ཀྱིས་བདེན་པ་བཞི་གཅིག་བསྡུས་ཀྱི་དཔྱད་ཐབས་ཤ ིག་

བསྟན་ཡོད་ནའང་། མིའི་རིག་ཀྱིས་ཤེས་ཡོན་སྤྲོད་པའི་བརྒྱུད་རིམ་ཁྲོད་ནས་བདེན་ བཞིའི་འཚོལ་ཞིབ་ཀྱི་ཐབས་ལམ་མི་འདྲ་བར་བརྟེན་ནས་ཤ ེས་ཡོན་གྱི་སྒྲོམ་གཞི་ མི་འདྲ་བ་གྲུབ་ཡོད། དཔེར་ན།

ཐབས་ལམ་ལྟེ་བར་འཛིན་པའི་ཤེས་ཡོན་ལམ་ལུགས།

དམིགས་ཡུལ་ལྟེ་བར་འཛིན་པའི་ཤེས་ཡོན་ལམ་ལུགས།


436 ཉམས་ཞིབ་དེབ་ཕྲེང་། ༡

གནད་དོན་ལྟེ་བར་འཛིན་པའི་ཤེས་ཡོན་ལམ་ལུགས།

འདི་འདྲའི་ཤ ེས་ཡོན་གྱི་སྒྲོམ་གཞི་མི་འདྲ་བ་གསུམ་དུ་བཀར་ཏེ་བལྟས་ན།

ཤེས་ཡོན་སྤྲོད་པའི་སྐབས་སུ་འཕྲལ་གྱི་སྤྱི་ཚོགས་དགོས་མཁོར་དམིགས་ནས། ལག་ཤེ ས ་སློ བ ་གྲྭ་ལྟ་བུའམ་དེ ང ་གི ་ སློ བ ་གྲྭ་མང་པོ ་ ཞི ག ་གི ས ་སློ བ ་གྲྭའི ་ ཚོ ང ་

ལམ་ལ་དམིགས་ནས་སྤྱི་ཚོགས་སུ་ལས་ཀ་བྱེད་མཁན་གང་འདྲ་ཞིག་དགོས་ན་ དེ་འདྲ་ཞིག་མཁོ་སྤྲོད་བྱེད་པའི་ཤ ེས་ཡོན་ལམ་ལུགས་ཤ ིག་དང་། དམིགས་ཡུལ་ གཏིང་ཟབ་མེད་པར་གང་བསླབ་པར་བྱ་བའི་བསླབ་བྱ་དེ་ཐབས་ལམ་ཅི་འདྲ་ཞིག་

གི་སྒོ་ནས་སྤྲོད་པ་གཙོ་བོར་འཛིན་པའི་རྣམ་པ་རིང་ལུགས་པའི་ཕྱོགས་སུ་ལྷུང་ བའི་ཤེས་ཡོན་ཐབས་ལམ་ཞིག་ད་ལྟའི་དུས་སུ་དར་ཁྱབ་ཆེ་ཡང་། ནང་བསྟན་

མཚན་ཉི ད ་རི ག ་པས་ཤེ ས ་ཡོ ན ་སྤྲོ ད ་དགོ ས ་པའི ་ དམི ག ས་ཡུལ་གསལ་བོ འ་ི སྒོ་ནས་གནད་དོན་གཙོ་བོར་བཟུང་སྟེ། མི་ལ་ཅིའི་ཕྱིར་ཤེས་ཡོན་སྤྲོད་དགོས་

དམ། རྒྱུ་རྐྱེན་གང་ཡིན་ནམ། ཐབས་ལམ་ཅི་འདྲ་ཞིག་གིས་སྤྲོད་དགོས་སམ།

ཤེ ས ་ཡོ ན ་སྤྲོ ད ་དགོ ས ་པའི ་ དམི ག ས་ཡུལ་གང་ཡི ན ་ནམ་ལྟ་བུའི ་ དྲི ་ བ་བཀོ ད ་ དེ་ཅིའི་ཕྱིར་ཤེས་ཡོན་སྤྲོད་དགོས་པའི་དྲི་བ་ལྟེ་བར་བཟུང་སྟེ་ཐོག་མར་འདི་ནི་

སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བསྟན་ཡོད། འདིའི་ཐད་ལ་རྗེ་ཙོང་ཁ་

པས<ལམ་རིམ>དུ། “སྡུག་བདེན་བསམས་པའི་སྒོ་ནས་འཁོར་བ་ལ་ཞེན་ལོག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 437

རྣལ་མ་ཞིག་མེད་ན་ཐར་བ་ཐོབ་འདོད་ཚིག་ཙམ་དུ་འགྲོ” ཞེས་དང་། ༸གོང་ 247

ས་མཆོག་གིས་ཀྱང“ཐོག་མར་སྡུག་བསྔལ་ངོས་འཛིན་བྱེད་རྒྱུ་དེ་གལ་ཆེ་ཤོས་ ཡིན། ཞེས་གསུངས་པ་སོགས་ནང་བསྟན་མཚན་ཉིད་རིག་པའི་སྤྱི་འགྲོས་ལམ་ 248

སྟོ ན ་ལྟར་དུ་མི ་ ཚེ ་ དང་སྤྱི ་ ཚོ ག ས་ཀྱི ་ དཀའ་ངལ་ལྟེ ་ བར་བཟུང་བའི ་ཤེ ས ་ཡོ ན ་

ལམ་ལུགས་ཤ ིག་ལ་ཁ་ཕྱོགས་དགོས་སོ།།

༣ ས་བཅུ་ལམ་ལྔ་དང་ཤེས་ཡོན་རིག་པའི་དཔྱད་ཐབས།

ནང་བསྟན་མཚན་ཉིད་རིག་པའི་ནང་དུ་ནང་ཤེས་པའི་རྟོགས་པ་འཕེལ་བའི་

རིམ་པའི་དབང་དུ་བཏང་སྟེ་ས་བཅུ་དང་ལམ་ལྔ་ཞེས་ནང་གི་ཤ ེས་པར་ཚད་གཞི་ བཟོས་ཏེ། ཚད་གཞི་དེ་དག་གིས་སྤང་དགོས་པའི་རྨོངས་པ་དང་ཐོབ་དགོས་པའི་ ཡོན་ཏན། ཡོན་ཏན་དེ་ཐོབ་ཚུལ། ཡོན་ཏན་རྒྱུད་ལ་སྐྱེས་པའི་རྟགས་མཚན་མངོན་ སྟངས་བཅས་ཞིབ་ཅིང་ཕྲ་བ་གསུངས་ཡོད། དེའང་ཉན་ཐོས་ཚོགས་ལམ་ཆུང་ངུ་

ནས་མཐར་རྣམ་མཁྱེན་བར་གྱི་ཡོན་ཏན་མཐའ་དག་བསྡུས་ཏེ། ལམ་ལ་ཚོགས་

ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ལྔ་དང་། ས་

247

<<བྱང་ཆུབ་ལམ་རིམ་ཆེན་མོ་བཞུགས་སོ། །>> ཤོག་ངོས༢༡༠། རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

248 <<ནང་པའི་ལྟ་སྤྱོད་ཀུན་བཏུས།>>

ཤོག་ངོས༣༡། སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོའ ི་དཀའ་སློབ་

གསུང་བཤད། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་བོད་བསྒྱུར་ཞུས། རྒྱ་གར་རྡ་ས་རིགས་ལམ་སློབ་ གཉེར་ཁང་གིས་པར་སྐྲུན་བྱས།


438 ཉམས་ཞིབ་དེབ་ཕྲེང་། ༡

ལའང་ས་དང་པོ་རབ་ཏུ་དགའ་བ་དང་། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་

པ༑ བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་བྱེད་པ། བདུན་པ་

རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་མོས་ པ་སྤྱོད་པ་བཅས་བསྟན་ཅིང་། དེ་དག་རེ་རེའི་སྤང་བྱ་དང་ཐོབ་ཚུལ། མངོན་ཚུལ་

བཅས་འཛིན་གྲྭ་འཕར་བའི་ཚད་གཞི་དང་འདྲ་བ་ཞིག་གསུངས་ཡོད་ལ། ཚད་གཞི་

དེའི་ལམ་སྟོན་འོག་ནས་ལམ་ལ་ཞུགས་ཏེ་ཤེས་རབ་ཀྱི་བླ་ན་མེད་པའི་ཁམས་སུ་ སྙེག་པའི་སྐྱེས་བུ་དམ་པའང་མང་པོ་ཞིག་བྱོན་པའི་ལོ་རྒྱུས་ཀྱི་བདེན་པ་ཡོད།

དེ་ནི་ཕྱི་རོལ་གྱི་ཤེས་བྱའི་གསོག་ཚད་ཙམ་དང་ཚད་འཇལ་ཙམ་ཞིག་མ་

ཡིན་པར། ནང་རྟོགས་པ་སྐྱེས་པའི་ལྐོག་གྱུར་ཤེས་པའི་སྟེང་གི་ཚད་འཇལ་ཞིག་

ཡིན། ཚད་གཞི་འཇལ་ཐབས་འདིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ལས་

འཛིན་གྲྭ་འཕར་བའི་ཕྱི་རོལ་གྱི་ལམ་ལུགས་དང་འདྲ་བར་འཛིན་གྲྭ་དང་པོ་ཐོན་པ་ དང་འཛིན་གྲྭ་དང་པོའ་ིཤེས་ཚད་ལྡན་པའི་ལག་འཁྱེར་ཐོབ་དགོས་པའི་ཕྱི་རོལ་ ཚད་འཇལ་ལས་ལྡོག་སྟེ། ནང་རོལ་ཀྱི་རྟོགས་པ་དང་སེམས་རྒྱུད་ཀྱི་གནས་ཚད་ ཅིག་ཚད་འཇལ་བྱེད་ཀྱིན་ཡོད། ལམ་སྟོན་འདིས་དོན་དངོས་སུ་ཕྱི་རོལ་ཀྱི་ཚད་

འཇལ་རྐྱང་བ་ནི་མིའི་རིགས་ཀྱི་ཤེས་ཚད་འཇལ་བའི་ཚད་གཞི་ཡང་དག་ཅིག་

མ་ཡིན་པར་དེ་ནི་ཕྱི་རོལ་ཡུལ་གྱི་བྱེད་ཐབས་ཙམ་དུ་འཁུམས་པ་དང་། དེ་ལས་

ཟབ་ཅིང་འཇལ་དཀའ་བའི་ནང་རྟོགས་པའི་ཚད་འཇལ་བྱེད་པའི་ཐབས་ལམ་ཞིག་ གསར་གཏོད་གནང་སྟེ་དོན་དངོས་ཀྱི་ཤེས་ཡོན་ཐོབ་པའི་འཕེལ་རིམ་དག་ས་ལམ་ གྱི་མིང་གིས་བསྙད་དེ་གཏན་འཁེལ་བྱས་ཡོད།

སྣང་ཚུལ་འདིས་དེང་ལུགས་ཀྱི་ཤེས་ཡོན་རིག་པའི་ཕྱི་རོལ་ཚད་འཇལ་རྐྱང་

བ་ཅན་གྱི་ཡིག་རྩལ་ལམ་ལུགས་ཀྱིས་མིའི་ཤེས་ནུས་འཇོན་གསུམ་ཚད་འཛིན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 439

བྱེད་པར་དགག་རྒྱག་བྱས་ཡོད་ལ། མིའི་ནུས་ཚད་ནི་གཞལ་ཐབས་བྲལ་བ་ཞིག་ ཡིན་པ་དང་། དོན་དངོས་ཀྱི་ཤེས་ཡོན་ནི་ནང་སེམས་རྒྱུད་ཀྱི་འཚར་ལོངས་ཤ ིག་

ཡིན་པར་ལམ་སྟོན་གནང་ཡོད། ལམ་སྟོན་འདི་ལ་བརྟེན་ནས་སློབ་མའི་ཤ ེས་ཡོན་ ནི་ཕྱི་རོལ་གྱི་ཚད་འཇལ་རྐྱང་བའི་དབང་དུ་མ་སོང་བར། ནང་སེམས་རྒྱུད་ཀྱི་ གནས་ཚད་ལ་མཐོང་ཆེན་བྱེད་དགོས་པར་གདམས་ཡོད་དོ། །

249

༤ ཡེ་ཤེས་ལྔ་དང་ཤེས་ཡོན་རིག་པའི་དཔྱད་ཐབས།

བྱང་། དོན་ཡོད་གྲུབ་པ། བྱ་གྲུབ་ཡེ་ཤེས།

ནུབ། འོད་དཔག་མེད། སོར་རྟོག་ཡེ་ཤེས།

ཤར། རྣམ་པར་སྣང་མཛད།

དབུས། མི་བསྐྱོད་པ།

ཆོས་དབྱིངས་ཡེ་ཤ ེས།

མེ་ལོང་ལྟ་བུའི་ཡེ་ཤ ེས།

ལྷོ། རིན་ཆེན་འབྱུང་ལྡན། མཉམ་ཉིད་ཡེ་ཤ ེས།

གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་ཉོན་མོངས་སོགས་ཡེ་ཤེས་ཀྱི་ངོ་བོར་

བསྒྱུར་ཏེ་འབྲས་བུ་མངོན་དུ་བྱེད་ཚུལ་ཞིག་བསྟན་ཡོད། དེ་ལ་རྟོག་གཞིགས་བྱེད་ ཐབས་གཞན་ཞིག་གི་ངོས་ནས་གོ་བ་བླངས་ན། ཤེས་རབ་ཀྱི་ནུས་པ་ལྔའམ་དཔྱད་ ཞིབ་ཀྱི་རིགས་ལམ་ལྔའང་ངོས་འཛིན་བྱས་ཡོད་པར་དཔྱད་ཐབས་གསར་པའི་ ངོས་ནས་དཔྱད་ན།

249 ཁུངས་བཅོལ་སའི་ཡིག་ཆ།<<རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་གྲུབ་དོན་ས་གསུམ་བཞུགས་

སོ།།>> ཤོག་ངོས༨༥ནས༡༣༢། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད། དགའ་ལྡན་བྱང་རྩེ་ནོར་གླིང་གྲྭ་ ཚང་། པོད་ཕྲེང་བཅུ་པ། ༡༩༩༩།


440 ཉམས་ཞིབ་དེབ་ཕྲེང་། ༡

མེ་ལོང་ལྟ་བུའི་ཡེ་ཤ ེས།

ཡོངས་སུ་གྲགས་པའི་དཔྱད་ཐབས་ལ་ཕྱོགས་དང་དུས་ཚོད་ཀྱི་ཚོད་འཛིན་

དང་མཐའ་མེད་པར། ཁྱོན་ཡོངས་རགས་ལྟ་བྱེད་ཐབས་ཤིག་ཡོད་པ་ནི་མེ་ལོང་ཡེ་

ཤེས་ཀྱིས་བསྟན་ཡོད་ཅིང་། ཤེས་ཡོན་རིག་པར་སྦྱར་ན་དུས་ཚོད་དང་། ཚོད་ལྟ། དམིགས་ཡུལ་སོགས་ཀྱིས་ཚད་བཀག་མེད་པར་ཕྱོགས་རིས་པའི་ལྟ་ཚུལ་བཀག་ སྟེ་ཁྱོན་ཡོངས་ནས་ལྟ་བ་དང་རགས་དཔྱད་ཀྱི་རྣམ་པའི་དཔྱད་ཐབས་ཤ ིག་ཡོད་པ་ བསྟན་ཡོད།

སོ་སོར་རྟོག་པའི་ཡེ་ཤ ེས།

ཕྱོགས་རིས་པའི་རྣམ་པའི་སྒོ་ནས་ཕྱོགས་གཅིག་གམ་ཟུར་གཅིག་ལ་ཞིབ་

ཚགས་ཀྱིས་བལྟ་ཞིབ་བྱེད་པ་སྟེ། དུས་ཚོད་དང་ཡུལ་གྱི་ཆོས་ཉིད་འོག་ནས་དངོས་ སུ་ཚོད་ལྟ་བྱེད་པའི་ཕྱོགས་གཅིག་དཔྱད་ཐབས་ནི་སོར་རྟོག་ཡེ་ཤ ེས་ཀྱིས་བསྟན་ ཡོད། ཤེས་ཡོན་ལ་སྦྱར་ནའང་ཡུལ་དང་དུས་ཚོད་སོགས་དང་མཐུན་པའི་སྒོ་ནས་ ཡོ་ཆས་སྣ་ཚོགས་སྤྱད་དེ་ཚོད་ལྟའི་ལམ་ནས་དཔྱད་ཞིབ་བྱེད་ཐབས་ཤ ིག་གསལ་ སྟོན་གནང་ཡོད།

མཉམ་ཉིད་ཡེ་ཤ ེས།

འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ་ཕྱོགས་སུ་མ་ལྷུང་བར་དངོས་དོན་ཕྱིར་འདོན་

བྱེད་པའི་དཔྱད་ཐབས་ནི་མཉམ་ཉིད་ཡེ་ཤེས་ཀྱིས་བསྟན་ཡོད། དཔྱད་མཁན་རང་ཉིད་

དང་པོ་ནས་ཕྱོགས་སུ་མ་ལྷུང་བར་དཀྱིལ་དུ་བསྡད་དེ་དཔྱད་པ་དེ་ནི་དཔྱད་ཐབས་ རིག་པའི་གལ་གནད་ཆེན་པོ་ཞིག་ཡིན་ལ། ཤེས་ཡོན་རིག་པར་སྦྱར་ནའང་ཤེས་ཡོན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 441

ནི་ལྟ་ཚུལ་གཅིག་དང་དམིགས་ཡུལ་ཞིག་གི་ཕྱོགས་སུ་མ་ལྷུང་བར་ཀུན་བསྟུན་འདྲ་ མཉམ་གྱིས་ཡར་རྒྱས་བཏང་བའི་དཔྱད་ཐབས་ཤིག་བསྟན་ཡོད། བྱ་གྲུབ་ཡེ་ཤ ེས།

དཔྱད་ཞིབ་བྱེད་པའི་སྐབས་སུ་བྱ་བ་བསྒྲུབ་པའི་གདེང་ཐོབ་པ་དགོས་པ་

དང་། གདེང་དང་ལྡན་པའི་སྒོ་ནས་དངོས་སུ་བྱ་བར་ཞུགས་ཏེ་མྱོང་བ་དངོས་ཀྱི་ དཔྱད་ཞིབ་བྱེད་པ་ནི་བྱ་གྲུབ་ཡེ་ཤེས་ཀྱིས་བསྟན་ཡོད། ཤེས་ཡོན་རིག་པར་སྦྱར་

ནའང་ལྟ་གྲུབ་ཙམ་གྱི་ཕྱོགས་སུ་མི་ལྷུང་བར་དངོས་སུ་ཚོད་ལྟ་དང་དཔྱད་ཞིབ་ཀྱི་ བྱ་བར་ཞུགས་ཏེ་ལག་ལེན་གྱིས་བདེན་པ་ར་སྤྲོད་བྱེད་དགོས་པ་དང་། གདེང་དང་

ལྡན་པའི་སྒོ་ནས་བྱ་བར་ཞུགས་པའི་ལག་ལེན་གྱི་མྱོང་བའི་དཔྱད་ཐབས་ཤིག་ བསྟན་ཡོད།

ཆོས་དབྱིངས་ཡེ་ཤ ེས།

དཔྱད་ཞིབ་གཏིང་ལོན་པ་ཞིག་བྱེད་པ་ལ་གོང་གི་དཔྱད་ཐབས་བཞི་གཅིག་

བསྡུས་ཀྱིས་ལྟ་ཞིབ་བྱེད་ཐབས་ཤིག་གསར་གཏོད་བྱས་ཏེ་དཔྱད་ཞིབ་བྱེད་དགོས་

པའི་གནས་ལུགས་དེ་ཆོས་དབྱིངས་ཡེ་ཤེས་ཀྱིས་བསྟན་ཡོད། ཡོངས་སུ་རྟོགས་

པའི་དཔྱད་པ་ལ་ཡེ་ཤེས་བཞིའི་དཔྱད་ཐབས་གཅིག་ཏུ་བསྡུས་ཤ ིང་མ་བྲལ་བའི་སྒོ་

ནས་དཔྱད་ན་གནས་ལུགས་མངོན་སུམ་དུ་རྟོགས་ཐུབ། ཤེས་ཡོན་ལ་སྦྱར་ནའང་

ཤེས་ཡོན་རིག་པའི་ལྟ་ཚུལ་གཅིག་དང་དམིགས་ཡུལ་གཅིག ཐབས་ལམ་གཅིག་ ལྟ་བུའི་ཕྱོགས་སུ་མ་ལྷུང་བར་དཔྱད་ཐབས་སྣ་ཚོགས་ཀྱི་གཅིག་བསྡུས་ཐབས་ ལམ་ཞིག་འཚོལ་དགོས་པ་བསྟན་ཡོད།

མདོ ར ་ན་ཡེ ་ཤེ ས ་ལྔ་ཞེ ས ་པའང་ཤེ ས ་རབ་ཀྱི ་ ཕུགས་བསམ་ཡི ན ་ཞི ང ་།


442 ཉམས་ཞིབ་དེབ་ཕྲེང་། ༡

མཐར་ཐུག་གི་བདེན་པ་རྟོགས་པའི་ཤེས་རབ་ཀྱི་ནུས་པ་མི་འདྲ་བ་ལྔ་ཡིན་པས་ན།

ཡེ་ཤ ེས་ལྔའི་ས་བོན་ནི་མི་ཀུན་གྱི་རྒྱུད་ན་ཡོད་པས་ན་ཡེ་ཤ ེས་ལྔའི​ི་དཔྱད་ཐབས་ ཀྱི ས ་ཆོ ས ་ཉི ད ་ལ་དཔྱད་ཞི བ ་བྱས་ན་མཐར་ཐུག་གི ་ བདེ ན ་པ་མཐོ ང ་ཞི ང ་གྲུབ་

འབྲས་ཐོབ་པར་འགྱུར། རྒྱུ་མཚན་དེ་འདྲའི་དབང་གིས་ཡེ་ཤ ེས་ལྔ་ཞེས་པའི་སྐབས་ སུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞིག་གི་ཚུལ་དུ་མི་འཇོག་པར། མིའི་རིགས་ཀྱི་

ཤེས་རབ་ཀྱི་ནུས་པ་ཆ་ཚང་བ་བེད་སྤྱོད་བྱེད་པ་དང་། དཔྱད་ཞིབ་བྱེད་ཐབས་མི་ འདྲ་བ་ལྔའི་སྒོ་ནས་ཆོས་ཉིད་ལ་དཔྱད་པའི་ཤེས་རབ་ཀྱི་ལམ་སྟོན་ཞིག་ཡིན་ནོ། །

༥ སེམས་ཀྱི་རང་བཞིན་འོད་གསལ་བ་དང་ཤེས་ཡོན་རིག་པའི་དཔྱད་ ཐབས།

250

དེང་གི་ཤ ེས་ཡོན་རིག་པའི་ངོས་ནས་ཆེས་གལ་ཆེན་དུ་བརྩི་བཞིན་པ་ནི་བྱིས་པ་ རེ་རེའི་ལྷན་སྐྱེས་ཀྱི་ཆོས་ཉིད་དང་དེའི་ནུས་པར་གུས་ཞབས་ལྡན་པའི་སྒོ་ནས་

སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན། དེ་བས་འཛམ་གླིང་དུ་སྐད་གྲགས་ལྡན་པའི་རིག་སྟོབས་

བདུན་སྨྲ་བ་ལ་སོགས་པའི་ལྟ་གྲུབ་སྟོན་ཡོད་ལ། མི་རེ་རེ་ལ་ལྷན་སྐྱེས་ནས་དགའ་ ཕྱོགས་དང་འཇུག་ཕྱོགས་མི་འདྲ་བ་ཡོད་པའི་ལྟ་ཚུལ་བཟུང་ཡོད། དེ་ན་ལྷན་སྐྱེས་

ཞེས་པའི་འབྱུང་ཁུངས་ལ་ང་ཚོས་ཕྱོགས་གསུམ་ནས་ལྟ་དགོས་པ་ལས། གཅིག་ནི་ ཚན་རིག་གི་ལྟ་ཚུལ་ཡིན་ཞིང་དེས་ཁྲག་རྒྱུན་གྱི་སྟེང་ནས་འཇོག་པ་དང་། གཅིག་

ནི་ཆོས་ལུགས་ཀྱི་ལྟ་ཚུལ་ཡིན་ལ་དེས་སྐྱེ་བ་སྔོན་མའི་བག་ཆགས་ཀྱི་སྒོ་ནས་

འཇོག གཅིག་ནི་མངལ་གྱི་གནས་སྐབས་ནས་འགོ་བརྩམས་པའི་ཁོར་ཡུག་གི་སྒོ་ 250

<<སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །>> ཤོག་ངོས༡ནས༤༢། དགའ་ཤར་

ལྷ་རམས་པ་དཀོན་མཆོག་ཚེ་རིང་། འབྲས་སྤུངས་བློ་གསལ་གླིང་ནས་པར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 443

ནས་འཇོག རྒྱ་གར་གྱི་ལྷན་སྐྱེས་ཤེས་ཡོན་སྨྲ་བ་ཇི་དུ་ཀི་རི་ཤ ི་ན་མུར་ཏི(J. Krish-

namurti1895-1986 world-renowned spiritual teacher)

སོགས་ཀྱིས་ཀྱང་མེ་ཏོག་རེ་རེ་ལ་

ལྷན་སྐྱེས་ཀྱི་སྐྱེས་སྟོབས་དང་ཁ་དོག་མི་འདྲ་བ་རེ་ཡོད་པ་དཔེར་བཀོད་དེ། ཤེས་ ཡོན་སྤྲོད་པ་ནི་ཕྱི་ལོགས་ནས་བརྒྱུད་སྤྲོད་བྱེད་རྒྱུ་ཙམ་མ་ཡིན་པར་ལྷན་སྐྱེས་ཀྱི་ ནུས་པ་མི་འདྲ་བ་གཞིར་བཟུང་སྟེ་འཚར་ལོངས་འབྱུང་དུ་འཇུག་དགོས་པར་ནན་

སྐུལ་བྱས་ཡོད། ཤེས་ཡོན་གྱི་ལྟ་ཚུལ་འདིས་མིའི་ནང་ལོགས་ཀྱི་ནུས་པ་སད་

སྨིན་རྫོགས་གསུམ་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཕྱི་ལོགས་ཀྱི་སྦྱང་བྱའི་རྣམ་

གྲངས་གང་ཡིན་པ་དེ་དག་ནི་ནང་གི་ནུས་པ་ཕྱིར་འདོན་བྱེད་པའི་མཐུན་རྐྱེན་དུ་ ངོས་འཛིན་བྱེད། དེ་ན་མི་རེ་རེའི་ནང་ལོགས་ཀྱི་ཚད་མེད་པའི་ནུས་པ་དེ་ཕྱི་རོལ་

གྱི་ཚད་ཡོད་པའི་ཤ ེས་བྱའི་རྣམ་གྲངས་དག་ལ་བརྟེན་ནས་སད་སྨིན་རྫོགས་གསུམ་ བྱེད་པའི་ཤ ེས་ཡོན་ལྟ་གྲུབ་ཅིག་ནང་བསྟན་ཤེས་ཡོན་ལྟ་གྲུབ་ཀྱི་ནང་དུ་ཡོད་དམ། ནང་བསྟན་རིག་པ་ནི་གཙོ་བོ་མི་ལྟེ་བར་སྨྲ་བའི་ཤེས་ཡོན་ལུགས་ཤ ིག་ཡིན་པ་མ་

ཟད། མིའི་ལྷན་སྐྱེས་ནུས་པ་གཅོ་གནད་དུ་འཛིན་པའི་ཤ ེས་ཡོན་ལམ་ལུགས་ཤ ིག་

ཡིན་ནམ་མིན། གནས་ལུགས་དེ་འཚོལ་ཕྱིར་གཤམ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་

ནས་བརྩིས་པའི་ནང་བསྟན་མཁས་པ་དག་གི་ལུང་ཚིག་སྤྱད་དེ་དེ་དག་གིས་ལྷན་

སྐྱེས་ངོས་འཛིན་བྱེད་ཚུལ་ལ་ལྟ་ཞིབ་བྱེད་དགོས། ནང་བསྟན་ནས་སེམས་ཀྱི་ངོ་བོ་ འོད་གསལ་བ་ཡིན་ཟེར། དེ་ལའང་བརྗོད་ཚུལ་གཉིས་ཡོད་པའི་གཅིག་ཤ ོས་ཀྱིས་

སེམས་ཀྱི་གཤིས་ལུགས་ལ་འདོད་པ་དང་། གཅིག་ཤོས་ཀྱིས་ཡུལ་ཡང་དག་པར་ རྟོགས་པའི་ཆ་ལ་འདོད་ཡོད། དང་པོ་ནི་སངས་རྒྱས་ཤཱཀྱ་ཐུབ་པས<<འཕགས་པ་

བརྒྱད་སྟོང་པ>>ལས། “འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་

རང་བཞིན་ནི་འོད་གསལ་བ་ལགས་སོ། །”ཞེས་དང་། (འདིའི་མཆན་དུ།) _ དགའ་ཤར་ལྷ་


444 ཉམས་ཞིབ་དེབ་ཕྲེང་། ༡

རམས་པ་དཀོན་མཆོག་ཚེ་རིང་ལགས་ཀྱིས། “འདི་ནི་སེམས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་སེམས་

དང་ཆོས་ཉིད་གཉིས་ཆུ་ལ་ཆུ་བཞག་ལྟར་རོ་གཅིག་ཏུ་སོང་བ་ན། སེམས་དང་ཆོས་ཉིད་གཉིས་དབྱེར་མེད་གཅིག་

ཏུ་བཞེད་པར་སྣང་ངོ་། །”ཞེས་གསུངས་ཡོད། སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།251

ཡང<<ལང་གཤེགས>>ལས། “སེམས་ཀྱི་རང་བཞིན་འོད་གསལ་བ། །དེ་ལས་ གཞན་པ་ཐོགས་མ་མེད། །དེ་དག་གིས་ནི་བསགས་པའི་ལས། །དེ་ནི་དེ་གཉིས་

ཉོན་མོངས་འགྱུར། །ཐོག་མ་མེད་པའི་གློ་བུར་གྱི། །ཉོན་མོངས་རྣམས་དང་ལྡན་

པས་ན། །རང་བཞིན་འོད་གསལ་བདག་ཉོན་མོངས། །རས་དང་འདྲ་བར་དག་ པར་འགྱུར། །” ཞེས་དང་།

252

<<རྒྱན་སྟུག་པོ་བཀོད་པའི་མདོ>>ལས། “དེ་

བཞིན་ཡིད་སེམས་རྣམ་པར་ཤ ེས། །སེམས་ཅན་ཁམས་ན་འཁོར་མེད་ཀྱང་། །དེ་

ལ་འཕེལ་ཞིང་འབྲི་མེད་དོ། །རྟག་ཏུ་རང་བཞིན་འོད་སྣང་བའོ། །དེ་ནི་ཟག་མེད་

སངས་རྒྱས་སོ། །”ཞེས་སོགས་གསུངས་ཡོད་ལ། རྒྱ་གར་གྱི་ནང་བསྟན་མཚན་ 253

ཉིད་རིག་པའི་མཁས་དབང་དཔལ་ཆོས་ཀྱི་གྲགས་པས་ཀྱང་། <<རྣམ་འགྲེལ་རྩ་

བ>>ལེའུ་གཉིས་པ་ལས། “སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ ནི་གློ་བུར་བ། །” ཞེས་དང་། སློབ་དཔོན་ཚུལ་ཁྲིམས་འཕགས་པས<<སེམས་ 254

བརྟགས་པ>>ལས།“སེ མ ས་ནི ་ རང་བཞི ན ་འོད ་གསལ་འདོ ད ། །འོད ་གསལ་ སྟོང་པ་ཉིད་ཡིན་ནོ། །རྟག་དུ་དེ་ནི་བསྒོམ་པར་བྱ། །གལ་ཏེ་འོད་གསལ་མ་ཡིན་ 251

<<སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །>> ཤོག་ངོས༤༢། དགའ་ཤར་ལྷ་

རམས་པ་དཀོན་མཆོག་ཚེ་རིང་། འབྲས་སྤུངས་བློ་གསལ་གླིང་ནས་པར།

252 <<བཀའ་འགྱུར།>> 253 <<བཀའ་འགྱུར།>>

254 <<བསྟན་འགྱུར།>>

པར་མ།

ཅ་དུམ་པ། ལང་གཤེགས། ཤཱཀྱ་ཐུབ་པ། ཤོག་ངོས༢༩༩ན། ཞོལ་པར་མ།

རྒྱན་སྟུག་པོ་བཀོད་པའི་མདོ། ཤཱཀྱ་ཐུབ་པ། ཆ་དུམ་པ། ཤོག་ངོས༥༦བ། ཞོལ་པར་མ།

ཅེ་དུམ་པ། རྣམ་འགྲེལ་རྩ་བ། དཔལ་ལྡན་ཆོས་གྲགས། ཤོག་ངོས༡༡༥བ། སྡེ་དགེའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 445

འདོད།” ཞེས་གསུངས་པ་སོགས་ནི་ནང་བསྟན་རིག་པའི་སེམས་ཀྱི་རང་བཞིན་ 255

ལ་ལྟ་ཚུལ་ཡིན།

གོ ང ་དུ་བཤད་པ་ལྟར་ལྟ་ཚུལ་གཉི ས ་པས་ཡུལ་རྟོ ག ས་པའི ་ རྟོ ག ས་ཚད་

གཅིག་ལ་སེམས་ཀྱི་ངོ་བོ་འོད་གསལ་བར་གསུངས་ཡོད། དེའི་ཐད་ལ་ཡང་སྟོན་

པས<<ལང་གཤེགས>>ལས། “འདི་ལྟ་སྟེ་ཡིད་ནི་རི་དང་། རྩིག་པ་དང་། འབབ་

ཆུ་དང་། ཤིང་ལ་སོགས་པ་ལ་ཐོགས་པ་མེད་པར་དཔག་ཚད་བརྒྱ་སྟོང་དུ་མར་ སྔོན་མཐོང་བ་དང་། མྱོང་བའི་ཡུལ་རྗེས་སུ་དྲན་ཞིང་།” ཞེས་དང་། ཡང་དཔལ་ 256

ལྡན་ཆོས་གྲགས་ཀྱིས<<རྣམ་འགྲེལ་རྩ་བ>>ལས། “དེའི་ཕྱིར་ངེད་ཀྱི་བློ་རང་ཉིད།།

གསལ་བའི་ངོ་བོ་རབ་གསལ་ཞིང་། །ཞེས་དང་། ཡང་། རང་ཉིད་རབ་ཏུ་གསལ་ ཕྱིར་དོན། །དེ་ཡི་ངོ་བོ་གསལ་བ་ཡིན། །” ཞེས་དང་། ཡང་སློབ་དཔོན་ཞི་བ་ 257

འཚོས<<དབུ་མ་རྒྱན>>ལས། “རྣམ་ཤེས་བེམ་པོའ ི་རང་བཞིན་ལས། །བཟློག་པ་

རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤ ེས་པ་ ཡིན།”

258

ཞེས་སོགས་གསུངས་ཡོད།

གོང་གི་ལུང་ཚིག་འདི་དག་བརྒྱུད་ནས་ནང་བསྟན་རིག་པའི་སེམས་ཀྱི་ངོ་

བོར་ལྟ་སྟངས་ཤ ེས་ཐུབ་ལ། དེའང་དེང་གི་ཤོད་ཚུལ་གྱིས་བརྗོད་ན་མིའི་ལྷན་སྐྱེས་

ཀྱི་ནུས་པ་ངོས་འཛིན་བྱེད་སྟངས་ཤིག་ཡིན། གོང་དུ་གསུངས་ཚུལ་གཉིས་ཙམ་ ཡོད་པ་དེའང་རྩ་བའི་ཆ་ནས་འགལ་བ་མེད། ཡུལ་ཡང་དག་པར་རིག་པའི་ཆ་དང་

255 <<བསྟན་འགྱུར།>>

པར་མ།

ཨ་དུམ་པ། སེམས་བརྟགས་པ། སློབ་དཔོན་ཞི་བ་འཚོ། ཤོག་ངོས༣༠༥བ། སྡེ་དགེའི་

256 <<བཀའ་འགྱུར།>>

ཅ་དུམ་པ། ལང་གཤེགས། ཤཱཀྱ་ཐུབ་པ། ཤོག་ངོས༡༣༨ན། ཞོལ་པར་མ།

258 <<བསྟན་འགྱུར།>>

ས་དུམ་པ། དབུ་མ་རྒྱན། སློབ་དཔོན་ཞི་འཚོ། ཤོག་ངོས༥༣། སྡེ་དགེའི་པར་མ།

257 <<བསྟན་འགྱུར།>>

པར་མ།

ཅེ་དུམ་པ། རྣམ་འགྲེལ་རྩ་བ། དཔལ་ལྡན་ཆོས་གྲགས། ཤོག་ངོས༡༣༦བ། སྡེ་དགེའི་


446 ཉམས་ཞིབ་དེབ་ཕྲེང་། ༡

དྲི་མས་མ་བསྒྲུབ་པའི་ཆ་གང་ཡིན་ཀྱང་དོན་དམ་སེམས་གཤིས་དང་ཡེ་ཤ ེས་ཡིན་

ཞིང་། སངས་རྒྱས་སམ་ཡེ་ཤེས་ནི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ལས་ཕྱི་རོལ་ ཏུ་མེད་པར་འདོད། དེ་ན་སེམས་ཀྱི་ངོ་བོ་དེ་ཉིད་གློ་བུར་བའི་དྲི་མས་བསྒྲུབས་ཡོད་ པ་དང་། དྲི་མ་དེ་བསལ་ཞིང་སེམས་ཀྱི་ངོ་བོ་གསལ་བར་བྱེད་པ་ལ་ཕྱི་རོལ་རྟོགས་

ཚད་ཀྱི་ཕྱི་རྐྱེན་ལ་བརྟེན་དགོས། ཕྱི་རོལ་རྟོགས་ཚད་ལ་བརྟེན་ནས་ནང་གི་ངོ་བོ་

ཡོངས་སུ་གསལ་བའི་ཆ་དེ་ནི་སངས་རྒྱས་སམ་ཡེ་ཤེས་ཡིན་པར་འདོད་པ་དེས། མི་ལ་ལྷན་སྐྱེས་ནས་ནུས་པ་ཞིག་ཡོད་ལ་ནུས་པ་དེ་སད་སྨིན་རྫོགས་གསུམ་བྱེད་

པ་ནི་ཤེས་ཡོན་སྤྲོད་པའི་ཉིང་དགོས་ཡིན་པར་ངོས་འཛིན་བྱས་ཡོད། ལྟ་ཚུལ་ འདིས་མི་རེ་རེ་བའི་ཐུན་མོང་མ་ཡིན་པའི་ནུས་པ་ངོས་འཛིན་བྱས་མེད་ནའང་མི་

ཀུན་ལ་ལྷན་སྐྱེས་ནས་ནུས་པ་ཞིག་ཡོད་པར་ངོས་འཛིན་བྱས་ཡོད། དེ་ནི་ཤ ེས་

ཡོན་རིག་པའི་མིའི་ལྷན་སྐྱེས་ཀྱི་ཆོས་ཉིད་སྔོག་འདོན་བྱེད་པ་དང་། དེ་དང་བསྟུན་

ཏེ་ཤ ེས་ཡོན་སྤྲོད་དགོས་པའི་ལམ་སྟོན་ཞིག་ཡིན། འདི་ནི་ལོ་ངོ་གཉིས་སྟོང་ཡར་ སྔོན་གྱི་ཤཱཀྱ་ཐུབ་པའི་རྟོགས་ཚད་ཅིག་ཡིན་ཏེ། རྟོགས་ཚད་འདི་ཉིད་ཀྱིས་བོད་

ཀྱི་ཤེས་ཡོན་སྤྲོད་པའི་ལྟ་གྲུབ་ཁྲོད་དུ་སློབ་གྲྭ་ནི་བཟོ་གྲྭ་མིན་པ་དང་དགེ་རྒན་ནི་

བཟོ་བ་མིན་པར། སློབ་གྲྭ་ནི་མེ་ཏོག་ལྡུམ་ར་ཞིག་དང་དགེ་རྒན་ནི་ལྡུམ་རའི་བདག་

གཉེར་བ་ཞིག་ཡིན་པར་ལམ་སྟོན་གནང་ཡོད་པ་མ་ཟད། དགེ་རྒན་ནི་ཁྲབ་འཁྲིད་ པ་དང་སློབ་ཕྲུག་ནི་འཁྲབ་སྟོན་པ་དངོས་ཡིན་པར་བསྟན་ཡོད། ད་དུང་སངས་རྒྱས་ ཀྱིས་ངས་ནི་ཁྱེད་ལ་ཐར་བའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤ ེས་པར་

གྱིས། །ཞེས་གསུངས་པ་ལྟར་དགེ་རྒན་ནི་ལམ་སྟོན་པ་དང་སློབ་ཕྲུག་ནི་ལམ་དུ་

འཇུག་མཁན་ཡིན་པ་དང་། དགེ་རྒན་ནི་ཐུན་པའི་རྐྱེན་ཙམ་དང་སློབ་ཕྲུག་ནི་ལྷན་ སྐྱེས་ནི་རྩ་བའི་དངོས་རྒྱུ་ཡིན། དགེ་རྒན་ནི་ཟུར་ནས་ལྟ་ཞིབ་པ་དང་སློབ་ཕྲུག་ནི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 447

དབུས་ཀྱི་ལག་བསྟར་བ། ཁྲིད་པ་ནི་ཕལ་བ་དང་སྦྱོང་བ་ནི་གཙོ་བ། ཕྱི་རོལ་གྱི་ ཤེས་བྱ་ནང་འདྲེན་ནི་ཕལ་བ་དང་ནང་ལོགས་ནས་སྨིན་རྟོགས་བྱུང་བ་ནི་གཙོ་བ་

སོགས་ཤ ེས་ཡོན་རིག་པའི་འཁོར་བསྐྱོད་མཐའ་དག་གིས་སློབ་མའི་ལྷན་སྐྱེས་ཀྱི་ མཐའ་སྐོར་ཏེ་ལྟ་སྐྱོང་དང་ཞབས་འདེགས་བསྒྲུབས་པར་བླང་བྱ་བཏོན་ཡོད་དོ། །

བཅུ་བཞི་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབབ་ཕྱོགས་དང་དེའི་ སྲོག་ཤིང༌།

སྤྱིར་རིག་པའི་གནས་གང་ཡིན་ཀྱང་དེ་ལ་མཐར་ཐུག་གི་འབབ་ཕྱོགས་ཤ ིག་དང་ དེའི་རྩ་བའི་སྲོག་ཤ ིང་ཞིག་ངེས་པར་དུ་ཡོད་དགོས་ལ། དེ་བཞིན་ཤ ེས་ཡོན་ཞེས་

པར་ཡང་རིག་གནས་གང་དེ་དང་འདྲ་བའི་མཐར་ཐུག་གི་འབབ་ཕྱོགས་དང་སྲོག་

ཤིང་གསལ་བོ་ཞིག་ཡོད་ངེས་ཡིན། དེ་ཡང་ཡིན་ཏེ་ཤེས་ཡོན་ནི་རིག་གནས་

དར་རྒྱས་ཀྱི་ཆེད་ཡིན་པ་དང༌། རིག་གནས་དར་རྒྱས་དེའང་མིའི་རིགས་ཀྱི་འཚོ་

བའི་དགོས་མཁོའམ་བདེ་སྐྱིད་ཅིག་གི་ཆེད་དུ་ཡིན། དེ་ནི་རིག་གནས་གང་དེའི་ ཕུལ་བྱུང་གི་ཕྱོགས་ཀྱི་ཕུགས་བསམ་གྲུབ་ན་ད་གཟོད་མངོན་འགྱུར་བྱས་པ་ཡིན།

རླབས་ཆེ་བའི་དམིགས་ཡུལ་ཞིག་འགྲུབ་པ་ལ་འཆར་གཞི་གཏིང་ཟབ་དང༌། འཆར་ གཞིའི་ཁ་ཕྱོགས་གསལ་བོ། འཆར་གཞི་མ་ནོར་བ་བཅས་ལ་བརྟེན་དགོས་ན་སྤྱི་

ཚོགས་དང་ཤེས་ཡོན་ཡར་རྒྱས་སུ་གཏོང་དགོས་ན་ཤེས་ཡོན་རིག་པ་ཡང་དག་ པར་རག་ལས་པའི་དཔྱད་ཐབས་འདིའི་སྒོ་ནས་བལྟས་ན་སྲོལ་རྒྱུན་སློབ་གསོའ་ི

འབབ་ཕྱོགས་དང་སྲོག་ཤིང་མཐོང་ཐུབ།


448 ཉམས་ཞིབ་དེབ་ཕྲེང་། ༡

སྲོ ལ ་རྒྱུན་དགོ ན ་སྡེ ་ཤེ ས ་ཡོ ན ་གྱི ་ འབབ་ཕྱོ ག ས་དང་སྲོ ག ་ཤི ང ་ནི ་ སྒེ ར ་

སེམས་དོར་ཏེ་སྤྱི་དོན་བསྒྲུབ་རྒྱུ་དང་དེའང་འགྲོ་བ་རིགས་དྲུག་དང༌། རང་གི་ བདག་དོར་དེ་རང་ཉིད་ཚུལ་ལྡན་དུ་བྱེད་ཐབས་ཀྱི་ཡུལ་ཅན་བསམ་བློ་ནམ་ཡང་

གཙང་བཤེར་དང༌། ཡུལ་བྱ་དངོས་ཡོད་ཚད་ཀྱི་གནས་ལུགས་མཐར་ཐུག་དབྱེ་

ཞིབ་དང་འཚོལ་དཔྱོད་བྱས་ཏེ་སྙིང་པོ་མེད་པར་ངོས་འཛིན་པ་དང་། གང་ངོས་

ཟིན་པའི་དོན་དེ་རང་རྒྱུད་ལ་སྦྱར་ཞིང་སྲོག་ལྡན་ཡོད་ཚད་ལ་ཚད་མེད་བཞིའི་ལྟ་ སྟངས་འཛིན་དགོས། དེའང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས<ནང་པའི་ལྟ་སྤྱོད་

ཀུན་བཏུས>ཞེས་པའི་བརྩམས་ཆོས་ཀྱི་ནང་དུ། “ནང་པའི་ཆོས་ཀྱི་རྩ་བ་ནི། སྡུག་ བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་བཅས་

འཕགས་པའི་བདེན་པ་བཞི་བོ་རྣམས་ཡིན།” <རྒྱུད་བླ་མ>ལས། “ནད་ནི་ཤ ེས་ 259

བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ཞིང༌། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། ། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་

ཞིང་བསྟེན་པར་བྱ། །” ཞེས་གསུངས་པ་ལྟར་བདེན་པ་བཞིའི་གཞི་རྩའི་ཆོས་ཉིད་ 260

དང་འཇུག་ལྡོག་མ་ནོར་བ་ཞིག་རང་སྟེང་ནས་ཉམས་སུ་ལེན་པ་དང་། བདག་དང་

གཞན་གྱི་འབྲེལ་བའི་ཕྱོགས་ནས་ཀྱང་ཚད་མེད་བཞི་སྟེ། ༡) བྱམས་པ་ཚད་མེད།

༢) སྙིང་རྗེ་ཚད་མེད། ༣) དགའ་བ་ཚད་མེད། ༤) བཏང་སྙོམས་ཚད་མེད་བཅས་ ཚད་མེད་བཞིའི་འདུ་ཤ ེས་བཟུང་སྟེ་དོན་དངོས་ཀྱི་ལག་ལེན་དུ་ཁེལ་དགོས། ཞོར་

དུ་རང་གཏོགས་ཀྱི(བོད་ཀྱིས་ཆོས་ལུགས་དང་གྲུབ་མཐའ་ནི་རང་རྟོགས་ཀྱི་འདམ་ང་ཞིག་མིན་པར་ཁྱིམ་རྒྱུད་ 259 <<ནང་པའི་ལྟ་སྤྱོད་ཀུན་བཏུས།>>ཤོག་ངོས༢༧།

༸གོང་ས་སྐྱབས་མགོན་ཆེན་པོའ ི་བཀའ་སློབ་གསུང་

བཤད། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་གིས་ཕབ་བསྒྱུར་བྱས། རྒྱ་གར་རྡ་ས་རིགས་ལམ་སློབ་གཉེར་ ཁང་གིས་དཔར།

260 <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ།

མགོན་པོ། ཐེ་ཝན་ནང་པའི་ཤ ེས་ཡོན་བདེ་རྩ་ལྷན་ཚོགས།

།>> ཤོག་ངོས། ༡༩༤། རྗེ་བཙུན་བྱམས་པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 449

འབྲེལ་བའི་སྟེང་ན་ཡོད་པས། རང་སྐྱེ་ཡུལ་དང་ཁྱིམ་ཚང་ཆོས་བརྒྱུད་གང་དུ་གཏོགས་ན་དེ་ཉིད་ཀྱི་རྗེས་སུ་འབྲངས་

པ་ལས་གང་ཟག་སྒེར་རང་ཉིད་ཀྱི་མོས་པ་དང་ངོས་འཛིན། ཤེས་རབ་ཀྱི་དབྱེ་ཞིབ་བཅས་བྱས་ནས་རང་ཉིད་ཆོས་

བརྒྱུད་གང་ཞིག་ཏུ་ཞུགས་དགོས་མིན་ཐག་གཅོད་མི་བྱེད།) གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་བྱེད་

པ་དང་ཆོས་ལུགས་ཡར་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་བདེ་དོན་གཉིས་དོན་

སྙིང་གཅིག་ཏུ་བརྩི། ལྟ་ཚུལ་འདིའམ་ཤེས་ཡོན་འབབ་ཕྱོགས་འདི་དང༌། རིག་ གནས་སྲོ ག ་ཤིང་འདི་ཉིད་མདོ ར་བསྡུས་ན་གཤམ་གྱི་ ཕར་ཕྱིན ་དྲུག་གམ་སྙིང་ སྟོབས་རྣམ་པ་དྲུག་གི་ནང་དུ་འདུ་སྟེ། ༡) སྦྱིན་པ། ༢) ཚུལ་ཁྲིམས། ༣) བཟོད་ པ༑ ༤) བརྩོན་འགྲུས། ༥) བསམ་གཏན། ༦) ཤེས་རབ་རྣམས་སོ། །འདི་དག་ ནི་ནམ་ཡང་འབྲེལ་ཏེ་ཡོད་པའི་རིག་གནས་ནང་ལོགས་ཀྱི་གྲུབ་ཆ་དྲུག་གམ་སྙིང་

སྟོབས་མི་འདྲ་བ་དྲུག་དང༌། སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་རིག་པས་ངེས་པར་དུ་ ངོས་འཛིན་ཡང་དག་དང་ལེགས་འགྲུབ་དགོས་པའི་མི་བུ་སྐྱེད་སྲིང་བྱེད་ཐབས་

དྲུག་ཡི ན ་ལ་དམི ག ས་ཡུལ་དྲུག་ཀྱང་རེ ད ། མི འི ་ རི ག ས་ཀྱི ས ་ཡ་རབས་སྤྱོ ད ་

བཟང་གིས་སྤྱི་དོན་བསྒྲུབ་པ་དང་གནས་ལུགས་རྟོགས་པར་བྱེད་པའི་གོ་རྟོགས་

ཀྱི་བརྒྱུད་རིམ་དྲུག་དང་མིའི་རིགས་ཀྱིས་ཆོས་ཐམས་ཅད་ལ་མ་ནོར་བ་དང་ཡང་ དག་པར་ལྟ་སྟངས་ཀྱི་ཐབས་ཚུལ་དྲུག་ཀྱང་རེད། དེ་བས“སྦྱིན་དང་ཚུལ་ཁྲིམས་ བཟོད་དང་བརྩོན་བསམ་གཏན། །དེ་བཞིན་ཤ ེས་རབ་གཞལ་མེད་ཕ་རོལ་ཕྱིན།། འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་རྒྱལ་བའི་དབང་

བོར་མཛོད། །” ཅེས་དང་སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་རིག་པ་བ་གྲགས་ཅན་ 261

རྒྱ་གར་ཀྱི་རྒྱལ་སྲས་ཞི་བ་ལྷས་ཀྱང<སྤྱོད་འཇུག>གི་བསྟན་དོན་སྙིང་པོའང་སྙིང་ སྟོབས་འདི་དྲུག་པོ་ཡིན།

དོ ན ་དམ་གྱི ་ ཆ་ནས་ཀྱང་ཆོ ས ་ཀྱི ་ སློ བ ་སྦྱོ ང ་མཐའ་དག་འབྱེ ད ་པའི ་ བྱེ ད ་

261 <<བཤེས་སྤྲིངས།>> ཤོག་ངོས་༣༥། རྩ་བ་ཀླུ་སྒྲུབ། རེད་མདའ་བའི་འགྲེལ་བ། ཝཱཎཱ་ས་སྐྱའི་སློབ་ལྷན་གྱིས།


450 ཉམས་ཞིབ་དེབ་ཕྲེང་། ༡

ཐབས་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱི་སྟེང་དུ་བཞག་སྟེ་གནས་

ལུགས་བཙལ་བ་དང༌། སྡུད་པའི་བྱེད་ཐབས་ལ་བརྟེན་ནས་གང་རྙེད་པའི་དོན་དམ་ དང་ཀུན་རྫོབ་ཀྱི་ལྟ་བ་དེ་སེམས་ཁོང་དུ་བསྡུས་ཏེ་སྙིང་པོ་ཉམས་ལེན་ལ་དངོས་སུ་

སྦྱོར་བར་བྱེད་པའི་དེ་འདྲའི་འབབ་ཕྱོགས་ཤིག་ཡོད། འཛམ་གླིང་གི་རིག་གནས་

ཁ་ཤ ས་ལ་འབྱེད་པའི་ནུས་པ་ཡོད་ཀྱང་སྡུད་པའི་ནུས་པ་མེད་པ་དང་། ཁ་ཤ ས་ལ་ སྡུད་པའི་ནུས་པ་ཡོད་ཀྱང་འབྱེད་པའི་ནུས་པ་མེད། གཤམ་དུ་བོད་ཀྱི་སྲོལ་རྒྱུན་ ཤེས་ཡོན་གྱི་འབབ་ཕྱོགས་འགྲེལ་བརྗོད་བྱས་ན།

༡) སྦྱིན་པ། — ལུས་སྲོག་ལོངས་སྤྱོད་དང་བཅས་པ་རང་གཞན་གྱི་ཕན་བདེའི་ དོན་དུ་བློས་གཏོང་བྱེད་ནུས་པའི་སྙིང་སྟོབས་ཤིག

༢) ཚུལ་ཁྲིམས། — སྒྲིག་ཁྲིམས་དང་ལྡན་པར་བྱེད་པའི་རང་བཅུན་གྱི་བསམ་ བློའ ི་སྙིང་སྟོབས་ཤིག

༣) བཟོད་པ།

ལེགས་པ་དང་ཉེས་པའི་བྱ་དངོས་ཡོད་ཚད་ལ་འདྲ་མཉམ་

ཀྱིས་དང་ལེན་བྱེད་པའི་བསྲན་ཐུབ་ཀྱི་སྙིང་སྟོབས་ཤ ིག

༤) བརྩོན་འགྲུས།

ལེགས་ཉེས་གདམ་ཤེས་པའི་སྒོ་ནས་སྤྲོ་སེམས་ཀྱིས་

ཡུལ་ལ་འཇུག་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཤིག

༥) བསམ་གཏན།— ལུས་སེམས་འདུལ་སྦྱོང་བྱས་ཏེ་གང་འདོད་དུ་བཀོལ་ཐུབ་ པའི་ཤ ིན་སྦྱང་གི་སྙིང་སྟོབས་ཤིག

༦) ཤེས་རབ།

ཡུལ་དང་ཡུལ་ཅན་གྱི་གནས་ལུགས་ལ་མ་རྨོངས་པར་

དཔྱད་ཞིབ་དང་ཐག་གཅོད་བྱེད་པའི་དཔྱོད་ཤེས་ཀྱི་སྙིང་སྟོབས་ཤ ིག འདི་ ནི་ཚན་པ་གཞན་དྲུག་པོའ་ི གཞུང་ཤིང་ལྟ་བུའི་གལ་ཆེན་གྱི་ཚན་པ་ཞིག་

ཡིན་ཕྱིར་གཞུང་དག་ཏུ། “ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 451

ཤེས་རབ་དོན་དུ་གསུངས། །” ཞེས་ཀྱང་བཀོད་ཡོད་དོ། ། 262

འདི་འདྲའི་སྙིང་སྟོབས་དྲུག་དང་ལྡན་པར་གྱུར་ཚེ་ཤེས་ཡོན་གྱི་དམིགས་

ཡུལ་འགྲུབ་པ་ཡིན་ཏེ། གཞན་གྱི་མི་དགེ་བ་བཅུ་ལ་སོགས་པའི་བསྲུང་བྱ་དང་དགེ་

བ་བཅུ་ལ་སོགས་པའི་བསྒྲུབ་བྱ་མཐའ་དག་ཀྱང་གྲུབ་པར་བཤད་མི་དགོས། མིའི་ རིགས་ཀྱི་འཕགས་པ་དང༌། སངས་རྒྱས་ཞེས་ཚད་མེད་འབྲི་བཞེངས་བྱས་པའི་

དགེ་སྒྲུབ་བདག་སྤངས་གི་སྤུས་ཚད་ལ་བསླེབས་པར་བརྩི། དེའི་ཕྱིར་ཞི་བ་ལྷས་

གསུངས་པ་ལྟར་ཆོས་བོན་གཉིས་ཀའི་སྲོལ་རྒྱུན་དགོན་སྡེའི་ཤ ེས་ཡོན་གྱི་མཐར་ ཐུག་གི་འབབ་ཕྱོགས་ནི་དྲུག་ཚན་འདིའི་ནང་དུ་བསྡུས་ན་འགྲིག སྲོལ་རྒྱུན་དགོན་

སྡེའི་རིག་གནས་ཀྱི་རྩ་བ་ནང་དོན་རིག་པ་དང༌། དེའི་ཡན་ལག་ཏུ་གྱུར་པ་བཟོ་རིག་ པ་དང༌། གསོ་བ་རིག་པ། ཚད་མ་རིག་པ། སྙན་ཚིག་རིག་པ། མངོན་བརྗོད་རིག་

པ༑ སྡེབ་སྦྱོར་རིག་པ། སྐར་རྩིས་རིག་པ། ཟློས་གར་རིག་པ་བཅས་ཀྱི་སྲོག་ཤ ིང་ ཡང་དྲུག་ཚན་འདི་ཡིན་ན། འདི་ནི་སྲོལ་རྒྱུན་དགོན་སྡེ་རིག་གནས་ཀྱི་སྙིང་སྟོབས་

ཡིན་པ་སྨོས་མ་དགོས། མི་དག་དེ་འདྲའི་ལམ་དུ་ཁྲིད་ཐུབ་མིན་དེ་ཤ ེས་ཡོན་རིག་ པ་ཞེས་པའི་རིག་ཚན་འདིས་ཐག་གཅོད་དགོས་པ་ལས་བསླབ་བྱའི་ནང་དོན་ཁོ་ ནར་རག་ལས་མེད་པ་ཤེས་དགོས་སོ། །

འབབ་ཕྱོགས་དེ་དང་སྲོག་ཤིང་དེ་འཛིན་ཐུབ་པ་ན་གཞི་ནས་དགོན་སྡེའི་

ཤེས་ཡོན་གྱི་རེ་བ་ཉག་གཅིག་ཏུ་གྱུར་པའི་མཁས་བཙུན་བཟང་གསུམ་ཞེས་པའི་

མི་གཤིས་སྤུས་ལྡན་འབྱུང་ཐུབ་ལ། དགོན་སྡེའི་ཤེས་ཡོན་གྱི་དགོངས་པ་ལྟར་སྲོལ་ རྒྱུན་ཤ ེས་ཡོན་གྱིས་ཡང་དག་པའི་མི་སྤུས་གསོ་སྐྱོང་བྱས་པ་ལ་བོན་གྱི་རྒྱན་དྲུག་

དང་རྗེ་ཉམས་མེད་པ། སྐ་ཅོག་ཞང་གསུམ། ས་སྐྱ་གོང་མ་རྣམ་ལྔ། བཀའ་གདམས་

262

<<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །>> དེབ་བརྒྱད་པ། ཤོག་ངོས༡༩༧།

རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད། མི་རིགས་དཔེ་སྐྲུན་ཁང་གིས་དཔར།


452 ཉམས་ཞིབ་དེབ་ཕྲེང་། ༡

སྐུ་མཆེད་གསུམ། རྗེ་ཡབ་སྲས་གསུམ། དགའ་ལྡན་གསེར་ཁྲི་རིམ་བྱོན། འཇམ་

དབྱངས་གཙང་པ་བདུན་བརྒྱུད། མར་མི་དྭགས་གསུམ། རྒྱལ་པཎ་སྐུ་འཕྲེང་རིམ་ བྱོན་སོགས་ཡིན་ལ། དེ་དག་ནི་འཆད་རྩོད་རྩོམ་གསུམ་ལ་མཁས་པས་མཁས་

པ་དང༌། བསླབ་པ་གསུམ་དང་ལྡན་པས་བཙུན་པ། ལྷག་བསམ་གཞན་ཕན་གྱིས་ ཐུགས་རྒྱུད་ཕྱུག་པས་བཟང་བ་སྟེ་མཁས་བཙུན་བཟང་གསུམ་འཛོམས་པར་བརྩི་

ཞིང་། སྲོལ་རྒྱུན་ཤ ེས་ཡོན་གྱིས་མི་གཤིས་ཚད་ལྡན་གསོ་སྐྱོང་བྱས་པའི་དཔེ་གཞི་ ཞིག་དང་ཤ ེས་ཡོན་གྱི་དམིགས་འབེན་གྲུབ་པའི་ནང་དོན་དུ་བགྲང་བཞིན་ཡོད་དོ།།

བཅོ་ལྔ་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་དམིགས་ཚད།

སྲོལ་རྒྱུན་ཤེས་ཡོན་གྱི་འབབ་ཕྱོགས་དེ་ཕར་ཕྱིན་དྲུག་རེད་ཅེས་ཟེར་ཆོག་མོད།

དེའི་མཐར་ཐུག་གི་སྙིང་དོན་དེ་གསལ་བོར་བཤད་ན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་

པར“ཆོས་ཀྱི་མདོ་བཞི་བོ་འདི་དག་བརྗོད་ན་གང་དག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་

སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། །” ཞེས་དང་འཕགས་པ་བློ་གྲོས་མི་ཟད་ པའི་མདོར“བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞི་མི་ཟད་པ་སྟེ“ཞེས་ དང་། “འཕགས་པ་དཀོན་མཆོག་བརྩེགས་པའི་ནང་ཚན་བྱང་ཆུབ་སེམས་པའི་སྡེ་ སྣོད་དུ། ཆོས་ཐམས་ཅད་དེ་བཞིན་གཤེགས་པས་བསྡུས་ཏེ། ཆོས་ཀྱི་མདོ་བཞིར་

འདུས་པར་བྱས་སོ། །” ཞེས་སོགས་རིམ་པ་བཞིན་དུ་སྡེ་དགེའི་བཀའ་འགྱུར། མདོ་

ཕ་བའི་༢༠༥དང་། (སྡེ་དགེའི་བཀའ་འགྱུར།)མདོ་མ་བའི་ཤོག་ངོས༡༦༨པ། (སྡེ་དགེའི་བཀའ་

འགྱུར།) 263

དཀོན་བརྩེགས་ཁ་བའི༢༨༧བཅས་ནས་ལུང་འདྲེན་བྱས་ཡོད་པ་ལྟར།

263

<<ཆོས་ཀྱི་སྡོམ་བཞི་བསྟན་པའི་མདོ།>> ཤོག་ངོས། དཔྱད་ཞིབ་པ་རྒྱལ་མཚན་རྣམ་གྲོལ། རྒྱ་གར་ཝཱཎཱ་ཆེས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 453

ཆོས་ཀྱི་མདོ་བཞིའམ་ཆོས་ཀྱི་སྡོམ་བཞི་ནི(དྷརྨོདྡཱན) ནང་བསྟན་ཤ ེས་རིག་གི་རྩ་བའི་ ལྟ་སྟངས་ཤ ིག་ཡིན་པ་ལྟར། བྱ་དངོས་གང་ལའང་འདུས་བྱས་ཐམས་ཅད་མི་རྟག་པ་

དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ ངན་ལས་འདས་པ་ཞི་བ་ཁོ་ནའི(སྡེ་དགེའི་བཀའ་འགྱུར། མདོ་མྱང་འདས། ཐ་བའི་ཤོག་ངོས་༣༣པར།

དགེ་སློང་དག་ཁྱེད་ཀྱིས་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཇི་ལྟར་

བསྒོམ་ཞེས་སངས་རྒྱས་མྱ་ངན་ལས་འདས་ཁར་གཟབ་ནན་གྱི་སྒོ་ནས་མཐའ་མའི་ཁ་ཆེམས་དང་ཆོས་ཀྱི་རྩ་དོན་ལྟ་ བུར་གནས་ལུགས་འདི་གསུངས་ཡོད།) 264 རྩ་བའི་ལྟ་སྟངས་སམ་གནས་ལུགས་ཀྱི་སྒོ་ནས་ལྟ་

ཐུབ་པ་དང་། (ཆོས་ཀྱི་སྡོམ་བཞི་བོ་དེ་དག་གང་ཞེ་ན། རྒྱུ་རྐྱེན་དུ་མ་འདུས་ཤིང་ཚོགས་པས་བསྐྱེད་པའི་འདུ་ བྱས་ཐམས་ཅད་མི་རྟག་པ་དང་། ཀུན་འབྱུང་ལས་ཉོན་གྱིས་བསྐྱེད་པའི་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་

བ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པའི་བདག་མེད་པ་དང་། སྲིད་ཞིའི་

མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི་ཞིང་དགེ་བ་བཅས་བསྟན་པ་ལ་བརྟེན་ནས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས་རྒྱུད་ལ་དེ་དག་རྟོགས་པའི་ལུང་རྟོགས་ཀྱི་བསྟན་པ་མི་ཟད་པའི་

ཤེས་པ་སྟེ་མཁྱེན་པ་རབ་ཏུ་འཇུག་པར་གསུངས།)

དེའང་མདོར་བསྡུས་ན་བྱང་ཆུབ་ཀྱི་སེམས་

དང་སོ་སོར་རྟོགས་པའི་ཤེས་རབ་ཟུང་འབྲེལ་གྱི་སྒོ་ནས་མི་ཚེའི་སྙིང་པོ་དང་མཐར་

ཐུག་གི་བདེན་པ་བརྩད་ཞིབ་བྱེད་རྒྱུ་དེ་ཡིན། ཤེས་རབ་ཀྱི་རྟོགས་པ་ལ་བརྟེན་ནས་

བདག་སྟོང་གི་གནས་ལུགས་འཚོལ་བ་དང་། བདག་སྟོང་གི་གནས་ལུགས་བཙལ་ བ་ལ་བརྟེན་ནས་འཁོར་སྤངས་ལ་འབད་དེ་འཇིག་རྟེན་ལས་འདས་པའི་ཞི་བ་སྟེ་སྐུ་

གསུམ་བསྒྲུབ་རྒྱུ་དེ་ཡིན། དེའང་བྱང་ཆུབ་ཀྱི་སེམས་ཀྱིས་བརྩིས་ཟིན་པ་ཞིག་དང་ བྱང་ཆུབ་ཀྱི་སེམས་དེའང་ཤེས་རབ་ཀྱི་སྣེ་ཁྲིད་དང་ལྡན་པ་ཞིག་དགོས་པས་ན།

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་ 264

མཐོའ ི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར།

<<ཆོས་ཀྱི་སྡོམ་བཞི་བསྟན་པའི་མདོ།>>ཤོག་ངོས༡༠༡། དཔྱད་ཞིབ་པ་རྒྱལ་མཚན་རྣམ་གྲོལ། རྒྱ་གར་ཝཱཎཱ་

ཆེས་མཐོའ ི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར།


454 ཉམས་ཞིབ་དེབ་ཕྲེང་། ༡

གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་ རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་སོ། །འདི་ནི་སྲོལ་རྒྱུན་དགོན་སྡེའི་ སློབ་གསོའ་ི སྙིང་པོ་དམ་པ་དེ་ཡིན་པའི་ལྟ་སྟངས་བྱས་ན་འཇིག་རྟེན་འཁོར་བ་ལ་

དུག་སྦྲུལ་གྱི་ཚང་དང་འདྲ་བར་མི་གཙང་བ་འབའ་ཞིག་ཏུ་ལྟ་སྟེ་བོན་གྱི་སྔོན་འགྲོའ ི་

ཁྲིད་ཡིག་བཀའ་ལུང་རྒྱ་མཚོར། “གང་ལྟར་ཡང་འཁོར་བའི་གནས་རིས་ཆེན་པོ་ འདིར་སྐྱེས་ཕྱིན་ཆད༌། ཐར་པ་མེད་པ་ཉེས་ཅན་བཙོན་དོང་དུ་ཚུད་པ་དང་འདྲ། སྡུག་

བསྔལ་གྱི་སྐྱེ་གནས་གཅིག་གཅིག་འཕོ་བ་ཤིང་རྟའི་འཁོར་ལོ་དང་འདྲ། སྡུག་བསྔལ་ གྱི་སྡུག་བསྔལ་གྱི་སྦྱང་ཚད་མཆེད་ནས་འགྲོ་བ་རྩ་གསེབ་ཀྱི་མེ་དང་འདྲ། གཟུང་

འཛིན་གྱི་སྡུག་བསྔལ་དམ་པ་སྲིན་མོའ ི་བུ་སྟོར་བ་དང་འདྲ། སྡུག་བསྔལ་བསང་བ་ དཀའ་བ་ནད་མུག་གི་ནམ་ཟླ་དང་འདྲ། འཁོར་བའི་གནས་ལ་བདེ་བ་མེད་པ་ནད་ པའི་ཉལ་ས་དང་འདྲ། འཁོར་བའི་ལས་སྤྱོད་ལ་ཟད་པ་མེད་པ་ཆུའི་གཉེར་མ་དང་

འདྲ། སྤྱོད་ཀྱང་ཚིམ་པ་མེད་པ་ནད་ཟ་འཕྲུག་ཅན་གྱིས་ཟིན་པ་དང་འདྲ། བྱས་པའི་

དོན་ལ་བརྟག་ན་སྙིང་བོ་མེད་པའི་ཆུ་ཤིང་འདྲ་བ་ལ་སོགས་སྡུག་བསྔལ་གྱི་རང་ བཞིན་ལས་མ་འདས།” དེ་ལྟ་བུའི་བདེ་བ་མེད་ཅིང་སྡུག་བསྔལ་མཐའ་དག་འབྱུང་ 265

བའི་གཙོ་རྒྱུ་ལ་བདག་འཛིན་མ་རིག་པ་འཇོག་སྟེ་དེ་འདྲའི་བདག་དང་བདག་གི་བ་ དེ་ནི་སྡུག་བསྔལ་ཀུན་འབྱུང་བར་བྱེད་པའི་ཉོན་མོངས་པ་ཞིག་ལ་ངོས་འཛིན་བྱེད།

བྱེ ་ བྲག་མི ་ ལ་མཚོ ན ་ནའང་སྡུག་བསྔལ་གྱི ་ བདག་ཉི ད ་ཅན་འབའ་ཞི ག ་

ཡིན་པར“སྐྱེ་རྒ་ན་འཆི་བཞི་དང༌། དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པའི་སྡུག་ བསྔལ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། མེད་པ་བཙལ་

ཀྱིས་མི་རྙེད་པའི་སྡུག་བསྔལ། ཡོད་པ་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ་དང་ 265 བོན<<སྔོན་འགྲོའ ི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།

ཁྲོན་མི་རིགས་དཔེ་བསྐྲུན་ཁང༌།

>>ཤོག་ངོས ༡༢༨། ཤར་རྫ་བཀྲ་ཤ ིས་རྒྱལ་མཚན། སི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 455

བརྒྱད་ཡོད།” ཞེས་དང་ཆོས་གཞུང་རྣམས་སུའང་དེ་བཞིན་ཏེ། “དེས་བ་འདོད་ 266

པས་ཕོངས་དང་འཆི་བ་དང༌། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་ གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌། །འདི་ཡི་ཉེས་པ་ཤས་ཀྱང་གསན་པར་ མཛོད། །” ཅེས་དང༌། “འདོད་པའི་ཡོན་ཏན་ནི་མནོག་ཆུང་ལ་ཉེན་ཁ་ཆེ་བ་ 267

སྦྲུལ་སྡིག་པའི་ལུས་ཀྱི་གྲིབ་མ་དང་འདྲ་བ་དང༌། འགྲོ་བ་ལྔ་བོ་རྣམས་སྡུག་བསྔལ་

གསུམ་གྱི་མེ་རབ་ཏུ་འབར་བས་ཀུན་ཏུ་གདུངས་པར་མཐོང༌།” ཞེས་བྱུང་བར་ 268

བསམ་ན་ཆོས་བོན་གྱི་གཞུང་གང་དུའང་མི་དང་མིའི་འཚོ་བའི་ཕུན་ཚོགས་མཐའ་ དག་སྡུག་བསྔལ་བ་དང༌། མི་གཙང་པ། མི་དགེ་བ། མི་རྟག་པ་འབའ་ཞིག་ཏུ་ལྟ་

བའི་བསམ་བློའ་ི རྨང་གཞི་ཧ་ཅང་སྟུག་པོ་ལྡན་པས་ཤ ེས་ཡོན་གྱི་དམིགས་འབེན་ ནི་ཆོས་བོན་མི་ཆོས་མཚན་ཉིད་རིག་པའི་ལྟ་སྟངས་ཀྱིས་ཕྱག་རྒྱས་བཏབ་པའི་

སྐྱེས་བུ་རབ་འབྲིང་ཐ་གསུམ་ཡོད་པ་དང༌། མི་དག་ལམ་རབ་འབྲིང་ཐ་གསུམ་ ལ་རིམ་འཛེགས་ཀྱིས་བཀྲི་དགོས་ངེས་ཤིག་སྟེ་མིའི་རིགས་ཀྱི་འཚོ་བ་ནི་སྡུག་

བསྔལ་བརྒྱད་དང༌། དྲུག གསུམ་བཅས་ཀྱི་གནས་མལ་དུ་ལྟ་བའི་ལྟ་བ་འཛུགས་པ་

དང༌། ལྟ་བ་དེའི་སྟེང་ནས་རང་ཉིད་ཙམ་མ་ཟད་མི་ཡོད་དོ་ཅོག་ཐར་ལམ་དུ་འཁྲིད་ དགོས་པར་འདོད་ཅིང༌། ཕུགས་བསམ་དེ་མངོན་འགྱུར་བྱ་ཕྱིར་མི་དག་ལ་བདག་ དང་བདག་ཏུ་འཛི ན་པ་ནི་དོ ན་དངོས་གནས་ཚུལ་དང་མི ་ མཐུན་ཏེ ་ དངོ ས ་ཡོ ད ་

གནས་ལུགས་ལ་སྟོང་བའི་རང་བཞིན་ཅན་ཡིན་པ་ར་སྤྲད་དེ། “འཇིག་རྟེན་རྒུད་པ་

ཇི་རྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་

266 བོན

<<སྔོན་འགྲོའ ི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།>> ཤོག་ངོས༡༥༦། ཤར་རྫ་བཀྲ་ཤ ིས་རྒྱལ་མཚན། སི་

ཁྲོན་མི་རིགས་དཔེ་བསྐྲུན་ཁང༌།

267 <<བཤེས་སྤྲིངས།>>ཤོག་ངོས༡༣༡།

རེད་མདའ་བའི་འགྲེལ་པ། ཝཱཎཱ་ས་སྐྱའི་སློབ་ལྷན་གྱིས་པར།

268 <<བྱང་ཆུབ་ལམ་རིམ་ཆེན་མོ།>>ཤོག་ངོས༢༦༢། རྗེ་ཙོང་ཁ་པ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲ་ཚང༌།


456 ཉམས་ཞིབ་དེབ་ཕྲེང་། ༡

འབྲེལ་བར་འབྱུང་བར་གསུངས། །” ཞེས་དང༌། “དང་པོ་ང་ཞེས་བདག་ལ་ཞེན་ 269

གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་

རང་དབང་མེད་པ་ཡི། །” ཞེས་པ་སོགས་ཀྱི་དོན་རྟོགས་སུ་འཇུག་པ་གཙོ་བོར་ 270

བྱེད་ཅིང་དེའི་དོན་ལེགས་པར་རྟོགས་ན་བདེ་བ་ཟད་དུ་མེད་པའམ་སྡུག་བསྔལ་ དང་གཏན་དུ་བྲལ་བའི་ཐམས་ཅད་མཁྱེན་པ་དང་སངས་རྒྱས་འགྲུབ་པར་གསུང་

བཞིན་ཡོད། དེ་འདྲའི་ཕྱིར་ན་ཆོས་བོན་ཤེས་རིག་གི་དམིགས་འབེན་ནི་ཡོན་ཏན་ ཀུན་རྫོགས་དང་སྐྱོན་ཀུན་ཟད་ཅིག་འདོད་ཀྱིན་ཡོད་ལ། དེ་ནི་མངོན་པར་རྫོགས་

པའི་སངས་རྒྱས་པ་ཁོ་ནའོ། །དེ་ན་དམིགས་འབེན་གྱི་སྟེང་ནས་སྲོལ་རྒྱུན་དགོན་ སྡེ་ཤ ེས་ཡོན་དང་དེང་དུས་འཚོ་བའི་ཤེས་ཡོན་ནམ་སྤྱི་ཚོགས་ཤ ེས་ཡོན་གཉིས་

ཕྱོགས་མང་པོ་ནས་ཐ་དད་ཡིན་པ་ཤེས་ཐུབ་པ་དང༌། དམིགས་འབེན་དང་བྱེད་ ཐབས་ཀྱི་ཕྱོགས་དུ་མ་ནས་གཅིག་གྱུར་དང་མཐུན་པའི་ཆའང་མང་དུ་ཡོད།

བཅུ་དྲུག་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འཕེལ་རྒྱས་དང་ད་ལྟའི་ བར་དུ་རྒྱུན་སྐྱོང་ཐུབ་པའི་ནུས་པ་བཞི།

༡) ཉན་བཤད་ཀྱི་ཕན་ཡོན་བསམ་པ།

༢) སློབ་ཚན་དང་དེའི་བྱེད་པོར་ཚད་མཐོའ ི་གདེང་འཇོག་བྱེད་པ། ༣) དགེ་རྒན་ལ་ཚད་མཐོའ ི་གདེང་འཇོག་བྱེད་པ། ༤) རྩོད་པའི་རིག་པ།

269

270

<<དགེ་ལུགས་པའི་ཞལ་འདོན་ཕྱོགས་སྒྲིག>>རྟེན་འབྲེལ་བསྟོད་པ། ཤོག་ངོས༧༣། རྗེ་ཙོང་ཁ་པ། བོད་

ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

<<དབུ་མ་འཇུག་པའི་རང་འགྲེལ།>>ཤོག་ངོས༨། སློབ་དཔོན་ཟླ་བ་གྲགས་པ། ཝཱཎཱ་དཔེ་མཛོད་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 457

༡ ཉན་བཤད་ཀྱི་ཕན་ཡོན་བསམ་པ།

སྲོལ་རྒྱུན་དགོན་སྡེའི་དགེ་རྒན་མང་ཆེ་བར་གླ་དངུལ་དང་འཚོ་བའི་ཆ་རྐྱེན་

ལ་མི་ལྟོས་པར་སློབ་མར་སློབ་ཁྲིད་མཛད་པའི་རླབས་ཆེན་གྱི་བྱེད་སྟངས་ཤིག་

ཡོད། དེའང་གོམས་སྲོལ་ཙམ་མ་ཡིན་པར་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་ བ་ཡོད། ཁོང་དག་གིས་སློབ་ཁྲིད་བྱེད་པ་ལ་ཐུན་མོང་མ་ཡིན་པའི་ཕན་ཡོན་ཞིག་

ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་དེ། དཔེར་ན“རྙེད་བཀུར་དང་གྲགས་པ་ལ་ སོགས་པའི་ཟང་ཟིང་ལ་མི་ལྟ་བར་ཆོས་སྟོན་པ་ནི་ཤིན་ཏུ་ཕན་ཡོན་ཆེ་སྟེ<ལྷག་

པའི་བསམ་པ་བསྐུལ་བ>ལས། བྱམས་པ་ཉི་ཤུ་བོ་འདི་ནི་ཟང་ཟིང་མེད་པའི་ཆོས་

ཀྱི་སྦྱིན་པ་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་ དེའི་ཕན་ཡོན་ཡིན་ཏེ། །” ཞེས་ཆོས་ཀྱི་སློབ་ཁྲིད་བྱེད་པར་ཕན་ཡོན་ཉི་ཤུ་ཡོད་ 271

པའི་ལྟ་ཚུལ་བཟུང་ཡོད་དེ།

༡) དྲན་པ་དང་ལྡན་པར་འགྱུར་བ།

༢) བློ་གྲོས་དང་ལྡན་པར་འགྱུར་བ། ༣) བློ་དང་ལྡན་པར་འགྱུར་བ།

༤) བརྟན་པ་དང་ལྡན་པར་འགྱུར་བ།

༥) ཤེས་རབ་དང་ལྡན་པར་འགྱུར་བ།

༦) འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ། ༧) འདོད་ཆགས་ཆུང་བར་འགྱུར་བ། ༨) ཞེ་སྡང་ཆུང་བར་འགྱུར་བ།

271

<<བྱང་ཆུབ་ལམ་རིམ་ཆེན་མོ།>> ཤོག་ངོས༢༧ནས༢༨། རྗེ་ཙོང་ཁ་པ། ཝཱ་ཎཱ་མཐོ་སློབ་སྤྱི་ལས་ཁང༌།


458 ཉམས་ཞིབ་དེབ་ཕྲེང་། ༡

༩) གཏི་མུག་ཆུང་བར་འགྱུར་བ།

༡༠) བདུད་ཀྱིས་དེ་ལ་གླགས་མི་རྙེད་པར་འགྱུར་བ།

༡༡) སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་བ། ༡༢) མི་མ་ཡིན་པ་རྣམས་དེ་ལ་སྲུང་བར་འགྱུར་བ། ༡༣) ལྷ་རྣམས་དེ་ལ་གཟི་བྱིན་སྐྱེད་པར་འགྱུར་བ།

༡༤) མི་མཛའ་བ་རྣམས་ཀྱིས་དེ་ལ་གླག་རྙེད་པར་མི་འགྱུར་བ། ༡༥) དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ།

༡༦) ཚིག་བཙུན་པར་འགྱུར་བ།

༡༧) དེས་མི་འཇུག་པ་ཐོབ་པར་འགྱུར་བ། ༡༨) ཡིད་བདེ་བ་མང་བར་འགྱུར་བ།

༡༩) མཁས་པར་བསྔགས་པར་འགྱུར་བ།

༢༠) དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འགྱུར་བ།

དགོ ན ་སྡེ ་ དགེ ་ རྒན་ཕལ་ཆེ ་ བ་ལའང་ཆོ ས ་གཞུང་ལས་བསྟན་པའི ་ ཆོ ས ་

འཆད་པའི་ཕན་ཡོན་གྱི་རྣམ་གྲངས་ཉི་ཤུ་བོ་དེས་ཤུགས་རྐྱེན་ཐེབས་ཡོད་ལ་བསམ་

བློ་དེས་རྐྱེན་བྱས་ཏེ་དང་བླངས་སློབ་ཁྲིད་བྱེད་ཀྱིན་ཡོད། དེ་འདྲའི་བསམ་བློ་ལྡན་

པའི་དགེ་རྒན་དག་གིས་ཆོས་ཐོས་པའི་ཕན་ཡོན་བསྟན་པའི་སྒོ་ནས་སློབ་ཁྲིད་བྱེད་

པ་ནི། “ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡུག་ལས་ལྡོག་པར་ བྱེད།།ཐོས་པས་དོན་མ་སྤོང་པར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །” ཅེས་ 272

སློབ་སྦྱོང་བྱས་པའི་ཕན་ཡོན་ལྔ་བསྟན་པ་དག་རྒྱས་པར་ཕྱེས་ན། 272

<<ཐོས་པའི་ཚོམས། སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ། །>> ཤོག་

ངོས༡༡༠། རྡ་ས་རིགས་སློབ་ཀྱིས་བཏོན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 459

བཅོམ་ལྡན་འདས་ཀྱིས།

སློབ་སྦྱོང་བྱས་པའི་ཕན་ཡོན་ལྔ།

ཐོས་པས་ཆོས་རྣམས་རྣམ་པར་ཤེས། །

ཐོས་པས་སྡུག་ལས་ལྡོག་པར་འགྱུར། ། ཐོས་པས་དོན་མ་སྤོང་བར་འགྱུར། །

ཐོས་པས་མྱ་ངན་འདས་པ་ཐོབ། །ཞེས་གསུངས་པ་ལྟར་དུ།

༡) མ་ཐོས་པ་ཐོས་པར་འགྱུར་བ། — ཤེས་བྱ་གསར་པ་རྟོགས་པ།

༢) ཐོས་པ་ཡོངས་སུ་བྱང་བར་འགྱུར་བ།—ཤེས་བྱ་གསར་པར་བྱང་ཆ་ལྡན་པ། (འདི་དག་ལས་ཐོས་པ་ལས་བྱུང་བའི་ཤེས་རབ་སྐྱེས་པར་འགྱུར།)

༣) སོམ་ཉི་སྤོང་བ།—བྱ་དངོས་ལ་དཔྱད་གཞིག་གིས་ཐེ་ཚོམ་གཅོད་ནུས་པ། ༤) ལྟ་བ་དྲང་པོར་བྱེད་པ། — ལོག་པར་རྟོག་པ་དྲང་བོར་བསྲུངས་བ། (འདི་དག་ལས་བསམ་པ་ལས་བྱུང་བ་ཤེས་རབ་སྐྱེས་པར་འགྱུར།)

༥) ཤེ ས ་རབ་ཀྱི ས ་དོ ན ་དང་ཚི ག ་ཟབ་མོ ་ རྟོ ག ས་པར་འགྱུར་བ།—གནས་ ལུགས་ཟབ་མོའ ི་རྟོགས་པ་རྒྱས་པ།

(འདི་དག་ལས་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྐྱེས་པར་འགྱུར།)

དེ་བཞིན“ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་

འཁྱེར་ནོར་གྱི་མཆོག །ཀུན་དུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་

ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའ ི་སྤང་འཇོམས་དཔུང་

གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་


460 ཉམས་ཞིབ་དེབ་ཕྲེང་། ༡

དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །” ཞེས་ 273

དང༌། “ཐོས་པས་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་

ཆུང་ཐར་བར་འགྱུར། །” ཞེས་པ་སོགས་ནས་བསྟན་པའི་ཐོས་པར་བསྐུལ་བའི་ 274

བསླབ་བྱ་དག་གིས་རྒྱུ་མཚན་ལྡན་པའི་དགོངས་དོན་བསྟན་ཞིང༌། སློབ་མ་དག་ ངམ་ངམ་ཤུགས་ཀྱིས་སློབ་སྦྱོང་ལ་འཇུག་པར་བྱེད་པའི་སྦྱོང་སེམས་བསྐྱེད་པ་

གཞིར་བཞག་ནས་སློབ་ཁྲིད་བྱེད། རྩ་བའི་མཐར་ཐུག་གི་དགོས་པ་སྤྱི་སྡོམ་བགྱིས་ ན“ཐོས་པས་མྱ་ངན་འདས་པ་ཐོབ། །”ཅེས་པར་འབབ་ཀྱང་སྐབས་དོན་གཞུང་སོ་ སོར་འཕྲལ་གྱི་དགོས་པ་མི་འདྲ་བ་རེ་ཡོད་པ་ངོ་སྤྲོད་བྱེད་པ་གཙོ་བོར་བཟུང་སྟེ་ དགོས་སོགས་ཆོས་བཞི་ཚང་བའི་སློབ་ཁྲིད་བྱེད་པ་གནད་དུ་འཛིན་ཏོ། །

༢ སློབ་ཚན་དང་དེའི་མཛད་པ་པོར་ཚད་མཐོའ ི་གདེང་འཇོག་བྱེད་པ།

སྲོལ་རྒྱུན་དགོན་སྡེའི་ཤེས་ཡོན་རིག་པས་སློབ་ཚན་ལ་གདེང་འཇོག་ཚད་མཐོན་ པོ་བྱེད་དེ“རྒྱལ་བའི་ཡུམ་གསུང་བ་ན་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་

པ་སོགས་མཛད་པ་ལྟར། ཆོས་ནི་སངས་རྒྱས་རྣམས་ཀྱིའང་བཀུར་བའི་ཞིང་ཡིན་ པས་ཆོས་ལ་གུས་པ་ཆེན་པོ་དང༌། སྟོན་པའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་

ཏེ་གུས་པ་བསྐྱེད་པར་བྱའོ། །” ཞེས་དང༌། 275

273

274

275

<<སྐྱེས་རབས་སོ་བཞིའི་རྩ་འགྲེལ་བཞུགས་སོ། །>>ཤོག་ངོས༡༦༡། སློབ་དཔོན་དཔའ་བོ། མཚོ་སྔོན་མི་

རིགས་དཔེ་སྐྲུན་ཁང༌།

<<སྐྱེས་རབས་སོ་བཞིའི་རྩ་འགྲེལ་བཞུགས་སོ།>>ཤོག་ངོས༡༦༡། སློབ་དཔོན་དཔའ་བོ། མཚོ་སྔོན་མི་

རིགས་དཔེ་སྐྲུན་ཁང༌།

<<བྱང་ཆུབ་ལམ་རིམ་ཆེན་མོ།>> ཤོག་༢༨ནས༢༩། རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 461

གཞུང་ལུགས་མཛད་པ་པོར་གདེང་འཇོག་བྱེད་པའི་སྒོ་ནས་སློབ་ཁྲིད་བྱེད་པའི་ ཁུངས།

“གཏམ་དེ་དག་ཟེར་བ་ན་གཞན་དག་རྣ་གཏོད་པ་ལ་སྦྱར་བར་བྱ་ཞིང་དང་པོར་སྟོན་

པའི་བསྔགས་པ་བརྗོད་པར་བྱའོ། །” ཞེས་དང༌། “གླེང་སློང་བའི་དུས་ན་དང་པོ་ 276

ཁོ་ནར་སངས་རྒྱས་ཀྱི་བསྔགས་པ་བརྗོད་པར་བྱའོ། །” ཞེས་པ་ལྟར་ཡོན་ཏན་ 277

ཡང་རྒྱས་བསྡུས་གཉིས་ཀྱིས་འཆད་པར་བྱ་བའི་བསྡུས་པ་ནི་རྣམ་གྲངས་ལྔས་བསྡུ་ ན་རྣམ་གྲངས་ལྔ་ནི།

༡) སྐྱེས་བུ་ཆེན་པོའ ི་མཚན་དཔེས་མཛེས་པས་གཟུགས་བཟང་བ། ༢) དབང་པོའ ི་སྒོ་བསྡམས་པས་ཉེ་བར་ཞི་བ།

༣) འདས་དང་མ་འོངས་ད་ལྟ་གསུམ་གྱི་དོན་མཁྱེན་པའི་མཁྱེན་པ་མངའ་བ།

༤) རང་དང་གཞན་གྱི་དོན་རྫོགས་པར་བསྒྲུབས་པས་བསྒྲུབ་པའི་ཡོན་ཏན་ མངའ་བ།

༥) མངོན་པར་ཤེས་པས་རིག་པའི་མཐུ་ལྡན་པས་མཐུའི་ཡོན་ཏན་མངའ་བ།

བསྡུས་པ་ནི་རྣམ་པ་དྲུག་གིས་རིག་པར་བྱ་ན་རྣམ་པ་དྲུག་ནི། ༡) ཡོན་ཏན་

མཐའ་དག་དང་ལྡན་པ། ༢) དྲི་མ་མེད་པ། ༣) གཡོ་མེད་པ། ༤) མཚུངས་པ་མེད་

པ༑ ༥) བདག་གཞན་དོན་གྱི་འཕྲིན་ལས་ཅན། ༦) ལས་ལ་མཐུ་མངའ་བ་བཅས་ ཀྱི་ཡོན་ཏན་བསྟན་པའི་སྒོ་ནས་གཞུང་དེ་དང་དེའི་བྱེད་པོར་གདེང་འཇོག་ཚད་

276

<<བསྟན་འགྱུར།>> སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། ཤོག་ངོས༡༦༥། འཕགས་པ་

ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་

277

ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

<<བསྟན་འགྱུར།>> སེམས་ཙམ། འི-ཡི-༧༥། རྣམ་བཤད་བསྡུ་བ་བཞུགས། ཤོག་ངོས༡༥༩། འཕགས་

པ་ཐོགས་མེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་ དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།


462 ཉམས་ཞིབ་དེབ་ཕྲེང་། ༡

ལས་འདས་པ་བྱས་ཏེ་སློབ་ཁྲིད་བྱེད་དོ། །དེ་བས་ཆོས་ལུགས་དགེ་རྒན་རྣམས་

ཀྱི་བསམ་བློར་སློབ་ཚན་གྱི་དགོངས་དོན་ནི་འཇིག་རྟེན་ཕུན་ཚོགས་གཞན་གྱིས་ འགྲན་དུ་མེད་པ་སྟེ། ཐ་ན་མིའི་བདེན་པ་ལས་སློབ་ཚན་གྱི་བདེན་པ་གཙིགས་ཆེར་

བྱེད་ཅིང༌། དགོངས་དོན་དེ་ཉིད་ཐམས་ཅད་མཁྱེན་ཅིང་ཚད་མའི་སྐྱེས་བུ་ཞིག་གིས་

གསུངས་པ་དང༌། གསུངས་བ་པོ་དེ་ནི་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་རྫོགས་ པར་ལྟ་ཞིང་ཕུགས་འདུན་མཐའ་དག་སློབ་ཚན་ཁོ་ནས་མཚོན་པར་བྱེད་པ་དང༌།

སློབ་ཚན་དེར་སྡུག་བསྔལ་མཐའ་དག་སེལ་ཞིང་བདེ་བའི་དངོས་པོ་བླ་མེད་དེ་ཐོབ་

པར་བྱེད་པའི་ནུས་པ་ཡོད་པ་མ་ཟད་འཇིག་རྟེན་མཐའ་དག་ཀྱང་གཏན་གྱི་བདེ་བར་

འགོད་ཐུབ་པའི་ཡིད་ཆེས་བྱེད། མདོར་ན་སློབ་ཚན་དེ་བྱེད་ཐབས་ཙམ་དུ་བཟུང་ ནས་སྦྱོང་བ་ཙམ་མིན་པར་དད་པའི་སྟོབས་ཀྱིས་སྦྱོང་བཞིན་ཡོད་དོ། །

སློབ་ཚན་དེའི་བྱེད་པོར་བཀུར་བཟོ་ཚད་ལས་བརྒལ་བ་བྱེད་དེ“བྲི་ཀཱ་མ་ལ་

ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའ ི་ཆེ་བ་དང༌།

ཆོས་ཀྱི་ཆེ་བ་དང༌། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་ བར་བཞེད” ཅེས་པ་ནི་གཞུང་གི་བྱེད་པོར་གདེང་འཇོག་ཚད་མཐོ་བོ་བྱེད་སྟངས་ 278

ཤིག་ཡིན་པ་ཤེས་ཐུབ་པ་དང༌།

སངས་རྒྱས་ནས་བརྒྱུད་པའི་རྒྱ་བོད་ཀྱི་ཆོས་

ལུགས་མཁས་པ་ཐམས་ཅད་ལ་ཕྱག་དང༌། མཆོད་པ་བྱ་བའི་འོས་སུ་འཛིན་ལ། དེ་ དག་སངས་རྒྱས་གང་དག་སེམས་ཅན་གྱི་ཕྱིར་དུ་མིར་སྐྱེ་བ་འཕོས་པ་ཤ ་སྟག་ཡིན་

པ་དང༌། རང་རང་གི་ཡིག་ཆའི་བདག་པོ་དང་བླ་མ། དགེ་རྒན་བཅས་ལའང་སངས་ རྒྱས་ལྟར་ལྟ་སྟེ“བླ་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་

ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ངོ་བོ་སྟེ་དཀོན་

278

<<བྱང་ཆུབ་ལམ་རིམ་ཆེན་མོ།>> ཤོག་ངོས༣། རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 463

མཆོག་ཀུན་འདུས། སྐུ་བླ་མ་གསུང་ཡི་དམ་ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་

འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས།

འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་བ། མ་འོངས་པའི་སངས་རྒྱས་ཐམས་ ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ།” ཅེས་ཡིན་ 279

པའི་འདུ་ཤ ེས་བཟུང་སྟེ་སྐྱེ་བ་གོང་འདེད་ཀྱིས་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ སོགས་ལ་སྦྱར་བ་དེ་ཡིས་མཚོན་ཐུབ་པ་ནི་དེ་དག་འཁྲུལ་བ་མེད་པའི་ཚད་མའི་

སྐྱེས་བུར་བསམ་བཞིན་ཡོད་ལ་ཀུན་མཁྱེན་ཏེ་ཐམས་ཅད་ཐུགས་སུ་མངའ་བའི་རེ་ བ་བྱས་ཏེ་མཚན་ཡང་དེ་ལྟར་གསོལ། གལ་སྲིད་རང་རང་གི་ལུགས་ཀྱི་སྟོན་པ་ དང་གཞུང་གི་བྱེད་པོ་དེ་དག་ལ་འཁྲུལ་བ་ཞིག་བྱུང་ཡང་དགོངས་དོན་གཞན་ཞིག་

ཏུ་བཅོས་ཏེ་ཚད་མས་བཤིག་མི་ཐུབ་པ་བཟོ་བ་དང༌། ཡང་ན་རང་ཅག་གི་བློ་སྣ་

ཆུང་བས་མ་རྟོགས་པ་ལས་དགོངས་དོན་ཟབ་མོ་ཡོད་དོ་ཅེས་བསྒྲུབས་པ་སོགས་ གང་ལྟར་འདས་པ་དང༌། སྲོལ་ལུགས། སྔོན་གྱི་སྐྱེས་བུ་བཅས་ཚད་མར་འཛིན་པའི་

ཤེས་ཡོན་གྱི་སྣང་ཚུལ་ཞིག་ཡོད་པས་ཆོས་ལུགས་དང་གྲུབ་མཐའ། དགེ་རྒན་གྱི་ བཞེད་པ་བཅས་འཁྲུལ་མེད་ཡང་དག་ཏུ་ལྟ་བའི་ལྟ་ཚུལ་ཡོད་པས་གཞན་གྱི་བཅོས་ སྒྱུར་དང་གསར་གཏོད། ལྟ་ཚུལ་གསར་པ་བཅས་ཀྱི་ཤ ན་མ་ཐེབས་པར་རྒྱུན་སྐྱོང་

བྱས་པ་རེད་ལ་དེ་ནི་གཞུང་གི་བྱེད་པོ་དང་གཞུང་ལ་ཚད་བརྒལ་གྱི་གདེང་འཇོག་ བྱས་པ་ཞིག་དང་དེས་ཤེས་ཡོན་རྒྱུན་འཛིན་བྱེད་པར་ནུས་པ་བླ་མེད་ཐོན་ཡོད་དོ།།

279

<<ཀུན་བཟང་བླ་མའི་ཞལ་ལུང༌།>> ཤོག ༦། ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ། ཆོས་སྤྱོད་པར་

སྐྲུན་ཁང༌།


464 ཉམས་ཞིབ་དེབ་ཕྲེང་། ༡

༣ དགེ་རྒན་ལ་ཚད་མཐོའ ི་གདེང་འཇོག་བྱེད་པ།

སྲོལ་རྒྱུན་སློབ་ཁྲིད་ནི་དགེ་རྒན་དབུས་འཇོག་གམ་དགེ་རྒན་གཙིགས་འཛིན་གྱི་ ཤེས་ཡོན་གྱི་རྣམ་པ་ཞིག་ཡིན་ཏེ། ཤེས་ཡོན་གྱི་རྣམ་པ་དེའི་ཁྲོད་ནས་དགེ་རྒན་

ལ་གདེང་འཇོག་བྱེད་པ་ནི་ཚད་ལས་བརྒལ་བ་ཞིག་སྟེ་བོན་གྱི་གཞུང་དག་ལས“ད་

ལྟ་སངས་རྒྱས་མྱ་ངན་ལས་འདས་པས་བྱང་ཆུབ་སྒྲུབ་པའི་ཐབས་བླ་མ་ལ་རག་ ལས་པས་ན། བླ་མ་ནི་སངས་རྒྱས་ཀྱི་ཞལ་ཚབ་ཡིན་ཏེ། གནས་སྐབས་དང་མཐར་ ཐུག་གི་དོན་ཐམས་ཅད་བླ་མ་ལས་འབྱུང་བས། འདི་ནི་དར་ཙམ་ཡང་མེད་ཐབས་

མེད” ཅེས་དང༌། ཆོས་གཞུང་དག་ཏུའང་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། “ཇོ་བོ་ 280

ལ༑ སྟོན་པས་བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་

བརྙེས་པ་མི་བདོག་ཞུས་པས། ཇོ་བོའ་ི ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་

ཆུང་སྐྱེ ས ་ཐམས་ཅད་བླ་མ་ལ་བརྟེ ན ་ནས་སྐྱེ ་ བ་ལ་ཁྱེ ད ་བོ ད ་བླ་མ་ལ་ཐ་མལ་ བའི་འདུ་ཤེས་ལས་མེད་ག་ན་སྐྱེས་གསུང༌།” ཞེས་པ་སོགས་ཀྱིས་བསྟན་པ་ 281

ནི་དགེ་རྒན་གང་ཞིག་ལ་ཐ་མལ་བའི་འདུ་ཤ ེས་ཀྱིས་ལྟ་མི་རུང་བར་སངས་རྒྱས་ ལྟར་ཡོན་ཏན་ཀུན་རྫོགས་སུ་བལྟས་ཏེ་སྐྱོན་ཡོད་ཀྱང་ཡོན་ཏན་དུ་མཐོང་དགོས་

པའི་དོན་ཡིན་ལ། དེའི་ཐད་སློབ་དཔོན་ལ་ནི་ཡོན་ཏན་བཟུང༌། །སྐྱོན་ནི་ནམ་ཡང་

བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་ མི་འགྲུབ། །ཅེས་སྐྱོན་ཤ ས་ཆེ་བ་ལའང་སྐྱོན་གྱི་ངོས་ནས་མ་བརྟགས་པར་ཡོན་ 280

<<སྔོན་འགྲོའ ི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།>> ཤོག་ངོས༥༠། ཤར་རྫ་བཀྲ་ཤ ིས་རྒྱལ་མཚན། སི་ཁྲོན་མི་

རིགས་དཔེ་སྐྲུན་ཁང༌།

281 <<བྱང་ཆུབ་ལམ་རིམ་ཆེན་མོ།>>

ཤོག་ངོས་༤༣། རྗེ་ཙོང་ཁ་པ། དགའ་ལྡན་ཤ ར་རྩེ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 465

ཏན་གྱི་ངོས་ནས་དད་པ་སྦྱངས་ན་རང་ལ་དངོས་གྲུབ་འབྱུང་བར་འགྱུར་རོ། །ཞེས་

སོགས་ནས་བསྟན་པ་ལྟར་སྐྱོན་གྱི་ངོས་ནས་ནམ་ཡང་མི་ལྟ་བར་ཡོན་ཏན་གྱི་ངོས་ ནས་བལྟ་དགོས་པ་དང༌། སྐྱོན་གྱི་ངོས་ནས་བལྟས་ཏེ་མ་གུས་པ་དང་བརྙས་པར་

བྱས་ན་ཉེས་པ་ཚབས་ཆེན་ཡོད་པར་བརྩི་སྟེ། <བླ་མ་ལྔ་བཅུ་པ་ལས།>“སློབ་

དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང༌། །གདོན་དང་ རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །” ཞེས་དང༌། 282

ལམ་རིམ་དུ<དགྲ་ནག་གི་དཀའ་འགྲེལ>དྲངས་པ་ལས “ཚིགས་བཅད་གཅིག་ཙམ་ ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །རྨེ་ཤ ་

ཅན་དུ་སྐྱེ་བར་འགྱུར། །” ཞེས་པ་སོགས་དགེ་རྒན་བསྟེན་ཚུལ་དང་ཚུལ་བཞིན་ 283

མ་བསྟེན་པའི་ཉེས་དམིགས་གསུངས་པ་སོགས་ལས་གསལ་བཤད་བྱེད་ཐུབ་པ་ནི་

དགེ་རྒན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཛིན་དགོས་པ་དང༌། ཚུལ་བཞིན་མི་ བསྟེན་པ་ནི་ཐར་བའི་གནས་མེད་པ་ཞིག་ཏུ་བསྟན་ཡོད་པ་དང༌། གཞུང་གཞན་དག་

ཏུའང་དེ་འདྲའི་བསམ་བློ་མང་དུ་བསྟན་ཡོད་དེ རྙིང་མའི་གཞུང་ཞིག་ཏུ་སློབ་མས་ 284

བླ་མར་བསམ་བློ་བདུན་གྱི་ངོས་ནས་བསྟེན་དགོས་པ་དཔེའི་སྒོ་ནས་བསྟན་ཡོད་དེ་ དེ་འདྲའི་དཔེ་བདུན་ནི། ༡

བླ་མ་ཤ ིན་ཏུ་སྲུང་བ་བུ་མཛངས་པ་ལྟ་བུ། བཀྱོན་ཀྱང་སླར་མི་ཁྲོ་བ་རྟ་མཆོག་ལྟ་བུ།

282 <<བླ་མ་ལྔ་བཅུ་པ་རྩ་འགྲེལ་དང་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་བཅས་

བཞུགས་སོ། །>>ཤོག་ངོས༣༧། རྗེ་ཙོང་ཁ་པས་མཛད། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར།

283 <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།>>ཤོག་ངོས༥༢།

སྐྲུན་ཁང༌།

284 <<ཀུན་བཟང་བླ་མའི་ཞལ་ལུང༌།>>

རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་

ཤོག་ངོས་ ༡༤༦། ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ། ཐེ་ཝན།


466 ཉམས་ཞིབ་དེབ་ཕྲེང་། ༡

འགྲོ་འོང་གནས་ལ་སྐྱོ་བ་སྤང་བ་གྲུ་ལྟ་བུ།

བཀའ་བཞིན་བསྒྲུབ་པ་བྲན་འཁོལ་ལྟ་བུ།

༤ བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུ། ༥

ཚ་གྲང་དཀའ་ཐུབ་བཟོད་པ་མགར་བའི་བཟོ་སྟེགས་ལྟ་བུ། དྲེགས་པ་སོགས་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟ་བུ།

དེ་འདྲའི་བསམ་བློ་བདུན་གྱིས་དགེ་རྒན་བསྟེན་དགོས་པ་བསྟན་ཡོད་ལ་དེ་

དང་མཚུངས་པར<ལམ་རིམ།>སོགས་ནའང་བསམ་བློའ་ི འཛིན་སྟངས་མི་འདྲ་བ་

དགུའི་སྒོ་ནས་བཤེས་གཉེན་བསྟེན་དགོས་པ་དང་། དེའང་དཔེའི་སྒོ་ནས་བསྟན་པ་ རྣམས་འདིར་བཀོད་ན།

༡ བུ་མཛངས་པ་ལྟ་བུའི་སེམས།

རང་དབང་དོར་ནས་རང་ཉིད་དགེ་རྒན་གྱི་དབང་དུ་བཏང་བ།

༢ རྡོ་རྗེ་ལྟ་བུའི་སེམས།

མཛའ་བ་དེ་སུས་ཀྱང་མི་ཕྱེད་པར་བརྟན་པར་བྱེད་པ།

༤ ཁོར་ཡུག་གི་རི་ལྟ་བུའི་སེམས།

དགེ་རྒན་གྱི་བྱ་བའི་ཁུར་ཐམས་ཅད་ཁུར་བ།

༣ ས་ལྟ་བུའི་སེམས།

༥ འཇིག་རྟེན་གྱི་བྲན་ལྟ་བུའི་སེམས།

༦ ཕྱག་དར་བ་ལྟ་བུའི་སེམས།

༧ ཐེག་པ་ལྟ་བུའི་སེམས། ༨ ཁྱི་ལྟ་བུའི་སེམས།

༩ གྲུ་ལྟ་བུའི་སེམས།

བླ་མའི་བྱ་བའི་ཁུར་ཐམས་ཅད་ཁུར་བ་ན་ཇི་ལྟར་བྱ་བ།

གོང་གི་བསམ་བློ་འདི་དག་ནི་ཆོས་གཞུང་ཆེན་པོ་རྣམས་ལས་ཁོལ་དུ་ཕྱུང་

བ་ཡིན་ལ། བསམ་བློ་འདི་དག་འཁོལ་ཕྱིང་བྱེད་དོན་ནི་གྲངས་འདྲེན་འདི་དག་གི་ བསྟན་དོན་འཚོལ་དཔྱོད་ལ་དམིགས་པ་ཡིན། དངོས་གཙོ་སྨྲ་བ་ཞིག་གམ་དེང་གི་

ཤེས་ཡོན་སྨྲ་བ་ཞིག་གིས་ཚུལ་འདིར་བལྟས་ན་དགེ་རྒན་གྱི་མདུན་ན་སློབ་མ་ནི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 467

བྲན་གཡོག་ལྟ་བུ་སྟེ་ཀུན་ནས་ཉམ་དམའ་བ་དང༌། རང་ཚུགས་མེད་པ། སློབ་མའི་

ལུས་ངག་ཡིད་གསུམ་ནི་འཇིམ་པ་ཞིག་དང་འདྲ་བར་དགེ་རྒན་གྱི་དབང་ཤ ེད་ལྟར་ བཟོ་བ་ལས་མིའི་ལྷན་སྐྱེས་ཀྱི་འཚར་ལོངས་ལ་ལས་སྣོན་དང་གཏོར་བཅོམ་ཚད་ མེད་བཏང་བ་བརྒྱུད་དེ། སློབ་མའི་བསམ་བློ་དེ་ནམ་ཡང་དགེ་རྒན་གང་ཞིག་གི་འདྲ་

རིས་ཡིན་པ་ལས་ལྷན་སྐྱེས་ཀྱི་མི་ཞིག་མིན་པར་དུས་རྟག་ཏུ“ས་ཙྪ་བརྐོས་ཕོར་

ནས་ཐོན་པ” ལྟར་དགེ་རྒན་གང་འདྲ་ཡིན་ན་སློབ་མའང་དེ་འདྲ་ཞིག་ཡིན་དགོས་ 285

པ༑ སློབ་མ་ནི་དགེ་རྒན་གྱི་བསམ་བློའ་ི དབང་སྒྱུར་དང་སྒེར་གཅོད་འོག་ནས་ཐར་

བའི་གོ་སྐབས་མེད་པ་ཞིག་ཡིན་མོད། སྲོལ་རྒྱུན་སེམས་གཙོ་སྨྲ་བའི་ཤ ེས་ཡོན་

རིག་པ་དང་ཀུན་སྤྱོད་རིག་པའི་ངོས་ནས་བལྟས་ན་ཚུལ་འདི་ལ་དེང་གི་ཤ ེས་ཡོན་ ཁྲོད་ཀྱི་ཀུན་སྤྱོད་མེད་པ་དང༌། སློབ་སྦྱོང་ལ་མི་བརྩོན་པ་སོགས་ཀྱི་གནད་དོན་

ཐག་གཅོད་བྱེད་པའི་ནུས་པ་བླ་ན་མེད་པ་ཞིག་ཡོད་པར་གདོན་མི་ཟ། ཚུལ་འདི་ ནི་ད་ལྟའི་བར་དུ་སྲོལ་རྒྱུན་ཤེས་ཡོན་རྒྱུན་འཛིན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ ཡིན་ནོ། །

༤ རྩོད་པའི་རིག་པ།

“སློབ་ཁྲིད་བྱེད་པའི་གོ་རིམ་ནང་ཀླད་པ་འགུལ་བ་དང་། བསམ་གཞིགས་གཏོང་བ། རིག་འདེད་བྱེད་པ། བརྡར་ཤ་གཅོད་པ། དོགས་པ་དང་དཀའ་གནད་འདྲི་བ་བཅས་

བྱེད་དུ་འཇུག་དགོས། དེ་སྔོན་གདན་ས་ཆེན་པོ་རྣམས་སུ་གཞུང་ཆེན་པོའ་ི སློབ་ ཁྲིད་གནང་སྐབས་དགེ་རྒན་གྱིས་གསུང་པ་ཙམ་མ་ཡིན་པར་དགེ་སློབ་ཕན་ཚུན་དྲི་

བ་དྲིས་ལན་དང་། བགྲོ་གླེང་གི་ཐབས་ཤེས་ཟུང་འབྲེལ་གནང་བའི་རྒྱུ་མཚན་ཡང་ 285 <<ཀུན་བཟང་བླ་མའི་ཞལ་ལུང༌།>>

པར་སྐྲུན་ཁང་གིས་ལྡི་ལླིར་པར།

ཤོག་ངོས༡༡༣། ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ། ཆོས་སྤྱོད་


468 ཉམས་ཞིབ་དེབ་ཕྲེང་། ༡

དེར་ཐུག་པ་ཡིན་ཅིང་། དེ་ལ་གོང་དུ་བཤད་པ་ལྟར་གྱི་ཁྱད་ཆོས་བླ་མེད་ཡོད་པ་

དང་། དེ་ལ་བརྟེན་ནས་གོམ་པ་རིམ་བགྲོད་ཀྱིས་ཤེས་ཚད་དང་། ངོས་འཛིན་གྱི་

ཆུ་ཚད་གོང་མཐོར་གཏོང་ཐུབ་པ་སྟེ་རགས་པ་ནས་ཟབ་པ་དང་། ཉེ་བ་ནས་རིང་ བ༑ ཚོར་སྣང་ནས་རྗེས་དཔག བྱེ་བྲག་ནས་སྤྱིའི་རང་བཞིན་དུ་གོང་འཕེལ་འགྲོ་

ཐུབ་པའི་བསམ་བློའ་ི ངོས་འཛིན་དང་། སེམས་ཁམས་རིག་པའི་ཆོས་ཉིད་དང་

མཐུན་པའི་བྱ་རིམ་རྣམས་དེར་ཚང་ཡོད་པས་སྔ་རབས་བོད་ཀྱི་མཁས་པ་ཚོས་བློ་ སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་དེ་གཙོ་བོར་འཛིན་པ་གནང་གི་ཡོད།”

286

(བོད་ཀྱི་སློབ་གསོ་

རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་ལས“སྔ་རབས་སློབ་གསོའ་ི ཁྱད་ཆོས་སྐོར”ཞེས་པའི་ནང་ཚན་

གྱི༨པ་བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་བཤད་པའི་སྐབས་སུ་བསྟན་ཡོད། (སྔ་རབས་རྩོད་གྲྭ་འགྲིམས་ཏེ་སྦྱངས་

འབྲས་རྩེར་སོན་པའི་ལྷ་རམས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དེང་དུས་ཀྱི་སློབ་གསོ་རིག་པའི་ཆོས་

ཉིད་ཤེས་པའི་སྒོ་ནས་སླར་ཡང་སྲོལ་རྒྱུན་དགོན་སྡེའི་རྩོད་པའི་སློབ་ཁྲིད་དང་སློབ་སྦྱོང་བྱེད་སྟངས་ཏེ། དེང་གི་བློ་

སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལ་གཏོགས་པ་ཞིག་ཡིན་པའི་ཆ་ནས། ཁྲིད་སྦྱོང་བྱེད་ཐབས་དེའི་བླ་ན་མེད་པའི་ཁྱད་

ཆོས་ལ་གདེང་འཇོག་ཚད་མཐོ་བོ་བྱས་ཡོད་པ་ནི། མྱོང་རྟོགས་དང་དཔྱད་ཞིབ་གཉིས་ཀའི་མཁྱེན་ཡོན་ལྡན་པའི་

མཁས་པའི་གསུང་སྒྲོས་ཤིག་ཡིན་ཕྱིར། བོད་ཀྱི་དགོན་སྡེ་མཚན་ཉིད་རིག་པ་དར་རྒྱས་སུ་འགྲོ་བའི་གཙོ་ཤུགས་ ནི་རྩོད་པའི་རིག་པ་འདི་ཉིད་ཡིན་པར་བདེན་དཔང་བྱས་ཡོད།)

ཅེས་གསུངས་པ་ལྟར། དགེ་སློབ་

གཉིས་ཀྱིས་སློབ་ཁྲིད་སྐབས་སུ་དཀའ་གནད་རིགས་ལ་རྩོད་གླེང་ཡུན་རིང་གནང་

བ་དང༌། མཐའ་མཇུག་དགེ་རྒན་ཁ་ཤ ས་ཀྱིས་ཆོས་ཚུལ་གཅོད་པའི་ཐག་གཅོད་མ་

སྔ་བར་བྱོས་ཞེས་ཐག་གཅོད་མི་གནང་བར་ཆེད་དུ་དོགས་པ་སློང་བ་དང༌། དོགས་ པ་འཛུགས་པ་བཅས་བྱས་ནས་རྩོད་པའི་ར་བར་ཕྱིན་ཏེ་རྩོད་པའི་ལམ་ནས་བརྡར་ ཤ་གཅོད་དུ་འཇུག རྩོད་པ་བྱེད་སྟངས་ལའང་འདྲ་མིན་སྣ་ཚོགས་ཤ ིག་ཡོད་ཀྱང་

སྤྱི་འགྲོས་ལྟར་ན་ཕྱི་རྒོལ་དང་སྔ་རྒོལ་གཉིས་ཀྱི་བར་སྒྲུབ་ངག་གི་རྩོད་སྲོལ་ཞིག་ 286

<<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཤོག་ངོས༢༤༠ནས༢༤༡བར། དུང་

དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 469

བརྒྱུད་དེ་གནད་དོན་ལ་རྩོད་གླེང་བྱེད་པའི་ཚུལ་དག་གཤམ་དུ་མདོར་བསྟན་ཞིག་ བྱས་ན།

རྩོད་རིག་ལ་འཇུག་པ་ལ་ཐོག་མར་ཚད་མ་རིག་པའི་གཞུང་ལུགས་ལ་སློབ་

སྦྱོང་བྱེད་དགོས་ཤ ིང༌། སློབ་དཔོན་ཕྱོགས་གླང་གིས<ཚད་མ་ཀུན་བཏུས>བརྩམས་

པ་ནས་རྒྱ་གར་དུ་ནང་པའི་དགོན་སྡེ་ཁག་ཏུ་ཚད་མ་རིག་པ་དར་སྲོལ་བྱུང་ཞིང༌། བོད་ཀྱི་སྔ་རབས་མཁས་པ་ཞ་མ་སེང་རྒྱལ་གྱིས<ཚད་མ་ཀུན་བཏུས།>བསྒྱུར་

པ་ནས་ཕྱིས་སུ་རྔོག་བློས་གསང་ཕུར་བཤད་གྲྭ་བཙུགས་ཤ ིང༌། ཕྱྭ་པ་ཆོས་སེང་ གིས<ཚད་མའི་བསྡུས་པ་ཡིད་གྱི་མུན་སེལ།>མཛད་པ་ནས་རྗེ་ཡབ་སྲས་ཀྱིས་ དར་ཁྱབ་དང་འཐུས་ཚང་དུ་གཏོང་བའི་བསྡུས་གྲྭའི་གཞུང་དང༌།

(དབྱིབས་དང་ཁ་དོག

ཡོད་རྟོགས་དང་མེད་རྟོགས། ཡིན་ལོག་དང་མིན་ལོག ལྡོག་པ་ངོས་འཛིན། གཅིག་དང་ཐ་དད། རྒྱུ་འབྲས་ཆེ་ཆུང་།

ཡུལ་དང་ཡུལ་ཅན། སྤྱི་དང་བྱེ་བྲག འགལ་འབྲེལ། མཚན་མཚོན། རྫས་ལྡོག་སོགས་ཚན་པ་ཉེར་གཅིག་དང༌། ) བློ་

རིགས་ཀྱི་གཞུང༌། (མངོན་སུམ་དང༌། རྗེས་དཔག བཅདཤེས། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ། ཐེ་ཚོམ། ལོག་

ཤེས་བཅས་བློ་རིགས་བདུན།) རྟགས་རིགས་ཀྱི་གཞུང༌། (ཡང་དག་དང་ལྟར་སྣང༌།) བཅས་ལ་སྦྱོང་

ཞིང་དེའི་རིག་པའི་འགྲོས་ཀྱིས་རྩོད་ཐབས་ཤིག་ཡོད། རྩོད་པའི་གང་ཟག

༡) དམ་བཅའ་སྐྱོང་བར་བྱེད་པའི་སྔ་རྒོལ་དང༌། ༢) དམ་བཅའ་སུན་འབྱིན་པར་བྱེད་ པའི་ཕྱི་རྒོལ། ༣) རྩོད་པ་ཤན་འབྱེད་པར་བྱེད་པའི་དཔང་བོ་གསུམ་ཡོད་ལ།

༡ སྔ་རྒོལ་གྱི་གང་ཟག

སྔ་རྒོ ལ ་ཡང་དག་ནི།—རང་གི་ སྒྲུབ་བྱེ ད ་ལ་གཞན་གྱི ས ་སུན་འབྱི ན ་མི ་

ནུས་པ་ལ་བྱ་ཞིང༌། དེས་རང་ཉིད་ཀྱིས་བསྒྲུབ་བྱ་ཞིག་ལ་དམ་བཅའ་ཡང་དག་པར་


470 ཉམས་ཞིབ་དེབ་ཕྲེང་། ༡

འཇོག་དགོས་པས་ན། དམ་བཅའ་ཡང་དག་འཇོག་པའི་སྔ་རྒོལ་དང༌། སྐབས་དོན་

བསྒྲུབ་བྱ་རྟོགས་པའི་ཐབས་སུ་གྱུར་པའི་ངག་རྣམ་དག་འགོད་པར་བྱེད་པའི་སྔ་ རྒོལ་གཉིས་དང༌། ཕྱི་མ་ལའང་སྒྲུབ་བྱེད་ཡང་དག་འཕེན་པའི་སྔ་རྒོལ་དང༌། སྒྲུབ་

ངག་ཡང་དག་འགོད་པའི་སྔ་རྒོལ། གཞན་དོན་སྐབས་ཀྱི་དག་སྦྱོར་འགོད་པའི་སྔ་ རྒོལ་བཅས་གསུམ་ཡོད།

སྔ་རྒོལ་ལྟར་སྣང་ངམ་ཚར་གཅོད་ནི།—དམ་བཅའ་ཡང་དག་འཇོག་པར་

ཁས་བླངས་ཀྱང་དམ་བཅའ་ལྟར་སྣང་འཇོག་པ། རིགས་པ་ཡང་དག་སྨྲ་བར་ཁས་

བླངས་ནས་རིགས་པ་ལྟར་སྣང་སྨྲ་བའི་དམ་བཅའ་འཛིན་མཁན་གྱི་གང་ཟག་ལ་ ཟེར་རོ། །

༢ ཕྱི་རྒོལ་བའི་གང་ཟག

ཕྱི་རྒོལ་ཡང་དག་ནི།—ཕ་རོལ་པོའ་ི དམ་བཅའ་སུན་འབྱིན་པར་བྱེད་པའི་

གང་ཟག་ལ་བྱ་ཞིང༌། དེ་ལ་སྒྲུབ་བྱེད་ཡང་དག་འགོད་པའི་ཕྱི་རྒོལ་དང༌། སྐབས་ དོན་སྒྲུབ་བྱེད་རྟོགས་པའི་ཐབས་སུ་ངག་རྣམ་དག་འགོད་པའི་ཕྱི་རྒོལ་གཉིས་ཡོད། ཕྱི་མ་ལའང་སྒྲུབ་བྱེད་ཡང་དག་འཕེན་པའི་ཕྱི་རྒོལ་དང༌། སྒྲུབ་ངག་ཡང་དག་འགོད་

པའི་ཕྱི་རྒོལ། གཞན་དོན་སྐབས་ཀྱི་དག་སྦྱོར་འགོད་པའི་ཕྱི་རྒོལ་བཅས་གསུམ་ ཡོད།

ཕྱི་རྒོལ་ལྟར་སྣང་ངམ་ཚར་གཅོད་ནི།—ཕ་རོལ་བོའ ི་དམ་བཅའ་སུན་འབྱིན་

མི་ནུས་པ་དང༌། རིགས་པ་ཡང་དག་མི་སྨྲ་བའོ། །

༣ སྔ་ཕྱི་རྒོལ་བའི་བར་ནས་ཤན་འབྱེད་པའི་དཔང་པོ།

འདི་ལ་གསུམ་ལས་གཟུ་བོར་གནས་ཤིང་ལེགས་ཉེས་འབྱེད་པར་ཞུགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 471

པའི ་ཤན་འབྱེ ད ་པའི ་ དཔང་པོ ་ དང༌། ལེ ག ས་ཉེ ས ་ཤན་མི ་ འབྱེ ད ་པར་དེ ་ དག་ མི་དཀྲུག་པར་བྱ་ཕྱིར་རྗེས་སུ་སོ་སོར་བརྗོད་པའི་དཔང་པོ་དང༌། ལེགས་པར་

གཟེངས་བསྟོད་དང་ཉེས་པར་སྨད་པའི་སྒོ་ནས་གྲུབ་མཐའ་དང་དམ་བཅའ་འདོར་དུ་ འཇུག་པའི་ཚར་གཅོད་པའི་དཔང་པོ་བཅས་གསུམ་ཡོད་དོ། ། ༤ ཚར་གཅོད་པའི་གནས་བསྟན་པ།

སྔ་རྒོལ་ཚར་གཅོད་པའི་གནས་ནི།— གྲུབ་བསལ་ཞུགས་པ་དམ་འཆའ་བ་

དང༌། གཞན་གྱིས་དྲིས་ཀྱང་ལན་མི་འདེབས་པ་དང༌། དམ་བཅའ་མི་འོས་པར་སྒྲུབ་

པ་དང༌། སྐབས་སུ་མ་བབས་པ་བསྒྲུབ་བྱར་བྱེད་པ་དང༌། ཕ་རོལ་པོས་ཁས་བླངས་ པའི་དོན་ལ་སྒྲུབ་བྱེད་མི་འགོད་པ་དང༌། མ་གྲུབ་པ་དང་མ་ངེས་པ་དང་བསལ་བ་

ཞུགས་པ་བརྗོད་པ་དང༌། ཤེས་འདོད་མེད་པའི་སྒྲུབ་བྱེད་འགོད་པ་རྣམས་ནི་སྔ་ རྒོལ་ཚར་གཅོད་པའི་གནས་སུ་གྱུར་པའོ། །

ཕྱི ་ རྒོ ལ ་ཚར་གཅོ ད ་པའི ་ གནས་ནི ། —ཁས་བླངས་པ་བཏང་སྙོ མ ས་སུ་

འཇོག་པ་དང༌། གྲུབ་བསལ་ཞུགས་པ་འདྲི་བ་དང༌། དོན་སྐྱོན་དང་བློ་སྐྱོན་དང་

སྒྲ་སྐྱོན་བརྗོད་རྒྱུ་ཡོད་ཀྱང་མི་བརྗོད་པ་དང༌། སྐྱོན་མིན་པ་སྐྱོན་དུ་བརྗོད་པ་དང༌། སྐབས་སུ་མ་བབས་པའི་སྐྱོན་བརྗོད་པ་རྣམས་ནི་ཕྱི་རྒོལ་ཚར་གཅོད་པའི་གནས་ སུ་གྱུར་པའོ། །

༥ དཔང་པོ་ཚར་གཅོད་པའི་གནས་བསྟན་པ།

བདེན་རྫུན་ཤ ན་མི་འབྱེད་པ་དང༌། རྒྱལ་ཕམ་ཕྱིན་ཅི་ལོག་ཏུ་ཤ ན་འབྱེད་པ་

དང༌། རྩོད་པ་མཐར་མ་ཕྱིན་པར་ཤ ན་འབྱེད་པ་བཅས་ནི་དཔང་བོ་ཚར་གཅོད་པའི་ གནས་སོ། །


472 ཉམས་ཞིབ་དེབ་ཕྲེང་། ༡

གོང་གི་གནས་ཚུལ་འདིས་རྩོད་པའི་རིག་པ་ནི་གང་འདོད་འདོད་སྨྲ་ཞིང་ལན་

ཅི་འདོད་དུ་འདེབས་རིགས་པ་ཞིག་མ་ཡིན་པར། རྩོད་པའི་གཞུང་ལུགས་ཀྱི་སྒྲུབ་ ངག་འགོད་པའི་སྤྱི་འགྲོས་ཤིག་ལ་བརྟེན་དགོས་པ་དང༌། འགྲོས་དེ་དང་མཐུན་

པའི་སྒོ་ནས་རྩོད་པར་ཞུགས་པའི་གང་ཟག་ལ་དམ་འཆའ་མཁན་གྱི་སྔ་རྒོལ་དང༌།

རྟགས་གསལ་གཏོང་མཁན་གྱི་ཕྱི་རྒོལ། དེ་གཉིས་ཀྱི་བར་དཔང་བྱེད་མཁན་གྱི་

དཔང་པོ་བཅས་སྤྱི་འགྲོས་ཀྱི་ཆ་རྐྱེན་ཚང་ཞིང་། རྩོད་པའི་སྒྲིག་གཞི་བརྩི་སྲུང་བྱས་ ཏེ་རྩོད་པར་འཇུག་དགོས།

རྩོད་པ་བྱེད་པའི་ཚུལ།

༡) རང་གཞན་གཉི ས ་ཀས་རྩོ ད ་རི ག ་གི ་ རི ག ས་པའི ་ རྩལ་ལ་སྦྱངས་ཤི ང ་ མཁས་པའི་དཔང་བོ་ཡོད་པ། ཕ་རོལ་བོའ ི་སེམས་དཀྲུགས་མེད་པའི་དུས་

བཅས་རྩོད་པའི་གང་ཟག་དང་། དཔང་པོ། དུས་བཅས་ཀྱི་ཆ་རྐྱེན་ཚང་ དགོས་པ།

༢) མྱོང་བས་རྟོགས་པར་བྱ་བའི་མངོན་སུམ་གྱི་ཡུལ་དང༌། རྟགས་ལ་བརྟེན་

ནས་རྟོགས་དགོས་པའི་ལྐོག་གྱུར་གྱི་ཡུལ། ལུང་ལ་བརྟེན་ནས་རྟོགས་ དགོས་པའི་ཤ ིན་ཏུ་ལྐོག་གྱུར་པའི་ཆོས་ནི་རྩོད་པའི་གཞི་ཡིན་ནོ། །

༣) དྲི་བ་འདྲི་བའི་སྐབས་སུ་ཁྱད་གཞི་འདྲི་བ་དང༌། ཁྱད་གཞིའི་སྟེང་དུ་ཁྱད་

ཆོས་འདྲི་བ། དེའི་སྒྲུབ་བྱེད་འདྲི་བ་དང༌། ལན་ལའང་མགོ་གཅིག་པའི་

ལན་དང༌། རྣམ་པར་ཕྱེས་པ། བཏང་སྙོམས་སུ་བཞག་པའོ། །འདོད་ལན། རྟགས་མ་གྲུབ་ཀྱི་ལན། ཁྱབ་པ་མེད་པའི་ལན། ཁྱབ་པ་འགལ་བའི་ལན། དེའི་སྟེང་དུ་ཆོས་ཅན་སྐྱོན་ཅན་གྱི་ལན་དང༌། རྟགས་ལ་ཐེ་ཚོམ་ཟ་བའི་ལན་ དང་བཅས་དྲུག་གིས་ལན་འདེབས་པ་དང༌།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 473

རྟགས་གསལ་གཏོ ང་མཁན་གྱིས ་དམ་བཅའ་བའམ་དྲི་ བ་གཏོ ང་ཡུལ་ལ་

རྟགས་གསལ་རྩོད་གཞི་གསུམ་གྱི་རིགས་ལམ་དཔྱད་དེ་དྲི་བ་གཏོང་བ་དང༌། དེའི་ རིགས་ལམ་བརྒྱུད་ནས་སྒྲུབ་ཕྱོགས་ནས་དྲི་བ་གཏོང་བའི་རྟགས་རང་བཞིན་ཅན་ དང༌། དགག་ཕྱོགས་ནས་དྲི་བ་གཏོང་བ་ཐལ་འགྱུར་རང་བཞིན་ཅན་གྱི་རྩོད་སྲོལ་ གཉིས་ཡོད་པ་དང༌། དེའི་སྟེང་དུ་མཚན་ཉིད་དང་སྒྲ་བཤད། ཁྱད་ཆོས། མཚན་

གཞི་བཅས་ངོས་འཛིན་བྱེད་དུ་བཅུག་པ་བརྒྱུད་ནས་དྲི་བ་གཏོང་བཞིན་ཡོད། ལན་ འདེབས་མཁན་གྱིས་ཀྱང་དེའི་རིགས་ལམ་དང་མཐུན་པའི་སྒོ་ནས་ཆོས་ཅན་དེ་

གསལ་བ་དེ་ཡིན་པར་དམ་བཅའ་བ་ལ་འདོད་ལན་དང༌། ཆོས་ཅན་དེ་གསལ་བ་དེ་ མ་ཡིན་པ་དང་ཡང་ན་མིན་ནོ་སྙམ་པ་ལ་ཅིའི་ཕྱིར་གྱི་ལན་འདེབས་པ། ཆོས་ཅན་ དེ་རྟགས་དེ་མ་ཡིན་པའམ་མིན་ནོ་སྙམ་པ་ལ་རྟགས་མ་གྲུབ་ཀྱི་ལན། ཆོས་ཅན་

དེ་རྟགས་དེ་ཡིན་ཀྱང་གསལ་བ་དེ་ཡིན་པས་མ་ཁྱབ་པ་ལ་ཁྱབ་པ་མ་བྱུང་གི་ལན་ འདེབས་བྱེད་པ་དང༌། ཆོས་ཅན་ཞིག་ལ་གཤིབ་བསྡུར་གྱི་སྒོ་ནས་དཔྱད་པ་ལ་ མུ་གསུམ་མུ་བཞི་བསྒྲིགས་པའི་དྲི་བ་དྲིས་ལན་བརྒྱུད་དེ་རྩོད་པ་བྱེད་སྲོལ་ཡོད། དེའང་དཔེ་རིས་ཀྱིས་བསྟན་པ་ལ།

རྩོད་པའི་གང་ཟག་གི་དབང་དུ་བྱས་ན།

རྩོད་པའི་ཤ ན་འབྱེད་མཁན་གྱི་དཔང་པོ། སྔ་རྒོལ་ཞེས་དྲི་བ་གཏོང་མཁན།

ཕྱི་རྒོལ་ཞེས་ལན་འདེབས་མཁན་བཅས་གསུམ་གྱིས་གྲུབ་ཡོད།

ཇི་ལྟར་རྩོད་པ་བྱེད་ཚུལ། ཐལ་འགྱུར་རང་བཞིན་གྱི་རྩོད་སྟངས།

(ཆོས་ཅན། རྩོད་གཞི།) བུམ་པ་ཆོས་ཅན།

(གསལ་བ།)

(རྟགས། རྒྱུ་མཚན།)

གཟུགས་ཡིན་པར་ཐལ། མིག་ཤ ེས་ཀྱིས་གཟུང་བྱ་ཡིན་པའི་ ཕྱིར་ཞེས་པ་ལྟ་བུ་དང་།


474 ཉམས་ཞིབ་དེབ་ཕྲེང་། ༡

ཇི་ལྟར་རྩོད་པའི་ཚུལ། རྟགས་རང་བཞིན་གྱི་རྩོད་སྟངས།

(ཆོས་ཅན།)

སྒྲ་ཆོས་ཅན།

(གསལ་བ།) མི་རྟག་སྟེ།

(སྒྲུབ་བྱེད། རྟགས།)

བྱས་པ་ཡིན་པའི་ཕྱིར།

འདི འི ་ སྐབས་ཀྱི ་ བསྒྲུབ་བྱ་ནི ་ ཆོ ས ་ཅན་ནམ་རྩོ ད ་གཞི ་ དང༌། གསལ་བ་

གཉི ས ་ཀྱི ་ ཚོ ག ས་དོ ན ་ཡི ན ་ལ། སྒྲུབ་བྱེ ད ་ནི ་ གང་བཀོ ད ་པའི ་ རྟགས་སམ་རྒྱུ་ མཚན་དེ་ཡིན་ནོ། །སྒྲུབ་ངག་གི་སྤྱི་འགྲོས་འདི་ཨང་རྩིས་ཀྱི་རིག་པ་དང་སྦྱར་ན་ འདི་འདྲར་འགྱུར་ཏེ།

འདི་ལྟར་སྡོམ་རྩིས་ཀྱི་རིག་པ་ལྟར་དཔྱད་ན་བསྡོམ་བྱའི་ཡུལ་ལམ་བརྩིས་གཞི་

མ་ངེས་པས་ན་སྡོམ་བྱེད་དང་སྡོམ་ཐོབ་ཀྱི་ཚོགས་དོན་ལ་བརྟེན་ནས་བསྡོམ་བྱའི་

གྲངས་གནས་གསལ་བར་བྱེད་པའི་རྗེས་དཔག་གི་རིག་པའི་དཔྱད་ཐབས་ཤིག་ཡིན། སྒྲུབ་ངག་གི་དཔྱད་ཐབས་འདི་ནི་ཨང་རྩིས་ཀྱི་དཔྱད་ཐབས་དང་ཆ་འདྲ་བར་རྗེས་ དཔག་གི་ཡུལ་དུ་གྱུར་པའི་བྱ་དངོས་མཐའ་དག་ལ་བརྩི་ཐབས་འདྲ་མིན་གྱིས་རྩིས་

ཐོབ་འགོད་པ་ལྟར། རྩོད་རིག་གི་སྒྲུབ་ངག་འདིས་ཀྱང་བྱ་དངོས་སྣ་ཚོགས་ཀྱི་ཆོས་ ཉིད་ལ་དཔྱད་ཐབས་འདྲ་མིན་བརྒྱུད་ནས་སྡོམ་ཚིག་འགོད་བཞིན་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 475

གཤིབ་བསྡུར་གྱི་བརྩི་ཐབས།

གཤིབ་བསྡུར་གྱི་སྒོ་ནས་བྱ་དངོས་ལ་དབྱེ་ཞིབ་བྱ་ཕྱིར་མུ་གསུམ་མུ་བཞི་སྒྲིག་

ལུགས་ཀྱི་རིག་པ་ཞིག་ཡོད་པ་གཤམ་ལ་རེའུ་མིག་གི་ལམ་ནས་གསལ་བར་བྱས་ ན༑

(འདིར་བཤད་པའི་མུ་ཞེས་པ་བསྡུར་རྟགས་ཤིག་དང་མཚུངས་པས་ང་ཚོས་མུ་ཞེས་པའི་མིང་འདི་ལ་གཤིབ་

བསྡུར་བརྡ་རྟགས་ཞེས་མིང་གིས་བསྙད་རིགས་སོ། །)

རྩ་བའི་ཁ་དོག་དང་རས་ཀྱི་ཁ་དོག་གཉིས་ཀྱི་བར་དུ(སྡུར་ཐབས་བཞིའི་སྒོ་ནས་བསྡུར་ན) མུ། རྩ་བའི་ཁ་དོག་ཡིན་ལ་རས་ཀྱི་ཁ་དོག་མ་ཡིན་པའི་མུ།—མེ་ཏོག་དམར་པོ་ལྟ་བུ་དང༌།

རས་ཀྱི་ཁ་དོག་དང་རྩ་བའི་ཁ་དོག་གཉིས་ཀ་ཡིན་པའི་མུ།—རས་དཀར་པོ་ལྟ་བུ་དང༌། རས་ཀྱི་ཁ་དོག་ཡིན་ལ་རྩ་བའི་ཁ་དོག་མ་ཡིན་པའི་མི།—རས་ནག་པོ་ལྟ་བུ་དང༌། རྩ་བའི་ཁ་དོག་དང་རས་ཀྱི་ཁ་དོག་གཉིས་ཀ་མ་ཡིན་པའི་མུ།—མི་ལྟ་བུའོ། །

ཤེས་བྱ་དང་ཀ་བའི་བར་གྱི(སྡུར་ཐབས་གསུམ་གྱི་སྒོ་ནས་བསྡུར་ན) མུ།

ཤེས་བྱ་ཡིན་ལ་ཀ་བ་འང་ཡིན་པ།— ཤིང་གི་ཀ་བ་ལྟ་བུ་དང༌། ཤེས་བྱ་ཡིན་ལ་ཀ་བ་མ་ཡིན་པ།— མི། ཁྱི་ལྟ་བུ་དང༌།

ཀ་བ་དང་ཤེས་བྱ་གཉིས་ཀ་མ་ཡིན་པ།— རི་བོང་རྭ་ལྟ་བུའོ། ། ཀ་བ་ཡིན་ལ་ཤེས་བྱ་མ་ཡིན་པའི་མུ།— མེད།

དེ་བཞིན(བསྡུར་ན) རིགས་བསྒྲེས་ན། རྟག་པ་འགལ་བ།

དགེ་བ་དང༌།

ཤེས་བྱར་མུ་གསུམ།

བྱང་ཆུབ་སེམས་ལ་མུ་གསུམ། མི་དགེ་བ་འགལ་བ།

རྣམ་མཁྱེན་ལ་མུ་གསུམ།


476 ཉམས་ཞིབ་དེབ་ཕྲེང་། ༡

འདི་འདྲའི་རིགས་པ་སྣ་ཚོགས་ལ་བརྟེན་ནས་བྱ་དངོས་ཀྱི་ངོ་བོ་དང༌། བྱེད་

ལས། ཁྱད་ཆོས། མཚན་མཚོན། དེ་དང་བྱ་དངོས་གཞན་གྱི་འགལ་འབྲེལ། སྤྱི་

དང་བྱེ་བྲག་གི་ཆོས་སོགས་ལ་དཔྱད་ཞིབ་བྱེད་པའི་རྩོད་རིག་གི་ཚད་མའི་གཞུང་ བསྡུས་གྲྭ་དང་བློ་རྟགས་ལ་སྦྱོང་བ་བྱས་ཏེ་རིགས་ལམ་མམ། རིགས་པའི་འགྲོས་ ལ་བྱང་ཆ་ལྡན་པ་ཞིག་བྱས་པའི་རྗེས་ལ་རིམ་གྱིས་ནང་བསྟན་མཚན་ཉིད་རིག་པའི་ གཞུང་ཆེན་པོ་རྣམས་ལ་དཔྱད་ཞིབ་དང་དགག་སྒྲུབ་ཀྱི་སྒོ་ནས་རྒྱུ་མཚན་དཔྱད་ གཞིག་གི་སློབ་སྦྱོང་བྱེད་ཀྱིན་ཡོད།

རྩོད་པའི་ཡན་ལག་ལྔ།

༡) རྩོད་པའི་རྒྱུ་ནི།—ལྷན་སྐྱེས་ཤེས་རབ་ཆེ་ཞིང་རང་གཞན་གྱི་གཞུང་ལུགས་ ལ་སྦྱོང་བའི་སྟེང་དུ་སྒྲ་ཚད་ཀྱི་འགྲོས་ཤེས་པའི་རྩོད་པའི་རྒྱུ་ཚང་བ།

༢) རྩོད་པ་མཛེས་པའི་རྒྱན་དང་ལྡན་པ་ནི།—བཞིན་མདངས་བཟང་ཞིང་ངག་

སྙན་ལ་དོན་དང་ལྡན་པ། ཕ་རོལ་པོ་ལ་དམའ་འབེབས་མི་བྱེད་པར་ལུང་ རིགས་ཀྱི་བློ་རྣོ་བའི་ཐོག་ལ་སྒྱིད་ལུག་དང་ང་རྒྱལ་མེད་པར་རྩོད་པ་མཛེས་ པའི་རྒྱན་དང་ལྡན་པ།

༣) རྩོད་པའི་བསམ་པ་ནི།—རང་ཉིད་ཀྱིས་ཀྱང་དོན་དེ་རྟོགས་འདོད་པ་དང་

གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་བྱམས་པའི་སྒོ་ནས་ རྩོད་པའི་བསམ་པ་ཅན།

༤) རྩོད་པའི་དཔེ་ནི།—རང་གཞན་གྱི་གཏི་མུག་གཅོད་བྱེད་འཁོར་ལོ་ལྟ་བུ་ དང༌། སུན་འབྱིན་པའི་ཚིག་གིས་མི་གཡོ་བ་ལྷུན་པོ་ལྟ་བུ་དང༌། ཚིག་དང་ དོན་ལ་མ་རྨོངས་པ་ཐུབ་པའི་སྲས་ལྟ་བུའོ། །

༥) རྩོད་པའི་དགོས་པ་ནི།—ཡོད་པ་ལ་མེད་པར་འཛིན་པ་དང་མེད་པ་ལ་ཡོད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 477

པར་འཛིན་པ། ཡིན་པ་ལ་མིན་པར་འཛིན་པ་དང་མིན་པ་ལ་ཡིན་པར་འཛིན་ པའི་སྒྲོ་སྐུར་གཉིས་བསལ་ཏེ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆེད་དུ་ཡིན་ནོ།། རྩོད་པའི་འབྲས་བུ།

ཀུན་སློང་རྣམ་པར་དག་པ་རང་དང་གཞན་གྱི་མ་རྟོགས་པ་དང་ལོག་པར་

རྟོག་པ་རྣམས་བསལ་ནས་མཐར་ཐུག་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་དུ་འགྲོ་བ་

ཞིག་ཡིན་པ་ལས། ཕ་རོལ་པོ་ཕམ་འདོད་དང་དམའ་འབེབས་ཀྱི་ཆེད་དུ་མ་ཡིན་པ་ ཞིག་གལ་ཆེ་བས་ན། <དབུ་མ་འཇུག་པ་ལས།> འདི་ལྟར་རང་གི་ལྟ་ལ་ཆགས་དང་ དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུགས་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བ་ཐོབ། །

287

ཅེས་དང༌།

<ཚོམས>ལས་ཀྱང༌། རྒྱལ་དང་ཕ་རོལ་ཕམ་སྤངས་པས། །ཉེ་བར་ཞི་བའི་བདེ་བ་ ཐོབ། །ཅེས་གསུངས་པ་བཞིན་རྩོད་པའི་འབྲས་བུ་ཞིག་དོན་དུ་གཉེར་དགོས་སོ། །

དེའང་གང་དྲན་དྲན་གྱིས་ཁ་ཤ གས་འཐབ་པ་ཞིག་མ་ཡིན་པར་རྩོད་གཞི་ལ་

ཡོད་པའི་ཕྱོགས་ཆོས་དང༌། མཐུན་ཕྱོགས་ལ་ཡོད་པའི་རྗེས་ཁྱབ་དང༌། མི་མཐུན་ ཕྱོགས་ལ་མེད་པའི་ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བའི་སྒྲུབ་ངག་བཀོད་ཏེ་རྩོད་པ་

བྱེད་ཅིང༌། དེའང་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ ཞེས་པ་ལྟ་བུ་ཆོས་དང་ཆོས་ཅན་གྱི་ཚོགས་དོན་གྱི་བསྒྲུབ་བྱ་བསལ་བར་བྱེད་པའི་

རྟགས་བཀོད་པའི་རྒྱུ་མཚན་ཁུངས་འདེད་ཀྱི་རིགས་ལམ་བརྒྱུད་ནས་རྩོད་པ་བྱེད་

ཅིང༌། དེའང་གོང་དུ་བཀོད་པ་ལྟར་རྒྱ་གར་མཁས་པའི་ལམ་སྲོལ་དང༌། བོད་ཀྱི་སྔ་

287 དབུ་མ་འཇུག་པའི་བཤད་པ།

ཤོག་ངོས༢༡༧ནས༢༡༨། སློབ་དཔོན་ཟླ་བ་གྲགས་པས་མཛད།

Corporate Body of the Buddha Educational foundation

1992-93The


478 ཉམས་ཞིབ་དེབ་ཕྲེང་། ༡

རབས་མཁས་པ་རྣམས་ཀྱིས་གསར་གཏོད་གནང་བའི་ཚད་མའི་སྤྱི་འགྲོས་དང༌། སྒྲིག་རིམ། སློབ་ཚན་གྱི་འཆར་འགོད། འཛིན་གྲྭའི་འཕེལ་རིམ་བཅས་ཀྱི་སྤྱི་འགྲོས་

ལ་བརྟེན་ཏེ། རྩོད་པའམ་བགྲོ་གླེང་གི་རིགས་པའི་རྩལ་སྦྱོང་བརྡར་བྱེད་པ་དང༌། རྒྱུ་

མཚན་ཁུངས་འདེད་བྱེད་པའི་རིགས་ལམ་སྦྱོང་བརྡར་བྱས་ཏེ་རིགས་ལམ་ཡག་པོ་ ཞིག་ཆགས་པ་ན་གཞི་ནས། མཚན་ཉིད་རིག་པའི་གཞུང་ལུགས་ལ་སྦྱོང་བ་མཛད་

ཀྱིན་པས་ན་ཚད་མའི་རྩོད་རིག་ནི་ནང་བསྟན་མཚན་ཉིད་རིག་པ་དར་བའི་མཐའ་རུ་ བསྐྱལ་བྱེད་ཀྱི་གྲུ་གཟིངས་ལྟ་བུ་ཡིན་ནོ། །

རྩོད་གླེང་སློབ་ཁྲིད་ཀྱི་ནུས་པའི་སྐོར་ནས་གྲྭ་པ་མཚན་ཉིད་པ་སྐོར་ཞིག་ལ་དྲི་བ་

བཏང་བ་རྣམས་ཕྱོགས་བསྡུས་རྣམ་གྲངས་ཀྱི་ཚུལ་དུ་བཀོད་ན།

མ་ངེས་པ་མང་དག་ཅིག་རྩོད་གླེང་ལ་བརྟེན་ནས་ངེས་ཐུབ་པ།

དཀའ་གནད་ཁོལ་ཕྱུང་གིས་རྩོད་པ་བྱས་པས་དོགས་པ་མང་དག་ཅིག་སློང་

ཐུབ་པ།

སྦྱང་བྱ་ཉན་པ་ཙམ་མ་ཡིན་པར་རྩོད་གླེང་བརྒྱུད་པ་ནི་མྱོང་བ་དངོས་ཀྱི་དོན་ སྙིང་ཡོད་པས་ཤེས་བྱ་གཏན་ཆགས་སུ་གནས་པ།

༤ བློ་རབ་འབྲིང་མི་འདྲ་བ་མང་པོས་ཕན་ཚུན་ལ་དྲི་བ་དང་དོགས་སློང་བྱས་ ༥

པ་བརྒྱུད་དེ་མཐོང་རྒྱ་ཆེ་རུ་འགྲོ་བ།

མི་མང་ཚོགས་དབུས་ནས་ལངས་ཏེ་དཔྱོད་པ་དང་ཤ ོད་པའི་ནུས་པ་བསྐྱེད་ ཐུབ་པ།

བྱ་དངོས་མཐའ་དག་ལས་རྒྱུ་མཚན་འཚོལ་བའི་བློ་རིག་བསྐྲུན་ཐུབ་པ། མི་བརྗེད་པར་ཕན་པ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 479

ཟབ་གསལ་མྱུར་གསུམ་གྱི་རིག་པ་བསྐྱེད་བསྲིང་ཐུབ་པ།

གཞན་ལུགས་གསལ་བོ་རྟོགས་པ་ལ་བརྟེན་ནས་རང་ལུགས་འཛིན་པའི་ ནུས་པ་སྐྱོང་ཐུབ་པ།

༡༠ དོན་ལ་རྒྱུ་མཚན་གྱིས་དྲངས་པའི་ངེས་པ་རྙེད་པ།

༡༡ མ་རྟོགས་པ་དང་ལོག་རྟོག ཐེ་ཚོམ་བཅས་གཅོད་པ།

༡༢ རྩོད་པའི་རིག་པ་ཆགས་ན་འཆད་རྩོད་སྐབས་འགལ་འདུ་སོགས་མི་འབྱུང་ བར་ཕན།

༡༣ ཕྱོགས་སྔའི་འདོད་པ་ལ་བརྟེན་ནས་རང་ལུགས་རྟོགས་པ།

༡༤ བསམ་བློ་གསར་པ་དང་དོགས་པ་གསར་པ་སྐྱེས་པར་ཕན།

༡༥ སྔོན་གྱི་ཕྱི་ནང་གི་གཞུང་མང་པོ་ཞིག་ཚད་མ་རིག་པའི་ལམ་ནས་བརྩམས་ ཡོད་པས་དེ་དག་ལ་སློབ་སྦྱོང་བྱེད་པར་ཕན།

༡༧ རིགས་ལམ་ཆགས་ཐུབ།

༡༨ རང་ཉིད་ཀྱི་རྣམ་དཔྱོད་འཕེལ་བ།

༡༩ བྱ་བ་གང་ལ་ཞུགས་ཀྱང་ཞིབ་ཚགས་ཡོང་བ། ༢༠ གཏམ་དང་ལན་ལ་ཐོགས་པ་མེད་པ།

(དྲི་བ་འདྲི་ཡུལ་ཝཱ་ཎཱ་བོད་ཀྱི་ཆེས་མཐོའ་ི གཙུག་ལག་སློབ་གཉེར་ཁང་གི་ནང་བསྟན་མཚན་ཉིད་རིག་པའི་

དགེ་རྒན་རྣམས་དང་ཉམས་ཞིབ་པ་དག་ཡིན།)

སྲོལ་རྒྱུན་དགོན་སྡེ་སློབ་གསོའ་ི ཁྲོད་དུ་རྩོད་

གླེང་གི་རིག་པ་ཆེ་ཆེར་དར་ཞིང་དེ་ལ་རིགས་འདྲ་མིན་ཡོད་ཀྱང་དགེ་རྒན་གྱིས་

སློབ་ཁྲིད་སྐབས་དཀའ་གནད་ལ་རྩོད་གླེང་བྱེད་པ་དང༌། འཛིན་གྲྭ་གཅིག་གི་སློབ་

མ་དང་སློབ་མའི་བར། འཛིན་གྲྭ་དང་འཛིན་གྲྭའི་བར། མཁས་པ་མང་པོ་ཚོགས་ པའི་དབུས་ནས་ཚོགས་ལངས་ཞེས་མི་གཅིག་གམ་གཉིས་ཀྱིས་རྩོད་པ་བྱེད་པ།


480 ཉམས་ཞིབ་དེབ་ཕྲེང་། ༡

མི་གཅིག་གིས་མཁས་པ་མང་པོའ་ི དྲི་བར་ལན་འདེབས་པ་སོགས་མང་དུ་ཡོད་ལ་ ནོར་འཁྲུལ་བྱུང་ན་གྲྭ་ཚོགས་ཀྱི་ཧབ་ཆ་བྱས་ཏེ་ངོ་ཚ་བར་བྱེད། དེ་འདྲའི་རྩོད་གླེང་

དེ་ཐོག་མར་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་ཁ་ལབ་ཅེས་སློབ་མའི་ཁ་ལྕེ་བྱང་ བོ་བཟོ་བ་དང༌། དེ་ནས་རིམ་གྱིས་བསྡུས་གྲྭ་སོགས་རྩོད་པའི་རིག་པར་སློབ་སྦྱོང་ བྱེད་ཅིང་རྩོད་པའི་སློབ་ཚན་དེའང་ཁ་ཤས་རིག་སྒོ་འཕེལ་བ་དང༌། ཁ་ཤ ས་རིག་པ་

བྱང་བོ་དང་མྱུར་མོ་བྱེད་པར་ཕན། ཁ་ཤ ས་གཞུང་དོན་ལ་གོ་བ་ལེན་པར་ཕན། ཁ་ ཤས་གཞུང་དོན་དངོས་དང་བསྲེས་ནས་ཡོད། རྩོད་པའི་ཤ ེས་ཡོན་གྱི་སྒྲིག་གཞི་

ངེས་ཅན་ཞིག་ཡོད་དེ་འཛིན་གྲྭའི་རྣམ་གྲངས་ཀྱི་ངོས་ནས་ཀྱང་གོ་རིམ་ངེས་ཅན་ ཞིག་ཡོད་པ་ཟུར་བཀོད་ཀྱི་ཚུལ་དུ་བཀོད་ན།

གདན་ས་ཆེན་མོ་སེ་ར་སྨད་གྲྭ་ཚང་གི་འཛིན་གྲྭའི་གོ་རིམ། དགེ་བཤེས་ཡེ་ཤ ེས་ དབང་ཕྱུག་གི་གསུང་རྩོམ་ལས་དྲངས།

༡ ཁ་དོག་དཀར་དམར། ༢ བསྡུས་ཆུང་འཛིན་གྲྭ ༣ བསྡུས་འབྲིང་འཛིན་གྲྭ

༤ ཁ་དོག་གོང་གི་འཛིན་གྲྭ ༥ རྟགས་རིགས་འཛིན་གྲྭ ༦ བློ་རིགས་འཛིན་གྲྭ ༧

དོན་བདུན་ཅུའི་འཛིན་གྲྭ ༨ གཞུང་འོག་གི་འཛིན་གྲྭ ༩ གཞུང་གོང་གི་འཛིན་གྲྭ ༡༠ སྐབས་དང་པོའ ི་འཛིན་གྲྭ ༡༡ ཕར་ཕྱིན་འཛིན་གྲྭ ༡༢ དབུ་མ་གསར་པའི་འཛིན་གྲྭ

༡༣ དབུ་མ་རྙིང་པའི་འཛིན་གྲྭ ༡༤ མཛོད་ཀྱི་འཛིན་གྲྭ ༡༥ བཀའ་རམས་འོག་གི་ འཛིན་གྲྭ ༡༦ བཀའ་རམས་གསར་པའི་འཛིན་གྲྭ

རྒྱ་གར་གྱི་གདན་ས་ཆེན་མོ་སེ་ར་བྱེས་གྲྭ་ཚང་གི་འཛིན་གྲྭའི་གོ་རིམ། སེར་བྱེས་ ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་སེར་བྱེས་ངོ་སྤྲོད་ གཏེར་གྱི་ཁ་བྱང་ལས་དྲངས།

༡ བསྡུས་ཆུང་། ༢ བསྡུས་འབྲིང་། ༣ བསྡུས་ཆེན། ༤ གཞུང་གསར། ༥ གཞུང་རྙིང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 481

༦ ཟུར་གསར། ༧ ཟུར་རྙིང་འོག་མ། ༨ ཟུར་རྙིང་གོང་མ། ༩ ཕར་ཕྱིན་ཁ་པ། ༡༠ ཕར་ཕྱིན་ཀ་

པ། ༡༡ དབུ་གསར་ཁ་པ། ༡༢ དབུ་གསར་ཀ་པ། ༡༣ དབུ་རྙིང་ཁ་པ། ༡༤ དབུ་རྙིང་ཀ་པ། ༡༥ འདུལ་གསར་ཁ་པ། ༡༦ འདུལ་གསར་ཀ་པ། ༡༧ འདུལ་བ་རྙིང་པ། ༡༨ བཀའ་རམས་འོག་མ། ༡༩ བཀའ་རམས་གོང་མ།

རྩོ ད ་གྲྭ་དག་གི་ སློ བ ་ཚན་གྱི་ དུས་ཚོད ་དང་སློ བ ་ཚན་བགོ ་ འགྲེ མ ས་བྱེ ད ་

ཚུལ། རང་ལུགས་ཀྱི་རྩ་འཛིན་གང་ཞིག་བྱེད་ཚུལ་བཅས་མི་འདྲ་ནའང་། རྩ་བའི་

སྦྱང་བྱའི་རིག་ཚན་གྱི་ཆ་ནས་མི་འདྲ་བའི་ཁྱད་པར་མེད་པར་མཚན་ཉིད་རིག་པའི་ གཞུང་ལུགས་སྦྱང་བའི་ཡན་ལག་ཚད་མ་རིག་པ་ནས་འགོ་བརྩམས་ཏེ་རྩོད་པའི་

འཛིན་གྲྭར་ལོ་མང་པོར་འགྲིམ་དགོས་པ་དང༌། རྩོད་གླེང་གི་ངོ་བོ་དང་བྱེད་ཐབས་

རིགས་མི་འདྲ་བ་མང་པོ་སྤྱོད་དགོས་པ་དེས་སྲོལ་རྒྱུན་ཤ ེས་ཡོན་རྒྱུན་འཛིན་ཙམ་ མིན་པར་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།

མཚན་ཉིད་རིག་པའི་སློབ་ཁྲིད་དང་ཡོ་ཆས།

དེ་སྔ་བོད་ཀྱི་མཚན་ཉིད་རིག་པའི་སློབ་སྦྱོང་ནི་སློབ་ཁྲིད་ཡོ་ཆས་ཉུང་ཤོས་ཙམ་ སྤྱོད་པའི་སློབ་ཁྲིད་རྣམ་པ་ཞིག་ཡིན། སློབ་ཁྲིད་ཡོ་ཆས་ལ་དཔེ་དེབ་ཅིག་དང་ འཕྲེང་བ་ཞིག་ལས་གང་ཡང་མེད། དེང་གི་དུས་སུ་ཟིན་བྲིས་ཀྱི་འབྲི་དེབ་འཁྱེར་

བཞིན་ཡོད་མོད། གནའ་བོའ་ི དུས་སུ་འབྲི་དེབ་མེད་པ་འདྲ། གཙོ་བོ་རིགས་པས་

དཔྱད་ཅིང་རིགས་འདེད་བྱེད་པ་ལས་སྟབས་བདེ་བའི་དངོས་པོས་བདེན་དཔང་ བྱེད་པའི་ལུགས་སྲོལ་མེད། རྒྱུ་མཚན། དངོས་པོ་ལ་མི་བརྟེན་པར་རིག་པས་དཔྱད་ ཅི ང ་རི ག ས་པས་བགྲོ ་ གླེ ང ་བྱས་ཏེ ་ གནས་ལུགས་བཙལ་བའི ་ མཚན་ཉི ད ་པའི ་

གཞུང་ལུགས་ནི། ཚན་རིག་ལྟར་དངོས་ཡོད་ཀྱི་བདེན་དཔང་ལ་བརྟེན་ནས་རྩོད་པ་ མཚམས་འཇོག་པའི་ལུགས་སྲོལ་མེད་པའི་རྐྱེན་དུ་ངེས།


482 ཉམས་ཞིབ་དེབ་ཕྲེང་། ༡

མདོར་བསྡུས་ན་དགོན་སྡེ་མཚན་ཉིད་རིག་པའི་སློབ་ཁྲིད་ནི་གཞུང་ལུགས་

ཀྱི་སློབ་ཁྲིད་ཅིག་ཡིན་པ་ལས་ཚོད་ལྟ་བྱེད་ཐུབ་པ་དང༌། ཚོད་ལྟ་བརྒྱུད་ནས་ར་

སྤྲོད་བྱེད་པའི་མངོན་སུམ་ལག་ལེན་གྱི་སློབ་ཁྲིད་ཅིག་མིན་པའི་རྐྱེན་དུ་ངེས་པས། དེང་དུས་ཀྱི་མཚན་ཉིད་རིག་པའི་སློབ་ཁྲིད་ལ་མཁོ་བའི་ཚན་རིག་གི་འཕྲུལ་ཆས་

མི་སྤྱོད་དོ། །གཤམ་དུ་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཡོ་ཆས་ བཀོད་ན།

འཕྲེང་བ། གླེགས་བམ།

གོང་དུ་བཀོད་པ་ནི་དེ་སྔ་བོད་དུ་དར་བའི་ཡོ་ཆས་ཅན་དང་དམར་ཁྲིད་རང་

བཞིན་ཅན་གྱི་སློབ་ཁྲིད་རྣམ་པ་གང་ཡོད་པ་རྣམས་ངོ་སྤྲོད་བྱས་པ་ཞིག་ཡིན། སྒྲ་ དང་རྩིས། གསོ་བ་རིག་པ། སྙན་ངག སྡེབ་སྦྱོར། སུམ་རྟགས་དག་གསུམ་བཅས་

གང་ཡིན་ཀྱང་། ཤེས་ཡོན་གྱི་སྒྲོམ་གཞི་དང་དགེ་སློབ་ཀྱི་མཚན་ཉིད། ཤེས་

ཡོན་བསམ་བློ་བཅས་གོང་དུ་དཔྱད་ཞིབ་བྱས་པའི་བོད་ཀྱི་དགོན་སྡེ་ཤེས་ཡོན་ རིག་པའི་སྤྱི་འགྲོས་ལས་ལོགས་སུ་མེད་ཀྱང་། ཐ་སྙད་རིག་གནས་དེ་དག་སློབ་

ཁྲིད་དང་སློབ་སྦྱོང་བྱེད་པའི་སྐབས་སུ་འཆད་ཁྲིད་གཙོ་བོར་འཛིན་ནའང་། སུམ་

རྟགས་དང་སྙན་ངག་ལྟ་བུར་མཚོན་ན་དཔེ་བརྗོད་རེ་རེ་ལ་ལད་ཟློས་ཀྱིས་དཔེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 483

བརྗོད་གསར་པ་འབྲི་དགོས་པ་དང་། སྨན་རྩིས་ལྟ་བུ་ཞིག་ལ་མཚོན་ན་གང་ཁྲིད་ རྗེས་ནད་པར་ལྟ་བ་དང་ལོ་ཐོ་འབྲི་བ། སྒྲ་ལྟ་བུ་ཞིག་ལ་མཚོན་ན་སྒྲ་གཞུང་ཆ་

ཚང་བའི་རི་མོ་འབྲི་དགོས་པ་དང་། སྡེབ་སྦྱོར་ལྟ་བུར་རྒྱ་གར་སྐད་དང་བོད་སྐད་

ཤན་སྦྱར་གྱི་དཔེ་བརྗོད་ཆ་ཚང་བ་འབྲི་དགོས་ལ། དེ་འདྲའི་སློབ་ཁྲིད་ལ་མྱོང་ ཁྲིད་ཀྱི་ཁྱད་ཆོས་ཀྱང་ལྡན་ཏེ་དུས་ཐོག་དུས་ཐོག་ཏུ་དགེ་རྒན་གྱིས་བཟོ་བཅོས་

དང་ཁ་སྣོན། ལམ་སྟོན་བཅས་བྱེད་བཞིན་པས་མྱོང་ཁྲིད་ཀྱི་ཁྱད་ཆོས་ཀྱང་ལྡན་ ཡོད།

(བོད་ཀྱི་སྒྲ་རིག་པ་དང་། སུམ་རྟགས། སྙན་ངག སྐར་རྩིས། སྡེབ་སྦྱོར་བཅས་ནི་སློབ་ཁྲིད་དང་དངོས་

སྦྱོང་ཟུང་འབྲེལ་བྱས་ཏེ་སློབ་དགོས་པ་ཤ་སྟག་ཡིན་སྟབས་སྒྲ་རིག་པ་སློབ་ཁྲིད་ཟིན་རྗེས་སྒྲ་གཞུང་དེ་ཆ་ཚང་

བའི་རི་མོ་འབྲི་དགོས་ཞིང་། སུམ་རྟགས་དང་སྙན་ངག་ལ་གཞུང་ཆ་ཚང་གི་དཔེ་བརྗོད་གསར་པ་འདྲི་དགོས་

པ། སྡེབ་སྦྱོར་སློབ་སྦྱོང་ཟིན་རྗེས་གཞུང་ཆ་ཚང་གི་དཔེར་བརྗོད་རྒྱ་གར་སྐད་དང་བོད་སྐད་ཤན་སྦྱར་གྱི་རྩོམ་

ཡིག་གསར་པ་འབྲི་དགོས་པ། སྐར་རྩིས་སློབ་སྦྱོང་ཟིན་རྗེས་ལོ་གཅིག་གི་ལོ་ཐོ་ཆ་ཚང་གསར་རྩོམ་བྱེད་དགོས་

པ་བཅས་ལུགས་སྲོལ་བཟང་པོ་རྒྱུན་མ་ཆད་པར་ཡོད།)

288

དེ་བས་སྔོན་དུས་རིག་གནས་སྦྱོང་

མཁན་མང་པོ་ཞིག་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར་ཡོད་པ་ལྟ་བུ། དེང་གི་ སློབ་གྲྭ་ཁག་གིས་དམིགས་དཔེར་ལྟ་འོས་སོ། །

289

288 <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> 289

འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

ཤོག་ངོས223། <དུང་དཀར་བློ་བཟང་

བཅར་འདྲིའི་ཁུངས།— ༢༠༡༡ ཟླ་བ་དང་པོའ ི་ཚེས་དགུ་ལ་རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ཞིག་ལ་དཀྱིལ་

འཁོར་སྐོར་བཅར་འདྲི་བྱས། ༢༠༡༡ ཟླ་བ་དང་པོའ ི་ཚེས་བཅུ་ལ་སྟོད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་གཉིས་ལ་ དབྱངས་རྟ་དང་རོལ་མོའ ི་སྐོར་དྲིས། ༢༠༡༠ཟླ་བ༡༢།ཚེས༥ཉིན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་འཇམ་དཔལ་

ལ་བཅར་འདྲི་བྱས། ༢༠༡༡ཟླ་བ་༡ཚེས༡༡ལ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་དགའ་བའམ་ཚེ་བརྟན་བཀྲ་ཤ ིས་ལ་བཅར་ འདྲི་བྱས།

༢༠༡༡ཟླ་བ་༡ཚེས༩ལ་མདོ་སྨད་བླ་བྲང་དགོན་པའི་གྲྭ་བཟོད་པ་ལ་བཅར་འདྲི་བྱས།

༢༠༡༠ཟླ་

༡༢ཚེས་༡༠ལ་བོད་གཞུང་སྨན་རྩིས་ཁང་གི་སྨན་དགེ་མཁྱེན་རབ་དང་རྩིས་དགེ་གཉིས་ལ་བཅར་འབྲི་བྱས།


484 ཉམས་ཞིབ་དེབ་ཕྲེང་། ༡

བཅུ་བདུན་པ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་ཞན་ཆར་དཔྱད་པ།

༡ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འཁོར་བསྐྱོད་ཆོས་ཉིད་དང༌ཡ་བྲལ་རང་ བཞིན།

གོང་ནས་མདོར་བསྟན་བྱས་ཟིན་ལྟར་དུ་སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་དེ་བྱེད་

ཐབས་ཀྱི་ངོས་ནས་དེ་འདྲའི་གསུམ་ཚན་གསུམ་དུ་བསྡུས་ན་འོས་ཤ ིང་འཚམས། གསུམ་ཚན་གསུམ་ནི་དགེ་རྒན་གྱིས་གཙོ་ཁྲིད་ཀྱི་དབང་དུ་བྱས་པའི་ཁྲིད་ཐབས་ གསུམ་སྟེ། བཤད་ཁྲིད་དང༌། དམར་ཁྲིད། མྱོང་ཁྲིད་གསུམ་དང༌། སློབ་མའི་གཙོ་ སྦྱོང་གི་དབང་དུ་བྱས་པའི་སྦྱོང་ཐབས་གསུམ་ཏེ། ཐོས་པ་དང༌། བསམ་པ། སྒོམ་

པ་གསུམ་ཡིན་ཞིང་དེ་ལ་སྲོལ་རྒྱུན་ཤ ེས་ཡོན་ཁྲོད་དུ་རང་དོན་ཐོས་བསམ་སྒོམ་ གསུམ་ཞེས་སུ་འབོད། བསླབ་འབྲས་མངོན་སྟངས་ཀྱི་ཆ་ནས་མཚོན་ན་མཁས་

པའི་བྱ་བ་རྣམ་གསུམ་སྟེ། འཆད་པ་དང༌། རྩོད་པ། རྩོམ་པ་གསུམ་ཡིན་ལ་དེ་

དག་ལ་སྲོལ་རྒྱུན་དགོན་སྡེ་ཤ ེས་ཡོན་ཁྲོད་དུ་གཞན་དོན་འཆད་རྩོད་རྩོམ་གསུམ་ ཞེས་སུ་འབོད།

གཙོ ་ ཁྲི ད ་ཀྱི ་ ངོ ས ་ནས་གསལ་བོ ་ བྱས་ཏེ ་ སྲོ ལ ་རྒྱུན་ཤེ ས ་ཡོ ན ་རི ག ་པར་

བལྟས་ན་ཁྲིད་གསུམ་ཡ་བྲལ་དུ་སོང་བའི་སྐྱོན་ཆ་མངོན་ཡང༌། སྤྱིར་བཏང་ངེས་ ཤེས་འདྲོངས་པའི་ཕྱིར་དང་བྱེད་ཐབས་མ་འདྲ་བ་གསུམ་ཡིན་པའི་ངོས་ནས་སོ་

སོར་བཤད་པ་ཙམ་ལས་དོན་དུ་སློབ་ཁྲིད་ཁྲོད་དུ་ཤ ་ཁྲག་རུས་གསུམ་ལྟར་འབྲེལ་ བའི་ཕུང་པོ་ཞིག་ཡིན་ཞིང་སོ་སོར་ཕྱེས་ཐབས་མེད་མོད། གལ་ཏེ་སོ་སོར་ཕྱེས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 485

ན་སློབ་ཁྲིད་ཀྱི་སྲོག་ཤོར་རྒྱུ་ཉག་གཅིག་ཡིན། སྐབས་འགར་སྲོལ་རྒྱུན་སློབ་ཁྲིད་ ཁྲོ ད ་དུ་གདུལ་བྱའི ་ ཁམས་དང་མོ ས ་པར་བསྟུན་དགོ ས ་ཞེ ས ་བློ ་ དམན་དག་ལ་

དམར་ཁྲིད་དང༌། བློ་རབ་དག་ལ་མྱོང་ཁྲིད། དུས་རྒྱུན་བཤད་ཁྲིད་ལྟ་བུའི་བཤད་ ཚུལ་ཞིག་བྱུང་བ་ནི་གདུལ་བྱའི་ཁམས་དང་མོས་ཁམས་ལ་བསྟུན་དགོས་ཞེས་ པའི་རྗེས་སུ་འབྲངས་པའི་ཚུལ་ཡིན་ཀྱང་དེ་འདྲ་ཙམ་གྱིས་ཁམས་དང་མོས་པ་ཐག་

གཅོད་བྱེད་མི་ཐུབ། དེས་སློབ་ཁྲིད་ངོས་འཛིན་བྱེད་སྟངས་ནོར་འཁྲུལ་ཞིག་བསྟན་ གྱིན་ཡོད། དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་ཀྱི་ནུས་པ་ཆེ་ཤ ོས་ཏེ་ཁྲིད་གསུམ་

མཚམས་མ་ཕྱེས་པར་འདྲེས་སྦྱོར་བྱེད་ཚུལ་གྱིས་བཞག་ན་འགྲིག སྲོལ་རྒྱུན་སློབ་ ཁྲིད་རང་ངོས་ནས་ལག་ལེན་དངོས་ཀྱི་ཆ་ན་སྐབས་འགར་ཁྲིད་གསུམ་འདྲེས་སྦྱོར་

གྱིས་སློབ་ཁྲིད་བྱེད་ཀྱིན་ཡོད་ཀྱང་ཁྲིད་ཐབས་གང་ཞིག་གང་དུ་གཏོགས་པར་ངོས་ འཛིན་ཡང་དག་ཅིག་མེད་པར་སྙམ། དེ་བས་ཁྲིད་གསུམ་ཞེས་པའི་ཐ་སྙད་དེའང་ དེབ་སྟེང་གི་སྡོམ་ཚིག་ཅིག་ཏུ་འགྱུར་བའི་ཉེན་ཁ་ཡོད།

ཕྱོགས་གཞན་ཞིག་ནས་བལྟས་ན་སྲོལ་རྒྱུན་སློབ་ཁྲིད་ཀྱི་འགྱུར་བའི་ཁྲོད་

དུ་བཤད་ཁྲིད་ཁོ་ན་དར་ཁྱབ་ཆེ་ཞིང༌། དགེ་རྒན་གྱིས་མཚམས་མ་བཅད་པར་

མིག་ཟུང་བཙུམ་སྟེ་ལྷུག་ལྷུག་ཏུ་གཞུང་འགྲེལ་བྱེད་པ་དང༌། ཞོར་དུ་ལུང་རག་

ཚད་ཅིག་དྲངས་པ་ཡིན་ན་དགེ་རྒན་མཁས་པ་དང་བཟང་པོར་བརྩི་ལ། དགེ་རྒན་ གྱིས་བཤད་པ་ཉུང་ཞིང་སློབ་མར་རང་འགུལ་གྱི་བར་སྣང་སྤྲད་ན་འཆད་མི་མཁས་ པ་དང་དགེ་རྒན་ཞན་པོར་བརྩི། སློབ་མའི་ངོས་ཐད་ནས་བསམ་པ་དང་སྒོམ་པའི་ སྦྱོང་ཐབས་ཉུང་ཞིང་ཐོས་པ་ཁོ་ན་གཙིགས་འཛིན་བྱས་ཏེ་དགེ་སློབ་བར་དུ་འཆད་ ཉན་ཁོ་ན་བྱེད་པའི་སྣང་ཚུལ་ཡོད། དེའང་གནད་དོན་གཅིག་ནི་དགེ་རྒན་རྣམས་ལ་

དམར་རྗེན་དང་མྱོང་བ་དངོས་ཀྱི་ཤེས་ཚད་དམན་པའི་སྐྱོན་དུ་ཟད་ལ། “རང་ཉིད་


486 ཉམས་ཞིབ་དེབ་ཕྲེང་། ༡

ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་ པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །” ཞེས་པའི་བསླབ་བྱའི་ནང་དོན་ 290

དང་འགལ་ཞིང་དགེ་རྒན་རང་ཉིད་ཀྱི་སློབ་སྦྱོང་དེའང་དཔེ་དེབ་ཁོ་ནའམ་ཡང་ན་ འཆད་ཉན་ཁོ་ནའི་འབྲས་བུར་སོང་བའི་རྐྱེན་དུ་ངེས། དོན་དངོས་སུ་སློབ་ཁྲིད་ཐུན་

གཅིག་གི་སྐབས་སུའང་བཤད་མྱོང་དམར་གསུམ་འདྲེས་ནས་ཡོད་ལ་འདྲེས་སྦྱོར་ བྱེད་ཐབས་ཀྱི་ཕུལ་བྱུང་ཁྱད་ནུས་དེ་ནི། སློབ་མ། དགེ་རྒན། ཁྲིད་གཞི་གསུམ་ག་

དང་འབྲེལ་བ་ཡོད་དེ་མཐར་ཐུག་གི་ལེགས་གྲུབ་དེའང་སློབ་མའི་རང་རྟོགས་དང་ འཇོན་ནུས་ཀྱིས་ཐག་གཅོད་དགོས།

གོང་གི་གསུམ་ཚན་གསུམ་ལ་ང་ཚོས་རགས་དཔྱད་ཅིག་བྱས་ན།

བཤད་ཁྲིད། —> ཐོས་བྱུང་གི་ཤ ེས་རབ། —>འཆད་པའམ་ཤ ེས་ཡོན་བརྗེ་ལེན་བྱེད་པ། མྱོང་ཁྲིད། —> བསམ་བྱུང་གི་ཤ ེས་རབ། —> རྩོད་པའམ་བསམ་གཞིགས་བྱེད་པ། དམར་ཁྲིད། —> སྒོམ་བྱུང་གི་ཤ ེས་རབ། —> རྩོམ་པའམ་ལག་ལེན་དུ་ཞུགས་པ།

འདི་འདྲའི་འབྲེལ་བ་ཞིག་ཀྱང་གྲུབ་ཕྱིར་སློབ་མའི་གཙོ་སྦྱོང་གི་ཕྱོགས་ནས་

བལྟས་ན། བཤད་ཁྲིད་ཁོ་ན་གཙིགས་འཛིན་ཆེ་ན་སློབ་མར་ཐོས་བྱུང་གི་ཤ ེས་རབ་ ལས་སྐྱེས་ཐབས་མེད་ཅིང་དེའི་མཐའ་འབྲས་ཀྱང་འཆད་པ་དེ་བཤད་མཁན་དང་

བཤད་ཁྲིད་ཁོ་ན་བྱེད་མཁན་ཞིག་བཟོ་སྐྲུན་བྱས་པས་བསམ་བྱུང་དང་སྒོམ་བྱུང་ གི་ཟུར་གཉིས་ཉམས་ཏེ། ཁ་ཡོད་ལག་རྡུམ་གྱི་སློབ་མ་བསྐྱེད་པར་འགྱུར་གཤིས་ ཁྲིད་གསུམ་འདྲེས་སྦྱོར་བྱས་ཏེ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་

མ་སྐྱེད་སྲིང་བྱེད་དགོས། དེ་ནི་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་དགོངས་པ་ ཡིན་ལ་རིག་གནས་ཀྱིས་སློབ་ཁྲིད་ལ་བཏོན་པའི་རེ་བའང་རེད། ང་ཚོས་སློབ་ཁྲིད་

290 <<བསྟན་འགྱུར།>>རྒྱུད་ངི་པ།

ཤོག་ངོས༣༩། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། དཔེ་གཟུགས་སྡེ་དགེའི་པར་མ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 487

ཐུན་གཅིག་གི་བརྒྱུད་རིམ་ཁྲོད་དུའང་ཐོས་པའི་སྦྱོང་བ་ཡོད་ལ་བསམ་བའི་སྦྱོང་བ་ སྟེ་བསམ་གཞིགས་ཀྱི་གོ་སྐབས་ཀྱང་ཡོད་པ། སྒོམ་པ་སྟེ་དངོས་མྱོང་བྱེད་པའི་གོ་ སྐབས་ཀྱང་ཡོད་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་མའི་གཙོ་སྦྱོང་

བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་འོང་། གོང་དུ་བཤད་ཟིན་པ་བསྐྱར་དུ་ཟློས་ན་

ཁྲིད་གསུམ་ཡ་བྲལ་དུ་སོང་ན་སློབ་གསུམ་ཡང་ཡ་བྲལ་དུ་འགྲོ་ལ། དེ་བས་འཆད་ རྩོད་རྩོམ་གསུམ་ཡ་བྲལ་དུ་འགྲོ འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བ་ནི་སློབ་མའི་

སྦྱངས་འབྲས་བརྟག་ཐབས་ཀྱི་ཚད་གཞི་མཐོ་ཤོས་དེ་ཡིན་པས་སྔོན་གྱི་མཁས་པ་ དག་གིས་དེའི་ཐད་སྡོམ་ཚིག་འདི་འདྲ་ཞིག་བཞག་ཡོད། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །

ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། ། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །

མཁས་པའི་སྙན་པ་རང་དང་མཉམ་དུ་འཆི། །

291

ཤོ་ལོ་ཀ་འདིས་བསྟན་པར་བྱ་བ་ཉིད་ནི་མཁས་པ་ཞེས་བྱ་བའམ་སློབ་གཉེར་

ཡང་དག་ཅིག་བྱས་པའི་མཇུག་འབྲས་གང་འདྲ་ཞིག་ཡིན་དགོས་པའི་ཕྱོགས་ལ་རེ་

བ་བཏོན་ཡོད། རེ་བ་དེས་སློབ་གཉེར་མཐར་ཕྱིན་པའི་སློབ་མ་དེ་ནི་ངེས་པར་དུ།

འཆད་པ་དང༌། རྩོད་པ། རྩོམ་པ་གསུམ་ལ་མཁས་དགོས་པ་དང༌། དེ་གསུམ་ལས་ གཅིག་མ་ཚང་ན་སྟོང་ཆ་ཞིག་གམ་སྐྱོན་ཞིག་ཏུ་བགྲང་ཡོད། སྤྱིར་བཏང་རྩོམ་ ཞེ ས ་པ་བྱ་བ་གང་ཡི ན ་ཀྱང་གསར་དུ་བརྩམས་པར་གོ ་ ན་ཧ་ཅང་ལེ ག ས་མོ ད ་

འདིར་ཡིག་རྩོམ་ཙམ་ལ་གོ རྩོད་པའང་ཁ་ཤགས་འཐབ་པ་ཙམ་མིན་པར་རྟོག་

གཞིག་གི་དོན་སྙིང་ཡོད་ཚད་ལ་གོ་ན་ལེགས་མོད་འདིར་ཕལ་ཆེར་བརྒལ་ལན་

291

<<བསླབ་བྱ་ཉེར་མཁོ་ཕྱོགས་བསྒྲིགས།>> བོད་དུ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་

ལའི་ཕྲེང་བ། ཤོག་ངོས༡༡༧། ཨ་ལག་ཤ ་ངག་དབང་བསྟན་དར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།


488 ཉམས་ཞིབ་དེབ་ཕྲེང་། ༡

ཙམ་ལ་གོ འཆད་པའང་བཤད་པ་ཙམ་མིན་པར་ཤ ེས་བྱ་བརྒྱུད་སྤྲོད་དང་ཤ ེས་བྱ་

གསར་རྟོགས་ཀྱི་འབྲེལ་ལམ་ཞིག་ཡིན་ན་འགྲིག་མོད་འདིར་ཕལ་ཆེར་དགེ་སློབ་ བར་གྱི་འཆད་ཉན་གྱི་བྱ་འགུལ་ཁོ་ནར་གོ།

སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་གྱི་ཟུར་གཅིག་ནས་བལྟས་ན་ཉམས་དམས་

སུ་འགྲོ་བཞིན་པ་ནི་ཤ ེས་ཡོན་གྱི་གཙོ་གནད་དེ་ཆོས་ལུགས་ཀྱིས་བཟུང་ཡོད་པ་ དང༌། དེའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དུ“བྱང་ཆུབ་ལམ་རིམ་དུ་ཆོས་བཅུ་པའི་

ལུང་དྲངས་པ་ལས། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ ཏེ༑ ༑དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་

དག་ལ། །དཀར་པོའ ི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་

པོ་ཇི་བཞིན་ནོ། །” ཞེས་པ་དང་ཏན་ཏན་འབྲེལ་བ་ཞིག་ཡོད་པ་འདྲ། དེ་འདྲའི་ 292

གནས་སྟངས་ཀྱི་རྐྱེན་པས་འཆད་པའི་ཁྲོད་དུ“སྔོན་ཆད་མ་བྱུང་པའང་འདིར་བརྗོད་

མེད། །” ཅེས་པ་བཞིན་གསར་བཤད་མེད་པའི་གནས་སྟངས་འོག་ནས་དམར་ 293

ཁྲིད་དང་མྱོང་ཁྲིད་དེ་བསམ་གཞིགས་དང་ལག་ལེན་དངོས་ཀྱི་ཁྲིད་ཐབས་ཀྱི་དོན་

སྙིང་མེད་པར་ཡོད་ཚད་ལོ་ངོ་མང་པོའ་ི བཤད་རྒྱུན་སྐྱོང་བ་ཁོ་ནར་སོང་ཕྱིར་སློབ་

མར་ཡང་གསར་རྟོགས་ཀྱི་གོ་སྐབས་བྲལ་བར་གྱུར་པ་ཡིན། གོ་སྐབས་དེ་མེད་ ཕྱིར་སློབ་དང་ཁྲིད་ཀྱི་འཁོར་བསྐྱོད་དེའང་བཤད་རྒྱུན་བསྐྱར་བཤུས་ནས་བསྐྱར་ བཤུས་ཙམ་དུ་གྱུར། རྩོད་པའང་ཁ་རུབ་ཅན་ཏེ་རྟོག་གཞིག་གི་ཁ་ནང་དུ་གཏད་དེ་

ལུང་རིགས་དཔེ་གསུམ་གྱི་དགག་སྒྲུབ་ཀྱང་ལྟ་ཚུལ་གཞན་ཚར་གཅོད་བྱེད་པར་ ཁ་ཕྱོགས་ཏེ་ལྟ་བའི་རྒྱུད་སྐུད་གཅིག་གི་སྟེང་དུ་འབབ་དགོས་པ་དང༌། རྩོམ་པའང་

292 293

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༣། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

<<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །>> པོད་བརྒྱད་པ། ཤོག་ངོས༣། རྒྱལ་

སྲས་ཆེན་པོ་ཞི་བ་ལྷས་མཛད། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 489

གསར་རྩོམ་མ་ཡིན་པར་འགྲེལ་བ་དང་ཡང་འགྲེལ་ཁོ་ན་བྱས་ཏེ་མདོར་ན་སློབ་མ་

དག་དགེ་རྒན་གྱི་བསམ་བློའ ི་ཁོར་ཡུག་གི་བཀག་སྡོམ་ལས་ཕྱིར་འབུད་མི་ཐུབ། དེ་ ནི་ཤ ེས་ཡོན་ཁྲོད་ཀྱི་སྒེར་གཅོད་རང་བཞིན་ཞིག་ཡིན་ལ་རྣམ་ཤ ེས་ཀྱི་སྐྱེས་སྟོབས་

གསར་པའི་སྲོག་འཕྲོག་པའི་སྣང་ཚུལ་ཞིག་ཀྱང་ཡིན། གོལ་ལམ་འདིའི་རྒྱུ་དང་

རྐྱེན་བྱས་པས་དེང་རབས་བོད་ཀྱི་སློབ་གྲྭའི་ཤེས་ཡོན་ཁྲོད་དུའང་གནས་སྟངས་ཛ་ དྲག་ཅན་འདིའི་བག་ཆགས་གནས་ཡོད།

འཇིག་རྟེན་གྱི་འཕེལ་རྒྱས་ནི་ལྟ་ཚུལ་སྣ་ཚོགས་སམ་རིག་གནས་སྣ་མང་

ཅན་གྱི་ཐོན་འབྲས་ཡིན་ཕྱིར། སློབ་མའི་སྦྱངས་འབྲས་ཀྱི་འཆད་རྩོད་རྩོམ་གསུམ་

དེ་ཡ་མ་བྲལ་བ་དང་ཡང་དག་པ་ཡིན་དགོས་པ་དང༌། དེ་ཡ་མ་བྲལ་བ་ཞིག་འབྱུང་

བ་ལ་སློབ་མའི་གཙོ་སྦྱོང་གི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་དང༌། དེ་ཡ་མ་བྲལ་བ་ཞིག་ཡོང་བ་ལ་དེའི་རྒྱུ་རུ་གྱུར་པའི་གཙོ་ཁྲིད་དེ་བཤད་མྱོང་དམར་

གསུམ་ཡ་མ་བྲལ་བ་དང་ཡང་དག་པར་རག་ལས་པས་སྲོལ་རྒྱུན་ཤེས་ཡོན་གྱི་

འཁོར་བསྐྱོད་ཆོས་ཉིད་ལས་མཐོང་བའི་ལེགས་ཉེས་ཀུན་གྱི་མཐར་ཐུག་གི་རྩ་བ་ དགེ་རྒན་ལ་ཐུག་འདུག་གོ།

༢ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་ཕྱོགས་དུ་མ་ནས་འཚོལ་ཅིང་རྙེད་པའི་ཞན་ཆ།

1

དུང་དཀར་ཚང་གིས་ངོས་འཛིན་བྱས་པའི་སྲོལ་རྒྱུན་ཤེས་ཡོན་རིག་པའི་ཞན་ཆ།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བོད་ཀྱི་སྲོལ་རྒྱུན་དགོན་སྡེ་

སློབ་ཁྲིད་རིག་པའི་ཞན་ཆ་ཁ་ཤ ས་ཤིག་ངོས་འཛིན་གནང་ཡོད་པ་ནི། ༡) དུས་

ཚོད་ཆ་བགོས་ཀྱིས་སློབ་ཁྲིད་འཆར་འགོད་མེད་པ་དང་། ༢) ཉིན་རེ་སློབ་ཁྲིད་དང་


490 ཉམས་ཞིབ་དེབ་ཕྲེང་། ༡

བདུན་རེའི་སློབ་ཁྲིད་ལྟ་བུའི་སློབ་ཁྲིད་འཆར་འགོད་ཀྱི་ཟིན་བྲིས་མེད་པ། ༣) སློབ་

གསོ་རིག་པར་དོ་སྣང་མ་བྱས་པས་ལག་ལེན་གྱི་རང་བཞིན་ཙམ་ལས་སློབ་གསོའ ི་ ཆོས་ཉིད་ཀྱི་གོ་རྟོགས་མེད་པ། ༤) དངོས་གཞིའི་སློབ་ཚན་དང་ཟུར་ལྟའི་སློབ་

ཚན་བར་གྱི་དབྱེ་བ་མ་ཕྱེ་བར་སློབ་ཚན་དཔྱད་གཞིག་མེད་པ། ༥) གཅིག་གྱུར་གྱི་

སློབ་དེབ་མེད་པ་བཅས་རྣམ་གྲངས་ལྔའི་སྒོ་ནས་ངོས་འཛིན་བྱས་ཡོད། འདི་དག་ 294

ནི་ཁོང་གིས་སྲོལ་རྒྱུན་དགོན་སྡེ་དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱེད་ཐབས་དང་དེང་

གི་སློབ་གྲྭའི་སློབ་ཁྲིད་བར་གྱི་ལྟ་སྡུར་ལས་མཐོང་བའི་གནད་དོན་ཤ ་སྟག་ཡིན་ལ། སློབ་ཁྲིད་བྱེད་ཐབས་ཕྱོགས་ཀྱི་ཞན་ཆ་ཞིག་ཀྱང་ཡིན།

2

བྱིས་པའི་ཤ ེས་ཡོན་ལམ་ལུགས་མེད་པ།

དེ་དག་ལས་ཀྱང་བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་སློབ་ཁྲིད་རིག་པར་ཞན་

ཆ་ཞི ག ་ཡོ ད ་པ་ནི ་ བྱི ས ་པའི ་ སློ བ ་ཁྲི ད ་རི ག ་པའི ་ སྟོ ང ་ཆ་ཆེ ན ་པོ ་ ཞི ག ་ཡོ ད ་པ་ དེ ་ ཡིན ། བྱི ས ་པའི ་ཤེ ས ་ཡོ ན ་རིག ་པའི་ སྟོ​ོ ང་ཆ་ཞིག ་ཡོ ད ་པའི་ རྐྱེ ན ་གྱིས ་དུང་

དཀར་ཚང་གི ས ་ཀྱང་སྲོ ལ ་རྒྱུན་ཤེ ས ་ཡོ ན ་ལམ་ལུགས་ཀྱི ་ ཁྱད་ཆོ ས ་བཤད་ པའི ་ སྐབས་སུ། “བྱི ས ་པ་ལོ ་ བདུན་ཡན་ལོ ན ་པ་ནས་དགོ ན ་པའི ་ ནང་ཆོ ས ་

ཞུགས་བྱས་རྗེ ས ་གཞུང་ཆེ ན ་པོ འ ་ི སློ བ ་སྦྱོང་དངོས་སུ་འགོ་མ་ཚུགས་བར་ལོ་ ཤས་རིང་ཁག་ཐེག་དགེ་རྒན(ཤག་རོགས་དགེ་རྒན) ཟེར་བ་ཞིག་ཡོད་པ་དེའི་སར་

བསྡད་ནས་ཡི་གེ་འབྲི་ཀློག་དང་། དགོན་པའི་ཞལ་འདོན་ཁག མངོན་རྟོགས་རྒྱན་

དང་། དབུ་མ་འཇུག་པ། བཅས་བློ་འཛིན་ངག་སྐྱོར་བྱེད་རྒྱུ་གཙོ་བོ་དང་། ཞར་ལ་

དགོན་པའི་སྒྲིག་ཁྲིམས་དང་སྤྱི་ཚོགས་ཐོག་གི་ཡ་རབས་ཀུན་སྤྱོད་སློབ”ཅེས་དང་།

294 <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>>

དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

ཤོག་ངོས༢༨༣ནས༢༨༦བར། དུང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 491

“བྱིས་པ་ཆུང་ངུའི་རིགས་ཤེས་རིག་རྒྱས་ཤིང་རྩ་ཁམས་གསལ་བའི་དུས་སྐབས་

དེར་གཞུང་དོན་ལ་གོ་བ་ལེན་རྒྱུ་དང་བསམ་གཞིགས་བྱེད་པའི་ནུས་རྩལ་ཞན་ ཡང་། དབང་ལྔའི་ཡུལ་དུ་འཆར་སྣང་གང་བྱུང་སེམས་ལ་མ་བརྗེད་པར་ཐད་ཀར་

ངེས་ཐུབ་པའི་ཁྱད་ཆོས་ཡོད་པ་དེ་བཟུང་ནས་ཡི་གེ་འབྲི་ཀློག་དང་། གཞུང་ཆེན་ པོ་ལྔའི་རྩ་ཚིག་རྣམས་བློ་འཛིན་ངག་སྐྱོར་བྱེད་དུ་བཅུག་ཏེ་རྗེས་སུ་རིག་གནས་ཆེ་ ཆུང་ཁག་སློབ་སྦྱོང་བྱེད་ཐུབ་པའི་རྨང་གཞི་བཟང་པོ་འདིང་།”

295

(དུང་དཀར་ཚང

(1927-1997)

ནི་དགུང་གྲངས་ལྔ་པ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་

བསྟན་རྒྱ་མཚོས་དུང་དཀར་བླ་མའི་སྐུ་སྐྱེས་ལ་ངོས་འཛིན་གནང་ཞིང་། དེ་སྔ་གདན་ས་ནས་ལྷ་རམས་དགེ་བཤེས་

ཀྱི་བར་དུ་སློབ་སྦྱོང་བྱས་ཤ ིང་། ཕྱིས་སུ་དུས་འགྱུར་དང་བསྟུན་ནས་རྒྱ་ཡིག་སོགས་ལ་སློབ་སྦྱོང་གནང་སྟེ། དུས་

རབས་ཤིག་གི་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་རིག་སྨྲའི་ཁྱུ་མཆོག་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོང་

གིས<བོད་ཀྱི་སློབ་གསོ་རིག་པ་གོང་འཕེལ་ཇི་ལྟར་བྱུང་པའི་གཏམ་གླེང་།> ཞེས་པ་བརྩམས་ཏེ་བོད་ཀྱི་དགོན་སྡེ་

ཤེས་ཡོན་རིག་པར་ཐོག་དང་པོ་འགྲེལ་བརྗོད་གནང་ཡོད།)

ཞེས་པ་ཙམ་ལས་གསུངས་མེད་པ་ནི་བོད་ཀྱི་དགོན་སྡེ་ཤ ེས་ཡོན་རིག་པའི་

ཁྲོད་དུ་བྱིས་པར་སློབ་སྦྱོང་སྤྲོད་པའི་གཞུང་ལུགས་དང་རིགས་ལམ་མེད་པའི་རྐྱེན་

དུ་ངེས། ལག་ལེན་ཙམ་ཞིག་ཡོད་ཀྱང་དེའང་གོང་དུ་དུང་དཀར་ཚང་གིས་གསུངས་ པ་དེ་ཙམ་ཡིན་ནོ། །

དེ ང ་གི ་ སློ བ ་གྲྭའི་ སློ བ ་ཁྲིད ་དང་ལྟ་སྡུར་ཞིག ་བྱས་ན་སློ བ ་ཁྲི ད ་རི ག ་པའི ་

བརྗོད་དོན་མཐའ་དག་ལས་སྔོན་འགྲོ་དང་། བྱིས་པ། གཞོན་ནུ། དར་མ་བཅས་ཀྱི་

སློབ་ཁྲིད་བྱེད་ཐབས་རེ་རེ་ནས་དཔྱད་ཞིབ་བྱས་མེད་པར་སློབ་ཁྲིད་སྤྱི་བཤད་ཀྱི་

རྣམ་པའི་སྒོ་ནས་བཤད་ཡོད། དེའི་རྒྱུ་མཚན་ཁུངས་འདེད་བྱས་ན། དགོན་སྡེ་སློབ་

ཁྲིད་ནི་བཙུན་པའི་སློབ་ཁྲིད་ཡིན་ལ། སྔོན་དུས་སུ་ཆོས་གཞུང་དར་ན་རང་ལོ་ལོན་

295 <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>>

ཤོག་ངོས༢༤༨ནས༢༤༩བར། དུང་

དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་ཞིབ་འཇུག་ཁང་།


492 ཉམས་ཞིབ་དེབ་ཕྲེང་། ༡

ཞིང་རང་བསམ་ཤ ེས་པའི་མི་སྣ་ཤ་སྟག་གྲྭ་པ་བྱེད་ཀྱིན་ཡོད་པས་ན། བྱིས་པའི་སློབ་

ཁྲིད་དགོས་དོན་ཡང་མེད། འོན་ཀྱང་བོད་ཀྱི་ལུགས་ལྟར་ན་ངེས་པར་དུ་རང་ལོ་ཆེར་ སོན་ཞིང་ངེས་འབྱུང་ཐོབ་སྟེ་གྲྭ་པ་བྱེད་མི་དགོས་པར། བྱིས་པ་ཆུང་ངུའི་དུས་ནས་

དགོན་པར་བསྐྱལ་ཏེ་སློབ་ཁྲིད་འགོ་རྩོམ་བཞིན་ཡོད། བྱིས་པའི་སློབ་གྲྭ་ཟུར་དུ་མེད་ པས་དགོན་པར་ཆོས་ཞུགས་བྱས་མཚམས་ནས་གྲྭ་པ་རྒན་པ་རྣམས་དང་མཉམ་དུ་ འཚོ་བ་རོལ་དགོས་ཤིང་། བྱིས་པ་གསོ་སྐྱོང་བྱེད་པར་དཔྱད་ཞིབ་རྣམ་ཅན་གྱི་བྱིས་ པའི་སློབ་ཁྲིད་ཐབས་ལམ་ཞིག་མེད་པ་ནི་སྟོང་ཆ་ཆེ་ཤོས་ཤིག་ཡིན།

སྔོན་དུས་གདན་ས་རྣམས་སུ་བྱིས་པ་ཆོས་ཞུགས་བྱེད་སྐབས་ཁག་ཐེག་

དགེ་རྒན་ཟེར་བ་ཞིག་ཡོད་པར་བཤད། ཁག་ཐེག་དགེ་རྒན་ནི་བྱིས་པ་དེའི་ཕ་མའི་

ཚབ་ཡིན་པས། དེས་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་སློབ་སྟོན་བྱས་ཏེ་བྱིས་ པའི་ཀུན་སྤྱོད་ཀྱི་སྤུས་ཚད་འགན་འཁུར་ལེན་བཞིན་ཡོད། བྱིས་པ་དགོན་པར་ ཞུགས་མཚམས་ནས་གཞུང་ཆེན་སློབ་ཁྲིད་མི་བྱེད་པར། འགོ་ཀ་ཁ་ནས་སྦྱངས་

ཤིང་ཀ་ངོ་ཡིག་ངོ་ཆོད་ན་མགྱོགས་པོར་མཚན་ཉིད་རིག་པའི་གཞུང་ཆེན་སློབ་སྦྱོང་

བྱེད་པའི་སྔོན་འགྲོ་ལྟ་བུར་གཞུང་ལུགས་བློ་འཛིན་བྱེད་བཞིན་ཡོད། དེ་དག་གི་དགེ་ རྒན་ནི་ཤ ག་རོགས་དགེ་རྒན་ནམ་ཁག་ཐེག་དགེ་རྒན་ཞེས་པ་ཡིན། སྐབས་དེར་

མགྱོགས་ཚད་གཙོ་བོར་འཛིན་པ་ལས་སྔོན་འགྲོའ་ི སློབ་ཚན་གྱི་སྤུས་ཚད་གཙོ་

བོར་མི་འཛིན། དེའི་རྐྱེན་གྱིས་བོད་ལ་ཡི་གེའི་སྒྲ་སྦྱོར་དང་དག་འདོན་སློབ་ཁྲིད་ཀྱི་ ལམ་སྲོལ་ཡག་པོ་ཞིག་ཆགས་མེད། རྩེ་སློབ་གྲྭར་ཡི་གེའི་སྐྱེ་གནས་དང་བྱེད་རྩོལ་

སོགས་ཀྱི་སློབ་ཁྲིད་བྱེད་སྲོལ་ཙམ་ཞིག་བྱུང་ཡོད་ཚུལ་རྒན་རབས་པ་རྣམས་ཀྱི་

ངག་ནས་གོ་ཐོས་བྱུང་ཡང་། དེའང་དེ་འདྲའི་ཞིབ་དཔྱོད་ལྡན་པའི་སློབ་ཁྲིད་རིག་པ་ ཞིག་ཏུ་གྱུར་མེད་པར་ལག་ལེན་གྱི་ཡོད་པ་ཙམ་དུ་ངེས། ཕྱོགས་གཞན་ཞིག་ནས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 493

བཤད་ན་བྱིས་པ་རྣམས་དགོན་པར་ཞུགས་པ་ནས་དར་མ་དང་བགྲེས་སོང་གི་སྤྱི་

ཚོགས་སུ་ཞུགས་པ་ཡིན་ལ། ཤེས་ཡོན་སྤྲོད་ཕྱོགས་ལ་མཚོན་ནའང་མགྱོགས་ པོར་འཐེན་ནས་སྐྱེ་རུ་འཇུག་པ་ལས། མེ་ཏོག་ཆུང་ཆུང་གི་ཆོས་ཉིད་ལྟར་འཚར་

ལོངས་འབྱུང་སའི་ཁོར་ཡུག་མེད་པས། བདེ་ཐང་གིས་འཚར་མ་ཐུབ་པར་ལྷན་

སྐྱེས་ཆོས་ཉིད་ཀྱི་ནུས་ཚད་མང་དག་ཅིག་འདྲ་གཏུབ་གཞོག་གསུམ་བྱས་ཡོད་པ་

སྨོས་མ་དགོས་པ་ཞིག་ཡིན། རྒྱུ་མཚན་བྱིས་པ་ལ་མི་རྒན་ཚད་ཐིག་གིས་འཇལ་

བཞིན་པ་དང་། ཁག་ཐེག་དགེ་རྒན་ཟེར་བ་དེ་དག་ལའང་བྱིས་པ་སྙོར་སྐྱོང་དང་།

སློབ་སྦྱོང་སྤྲོད་ཐབས་ཀྱི་བསམ་བློ་དང་ལག་ལེན་གྱི་བརྟེན་སའི་གཞུང་ལུགས་ཤ ིག་ དང་རིག་པ་ཞིག་མེད་ལ། དེང་དུས་བཞིན་བྱིས་པའི་ཤེས་ཡོན་ཆེད་ལས་སློབ་སྦྱོང་

མེད་པ་མ་ཟད། དེང་གི་དུས་སུའང་དགོན་སྡེ་ཁག་ལ་ད་དུང་དགེ་རྒན་གྱི་འོས་སྦྱོང་ བྱེད་པའི་ལུགས་སྲོལ་དར་མེད། བྱིས་པའི་སློབ་ཁྲིད་ཀྱི་འོས་སྦྱོང་ནི་དེ་བས་ཀྱང་

མིང་ཙམ་ཡང་མེད་པར་སྟོང་ཆར་གནས་ཡོད། རྒྱུ་མཚན་དེ་བས་བོད་ཀྱི་སྲོལ་རྒྱུན་ དགོན་སྡེ་ཤ ེས་ཡོན་ནི་དར་མའི་ཤེས་ཡོན་ཞིག་རེད་ཅེས་བཤད་ཕོད། 3

མཁས་ཉུང་སྐྱོང་བའི་ཤེས་ཡོན་ལམ་ལུགས།

སྲོལ་རྒྱུན་ཤ ེས་ཡོན་དང་སློབ་ཁྲིད་ནི་མཁས་ཉུང་གསོ་སྐྱོང་བྱེད་པའི་ཤ ེས་

ཡོན་རིག་པར་གཏོགས་པས། མིའི་ལྷན་སྐྱེས་དང་མི་རེ་རེའི་ནུས་རྩལ་ལ་གུས་བརྩི་

བྱེད་མི་ཐུབ་པར། ལུག་མང་བཙན་གྱིས་དམིགས་སར་བདའ་འདེད་བྱེད་པ་དང་འདྲ་ བར་འཐེང་བོ་དང་ཤ ེད་མེད་དག་ཤུལ་དུ་ལུས་ཡོད། དེ་བས་དགོན་སྡེ་ལ“དཔེ་ཆ་ལྟ་

མཁན་དང་མི་ལྟ་མཁན”ཞེས་སློབ་སྦྱོང་བྱེད་མཁན་དང་མི་བྱེད་མཁན་གྱི་དབྱེ་བ་ བྱུང་སྟེ་མང་དག་ཅིག་ཤུལ་དུ་ལུས་ཡོད། དེང་གི་སློབ་གྲྭ་དག་ནི་དེ་དང་མི་འདྲ་བར་

སློབ་གྲྭར་ཞུགས་པའི་སློབ་མ་ཚང་མ་སློབ་སྦྱོང་ཐོན་དགོས་ལ། ལག་འཁྱེར་ཅི་འདྲ་


494 ཉམས་ཞིབ་དེབ་ཕྲེང་། ༡

ཞིག་ཡོད་པ་ལྟར་དུ་ཤ ེས་ཚད་ཀྱང་དེ་འདྲ་ཞིག་ལོངས་པར་ཁག་ཐེག་བྱེད་དགོས་

མོ ད ། དགོ ན ་སྡེ ་ཤེ ས ་ཡོ ན ་ལམ་ལུགས་དང་སློ བ ་ཁྲིད ་རིག ་པས་ཤུལ་དུ་ལུས་

པའི་སློབ་མ་དག་ལ་དོ་སྣང་མི་སྤྲད་པར་དཔེ་ཆ་མ་ཤེས་པའི་ཚོགས་པ་ཞིག་གི་ ངོ་བོའ་ི སྒོ་ནས་འཇོག་བཞིན་ཡོད། དེ་འདྲའི་ཚོགས་པ་དེ་ནི་ཆུང་ཆུང་ཞིག་མིན་

པའི་ངོས་ནས་བལྟས་ན། དགོན་སྡེ་ཤེས་ཡོན་གྱིས་མི་སྒེར་རེ་རེའི་ལྷན་སྐྱེས་ ཀྱི་ ནུས་སྟོ བ ས་དང་ཁྱད་ཆོ ས ་མི་ འདྲ་བའི་ གཤིས ་ལུགས་ལྟར་ཤེ ས ་ཡོན ་སྤྲོད་ མ་ཐུབ་པའི་སྟོང་ཆ་ལས་བྱུང་བར་གདོན་མི་ཟ། དེ་བས་དེང་གི་བོད་ཀྱི་སློབ་གྲྭ་

དག་ཏུའང་མིའི་ལྷན་སྐྱེས་ལ་བརྩི་འཇོག་མི་བྱེད་པ་དང་། སློབ་མ་མང་བ་ལས་

ཚད་ལྡན་རེ་གཉིས་ཡོད་ན་ལེགས་པར་ལྟ་བའི་ལྟ་བ་འཛིན་མཁན་ཉུང་ཉུང་མིན། དེ་ནི་མཁས་ཉུང་སྐྱོང་བའི་དགོན་སྡེ་ཤ ེས་ཡོན་སྤྲོད་ལུགས་ཀྱི་ཤུགས་རྐྱེན་ལས་ བྱུང་བའི་གནད་དོན་ཞིག་ཡིན།

4

ཆེད་ལས་ཀྱི་མཐར་ལྷུང་བ།

དགོ ན ་སྡེ ་ཤེ ས ་ཡོ ན ་ནི ་ བཙུན་པའི ་ ཆེ ད ་ལས་སློ བ ་སྦྱོ ང ་ཞི ག ་དང་མི ་ ཚེ འི ་

སློབ་སྦྱོང་ཞིག་ཡིན་པས། དེ་གར་སློབ་སྦྱོང་བྱེད་མཁན་རྣམས་ལ་ཆོས་ལུགས་ཀྱི་

ཆེད་ལས་སློབ་སྦྱོང་གི་ངོས་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་མོད། དུས་རབས་ཀྱི་ འགྲོས་དང་བསྡུར་ན་ཆེད་ལས་ཀྱི་མཐར་ལྷུང་བའི་ཞན་ཆའང་ཡོད། གོང་དུ་བཤད་

པ་ལྟར་དགོན་སྡེ་རུ་གྲྭ་བཙུན་རྣམས་བྱིས་དུས་ནས་ཆེད་ལས་སློབ་སྦྱོང་གི་ཁུངས་ སུ་འཛུལ་ཟིན་པས། ཆེད་ལས་དེའི་ངོས་ནས་མཁས་པ་དང་དགེ་བཤེས། མཁས་

བཙུན་བཟང་གསུམ་འཛོམས་པ་ཞེས་པ་ཐོན་བཞིན་ཡོད་ཀྱང་། མི་སྣ་དེ་དག་གིས་

རྨང་གཞིའི་སློབ་སྦྱོང་སྣ་ཚོགས་དང་སྤྱི་ཚོགས་སྣ་ཚོགས་མ་འགྲིམས་པའི་རྐྱེན་ གྱིས་སྤྱི་ཤེས་ཀྱི་ངོས་ནས་མང་དག་ཅིག་གི་ཤེས་ཚད་གོར་ཐིག་གི་སྟེང་ན་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 495

དཔེ་མཚོན་ཞིག་བཞག་ན་མི་ལོ་ལྔ་བཅུ་དྲུག་ཅུར་དཔེ་ཆ་བལྟས་ཀྱང་རང་ཉིད་ཀྱི་ མིང་འབྲི་མི་ཤ ེས་པའི་དགོད་བྲོ་བའི་མཚར་གཏམ་མང་པོ་ཡོད། མཚན་ཉིད་རིག་

པའི་གཞུང་ལུགས་སྦྱངས་སྦྱངས་ཀྱང་སྐད་ཡིག་གི་གནས་ཚད་དེ་འདྲ་ཞིག་ཡིན་ ན༑ གཞན་དུས་རབས་དང་སྤྱི་ཚོགས་རྒྱུན་ཤེས་ཀྱི་གནས་ཚད་ཅི་འདྲ་ཞིག་ཡིན་ པ་བརྗོད་མི་དགོས།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས(“འཛིན་གྲྭ་གཅིག་གི་ནང་དུ་མི་བཞི་བཅུ་

ནས་ལྔ་བཅུའི་བར་ཡོད་ཀྱང་། དེའི་ནང་ཡི་གེ་འབྲི་ཤེས་མཁན་གཉིས་གསུམ་ཙམ་ལས་མེད་ཐོག་སུམ་རྟགས་དང་

དག་ཡིག་སྦྱོང་མྱོང་མཁན་ནི་ཧ་ཅང་དཀོན་པ་བཅས་རེད། དེའི་དབང་གིས་སྔ་དུས་བོད་དུ་མཁས་པ་ཆེན་པོ་ཧ་ཅང་

མང་པོ་བྱོན་པ་རྣམས་འཆད་རྩོད(རྩོམ) གསུམ་ཀ་ལ་བྱང་ཆུབ་པ་ཤ ་སྟག་ཡིན་ཀྱང་། བར་སྐབས་གདན་ས་ཆེན་

པོའ་ི ནང་དུ་གཞུང་ཆེན་པོར་སློབ་སྦྱོང་བྱེད་རིང་རིག་གནས་ཆུང་བ་ལྔ་ལ་སློབ་སྦྱོང་བྱེད་རྒྱུར་ཚོད་འཛིན་ནན་པོ་

ཡོད་པའི་རྐྱེན་གྱིས་འཆད་རྩོད་གཉིས་ལ་མཁས་པ་མང་པོ་ཡོད་ཀྱང་གསུང་རྩོམ་གནང་ཐུབ་མཁན་དཀོན་པོ་ཡིན་

པ་དེ་བྱུང་ཞིང་།” ཞེས་ཁོང་གིས་བརྩམས་པའི<བོད་ཀྱི་སློབ་གསོའ ི་རིག་པ་ཇི་ལྟར་བྱུང་བའི་གཏམ་གླེང>ཞེས་པར་ གསལ། (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་ངོས223བར་བཀོད་ཡོད།)

དེ་

བས་བཅོས་སྒྱུར་དང་གསར་གཏོད་ལ་མོས་པའི་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པ་ངག་ དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་བཙུགས་ཤ ིང་དེའི་བདག་པོར་གྱུར་པ་

ནས། ནང་བསྟན་མཚན་ཉིད་རིག་པ་ལས་གཞན་རིག་གནས་སློབ་སྦྱོང་ལའང་དོ་ སྣང་སྤྲད་དེ། དགེ་བཤེས་རྣམས་སྨིན་གྲོལ་གླིང་དུ་སྒྲ་སྙན། སྨན་རྩིས་སོགས་རིག་

གནས་གཞན་དག་ལ་སློབ་སྦྱོང་འགྲོ་བའི་སྲོལ་བཟང་བྱུང་ཞིང་། དེ་རྗེས་པཎ་ཆེན་

ཨེར་ཏེ་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱུན་སྐྱོང་ཞིང་། ཏཱ་

ལའི་བླ་མ་སྐུ་ཕྲེང་བདུན་པ་དང་། ལྷག་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་

ནང་བསྟན་མཚན་ཉིད་རིག་པ་ཙམ་མིན་པར་རིག་གནས་སྣ་མང་ལ་སྦྱང་བར་འབད་ བརྩོན་གནང་ཡོད་ཀྱང་། “ཟབ་ཟབ་མན་ངག་ཟེར་དགུ་འཚོལ་བ་དང་། །ཐོབ་ཐོབ་ མང་པོའ ི་རྣམ་གྲངས་གསོག་བྱེད་ཅིང་། །སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་


496 ཉམས་ཞིབ་དེབ་ཕྲེང་། ༡

བ༑ ༑གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ ག་མ་འཛིན་ཨང་། །” ཅེས་པའི་སྡོམ་ཚིག་གི་འོག་ནས་དཔེ་ཆ་བ་ཞེས་མཐོང་ 296

ཆེན་བྱེད་ཅིང་། ཐ་སྙད་རིག་གནས་པ་ཞེས་མཐོང་ཆུང་བྱེད་པའི་གྲྭ་པའི་སྤྱི་ཚོགས་

ཀྱི་གོམས་སྲོལ་དབང་གིས་རིག་གནས་གཞན་དང་གཞན་ལ་དོ་སྣང་དང་སྦྱོང་བ་ བྱེད་པའི་སྒོ་མོ་བཀག་ཟིན་ཅིང་། རིག་གནས་སྦྱོང་ནའང་དཔེ་ཆ་བལྟས་ནས་དགེ་

བཤེས་ཀྱི་གོ་གནས་ཐོབ་རྗེས་གཞི་ནས་རིག་གནས་སྦྱོང་བ་ནི་དུང་དཀར་ཚང་ གིས་གསུངས་པ་ལྟར་དུ། བོད་ཀྱི་ཡི་གེ་བྱེད་པོ་ཐོན་མི་སམ་བྷོ་ཊས། “བསླབ་

པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་ དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོ་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་ བྱས་ཏེ། །བསླབ་པ་གང་ལ་དད་པ་ཡིས། །གཞུང་ཉིད་བླ་མ་དག་ལས་མཉན། །”

ཞེས་པའི་བསླབ་པའི་རིམ་པ་བསྟན་པ་ལས་ལྡོག་པ་ཞིག་ཡིན། གནས་ལུགས་དེ་

དག་གི་རྐྱེན་གྱིས་དེང་དུས་རྒྱ་གར་དུ་ཡོད་པའི་སེ་ར་དང་། འབྲས་སྤུངས་བཅས་ གདན་ས་གཉིས་སུ་གྲྭ་ཕྲུག་རྣམས་ལ་ཟུར་དུ་སློབ་གྲྭ་བཙུགས་ཏེ་འཛམ་གླིང་དང་ མཐུན་པར་འཛིན་རིམ་བཅུ་གཉིས་བར་དུ་སློབ་སྦྱོང་བྱས་རྗེས་ནང་དོན་རིག་པའི་

སློབ་སྦྱོང་སྤྲོད་པའི་སྒྲིག་གཞི་གསར་འཛུགས་གནང་ཡོད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་

བཅུ་བཞི་པས་ཀྱང་གྲྭ་པ་རྣམས་དུས་རབས་ཉེར་གཅིག་པའི་གྲྭ་པ་ཞིག་བྱེད་དགོས་ པ་དང་། གྲྭ་བཙུན་རྣམ་དཔྱོད་ཅན་རྣམས་ཀྱིས་ཚན་རིག་གི་སློབ་སྦྱོང་བྱེད་དགོས་ པའི་འབོད་སྐུལ་གནང་སྟེ། ད་ལྟ་ཨ་མེ་རི་ཁའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ ཁང་དང་རྒྱ་གར་རྡ་སར་གནས་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱིས་ 296

<<བསླབ་བྱ་ཉེར་མཁོ་ཕྱོགས་བསྒྲིགས།>> (གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་བསླབ་བྱ་ནོར་བུའི་

གླིང་དུ་བགྲོད་པའི་ལམ་ཡིག)

ཤོག་ངོས102།

ཆ་རིས་སྐལ་བཟང་ཐོགས་མེད་དང་ངག་དབང་སྦྱིན་པས་

བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 497

མཉམ་འབྲེལ་སྒོས། དགོན་སྡེ་ཁག་གི་གྲྭ་པ་རྣམས་ལ་ཚན་རིག་གི་སློབ་སྦྱོང་སྤྲོད་ པའི་སྲོལ་བཟང་གསར་གཏོད་གནང་ཡོད། འདི་དག་གསར་འཛུགས་བྱས་པས་ད་

དུང་མ་ཁེབས་པར་དགོན་སྡེ་ཁག་ཏུ་ཡིག་རྨོངས་པས་ཁེངས་ནས་ཡོད། དེ་ནི་ཆེད་ ལས་སློབ་སྦྱོང་གི་མཐར་ལྷུང་བའི་ཞན་ཆ་ཞིག་ཡིན་ནོ། ། 5

བོད་ཀྱི་སྲོལ་རྒྱུན་ཤས ེ ་ཡོན་གཞུང་ལུགས་ནི་ཤས ེ ་ཡོན་རིག་པའི་སྤྱི་བཤད་ཅིག་ཡིན།

བོད་ཀྱི་སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་ལ་མཚོན་ན་དགེ་རྒན་ཀྱི་ཀུན་སྤྱོད་

དང་སློབ་མའི་ཀུན་སྤྱོད་སྟོན་པའི་འཛམ་གླིང་གི་ཤེས་ཡོན་རིག་པ་ཡག་ཤ ོས་ཤ ིག་

ཡིན་ཞེས་བཤད་ཆོག་མོད། ཁྲིད་ཐབས་ཀྱི་སྒོ་ནས་གཞུང་ཚན་རེ་རེ་ལ་ཁྲིད་ཚུལ་

མི་འདྲ་བ་ཅུང་ཟད་རེ་ཡོད་པ་ཕུད། གཞན་སྤྱི་བྱིངས་ཀྱི་ཆ་ནས་དེང་གི་སློབ་གྲྭའི་ སློབ་ཁྲིད་ཐབས་ལམ་དང་འདྲ་བར་བྱེ་བྲག་གི་ཐོག་ཏུ་བབས་ཏེ། སློབ་ཕྱིའི་ལས་ཀ་

དང་སློབ་ཁང་འཆར་འགོད། ནང་སྦྱོང་དང་བསྐྱར་སྦྱོང་། འཛིན་གྲྭ་རེ་རེའི་དམིགས་

ཚད་དང་མཐུན་པའི་འཆར་འགོད་སོགས་མེད་པར། འགྱུར་མེད་རྒྱུན་འཇགས་ཅན་

གྱི་ཤ ེས་ཡོན་སྒྲོམ་གཞི་ཞིག་ཏུ་གྱུར་ཡོད་པས། དགེ་རྒན་གྱིས་རང་ཉིད་ཀྱི་རྒྱུན་ ཤེས་གཞི་ལ་བཞག་ནས་གང་ཤེས་ཤེས་ཤིག་ཁྲིད་པ་དང་། སློབ་མསཀྱང་གང་ ཐུབ་ཐུབ་རང་སྦྱོང་བྱེད་དགོས་ཤིང་། དགེ་སློབ་གཉིས་ཀ་ལ་འཆར་གཞི་གསལ་ བའི་ཤ ེས་ཡོན་གྱི་གསར་གཏོད་གདེང་འཇོག་ཅིག་མེད་པར་སྤྱི་འགྲོས་ཙམ་གྱི་ལམ་

ལུགས་འོག་ཏུ་གནས་ཡོད་ལ། ཤེས་ཡོན་རིག་པའི་གཞུང་ལུགས་དག་ཏུ་བཀོད་

པ་ལ་བལྟས་ནའང་ཤེས་ཡོན་རིག་པའི་སྤྱི་བཤད་ཀྱི་ངོས་ནས་གདེང་འཇོག་བྱེད་

དགོས་པ་ལས་བྱེ་བྲག་གི་ངོས་ནས་གདེང་འཇོག་བྱེད་དཀའ་བར་སྣང་། དེ་ནི་ཁྲིད་

པ་ལས་ཁྲིད་ཐབས་ལ་དེ་ཙམ་དོ་སྣང་མི་སྤྲོད་པའི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་ སྤྱི་འགྲོས་ཀྱི་ཞན་ཆ་ཞིག་ཡིན་པར་སྙམ་ལ། དགོན་སྡེ་ཤ ེས་ཡོན་རིག་པ་དང་སློབ་


498 ཉམས་ཞིབ་དེབ་ཕྲེང་། ༡

ཁྲིད་ཐབས་ལམ་ནི་ཤ ེས་ཡོན་ལྟ་གྲུབ་ཅིག་དང་སློབ་ཁྲིད་རིག་པའི་སྤྱི་བཤད་ཅིག་ གི་ངོས་ནས་གདེང་འཇོག་བྱེད་རྒྱུ་ལས་མ་འདས་སོ། ། 6

གྲོས་སྡུར་ལས་རྟོགས་པའི་སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་ཀྱི་ཞན་ཆ།

དེ་ཡང་ཕྱི་ལོ༢༠༡༠ལོའ ི་ཟླ་བ༡༢པའི་ཚེས་༡༧ཉིན་ས་རཱ་མཐོ་སློབ་ནས་མཐོ་

རིམ་རིག་གནས་རབ་འབྱམས་པའི་ལོ་རིམ་གསུམ་པ་དང་། ལོ་རིམ་གཉིས་པའི་

འཛིན་གྲྭ་གཉིས་ཀྱི་འཛིན་གྲྭའི་ཚོགས་ཐེངས་གཉིས་རིང་གི་ཆུ་ཚོད་སྤྱད་དེ་བདག་ གི་སློབ་ཕྲུག་རྣམས་དང་བགྲོ་གླེང་བྱས། བགྲོ་གླེང་གི་ཁ་བྱང་ནི<སྲོལ་རྒྱུན་ཤ ེས་

ཡོན་རིག་པའི་ཞན་ཆ>ཞེས་པ་ཡིན། སློབ་མའི་ཁྲོད་ནས་དེ་སྔ་དགོན་པ་ཁག་ཏུ་ སློབ་སྦྱོང་བྱས་མྱོང་ཡོད་པའི་དཔྱོད་ལྡན་སློབ་མ་བསོད་ནམས་རྒྱལ་བ་དང་། ངག་ དབང་ཚུལ་ཁྲིམས། བྱམས་པ་ནོར་རྒྱལ། བསྟན་འཛིན་ཆོས་འཕེལ། དཀོན་མཆོག་

རྒྱ་མཚོ། ཀུན་དགའ་བྱམས་པ། བློ་བཟང་བྱང་ཆུབ་རྣམས་གཅིག་རྗེས་གཉིས་ མཐུད་དུ་ལངས་ཏེ། དེ་སྔ་གྲྭ་ས་ནས་སློབ་སྦྱོང་བྱས་པའི་ཉམས་མྱོང་གི་ཐོག་ནས་ བོད་ཀྱི་དགོན་སྡེ་ཤ ེས་ཡོན་གྱི་ཞན་ཆ་གླེང་བ་རྣམས་ཐོ་རུ་བཀོད་པ་རྣམས་འདིར་ བརྗོད་ན།

༡) སྲོལ་རྒྱུན་དགོན་སྡེ་ཤེས་ཡོན་ལ་མཆོག་འཛིན་གྱི་ལྟ་བ་ཡོད་པས་ལྟ་

ཚུལ་གསར་པ་དང་བསམ་བློ་གསར་པ། རིག་གནས་གསར་པ་བཅས་ནང་འདྲེན་ བྱེད་མི་ཐུབ། ༢) དགོན་སྡེའི་གྲྭ་བཙུན་རྣམས་སྤྱི་ཚོགས་སུ་ཟབ་ཞུགས་བྱེད་མྱོང་ མེད་པས་ཆོས་ལུགས་ཀྱི་ཚད་གཞི་ཁོ་ན་ཁྱེར་ཏེ་གཞན་དག་འཇལ་ཞིང་། ཆོས་ ཀྱི་ཕྱི་རོལ་ཏུ་གནས་པ་ནི་མཛེས་བཙོག་གཉིས་ལས་བཙོག་པ་དང་། བཟང་ངན་ གཉིས་ལས་ངན་པ། བདེན་རྫུན་གཉིས་ལས་རྫུན་མ་བཅས་སུ་ངོས་འཛིན་བྱེད། ༣) སྐད་ཡིག་དང་འབྲི་རྩོམ་གྱི་ལག་ལེན་མེད་པ་ནི་དགོན་སྡེ་ཤ ེས་ཡོན་གྱི་ཞན་ཆ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 499

ཞིག་ཡིན། ༤) སློབ་ཁྲིད་དེ་གནས་ཚད་དམའ་མོ་ཞིག་གི་ཐོག་དང་སྤྱི་ཚོགས་ཀྱི་

དོན་དངོས་ཤ ིག་གི་སྟེང་དུ་འབབ་མི་ཐུབ་པར་མཐོ་ས་ཞིག་ནས་མཁའ་ལ་དབྱིངས་ ཏེ་གནས་པ། ༥) བློ་སྦྱོང་དང་འདུལ་བའི་བསླབ་བྱ་སྔོན་དུ་མི་འགྲོ་བར་རིགས་པའི་ འགྲན་བསྡུར་ཞིག་ཏུ་གྱུར་པས་བསླབ་བྱ་རང་རྒྱུད་ལ་སྦྱར་མ་ཐུབ་པས། སྡོམ་པ་

ཡོད་དུས་འདུལ་བ་མེད། འདུལ་བ་ཡོད་དུས་སྡོམ་པ་མེད་ཅེས་པ་ལྟར་གྲྭ་བཙུན་ མང་དག་ཅིག་ཀུན་སྤྱོད་ཀྱི་ཚད་གཞི་ཞན་པ་དང་། ལག་ལེན་དང་ཕུགས་བསམ་ གྱི་བར་ན་སྟོང་ཆ་ཆེན་པོ་གནས་ཡོད། ༦) དགོན་སྡེ་ཤེས་ཡོན་གྱི་ནང་དུ་སློབ་ཚན་

གྱི་ནང་དོན་དང་དགེ་རྒན་སོགས་མི་བསླུ་བ་དང་ཚད་མ་ཞེས་པ་ཞིག་ཡོད་པས་ ངེས་པར་དུ་དེ་ལྟར་འགྲོ་བ་ལས། འགྲོ་སྟངས་གཞན་ཡོད་མི་ཆོག་པའི་བཀག་བྱེད་

ཅིག་ཡོད། ༧) དགོན་སྡེ་ནི་སློབ་གྲྭ་ཞིག་ཡིན་ན། སློབ་གྲྭ་དེར་སློབ་སྦྱོང་མི་བྱེད་ མཁན(དཔེ་ཆ་མི་ལྟ་མཁན) ཡང་ཡོད་ཆོག་པ་ནི་ཡ་མཚན་ཞིག་རེད། ༨) སློབ་ཁྲིད་

དགེ་རྒན་དགེ་བཤེས་རྣམས་ལ་ཆེད་ལས་ཀྱི་སློབ་སྦྱོང་ལས་སྤྱིར་བཏང་གི་མཐོང་ རྒྱ་ཐོས་རྒྱ་ཆུང་དྲགས་པ། ༩) འདྲ་མཉམ་གྱི་ལྟ་སྟངས་མེད་པས་ཕྱོགས་གཞན་གྱི་

ཡོན་ཏན་མི་མཐོང་བ། ༡༠) བླ་མས་ཅི་ཞིག་གསུངས་ན་བདེན་པར་བརྩི་ཞིང་དགེ་ རྒན་དང་ཡིག་ཆ་ལས་བརྒལ་བའི་ལྟ་ཚུལ་འདོན་པའི་ཁོར་ཡུག་མེད་པ། ༡༡) དུས་ རབས་དང་མཐུན་པའི་ཤེས་ཡོན་བཅོས་སྒྱུར་བྱེད་མ་ཐུབ་པ། ༡༢) གྲྭ་བཙུན་རྣམས་

སློབ་སྦྱོང་ཐོན་དུས་དགོན་སྡེ་ཤེས་ཡོན་གྱི་ལམ་ལུགས་ལྟར་ཕུགས་བསམ་གཅིག་ པ་མ་ཡིན་པར། ཕུགས་བསམ་སྣ་ཚོགས་སུ་གྱུར་པས་ཆོས་ཀྱི་བསླབ་བྱའི་ནུས་པ་ ཐོན་མེད་པ་བཅས་སོ། །

གོང་གི་སྐད་ཆ་འདི་དག་ལ་ཞིབ་དཔྱོད་ཀྱི་རྣམ་པ་ལྡན་མིན་གང་ལྟར་ཡང་།

སྐད་ཆ་འདི་དག་ནི་སློབ་སྦྱོང་གང་མཚམས་ཡོད་ཅིང་ད་ལྟ་མཐོ་སློབ་ཏུ་སློབ་སྦྱོང་


500 ཉམས་ཞིབ་དེབ་ཕྲེང་། ༡

བྱེད་བཞིན་པ་དང་། སྔོན་ཆད་དགོན་སྡེ་ནས་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ བརྒྱུད་ཟིན་པ་ཤ ་སྟག་གིས་དགོན་སྡེ་ཤེས་ཡོན་ལ་ཕྱིར་བལྟས་བྱས་པའི་སྐད་ཆ་

ཡིན་པས། སྐད་ཆ་དམ་དུམ་འདི་དག་གི་ནང་དུ་དོན་དངོས་ཆ་ཚང་བ་རེའམ། ཟུར་

ཙམ་རེ་ཡོད་པར་ངེས་ན་འདིར་དགོན་སྡེ་ཤེས་ཡོན་གྱི་ཞན་ཆའི་བརྗོད་དོན་ཞིག་ཏུ་ བརྩིས་ནས་བཀོད་པ་ཡིན། འདི་དག་ལའང་དཔྱད་གཞིགས་ཀྱི་རིན་ཐང་ཡོད་ཆོག་ པར་སྙམ་མོ། །

བཅོ་བརྒྱད་པ། གཞུང་ལུགས་སུ་བཀོད་མེད་ཀྱང་ལག་ལེན་དུ་ཡོད་པའི་ ཤེས་ཡོན་རིག་པའི་སྣང་ཚུལ་གཞན་དག ༡ སློབ་ཁྲིད་བཙན་པོ་མ།

སློབ་ཁྲིད་བཙན་པོ་མ་ཞེས་པ་ནི་དགེ་རྒན་གྱིས་སློབ་ཕྲུག་ལ་ལྷག་བསམ་རྣམ་དག་ གི་ངང་ནས་རྡུང་རྡེག་བྱེད་པ་ལ་སྦྱར་བའི་ཐ་སྙད་ཅིག་ཡིན། སློབ་ཁྲིད་བཙན་པོ་

མས་བོད་ཀྱི་དགོན་སྡེ་སློབ་ཁྲིད་ཁྲོད་དུ་གནས་བབ་གལ་ཆེན་ཟིན་ཡོད། བཙན་

ཐབས་ཀྱིས་སློབ་ཁྲིད་བྱེད་པ་དེ་ལའང་གཏན་ནས་ཁུངས་ལུང་མེད་པའམ། ཡང་ན་

སྔོན་བྱུང་ལོ་རྒྱུས་ཀྱི་གཞི་བཅོལ་ས་ཞིག་ཡོད་དམ་ཞེ་ན། རྗེ་བཙུན་མི་ལ་རས་པ་ནི་ དེ་འདྲའི་སློབ་ཁྲིད་ཀྱིས་གསོ་སྐྱོང་བྱས་པའི་ལོ་རྒྱུས་ཁྲོད་ཀྱི་དཔེ་གཞིའི་མི་སྣ་གལ་ ཆེན་ཞིག་ཡིན་ཞེས་ངེས་པར་དུ་བརྗོད་དགོས་ངེས་ཡིན།

མི་ལ་རས་པ(༡༠༤༠—༡༡༢༣)ལ་ཁོང་གི་དགེ་རྒན་སྒྲ་སྒྱུར་མར་བས་སློབ་

ཁྲིད་བྱས་པ་དེ་ནི་ལྷག་བསམ་རྣམ་དག་གིས་རྡུང་རྡེག་བྱས་ཤིང༌། སྣོད་རུང་དུ་བརྟག་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 501

ཕྱིར་དྲག་པོའ ི་བྱེད་ཐབས་སྤྱད་ནས་ལུས་ལ་མནར་གཅོད་ཚད་མེད་བཏང༌སྟེ། མཁར་ བརྩིགས་པ་དང་ཞབས་གཡོག་བསྒྲུབས་པ་སོགས་ཀྱི་ལས་ལ་བཀོལ། རྐང་ལག་

དང་སྒལ་བ་བཅས་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཏེ་རྗེ་བཙུན་མི་ལ་བྲོས་བྱོལ་དུ་ འགྲོ་དགོས་བྱུང་ཡོད། ཡིན་ནའང་མི་ལ་ཞེས་པའི་སློབ་ཕྲུག་དེ་ནི་དེ་འདྲའི་ཕུལ་དུ་ བྱུང་བའི་སློབ་ཕྲུག་ཅིག་ཏུ་གྱུར་པ་ནི་བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་ཁྲོད་ཀྱི་བློ་ཡུལ་

ལས་འདས་པ་ཞིག་ཏུ་བརྩི། རྗེ་བཙུན་གྱིས་བཤེས་གཉེན་བསྟེན་ཚུལ་ཞེས་དགེ་ རྒན་རྣམས་ཀྱིས་ཡང་ཡང་བསྔགས་བརྗོད་བྱེད་ཅིང་ནང་བསྟན་དགེ་རྒན་བསྟེན་ ཚུལ་གྱི་ཚད་གཞི་ཞིག་དང༌། བཤེས་གཉེན་བསྟེན་ཚུལ་གཞུང་ལུགས་ཀྱི་བླ་ན་མེད་ པའི་ལག་ལེན་གྱི་མཚན་གཞིར་འགོད་ཀྱིན་ཡོད།

སྲོལ་རྒྱུན་སློབ་ཁྲིད་ཁྲོད་དུ་དགེ་རྒན་བསྟེན་ཚུལ་རིགས་གཉིས་ཡོད་པའི་

སྐོར་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད། “དེ་ཡང་དགེ་བཤེས་སྟོན་པ(༡༠༠༤—

༡༠༦༤) དང་གསང་ཕུ་པ(༡༠༤༠—༡༡༢༣) གཉིས་ཀྱི་རྣམ་པར་ཐར་བ་མི་མཐུན་

ཏེ༑ གསང་ཕུ་བ་བླ་མ་མང་སྟེ་བཤད་ཚད་ལ་ཉན་པས་ཁམས་ནས་བྱོན་པའི་ལམ་ ཁར་དགེ་བསྙེན་ཞིག་གིས་ཆོས་བཤད་ཀྱིན་འདུག་པ་ལའང་མཉན་པས། འཁོར་

རྣམས་ཀྱིས་དེ་ལ་ཉན་པ་སྟངས་ཞན་བྱས་པས་ཁྱེད་རྣམས་དེ་སྐད་མ་ཟེར་ང་ལ་ ཕན་པ་གཉིས་བྱུང་གསུང་སྐད། དགེ་བཤེས་སྟོན་པ་བླ་མ་ཉུང་སྟེ་ལྔ་ལས་མེད་ལ་

པོ་ཏོ་བ(༡༠༢༧—༡༡༠༥) དང་སྒོམ་པ་བླ་མ་(༡༠༤༠—༡༡༢༣) གཉིས་ཀྱིས་དེ་

གཉིས་གང་ལེགས་བགྲོས་པ་ལ། བློ་མ་སྦྱངས་པས་སྐྱོན་མཐོང་ཞིང་མ་དད་པ་སྐྱེ་

བའི་རིང་ལ་དགེ་བཤེས་སྟོན་པའི་ལུགས་དེ་ལེགས་པར་ཁ་འཆམས་པས་དེ་ལྟར་ བྱ་གསུང་བ་དེ་ཤ ིན་ཏུ་མད་པར་སྣང་བས་དེ་ལྟར་བྱའོ། །” ཞེས་པ་བཞིན་རིགས་ 297

297

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> ཤོག་ངོས༤༠། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་

དཔེ་སྐྲུན་ཁང༌།


502 ཉམས་ཞིབ་དེབ་ཕྲེང་། ༡

གཅིག་དེ་མི་ལ་རས་པ་བཞིན་དགེ་རྒན་གཅིག་གམ་ཁ་ཤ ས་བསྟེན་ཏེ་ཕ་མ་བཞིན་

འགྲམ་དུ་བསྡད་དེ་ཁྱིམ་གཅིག་ཏུ་ཞབས་ཞུ་བསྒྲུབ་ཞོར་དུ་སློབ་སྦྱོང་བྱེད་ཀྱིན་ཡོད། རིགས་གཅིག་དེ་རྗེ་ཙོང་ཁ་པ(༡༠༤༠—༡༡༢༣) ཇི་བཞིན་ས་ཕྱོགས་ངེས་མེད་ འགྲིམས་ཤ ིང་མཁས་པ་མང་པོར་བསྟེན་ནས་ཤེས་བྱ་སྣ་གཅིག་དང་ཡོན་ཏན་སྣ་

གཅིག་ཡན་ཆད་འཚོལ་གང་ཐུབ་བྱེད་ཀྱིན་ཡོད། གསང་སྔགས་སྦྱོང་མཁན་གྱི་ རིགས་ནི་དགེ་རྒན་ཉུང་བའི་རིགས་ཡིན་ཏེ་གསང་སྔགས་འཆད་ཉན་བྱེད་སྐབས་

དགེ་རྒན་ལ་ཚད་ལས་བརྒལ་བའི་དད་གུས་བྱེད་དགོས་པའི་རྒྱུ་མཚན་གྱིས་ཡིན་ ལ༑ མདོ་ཕྱོགས་ཀྱི་འཆད་ཉན་རིགས་ནི་དགེ་རྒན་མང་པོའ ི་རིགས་ཡིན་ཏེ་རིགས་ པས་དཔྱད་སྡུར་མང་དུ་བྱེད་དགོས་པས་སོ། །

སློབ་ཁྲིད་བཙན་པོ་མ་ནི་ཕལ་ཆེར་དགེ་རྒན་ཉུང་བ་བསྟེན་པའམ་གསང་

སྔགས་སྦྱོང་ཁྲིད་ཀྱི་རིགས་སུ་གཏོགས། ཅིའི་ཕྱིར་ཞེ་ན་མཉམ་སྡོད་མཉམ་འཚོ་ བྱས་ཏེ་དུས་ཡུན་རིང་མོ་འགྲོ་དགོས་པས་ཕ་མ་བུ་ཕྲུག་གི་ཚོར་བ་བསླེབས་ཟིན་ན་

དགེ་རྒན་དགེ་ཕྲུག་གི་ཚོར་སྣང་ལས་ཆེས་ཆེར་བརྒལ་བས། དགེ་སློབ་བར་དུ་མི་ དང་མིའི་བརྩིས་ཐང་ལས་ལྷག་བསམ་དང་འགན་འཁུར་བླ་ན་མཐོ་བའི་ཁམས་སུ་ བསླེབས་ཡོད། སྣང་ཚུལ་འདི་དག་ནི་ཕྱོགས་གཅིག་ནས་ཤ ེས་ཡོན་གོ་རྟོགས་མེད་ པའི་ཡུལ་ཕྱོགས་དང་ཕྱོགས་གཞན་ཞིག་ནས་ཆོས་ལུགས་སློབ་ཁྲིད་ཁྲོད་དུ་འབྱུང་

བཞིན་ཡོད། ཤེས་ཡོན་གོ་རྟོགས་མེད་པའི་རྐྱེན་གྱིས་དགེ་རྒན་གྱི་དམིགས་ཚད་

ལ་སློབ་མ་བཙན་འདེད་བྱས་ཏེ་ཅིས་ཀྱང་དམིགས་འབེན་དུ་བསླེབས་པར་བྱེད་པ་ ལས། བཙན་འདེད་དང་རྡུང་རྡེག་བྱས་པ་བརྒྱུད་ནས་སློབ་ཕྲུག་གི་སེམས་ཁམས་ ཀྱི་འབྱུང་འགྱུར་གནད་དོན་མང་དག་ཅིག་ལ་དོ་འཁུར་བྱེད་ཐུབ་མེད།

ཆོ ས ་ལུགས་སློ བ ་ཁྲི ད ་ཁྲོ ད ་ནས་འདི ་ ལྟ་བུའི ་ སློ བ ་ཁྲི ད ་བཙན་པོ ་ མ་བྱུང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 503

དགོས་པའི་རྒྱུ་མཚན་ནི། ཆོས་ལུགས་ཀྱི་བཤེས་གཉེན་བསྟེན་ཚུལ་དང་འབྲེལ་

བ་དམ་ཟབ་ཡོད། སློབ་ཕྲུག་རང་གི་ལུས་ངག་ཡིད་གསུམ་དང་བཅས་པ་དགེ་ རྒན་ལ་ཕུལ་ཟིན་པ་དང༌། དགེ་རྒན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཛིན་

པའི་རྐྱེན་གྱིས་རྡུང་རྡེག་གི་དཀའ་ངལ་ལ་དཀའ་ངལ་དུ་འཛིན་གྱིན་མེད། དཔེར་ན་

གནའ་གཞུང་དག་གི་གཏམ་རྒྱུད་ལ་ཉན་ན་རྟོགས་ནུས། རྗེ་ཙོང་ཁ་པའི་ལམ་རིམ་ དུ“དགེ་བཤེས་ལྷ་བཟོ་ལ་སྟོད་ལུང་པས་མཇལ་རེས་ཀྱིས་བཀའ་བབས་འབྱོན་

པ་ལ། ལྷ་བཟོའ་ི སློབ་མ་ཉག་མོ་བས་སློབ་དཔོན་འདི་འོ་སྐོལ་དཔོན་སློབ་ལ་སྡང་

བ་ཞིག་འདུག་བྱས་པས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ ལྟར་རེ་མཛད་རེས་ཀྱིས་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་རེ་འོངས་གསུངས་

པ་ལྟར་རོ། །” ཞེས་དང་། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དུའང“འགྲམ་ལྕག་ 298

བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་

ཐོག་ཐག་ཏུ་ངུ་ཞིང་བསྡད།”ཅེས་དང་ཡང་དེ་ཉིད་དུ “ཡང་ང་ལ་འགྲམ་ལྕག་མང་ 299

པོ་བརྒྱབ་ནས། ཁྱོད་དང་པོ་ངའི་སར་སླེབས་མ་ཐག་ལུས་ངག་ཡིད་གསུམ་ང་རང་

ལ་ཕུལ་ཚར་བ་ལ་ད་ཁྱོད་གང་དུ་འགྲོ་བ་ཡིན། ནན་ཏར་མ་སོང་ན་ང་རང་ལ་དབང་ བའི་ལུས་ངག་ཡིད་གསུམ་དུམ་བུ་བརྒྱར་གཏུབས་ཀྱང་ང་རང་དབང་ཆེ་མོད། ཅིས་ ཀྱང་ཁྱོད་ཐོན་འགྲོ་ན། ངའི་ནང་ནས་ཕྱེ་ཁྱེར་བའི་རྒྱུ་མཚན་ཤ ོད་གསུངས། བསྒྱེལ་

ཞིང་བརྡུངས།” ཞེས་པ་བཅས་ནི་བོད་ཀྱི་ཤེས་ཡོན་ཁྲོད་ཀྱི་དངོས་བྱུང་གཏམ་ 300

298

<<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།>> ཤོག་ངོས༤༢། རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་

དཔེ་སྐྲུན་ཁང༌།

299 <<རྣལ་འབྱོ ར ་གྱི ་ དབང་ཕྱུག་རྗེ ་ བཙུན་མི ་ ལ་རས་པའི ་ རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེ ན ་པའི ་ ལམ་

སྟོན།>>ཤོག་ངོས༥༡། རྣལ་འབྱོར་པ་རུས་པའི་རྒྱན་ཅན། ཐེ་ཝན་ནས་པར་དུ་བཏབ།

300 <<རྣལ་འབྱོ ར ་གྱི ་ དབང་ཕྱུག་རྗེ ་ བཙུན་མི ་ ལ་རས་པའི ་ རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེ ན ་པའི ་ ལམ་

སྟོན།>>ཤོག་ངོས༥༤ནས༥༥། རྣལ་འབྱོར་པ་རུས་པའི་རྒྱན་ཅན། ཐེ་ཝན་ནས་པར་དུ་བཏབ།


504 ཉམས་ཞིབ་དེབ་ཕྲེང་། ༡

རྒྱུད་ཡིན་པ་མ་ཟད། དགེ་རྒན་བསྟེན་ཚུལ་གྱི་གཞུང་རྣམས་སུ་ཡང་དང་ཡང་དུ་

ལུང་འདྲེན་བྱས་ཏེ་གདེང་འཇོག་བྱེད་བཞིན་པ་ཡོངས་གྲགས་ཡིན། དེ་ན་ཅིའི་ཕྱིར་ དེ་འདྲའི་བཙན་ཐབས་ཀྱིས་སློབ་ཁྲིད་བྱས་པ་རེད་དམ་ཞེ་ན། དེང་གི་དུས་སུ་བོད་

མིའི་ཁྲོད་དུ་ནུབ་ཕྱོགས་ཤེས་ཡོན་གྱི་གོ་རྟོགས་ཅུང་ཟད་ཡོད་པ་དག་གིས་སློབ་

ཁྲིད་བཙན་པོ་མ་ནི་བོད་ཀྱི་ཤེས་ཡོན་བྱུང་བའི་ངོས་ཀྱི་ནོར་འཁྲུལ་ཞིག་ཏུ་བརྗོད་ བཞིན་ཡོད་ཀྱང༌། དེ་ལྟར་བཙན་ཁྲིད་བྱེད་པའི་རྒྱུ་རྐྱེན་ལ་དཔྱད་ཞིབ་བྱས་མེད།

ཚུལ་འདི་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྣང་ཚུལ་ཞིག་གི་ངོས་ནས་བལྟ་བ་ལས་ དུས་རབས་འདིའི་ནང་གི་ནུབ་ཕྱོགས་ཀྱི་སློབ་ཁྲིད་སྤྱི་འགྲོས་དང་བསྡུར་མི་རུང༌།

དཔྱད་ཐབས་དེའི་སྒོ་ནས་བལྟས་ན་གཅིག་ནས་བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་

ནི་དགེ་རྒན་གཙིགས་འཛིན་གྱི་ལམ་སྲོལ་ཞིག་ཡིན་པ་དང༌། ལམ་སྲོལ་དེའི་ནང་

དུ་དགེ་རྒན་ནི། “ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།

དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ།” ཞེས་པ་ ལྟར་དགེ་རྒན་ནི་བླ་མ་དང་སངས་རྒྱས། ཕ་མ། དགེ་བའི་བཤེས་བཅས་ཡིན་པས་ ན་དགེ་རྒན་གྱིས་རྡུང་རྡེག་བྱེད་མི་ཆོག་པའི་ལྟ་ཚུལ་ཞིག་ཡོང་མི་སྲིད།

༡) གཉིས་ནས་དགེ་རྒན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཁོང་ཁྲོ་ཁོ་ན་ཚད་

མར་བཟུང་སྟེ་རྡུང་རྡེག་བྱས་པ་མ་ཡིན་པར་དམིགས་ཚད་ཅིག་གི་ཆེད་དུ་ཡིན།

དཔེར་ན། དགེ་རྒན་གྱིས་སློབ་ཕྲུག་བློ་བཟང་ལ་གཞུང་ལུགས་བློ་འཛིན་བྱེད་དུ་

འཇུག་པའི་དབང་དུ་བྱས་ན། ཟླ་བ་གཅིག་གི་རིང་ལ་ཤོག་ངོས་ཀྱི་གྲངས་ཚད་ འདི་འདྲ་ཞིག་བློ་འཛིན་ཐུབ་དགོས་པའི་ཚད་གཞི་བཟུང་བར། སློབ་མས་དུས་ལྟར་ མ་འཁྱོངས་ན་རྡུང་རྡེག་བྱེད། ཚུལ་འདི་ནི་སློབ་སྦྱོང་གི་མྱུར་ཚད་མ་ལོངས་པའི་

དབང་གིས་རྡུང་རྡེག་བྱས་པ་ཞིག་ཡིན་ཕྱིར་འདི་ལ་མྱུར་ཚད་གཙིགས་འཛིན་བྱས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 505

པའི་བོད་ཀྱི་རྡུང་རྡེག་སློབ་ཁྲིད་ཅེས་ཟེར་ཆོག གྲོང་གསེབ་དགོན་སྡེ་དག་ཏུ་འཛིན་ གྲྭ་རིམ་འགྲོའ ི་ལམ་སྲོལ་མེད་པས། སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཉི་ཤུ་ཡོད་ན་

དེ་དག་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པ་དང་མཚུངས་པར་སུས་བློ་འཛིན་མང་

ཙམ་བྱས་ན་མགྱོགས་མྱུར་སློབ་མཐར་ཕྱིན་པའི་རྐྱེན་གྱིས། སློབ་ཕྲུག་གི་ཕ་མས་ ཀྱང་མྱུར་ཚད་གཙོ་བོར་བཟུང་སྟེ་དགེ་རྒན་གང་ཞིག་བཙན་པོ་ཡོད་པ་དེའི་གམ་དུ་ བསྐྱལ་ཏེ་སོ་སོའ ི་ཕྲུ་གུར་བཙན་འདེད་བྱེད་དགོས་པའི་རེ་བ་འདོན།

༢) རིགས་གཅིག་ནི་བོད་ཀྱི་མདོ་སྟོད་སྨད་ཕྱོགས་ཀྱི་བྱིས་པ་རྣམས་ཧ་ཅང་

རྒོད་པོ་ཡིན་ཞིང་། རྒོད་དྲགས་ཏེ་སློབ་སྦྱོང་ཡག་པོ་མི་བྱེད་པར་རྩེད་མོ་རྩེ་བ་དང༌།

འཁྲུག་འཛིང་བྱེད་པ། སྐད་ཅོར་རྒྱག་པར་དགའ་བོ་ཡོད་པ། དགེ་རྒན་མང་ཆེ་བ་

མི་ཚེ་ཁེར་རྐྱང་གིས་ཕུད་བཞིན་པའི་གྲྭ་རྐྱང་ཡིན་ཕྱིར། རྒོད་དྲགས་པའི་བྱིས་པའི་

སྤྱོད་ལམ་དེ་དགེ་རྒན་གྱི་སེམས་ཁམས་དང་མི་འཕྲོད་པ་དང༌། ནང་བསྟན་རིག་

པའི་མི་ཆོས་དང་མི་འཚམས་པས་ན་རང་བཞིན་གྱིས་ཚོད་འཛིན་བྱ་ཕྱིར་རྡུང་རྡེག་ བྱེད་ཀྱིན་ཡོད།

༣) རིགས་གཅིག་སྟེ་བློ་འཛིན་བྱེད་པའི་འཛིན་གྲྭའི་ཆུ་ཚོད་རིང་དྲགས་

ཤིང༌། འཛིན་གྲྭར་བར་གསེང་མེད་པ་དང༌། སློབ་ཕྲུག་མང་དྲགས་པ། དམིགས་

བསལ་གྱི་འཛིན་ཁང་མེད་པ་བཅས་ལས་འབྱུང་བཞིན་ཡོད། དེ་ནི་དགེ་རྒན་གྱི་

ལྷས་ར་ནི་འཛིན་ཁང་ཡིན་པས་འཛིན་གྲྭའི་ཁོར་ཡུག་ཆེ་དྲགས་པ་དང༌། སློབ་ཕྲུག་

བཞི་བཅུ་ལྔ་བཅུ་ཡོད་པས་མང་དྲགས་པ། ཞོགས་པ་ཆུ་ཚོད་བཞི་པ་ནས་དགུ་པ་ བར་དང༌། ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་གསུམ་པའི་བར། དགོང་དྲོ་ཆུ་ཚོད་ བཞི་པ་ནས་དགུ་པ་བར་དུ་བློ་འཛིན་རྐྱང་རྐྱང་བྱེད་དགོས་པས་སློབ་མ་རྣམས་ཐང་

ཆད་པ་དང༌། སྐད་ཆ་བཤད་འདོད་པ། རྩེད་མོ་རྩེ་འདོད་པ་བཅས་ཀྱིས་སློབ་སྦྱོང་ལ་


506 ཉམས་ཞིབ་དེབ་ཕྲེང་། ༡

ཤུགས་འདོན་མི་ཐུབ་པས་དགེ་རྒན་གྱི་དམིགས་ཚད་དང་མི་མཐུན་ཕྱིར་རྡུང་རྡེག་

བྱེད་བཞིན་ཡོད། ཚུལ་འདི་ནི་འཛིན་གྲྭའི་འཆར་འགོད་ཀྱིས་མ་འདང་པའི་སློབ་ཁྲིད་ ཀྱི་དཀའ་ངལ་ཞིག་ཏུ་བགྲང་ཆོག

༤) རིགས་གཅིག་སྟེ་བྱིས་པ་ཡིན་ནའང་གྲྭ་སའི་སློབ་སྦྱོང་ལ་ཞུགས་པ་དང་

དུས་མཉམ་དུ་མི་རྒན་གྱི་སྤྱོད་ལམ་འཁུར་དགོས། བོད་ཀྱི་དགོན་སྡེ་ཁག་ཏུ་བྱིས་ པའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་ན་ཚོད། སེམས་ཁམས་ཀྱི་གནས་ཚུལ་དང་

མཐུན་པའི་ཤ ེས་ཡོན་ལམ་ལུགས་དར་མེད་ཅེས་བཤད་ཆོག ལ་བྱིས་པར་སློབ་ 301*

སྦྱོང་སྤྲོད་སྟངས་དེའང་རྒན་པའི་ཆོས་ཉིད་ཀྱི་ཁོངས་སུ་བཅུག་ཡོད་ལ། བྱིས་པའང་

ལོ་རྒན་ཤེས་ཡོན་ལམ་ལུགས་ཀྱིས་སྐྱོང་བཞིན་ཡོད། དེ་ནི་དགོན་སྡེ་ན་ཡོད་པའི་

301*

<<ང་ཚོ་སད་རན།>> ཤོག་ངོས༢༩༡ནས༢༩༢བར། སྒོ་ཤ ེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་

ཁང་གིས་དཔར། (ནང་པའི་ཆོས་གཞུང་གི་སློབ་གསོ་དེ་སྤྱིར་མི​ི་ཡི་ཤ ེས་ནུས་འཚར་ལོངས་བྱུང་ཚུལ་གྱི་རིམ་

པ་དང་བསྡུར་ན། རིམ་པ་ཅུང་མཐོ་བའི་སློབ་གསོ་ཞིག་རེད། རིམ་པ་མཐོ་བའི་སློབ་གསོ་ཞིག་དང་ལེན་བྱེད་ དགོས་ན། སྔོན་ལ་ངེས་བར་དུ་རྨང་གཞིའི་སློབ་གསོ་ཞིག་དགོས་པར་འདུག་ནའང་། བོད་ཡུལ་གྱི་དགོན་པ་ ཚོའི་ནངདུ་བྱིས་པ་ལོ་བདུན་བརྒྱད་ཅན་ཞིག་བསྐྱལ་བཞག་དུས། འདོན་པ་ཁ་ཤ ས་དང་རྒྱུན་སྤྱོད་ཀྱི་ཆོ་ག་རེ་

ཟུང་བློ་འཛིན་བྱས་པ་ཙམ་མ་གཏོགས། རྨང་གཞིའི་རིག་གནས་ཤ ེས་བྱ་གང་ཡང་མ་སྦྱང་བར། བསྡུས་གྲྭ རྣམ་

འགྲེལ་སོགས་གཞུང་ཆེན་པོད་ལྔ་ལ་སློབ་སྦྱོང་གི་འགོ་འཛིན་གྱི་འདུག དེས་ན་བྱིས་པ་དེའི་ལོ་ཚོད། རིག་ སྟོབས་སྐྱེ་འཕེལ་གྱི་རིམ་པ་གང་གི་ངོས་ནས་བལྟས་རུང་། ཁོས་དང་ལེན་བྱེད་རྒྱུའི་སློབ་གསོ་དེའི་ལྗིད་ཚད་

དང་ཆ་མི་མཉམ་པ་ཞིག་ཏུ་གྱུར་ཡོད་པས། དེ་འདྲའི་སློབ་གསོ་མྱོང་ཚུལ་དེས་གང་སྦྱང་ཐམས་ཅད་ཁ་ཐོག་གི་ ཤེས་བྱ་ཙམ་ཞིག་ཏུ་གྱུར་ཏེ། རིམ་གྱིས་ཆོས་ཆོས་དང་མི་མི་བྱས་ཏེ་ཁ་ཁ་སོ་སོ་ཞིག་ཏུ་འགྱུར་འགྲོ་གི་འདུག

ཐབས་ལམ་གསར་པ་ཞིག་གི་ཐོག་ནས་ལོ་ཆུང་དང་དབང་པོ་དམའ་བའི་སྐོར་ལ། ཐོག་མར་རྨང་གཞིའི་སློབ་ གསོ་འཐུས་ཚང་ཞིག་ཡུལ་དུས་ཁོར་ཡུག་གི་ཆོས་ཉིད་དང་བསྟུན་པ། མིའི་སེམས་ཁམས་དང་ཤ ེས་ནུས་སྐྱེ་ འཕེལ་གྱི་རིམ་པ་དང་འཚམ་པ་ཞིག་མྱང་ཐུབ་པ་བྱས་རྗེས་སུ། ནང་པའི་ཆོས་གཞུང་ལ་སློབ་པའི་གོ་རིམ་དེ་ འདྲ་ཞིག་ཆགས་ཨེ་ཐུབ་བལྟས་ན། ཕན་ཐོགས་ཆེན་པོ་འབྱུང་ངེས་རེད་སྙམ་གི) སྒོ་ཤ ེས་རབ་རྒྱ་མཚོ་ཞེས་

པས་བཤད་པའི་གོང་གི་སྐད་ཆ་འདིར་གཞིག་ན་གྲྭ་པའི་ཤ ེས་ཡོན་གྱི་གོ་རིམ་མྱངས་པའི་གྲྭ་པའི་ཁྲོད་དུའང་

བདག་གི་ལྟ་ཚུལ་དང་མཐུན་པར་དགོན་སྡེ་ཤ ེས་ཡོན་ནི་མི་རྒན་ཤ ེས་ཡོན་ཡིན་པས་བྱིས་པའི་འཚར་ལོངས་ ཀྱི་ན་ཚོདང་སེམས་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་ཤ ེས་ཡོན་གྱི་ཁོར་ཡུག་མེད་པའི་ལྟ་ཚུལ་འཛིན་མཁན་ ཡོད་པ་ར་སྤྲོད་བྱེད་ཐུབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 507

གྲྭ་པ་ཚང་མར་བྱིས་པ་མེད་པས་བྱིས་པའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཐུབ་ཀྱིན་ མེད་པ་དང་། བྱིས་པ་ལ་བྱིས་པའི་དུས་སྐབས་ཤིག་དང་སེམས་ཁམས་ཤ ིག་ཡོད་ པར་ངོས་འཛིན་བྱེད་མ་ཐུབ་གཤིས་བྱིས་པ་ཞིག་གློ་བུར་དུ་འཐེན་ནས་མི་རྒན་གྱི་

འཚར་ལོངས་ལ་བསླེབ་དགོས་པའི་རེ་བ་འདོན་བཞིན་པའི་སྣང་ཚུལ་ཞིག་ཡིན་ པས། རང་བཞིན་གྱིས་དགེ་རྒན་གྱི་རྡུང་རྡེག་མང་པོ་བཟེད་དགོས་ཀྱིན་ཡོད། ཚུལ་

འདི་ལ་ཤ ེས་ཡོན་སེམས་ཁམས་རིག་པའི་དཔྱད་ཞིབ་ཀྱིས་མ་འདང་བའི་ཤ ེས་ཡོན་ ལམ་ལུགས་ཀྱི་དཀའ་ངལ་ཞེས་བརྗོད་ཆོག

༥) ཕྱོགས་གཅིག་ནས་སློབ་ཁྲིད་ཀྱི་ལམ་ལུགས་འདི་ནི་བྲན་གཡོག་དང་

བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སྒྲོམ་གཞིའི་འོག་ནས་རིམ་གྱིས་དར་ཞིང༌། སྤྱི་ཚོགས་ལམ་ལུགས་སྣ་ཚོགས་ཀྱི་ཁྲོད་དུ་གསར་བརྗེ་མ་བྱུང་བས་ན། ང་དཔོན་

ཡིན་ན་ཁྱོད་གཡོག་ཡིན་པ་དང༌། ང་ལ་དབང་ཡོད་ན་ཁྱོད་ལ་དབང་མེད་པ། ངའི་ ལྟ་ཚུལ་ཁོ་ན་ཡང་དག་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཀྱི་དྲི་མའི་འོག་ནས་དགེ་ སློབ་བར་དུའང་མཐོ་དམན་ཧ་ཅང་ཆེ་བས་རྡུང་རྡེག་བྱེད་སྲིད་པ་ཞིག་ཡིན། ཚུལ་

འདི་ལ་སྤྱི་ཚོགས་ལམ་ལུགས་ཀྱི་ཤུགས་རྐྱེན་འོག་གི་སློབ་ཁྲིད་དུས་རབས་དང་

མི་འཚམ་པའི་དཀའ་ངལ་ཞེས་བརྗོད་ཆོག

༦) ཕྱོགས་གཅིག་ནས་དམིགས་ཚད་མཐོ་དྲགས་ཏེ། སློབ་མ་བཅུས་ཡིག་

གཟུགས་སྦྱོང་གིན་ཡོད་ན་ཡིག་གཟུགས་ཇི་ལྟར་ལེགས་པོ་བྲིས་ཡོད་ཀྱང༌། ཡིག་

གཟུགས་ལེགས་ཉེས་ལྟར་གྲལ་བསྒྲིག་ཏུ་བཅུག་སྟེ་སློབ་ཕྲུག་དང་པོ་དེས་རང་ཉིད་

ལ་རང་གིས་འགྲམ་ལྕག་ཅིག་བཞུ་དགོས་ལ། དེ་ནས་རིམ་གྱིས་སློབ་ཕྲུག་དང་པོས་ གཉིས་པ་དང༌། དང་པོ་དང་གཉིས་པ་གཉིས་ཀྱིས་གསུམ་པ། དང་པོ་དང་གཉིས་ པ༑ གསུམ་པ་བཅས་ཀྱིས་བཞི་པ་བཅས་སློབ་ཕྲུག་གི་གྲལ་རིམ་བཞིན་འགྲམ་ལྕག་


508 ཉམས་ཞིབ་དེབ་ཕྲེང་། ༡

བཞུས་ཏེ། གྲལ་མཐའི་སློབ་ཕྲུག་གིས་སློབ་ཕྲུག་བཅུའི་འགྲམ་ལྕག་བཟེད་དགོས། ཚུལ་འདི་ལ་དམིགས་ཚད་མཐོ་དྲགས་པའི་སློབ་ཁྲིད་དཀའ་ངལ་ཞེས་བརྗོད་ཆོག (རྒྱ་གར་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་བྱས་མྱོང་བའི་རྒན་པདྨ་རྡོ་རྗེ་ལ་བཅར་འདྲི་བྱས་པ་ལས་གོ་ཐོས་བྱུང༌། བོ་དོང་

གསུང་རབ་ཉམས་ཞིབ་ཁང་ནས་བཀའ་འདྲི་ཞུས།)

ཚུལ་འདི་ནི་དབུས་གཙང་ཕྱོགས་ཀྱི་སྐུ་དྲག་

དག་གིས་གཞུང་ཡིག་དང་། ཕན་ཚུན་ཡི་གེ་བསྐུར་བ་སོགས་ཀྱི་ཐད་ནས་ཡིག་

གཟུགས་ལེགས་ཉེས་ནི་རང་ཉིད་ཀྱི་ངོ་གདོང་ལྟ་བུ་ཞིག་ཏུ་བརྩི་བས། གྲོང་གསེབ་ དང་དགོ ན ་སྡེ ་ ཁག་ཏུའང་དེ འི ་ཤུ གས་རྐྱེ ན ་ཐེ བ ས་ཏེ ་ ཡི ག ་གཟུགས་སློ བ ་སྦྱོ ང ་ གཙིགས་ཆེན་དུ་འཛིན་པའི་མ་དཔེ་གསོན་པོ་ཞིག་ཡིན། ཡིག་གཟུགས་ཀྱང་དབུ་ མེད་ཀྱི་ཡིག་གཟུགས་འབྲི། དེང་གི་བཙན་བྱོལ་ནང་གི་བོད་ཀྱི་སློབ་གྲྭ་ཁག་ཏུའང་

ཚུལ་འདིའི་ཤུགས་རྐྱེན་ཧ་ཅང་ཆེ་བས། སློབ་ཕྲུག་དག་གིས་ལོ་རིམ་དང་པོ་ནས་ སུག་རིང་སོགས་སྦྱངས་དགོས་ལ། སློབ་གྲྭ་ཆེན་མོའ ི་སྐབས་སུའང་ཡིག་གཟུགས་

སྦྱོང་དགོས་པས། ཡིག་གཟུགས་སློབ་སྦྱོང་ཐད་དུས་ཚོད་མང་པོ་གཏོང་བཞིན་ ཡོད། རྒྱུ་མཚན་དེ་བས་འདིའི་ཐད་ལ་མི་འདོད་པའི་ལྟ་ཚུལ་འཛིན་མཁན་གྱི་དགེ་ རྒན་མང་པོ་ཡོད་ལ་ང་ཡང་དེའི་གྲས་ཀྱི་མི་གཅིག་ཏུ་བགྲང་ཆོག འདིའི་ཐད་བཙན་

བྱོལ་ནང་གི་བོད་ཀྱི་གཏམ་བརྗོད་འཁྲབ་མཁན་པ་ཚེ་རིང་གིས་དགོད་གཏམ་ཞིག་ བཤད་ཡོད་པ་ནི་དངོས་ཡོད་དང་སྒྱུ་རྩལ་གཉིས་ཀའི་བྲོ་བ་ཡོད་པ་ཞིག་ཡིན། (ཉིན་

གུང་ཞིག་ལ་པ་ཚེ་རིང་ས་རཱ་མཐོ་སློབ་ཏུ་བསླེབས་པའི་སྐབས་དེར་ས་རཱའི་མཐོ་རིམ་སློབ་མ་རྣམས་ཀྱིས་སློབ་གྲྭའི་

ར་སྐོར་ན་ཡིག་གཟུགས་སུག་རིང་སྦྱོང་བཞིན་ཡོད། ཁོས་གད་མོ་ཞིག་དང་སྦྲགས་མས། ཁྱོད་ཚོས་ད་དུང་འཐེན་

བཞིན་ཡོད་དམ། སློབ་གྲྭ་ཆུང་ཆུང་ནས་འཐེན་ཏེ་མཐོ་སློབ་ཏུ་བསླེབས་ན་ད་དུང་འཐེན་ནས་སྡོད་དང་། ཁྱོད་ཚོས་

འཐེན་ནས་མ་ཚར་བར་དུ་ཨ་མདོ་བས་དེབ་གཉིས་གསུམ་ཀློག་ཚར་རྒྱུ་རེད། བྱས་ཙང་ཁོ་ཚོས་དེབ་མང་པོ་བྲིས་

ཡོང་གི་འདུག་ཨཱ།)

གོང་གི་སྐད་ཆ་འདི་ནི་བཙན་བྱོལ་ནང་གི་དགོད་གཏམ་དང་གཏམ་

བརྗོད་འཁྲབ་མཁན་པ་ཚེ་རིང་གི་སྐད་ཆ་ཡིན།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 509

ཇི་ལྟར་རྡུང་རྡེག་བྱེད་ཀྱིན་ཡོད་དམ་ཞེ་ན། དབྱུག་པ་དང་རྟ་ལྕག གླེགས་

ཤིང་དང༌། འགྱིག་ཐག ལྷམ་མགོ་སོགས་བེད་སྤྱོད་བྱེད་ཀྱིན་ཡོད་ཀྱང༌། གཙོ་བོ་

ཤིང་གི་དབྱུག་པ་སྤྱོད་བཞིན་ཡོད། དེ་ནི་ཤ ི་རྨས་སོགས་ཀྱི་ཉེན་ཁ་མི་འབྱུང་བའི་

ཕྱིར་དུ་ཡིན་མོད། སློབ་ཕྲུག་གི་ལུས་ནས་ཁྲག་ཐོན་པ་ནི་རྒྱུན་ལྡན་ཞིག་ཡིན་

པས་དེ་ལ་འཚེར་སྣང་བྱེད་ཀྱིན་མེད། ཡང་དགེ་རྒན་ཕྱིར་བསྐྱོད་བྱེད་པའི་སྐབས་

སུ་དེའི་ཚབ་ཏུ་སློབ་ཕྲུག་ཆེ་བ་གཅིག་གིས་སློབ་ཕྲུག་གཅིག་དང་། ཡང་ན་སློབ་

ཕྲུག་ཁ་ཤས། ཡང་ན་སློབ་ཕྲུག་ཆུང་བ་རྣམས་བགོ་འགྲེམས་བྱས་ཏེ་ཚང་མར་ སྒྲིག་ཁྲིམས་བསྡམས་པར་འགན་སྤྲོད་པའི་སྲོལ་ཡོད་ལ། འགན་འཁུར་མཁན་

གྱི་སློབ་ཕྲུག་དེ་ལའང་རྡུང་རྡེག་བྱེད་པའི་དབང་ཚད་ཡོད། དགེ་རྒན་གྱིས་རྡུང་

རྡེག་བྱས་ཏེ་སློབ་ཕྲུག་གི་ལུས་ནས་ཁྲག་ཐོན་ཞིང་གྱོན་གོས་ཁྲག་གིས་འབྱར་ཏེ་ ཕུད་མི་ཐུབ་པར་རྒྱབ་ཕྱོགས་ནས་གྲི་སོགས་ཀྱི་འདྲ་གཤག་བྱེད་དགོས་པ་དང༌།

སློབ་ཕྲུག་ཁ་ཤ ས་བརྡུངས་ཏེ་ལྔ་ལམ་དུ་བསྐྱལ་བའི་གཏམ་རྒྱུད་ཀྱང་ཡོད། དེའང་

དགེ་རྒན་གྱི་དྲི་མ་མེད་པའི་ལྷག་བསམ་དང་སྒྲིག་གཅུན་གྱི་འགན་འཁུར་གཉིས་ མཉམ་དུ་བསྡོམས་པའི་ནོར་འཁྲུལ་ཞིག་ཡིན།

དེ ་ འདྲའི ་ སློ བ ་ཁྲི ད ་ཀྱི ་ རྒྱུན་ཞི ག ་ཡོ ད ་པས་ན་དེ ང ་གི ་ སློ བ ་གྲྭ་ཁག་ཏུའང་

དགེ་རྒན་གྱིས་སློབ་ཕྲུག་ལ་བཅར་རྡུང་བྱེད་པའི་སྲོལ་འདི་གནས་ཡོད། འདིའི་

ཐད་ནས་བདག་གི ས ་བོ ད ་ནང་དུ་ལོ ་ ངོ ་ བཅུ་ལྷག་ལ་དགེ ་ རྒན་བྱས་མྱོ ང ་ལ་ད་

ལྟའང་དགེ་རྒན་བྱེད་བཞིན་པ་ཞིག་ལ་བཀའ་འདྲི་ཞུས་བར། ཁོང་གིས་གསུང་ དོ ན ། “ང་ཚོ འི ་ བོ ད ་ནང་དུ་སློ བ ་ཕྲུག་རྣམས་ལ་གཅར་རྡུང་ཏོ ག ་ཙམ་རེ ་ བྱེ ད ་

དགོས་ཀྱི་འདུག ཡག་པ་བཤད་ན་བཙོག་པ་བཤད་ན། གང་ལྟར་ང་ཚོའི་བོད་པ་ ལ་ཏོག་ཙམ་རྡུང་དགོས་ཀྱི་འདུག བོད་ནང་དུ་དགེ་རྒན་གྱིས་སློབ་ཕྲུག་ལ་གཅར་


510 ཉམས་ཞིབ་དེབ་ཕྲེང་། ༡

རྡུང་བྱས་ཀྱང་སེ མ ས་པ་རྣམ་དག་ཡི ན ་པས། ཕྱི ས ་སུ་སློ བ ་ཕྲུག་ཁོ ང་ཁྲོ ་ ཡང་ ལང་གིན་མི་འདུག” གོང་གི་སྐད་ཆ་འདི་ནི་བོད་ནང་གི་དགེ་རྒན་མང་དག་ཅིག་ གི་སེམས་ན་ཡོད་པ་ཐག་གིས་ཆོད་ལ། ཁོ་ཚོས་གཅར་རྡུང་བྱེད་པ་དེའང་ཐབས་

ལམ་ཞིག་ཏུ་བརྩི་བཞིན་པ་བཤད་མི་དགོས། དེ་ལྟ་བུའི་བསམ་བློའ་ི རྒྱབ་ལྗོངས་ ནི་བོད་ཀྱི་དྲིན་ཆེན་ཞེས་པའི་ཀུན་སྤྱོད་ལྟ་ཚུལ་དང་དགོན་སྡེ་སློབ་ཁྲིད་བཙན་པོ་

མ་ལས་བྱུང་བའི་རྒྱུན་ཞིག་ཏུ་ངོས་འཛིན་བྱས་ཆོག དེའང་ཤ ེས་ཡོན་གྱི་དམིགས་ ཚད་རྒྱ་ཆུང་དྲགས་པ་དང་ཤེ ས ་ཡོ ན ་ཞེ ས ་པ་ཕྱོ ག ས་གཅིག ་ཁོ ་ ནའི ་ ཡར་རྒྱས་ ཙམ་དུ་གོ་བ་བླངས་པའི་རྐྱེན་དུ་ངེས་སོ། །

༢ རྩ་བ་དང་སྡོམ་ཚིག་བློ་འཛིན་གྱིས་ཁྲིད་སྦྱོང་བྱེད་ཐབས།

བོ ད ་ཀྱི་ སྲོལ་རྒྱུན་སློ བ ་ཁྲིད་ཁྲོད་དུ་རྩ་བ་བློ་འཛིན་བྱེད་རྒྱུ་དེ ་ གལ་ཆེ ན་དུ་བརྩི་ བཞིན་ཡོད། གཞུང་ལུགས་རྩོམ་མཁན་གྱིས་ཀྱང་འཛིན་བདེ་བའི་ཕྱིར་དུ་གཞུང་གི་

རྩ་བ་རྣམས་སྡེབ་སྦྱོར་ལེགས་པའི་ཚིགས་བཅད་ཀྱི་ལམ་ནས་བརྩམས་ཡོད། དཔེར་ ན་བྱམས་ཆོས་སྡེ་ལྔ་ལྟ་བུ་དང་། སྙན་ངག་མེ་ལོང་མའི་རྩ་བ་ལྟ་བུ། སུམ་རྟགས་

ཀྱི་རྩ་བ་སོགས་ཆོས་དང་ཐུན་མོང་རིག་གནས་གང་ཡིན་ཀྱང་རྩ་བ་ཚིགས་བཅད་ དུ་བརྩམས་ཡོད་པ་དང༌། ད་དུང་གཞན་ཞིག་ནི་སློབ་ཁྲིད་བྱས་པའི་ཡུན་རིང་ལག་

ལེན་གྱི་ཁྲོད་ནས་གཞུང་ལུགས་སྡོམ་བརྒྱབ་སྟེ་གཞུང་ལུགས་ཀྱི་ནང་དོན་གནད་ བསྡུས་བཟོ་བ་དང་དེའང་འཛིན་བདེ་བའི་ཚིགས་བཅད་དུ་བསྡེབས་ཏེ་བརྩམས་པ་

ལ་སྲོལ་རྒྱུན་སློབ་ཁྲིད་ཁྲོད་དུ་སྡོམ་ཚིག་ཟེར། དཔེར་ན། རྗེ་ཙོང་ཁ་པས་མཛད་

པའི<ལམ་གཙོ་རྣམ་གསུམ>དང་། <ལམ་རིམ་བསྡུས་དོན>ལྟ་བུ་བྱང་ཆུབ་ལམ་

གྱི་རིམ་པ་བསྟན་པའི་སྡོམ་ཡིན་ལ། དབྱངས་ཅན་གྲུབ་པའི་རྡོ་རྗེའི<ལེགས་བཤད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 511

ལྗོན་དབང>ལྟ་བུ་བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པའི་སྡོམ་ཡིན། གཞུང་གང་དང་གང་ ཞིག་སློབ་སྦྱོང་མ་བྱས་པའི་སྔོན་དང་ཡང་ན་སློབ་སྦྱོང་བྱེད་པའི་ཞོར་དུ་ངེས་པར་

དུ་རྩ་བ་དང་སྡོམ་ཚིག་བློ་འཛིན་བྱེད་དུ་འཇུག བྱིས་པ་ལོ་བདུན་ནས་དགོན་པར་

ཆོས་ཞུགས་བྱས་ན་རང་ལོ་བཅུ་ཡན་བར་དུ་གཞུང་ཆེན་ལྔའི་རྩ་བ་བློ་འཛིན་བྱེད་

དུ་བཅུག་སྟེ། ཕྱིས་སུ་གཞུང་ཆེན་མོ་སློབ་སྦྱོང་བྱེད་པར་རྨང་གཞི་གདིང་། བྱིས་

པའི་བློ་འཛིན་གྱི་ནུས་པ་དང་ལོ་ཆེན་པོར་གྱུར་ཀྱང་བྱིས་པའི་དུས་སུ་བློ་འཛིན་ བྱས་པ་རྣམས་མི་བརྗེད་པའི་ཁྱད་ཆོས་ཡོད་པའི་གནད་དེ་རྟོགས་ཡོད་ལ། འདི་ ཙམ་ནི་སྲོལ་རྒྱུན་དགོན་སྡེ་བྱིས་པའི་ཤེས་ཡོན་ཐབས་ལམ་དུ་བགྲང་ཆོག

(དུང་

དཀར་བློ་བཟང་འཕྲིན་ལས་ཀྱིས་འདི་ལྟར་གསུངས་ཡོད། ལྷག་པར་དུ་ཁག་ཐེག་དགེ་རྒན་སྐུ་ཡོན་བཟང་བ་རྣམས་

ཀྱིས་བྱིས་པ་ཆུང་ངུའི་རིགས་ཤེས་རིག་རྒྱས་ཤིང་རྩ་ཁམས་གསལ་བའི་དུས་སྐབས་དེར་གཞུང་དོན་ལ་གོ་བ་ལེན་

རྒྱུ་དང་བསམ་གཞིགས་བྱེད་པའི་ནུས་རྩལ་ཞན་ཡང་། དབང་པོ་ལྔའི་ཡུལ་དུ་འཆར་སྣང་གང་བྱུང་སེམས་ལ་མ་

བརྗེད་པར་ཐད་ཀར་ངེས་ཐུབ་པའི་ཁྱད་ཆོས་ཡོད་པ་དེ་གཞིར་བཟུང་ནས་ཡི་གེ་འབྲི་ཀློག་དང་། གཞུང་ཆེན་པོ་ལྔའི་

རྩ་ཚིག་རྣམས་བློ་འཛིན་ངག་སྐྱོར་བྱེད་དུ་བཅུག་སྟེ་རྗེས་སུ་རིག་གནས་ཆེ་ཆུང་ཁག་སློབ་སྦྱོང་བྱེད་ཐུབ་པའི་རྨང་

གཞི་བཟང་པོ་འདིང་གནང་མཛད་ཀྱི་ཡོད་པ་དེས་གཞོན་ནུའི་དུས་སྐབས་སུ་དགེ་རྒན་གྱིས་སློབ་ཁྲིད་གང་གནང་བ་

ཚང་མ་སོ་སོས་བློ་འཛིན་བྱས་པའི་རྩ་ཚིག་དེའི་ཐོག་ཏུ་བྱེ་མ་ལ་ཆུ་སིམ་པ་ལྟར་ཧྲིལ་ཧྲིལ་འཇགས་ཐུབ་པ་མ་ཟད།

ལོ་ན་མཐོན་པོར་སླེབས་པའི་རྗེས་སུ་ཡང་རང་ཉིད་བྱིས་པ་དང་གཞོན་ནུའི་དུས་སུ་བློ་འཛིན་བྱས་པ་རྣམས་ནམ་

ཡང་མ་བརྗེད་པར་བརྟན་པོར་ངེས་ཐུབ་པའི་ཁྱད་ཆོས་ཡོད།)302

རྩ་བ་དང་སྡོམ་ཚིག་བློ་འཛིན་བྱས་

པ་ལ་བརྟེན་ནས་དགེ་རྒན་ལ་ཁྲིད་བདེ་བ་དང་སློབ་མར་འཛིན་བདེ་བའི་ཁྱད་ཆོས་

མངོན་གསལ་དུ་ཡོད་པས་ན། སྲོལ་རྒྱུན་དགེ་རྒན་རྣམས་ཀྱིས་རྩ་བ་ཞིག་གཞི་ལ་ བཟུང༌། འགྲེལ་བ་ཞིག་ལ་བརྟེན་ནས་རྒྱས་པར་འཆད། སྡོམ་ཚིག་ཅིག་ལ་བརྟེན་ 302

<<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> བོད་ཀྱི་སློབ་གསོའ ི་རིག་པ་གོང་

འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་། ཤོག་ངོས༢༤༩། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ ཤེས་རིག་དཔེ་སྐྲུན་ཁང་།


512 ཉམས་ཞིབ་དེབ་ཕྲེང་། ༡

ནས་ངེས་པ་དང་འཛིན་པར་བྱེད། བྱེད་ཐབས་དེས་སྲོལ་རྒྱུན་སློབ་ཁྲིད་ཧ་ཅང་

སྟབས་བདེ་བའི་རྒྱུན་ཞིག་ཏུ་གྱུར་ཡོད། དཔེར་ན་དགེ་རྒན་གྱིས་དེ་དང་འབྲེལ་བའི་ གཞུང་གང་ཞིག་ནས་ལུང་འདྲེན་ནའང་བློ་ཐོག་ནས་ཤ ར་ཤ ར་དུ་ལུང་འདྲེན་པ་དང་

སློབ་མས་ཀྱང་གཞུང་དེ་དང་དེ་བློ་འཛིན་བྱས་ཡོད་པས་རྟོགས་སླ། གཞུང་ཁྲིད་ སྐབས་སུའང་འགྲེལ་བ་དང་དེའི་མཐའ་དཔྱོད་སོགས་དགེ་སློབ་གཉིས་ཀའི་བློ་ཐོག་

ན་ཡོད་པའི་རྩ་ཚིག་ཤ ིག་ལ་གཞི་བཅོལ་ནས་གཞུང་དོན་མ་ཐོར་བར་བྱེད་པ་དང༌། སླར་ཡང་དགེ་སློབ་གཉིས་ཀའི་བློ་ཐོག་ན་ཡོད་པའི་སྡོམ་ཚིག་ཅིག་གིས་གཞུང་

གི་གཙོ་གནད་དག་འཛིན་པ་དང་འཇུ་བར་བྱེད་ཀྱིན་པས་ན། སྲོལ་རྒྱུན་སློབ་ཁྲིད་ ཁྲོད་དུ་བློ་འཛིན་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྔ་མོའ ི་བོད་ཀྱི་གདན་ས་ ཁག་གི་མཁས་པ་རྣམས་ཀྱིས་བློ་འཛིན་བྱས་པའི་ཤོག་གྲངས་ཀྱི་ཚད་ནི་བློ་ཡུལ་ ལས་འདས་པ་ཞིག་ཡིན་ལ། དེང་གི་དུས་སུའང་རྒྱ་གར་གྱི་འབྲས་སྤུངས་སྒོ་མང་

གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་སྐབས་སུ། སློབ་སྦྱོང་ལ་དགའ་ཞིང་བློ་འཛིན་བྱེད་

མཁན་ཡག་ཤ ོས་ཤ ིག་ལ་མཚོན་ན་ལོ་འཁོར་རྒྱུགས་སྤྲོད་ལ་ཡིག་འབྲུ༥༧༠ཅན་ གྱི་ཤ ོག་གྲངས༣༠༠ནས༤༠༠བར་བློ་རྒྱུགས་སྤྲོད་བཞིན་ཡོད། མ་མཐའ་བློ་འཛིན་ སྐྱོ་ཤ ོས་ཤ ིག་གིས་ཀྱང་ཤོག་ངོས༡༦ཙམ་བློ་རྒྱུགས་དབུལ་དགོས། འཛིན་གྲྭ་མ་ ཐོན་གྱི་བར་དུ་ལོ་ངོ་བཅོ་ལྔའི་ཡུན་ལ་སློབ་སྦྱོང་བྱེད་དགོས་པས་རོབ་བརྩིས་ཤ ིག་

བརྒྱབ་ན་བློ་འཛིན་ཡག་ཤོས་རྣམས་ཀྱིས་འཛིན་གྲྭ་མ་ཐོན་བར་དུ་ལོ་རེར་གོང་གི་

དེ་འདྲའི་ཤ ོག་གྲངས༢༠༠རེ་བློ་འཛིན་བྱེད་བཞིན་པར་ཆ་བཞག་ན། ལོ་ངོ་བཅོ་ལྔའི་

ཡུན་ལ་ཤ ོག་གྲངས༣༠༠༠རེ་བློ་འཛིན་བྱེད་བཞིན་ཡོད། ཚུལ་འདི་གྲྭ་ཚང་གཞན་

ཁག་ལའང་རིགས་འགྲེ་བྱས་ཆོག་ལ། རྒྱུད་གྲྭ་ཁག་ཏུ་དེ་ལས་ཀྱང་མང་བ་བློ་འཛིན་ དགོས་པ་སྨོས་མེད་ཡིན།

(ཨ་མདོ་རྡོ་སྦིས་ནས་ཡིན་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་


རྒྱ་མཚོ་ལ་བཀའ་འདྲི་ཞུས།)

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 513

གཞུང་དོན་གལ་ཆེ་བ་རྣམས་སྐབས་དང་སྐབས་སུ་བློ་འཛིན་

བྱེད་བཞིན་པ་བརྩིས་ན་དེ་བས་ཀྱང་གྲངས་ཚད་མང་བ་བརྗོད་མི་དགོས། བོད་ཀྱི་

སྲོལ་རྒྱུན་མཁས་པ་དག་ལ་ཁྱད་ཆོས་བླ་ན་མེད་པ་ཞིག་ཡོད་པའང་ཚུལ་འདི་ཡིན་ ཏེ༑ གལ་སྲིད་ས་ཕྱོགས་གཞན་ཞིག་ཏུ་འཆད་ཁྲིད་བྱེད་པར་བསྐྱོད་དགོས་ན་གྲ་

སྒྲིག་གི་དེབ་མང་པོ་དང༌། སློབ་ཁྲིད་ཡོ་ཆས་དག་ཁྱེར་མི་དགོས་པར་སློབ་སྦྱོང་ བྱས་པ་ཡོད་ཚད་བློ་ངོ་ན་ཡོད། རྒྱུ་མཚན་དེ་བས་སློབ་དཔོན་དམུ་དགེ་བསམ་

གཏན་མཆོག་གིས་གསུང་བཤད་ཅིག་གི་སྐབས་སུ། ཁྱེད་རྒྱ་ནག་གི་མཁས་པ་ རྣམས་ཕྱོགས་གཞན་དུ་འཆད་ཁྲིད་སོགས་ལ་འགྲོ་དགོས་ན་དེབ་སྒམ་སྒམ་འཁུར་ དགོས་མོད། བོད་ཀྱི་མཁས་པ་རྣམས་ཀྱིས་ཀླད་པ་མ་གཏོགས་གང་ཡང་འཁུར་མི་

དགོས་པའི་གནས་ཚུལ་ཞལ་རྩེད་དང་སྦྲགས་ནས་གསུངས་པ་ཞིག་གོ་ཐོས་བྱུང༌། (རླུང་འཕྲིན་ལས་བོད་ཀྱི་བརྡ་སྤྲོད་པ་བློ་གསལ་འཇུག་ངོགས་སློབ་ཁྲིད་སྐབས་སུ་གསུངས་པ་ཞིག་གོ་ཐོས་བྱུང་བ་

བཞིན་འདིར་བཀོད་པ་ཡིན་ལ། གསུང་འགྲོས་ཀྱི་ཚིག་ཇི་བཞིན་མིན་ཡང་ནང་དོན་དེ་ག་རང་ཡིན།)

བཅུ་དགུ་པ། བོད་ཀྱི་ཡིག་གཟུགས་ཁྲིད་ཐབས་དང་དཔྱད་ཞིབ། ༡ བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ།

བོད་དུ་ཡི་གེ་བྱུང་བའི་ལོ་རྒྱུས་ལ་མི་མཐུན་པའི་ལྟ་ཚུལ་དུ་མ་ཡོད་པ་ལྟར་ཡིག་

གཟུགས་བྱུང་ཚུལ་ཐད་ལའང་མི་མཐུན་པ་དུ་མ་ཡོད། བཤད་ཚུལ་མི་མཐུན་པ་དེ་ དག་མདོར་བསྡུས་ན་གཡུང་དྲུང་བོན་གྱི་བཤད་ཚུལ་དང་ནང་བསྟན་ཆོས་ལུགས་

སམ་གཞན་དག་གི་བཤད་ཚུལ་གཉིས་སུ་དབྱེ་ཆོག གཡུང་དྲུང་བོན་གྱི་བཤད་


514 ཉམས་ཞིབ་དེབ་ཕྲེང་། ༡

ལུགས་ལྟར་ན། “མཛད་པ་བདུན་པ་བསྟན་པ་རྗེས་བཞག་དུས། །མུ་ཁྱུད་མཚོ་གླིང་ དཀར་ནག་བཀྲ་གསལ་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་བདག་བྱས། །གཏེར་

གཉེར་སློབ་མས་བཀའ་རྣམས་སོ་སོར་བསྡུས། །ཤེས་རབ་ཕུལ་གྱི་འཕྲུལ་ཡིག་ བཞི་བཅུ་ལ། །ཐབས་ཀྱི་མཆོག་གིས་ང་རོ་དབྱངས་སུ་དྲངས། །ཐབས་ཤ ེས་ཟུང་ དུ་འབྲེལ་བའི་བྱིན་རླབས་ལས། །མིང་དང་ཚིག་འབྲེལ་ལེའུ་མང་པོར་ཕྱེས། །སྒོ་

བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས། །མ་འོངས་འདྲེན་ཕྱིར་བསྟན་པ་རྗེས་

བཞག་མཛད། །དེ་ཚེ་སྟོན་པ་མཆོག་གི་ཞལ་ནས་ཀྱང་། །བདག་ཉིད་སྐུ་ཡི་འདུལ་

བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་བ་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་ བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེ་ཀུན་གྱིས་བཀུར་བསྟི་ གྱིས། །ཞེས་དང་། ཡང་སྟག་གཟིག་ཡུལ་དུ་སྤུངས་པོ་ཆེ་ཆུང་གཉིས། །ཞང་ཞུང་

ལོ་ཙྪས་སྨར་ཆེན་སྨར་ཆུང་བསྒྱུར། །བོད་ཀྱིས་རྫབ་བཤར་དཀར་ནག་གཉིས་ བསྟན་ཀྱང་། །ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། །” མཁས་དབང་དུང་ 303

དཀར་ཚང་གིས་ཀྱང“ཐོན་མིའི་སྔོན་དུ་བོད་ཡིག་ཡོད་པའི་འདོད་པ་ལྟར་ན། སྟག་ གཟིག་སྤུངས་ཡིག་ཅེས་བྱ་བ་དེ་གངས་ཅན་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པ་དང་།

སྟག་གཟིག་སྤུངས་ཡིག་བྱུང་བའི་དུས་ནི་གཡུང་དྲུང་བོན་ཆོས་བཏོད་པའི་དུས་དང་ མཚུངས་ཤ ིང་། སྐབས་དེར་ལྷ་བབས་ཡི་གེ གཟི་ཡིག སྨར་ཆེན། སྨར་ཆུང་སོགས་

ཡིག་གཟུགས་མང་པོ་བྱུང་ཡོད་པ་དང་། ཐོན་མི་སམ་བྷོ་ཊས་སྨར་ཡིག་སོགས་ ལ་དཔྱད་གཞི་མཛད་དེ་ད་ལྟའི་བོད་ཡིག་འདི་བཏོད་པར་བཞེད་དོ། །” ཞེས་པ་ 304

303 <<བོན་གྱི་ཐ་སྙད་རིག་གནས་བསྟན་བཅོས་ཕྱོགས་སྒྲིག>>ཤོག་ངོས༡༠།

ཀུན་དགའ་རྒྱལ་མཚན་གྱིས་ཕྱི་

ལོ1895 ལོར་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།

304 <<དུང་དཀར་ཚིག་མཛོད་ཆེན་མོ།>>

ཤོག་ངོས1453། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། ཀྲུང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 515

སོགས་ཀྱི་འདོད་ཚུལ་ལྟར་ན་ཡི་གེ་དང་ཡིག་གཟུགས་བཅས་སྔ་མོ་ཞིག་ནས་བོད་

རང་གི་ས་ཐོག་ནས་དར་བ་ཞིག་ཏུ་འདོད་པ་དང་། ད་ལྟའི་བོད་ཡིག་གི་གཟུགས་

འདིའང་གནའ་བོའ་ི བོད་ཡིག་གི་གཟུགས་རིས་ལས་ལེགས་བཅོས་བྱས་པ་ཞིག་ ཡིན་དགོས་མོད། འོན་ཀྱང་གནའ་བོའ་ི ཡིག་གཟུགས་དེ་དག་གི་ཁུངས་ཐུབ་ཀྱི་

ལོ་རྒྱུས་ར་སྤྲོད་མེད་པ་དང་། ད་ལྟའི་འབྲི་བཞིན་པའི་ཡིག་གཟུགས་འདི་ཉིད་དགེ་ ཆོས་ཀྱིས་གུཔྟའི་ཡིག་གཟུགས་ལ་དཔེ་བྱས་ཏེ་གསར་བཅོས་གནང་བ་ཞིག་ཡིན་ པའི་རིགས་སྒྲུབ་དེ་ནི་བལྟས་པ་ཙམ་གྱིས་རང་དབང་མེད་པར་ཁས་ལེན་དགོས་

པ་ལྟ་བུར་སྣང་། དེ་ལྟ་ནའང་སྔ་རབས་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོས་བཤད་ ཚུལ་དེ་གཉིས་ཁས་མི་ལེན་པར་བོད་ཀྱི་དབྱངས་གསལ་སོ་བཞི་ཡིག་གཟུགས་

དང་བཅས་པ་བོད་རྒྱལ་སྲོང་བཙན་གྱི་དུས་སུ་བོད་མི་མཛངས་བློན་བཞི་པ་ཐོན་མི་

སམ་བྷོ་ཊས་རྒྱ་གར་ཡི་གེ་ལ་དཔེ་བྱས་ཏེ་གསར་དུ་བཟོས་པར་འདོད། དཔེར་ན། ས་སྐྱ་བསོད་ནམས་རྒྱལ་མཚན(ཁོང་ནི་ཕྱི་ལོ1312ལོར་འཁྲུངས་ཤིང1375ལོར་སྐུ་གཤེགས་པར་ལོ་

ཚིགས་དཔྱད་ཞིབ་པ་དག་རྩོད་མེད་དུ་གྱུར་ཡོད་ཀྱང་། ལོ་རྒྱུས་དེབ་ཐེར་འདི་ས་འབྲུག་ལ་བརྩམས་ཞེས་བཀོད་པར་

ཚེ་ཏན་ཞབས་དྲུང་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་དཔྱད་ཞིབ་བྱས་པ་ལྟར་ན་ཁོང་གི་སྐུ་ཚེ་ལ་ས་

འབྲུག་གཅིག་ལས་ཡོང་མི་ཐུབ་པས་དེ་ལྟར་ན་ཕྱི་ལོ་1328ཡིན་དགོས་ཤིང་། དེ་ཡིན་པའི་དབང་དུ་བྱས་ན་ཁོང་ དགུང་གྲངས་བཅུ་བདུན་ལས་སོན་མེད་པས་ལོ་རྒྱུས་དེ་ལྟ་བུ་ཞིག་རྩོམ་ཐབས་བྲལ་བ་དང་། ཡང་རབ་བྱུང་བདུན་

པའི་ས་འབྲུག་ཡིན་ན་ཕྱི་ལོ་1388ལོར་འཁེལ་ཡོད་པས་ཁོང་སྐུ་གཤེགས་ནས་ལོ་བཅུ་གསུམ་སོང་ཟིན་པས་འདིའི་ རྩོམ་པ་པོ་སུ་ཡིན་དཔྱད་གཞི་ཞིག་ཏུ་གྱུར་ཡོད།) གྱིས<རྒྱལ་རབས་གསལ་བའི་མེ་ལོང>དུ“ལཱཉྪ་

ལྷའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་དབུ་ཅན་དུ་བྱས། ཝརྟུ་ཀླུའི་ཡི་གེ་འདྲ།

དེ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས”ཞེས་པ་ལྟར་མཐའ་གཅིག་ཏུ་བོད་ཀྱི་ ཡི་གེའི་གཟུགས་རིས་འདི་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ཏེ་བཟོས་པར་འདོད། དེ་

བཞིན་བུ་སྟོན་རིན་ཆེན་གྲུབ་ཀྱིས<བུ་སྟོན་ཆོས་འབྱུང>དུ(1290-1364) “ཁ་ཆེའི་ཡི་ གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།


516 ཉམས་ཞིབ་དེབ་ཕྲེང་། ༡

གེ་དང་བསྟུན་ནས། ལྷ་སའི་སྐུ་མཁར་མ་རུར་བཅོས་ནས། ཡི་གེ་དང་སྒྲའི་བསྟན་ བཅོས་བརྒྱད་མཛད”ཅེས་དང་། ཚལ་བ་ཀུན་དགའ་རྡོ་རྗེས(1309-1364) <དེབ་

དམར>དུ“ཐོན་མིས་རྒྱ་གར་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་བརྩམས”ཞེས་ དང་། ཕྱི​ི་དུས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས<དེབ་དཀར>དུ(1946-

1947)

“བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུཔྟའི་ཡི་གེ་འདི་ཡིན་ནམ་

སྙམ”ཞེས་གསུངས་ཡོད། དེ་འདྲའི་བཤད་ཚུལ་མི་མཐུན་པ་ཅུང་ཟད་རེ་ཡོད་ཀྱང་ དོན་དུ་རྒྱ་གར་ཡི་གེ་ལ་དཔེ་མཛད་པར་འདོད་པ་གཅིག་མཐུན་ཡིན།

གང་ལྟར་ཁུངས་གང་ལ་གཞི་བྱས་པ་རྩོད་གཞི་ཞིག་ཡིན་ཀྱང་། ད་ལྟ་འབྲི་

བཞིན་པའི་བོད་ཀྱི་ཡི་གེ་འདིའི་མ་ཕྱི་ནི་ཐོན་མི་བར་དུ་གཏུགས་ཆོག་ཅིང་།

༡) ཐོན་མི་སམ་བྷོ་ཊས་གསར་གཏོད་དམ་གསར་བཅོས་མཛད་པའི་སྦལ་ནག་ ན་ལ་བགྲད་འདྲ་ཞེས་པའི་ཡིག་རུས་ད་ལྟའང་མཐོང་རྒྱུ་ཡོད། ཐོན་མིའི་

ཡིག་ཕུད་དུ་གྲགས་པའི“ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།

གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །” ཞེས་པ་ལྷ་སའི་ཉེ་འགྲམ་ 305

གྱི་སྟག་རྩེ་རྫོང་ཁོངས་བཙུན་མོ་ཚལ་དགོན་དུ་མཇལ་རྒྱུ་ཡོད་ཟེར།

༢) དེའི་ཕྱིས་མང་སྲོང་མང་བཙན་གྱི་དུས་སུ་ཆ་ངར་རིན་ཆེན་འབར་ཞེས་

པའི་ཡིག་མཁན་དེས་གསར་གཏོད་གནང་བའི་ཡིག་གཟུགས་ལ་སོ་ཕག་ གཤིབ་འདྲ་ཟེར།

༣) དེའི་ཕྱིས་སུ་འདུས་སྲོང་མང་པོའ་ི རྗེའི་སྐབས་སུ་ཡིག་མཁན་ཆབ་དཀར་ བེའུ་ཆེས་གསར་གཏོད་གནང་བའི་ཡིག་གཟུགས་ལ་བྱ་ཕོ་འཇོལ་ན་འདྲ་

305 <<འཛིན་གྲྭ་བདུན་པའི་སློབ་དེབ།>> ཤོག་ངོས༢། སློབ་དེབ་དེར་བཀོད་པ (ཞལ་རས་གསལ་ལ་ངང་མདངས་

གང་བ་བཟང་། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རངས། །ལས་ངན་བག་ཆགས་ཐམས་ཅད་བསལ་ མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །) བོད་གཞུང་ཤ ེས་རིག་པར་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 517

བ་ཟེར།

༤) དེ འི ་ ཕྱི ས ་སུ་ཁྲི ་ ལྡེ ་ གཙུག་བརྟན་ཀྱི ་ དུས་སུ་དགེ ་ བསྙེ ན ་དཀོ ན ་མཆོ ག ་ དབང་གི ས ་གསར་གཏོ ད ་གནང་བའི ་ ཡི ག ་གཟུགས་ལ་ནས་སྔོ ན ་ཕྱི ང ་ དཀར་སྟེང་དུ་བཀྲམ་འདྲ་ཟེར།

༥) དེའི་ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བྷེ་ཤོ་ཁྲམ་གྱིས་གསར་ གཏོད་གནང་བའི་ཡིག་གཟུགས་ལ་མུ་ཏིག་བསྟར་ལ་བརྒྱུས་པ་འདྲ་བ་ཟེར།

༦) དེའི་ཕྱིས་མུ་ནེ་བཙན་པོའ་ི སྐབས་སུ་ཚེ་སྤོང་བྱང་ཆུབ་ཀྱིས་གསར་གཏོད་ གནང་བའི་ཡིག་གཟུགས་སྦུར་ནག་བགྲད་པ་འདྲ་བ་ཟེར།

༧) དེའི་ཕྱིས་སུ་མུ་ཏིག་བཙན་པོའ་ི སྐབས་སུ་འབྲེ་བ་ཡོན་ཏན་གྱིས་གསར་ གཏོད་གནང་བའི་ཡིག་གཟུགས་ལ་ཉ་མོ་ཆུ་ནས་འཕྱུར་འདྲ་ཟེར།

༨) དེའི་ཕྱིས་སུ་བཙན་པོ་ཁྲི་རལ་བ་ཅན་གྱི་སྐབས་སུ་གྲ་ཤ ོད་རྣམ་གཉིས(གྲ་

ཤོད་རྣམ་གཉིས་ནི། གྲ་ཞེས་པ་གྲ་སྐ་བ་དཔལ་བརྩེགས་དང་། ཤོད་ཅེས་པ་ཤོད་པ་ཅོག་རོ་རྒྱལ་མཚན་

གཉིས་ཡིན་པར་བཤད།) ཀྱིས་གསར་གཏོད་གནང་བའི་ཡིག་གཟུགས་ལ་སེང་གེ་

གནམ་དུ་མཆོངས་འདྲ་ཟེར།

306*

དེ་དག་ནི་བོད་ཡིག་དབུ་ཅན་གཟབ་བྲིས་

ཀྱི་གནའ་བོའ་ི བྱུང་རིམ་དུ་མཁས་པ་དག་གིས་ཡོངས་གྲགས་སུ་འདྲེན་ བཞིན་ཡོད།

བོད་རྒྱལ་ཁྲི་རལ་གྱི་རྗེས་ནས་བཟུང་བོད་ཀྱི་ཤེས་རིག་ཕྱི་དར་བར་གྱི་མུན་

པའི་དུས་རབས(841-978) ཏེ་དུས་རབས9བའི་དཀྱིལ་ཙམ་ནས་དུས10པའི་མཇུག་

ཙམ་གྱི་བར་དུ་ཤ ེས་རིག་དར་བའི་ཁོར་ཡུག་མེད་པ་བཞིན་དུ་ཡི་གེ་འཕེལ་རྒྱས་

306* 1

(སྲོང་བཙན་སྐབས617-650)

སྐབས676-704)

4

2

(མང་སྲོང་མང་བཙན་སྐབས650-676)

(ཁྲི་ལྡེ་གཙུག་བརྟན་སྐབས704-755)

5

3

(འདུས་སྲོང་མང་པོའ ི་

(ཁྲི་སྲོང་ལྡེ་བཙན་སྐབས755-797)

6

(མུ་ནེ་

བཙན་པོའ ི་སྐབས797-798) 7 (མུ་ཏིག་བཙན་པོའ ི་སྐབས823-) 8 (ཁྲི་རལ་པ་ཅན་གྱི་སྐབས815-836)


518 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་དུས་རབས་ཀྱང་རེ་ཞིག་མཇུག་བསྡུས་པ་ལྟ་བུར་སྣང་། ཤེས་རིག་ཕྱི་དར་ནས་ བོད་ཀྱི་ཡིག་གཟུགས་ལའང་འཕེལ་རིམ་གསར་པ་ཞིག་བྱུང་སྟེ་དུས་རབས་བཅུ་

པའི་མཇུག་དང་དུས་རབས་བཅུ་གཅིག་པའི་མགོ་ཙམ་ལ་ཡིག་མཁན་སྒྲོ་གཉའ་ ཁྲི་ཟེར་བས་གནའ་དུས་ཀྱི་རྡོ་རིང་གི་ཡི་གེ་ལ་དཔེ་བྱས་ཏེ་ཡིག་གཟུགས་གསར་

བཅོས་གནང་བ་ལ་བར་གསལ་ཟེར་ཞིང་། འདི་ཡན་ལ་བོད་ཀྱི་ཡིག་གཟུགས་ལ་

གཞུང་ལུགས་དང་ཐིག་རིས་མེད་པའི་རྐྱེན་གྱིས་གསར་བཅོས་ཀྱི་ཁོར་ཡུག་ཕུན་ སུམ་ཚོགས་པ་ཞིག་བྱུང་བར་མངོན། དེའི་ཕྱིས་སུ་མཁས་པ་ཆེན་པོ་ཁྱུང་པོ་གཡུ་

ཁྲི་ཟེར་བས(ཁྱུང་པོ་གཡུ་ཁྲི་ནི་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་བོད་ཀྱི་ཡིག་གཟུགས་ལོ་རྒྱུས་ཐོག་གི་

མི་སྣ་གལ་ཆེན་ཞིག་ཡིན་ལ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་རྟེན་དུ་བཞུགས་པའི་བཀའ་འགྱུར་གསེར་བྲིས་ཐེམ་ སྤངས་མ་དང་། དཔལ་ལྡན་འབྲས་དཀར་སྤུངས་བར་བཞུགས་པའི་གསེར་བྲིས་བཀའ་འགྱུར་འཛམ་གླིང་གཡས་

བཞག་བཅས་ཀྱི་ཡིག་གཟུགས་དེ་ཁོང་གི་བྲིས་རྒྱུན་ཡིན་པར་བཤད།)

ལྷའི་དཀྱིལ་འཁོར་བཞེང་བའི་

ཐིག་ཚད་ལ་དཔེ་བྱས་ཏེ་བོད་ཡིག་དབུ་ཅན་ལ་ཆ་ཆེན་དང་ཆ་ཆུང་བགོས་ཏེ་ཡི་ གེའི་ཐིག་དང་སྨྱུ་གུ ཡིག་གཟུགས་བཅས་ལ་ཚད་གཞི་མཛད་པ་ནས་བོད་ཀྱི་ཡིག་

གཟུགས་ལ་གཞུང་ལུགས་ཀྱི་སྒྲིག་གཞི་མེད་པ་ནས་ཡོད་པར་གྱུར། ཁོང་གི་སློབ་ མ་མཁས་པ་རོང་བོ་ཟེར་བས་ཐིག་རིས་ཀྱི་བཤད་པ<ཡི་གེའི་ཐིག་རིས་གསལ་

བྱེད་རིན་ཆེན་སྒྲོམ་བུ>ཞེས་པ་བརྩམས་པ་ནས་བོད་ཀྱི་ཡིག་གཟུགས་དབུ་ཅན་

གསར་བཅོས་ཀྱི་མཚམས་བཞག་པ་ལྟར་གཞུང་ལུགས་ཀྱི་འཆིང་བས་བཅིངས་ཏེ་

གཅིག་གྱུར་ལྟ་བུར་གྱུར། བོད་ཀྱི་ཡིག་གཟུགས་དབུ་མེད་ཅེས་པ་འདིའང་གནའ་ དུས་ཤ ིག་ནས་དར་ཡོད་པར་མངོན་དེ་ལོ་རྒྱུས་རྣམས་སུ་དབུ་མེད་ལ་ལི་ལུགས་ དང་ལྡན་ལུགས་གཉིས་བྱུང་བའི་ལི་ལུགས་ཞེས་པའི་འབྲི་རྒྱུན་དེ་སྔ་མོ་ཆད་ཟིན་ པ་དང་།

(ལྡན་ལུགས་ནི་ཡིག་གཟུགས་ཀྱི་བྲིས་གཟུགས་ཚད་དང་ལྡན་པས་ན་ལྡན་ལུགས་སམ་ལྡན་མ་རྩེ་

མངས་ཀྱི་ཕྱག་རྒྱུན་ཡིན་པས་ན་དེ་ལྟར་གྲགས་ཞེས་ཟེར།)

ད་ལྟ་ང་ཚོས་འབྲི་བཞིན་པ་འདི་ནི་ཁྲི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 519

སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བའི་ལོ་ཙཱ་བ་ལྡན་མ་རྩེ་མངས་ཀྱི་འབྲི་རྒྱུན་ཡིན་ པར་བཤད།

དུས་རབས་བཅོ ་ ལྔ་པའི ་ ནང་དུ་རྒྱལ་མཁར་རྩེ ་ བ་རབ་བརྟན་ཀུན་བཟང་

འཕགས་པས་དབུས་ཕྱོགས་ཀྱི་ཡིག་མཁན་མང་པོ ་བསྡུས་ཏེ ་ རྒྱལ་བའི ་ བཀའ་ འགྱུར་བཞེང་བའི་ཚེ་ན་དབུ་མེད་ཀྱི་ཡིག་གཟུགས་ཚད་ལྡན་ཞིག་གཞིར་བཟུང་

སྟེ་དབུ་མེད་ཀྱི་ཐིག་རྩ་དང་། དེའི་རྣམ་བཞག་སྟོན་པའི་ཐིག་བཤད་ཀྱི་རྣམ་བཞག་ བརྩམས། ཕྱིས་སུ་དགའ་ལྡན་ཕོ་བྲང་དབུ་བརྙེས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་

མཚོས(1653-1705)སྔར་དར་བོད་ཡིག་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་

གཉིས་ཀའི་ཐིག་རིས་ཀྱི་འགྲེལ་བཤད་ཞིབ་རྒྱས་མཛད།

དུས་རབས་བཅོ་བརྒྱད་པའི་ནང་དུ་རྒྱལ་དབང་སྐུ་འཕྲེང་བདུན་པ་བསྐལ་

བཟང་རྒྱ་མཚོས(1708-1757) རྩེ་སློབ་གྲྭ(1754) གསར་འཛུགས་གནང་སྟེ། སློབ་གྲྭ་ དེའི་ནང་དུ་དགེ་རྒན་གཉིས་བཀོད་དེ་གཅིག་གིས་སྒྲ་སྙན་སྨན་རྩིས་སོགས་ཁྲིད་པ་

དང་། གཅིག་ཤ ོས་རྩེ་དྲུང་རིག་གནས་དང་ཡིག་གཟུགས་ལ་མཁས་པ་ཞིག་བཀོད་

དེ་ཡིག་གཟུགས་ཀྱི་འབྲི་རྒྱུན་དར་སྤེལ་བཏང་། དེའི་ཕྱིས་སུ་རྒྱལ་བ་སྐུ་འཕྲེང་བཅུ་

གསུམ་པ་ཐུབ་བསྟན་རྒྱ་མཚོས(1876-1933) མགྲོན་གཉེར་ཆེན་མོ་ཀོག་པོ་པ་ཞེས་

པའི་ཡིག་གཟིགས་ལ་གདེང་འཇོག་གནང་སྟེ་དེ་ཉིད་རྩེ་སློབ་གྲྭའི་ཡིག་རིས་ཀྱི་མ་ དཔེ་བྱ་ཕྱིར་ཡིག་གཟུགས་ཆེ་ཆུང་ཚང་མ་པར་དུ་བརྐོས།

དུས་རབས་བཅོ་བརྒྱད་པའི་འགོར་མདོ་སྨད་སྐུ་འབུམ་དུའང་ཆེ་ཤ ོས་རིན་

པོ་ཆེ་སྐུ་གོང་མ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེས་ཀྱང་དབུ་ཅན་དང་དབུ་

མེད་ཀྱི་ཐིག་ཚད་དང་། ཡིག་གཟུགས་ཀྱི་དཔེ་རིས་བཅས་བཀོད་པའི་པར་ཤ ིང་ བརྐོས་པ་ད་ལྟ་ཁོང་གི་བླ་བྲང་དུ་ཡོད་པར་བཤད། དེ་དག་ཚང་མར༌ཁྲིད་རྒྱུན་


520 ཉམས་ཞིབ་དེབ་ཕྲེང་། ༡

ཅུང་ཟད་རེ་མི་འདྲ་བ་ལས་རྩ་བའི་བོད་ཀྱི་ཡིག་གཟུགས་ལ་འགྱུར་བ་ཆེར་བྱུང་ མེད་དོ། །

༢ ཡི་གེའི་རིགས་དབྱེ་བྱེད་ཚུལ།

བོད་ཀྱི་མཁས་པ་དག་གིས་ཡོངས་གྲགས་སུ་ཡིག་རིགས་དྲུག་ཅུ་རྩ་བཞི་ཞེས་ གླེང་བ་ནི་ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་ཏུ“དེའང་རྒྱ་ཆེན་རོལ་པའི་མདོ་ལས་

ཡི ག ་རི ག ས་དྲུག་ཅུ་རྩ་བཞི ་ གསུངས་ཏེ ” ཞེ ས ་གསུངས་པ་ལྟར་མདོ ་ རྒྱ་ཆེ ན ་ 307

རོལ་བར་ཁུངས་གཏུགས་པ་ཞིག་ཡིན་པས་ན་དེ་ནི་རྒྱ་གར་བས་ཡིག་རིགས་ ཀྱི ་ དབྱེ ་ བསྡུ་བྱེ ད ་ཚུལ་ཞི ག ་ཡི ན ་པ་སྨོ ས ་མ་དགོ ས ་ཤི ང ་། དེ འ ང་དེ འི ་ གྲངས་

འདྲེ ན ་སོ ག ས་ལ་གཞི ག ་ན་རྒྱ་གར་ཡི ་ གེ ་ དང་རྒྱ་ནག་ཡི ་ གེ ་ ལྟ་བུ་ཁ་ཤས་ནི ་ ཡིག་རིགས་མི་འདྲ་བ་དང་། ལྷའི་ཡི་གེ་དང་གྲངས་ཀྱི་ཡི་གེ་སོགས་མང་ཆེ་བ་

ཞི ག ་ཡི ག ་གཟུགས་དང་བྱེ ད ་ལས་མི ་ འདྲ་བའི ་ རི ག ས་དབྱེ ་ ཞི ག ་ཡི ན ་པ་ལས་ ཡིག་རིགས་མི་འདྲ་བ་ཞིག་མིན་པར་སྣང་། དེའི་ཚུལ་ནི་བཻ་དཀར་ནས་དྲངས་

པའི་འོག་གི་གྲངས་འདྲེན་ལས་དཔག་ནུས། དེ་ནི་བོད་ཀྱི་ཡིག་གཟུགས་བཤད་ པའི་སྐབས་སུ་སྦལ་ན་བགྲད་འདྲ། སེང་གེ་མཆོང་འདྲ། རྫབ་ཆེན་དང་རྫབ་ཆུང་།

དཀྱུས་ཡིག་དང་འཕྲུལ་ཡིག དབུ་མེད་དང་འབྲུ་ཚ་ཞེས་པའི་རིགས་དབྱེ་དང་ཆ་ འདྲ་བར་སྙམ་པས་དཔྱད་པར་འཚལ།

བོ ད ་ཀྱི ་ དེ ་ སྔའི ་ རྒྱལ་རབས་དེ བ ་ཐེ ར ་མང་པོ ར ་ཐོ ན ་མི ་ རྒྱ་གར་དུ་ཕེ བ ས་

ནས་ཡིག་རིགས་དྲུག་བཅུ་རྩ་བཞི་བསླབས་ཞེས་པ་ནི་ཆེ་བསྟོད་ཙམ་ཞིག་ཡིན་པ་

307

<<ཤེས་བྱ་ཀུན་ཁྱབ།>> ཤོག་ངོས༤༣༤། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད(ཕྱི་ལོ1813-1894)། རྡོ་རྗེ་

རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 521

རྟོགས་ཐུབ་སྟེ་ཐོན་མིའང་མི་ཞིག་ཡིན་པའི་ནུས་པའི་ཚད་གཞི་དང་དུས་ཚོད་ཀྱི་

ཚད་གཞི་ལ་བརྩི་བཀུར་མ་བྱས་པའི་གཏམ་དུ་ཟད་པས། དེང་གི་དུས་ན་དེ་ལྟར་སྨྲ་ མཁན་ཉུང་བར་སྣང་། ཡིག་རིགས་དྲུག་ཅུ་རྩ་བཞི་ཞེས་པ་དེ་བོད་དུ་གྲངས་འདྲེན་

ཙམ་ལས་མཁས་པ་སུས་ཀྱང་དེ་ཉིད་ཞིབ་རྒྱས་ཤིག་བཤད་ཐབས་བྲལ། གྲངས་ འདྲེན་བྱེད་སྲོལ་ལའང་མི་མཐུན་པ་མང་བ་ནི་འོག་གི་སྡེ་སྲིད་ཀྱི<བཻ་དཀར>དུ་ བཀོད་པའི་དཔེ་རིས་ལས་གསལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་དུ་དྲངས་པའི་རྒྱལ་རྩེའི་བཀའ་འགྱུར་

ཐེམ་སྤངས་མ་དང་། ཚལ་བ་བཀའ་འགྱུར། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་

ཤེས། སྐར་ནག་རྩིས་ཀྱི་དྲི་ལན་བཅས་སུ་བཀོད་པའི་ཡིག་རིགས་དྲུག་ཅུ་རེ་བཞི། ཨང༌།

རྒྱལ་རྩེ་ཐེམ་སྤངས།

སྟག་ཚང་ལོ་ཙཱ་བའི་

སྐར་ནག་རྩིས་ཀྱི་

ཚངས་པའི་ཡི་གེ

ཚངས་པའི་ཡི་གེ

ཚལ་པ་བཀའ་འགྱུར།

རིག་གནས་ཀུན་ཤ ེས།

ཁ་རོ་སྟྲེའི་ཡི་གེ

ཁ་རོ་ཥྚཱིའི་ཡི་གེ

ཚངས་པའི་ཡི་གེ

པདྨའི་སྙིང་པོའ ི་ཡི་གེ

པདྨའི་སྙིང་པོའ ི་ཡི་གེ

པདྨའི་སྙིང་པོའ ི་ཡི་གེ

པདྨའི་སྙིང་པོའ ི་ཡི་གེ

མངྒའི་ཡི་གེ

ཡུལ་མ་ག་དྷའི་ཡི་གེ

བངྒའི་ཡི་གེ

བངྒའི་ཡི་གེ

༤ ༦

ཁ་རོ་སྟྲེའི་ཡི་གེ ཨངྒའི་ཡི་གེ

ཡུལ་མ་ག་དྷའི་ཡི་གེ བཀྲ་ཤིས་པའི་ཡི་གེ

ཚངས་པའི་ཡི་གེ

དྲི་ལན།

ཨངྒའི་ཡི་གེ

བཀྲ་ཤ ིས་པའི་ཡི་གེ

བཀྲ་ཤ ིས་པའི་ཡི་གེ

ཡ་བ་ནའི་ཡི་གེ

ཤཱ་ཀ་ནའི་ཡི་གེ

པ་རུ་ཤ འི་ཡི་གེ

ས་པ་ལའི་ཡི་གེ

སོར་མོའ ི་ཡི་གེ

༡༠

ཡ་བ་ནའི་ཡི་གེ

བག་ལེ་པའི་ཡི་གེ

པ་རུ་ཤའི་ཡི་གེ

འགྲོ་ལྡིང་པའི་ཡི་གེ

༡༡

༡༢

ཤཱ་ཀ་ནའི་ཡི་གེ བག་ལེ་པའི་ཡི་གེ

མ་ག་དྷའི་ཡི་གེ

སོར་མོའ ི་ཡི་གེ

ཨངྒའི་ཡི་གེ

ཤཀ་ཏིའི་ཡི་གེ

ཁ་རོ་ཥྚཱིའི་ཡི་གེ ཨངྒའི་ཡི་གེ

མ་ག་དྷའི་ཡི་གེ

བཀྲ་ཤ ིས་པའི་ཡི་གེ

སོར་མོའ ི་ཡི་གེ

སོར་གདུབ་ཀྱི་ཡི་གེ

ཡ་བ་ནའི་ཡི་གེ

སཱ་ངྷ་ནིའི་ཡི་གེ

པ་རུ་ཤ འི་ཡི་གེ

ས་ཀཱ་ནིའི་ཡི་གེ ཨཱ་ཧུ་པའི་ཡི་གེ རྩུབ་མོའ ི་ཡི་གེ


522 ཉམས་ཞིབ་དེབ་ཕྲེང་། ༡ ༡༣

འགྲོ་ལྡིང་པའི་ཡི་གེ

ཀི་ར་ཏའི་ཡི་གེ

འགྲོ་ལྡིང་པའི་ཡི་གེ

འགྲོ་ལྡིང་པའི་ཡི་གེ

ལྷོ་ཕྱོགས་པའི་ཡི་གེ

དྲག་ཤུལ་ཅན་གྱི་ཡི་གེ

ལྷོ་ཕྱོགས་པའི་ཡི་གེ

ལྷོ་ཕྱོགས་པའི་ཡི་གེ

གྲངས་ཀྱི་ཡི་གེ

སྤྱིའུ་ཚུགས་ཀྱི་ཡི་གེ

གྲངས་ཀྱི་ཡི་གེ

གྲངས་ཀྱི་ཡི་གེ

༡༤

ཀི་ར་ཏའི་ཡི་གེ

༡༦

དྲག་ཤུལ་ཅན་གྱི་ཡི་གེ

༡༥

༡༧ ༡༨

༡༩

སྤྱིའུ་ཚུགས་ཀྱི་ཡི་གེ

རྗེས་སུ་མཐུན་པའི་

ལྷོ་ཕྱོགས་པའི་ཡི་གེ

དྲག་ཤུལ་ཅན་གྱི་ཡི་གེ

རྗེས་སུ་མཐུན་པའི་

སྤྱིའུ་ཚུགས་པའི་ཡི་གེ

སྤྱིའུ་ཚུགས་ཀྱི་ཡི་གེ

ཡི་གེ བྲུ་ཤ འི་ཡི་གེ

ཡི་གེ ངྷ་རི་ཌའི་ཡི་གེ

ཡི་གེ

བྲུ་ཤ འི་ཡི་གེ

༢༠

ཀ་ཤ འི་ཡི་གེ

༢༢

རྒྱའི་ཡི་གེ

ཕུ་ནའི་ཡི་གེ

༢༤

ཧུ་ནའི་ཡི་གེ

༢༣ ༢༥

ཀ་ཤའི་ཡི་གེ ཕུ་ནའི་ཡི་གེ

ཡི་གེ་འབྲིང་དང་རྒྱས་

ཁྱཱ་སྱཱའི་ཡི་གེའི་ཡི་གེ

ཧུ་ནའི་ཡི་གེ

ཕུ་ནའི་ཡི་གེ

ཧཱུ་ནའི་ཡི་གེ

ཡི་གེ་འབྲིང་དང་རྒྱས་ པར་འདྲི་བའི་ཡི་གེ རྒྱལ་གྱི་ཡི་གེ

༢༨

ཀླུའི་ཡི་གེ

གནོད་སྦྱིན་གྱི་ཡི་གེ

དྲི་ཟའི་ཡི་གེ

མིའམ་ཅིའི་ཡི་གེ

༢༩

༣༠ ༣༡

༣༢

༣༣

གནོད་སྦྱིན་གྱི་ཡི་གེ

ལྷའི་ཡི་གེ ཀླུའི་ཡི་གེ

རྒྱའི་ཡི་གེ

དབུས་ཀྱི་ཡི་གེ

ཡི་གེ རྒྱལ་གྱི་ཡི་གེ

ལྷའི་ཡི་གེ

འབྲིང་རྒྱས་སུ་འདྲི་བའི་ ལྷའི་ཡི་གེ

ཀླུའི་ཡི་གེ

གནོད་སྦྱིན་གྱི་ཡི་གེ

དྲི་ཟའི་ཡི་གེ

མིའམ་ཅིའི་ཡི་གེ

མིའམ་ཅིའི་ཡི་གེ

ལྟོ་འཕྱེ་ཆེན་པོའ ི་ཡི་གེ

མིའམ་ཅིའི་ཡི་གེ

ལྷ་མ་ཡིན་གྱི་ཡི་གེ

ནམ་མཁའ་ལྡིང་གི་ ཡི་གེ

རྒྱལ་གྱི་ཡི་གེ

ཀླུའི་ཡི་གེ

གནོད་སྦྱིན་གྱི་ཡི་གེ

ལྷ་མ་ཡིན་གྱི་ཡི་གེ

རྒྱ་ནག་གི་ཡི་གེ

ཧུ་ནའི་ཡི་གེ

དྲི་ཟའི་ཡི་གེ

ལྟོ་འཕྱེ་ཆེན་པོའ ི་ཡི་གེ

རྗེས་སུ་མཐུན་པའི་

ཁ་ཆེའི་ཡི་གེ

༢༦

ལྷའི་ཡི་གེ

རྗེས་སུ་མཐུན་པའི་

དྲག་པོའ ི་ཡི་གེ

རྒྱའི་ཡི་གེ

པར་འདྲི་བའི་ཡི་གེ རྒྱལ་གྱི་ཡི་གེ

༢༧

མོན་ཡུལ་གྱི་ཡི་གེ

གྲངས་ཀྱི་ཡི་གེ

ཡི་གེ བྲུ་ཤའི་ཡི་གེ

༢༡

ཀི་ར་ཏའི་ཡི་གེ

ལྷོ་འཕྱེ་ཆེན་པོའ ི་ཡི་གེ ལྷ་མ་ཡིན་གྱི་ཡི་གེ

དྲི་ཟའི་ཡི་གེ

ལྟོ་འཕྱེ་ཆེན་པོའ ི་

ཡི་གེ ལྷ་མ་ཡིན་གྱི་ཡི་གེ ནམ་མཁའ་ལྡིང་གི་ ཡི་གེ


༣༤ ༣༥

༣༦

༣༧

༣༨

༣༩

ནམ་མཁའ་ལྡིང་གི་ཡི་ གེ རི་དྭགས་ཀྱི་འཁོར་

ལོའ ི་ཡི་གེ ཁྭ་སྐད་ཤེས་པའི་ཡི་གེ ས་བླའི་ཡི་གེ

བར་སྣང་གི་ལྷའི་ཡི་གེ ནུབ་བ་ལང་སྤྱོད་ཀྱི་ ཡི་གེ

རི་དྭགས་ཀྱི་འཁོར་ ལོའ ི་ཡི་གེ

ཁྲ་སྐད་ཤ ེས་པའི་ཡི་གེ ས་བླའི་ཡི་གེ

བར་སྣང་གི་ལྷའི་ཡི་གེ

ཤར་གྱི་ལུས་འཕགས་

གཞག་པའི་ཡི་གེ

༤༤

བསྣན་པའི་ཡི་གེ

རྒྱ་མཚོའི་ཡི་གེ

༤༦

རྡོ་རྗེའི་ཡི་གེ

༤༥

༤༧ ༤༨

༤༩ ༥༠

རྒྱ་མཚོའི་ཡི་གེ

སྤྲིངས་ཡིག་དང་ལན་ གྱི་ཡི་གེ

རྣམ་འཐོར་གྱི་ཡི་གེ

རིང་མེད་པའི་ཡི་གེ

བསྟན་བཅོས་སྐོར་བའི་ ཡི་གེ

ཡི་གེ ས་བླའི་ཡི་གེ

ནུབ་ལང་སྤྱོད་ཀྱི་ཡི་གེ

༤༢

གཞག་པའི་ཡི་གེ

ཡི་གེ བྱ་རོག་སྒྲ་གཅན་གྱི་

བྱང་སྒྲ་མི་སྙན་གྱི་ཡི་གེ

ཡི་གེ

པོའ ི་ཡི་གེ གདེག་པའི་ཡི་གེ

༤༣

ཡི་གེ རི་དྭགས་འཁོར་ལོའ ི་

བར་སྣང་གི་ཡི་གེ

བྱང་སྒྲ་མི་སྙན་གྱི་ཡི་གེ

༤༡

ནམ་མཁའ་ལྡིང་གི་

ནུབ་ལ་ལང་སྤྱོད་ཀྱི་

༤༠

ཤར་གྱི་ལུས་འཕགས་

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 523

པོའ ི་ཡི་གེ

གདེག་པའི་ཡི་གེ བསྣན་པའི་ཡི་གེ རྡོ་རྗེའི་ཡི་གེ

སྤྲིངས་ཡིག་དང་ལན་ གྱི་ཡི་གེ

རྣམ་འཐོར་གྱི་ཡི་གེ

རིངས་མེད་ཀྱི་ཡི་གེ

བསྟན་བཅོས་སྐོར་བའི་ ཡི་གེ

རྩིས་སྐོར་བའི་ཡི་གེ

བྱང་སྒྲ་མི་སྙན་གྱི་ཡི་གེ ལུས་འཕགས་པོའ ི་ ཡི་གེ འདེགས་པའི་ཡི་གེ

རི་དྭགས་ཀྱི་འཁོར་ ལོའ ི་ཡི་གེ

བྱ་རོག་སྐད་ཀྱི་ཡི་གེ སའི་ལྷའི་ཡི་གེ

བར་སྣང་གི་ལྷའི་

ཡི་གེ བྱང་སྒྲ་མི་སྙན་གྱི་

ཡི་གེ ནུབ་བ་ལང་སྤྱོད་ཀྱི་ ཡི་གེ ཤར་གྱི་ལུས་

འཕགས་པོའ ི་ཡི་གེ འདེགས་པའི་ཡི་གེ གཞག་པའི་ཡི་གེ

གཞག་པའི་ཡི་གེ

རབ་ཏུ་གཞག་པའི་

རྒྱ་མཚོའི་ཡི་གེ

རྡོ་རྗེའི་ཡི་གེ

བསྣན་པའི་ཡི་གེ རྡོ་རྗེའི་ཡི་གེ

སྤྲིངས་ཡིག་དང་ལན་ གྱི་ཡི་གེ རྣམ་མཐོར་གྱི་ཡི་གེ

རིངས་མེད་ཀྱི་ཡི་གེ

བསྟན་བཅོས་སྐོར་བའི་ ཡི་གེ

ཡི་གེ རྒྱ་མཚོའི་ཡི་གེ འཕྲིན་ཡིག

རབ་ཏུ་སྤྲིང་བའི་ཡི་གེ རྣམ་པར་གཞག་པའི་ ཡི་གེ ཆུང་ངུ་མ་ཡིན་པའི་ ཡི་གེ བསྟན་བཅོས་སྐོར་ བའི་ཡི་གེ


524 ཉམས་ཞིབ་དེབ་ཕྲེང་། ༡ ༥༡

༥༢

༥༣ ༥༤ ༥༥

རྩིས་སྐོར་བའི་ཡི་གེ

གདེག་པ་སྐོར་བའི་

ཡི་གེ གཞག་པ་སྐོར་བའི་ ཡི་གེ

རྐང་པས་བྲིས་པའི་ ཡི་གེ

ཚིག་ལན་ལན་གཉིས་ སུ་གདབ་པའི་ཚིག་ མཚམས་ཀྱི་ཡི་གེ ཚིག་གི་མཚམས་

༥༦

བཅུར་བརྒྱུད་པའི་བར་

༥༧

པའི་ཡི་གེ

༥༨

༥༩

༦༠ ༦༡

༦༢

༦༣

གདེག་པ་སྐོར་བའི་

ཡི་གེ གཞག་པ་སྐོར་བའི་ ཡི་གེ

རྐང་པ་སྐོར་བའི་ཡི་གེ ཚིག་ལན་ལན་གཉིས་

སུ་གདབ་པའི་ཚིག་གི་ མཚམས་ཀྱི་ཡི་གེ ཚིག་གི་མཚམས་

བཅུར་བརྒྱུད་པའི་བར་ གྱི་ཡི་གེ

བླ་ཐབས་སུ་བསྣན་ པའི་ཡི་གེ

རྩིས་སྐོར་བའི་ཡི་གེ

རྩིས་སྐོར་བའི་ཡི་གེ

འདེགས་པ་སྐོར་བའི་

འདེགས་པ་སྐོར་བའི་

ཡི་གེ

ཡི་གེ

ཡི་གེ གཞག་པ་སྐོར་བའི་ རྐང་པས་བྲིས་པའི་ ཡི་གེ

ཚིག་ལན་ལན་གཉིས་ སུ་གདབ་པའི་ཚིག་ མཚམས་ཀྱི་ཡི་གེ ཚིག་གི་མཚམས་

ཡི་གེ རྐང་པས་བྲིས་པའི་ ཚིག་ཕྱི་མ་གཉིས་ གྲུབ་པའི་ཡི་གེ

ཇི་སྲིད་ཚིག་ཕྱི་མ་

བཅུ་གྲུབ་པའི་ཡི་གེ

བཅུར་བརྒྱུད་པའི་བར་

པར་སྒྲུབ་པའི་ཡི་གེ

ཡི་གེ

བསྡུས་པའི་ཡི་གེ

གྱི་ཡི་གེ བླ་ཐབས་སུ་བསྣན་

སྒྲ་ཐམས་ཅད་ཀུན་ཏུ་

གྱི་ཡི་གེ བླ་ཐབས་སུ་བསྣན་པའི་

སྒྲ་ཐམས་ཅད་ཀུན་ཏུ་

རིག་པ་དང་མཐུན་པའི་

སྒྲ་ཐམས་ཅད་ཀུན་ཏུ་

རིག་པ་དང་རྗེས་སུ་

རིག་པ་དང་མཐུན་པའི་

རྣམ་པར་འདྲེས་པའི་

རིག་པ་དང་མཐུན་པའི་

རྣམ་པར་བསྲེས་པའི་

སྤྱད་པའི་ཡི་གེ

ཡི་གེ

ཀྱིས་གདུངས་པའི་

སྡུད་པའི་ཡི་གེ

ཡི་གེ རྣམ་པར་འདྲེས་པའི་ ཡི་གེ

དྲང་སྲོང་གི་དཀའ་ཐུབ་

སྤྱད་པའི་ཡི་གེ ལྷ་ངེས་པའི་ཡི་གེ ས་བལྟ་བའི་ཡི་གེ

སྡུད་པའི་ཡི་གེ ཡི་གེ

ཡི་གེ དྲང་སྲོང་གི་དཀའ་ཐུབ་ ལྷ་ངེས་པའི་ཡི་གེ

ས་བལྟ་བའི་ཡི་གེ

ནམ་མཁའ་བལྟ་བའི་ ཡི་གེ

བསྡུས་པའི་ཡི་གེ

ཡི་གེ རྣམ་པར་འདྲེས་པའི་

དྲང་སྲོང་གི་དཀའ་ཐུབ་ སྤྱད་པའི་ཡི་གེ ལྡེང་བའི་ཡི་གེ

ས་བལྟ་བའི་ཡི་གེ

སྒྲ་ཐམས་ཅད་ཀུན་ མཐུན་པའི་ཡི་གེ

ཡི་གེ དྲང་སྲོང་དཀའ་ཐུབ་ ཡི་གེ

གསལ་བའི་ཡི་གེ

ས་རབ་ཏུ་བལྟ་བའི་

ཡི་གེ སྨན་ཐམས་ཅད་ཀྱི་རྒྱུ་ མཐུན་པའི་ཡི་གེ


༦༤ ༦༥ ༦༦ ༦༧

ནམ་མཁའ་བལྟ་བའི་

སྨན་ཐམས་ཅད་ཀྱི་སྒྱུ་

སྨན་ཐམས་ཅད་ཀྱི་རྒྱུ་

འབྱུང་པོ་ཐམས་ཅད་ཀྱི་

སྙིང་པོ་ཐམས་ཅད་

སྙིང་པོ་ཐམས་ཅད་ཀུན་

ཡི་གེ

མཐུན་པའི་ཡི་གེ

ཀུན་ཏུ་སྡུད་པའི་ཡི་གེ

མཐུན་པའི་ཡི་གེ

སྒྲ་སྡུད་པའི་ཡི་གེ

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 525 ནམ་མཁའ་བལྟ་བའི་ ཡི་གེ

སྨན་ཐམས་ཅད་ཀྱི་རྒྱུ་

སྙིང་པོ་ཐམས་ཅད་

ཀུན་བསྡུས་པའི་ཡི་གེ

མཐུན་པའི་ཡི་གེ

བསྡུས་པའི་ཡི་གེ

འབྱུང་པོ་ཐམས་ཅད་ཀྱི་ འབྱུང་པོ་ཐམས་ཅད་ཀྱི་ སྒྲ་སྡུད་པའི་ཡི་གེ

སྒྲ་སྡུད་པའི་ཡི་གེ

གཞན་ཡང་སྡེ ་ སྲི ད ་ཀྱི ་ བཻ ་ དཀར་དུ“གཏེ ར ་ཡི ག ་སོ ག ས་གྲངས་མི ་ ལང་

ཡང་གྲགས་ཆེ་བ་རྡོ་རྗེ་ལྡན་པའི་ཡིག་སར(༣༦) ། ཆག་ལོའ་ི ཡིག་སར(༣༧) ། མཁའ་འགྲོའ ི་བརྡ་ཡིག་ཟེག་ཆེན(༣༨) ། མཁའ་འགྲོའ ི་བརྡ་ཡིག་ཟེག་ཆུང་ལུགས་

གཉིས(༣༩) (༤༠) ། ཨུ་རྒྱན་ཟངས་གླིང་གི་ཡི་གེ(༤༡) སྲིན་པོའ་ི ཡི་གེ(༤༢)

སཾསྐྲྀ་ཏ་སུག་ཐུང་གི་ཡི་གེ(༤༣) ཨུ་རྒྱན་མི་སྟེགས་ལོག་པའི་ཡི་གེ(༤༤) ཟ་

ཧོར་གྱི་ཡི་གེ(༤༥) མཁའ་འགྲོའ་ི བརྡ་ཡིག་གམ་གཏེར་ཡིག་དཀྱུས་མ་གྲགས་

ཅན་དྲུག(༤༦) (༤༧) (༤༨) (༤༩) (༥༠) (༥༡) རྒྱན་ཅན་གསུམ(༥༢) (༥༣)

(༥༤) ནཻ་པཱ་ལ་སྟེ་བལ་པོའ ི་ཡི་གེ(༥༥) ཆོས་རྒྱལ་འཕགས་པའི་དུས་བཟོས་པའི་

ཧོར་ཡིག་རིགས་གསུམ་ཁོང་སེང་དང་བཞི(༥༦) (༥༧) (༥༨) (༥༩) ། དགའ་ལྡན་

ཡིག་གསར(༦༠) ། མོལ་ཁོལ་ཏེ་སོག་པོའ ི་ཡིགེ(༦༡) ཨེ་སོགས་ལ་དར་བའི་སྒོ་ བསྒྲིགས་སམ་ཚག་བྲིས(༦༢) ། གཞན་ཡང་ཟླུམ་བྲིས(༦༣) དཔེ་བྲིས(༦༤) ། འཕྲིན་ཡིག་གམ་རྒྱུག་ཡིག(༦༥) ཨངྒིའི་ཡི་གེ(༦༦) སྟེ་རྒྱ་གར་གྱི་ཡི་གེ་རྣམ་གྲང་ སུམ་ཅུ་དང་། དེ་དང་དབྱངས་གསལ་བབས་ཐུང་སོག་ཡིག་བོད་ཡིག་དང་མཐུན་

པ་རྣམ་གྲངས་སོ་དྲུག་སྟེ་ཁྱོན་རེ་དྲུག་དེང་སང་གྲགས་ཆེར་དང་། གཞན་ཡང་དེ་


526 ཉམས་ཞིབ་དེབ་ཕྲེང་། ༡

དག་ལ་མ་བགྲངས་པ་ཅུང་ཟད་མི་འདྲ་བ་སྐྱིད་ཤོད་རྙིང་དུས་དར་བ་ནང་པ་སྒོ་ཚང་ པ་ནས་བརྒྱུད་དྲུང་ཡིག་ཨ་ཁུའི་ལག་རིས་སོགས་དང་འཇམ་དཔལ་བརྡ་ཡིག་དང་

དཀྲུགས་ཡིག་གི་རིགས་སོགས་སྤྲོས་པ་མཐའ་ཀླས་ཤིང་།” ཞེས་གསུངས་པར་ 308

གཞིག་ན་ཡིག་གཟུགས་མི་འདྲ་བ་མང་པོ་ཞིག་འབྲི་སྲོལ་དར་ཡོད་པ་དཔག་ཐུབ་

ལ་སྣང་རྒྱན་ཨ་ཏི་ཤེས་རབ་ཉི་མས་བྲིས་པའི<ཡིག་རིགས་བརྒྱ་ཡི་མ་ཕྱི་འཛམ་ གླིང་མཁས་དགུའི་མཛེས་རྒྱན་ཕྱོགས་ལས་རྣམ་རྒྱལ>དང་། <རིག་བསྟན་གྱིས་

བརྩམས་པའི<ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ>དང་། <བོད་ལྗོངས་

སུ་བསྡུས་པའི་ཡིག་གཟུགས་འགྲན་བསྡུར་དཔེ་དེབ>ཞེས་པ་ཡིག་ཐང་དཔེ་དེབ་

སོགས་སུ་ཡིག་གཟུགས་དེ་དག་བྲིས་ཡོད།(གཤམ་དུ་དེ་དག་གི་དཔེ་ཁ་ཤས་བཀོད་ཆོག) དེང་ གི་དུས་སུ་འོག་ནས་བསྟན་པའི་བོད་རང་གི་ལག་ལེན་དུ་ཡོད་པའི་ཡི་གེ་དེ་དག་

ལས་འབྲི་རྒྱུན་གཞན་དག་དེ་ཙམ་དར་སྲོལ་མེད་པར་ལོ་རྒྱུས་ཙམ་དུ་གྱུར་དང་ འགྱུར་བཞིན་ཡོད།

དེ་དག་ལས་ཁ་ཤས་བོད་དུ་འབྲི་སྲོལ་དར་ཡོད་པར་གྲགས་ལ། བོད་དུ་

ཕྱི་རྒྱལ་གྱི་ཡི་གེ་འབྲི་སྲོལ་དར་ཆེ་ཤོས་ནི་རྒྱ་གར་ཡིག་གཟུགས་ལཉྫ་དང་ཝརྟུ་ གཉིས་ཡིན་ཞིང་དེ་གཉིས་ནི་བོད་མི་དག་གིས་མཛེས་རིས་ཤ ིག་དང་རང་ཉིད་ཀྱི་ ལྷག་པའི་ཡོན་ཏན་ངོམ་བྱེད་ལྟ་བུར་བརྩིས་ཏེ་རྒྱལ་བའི་གསུང་རབ་འབྲི་བ་སོགས་

ཀྱི་སྐབས་སུ་གསུམ་རྐང་ཞེས་གླེགས་བམ་གྱི་ཤོག་ངོས་གཅིག་གམ་གཉིས་ཙམ་ འབྲི་སྲོལ་དར་ཡོད་པ་ནི་འོག་གི་དཔེ་རིས་ཀྱིས་ར་སྤྲོད་བྱེད་ཐུབ།

ཕྱི་དུས་ཀྱི་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་ཟུར་ཟའང་གནང་ཡོད།)

(ཚུལ་འདིའི་ཐད་ལ་

དེ་ལས་གཞན་ཞིག་འབྲི་བ་

ནི་སོག་ཡིག་ཅེས་པ་ཡིན་ཞིང་དེ་ནི་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཡིག་ <<བཻ་ཌཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་གཉིས་པ་བཞུགས་སོ།།>>

308

ཤོག་ངོས༣༣། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད1653-1705། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 527

ཡིག་གཟུགས་ལ་དཔེ་བྱས་ཏེ་གསར་བཟོ་གནང་བའི་སོག་པོའ་ི ཡི་གེ་གྲུ་བཞི་མ་

དེ་ཡིན་ཞིང་། ས་སྐྱ་བས་བོད་ལ་སྲིད་དབང་བསྒྱུར་བ་ནས་བོད་ཀྱི་བླ་དཔོན་ཆེ་

ཆུང་མང་པོས་སོག་པོས་སྤྲད་པའི་ཆོ་ལོ(ཐོབ་དང་གོ་གནས) ཐོབ་པར་འབད་བརྩོན་བྱེད་ བཞིན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས་གཞུང་གི་ཐམ་ཀ་དང་། རང་ཉིད་ཀྱི་

ཐེལ་ཙེ་སོགས་ལ་སོག་ཡིག་གྲུ་བཞི་མ་དེ་འབྲི་སྲོལ་ཡོད་པ་ནི་མཁས་པའི་གྲགས་ པ་ངོམ་པ་ཞིག་མིན་པར། གོ་གནས་དང་ཐོབ་ཐང་གི་ཁྱད་རྟགས་ལྟ་བུ་ཞིག་ཏུ་བརྩི་ བའི་དབང་གིས་སོག་ཡིག་གི་ཡིག་གཟུགས་བོད་ལ་འབྲི་སྲོལ་བྱུང་ཡོད།

༣ བོད་ཀྱིས་རྒྱུན་ལྡན་སྤྱོད་བཞིན་པའི་བོད་ཡིག་ཡིག་རིས།

དེ་ལ་ཀོང་སྤྲུལ་གྱི<ཤེས་བྱ་ཀུན་ཁྱབ>ཏུ། “བོད་ཡིག་གཟབ་ཆེན་གཟབ་ཆུང(ཆུང་རྫབ་ ཀྱང་ཟེར)

འབྲུ་ཆེ་ཆུང་། །བཤར་ཡིག་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །ཞེས་པ་

ལྟར་བོད་ཀྱི་ཡིག་གཟུགས་ནི་བསྡུས་ན་གོང་གི་དེ་དྲུག་ཏུ་འདུ་བ་དང་། དེའང་ཚུར་

བསྡུས་ན་གཟབ་སྟེ་བོད་ཡིག་དབུ་ཅན་དང་བཤར་ཏེ་དབུ་མེད། འབྲུ་ཚ་བཅས་ རིགས་གསུམ་དུ་འདུ་བ་དང་། དབུ་ཅན་ལ་མཚོན་ནའང་ཐོན་མི་སམ་བྷོཊའི་བོད་ ཡིག་གི་འབྲི་སྲོལ་གཏོད་པའི་སྦལ་ནག་ན་ལ་བགྲད་འདྲ་ནས་བརྩིས་ན་གཟབ་ལ་

སྣ་མ་གསར་ལེབ་རིམ་པ་དགུ གཡུ་ཁྲིའི་རྗེས་འབྲང་སྦལ་ལུགས་མང་ལུགས་ གཉིས། །”

309

ཞེས་པ་ལྟར་ཁྱུང་པོ་གཡུ་ཁྲིའི་འབྲི་རྒྱུན་དེ་སྦལ་ལུགས་དང་མང་

ལུགས་ཞེས་གཉིས་སུ་གྱེས་ཏེ་དར་བར་བཤད་མོད་གང་ཞིག་སྦལ་ལུགས་དང་ གང་ཞིག་མང་ལུགས་ཡིན་མིན་ཕྲན་གྱི་ལག་ཏུ་མ་རྙེད།

309

<<ཤེས་བྱ་ཀུན་ཁྱབ།>> ཤོག་ངོས༤༣༤ནས༤༣༥། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། རྡོ་རྗེ་རྒྱལ་པོ་

དང་ཐུབ་བསྟན་ཉི་མས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།


528 ཉམས་ཞིབ་དེབ་ཕྲེང་། ༡

དུས་རབས་བཅོ་བརྒྱད་པའི་ནང་དུ་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་

རིང་གིས་སི་ཏུ་པཎ་ཆེན་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱིས་ཞུས་ དག་གནང་བའི ་ པར་ཤི ང་རྐོ ་སྐབས་མདོ ་དབུས་ཁམས་གསུམ་གྱི ་ ཡིག ་མཁན་

བསྡུས་ཏེ་འབྲི་རིས་ཕྱོགས་སྡོམ་བྱས། དུས་དེར་བཀའ་བརྒྱུད་སྒར་བྲིས་སམ་ཀརྨ་

སྒར་བྲིས་དང་དགའ་ལྡན་བྲིས་གསར་སོགས་བྲིས་རྒྱུན་དུ་མ་བྱུང་བ་ལས་ཕྱོགས་ སྡོམ་བྱས་པའི་བྲིས་རྒྱུན་ལ་སྡེབ་བྲིས་ཟེར།

ད་ལྟ་བོད་ཀྱི་མདོ་སྨད་ཕྱོགས་སུ་བོད་ཡིག་དབུ་ཅན་འབྲི་སྲོལ་དར་ཞིང་

འབྲི་རྒྱུན་ཡང་མི་འདྲ་བ་ཡོད་པ། དཔེར་ན། ཡོངས་གྲགས་ཀྱི་འབྲི་རྒྱུན་ལ་བླ་བྲང་

ཕྱོགས་ཀྱི་འབྲི་རྒྱུན་ཞེས་དམུ་དགེ་བསམ་གཏན་དང་ཀུན་མཁྱེན་འཇམ་དབྱངས་ བཞད་པའི་དྲུང་ཡིག་སྨོན་ལམ་རྒྱ་མཚོ་སོགས་ནས་བརྒྱུད་པའི་འབྲི་རྒྱུན་ནི་སྨྱུག་

རྩེ་རིམ་གྱིས་བསྐོར་ཞིང་ཕྲ་རུ་གཏོང་ཤིང་། ཡི་གེ་ཕྱི་རྐང་དེ་ཙམ་མི་རིང་བར་ཡིག་ རིས་གྲུ་བཞིའམ་རྒྱགས་གཟུགས་རྣམ་ཅན་ཞིག་དང་། གཅིག་ཤ ོས་དེ་མཚོ་སྔོན་

ཕྱོགས་ཀྱི་འབྲི་སྲོལ་ཏེ་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ཀྱི་འབྲི་རྒྱུན་ཞེས་ སྨྱུག་རྩེ་གློ་བུར་དུ་སྐོར་ཏེ་ཕྲ་རུ་གཏོང་ཞིང་། ཡིག་རིས་ཀྱི་ཕྱི་རྐང་རིང་བ་དང་སྲིད་

དུ་རིང་ཞིང་སྐེམ་གཟུགས་རྣམ་ཅན་གྱི་ཡིག་རིས་བཅས་གཉིས་བྱུང་ཡོད་པ་དེ་དག་ ཁྱུང་པོ་གཡུ་ཁྲིས་ཡི་གེ་འབྲི་རིས་གཏན་ཁེལ་མཛད་རྗེས་དབུ་ཅན་ཡིག་རིས་ཤ ་

གཟུགས་ཞེས་རྒྱགས་གཟུགས་ཅན་དང་རུས་གཟུགས་ཞེས་སྐེམ་གཟུགས་གཉིས་ བྱུང་བ་ལས་དཔང་ལོ་ཙཱ་ནས་བརྒྱུད་པའི་དབུས་ཀྱི་འབྲི་རྒྱུན་ཤ ་གཟུགས་མ་ནི་བླ་

བྲང་བཀྲ་ཤ ིས་འཁྱིལ་གྱི་འབྲི་རྒྱུན་འདི་ཉིད་ཡིན་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ གི་འབྲི་རྒྱུན་འདི་ནི་རུས་བྲིས་ཞེས་སྐེམ་གཟུགས་ཅན་དེ་ཡིན་པ་ཡིག་རིས་རང་

ནས་གསལ་བཤད་བྱེད་ཐུབ། མདོ་སྨད་ཁུལ་དུ་ཡོངས་གྲགས་ལ་ཨ་ལགས་ཚེ་ཏན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 529

ཞབས་དྲུང་གི་ཡིག་གཟུགས་དང་ཨ་ཁུ་དྲུང་ཡིག་སྨོན་ལམ་གྱི་ཡིག་གཟུགས་ཞེ​ེས་ འབོད་སྲོལ་ཡོད།

དབུས་གཙང་ཕྱོགས་ནི་བོད་ཀྱི་སྔ་རབས་སྲིད་དོན་གྱི་བསྟི་གནས་ཡིན་པས་

ཡི་གེ་མགྱོགས་པོར་འབྲི་དགོས་པ་དང་། ཟིན་བྲིས་འདེབས་པ་སོགས་ཀྱི་དགོས་

མཁོའ་ི དབང་གིས་དབུ་མེད་ཀྱི་འབྲི་སྲོལ་ཤུགས་ཆེར་དར་བ་ལས་ཡིག་རིས་ཀྱང་ མི་འདྲ་བ་དུ་མ་དར་ཡོད། དེའང་དབུ་མེད་ལ་ཚུགས་རིང་དང་། ཚུགས་ཐུང་། ཚུགས་

མ་འཁྱུག འཁྱུག འཁྱུག་ཆེན་བཅས་རིགས་ལྔ་དར་ཞིང་དེ་དག་ནི་དབུ་ཅན་རིམ་ གྱིས་ཡིག་གཟུགས་ཆུང་དུ་གཏོང་བ་དང་སྟབས་བདེ་རུ་གཏོང་བའམ་མགྱོགས་སུ་ བཏང་བ་ཞིག་ཡིན་པ་ནི་ལག་ལེན་གྱིས་ར་སྤྲོད་བྱེད་ཐུབ། དཔེར་ན། ཡི་གེ་བྱེ་བྲག་

པ་ཀ་གཅིག་པུའི་ཐོག་ནས་ཀྱང་མགྱོགས་རིམ་ཞིག་མཐོང་ཐུབ་བོ། །འབྲུ་ཚ་ལ་ མཚོན་ནའང་ས་སྐྱ་བའི་དུས་སུ(1272-1354) འབྲི་རྒྱུན་དར་བའི་འབྲུ་ཚ་སྒོང་ཞབས་

ཞེས་པའི་འབྲི་སྲོལ་ཞིག་དར་བ་དེ་ནི་སྐབས་དེའི་གཞུང་ཡིག་དང་བཀའ་ཤོག་ཏུ་

སྤྱོད་པའི་མཐོ་རིམ་ཡིག་གཟུགས་ཤིག་ཡིན་ལ། དགའ་ལྡན་ཕོ་བྲང(1642-) བའི་

དུས་སུ་དར་བའི་འབྲུ་ཚ་ཞབས་རིང་མ་ཞེས་པ་ཞིག་དང་། དུས་རབས་བཅུ་དགུ་

ནས་ཉི་ཤུ་བར་དར་བའི་འབྲུ་ཚ་ཞབས་ཐུང་མ་ཞེས་པ་བོད་སྡེ་བ་གཞུང་གི་བཀའ་

རྒྱ་དང་རྩ་ཚིག་སོགས་ལ་སྤྱོད་སྲོལ་ཡོད་པར་བཤད་པས་ན་འབྲུ་ཚ་ལའང་དུས་ རབས་ཀྱི་འགྱུར་འགྲོས་གསུམ་མམ་ཡིག་རིས་མི་འདྲ་བ་གསུམ་ཙམ་བྱུང་ཡོད།

སྡེ་སྲིད་ཀྱི་བཻ་དཀར་དུ་ཡིག་གཟུགས་དེ་དག་གི་བཀོལ་སྤྱོད་ཀྱི་ཡུལ་ཡང་

གཏན་ཁེལ་བྱས་ཏེ“ཐོན་མིའི་ཡིག་རྒྱུན་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང་། སུམ་པ་ གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་ལ་རྫབ་ཆེན་དང་རྫབ་ཆུང་། འབྲུ་

ཆེན་དང་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་མ་དང་དཀྱུས་


530 ཉམས་ཞིབ་དེབ་ཕྲེང་། ༡

ཡི ག ་བཅས་ཡོ ད ་པའི ་ ནང་ནས་གསུང་རབ་ཆེ ན ་པོ ་ དག་ལ་རྫབ་ཆེ ན ་དང་རྫབ་

ཆུང་། རྒྱ་གར་མཁས་པའི་གཞུང་རྣམས་ལ་འབྲུ་ཆེན། བོད་ཀྱི་གཞུང་ལུགས་རྣམས་ ལ་འབྲུ་ཆུང་དུ་བྲི་བའི་ཚུལ་གྱིས་དར་བ་ནི་རིམ་པའི་ཆེ་བ་བདག་རྐྱེན་དབང་གིས་

ཐོབ་ཅིང་། (འདྲི) འབྲི་རྒྱུ་ཡང་གསེར་དང་དངུལ་སོགས་རིན་པོ་ཆེ་ལ་བཙོ་ཆེན་

དང་བཙོ་ཆུང་སོགས་འདུལ་སྦྱོར་ལེགས་པར་བྱས་པ་དང་། འབྲིང་མཚལ་སོགས་ བཟང་ཚོན། ཐ་མ་སྣག་ཚ་དངོས་ཀྱང་རུང་།” ཞེས་བཀོད་པ་དང་། ཡང་གསུང་ 310

རབ་སོགས་འབོར་ཆེན་འབྲི་བའི་རིགས་ལ་དབུ་ཅན་དང་། འབྲུ་མ་ཚེག་སྒྲིག ཟླུམ་

རིས་རྣམས་བཟང་། སྡེ་དཔོན་རྣམས་ལ་འབའ་ཧོ་དང་སུག་སྐོར་བཟང་། སྐྱེ་བོ་

གཞན་དག་ལ་འཕྲིན་ཡིག་བཟང་བར་བཤད་པ་སོགས་ལ་གཞིག་ན་སྔ་མོའ་ི དུས་ སུ་བོད་ཀྱི་ཡིག་གཟུགས་དེ་དག་གི་བེད་སྤྱོད་བྱ་སའི་ཁོར་ཡུག་དང་། ཡིག་རིས་

ཀྱི་གདམ་ག ཡིག་འབྲིའི་རྒྱུ་ཆ་སོགས་གཏན་ཁེལ་གྱི་འབྲི་སྲོལ་ཡོད་པར་སྣང་ཡང་ རིམ་གྱིས་དེ་བཞིན་དུ་ལག་ལེན་མ་བྱས་པར་སྣང་།

༤ ཡིག་གཟུགས་ཁྲིད་སྦྱོང་བྱེད་ཐབས།

སྦྱང་ཤིང༌ནི། སྦྱང་ཤིང་བཟོ་བྱེད་ཀྱི་རྒྱུ་ཆ་ལ་ཤིང་སྟག་པ་ཡག་ཤོས་ལ་བརྩི་བ་ དང་། གལ་སྲིད་སྟག་པ་མེད་ན་མཁྲེགས་ཤིང་གང་བྱུང་ཞིག་བྱེད་དགོས།

གསོམ་ཤ ིང་ལས་མ་རེག་ན་སྣུམ་བྱུག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ ནས་སྣག་ཚ་མི་འདལ་བར་བཅོས་བཟོ་བྱེད་ཀྱིན་ཡོད། མདོ་སྨད་ཕྱོགས་

སུ་ཡི་གེ་འབྲི་སྦྱོང་བྱེད་པའི་སྐབས་སུའང་དབུས་གཙང་གི་རྒྱུན་སྲོལ་ལྟར་

310 <<བཻཌཱར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་གཉིས་པ་བཞུགས་སོ།།>>

སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཤོག་ངོས༡༧། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 531

དུ་སྦྱང་ཤ ིང་སྟེང་དུ་སྣག་ཚས་རློན་བྲིས་བྱེད་པའི་སྲོལ་མེད་པར། སྦྱང་ཤ ིང་ ལ་ཚོན་ནག་པོ་བྱུགས་ཏེ་དེའི་སྟེང་དུ་སྣུམ་ཅུང་ཟད་བྱུགས། དེའི་ཐོག་ཏུ་

རྩམ་སྐྱ་བཏབ་ཅིང་མདོག་དཀར་པོར་བསྒྱུར་ཏེ་ཐིག་འཐེན་ཞིང་སྨྱུ་གུས་ སྐམ་བྲིས་ཁོ་ན་བྱེད།

ཐིག་རྒྱན་ནི། ཐིག་རྒྱན་ནི་ཐིག་འཐེན་བྱེད་ཀྱི་སྐུད་པ་འདྲེན་སའི་ཡོ་ཆས་ལ་བྱ་

ཞིང་། ཐིག་རྒྱན་གྱི་ཁུག་མ་བཟོ་བྱེད་ཀྱི་རྒྱུ་ཆ་ནི་སྣམ་བུ་ཡིན་ལ། མདོ་ སྨད་ཕྱོགས་སུ་ཐིག་ཁུག་གམ་ཐིག་རྒྱན་ནི་པགས་པའམ་རས་ཀྱིས་བཟོ།

ཐིག་སྐུད་ནི། ཐིག་སྐུད་ནི་ལུག་བལ་གྱིས་བཟོས་པའི་སྐུད་པ་ཕྲ་མོ་ཡིན་ཞིང་། ཐིག་ སྐུད་གང་སོབ་སོབ་བཟོ་བ་ནི་ཐིག་གསལ་བོ་ཡོང་བའི་ཆེད་དུ་ཡིན། ཐིག་

སྐུད་ཀྱི་སྣེ་ལ་ཆ་རུ་འདྲ་བའི་ཤིང་ཆུང་ཆུང་གཉིས་ཡོད་པ་དེ་ནི་ཐིག་སྣེ་ འཛིན་བྱེད་ཡིན།

རྡེབ་རྒྱན་ནི། ཐིག་སྐུད་འདྲེན་སའི་ཐིག་རྒྱན་གྱི་ནང་དུ་འཇུག་རྒྱུའི་ས་དཀར་ཞིག་ ལ་ཟེར་ཞིང་། ས་དཀར་པོ་དེ་ནི་བོད་དུ་ཡོད་པའི་ས་དཀར་ཤ ིན་ཏུ་འཇམ་ ཞིང་ནང་དུ་རྡེའུ་སོགས་མེད་པའི་ས་གཤིན་པོ་ཞིག་ཡིན།

སྨྱུ་གུ་ནི། དེང་གི་དབུས་གཙང་ཕྱོགས་ཀྱི་ལག་ལེན་ལས་སྨྱུ་གུ་བཟོ་བྱེད་ཀྱི་ཤ ིང་ ལ་སི་ཞེས་སྨྱུག་མ་དང་འདྲ་བའི་ཤིང་ཞིག་གིས་བྱེད་ལ། སི་མེད་ན་སྨྱུག་ མས་བྱེད་ཀྱིན་ཡོད། སྨྱུག་མའང་མེད་ན་རྒྱ་སྨུག་གི་མདོག་ཅན་གྱི་རྔ་ཤ ད་

ཅེས་པའི་ཤ ིང་ཞིག་གིས་བྱེད། སྨྱུག་མར་རིགས་མང་དུ་ཡོད་པ་ལས་སྨྱུག་ མ་མཐུག་ཅིང་འཆུས་མེད་པར། བུ་གུ་ཕྲ་ཞིང་ལྕི་བའམ་མཁྲེགས་པོའ་ི རིགས་ཀྱིས་བྱེད།

མདོ་སྨད་ཡུལ་དུ་དབུ་ཅན་ཡིག་གཟུགས་འབྲི་སྲོལ་ཤུགས་ཆེ་བ་དང་། ཡིག་


532 ཉམས་ཞིབ་དེབ་ཕྲེང་། ༡

གཟུགས་སྦྱོང་བའི་གོ་རིམ་དང་ཡོ་ཆས་བཅས་དབུས་གཙང་དང་ཅུང་ཟད་མི་འདྲ་

བས་དེའི་ཚུལ་ཙམ་བཤད་ན། སྦྱང་ཤིང་ནི་ཤིང་མཁྲེགས་པོ་ཞིག་གིས་བཟོ་བ་ དབུས་གཙང་དང་གཅིག་གྱུར་ཡིན་ཀྱང་། ཡི་གེའི་གཞུང་ལུགས་རྣམས་སུ། “འབྲི་ བའི་ལག་ཆ་རྒྱ་སྨྱུག་ནི། །སྡོང་པོ་ཆེར་སྐྱེས་ཤ ་མཐུག་ལྕི། །མདོག་སེར་མ་འཆུས་

སྦུ་གུ་མེད། །རྩི་འཇམ་སོས་མནན་འདྲེན་པ་ནི། །སྣག་གསེར་ཡིག་རིགས་ཀུན་

ལ་བསྔགས། །འཇང་སྨྱུག་མདོག་ནག་སྦུ་གུ་ཅན། །སིབ་ཅེས་དཀྱུས་ཡིག་འབྲི​ི་ལ་ བདེ། །ལྕགས་སྨྱུག་གསུང་རབ་གཏོས་ཆེར་བཟང་། །ལྷོ་སྨྱུག་རོང་སྨྱུག་ལེགས་

པའང་རུང་། །སྨྱུག་རྣམས་ཡུན་རིང་དུད་ཁང་དུ། །བཏགས་ལ་བ་རྐང་རྙིང་པ་རབ།། མ་རྙེད་རྐང་མར་རྙིང་པས་བྱུགས། །ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱི། །རུས་པ་ ལྟ་བུར་མཁྲེགས་པར་འགྱུར། །” ཞེས་གསལ་བ་ལྟར་དུ་འབྲི་བྱེད་སྨྱུ་གུའི་རྒྱུ་ཆ་ 311

སྨྱུག་མའི་གདམ་ག་དང་། བཅོས་ཐབས་གསལ་བོར་བསྟན་པ་ལྟར་དུ་སྨྱུག་མ་དུད་ ཁང་སོགས་ཀྱི་ཁར་བཏགས་ཏེ་ཡུན་རིང་པོར་དུད་དྲག་ཆགས་ཤ ིང་། དེའི་སྟེང་

དུ་བ་རྐང་བྱུགས་པ་དང་། བ་རྐང་མེད་ན་རྐང་མར་བྱུགས་ཏེ་ཡོས་ཚ་བོའ་ི ནང་དུ་ བཅུག་ཅིང་ཡོ་བྱད་འཇམ་པོས་ཕྱིས་ཏེ་སྨྱུ་གུ་མཁྲེགས་པོ་དང་འཇམ་པོ་ཡོང་པའི་

ཐབས་ལ་འབད་བརྩོན་བྱེད། དེ་ལྟ་བུའི་ལག་ལེན་དང་གཞུང་ལུགས་གཉིས་ཀར་ སྨྱུ་གུ་བཅོས་པའི་ཐབས་ལམ་ངོ་མཚར་བ་ཡོད།

སྨྱུག་གྲི་ནི། “བཟོ་གནས་ལེགས་ཉེས་གྲི་ལ་རག །ལྕགས་རིགས་བཟང་ཞིང་ཞུན་

ཐར་ཐུག །རྣོ་མཉེན་ངར་གསུམ་འཛོམ་པའི་གྲི། །རྩེ་དང་སོ་རྣོ་གྲང་བགས་ གཞོལ།།ལྟག་པ་དྲང་ཞིང་སྲབ་པ་ནི། །བདར་རྡོ་སྲབ་མཉེན་རན་པ་ལ། །

311

ཕྱི་ལ་ཁལ་གཅིག་ནང་དུ་དྲུག །བདར་བས་རྣོ་ཚད་སྤུ་གཤོག་ནུས། །ཧ་

<<ཤེས་བྱ་ཀུན་ཁྱབ།>> ཤོག་ངོས༤༣༧། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 533

ཅང་བདར་ན་རྡུལ་དུ་འགྲོ། །ཅུང་ཟད་བཙུགས་བདར་མཐུག་རྣོ་འབྱུང་། །”

312

ཞེས་པ་ལྟར་དུ་ལྕགས་རིགས་བཟང་དྲགས་ན་བརྡར་དཀའ་ལ་ཞན་དྲགས་ ན་རྣོ་མི་འཛིན་པས་བཟང་ངན་གཉིས་ཀྱི་མཐར་མ་ལྷུང་ཞིང་། མཛུབ་མོ་

ལས་མི་ཐུང་ཞིང་ཅུང་ཟད་ཆེ་ལ། གྲི་རྩེ་གཟོང་དང་འདྲ་བར་མཉམ་ལ་གྲི་

ལྟག་དྲང་བ། བདར་རྡོ་སྲབ་མཐུག་རན་པ་ལ་རྣོ་དབལ་ཆེ་བར་བདར་བ་ནི་ ཡིག་མཁན་དག་གི་སྨྱུག་གྲིའི་ཤེས་བྱ་ལྟ་བུ་ཞིག་ཡིན།

སྨྱུག་རྩེ་གཅོད་ཐབས་ནི། དང་ཐོག་སྨྱུག་ཁ་དགེ་རྒན་གྱིས་བཟོ་བ་དང༌།

རྗེས་སུ་རིམ་གྱིས་སློབ་ཕྲུག་རང་ཉིད་ལ་སྨྱུག་ཁ་བཟོ་རུ་འཇུག དེ་ཡང<ཤེས་བྱ་

ཀུན་ཁྱབ>ལས། “སྨྱུ་གུ་མཐོ་བས་མི་རུང་ཞིང་། །མཛུབ་བས་མི་ཐུང་ཕྲ་སྦོམ་ རན། །མཐེབ་མཛུབ་ཚད་སྦྱར་འགྲིམས་བདེར་གཞོག །རྩེ་སོར་ཕྱེད་གཉིས་གཞལ་

བའི་སར། །སུམ་གཉིས་རྫིང་དང་གསུམ་གཅིག་མཆུ། །གཟོབ་འདོད་གས་ཆུང་ མགྱོགས་འདོད་ཆེ། །རྫིང་དང་ཡུར་བ་འདྲ་བ་ཞེས། །རྒྱབ་ནས་བལྟས་ཏེ་གཡས་ གཡོན་སྙོམས། །རྫིང་མཆུ་ཧ་ཅང་མི་སྲབ་ལ། །བཅད་ཁ་གྱེན་གསེག་རིམ་གཅོད་

བྱ༑ ༑” ཞེས་གསུངས་པ་ལྟར་དུ། སྨྱུག་རྩེ་གཅོད་པའི་སྐབས་སུ་རང་ཉིད་ཀྱི་ལག་ 313

གཡོན་མའི་མཛུབ་མོའ་ི བར་དུ་སྨྱུ་གུ་བཅུག་སྟེ་མཐེ་བོང་གི་སེན་མོས་འགྱོགས་

རྟེན་བྱེད། སྲ་མཁྲེགས་སྨྱུག་མའི་རྒྱབ་རྩི་མི་དབྲད་ཅིང་མཐོ་གང་ལས་མི་རིང་

ལ༑ སོར་བཞི་ལས་མི་ཐུང་བའི་ཚད་དུ་བྱས་ནས་སྨྱུག་རྫིང་དང་སྨྱུག་རྩེ་ཇེ་ཕྲར་ གཏོང་དགོས། སྨྱུག་རྐང་ཟླུམ་གཟུགས་སུ་བྱས་ན་བསྐོར་སླ་ལ་སྨྱུག་རྩེ་ཕྲ་ན་ཡང་ ལྗིད་མཉམ་པས་བཟང་བ་དང་། ངེས་པར་སྨྱུག་ཚིགས་ཡོད་པ་དགོས། སྨྱུག་རྩེ་

312 313

<<ཤེས་བྱ་ཀུན་ཁྱབ།>> ཤོག་ངོས༤༣༧། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་།

<<ཤེས་བྱ་ཀུན་ཁྱབ།>> ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། ཤོག་ངོས༤༣༧། རྡོ་རྗེ་རྒྱལ་པོ་དང་ཐུབ་

བསྟན་ཉི་མས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།


534 ཉམས་ཞིབ་དེབ་ཕྲེང་། ༡

སོར་ཕྱེད་གཉིས་གཞོགས་ཏེ་གསུམ་ཆའི་གཉིས་རྫིང་། གསུམ་ཆའི་གཅིག་མཆུ། མགྱོགས་ཡིག་དང་ལེགས་བྲིས་ལ་སྨྱུག་རྫིང་གས་ཆེ་ཆུང་མི་འདྲ་བར་བྱེད། དལ་ བར་འབྲི་ཚེ་ཡུར་ཁ་དམ་ན་སྣག་ཚ་མི་འདལ་བ་དང་མགྱོགས་པོར་འབྲི་ཚེ་ཡུར་

ཁ་ལྷོད་ན་སྣག་ཚ་ཡོང་ཆེ། སྨྱུ་གུའི་གནད་འགག་ནི་ཁམས་རྫིང་ཡུར་ཁ་གསུམ་ ཡིན་ལ་སྨྱུག་རྩེ་རིམ་གྱིས་ཕྲ་ལ་སྲབ་ཏུ་གཏོང་བ་དང་། སྨྱུག་ཁམས་ཀྱི་ཆེ་ཆུང་ནི་ ཡི་གེའི་ཆེ་ཆུང་གིས་ཚོད་འཛིན་བྱེད། སྨྱུག་ཁ་གསེག་ཚུལ་ནི་ཡིག་རིས་ལ་བལྟ་

དགོས་ཤ ིང་། དབུ་ཅན་སྨྱུག་ཁ་གཡོན་དུ་གསེག་ཆུང་བྱ། དབུ་མེད་སྨྱུག་ཁ་གཡས་

སུ་གསེག་ཆུང་བྱས་ཏེ(ཁ་དཔེར། སྨྱུག་ཁ་བཅད་ན་ཁྱིམ་མཚེས་ཚང་གི་རྟ་འདྲོགས་ཞེས་པའི་བཤད་སྲོལ་

ཡོད།)

ཐག་སྒྲ་དང་བཅས་གཅོད་དགོས། སྨྱུག་རྩེ་གཅོད་སྐབས་གྲི་ལེབ་འཇོག་བྱས་

ཏེ་སྨྱུག་རྒྱབ་ནས་བལྟས་ན་ཁམ་གསེག་གི་རྣམ་པ་ཐོན་པ་གལ།

སྨྱུ་གུ་འཛིན་སྟངས་ནི། ཡི་གེ་འབྲི་བའི་སྐབས་སུ་ལུས་ཕུང་ཧ་ཅང་མི་སྒུར་མི་དགྱེ་

བར་རན་ཙམ་བྱས་ཏེ། སོར་མོ་འོག་མ་གསུམ་ནང་དུ་ལྷོད་པོར་བསྐུམས་ ཤིང་དཀྱིལ་དུ་ཕུག་རོན་གྱི་སྒོ་ང་ཆུད་ཙམ་བྱས་ཏེ། མཐེབ་མཛུབ་གཉིས་

ཀྱི་ཁ་གྱད་ཅིང་ཤེད་སྙོམས་ན་བོད་ཡིག་ཡིག་རིས་ཀྱི་སྨྱུ་གུ་བསྐོར་བའི་

ཆོས་ཉིད་དང་མཐུན། སྨྱུ་གུའི་འཛིན་མཚམས་ཧ་ཅང་མི་དམའ་མི་མཐོ་བ་

ཞིག་བཟུང་སྟེ་སྨྱུག་རྩེ་ཚོད་འཛིན་དང་སོར་རྩེར་སྣག་ཚ་མི་འགོས་པ་བྱེད་ དགོས། འབྲི་སྟེགས་མདུན་འཇོག་སོགས་མེད་ན་ཤ ོག་བུ་སོགས་རང་ཉིད་

ཀྱི་པུས་མོ་གཡོན་པའི་སྟེང་དུ་བཞག་ནས་བྲིས་ན་ཡིག་རིས་དང་ལུས་ ཁམས་ལ་ཕན་པར་བཤད། འདུག་སྟངས་ཀྱི་ཐད་ནས་གཡོན་ཕྱོགས་སམ་

ཡང་ན་མདུན་ཕྱོགས་ནས་འོད་འཕོག་པར་བྱེད་དགོས་ཞིང་། རབ་བྱུང་ན་

ཀླད་ཕྱོགས་སུ་དཀར་ཁུང་བཏོད་ན་འོད་མཉམ་བའི་ཁྱད་ཆོས་ཡོད་པར་


བཤད།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 535

སྣག་བུམ་ནི། འགར་བས་བཟོས་པའི་རྒྱུ་ཆ་ཟངས་སོགས་ཀྱིས་གྲུབ་པའི་བུམ་པ་ ཆུང་ཆུང་ཞིག་ཡིན། དེ་ནི་ཞབས་ཞུམ་ལ་ལྟོ་ལྡིར་བ། ཁ་ཆུང་བས་སྣག་ཚ་ མི་ཟགས་པ་དང་འཛིན་བཀོལ་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད།

སྣག་ཚ་ནི ། སྣག་ཚ་བཟོ ་ བའི ་ རྒྱུ་ཆ་དང་བཟོ ་ ཐབས་བཅས་ཀྱི ་ སྐོ ར ་ལ<ཤེ ས ་ བྱ་ཀུན་ཁྱབ>དང <བཻ ་ དཀར>སོ ག ས་སུ་གསལ་བོ ར ་གསུངས་ཡོ ད ་

པ་དག་བཀོད་ན་མང་བར་འགྱུར་བས་གཞུང་དེ་དག་ལས་ཡི་གེའི་བཟོ་ བཤད་པའི་སྐབས་ཀྱི་ནང་དོན་མདོར་བསྡུས་ན། སྣག་ཚས་འབྲི་བ་དང་

མཚལ་གྱིས་འབྲི་བ་གཉིས་ཤུགས་ཆེ་ཞིང་། གསེར་དངུལ་སོགས་རིན་

པོ་ཆེ་རིགས་འདྲ་མིན་འདུལ་སྦྱོར་བྱེད་ཐབས་སོགས་བོད་ཀྱི་བྲིས་གཞུང་

རྣམས་སུ་གསལ་བོར་གསུངས་ཡོད་པ་དག་བཀོད་ན་མང་དྲགས་པར་ འགྱུར་བས་གཞུང་དེ་དག་ཏུ་གཟིགས་པར་འཚལ།

སྣག་ཚ་དང་མཚལ་བཟོ ་ ཐབས་དང་རྒྱུ་ཆའི ་ སྐོ ར ་ལ་ཀོ ང ་སྤྲུལ་གྱི < ཤེ ས ་

བྱ་ཀུན་ཁྱབ>ལས། “དང་པོ་སྣག་ཚའི་རབ་རྒྱུ་ནི། །མར་ནག་མེ་ཏོག་བསགས་

པའམ།།སྒྲོན་ཤ ིང་འབྲིང་ནི་ཉ་སྦྲིད་པའི། །ཤུན་པ་དེ་ཉིད་སྔོ་བཤུས་བྱ། །གྲོ་གའང་ དེ་དང་ཕྱོགས་མཚུངས་ལ། །ཐ་མ་ཐང་ཚིལ་རྒན་ཆེས་ཁྲག །གཞོན་ཆེས་འབྱར་ བག་ཅན་མིན་པ། །ཚིལ་བུ་འདྲ་དེ་མང་དུ་བསགས། །བརྩིགས་ཐབས་འཁོར་མོའམ་

བྲི་ཐབ་སྟེང་། །རྫ་ཁོག་ཞབས་རྡོལ་ལྔ་བདུན་བརྩེགས། །ཐབ་ནང་ཤ ིང་ལ་མེ་སྦར་

བའི།།འོག་མའི་དྲགས་པ་དམན་པས་སྤང་། །གོང་མ་རྣམས་ཀྱིས་དུད་པ་བསྡུ།། ཆགས་དཀའ་འགྲིམ་རྡུར་འབྱུར་བས་ན། །དབེན་པའི་གནས་སུ་གཟབ་སྟེ་བྱ། །

ལྕགས་སྣོད་སྤྱིན་ཆུའི་དྭངས་མ་ལ། །བཏབ་སྟེ་མེ་སྟེང་ཅུང་ཟད་དཀྲུགས། །སྤྱིན་


536 ཉམས་ཞིབ་དེབ་ཕྲེང་། ༡

བཞུར་ཁུ་བ་བླུག་ལ་མཉེ། །བྲེ་རེ་ཉིན་རར་འདུར་བ་དང་། །ཚེག་སྒྲ་གྲགས་ན་ཚད་

དུ་བཤད། །འོན་ཀྱང་ཤ ེད་མཉམ་རན་པས་འདུར། །ཇི་ཙམ་སོང་བ་དེ་ཙམ་ལེགས།། སྐམ་ཐག་ཡང་ཡང་གཅོད་པ་ནི། །མཚལ་སྣག་མན་ངག་མཆོག་ཏུ་བཟུང་། །གར་ སླ་ཟན་ཙམ་གྱུར་པའི་དུས། །ལག་པར་འབྱར་ན་དམ་ཆུང་ལ།། སྲ་ཞིང་འཐས་ན་

ཆེ་བའི་སྐྱོན། །ཤ་རྗེས་དོད་ཅིང་མི་འབྱར་བ། །དམ་ལྷོད་རན་པའི་ཚད་དུ་བཟུང་། ། གཞན་ཡང་སྔོན་རབས་བསྟན་བཅོས་ལས། །མ་ནུ་རུ་རྟས་འཇམ་ཞིང་སྨེ། །ཙནྡན་ ཁུ་བས་སྨྱུ་གུས་འཛིན། །རྒྱ་སྐྱེགས་དམར་མདངས་འོད་དུ་འཚེར།། གླ་རྩིས་རྒྱུན་

དུ་དྲི་བཟང་འཐུལ། །དབང་ལག་སུག་པའི་ཁུ་བས་ནི། །འོད་འབར་དམ་འབྱོར་བླ་ ན་མེད། །སྤྱི་བཞུར་ཁུ་བས་ཤུན་ཏུ་རྒྱུག །ག་བུར་ཆུ་ཡིས་དབྱར་མི་རུལ། །སྒ་སྐྱ་ པི་ལིང་ཁུ་བས་ནི། །དགུན་གྱི་དུས་སུ་འཁྱག་མི་འགྱུར། ། ཞེས་སོགས་བཤད་

ཅིང་ཐང་ཁྲག་དང་། །གྲོ་ནས་ཡོས་ཚིག་ཁུ་བ་སོགས། །སྲེ་བའི་ལག་ལེན་མང་ན་ ཡང་། །སུག་པ་སྤྱི་བཞུར་སོགས་འགའ་ལས། །ཕལ་ཆེར་སྐྱོན་དང་བཅས་པ་ཉིད།།

སྦྱོར་སྡེ་མང་བས་ལེགས་པ་མིན། །རྒྱུ་བཟང་གནད་ཤེས་ལས་ནུས་དགོས། །ཕན་

ཉུང་བཟོ་ན་མི་གཞོན་གྱི། །ལག་པས་འཕུར་མཉེད་བྱས་པ་མཆོག །མཚལ་རབ་ བཅག་མཚམས་ཤ ེལ་དཀར་འདྲ། །འབྲིང་པོ་དམར་དྭངས་ཐ་མ་སྨུག །དཀར་འཇམ་

གཏུན་ནང་ཕྲམ་ཕྲུམ་བརྡུང་། །ཨ་རུའི་དྭངས་ཆུ་འཚལ་ནུབ་བླུག །ལན་གསུམ་

བར་དུ་ཁ་ཆུ་ཕོ། །གཏུན་སྐོར་ཅུང་ཟད་བྱ་བར་གཅེས། །དེ་ནས་ཡུན་རིང་བར་དུ་ སྦྱང་། །རྒྱ་སྤྱིན་རབ་ཡིན་མ་རྙེད་ན། །སྤྱིན་སད་ཁུ་དྭངས་བླུག་ལ་བསྡུ། །མགྱོགས་

འདོད་མཚལ་ཕྱེ་སྤྱིན་ཆུར་སྦྱར། །གཡའ་མེད་སྣོད་དུ་དལ་བུས་མཉེ། །ཤེད་དྲག་

ནག་པོར་འགྱུར་བས་ན། །མཚལ་བས་མི་རྒན་ལག་སྟབས་གནད།། གང་ཡང་སྦྱར་ ནས་འབྲི་བའི་ཚེ། །ཀ་པི་དྲུག་སྦྱོར་འདོད་པ་ན། ། གཡའ་དྲི་མེད་པའི་སྣོད་གཙང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 537

མར། །མཚལ་གྱི་སུམ་གཉིས་ཀ་པི་དང་། །སྤྱིན་ཆུ་སུམ་ཆ་ཙམ་གཅིག་བླུག །ཡུན་ རིང་བར་དུ་ཉི་མར་བདུག །རྒྱ་ཚྭ་ཞོ་ཚད་ཚྭ་ལ་ནི།། ཚྭ་འདེབས་སྤོས་དཀར་ཐལ་

ཙམ་བཏབ། །དེ་དག་ཡོན་ཏན་རིམ་བཞིན་དུ། །འོད་འཕྲོ་དམ་བྱེད་གཤེར་བག་

གཅོད། །དམར་འཚེར་བདེ་ལ་སྐམ་རྩི་བྱེད། །འགྲིམ་དཀའ་སེར་ན་ཆུ་གཙང་བླུག། །

མདངས་རྐྱ་སྨུག་ན་ཀ་པི་བསྣན། །དེ་ལ་ཀ་པི་སྦྱོར་བའི་ཐབས། །དཔྱད་དམ་སྟོན་ མཇུག་བརྐོས་པ་ཡི། །ལུག་སུག་གད་བདར་ལེགས་བྱས་ལ། །ལྕགས་མིན་སྣོད་ དུ་བཙོ་ཞིང་བཞུར། །ཚགས་བཙགས་གོང་གི་རྫས་རྣམས་བཏབ། །དལ་འཇམ་

དཀྲུགས་ཤིང་མེ་ལ་གདུ། །སུམ་སྦྱོར་མཚལ་དང་ཀ་པི་ལ། །རྒྱལ་མོ་ཀ་ར་ཅུང་

ཟད་འདེབས། །མདངས་ལེགས་དཀྱུས་ཀྱི་ལག་ལེན་ཏེ།། མཚལ་སྤྱིན་གཉིས་སྦྱོར་

སྟབས་བདེ་བཟོ། །གང་ཡང་མེ་ཡིས་མ་གདུང་གཅེས། ། གཞན་ཡང་བྱ་ཡི་སྒོང་ སྤྲི་དང་། །ཆུ་སེར་དྭངས་མ་སྦྱོར་བ་སོགས། །འཕྲལ་བདེ་ལེགས་ཀྱང་སྐྱོན་ཅན་

སྤང་། །ལོ་གྲངས་ལོན་ཀྱང་མདངས་མ་ཡལ། །རླན་དང་ཕྲད་ཀྱང་འབྱར་འགོས་

མེད། །བཀྲག་སྣུམ་འོད་ལྡན་མཚལ་སྣག་ནི། །གླེགས་བམ་འབྲི་བའི་བཅུད་མཆོག་

གོ༑” ཞེས་གསུངས་པ་ལས་སྔ་རབས་བོད་ཀྱི་སྣག་ཚའི་བཟོ་ཐབས་རྟོགས་ཐུབ་ 314

ལ༑ གཞན་ཡང་ལག་ལེན་གྱི་ཁྲོད་དུ་འཕྱུར་ཁུ་སྨུག་རྩིས་བཟོ། འཕྱུར་ཁུ་སྨུག་རྩི་ནི། ད་ར་ལས་འཕྱུར་བ་བླངས་ཚར་བའི་རྗེས་སུ་ད་དུང་སླར་ཡང་བསྐྱར་འཕྱུར་ལེན་

པའི་ཁུ་བ་དེ་རྒྱུན་རིང་པོར་བསྐོལ་ནས་བསྐམ་དུ་བཅུག་ན་འཚིག་ཟིན་པའི་རོ་མ་ དམར་པོ་ཞིག་ལྷག དེ་འདྲའི་འཚིག་རོ་དེ་བག་ལེབ་ཀྱི་དབྱིབས་སུ་བཟོས་ཏེ་ཉི་མར་

བསྐམས་ཤ ིང་། དེ་ནི་སྣག་ཚ་ཡག་ཤོས་ཡིན། གནའ་བོའ་ི དུས་སུ་བོད་པའི་བུད་ མེད་དག་གིས་དེ་ཉིད་གདོང་པར་བྱུག་སྲོལ་ཡོད་པར་བཤད་། ཕྱུར་བ་འཚིག་རོ་དེ་

314 <<ཤེས་བྱ་ཀུན་ཁྱབ།>>

ཤོག་ངོས༤༣༨། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། མི་རིགས་དཔེ་སྐྲུན་ཁང་།


538 ཉམས་ཞིབ་དེབ་ཕྲེང་། ༡

མེད་ན་དུད་དྲེག་གིས་བཟོ། སྔ་མའི་བོད་ཀྱི་ཁྱིམ་ཚང་གི་ཁང་པའི་ནང་དུ་དུད་ཁུང་ མེད་པས་ཁང་བའི་ངོས་ནས་དུད་དྲེག་མཐུག་པོ་ཆགས་ཡོད་པ་བཀོག་སྟེ་བསྐོལ་

ནས་སྣག་ཚ་བཟོ། སྐབས་སྐབས་སུ་རྫ་ར་ཞེས་ནམ་ཡང་རིལ་མ་གནས་གཅིག་ ཏུ་གཏོང་མཁན་ར་རྒོད་ཅིག་ཡོད་པ་དེའི་རིལ་མའི་ནང་དུ་དུད་དྲེག་བླུགས་ནས་

བསྐོལ་ཅིང་བཟོ། སྣག་ཚའི་ནང་དུ་མངར་ཆ་ཅུང་ཟད་བསྲེས་ཏེ་ཡི་གེ་མི་བདལ་བ་ དང་འོད་འབྱིན་པར་བྱེད།

དེ་སྔ་བོད་དུ་ཡི་གེ་འབྲི་བའི་ལུགས་སྲོལ་དར་བ་ཙམ་མ་ཟད་ཡིག་རིས་དང་

འབྲེལ་བའི་གཞུང་ལུགས་ཀྱང་བྱུང་ཡོད། ལྷག་པར་སྣག་འཚལ་བཟོ་རྩལ་གྱི་ངོས་

ནས་བལྟས་ན་ཡུན་རིང་ལག་ལེན་གྱི་ཁྲོད་དུ་རིན་ཐང་བྲལ་བའི་ཤེས་བྱ་མང་པོ་

གསོག་འཇོག་བྱས་པ་མཐོང་ཐུབ་ཅིང་། དེའང་བཀའ་བསྟན་ཡི་གེར་འབྲི་བ་སོགས་

བྱེད་པའི་དགོས་མཁོས་མཁོ་སྤྲོད་བྱས་པའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ ལག་ཐབས་ཤ ིག་ཡིན་པ་རྟོགས་ཐུབ་ལ། ལག་ཐབས་འདི་དག་གིས་སྣག་མཚལ་གྱི་

རྒྱུ་ཆ་དང་། རྒྱུ་ཆ་དེ་དག་བསྲེས་སྦྱོར་དང་འདོར་ལེན་བྱེད་ཚུལ། བཞུ་སྦྱོང་བྱེད་ཚུལ་ སོགས་ཀྱི་བཅོས་ཐབས་དང་། དེ་ལྟར་བཅོས་པའི་སྣག་མཚལ་གྱིས་བྲིས་པའི་ཡི་ གེ་དེ་དག་ལོ་ངོ་བརྒྱ་ཕྲག་དུ་མར་ཉར་ཚགས་བྱེད་ཐུབ་པའི་རིག་དངོས་གསོག་ཉར་

དང་། འོད་མདངས་དང་ཡིག་རིས་འཇམ་མཉེན་ལ་དམིགས་པའི་མཛེས་བཟོའམ་

མཛེས་པ་འཛིན་པའི་མཛེས་རྟོག་བཅས་འདྲེས་པའི་རིག་གནས་སྣང་ཚུལ་ཞིག་ མཐོང་ཐུབ། རིག་གནས་སྣང་ཚུལ་འདིས་ད་ལྟའི་བར་བཀའ་བསྟན་གྱི་གླེགས་བམ་ བརྒྱ་ཕྲག་མང་པོ་ཡི་གེར་བཏབ་པ་དེང་གི་དུས་སུའང་མཐོང་ཆོས་སུ་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 539

༥ སློབ་སྦྱོང་གི་བརྒྱུད་རིམ།

༡) ཡི ག ་གཟུགས་སློ བ ་སྦྱོ ང ་བྱེ ད ་པའི ་ སྐབས་སུ་ཐོ ག ་མར་སྦྱང་ཤི ང ་གི ་ སྟེ ང ་དུ་ཐི ག ་བཞི ་ རྒྱག་པ་དང༌། གོ ང ་གི ་ ཐི ག ་གསུམ་ནི ་ བྱི ས་པ་ལོ་ བརྒྱད་དགུ་ལ་སོན་པ་ཞིག་གི་མཛུབ་མོའ་ི ཚད་ཙམ་དགོས་པ་དང༌། རྐང་ ཐིག་ནི་གོང་གི་བྱིས་པ་དེ་འདྲ་ཞིག་གི་སོར་གསུམ་ལྟ་བུ་འཇོག་དགོས།

༢) གོམ་པ་དང་པོའ་ི སྐབས་སུ་དབུ་མེད་ཀྱི་ཚེག་ཁོ་ན་འབྲི་སྦྱོང་བྱེད་དགོས། དེའི་རྒྱུ་མཚན་ནི་བྱང་ཆ་ཡོང་བ་དང་། དངོས་གཞི་སྦྱོང་བའི་སྐབས་སུ་ཡི་

གེ་ཆེ་ཆུང་སྙོམ་འབྲི་ཡོང་སླད་ཡིན་ཞིང་། ཐིག་གི་སྟེང་དུ་འགྲོ་ཤ ེས་པ་དང་

སྨྱུ་གུ་འཛིན་ཤེས་པ་ཞིག་གི་ཆེད་དུའང་ཡིན་ལ། དེ་ནི་སྙོམ་འབྲི་ཐོབ་པའི་ རྨང་གཞིའི་སྦྱོང་བརྡར་ཞིག་ཏུ་བརྩི། ཡི་གེ་ཆེ་ཆུང་དང་སྟོང་ཆ། རིང་ཐུང་ སོགས་སྙོམ་པའི་ཚད་ལ་བསླེབས་པ་ན་ཚེག་འབྲི་བའི་ཚད་གཞི་ལོང་བར་ བརྩི། འདི་ལྟ་བུ་ལ་ཡི་གེ་འབྲི་བའི་རྨང་གཞིའི་རྐང་ཚུགས་པ་ཞིག་ཏུ་ངོས་ འཛིན་བྱེད་ཀྱིན་ཡོད།

༣) གོམ་པ་གཉིས་པ་ནི་ཐིག་དེའི་སྟེང་དུ་ཀ་ཁའི་སྐམ་བྲིས་འགྲོ་དགོས། སྐམ་ བྲིས་ཞེས་པ་ནི་ཐིག་གི་སྟེང་དུ་དགེ་རྒན་གྱིས་མ་ཡིག་གཅིག་བྲིས་པའི་ ཐོག་ལ་སློབ་ཕྲུག་གི་སྨྱུ་གུས་ཡང་དང་ཡང་དུ་སྣག་ཚ་མེད་པའི་སྒོ་ནས་

འཐེན་དགོས། སྐམ་བྲིས་ཤེས་པའི་ཚད་གཞི་ནི་ཐོག་མར་ཀྱོག་འགྲོ་བ་དང་

དེ་ནས་དགེ་རྒན་གྱིས་གང་བྲིས་པའི་སྟེང་དུ་སྨྱུ་གུས་འཐེན་པའི་སྐབས་ སུ་ཡ་ཡོ་ཀྱ་ཀྱོག་མེད་པ་ཞིག་བྱུང་ན་སྐམ་བྲིས་བྱང་པའི་ཚད་གཞིར་ངོས་ འཛིན་བྱེད།

(མདོ་སྨད་ཡུལ་གྱི་དགོན་སྡེ་རྣམས་ལས་ཡི་གེ་འབྲི་སྦྱོང་བྱེད་པའི་སྐབས་སུ་སྦྱང་ཤིང་


540 ཉམས་ཞིབ་དེབ་ཕྲེང་། ༡

གི་སྟེང་དུ་སྣག་ཚ་བྱུགས་ཡོད་ལ། དེའི་སྟེང་དུ་སྣུམ་ཅུང་ཟད་བྱུགས་ཤིང་། དེའི་ཐོག་ལ་རྩམ་པ་སྲབ་སྲབ་

ཅིག་བྱུགས་པའི་ཐོག་ལ་སྐམ་བྲིས་ཁོ་ན་བྱེད་པ་ལས་དབུས་ཀྱི་སྦྱོང་སྲོལ་ལྟར་སྦྱང་ཤིང་གི་ཐོག་ལ་རློན་

བྲིས་བྱེད་པའི་ལུགས་སྲོལ་མེད། རློན་བྲིས་ནི་འབྲི་ཤོག་ཁོ་ནའི་སྟེང་དུ་བྱེད།)

༤) གོམ་པ་གསུམ་པར་རློན་བྲིས་བྱེད། རློན་བྲིས་ཞེས་པ་ནི་དགེ་རྒན་གྱིས་ བྲིས་པའི་མ་ཡིག་གི་སྟེང་དུ་སྨྱུ་གུ་སྣག་ཚའི་ནང་དུ་བསྒྲེས་ནས་འབྲི་བ་

ཡིན། རློན་བྲིས་ཤེས་པའི་ཚད་ནི་སྐམ་འབྲི་བྱེད་སྲོལ་ལྟར་དགེ་རྒན་གྱིས་ བྲི ས ་པའི ་ སྒང་ལ་ཡ་ཡོ ་ མེ ད ་པར་འབྲི ་ ཐུབ་ན་རློ ན ་བྲི ས ་བྱང་བའི ་ ཚད་ གཞིར་ངོས་འཛིན་བྱེད།

༥) གོ མ ་པ་བཞི ་ པ་གཞི ་ ནས་སོ ་ སོ ས ་ཐི ག ་བརྒྱབ་ནས་རང་ཚུགས་ཀྱི ས ་ དབྱངས་གསལ་སོ་བཞི་འབྲི་སྦྱོང་བྱེད་དགོས། རེ་རེ་བཞིན་དགེ་རྒན་

ལ་བསྟན་ནས་ཡི་གེ་བྱེ་བྲག་པ་རེ་བྲིས་པ་མི་ལེགས་ན་དགེ་རྒན་གྱིས་

དྲེད་རྒྱག་པ་དང་། དགེ་རྒན་གྱིས་རྟགས་བཏབ་པའི་ཡི་གེ་བྱེ་བྲག་པ་དེ་ དམིགས་སུ་བཀར་ནས་མུ་མཐུད་འབྲི་སྦྱོང་བྱེད་དགོས། དེའང་ཡི་གེ་སྤྱི་ བྱིངས་དང་སྙོམ་པོ་ཡོང་ཕྱིར་འབྲི་སྦྱོང་མང་པོ་བྱེད་དགོས། ཀ་ཁ་གཅིག་

པུ་ལའང་ཟླ་བ་གཉིས་གསུམ་ཞིག་ལ་སྦྱོང་དགོས། དེའང་སློབ་མ་སོ་སོའ ི་

ནུས་པ་ལ་དཔག་པས་དབྱངས་གསལ་སྙོམ་པོ་ཞིག་བྱུང་ན་ཀ་ཁའི་འབྲི་ སྦྱོང་ཤ ེས་པའི་ཚད་གཞིར་འཛིན།

༦) གོམ་པ་ལྔ་པ་ནི་ཐིག་དེ་ག་རང་གི་ཐོག་ལ་ཟློས་ཧྲལ་འབྲི་སྦྱོང་བྱེད་དགོས།

ཟློས་ཧྲལ་ཞེས་པ་ནི་མགོ་འདོགས་གཉིས་དང༌། མཐུག་པོ་ལྔ། ལོག་པ་ ལྔའི་ཡི་གེ་བཅས་འབྲི་སྦྱོང་བྱེད་པ་ལ་ཟེར། གོང་ཐིག་གསུམ་བཏབ་པའི་ ནང་དུ་ཡི་གེ་རྩེག་མ་གཉིས་ཤོང་བ་བྱེད་དགོས། མགོ་འདོགས་གང་ཡིན་

ཀྱང༌དེ ་ དག་ཆེ ་ ཆུང་སྙོ མ ་པོ ་ ཞི ག ་ཤེ ས ་པ་ལ་ཟློ ས ་ཧྲལ་ཤེ ས ་པའི ་ ཚད་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 541

གཞིར་འཛིན། གོང་དུ་ཀ་ཁ་སོགས་གསལ་བྱེད་ཡི་གེ་རྐྱང་བ་བྲིས་པའི་

བྱང་ཆ་ཡོད་ན་ཟློས་ཧྲལ་འབྲི་སྦྱོང་མགྱོགས་པོར་ཚད་གཞིར་བསླེབ་ཐུབ། ཚེག་དང་ཀ་ཁ་སོགས་གསལ་བྱེད་རྐྱང་བ་འབྲི་བའི་སྐབས་སུ་སྨྱུག་ཁའི་ ཚད་གཞི་ཆེ་ན་ཟློས་ཧྲལ་སྐབས་ཅུང་ཟད་ཕྲ་རུ་གཏོང་བཞིན་ཡོད།

༧) གོ མ ་པ་དྲུག་པ་ཚུགས་རི ང ་སྦྱོ ང ་བ་དང་ཐི ག ་གི ་ ཚད་གཞི ་ སྔར་དང་

མཚུངས། སྨྱུག་ཁ་ཟློས་ཧྲལ་ལས་ཅུང་ཟད་ཕྲ་རུ་གཏོང་བཞིན་ཡོད། ཡིག་ གཟུགས་ལ་ཚིགས་བཅད་དང་ཚིག་ལྷུག་གང་རུང་འབྲི་དགོས། དང་པོ་སླ་

པོ་བདམས་ཏེ་ཚིགས་བཅད་འབྲི་ཞིང་། དེ་ནས་ཚིག་ལྷུག་འབྲི་སྦྱོང་བྱེད་

བཞིན་ཡོད། དེ་ནས་ཡིག་གཟུགས་དེ་རྣམས་སྤྱིའི་ཆ་ནས་སྙོམ་པོ་བྱུང་ན་ ཤེས་པའི་ཚད་གཞིར་ངོས་འཛིན་བྱེད།

༨) གོམ་པ་བདུན་པ་ཚུགས་ཐུང་གི་ཡི་གེ་འབྲི་སྦྱོང་བྱེད་དགོས་ཤིང་། དེའི་ སྐབས་ལ་ཐིག་གསུམ་མི་རྒྱག་པར་ཐིག་གཉིས་བརྒྱབས་ཏེ་རྐང་ཐིག་སོར་

གཉིས་ཀྱི་ཚད་གཞི་བྱེད། ཚུགས་ཐུང་འབྲི་བའི་སྨྱུག་ཁ་དེ་ཚུགས་རིང་གི་ སྨྱུག་ཁའི་ཕྱེད་ཀ་ཙམ་དུ་བྱེད། ཚུགས་རིང་གི་བྲིས་པའི་ཚད་གཞི་ལེགས་ ན་ཚུགས་ཐུང་གི་ཡི་གེ་ཚད་གཞི་ལོངས་པ་ཡིན།

༩) གོམ་པ་བརྒྱད་པ་ཐིག་གཅིག་མའི་འབྲི་སྦྱོང་བྱེད། ཐིག་གཅིག་མ་ཞེས་པ་

ནི་སྦྱང་ཤིང་ཐོག་ལ་ཐིག་གཅིག་ཁོ་ན་བརྒྱབ་སྟེ་སྟེང་དུ་ཚུགས་ཡིག་འབྲི་ དགོས། ཐིག་གཅིག་གི་སྨྱུག་ཁ་དེ་ཚུགས་ཐུང་འབྲི་བྱེད་ཀྱི་སྨྱུག་ཁ་ལས་ གང་འཚམ་ཕྲ་རུ་གཏོང་དགོས། ཚུགས་ཞེས་པ་ནི་ཚུགས་ཐུང་དེ་ཉིད་ཅུང་ ཟད་མགྱོགས་འབྲི་བྱས་པའི་ཡིག་གཟུགས་ཤིག་ཡིན། ཚུགས་ཡིག་སྙོམ་ འབྲི་བྱང་ཆ་ལྡན་པ་ཞིག་བྱུང་ན་ཚད་གཞི་ལོངས་པ་ཡིན།


542 ཉམས་ཞིབ་དེབ་ཕྲེང་། ༡

༡༠) གོམ་པ་དགུ་པ་ཐིག་གཅིག་མ་ག་ཚོད་མགྱོགས་པོར་བྲིས་པ་དེ་ནི་ཚུགས་ མ་འཁྱུག་ཞེས་པ་དེ་ཡིན། དེ་ཉིད་འབྲི་སྦྱོང་བྱང་ཆ་ཐེབས་ན་ཚུགས་མ་ འཁྱུག་གི་ཚད་གཞིར་ལོངས་པ་ཡིན།

༡༡) གོམ་པ་བཅུ་པ་འཁྱུག་ཆེན་ཞེས་པ་འབྲི་སྦྱོང་བྱེད་དགོས། དེ་ནི་ཤིན་ཏུ་ ནས་མགྱོགས་པོར་མཐུད་འབྲེལ་དུ་བྲིས་པའི་ཡི་གེ་ཞིག་ཡིན་ཞིང་། འདི་

ལ་མདོ་སྨད་དུ་དབུས་བྲིས་ལྕགས་ཐག་མ་ཟེར་ཞིང་དེ་ཉིད་བྱང་ཆ་ཐེབས་ པ་ན་ཚད་གཞིར་ལོངས་པ་ཡིན།

༡༢) དེ་ནས་ཡིག་གཟུགས་འབྲི་སྦྱོང་རང་མགོ་ཐོན་སོང་བས་གཞི་ནས་འབྲུ་ཚ་

དང་དབུ་ཅན། ཧོར་ཡིག ལཉྫ། ཝརྟུ། མཛེས་རིས་སོགས་འབྲི་སྦྱོང་བྱེད་ བཞིན་ཡོད།

མཛེས་རིས་བར་དུ་ཡི་གེ་ཚང་མ་བྲིས་ཚར་བའི་རྗེས་སུ་རེ་རེ་བྱས་ནས་

དགེ་རྒན་ལ་བསྟན་ཏེ་དགེ་རྒན་གྱིས་བྲིས་མི་ལེགས་པ་དག་ལ་རྟགས་རྒྱག་དགོས་

ཤིང་། ཡི་གེ་རེ་རེ་བྲིས་ལེགས་ཀྱི་ཚད་གཞིར་ལོངས་ན་ངེས་པར་དུ་དགེ་རྒན་ ལ་བྲིས་གཟུགས་ཡིག་ཚད་གཏོང་དགོས། མཛེས་རིས་ལ་རྟགས་རྒྱག་མི་དགོས་ ལ་ཡིག་རྩལ་ཡང་གཏོང་མི་དགོས་པར་སློབ་མ་རང་ཉིད་ཀྱི་གསར་གཏོད་ཅིག་ཏུ་

ངོས་འཛིན་བྱེད། འདི་དང་ཅུང་མི་འདྲ་བ་ཞིག་ནི་མདོ་སྨད་ཕྱོགས་སུ་སྔོན་དུ་ཡིག་

གཟུགས་དབུ་ཅན་འབྲི་སྦྱོང་བྱས་ཏེ་གཞི་ནས་གོང་གི་གོ་རིམ་ལྟར་དབུ་མེད་འབྲི་ སྦྱོང་བྱེད། དེ་ནི་དབུ་ཅན་གཟབ་ཡིག་དང་དབུ་མེད་ལ་གཤར་ཡིག་ཅེས་པ་ལྟར་ གང་འབྲི་དཀའ་བའམ། གཟབ་ནན་གྱིས་འབྲི་དགོས་པ་གང་ཞིག་སྔོན་ལ་སྦྱོང་སྟེ་

འབྲི་སླ་བའི་ཡི་གེ་རྣམས་རྗེས་སུ་སྦྱོང་བའི་གོ་རིམ་ནི་བྱེད་ཐབས་ཤ ིག་ཏུ་བརྩི། ཡི་ གེ་འབྲི་སྦྱོང་བྱེད་བཞིན་པའི་སྐབས་སུ་ངེས་པར་འཕྲལ་ཀློག་བྱེད་པ་ལས་བསྡུས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 543

ཀློག་བྱེད་དུ་མི་འཇུག ཡིག་གཟུགས་སྦྱངས་ཏེ་ཡིག་གཟུགས་ཐིག་གཅིག་མ་འབྲི་ བའི་ཚད་ལ་བསླེབས་ན་གཞི་ནས་བསྡུས་ཀློག་བྱེད་ཆོག་པ་ལས་གཞན་དུ་སྦྱོར་ ཀློག་ཁོ་ན་བྱེད་དགོས། དེ་ནི་ཡི་གེའི་དག་ཆ་དང་སྒྲ་གདངས་བཅས་ཀྱི་ཞར་བྱུང་ སློབ་སྦྱོང་ཞིག་ཏུ་བརྩི་ཆོག དགེ་རྒན་གྱིས་ཐོག་མར་རྟེན་འབྲེལ་ལྟ་བུར“སླའོ”ཞེས་

བྲིས་ཏེ་རིམ་གྱིས་དབུ་ཅན་དབུ་ཡིག་གམ་དབུ་ཁྱུད་ནས་འགོ་བརྩམས་ཏེ་འབྲི་སྦྱོང་ བྱེད་ཅིང་། ཡིག་གཟུགས་ཆ་ཚང་བ་སྦྱངས་ཟིན་པའི་རྗེས་སུ་གཞི་ནས་ཤ ོག་གུའི་

སྟེང་དུ་འབྲི་སྦྱོང་བྱེད་སྲོལ་ཡོད། བསྐྱར་སྦྱོང་བྱ་ཕྱིར་ཚིགས་བཅད་རྩོམ་ཡིག་གི་ ནང་དུ་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བཅས་ཆ་ཚང་ཡོད་པ་ཞིག་ ཡང་ཡང་འབྲི་བཞིན་ཡོད། གཞན་དག་དབུས་ཕྱོགས་ཀྱི་ཕྱག་རྒྱུན་དང་གཅིག་ གྱུར་ཡིན།

༦ དབུ་ཅན་ཡིག་རིས་ཀྱི་རྩ་འཛིན།

ཀོང་སྤྲུལ་གྱི་ཤ ེས་བྱ་ཀུན་ཁྱབ་ཏུ་བཀོད་པའི་བོད་ཡིག་དབུ་ཅན་གྱི་རྩ་འཛིན་ལས། “གཅེས་བརྒྱད་འདོན་བཅུ་མ་ཆོས་ཉེར་གཅིག་དང་། །བུ་ཆོས་བཅུ་དྲུག་སྤྱི་ཆོས་

གསུམ་ལྡན་བྱ། །ལུགས་དེ་རྣམས་ཀྱི་སྤྱི་ལ་གཅེས་པ་བརྒྱད་ནི། །སྣག་ལམ་ཟླུམ་ ལ་སྒྲོས་ཆགས་གཅེས། །གཅིག་པུར་སྐྱེས་ལ་དཔུང་ཐང་གཅེས། །གདགས་པ་

ཅན་ལ་ཟུར་ཐག་གཅེས། །སྟོད་ཕུབས་ཅན་ལ་ཕོ་བ་གཅེས། །སྨད་ཕུབ་ཅན་ལ་ ཁོང་འདྲེན་གཅེས། །རྐང་པ་རྟ་ཞོན་ཕྱི་འབྲང་གཅེས། །ཡར་ཕུལ་མཐར་རྒྱས་སྒྲོས་

གནོན་གཅེས། །མིག་ཅན་དག་ལ་སྐེ་གཙང་གཅེས། །ཞེས་དང་། འདོན་པ་བཅུའམ་

བཅུ་བཞིར་ཡང་གྲགས་པ་ནི། བང་མགོ་ལ་འདོན། མཁྲང་དཔུང་བ་ལ་འདོན། སྒྲོས་ སྦོ་ཐེམ་ལ། བཤན་མར་འཐེན་ལ། སྤྱང་ཁོག་པ་ལ། ཧྲམ་སྣག་སྣ་ལ། ཧུར་མིག་


544 ཉམས་ཞིབ་དེབ་ཕྲེང་། ༡

འདྲིལ་ལ། གཡེར་ཡར་འཕུལ་ལ། ཡང་ཡ་བཏགས་ལ། གྲུང་ཟགས་མཆུ་ལ། བཟང་

མགོ་དཔུང་ལ། འཛུམ་དཀར་ནག་སྣ་ལ། མཉེན་བསྣོལ་མཚམས་སུ། འཁྱུག་ཡན་ ལག་ལ་འདོན་པ་རྣམས་དང་། མ་ཆོས་ཉེར་གཅིག་ནི། མགོ་རབ་ཐག་ཟླུམ་གྲིས་ བཅད་འདྲ་བ། འབྲེང་ཁ་གཞུ། ཐ་མ་ཚག་མགོ་སྟེ་མགོ་གསུམ། དཔུང་རབ་ཐུགས་ ཀར་རྡོར་འཛིན། འབྲིང་མདའ་འཕེན། ཐ་མ་ལག་ཆག་འཕྲེད་ཉལ་ཏེ་དཔུང་གསུམ། སྦོ་རབ་སྒྲོས་ཆགས་གྲི་ལྟག་འདྲ་བ། འབྲེང་སྤུ་ཐག་སྒྲིམ་འདྲ། ཐ་མ་གྲག་སྐེད་འདྲ་

བ་སྟེ་སྦོ་གསུམ། ཟག་མཆུ་རབ་གསེགས་སྦྱོར་ཐུང་རྣོ། འབྲིང་འགྲེས་འོ་ཕག་སྣ། ཐ་

མ་རྒུར་པོ་གླང་སྣ་སྟེ་ཟག་མཆུ་གསུམ། རབ་རྒྱ་ཁབ་ལངས་འདྲ། འབྲིང་རྔ་དབྱུག་ འཕྱར་འདྲ། ཐ་མ་ལག་མགོ་བཅད་འདྲ་དེ་ཡར་འཐེན་གསུམ། རབ་སྒོ་ལྕགས་རྐང་

འདྲ། འབྲིང་ཁྱི་གུའི་མཇུག་འདྲ། ཐ་མ་འབུ་མཇུག་སྦྲང་རྐང་འདྲ་བ་སྟེ་མར་འཐེན་

གསུམ། རབ་ཉ་མིག འབྲིང་ནས་འདྲ། ཐ་མ་ཟུར་གསུམ་ཁྲོ་མིག་སྟེ་མིག་གསུམ་

བཅས་ཉེར་གཅིག བུ་ཆོས་བཅུ་དྲུག་ནི། གཉིས་ཆོད་འཛུམ་ལ་མཐོ་དམན་མེད་ པ་ན་རོའ་ི ཆོས་གསུམ། གསེགས་ཀྱིས་གཞོལ་བ་སྟོད་སྨད་ཕྱེད་པ་སྟེ་འགྲེང་བུའི་ གཉིས། ཟླུམ་འདྲིལ་འཁྱུག་པ་སྟེ་གི་གུའི་གསུམ། གདགས་པ་ཅན། ལྡན་ཐབས་

བརྐྱང་པ། མདུང་ཚུགས་གསུམ་སྦྲེལ་ལྡན་པ་སྟེ་ཞབས་ཀྱུའི་གསུམ། རྟ་སྦྲེལ་ འཕངས་མ་བསྐྱིལ་བ་སྟེ་ར་ཏའི་གཉིས། འཁྱུག་སྙོམས་འདེགས་ལ་དཀྱིལ་ཡངས་ཏེ་

ཡ་བཏགས་ཀྱི་གསུམ་སྟེ་བསྡོམས་པས་བཅུ་དྲུག གཟུགས་དཀྱུས་སུ་མ་གོལ་བ། དཀྱུས་ཉིད་ཚང་ནས་མ་ཡར་བ། གཟུགས་དཀྱུས་ཤ ན་ཕྱེད་པ་སྟེ་སྤྱི་ཆོས་གསུམ་

དང་ལྡན་པར་བྱ་ཞིང་། དེའང་ཐིག་སྒྲོམ་གྲུ་བཞི་ལག་ལེན་ལྟར་བཙལ་ལ། ཕུབ་དང་ དཔུང་པ་ཆ་གཅིག ཟག་མཆུ་ཆ་གཉིས། ཆ་གསུམ་རྐང་པ་སྟེ། ཅ་ཆ་ར་འ་རིང་བ་

སྐྱོན། ད་ན་ཞ་གསུམ་རིང་ཐུང་གཉིས་ཀ་སྐྱོན། ཀ་ཁ་ཤ་གསུམ་ཐུང་ན་སྐྱོན་ཡིན་ལ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 545

འདོགས་འབྲེལ་ཆ་བཞི། སྟེང་གི་ཡན་ལག་ཆ་གཉིས། ཐིག་ཤ ིང་ལོགས་ལ་ཆ་དྲུག་

ཏུ་བྱས་ལ་སྐྱོན་རྣམས་སྤངས་ཏེ་བྲི་བར་བཤད་པ་ནི་རགས་པ་ཡིན།” ཞེས་པར་ 315

བལྟས་ན་བོད་ཡིག་དབུ་ཅན་གྱི་ཡིག་རིས་དེ་ཉིད་གཞུང་ལུགས་ཅན་དུ་གྱུར་ཡོད་ པ་མཐོང་ཐུབ། བོད་ཡིག་དབུ་མེད་ལ་རིགས་མང་བ་དང་དབུ་ཅན་རིགས་གཅིག་

ལས་མེད་པའི་རྒྱུ་མཚན་ཡང་གཞུང་ལུགས་ཀྱི་སྒྲིག་གཞི་ཅན་དུ་གྱུར་པའི་རྐྱེན་ དུ་ངེས། གོང་གི་ཡིག་རིས་ཀྱི་རྩ་དོན་འདོན་པའི་རྩ་ཚིག་གམ་སྡོམ་འདི་ལ་བལྟས་

ནའང་དོན་དང་དཔེ་སྣ་ཚོགས་ཀྱི་སྒོ་ནས་ཡིག་རིས་རེ་རེ་ནས་འབྲི་བའི་སྐབས་སུ་

གཟབ་ནན་བྱེད་དགོས་པ་དང་གནད་འགག་གང་དག་ཡོད་མིན། སྐྱོན་གང་ནས་ འབྱུང་དང་སྐྱོན་དེ་བྱུང་ན་ཇི་ལྟ་བུ་ཞིག་ཡིན་མིན་སོགས་བསྟན་ཡོད་ལ། ད་དུང་

ཆ་ཆེན་ཆ་ཆུང་བགོ་བའི་ཐིག་རིས་ཀྱི་སྒོ་ནས་ཀྱང་ཡི་གེ་རེ་རེ་བོད་ཀྱི་ཐང་ཀའི་རི་ མོ་དང་འདྲ་བར་ཐིག་ཚད་ཀྱི་ནང་དུ་བཞག་ཡོད་པ་ལས་དཔེ་སྟོན་ཙམ་ཞིག་བསྟན་

ན༑ སྡེ་སྲིད་ཀྱི་བཻ་དཀར་དུ་བསྟན་པའི་ཆ་ཡིག་གི་ཐིག་ཚད་ལ་མཚོན་ན། “ཆ་ནི་གྲུ་

བཞི་ཟླུམ་པོ་ཐིག་བརྒྱད་བསྣོལ་བའི་ལིང་ཚེ་བཞིར། མགོ་འོག་དཀར་གཉིས་མིག་

དང་མཉམ། །མགོ་ཟུར་དཔུང་ཐིག་མིག་དཀར་མཉམ། །ཞེས་པ་ཞིབ་པར་ཞེང་ བརྒྱད་དཔངས་ཕྱེད་བརྒྱད་དེ། མགོ་ཞེང་ལྔ། གཡས་གཡོན་དཀར་ཆ་ཕྱེད་གཉིས།

མིག་གཉིས་ལ་དཀར་ཆ་ཕྱེད་བཞི་དམན་ཙམ་རེ། གང་ཆགས་ཀྱི་ཆ་ཞེང་དྲུག མིག་ གོང་དཀར་ཆ་གཉིས་མགོ་དང་གསུམ། མིག་དཔངས་དཀར་ཆ་ཕྱེད་གསུམ། གོང་ ཆགས་སྣག་ཆ་གཅིག་འོག་འཛུམ་སྨད་ཆ་ཕྱེད་གཉིས་སོ། །” ཞེས་པར་བལྟས་ན་ 316

315 <<ཤེས་བྱ་ཀུན་ཁྱབ།>>

ཤོག་ངོས༤༣༥ནས༤༣༦། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། རྡོ་རྗེ་རྒྱལ་པོ་

དང་ཐུབ་བསྟན་ཉི་མས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།

316 <<བཻཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་གཉིས་པ་བཞུགས་སོ།།

>> ཤོག་ངོས༡༩། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།


546 ཉམས་ཞིབ་དེབ་ཕྲེང་། ༡

ཡི་གེ་རེ་རེ་བ་ཐིག་ཚད་ཀྱི་ནང་དུ་བླུགས་པ་ཧ་ཅང་ཞིབ་ཚགས་ཡིན་པས་ཆེ་ཆུང་ དང་དཀར་ནག ཕྲ་སྦོམ་སོགས་ཀྱི་ཚད་གཞི་གཏན་ཁེལ་བྱས་ཟིན་པས་བོད་ཡིག་ དབུ་ཅན་གྱི ་ ཡི ག ་རི ས ་གཏན་ཆགས་ཅན་དུ་གྱུར་ཡོ ད ་པས་ལོ ་ ངོ ་ མང་པོ ་ ཕྱི ན ་ ཀྱང་ཡིག་རིས་མ་རྟོགས་པའི་དཀའ་ངལ་མེད་དོ། །

༧ ཡིག་གཟུགས་ངོ་སྤྲོད།

དབུ་ཅན། བོད་ཀྱི་ཡི་གེ་དབུ་ཅན་ཞེས་པ་ནི་ཡི་གེའི་མགོ་ལ་དྲང་ཐིག་ཡོད་པའི་

ཐོག་མའི་ཡིག་གཟུགས་ཤིག་ཡིན་ཞིང་། དེ་ལ་དབུ་ཅན་ཞེས་པའི་ཐ་སྙད་

སྦྱར་དོ ན ་ཡང་ཡི ་ གེ འི ་ མགོ འ་ི དྲང་ཐི ག ་གི ས ་དྲངས་པའི ་ མི ང ་བརྡ་ཞི ག ་

ཡིན། གཞན་དུ་འདི་ལ་གཟབ་བྲིས་ཀྱང་ཟེར་བས་དེ་ནི་དབུ་མེད་ཀྱི་ཡི་གེ་ གཞན་དང་བསྡུར་ན་གཟབ་ནན་དང་དྲང་ཚུགས་སུ་འབྲི་དགོས་པས་དེ་ ལྟར་བཏགས།

དབུ་མེད། དབུ་མེད་ཅེས་པ་ནི་དབུའམ་ཡིག་མགོའ ི་དྲང་ཐིག་མི་འབྲི་བའི་རྒྱུ་མཚན་ གྱིས་ཐ་སྙད་སྦྱར་བ་ཞིག་ཡིན་ཞིང་། འདིའི་ནང་དུ་བོད་ཡིག་དབུ་ཅན་ཕུད་ པའི་ཡིག་གཟུགས་ཚང་མ་འདུས་ལ་འབྲི་སྟངས་ཀྱི་ཆ་ནས་དབུ་ཅན་ལྟར་ གཟབ་ནན་གྱིས་དྲང་མོར་འབྲི་བའི་ལུགས་སྲོལ་བརྩི་མི་དགོས་ཤ ིང་འབྲི་

སྦྱོང་སླ་བས་ན་གཤར་བྲིས་ཞེས་ཀྱང་ཟེར། དེའི་དོན་ནི་མགྱོགས་པོའམ་ ཤར་ཤ ར་དུ་འབྲི་ཆོག་པའི་དོན་ཡིན། བོད་ཀྱི་ཡིག་གཟུགས་དབུ་ཅན་དང་ འབྲུ་ཚ་ཕུད་པའི་གཞན་དག་ཚང་མ་དབུ་མེད་ཡིག་གཟུགས་སུ་བརྩི་བས་ དབུ་མེད་ལ་རིགས་དུ་མ་ཡོད་པ་དག་ངོ་སྤྲོད་བྱས་ན།

ཚུགས་རིང་། དེ་ལ་སུག་རིང་ངམ་ཤ་ཆེན་གྱི་ཡི་གེའང་ཟེར་ཞིང་སྨྱུག་ཁ་སྦོམ་ཞིང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 547

དབུ་མེད་ཀྱི་ཡི་གེ་ཡིན་པ་གང་ཞིག་ལ་ཕྱི་རྐང་དང་དབྱངས། འདོགས་ཅན་

བཅས་རིང་པོར་འཐེན་དགོས་ལ། ཕྱི་རྐང་ནི་ཡི་གེའི་སྟོད་དབྱིབས་ཀྱི་ཚད་ གཞི་ལས་ལྡབ་གཉིས་ཙམ་ལོངས་པ་དགོས།

ཚུགས་ཐུང་། ཚུགས་ཐུང་ནི་སྨྱུག་ཁ་དེ་ལས་ཅུང་ཟད་ཆུང་ལ་དབྱངས་འདོགས་

སོགས་ཚུགས་རིང་དང་འདྲའང་། ཕྱི་རྐང་ཡི་གེ་སྟོད་དབྱིབས་ལས་ཅུང་

ཟད་རིང་ཞིང་ཚུགས་རིང་གི་ཕྱེད་ཙམ་ལོངས་པར་བྱེད་དགོས་པ་དང་། ཚུགས་ཐུང་ཞེས་པའང་ཕྱི་རྐང་ཚུགས་རིང་ལས་ཐུང་བའི་ཆ་ནས་བཏགས་ པའི་ཐ་སྙད་ཅིག་ཡིན།

ཚུགས་ཆུང་། ཚུགས་ཆུང་ནི ་ ཡི ག ་གཟུགས་ཆུང་ཞི ང ་ཡི ་ གེ འི ་ ཕྱི ར ་རྐང་ཐུང་

ནའང་། དབྱངས་དང་འདོགས་ཡིག་དག་ཚུགས་རིང་དང་འདྲ་བར་རིང་ བོར་འཐེན་པའི་ཡིག་གཟུགས་ཤ ིག་ཡིན།

འཁྱུག་མ་ཚུགས། འཁྱུག་མ་ཚུགས་ནི་ཚུགས་ཆུང་དང་འདྲ་ནའང་ཚུགས་ལས་

ཅུང་ཟད་འཁྱུག་ཅིང་། འཁྱུག་ཚུགས་མཉམ་དུ་བསྡེབས་ཏེ་བྲིས་པའི་ཡིག་ གཟུགས་ཤ ིག་ཡིན།

འཁྱུག་ཡིག འཁྱུག་ཡིག་ནི་ཚུགས་མ་འཁྱུག་གི་གོམ་པ་གཉིས་པ་ལྟ་བུ་ཡིན་

ཞིང་། ཚུགས་ལས་འཁྱུག་ཅིང་འབྲི་ཐབས་སྟབས་བདེ་ལ། དབྱངས་དང་

རྗེས་འཇུག་ལྷན་ཅིག་ཏུ་སྦྲེལ་བ་དང་། མིང་སྔ་མའི་རྗེས་འཇུག་དང་ཕྱི་མའི་

སྔོན་འཇུག་གཉིས་སྦྲེལ་ཏེ་འབྲི་བའི་མགྱོགས་བྲིས་ཡིག་གཟུགས་ཤིག་ ཡིན།

འཁྱུག་ཆེན། འཁྱུག་ཆེན་ནི་ཟིན་བྲིས་སོགས་ཤིན་ཏུ་མགྱོགས་པོར་འབྲི་དགོས་ པའི་རིགས་རྣམས་མུ་འབྲེལ་ཏེ་སྨྱུ་གུ་འཛུགས་ཐེངས་གཅིག་ལ་ཤ ར་མར་


548 ཉམས་ཞིབ་དེབ་ཕྲེང་། ༡

འབྲི་ཞིང་། བྲིས་ཟིན་པའི་ཡི་གེ་མཐའ་དག་གཅིག་ལ་གཅིག་མཚམས་མ་ ཆད་པར་འབྲེལ་ཡོད། དེང་སང་འཁྱུག་ཆེན་འབྲི་མཁན་དཀོན་པོར་སྣང་ བར་བཤད།

འབྲུ་ཚ། འབྲུ་ཚ་ནི་མཛེས་རིས་སུ་གཏོགས་ཤིང་དེ་ལ་འབྲི་ཚ་ཞེས་པའང་། ཡིག་ གཟུགས་འདིའི་དབྱིབས་རྣམས་ནི་བྱེ་མའི་ནང་དུ་བསྲེས་པའི་འབྲུ་རིགས་

ཁ་གས་པའི་དབྱིབས་དང་མཚུངས་པའི་མཛེས་ཉམས་ཤ ིག་ཡོད་པས་དེ་

ལྟར་བཏགས། ན་གཞོན་རྣམས་ཡིག་གཟུགས་འདི་ལ་དགའ་བའི་རྒྱུ་མཚན་ ཡང་ཡིག་གཟུགས་འདི་ལ་མཛེས་རིས་ཀྱི་རྣམ་པ་ཡོད་པས་ཡིན།

ཁམས་བྲིས། ཁམས་བྲིས་ནི་རྩ་བའི་དབུ་མེད་ཀྱི་ཡིག་གཟུགས་ཡིན་ལ། ཕྱི་རྐང་ ཐུང་ཞིང་ཡིག་རིས་གྲུ་བཞིའི་རྣམ་པ་ཅན་ཞིག་ཡིན་པས་དགོན་སྡེ་དག་གི་

འདོན་ཆ་སོགས་ཡི་གེ་འདི་ཉིད་བྲིས་ན་ས་གཅོད་ཆུང་བས་སྔོན་དུས་བོན་ སོགས་ཀྱི་ཆོ་ག་དང་གེ་སར་སྒྲུང་སོགས་ཡིག་རིས་འདིའི་སྒོ་ནས་བྲིས་

ཡོད། ཡིག་རིས་འདི་ཉིད་ཁམས་ཕྱོགས་སུ་དར་ཆེ་བས་ན་ཁམས་བྲིས་ ཞེས་བཏགས་པ་མིན་ནམ་སྙམ།

མཛེས་རིས། མཛེས་རིས་ནི་ཡིག་གཟུགས་ཆ་ཚང་བ་ཞིག་སྦྱངས་ཟིན་ཏེ་ལག་ པར་ཧ་ཅང་བྱང་ཆ་ཐོབ་ན། རང་ཉིད་ཀྱིས་བོད་ཡིག་དབུ་ཅན་དང་འབྲུ་ཚ་

གཉིས་དབྱིབས་སྣ་ཚོགས་སུ་བཅོས་ཏེ་རི་མོའ ི་མཛེས་ཉམས་ཐོན་པ་དང་།

ཡང་ན་སྨྱུག་མ་དང་། བྱེའུ་སོགས་རི་མོ་འདྲ་མིན་གྱི་སྒོ་ནས་ཡིག་གཟུགས་ གསར་གཏོད་བྱས་པ་ཞིག་ཡིན། འདི་ལ་ཡིག་རིས་ཀྱི་སྒོ་ནས་དེ་སྔ་གྲིབ་ གཟུགས་མ་དང་། ཉིས་འདྲེན་མ། ལངས་གཟུགས་མ། སུམ་འདྲེན་མ། བཞི་

འདྲེན་མ། འོད་འདྲེན་མ། ཕྱོགས་ཡོམ། འབུར་ཚུགས་མ། ཐག་གཟུགས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 549

མ༑ ཕད་ཁ་མ། འཇའ་གཟུགས་མ། ཆུ་རིས་མ། ལྷུ་གཟུགས་མ། རྩེ་ལྡུམ་ མ༑ ཧོར་ཡིག་ཁོང་གསེང་མ། བློ་ལྡན་ཡིག་གསར། ཚོན་ཁྲ་ཅན། གདན་ གཞི་ཅན། མདངས་ལྡན་སོགས་རྩ་བའི་དབུ་ཅན་དང་དབུ་མེད། འབྲུ་ཚ་

བཅས་ཀྱི་འབྲི་སྲོལ་གཞི་རྩར་བཟུང་སྟེ་མཛེས་ཉམས་འདྲ་མིན་སྣ་ཚོགས་

བྱེད་ཆོག་པ་ལས་མཚམས་དང་ཕྱག་རྒྱུན་ལྟ་བུའི་བཀག་རྒྱ་མེད་པས་དེང་ གི་དུས་ཀྱང་རི་མོ་དང་ཡི་གེ་ལྷན་སྡེབ་ཀྱིས་མཛེས་རིས་སྣ་ཚོགས་ཤ ིག་

དར་བཞིན་ཡོད། མཛེས་རིས་ནི་གཙོ་བོ་དབུ་ཅན་ཡིག་རིས་ལ་སྤྱོད་བཞིན་ ཡོད།

དཀྲུགས་ཡིག གཞན་ཡང་སྤྱི་ཚོགས་ཀྱི་དགོས་མཁོ་དང་དམག་དོན། བླ་མའི་

གདམས་པ་ཟབ་མོ་བཅས་གསང་བ་བྱེད་དགོས་ངེས་རིགས་ཀྱི་ཡི་གེ་འབྲི་ ཐབས་ལ་དཀྲུགས་ཡིག་ཅེས་ཡི་གེ་ཕན་ཚུན་བརྗེ་བསྒྱུར་བྱས་ཏེ་དཀྲུགས་ ཐབས་ཤ ིག་ཡོད་ལ། དེར་ཁྱིམ་མཚེས་དཀྲུགས་པ་དང་གསུམ་དཀྲུགས་ བཞི་དཀྲུགས་སོགས་རྣམ་གྲངས་སུམ་ཅུ་ལྷག་ཡོད། བུ་དྲུག་ཅན་རྣམས་ དཀྲུགས་པར་མི་བྱ།

སྐུང་ཡིག སྐུང་ཡིག་ཅེས་པའི་ཚིག་ངོས་ནས་གོ་བ་བླངས་ན་གཅིག་གི་ཁོང་ན་ གང་ཞི ག ་སྦས་ཡོ ད ་པའི ་ དོ ན ་དུ་ངེ ས ་ཀྱང་འདི ར ་དཀྲུགས་ཡི ག ་བཞི ན ་ གསང་བ་བྱ་ཕྱིར་སྦས་པ་མ་ཡིན་པས། ཡི་གེ་ཟོལ་ཡངས་པ་དང་འབྲི་བདེ་ བ༑ མགྱོགས་པ། ཤོག་གུ་དང་རིན་པོ་ཆེའི་རྒྱུ་གྲོན་བཅས་ཀྱི་ཁྱད་ཆོས་ལ་

དམིགས་ནས་ཟིན་བྲིས་འདེབས་པའམ་གཞུང་ལུགས་ཆེན་མོ་འབྲི་བའི་

སྐབས་སུ་སྐུང་ཡིག་འབྲི་སྲོལ་ཡོད་ལ། སྐུང་ཡིག་མང་ཆེ་བ་ཡིག་རིས་དབུ་ མེད་དང་། བོན་གྱི་གཞུང་ལུགས་ཆེན་མོ་རྣམས་སུ་འབྱུང་བཞིན་ཡོད།


550 ཉམས་ཞིབ་དེབ་ཕྲེང་། ༡

ཨང་ཡིག ཨང་ཡིག་ནི་དེང་དུས་སུ་དར་བའི་གློག་འཕྲིན་དང་གསང་ཡིག་སོགས་

ཀྱི་དགོས་མཁོར་དམིགས་ནས་དར་བ་ཞིག་ཡིན་ཞིང་། མི་རིགས་གཞན་

དང་རྒྱལ་ཁབ་གཞན་གྱིས་ཡིག་རིགས་ལ་སྤྱོད་སྲོལ་ཡོད་པ་ལྟར། རང་

རེའི་བོད་ཀྱི་ཡིག་རིས་ལའང་དབྱངས་དང་གསལ་བྱེད། སྔོན་རྗེས་མགོ་ འདོགས་སོགས་ཀྱི་ཚབ་ཏུ་ཨང་ཡིག་སྤྱོད་ཅིང་དེའང་རྣམ་གྲངས་ཀྱི་གོ་ རིམ་སྤྱད་དེ ་འབྲི་སྲོལ་ཡོད། མཁས་དབང་དམུ་དགེ ་བསམ་གཏན་རྒྱ་

མཚོས་གསར་གཏོད་གནང་བའི་ཨང་ཡིག་འབྲི་ཐབས་ཤ ིག་ཡོད་པ་ནས་ རིམ་གྱིས་དར་ཡང་ལག་ལེན་དུ་འདེབས་མཁན་ཧ་ཅང་དཀོན། འཕྲུལ་ཡིག

འཕྲུལ་ཡིག་ཀྱང་དཀྲུགས་ཡིག་དང་འདྲ་བར་གསང་བའི་བརྡ་དོན་སོགས་ལ་སྤྱོད་

པའི་དགེ་མཚན་ཆེན་པོ་ཡོད། དཔེར་ན། གསང་བ་ཤོར་དོགས་ཡོད་པའི་རིག་ལ་

འཕྲུལ་ཡིག་སྤྱོད་བཞིན་ཡོད། འཕྲུལ་ཡིག་ནི་དེའི་ཀློག་ཐབས་སྤྱད་ན་དོན་བདེ་ བླག་ཏུ་རྟོགས་ཐུབ་པ་ཞིག་དགོས། ཤོག་བུ་མཉེན་འཇམ་དཀར་གཙང་གི་སྟེང་དུ་

ལྕགས་དང་སྨྱུག་མ་གང་རུང་གི་སྨྱུ་གུ་སྣག་ཚ་སོགས་ཀྱི་དྲི་མ་མེད་པ་ཞིག་གིས་

འབྲི་དགོས་ཤ ིང་། འཕྲུལ་ཡིག་ནི་གཙོ་བོ་འབྲི་བྱེད་རྫས་ཀྱི་ནུས་པར་བརྟེན་དགོས་ ན་འབྲི་སྣག་གི་བསྐ་སླ་རན་པོ་བྱེད་རྒྱུ་གལ་ཆེན་དུ་འཛིན་དགོས། དེ་ལ་ས་ཡིག་ དང་། རླུང་ཡིག ཆུ་ཡིག མེ་ཡིག མཁའ་ཡིག་བཅས་རིགས་ལྔ་ཙམ་ཡོད།

༡) ས་ཡིག་ནི་མཛོ་མོ་དང་རའི་འོ་མའི་སྤྲིས་མ་དྭངས་མས་འབྲི་དགོས་པ་དང་

ཡང་ཀ་ར་དང་སུག་པ་ཆང་གི་ཉིང་ཁུ་བཅས་ཆ་མཉམ་བཏབ་སྟེ་འབྲི་ཞིང་ ཀློག་པའི་ཚེ་ན་ཧ་བཏབ་སྟེ་ཤོག་མདོག་དང་མི་མཐུན་པའི་ས་ཕྱེ་ཞིབ་མོ་ བཏབ་སྟེ་མནན་བཅག་བྱས་རྗེས་སུ་ས་ཕྱེས་དོར་ཞིང་། བྱ་སྒྲོ་སོགས་ཀྱིས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 551

ཕྱིས་ན་གསལ་བོར་མཐོང་ཐུབ། ས་ཡིག་གི་རྟགས་མཚན་དུ་ཡིག་སྐོགས་ ཐོག་ཏུ་ལཾ་ཡིག་གིས་མཚན་མ་གདབ་དགོས།

༢) ཆུ་ཡིག་ནི་སྣོད་གཙང་མར་ལྡུམ་སྨན་གསེར་མདོག་ཐར་ནུའི་ཁུ་བ་དྭངས་ མས་འབྲི་ཞིང་། ཀློག་པའི་ཚེ་ན་མཚུར་གྱི་ཆུར་དྲངས་ན་ཡི་གེ་ནག་རོག་

གེར་མཐོང་ཐུབ། ཆུ་ཡིག་གི་རྟགས་མཚན་དུ་ཡིག་སྐོགས་ཐོག་ཏུ་ཝཾ་ཡིག་ གི་མཚན་མ་གདབ་དགོས།

༣) མེ་ཡིག་ནི་སྣོད་གཙང་མར་བུལ་ཏོག་ཆུ་དང་མཉམ་དུ་དཀྲུགས་ཤ ིང་འབྲི། ཀློག་པའི་ཚེ་ན་མེ་དྲོད་ལ་བལྡེ་ན་ཡི་གེ་གསལ་བོར་བཀླག་ཐུབ། མེ་ཡིག་

ཡིན་པའི་རྟགས་མཚན་དུ་ཡིག་སྐོགས་ཐོག་ཏུ་རཾ་ཡིག་གི་མཚན་མ་གདབ་ དགོས།

༤) རླུང་ཡིག་ནི་བྱེའུ་མཆིལ་བ་དང་གྲུམ་པའི་མཁྲིས་ཁུས་འབྲི་ཞིང་། ཀློག་ པའི་ཚེ་ན་འབྲི་ཤོག་རླུང་ལ་བསྐྱོན་པའམ་རླུང་གཡབ་ཀྱིས་གཡབ་ན་ཡི་གེ་

གསལ་བོར་མངོན་ཐུབ། རླུང་ཡིག་ཡིན་པའི་རྟགས་མཚན་དུ་ཡིག་སྐོགས་ ཀྱི་ཐོག་ཏུ་ཡཾ་ཡིག་གི་མཚན་མ་གདབ་དགོས།

༥) མཁའ་ཡིག་ནི་ཞུན་མར་ཀ་རའམ་སྦྲང་རྩིར་བསྲེས་པས་འབྲི་ཤ ིང་། ཀློག་

པའི་ཚེ་ན་མཚན་མོ་གློག་འོད་དང་མར་མེ་སོགས་ལ་རྒྱབ་བསྟན་ན་གསལ་ བོར་བཀླག་ཐུབ། མཁའ་ཡིག་ཡིན་པའི་རྟགས་མཚན་དུ་ཁཾ་ཡིག་གི་མཚན་ མ་གདབ་དགོས།

གནའ་བོ འ་ི དུས་ནས་བཟུང་སྟེ ་ བོ ད ་མི ་ དག་གི ས ་རི ག ་གནས་སྣ་ཚོ ག ས་

གསར་གཏོད་བྱས་མྱོང་ལ། འཕྲུལ་ཡིག་འབྲི་ཐབས་འདི་དག་ཀྱང་དམག་དོན་དང་། གདམས་པ་ཟབ་མོ་སོགས་གསང་བ་བྱ་དགོས་པའི་རིགས་ལ་སྤྱོད་པའི་ཡུན་རིང་


552 ཉམས་ཞིབ་དེབ་ཕྲེང་། ༡

གི་འཚོ་བའི་ཉམས་མྱོང་ལས་ཐོན་པའི་ཚོད་ལྟའི་ཐོན་དངོས་ཤ ིག་ཡིན་ཕྱིར། གནའ་ བོའ་ཤ ི ུལ་བཞག་རིག་གནས་ཀྱི་ངོ་བོའ་ི སྒོ་ནས་གདེང་འཇོག་བྱས་ཏེ་ཡིག་ཆ་དག་ ཏུ་གསལ་བ་རྣམས་འདིར་བཀོད་པ་ཡིན།

༨ ཡིག་རིས་ཀྱི་གཞུང་ལུགས་དང་བྲིས་དཔེ།

དེ་ཡང་དུས་རབས་དགུ་པའི་འགོར་མཁས་པ་ཁྱུང་པོ་གཡུ་ཁྲི་ཞེས་པས་ལོ་ཙཱ་བ་

ཆེན་མོ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་སྐ་བ་དཔལ་བརྩེགས་ཀྱི་ཡིག་རིས་གཞི་ལ་

བཟུང་སྟེ་ཡི་གེའི་ཐིག་ཚད་གཏན་འབེབས་གནང་། དེའི་སློབ་མ་མཁས་པ་ཆེན་པོ་ རོང་པོས<ཡི་གེའི་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ>ཞེས་པ་མཛད། དུས་

རབས་བཅོ་ལྔ་པའི་ནང་དུ་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་ ཡིག ་མཁན་མཁས་པ་མང་པོ་བསྡུས་ཏེ་མཉམ་འབྲེལ་གྱིས ་འབྲུ་ཆེ ན ་འབྲུ་ཆུང་

གི་ཐིག་རིས་བརྩམས། དུས་རབས་བཅུ་བདུན་པའི་ནང་དུ་སྡེ་སྲིད་སངས་རྒྱས་ རྒྱ་མཚོས་ཐིག་རིས<རིན་ཆེན་སྒྲོམ་བུའི>འགྲེལ་བ་མཛད་པ་བཻཌཱུརྱ་གཡའ་སེལ་

དུ་བཀོད། དེ་ནས་བརྒྱུད་དེ་མཁས་པ་མང་པོས་རིམ་གྱིས་ཐིག་རིས་དང་རྩ་ཚིག འགྲེལ་བརྗོད་བཅས་རིམ་པས་བྱུང་། དེང་གི་དུས་སུ༡༩༨༠ནས༢༠༠༥བར་དུ་བྱུང་

བའི་བྲིས་དཔེ་གང་ཡོད་རིག་བསྟན་གྱིས་ཕྱོགས་བསྡུས་བྱས་པ ལྟར་ན། མདོ་ 317

སྨད་བླ་བྲང་ཕྱོགས་ཀྱི་ཡིག་མཁན་དྲུང་ཡིག་སྨོན་ལམ་རྒྱ་མཚོའི<ཡིག་གཟུགས་ བློ་གསལ་སྤྱི་ནོར>དང་། ཚེ་ཏན་ཞབས་དྲུང་གི་ཐོན་མིའི་མཛུབ་རིས་དང་། ཐོན་ མིའི་བཞད་སྒྲ་གཉིས།

(སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱིས་དཔར།)

ཟླ་བ་ཚེ་རིང་

གི<ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས་མ།> (༡༩༩༩ལོར་མི་རིགས་དཔེ་སྐྲུན་ཁང་ 317

<<ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ།>> རིག་བསྟན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།


གིས་དཔར།)

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 553

བསོད་ནམས་རྒྱ་མཚོའི<གངས་ཅན་བྷོ་ཊའི་ཡིག་གཟུགས་སྣ་ཚོགས་

ཀྱི་མ་ཕྱི་གཡུ་ཁྲིའི་ཕྱག་བྲིས།> (༡༩༨༦ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།) ཚེ་ རིང་དབང་རྒྱལ་གྱི<བོད་ཡིག་གི་ཡིག་གཟུགས་ཀུན་གསལ་མེ་ལོང་།> (༡༩༩༨ལོར་

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།)

གསར་མིག་འབྱེད།>

རྡོ་དྲིལ་གྱི<ཡིག་གཟུགས་དང་སྐུང་ཡིག་འབྲི་ཚུལ་བློ་

(༢༠༠༡ལོར་ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་གིས་དཔར།)

གྲུབ་ཀྱི<བོདཡིག་སློབ་གྲྭའི་ཡིག་གཟུགས་བསླབ་དེབ།> རིགས་དཔེ་སྐྲུན་ཁང་གིས་དཔར།)

ཚེ་རིང་དོན་

(༢༠༠༤ལོར་ཀན་སུའུ་མི་

སྟག་རོང་དཔལ་བསྡུས་ཀྱི<བོད་ཀྱི་བྲིས་དཔེ་མ་ཕྱི་

ཀུན་འཛོམས།> (༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།) ཧོར་པ་བཀྲ་ཤ ིས་དོན་ གྲུབ་ཀྱི<སྐྱེ་རྒུ་ཀུན་དགའ་བཟང་པོའ་ི བྲིས་དཔེ་ཁམས་ཡུལ་སྡེབ་བྲིས་ཀྱི་མ་ཕྱི།> ཀན་སུའུ་ཡེ་ཤེས་རྒྱ་མཚོའི<ཡིག་གཟུགས་པད་དཀར་ཆུན་ཕྲེང་དང་།> ཡིག་

གཟུགས་སྣ་ཚོགས་ཕྱོགས་བསྡུས། པ་སྣམ་རྡོ་རྗེ་ཚེ་རིང་གི<ཡིག་གཟུགས་ཤ ེས་

བྱའི་མེ་ཏོག>དང་། <བློ་གསར་དགའ་བསྐྱེད།> རིག་བསྟན་གྱི<ལངས་གཟུགས་

བྲིས་དཔེ།> རྒྱ་གར་དུ་སྣང་རྒྱལ་ཨ་ཏི་ཤེས་རབ་ཉི་མའི<ཡིག་རིགས་བརྒྱ་ཡི་

མ་ཕྱི ་ འཛམ་གླི ང ་མཁས་དགུའི ་ མཛེ ས ་རྒྱན་ཕྱོ ག ས་ལས་རྣམ་རྒྱལ་ཞེ ས ་བྱ་བ་ བཞུགས་སོ། །>(༢༠༠༠ལོར་རྒྱ་གར་ནས་དཔར།)

༩ གངས་ཅན་ཡིག་རིས་ལ་ཕྱག་རྗེས་ཆེ་བའི་ཡིག་མཁན་དག་གི་ངོ་སྤྲོད།

༡) ཐོན་མི་སམ་བྷོ་ཊ་ནི(619-670) ཁོང་ནི་བཙན་པོ་སྲོང་བཙན་གྱི་བཀའ་ལྟར་རྒྱ་

གར་འཕགས་ཡུལ་དུ་སློབ་གཉེར་ལ་ཕྱིན། ཁོང་ནི་བོད་རིགས་ཀྱི་མེས་པོའ ི་

ཁྲོད་ནས་ཕྱི་རྒྱལ་དུ་སློབ་སྦྱོང་འགྲོ་མཁན་གྱི་ཐོག་མ་ཡིན་ལ། ཁོང་གིས་ བོད་ཡིག་གསར་གཏོད་དམ་བཅོས་སྒྱུར་གནང་བས་ལོ་རྒྱུས་ཁྲོད་དུ་བོད་


554 ཉམས་ཞིབ་དེབ་ཕྲེང་། ༡

ཀྱི་མཛངས་མི་བཞི་བར་བརྩི་ཞིང་བྱས་རྗེས་ཆེ་ཤོས་ཤ ིག་ཡིན། ཁོང་གིས་

བོད་ཡིག་གི་ཡིག་རིས་ལ་སྦལ་ན་བགྲད་འདྲ་ཞེས་ཟེར་ཞིང་ད་ལྟའི་ང་ཚོས་ འབྲི་བཞིན་པའི་ཡིག་རིས་འདིའི་ཐོག་མ་ཡིན།

༢) སྐ་བ་དཔལ་བརྩེགས། ཁོང་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་གི་སྐབས་ཀྱི་ལོ་

ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ་ཁོང་གིས་ནང་ བསྟན་གྱི་གཞུང་ལུགས་མང་པོ་བོད་བསྒྱུར་བྱས་ཡོད་ལ། ལྟ་བའི་རིམ་པའི་

མན་ངག་སོགས་བརྩམས་ཆོས་དུ་མ་བརྩམས་ཡོད། ད་ལྟའི་ཡི་གེའི་ཐིག་ ཚད་ཀྱི་གཞི་བཅོལ་ས་ནི་ཁོང་གི་བྲིས་ཡིག་ཡིན།

༣) ལྡན་མ་རྩེ་མང་། ཁོང་ནི་ཕལ་ཆེར་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་ལོ་ཙཱ་བ་ རྒན་གསུམ་གྱི་གྲས་ཡིན་ལ་ཡིག(བཻ་རོ་ཙཱ་ན།

གསུམ་ལ་ལོ་ཙཱ་བ་རྒན་གསུམ་ཟེར།)

ལྡན་མ་རྩེ་མངས(མིང)། ཁ་ཆེ་ཨ་ནན་ཏ་

མཁན་ཞིག་ཀྱང་ཡིན་ཞིང་། ཁོང་གིས་བོད་

ཡིག་གི་དབུ་མེད་འབྲི་སྲོལ་ཕྱོགས་སྡོམ་བཅོས་སྒྱུར་མཛད་པས་དབུ་མེད་

ཡིག་རིས་ཀྱི་མེས་པོ་ལྟ་བུ་ཞིག་ཡིན་ཤིང་ད་ལྟའི་འབྲི་རྒྱུན་འདིའང་ཁོང་གི་ ལུགས་ཏེ་ལྡན་ལུགས་ཡིན། ཁྱུང་བོའ ི་ལི་ལུགས་དང་ལྡན་མ་རྩེ་མངས(མིང)

ཀྱི་ལྡན་ལུགས་གཉིས་བྱུང་བ་ལས་མགྱོགས་ཡིག་ལ་ལྡན་ལུགས་ཀྱི་ཡིག་

རིས་དང་ཐིག་ཚད་དང་ལྡན་པའམ་ལྡན་མ་རྩེ་མང་གི་ལུགས་ཡིན་པས་ན་ དེ་ལྟར་མང་དུ་གྲགས།

༤) ཁྱུང་བོ་གཡུ་ཁྲི། ཁོང་ནི་བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་རིས་ མཁན་པོ ་ ཞིག ་ཡིན་ལ། ཁོང་གིས་དཀྱིལ་འཁོར ་གྱི་ ཐིག ་ཚད་ལ་གཞི་

བཅོལ་ནས་བོད་ཡིག་དབུ་ཅན་ལ་ཆ་ཆེན་དང་ཆ་ཆུང་གི་ཐིག་ཚད་གཏན་ འབེབ་གནང་། ཁོང་གི་ཕྱག་རྒྱུན་ལྟར་བྲིས་པ་ནི་རྒྱལ་རྩེ་དཔལ་འཁོར་ཆོས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 555

སྡེ ་ དང་འབྲས་སྤུངས་དགོ ན ་གྱི་ བཀའ་འགྱུར་གསེ ར ་བྲི ས ་མ་དག་ཡི ན ། ཁོང་གིས་རིན་ཆེན་སྒྲོམ་བུ་དང་། སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོམ་བུ་ བཅས་མཛད།

༥) སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཁོང་ནི(1642-1705 ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་

སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། སྡེ་སྲིད་གནང་། ཕྱིས་སུ་ཆབ་སྲིད་ཀྱི་

ཡོ་ལང་འོག་ཏུ་སོག་པོ་ལྷ་བཟང་གི་བཙུན་མོས་བཀྲོངས)

དགའ་ལྡན་ཕོ་བྲང་གི་གཞུང་དབུ་

བརྙེས་པའི་ཕྱིས་ཀྱི་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་སྐབས་ཀྱི་གནས་ལྔ་རིག་ པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་བརྩམས་པ་བཻ་དཀར་སོགས་ ཀྱིས་མཚོན་པས་པོད་ཉི་ཤུ་རྩ་དྲུག་ཡོད།

༦) ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཁོང་གིས་འཇམ་དབྱངས་མཁྱེན་བརྩེ་དབང་

པོ་དང་སི་ཏུ་སོགས་མཁས་པ་མང་པོ་བསྟེན་ནས་སློབ་གཉེར་བྱས་ཤ ིང་།

ཁོང་ལ་བརྩམས་ཆོས་པོད་དགུ་ལྷག་ཡོད་པ་ལས་གཙོ་བོ་ནི་མཛོད་ཡིན་ ཞིང་། ཤེས་བྱ་ཀུན་ཁྱབ་མཛོད་དུ་ཡི་གེའི་རྣམ་བཞག་གསུངས་ཡོད།

༧) ཀོག་པོ་བའམ་བསྟན་འཛིན་ཆོས་འཕེལ། ཁོང་ནི་ཏཱ་ལའི་བླ་མ་སྐུ་འཕྲེང་ བཅུ་གསུམ་པའི་སྐབས་ཀྱི་མི། གཞུང་ཞབས་ཤིག་ཡིན་ཤ ིང་། གོ་གནས་ རིམ་འཕར་གྱིས་སྲིད་བློན་ཞོལ་ཁང་བའི་སྣེ་མགྲོན་དང་། ༸གོང་ས་ཏཱ་ལའི་ བླ་མའི་མགྲོན་གཉེར་ཆེན་མོ་གནང་། གོང་ས་ཏཱ་ལའི་བླ་མས་སྐབས་དེར་

ཡིག་མཁན་རྣམས་ལ་ཡིག་ཚད་བླངས་པའི་ཁྲོད་ནས་ཁོང་གི་ཡིག་རིས་

ལེགས་ཤ ོས་སུ་གྱུར་པས་ཤིང་པར་དུ་བརྐོས་ཏེ་རྩེ་སློབ་གྲྭའི་ཡིག་རིས་མ་ དཔེར་གཏན་ཁེལ་བྱས།

༨) དམུ་དགེ་བསམ་གཏན། ཁོང་ནི(1914-1993ད་ལྟའི་སི་ཁྲོན་ཞིང་ཆེན་ཞེས་པའི་ཁོངས་ཀྱི་


556 ཉམས་ཞིབ་དེབ་ཕྲེང་། ༡

ཟུང་ཆུ་རྫོང་དམུ་དགེ་རུ་ཡབ་བསོད་དར་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་འཁྲུངས།) བོད་ཀྱི་ཤ ེས་

རིག་ཡང་དར་སྐབས་སུ་བྱོན་པའི་མཁས་པ་ཆེན་པོ་ཞིག་ཡིན་ཞིང་། ཁོང་ གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་རྡོ་རམས་པའི་བར་དུ་སློབ་

གཉེར་མཐར་སོན་པ་གནང་། བསྟན་པའི་རྒྱལ་མཚན་གྱིས་བཙུགས་པའི་ བླ་བྲང་དགོན་པའི་སློབ་གྲྭའི་རིག་གནས་ཡིག་རིས་དང་བཅས་པའི་དགེ་

རྒན་གནང་། དུས་འགྱུར་ཕྱིས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའ ི་སློབ་ དཔོན་ཆེན་མོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་ ཕྱག་ལས་གནང་བའི་ཞོར་དུ་མདོ་སྨད་ཕྱོགས་ཀྱི་ཡུལ་གྲུ་མང་པོར་ཆོས་

དང་རིག་གནས་ཀྱི་འཆད་ཁྲིད་གནང་། ཁོང་ལ་གསུང་རྩོམ་པོད་དྲུག་ཡོད་ ཅིང་ཡིག་གཟུགས་ཀྱི་དཔེ་རིས་ཀྱང་ཡོད།

༩) ཚེ་ཏན་ཞབས་དྲུང་། ཁོང་ནི(1910-1985ད་ལྟའི་མཚོ་སྔོན་ཞིང་ཆེན་ཞེས་པའི་ཁོངས་ཡ་རྫི་ རྫོང་དུ་ཡབ་ཡང་ཙེའམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།)

ཤེས་

རི ག ་ཡང་དར་སྐབས་ཀྱི ་ མཁས་པ་ཆེ ན ་པོ ་ ཞི ག ་ཡི ན ། ཚེ ་ ཏན་ཞབས་

དྲུང་གི་སྐུ་སྐྱེར་ངོས་འཛིན་བྱས་ཤིང་། ཕྱིས་སུ་རྗེ་ངག་དབང་ཆོས་འཛིན་ སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་ དང་བཅས་པ་མཐར་སོན་པར་སྦྱངས། དུས་འགྱུར་ཕྱིས་སུ་ནུབ་བྱང་མི་

རིགས་སློབ་གྲྭ་ཆེན་མོའ་ི དགེ་རྒན་ཆེན་མོ་དང་། ཞིང་ཆེན་ནང་བསྟན་

མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་ཕྱག་ལས་གནང་། ཕྱག་

ལས་ཀྱི་ཞོར་དུ་མདོ་སྨད་ཕྱོགས་ཀྱི་ཡུལ་གྲུ་དུ་མར་ཆོས་དང་རིག་གནས་ ཀྱི་འཆད་ཁྲིད་གནང་། ཁོང་ལ་མདོ་སྔགས་རིག་གནས་ཡིག་རིས་དང་ བཅས་པའི་བརྩམས་ཆོས་པོད་ལྔ་ཡོད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 557

༡༠) ཟླ་བ་ཚེ་རིང་། ཁོང་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཕོ་བྲང་པོ་ཏ་ ལའི་ཞིབ་འཇུག་ཁོངས་མི་དང་། ཡིག་རིས་མཐུན་ཚོགས་ཀྱི་གཙོ་འཛིན།

ཁོང་གི་བརྩམས་ཆོས་ལ་ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས་མ་ ཞེས་པ་ཡོད་པར་དེང་གི་དུས་སུ་ཞིབ་འཇུག་གི་གདེང་འཇོག་ཚད་མཐོ་བོ་ བྱེད་ཀྱིན་ཡོད།

༡༡) དྲུང་ཡིག་སྨོན་ལམ་རྒྱ་མཚོ། མདོ་སྨད་ཡུལ་གྱི་སྨྱུག་མཁན་ཞིག་ཡིན་ ཞིང་། ཁོང་གིས་བླ་བྲང་ཕྱོགས་ཀྱི་དཔང་ལོ་ཙཱ་བའི་བྲིས་རྒྱུན་དང་ཀུན་

མཁྱེན་འཇིགས་མེད་དབང་པོའ་ི ཕྱག་རྒྱུན། ཁོང་གི་སློབ་དཔོན་དམུ་དགེ་

བསམ་གཏན་བཅས་ཀྱི་འབྲི་རྒྱུན་དེ་ཉིད་མི་ལོ་བཞི་བཅུ་ལྷག་གི་རིང་ལ་

རྒྱུན་འཛིན་དང་དར་རྒྱས་སུ་བཏང་། ད་དུང་ཁོང་གིས་ཁྱུང་པོ་གཡུ་ཁྲིའི་ ཐིག་རྩའི་སྡོམ་ཚིག་དང་། ཀོང་སྤྲུལ་གྱི་ཡིག་རིས་སྡོམ་ཚིག སྡེ་སྲིད་ཀྱི་ ཡིག་རིས་ཐིག་རྩའི་འགྲེལ་བ་སོགས་ལ་ཁུངས་བཅོལ་ཏེ་ཡིག་གཟུགས་བློ་ གསལ་སྤྱི་ནོར་བརྩམས།

དེའི་ཕྱིས་ནས་ད་ལྟའི་བར་དུའང་བོད་ཕྱི་ནང་གཉིས་སུ་ཡིག་མཁན་མི་ཉུང་

བ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ་དེ་དག་གིས་བརྩམས་པའི་བརྩམས་ཆོས་ཀྱང་ ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་དོ། །


558 ཉམས་ཞིབ་དེབ་ཕྲེང་། ༡

ཉི་ཤུ་པ། བོད་ཀྱི་གསོ་བྱེད་རིག་པར་སློབ་སྦྱོང་བྱེད་ཚུལ། ༡ གསོ་བ་རིག་པའི་བྱུང་འཕེལ་གནད་བསྡུས།

བོད་འདི་མི་རིགས་སྤྱི་དང་འདྲ་བར་གདོད་མ་ནས་དམངས་ཁྲོད་གསོ་རིག་གི་ལག་

ལེན་མང་པོ་བྱུང་ཡོད་པ་ནི་སྨོས་མེད་ཡིན་ལ། དེ་ནི་མི་དག་གིས་འཚོ་བའི་འཐབ་ རྩོད་ཀྱི་བརྒྱུད་རིམ་རིང་མོའ ི་ཁྲོད་ནས་ལུས་ཁམས་དང་། སྐྱེས་དངོས། རྫས་སྦྱོར།

སེམས་ཁམས་བཅས་ལ་བརྟག་དཔྱད་བྱས་ཏེ་གསར་གཏོད་བྱས་པ་ཞིག་ཡིན་ པས་མི་རིགས་རེ་རེའི་འཚོ་བའི་ཁོར་ཡུག་དང་མཐུན་པའི་རིག་གནས་ཤིག་གི་

རྣམ་པས་གྲུབ་ཡོད། བོད་ཀྱི་ཡིག་ཆ་དག་ལས་དྲང་སྲོང་དཔྱད་བུ་ཁྲི་ཤ ེས་ཀྱིས་ མཛད་པའི<དུག་བཅོས་གཡུང་དྲུང་འཁྱིལ་བ>ཞེས་པ་ཞིག་ཡོད་པ་སོགས་བོན་ གྱི་ཡིག་ཆ་དག་ལས་སྔ་མོ་ཞིག་ནས་བོད་ལ་ནད་གསོ་རིག་པ་དར་ཡོད་པ་ནི་རྩོད་

མེད་ཡིན་ལ། ལྷག་པར་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་ནས་བཟུང་སྨན་པ་དུང་ གི་ཐོར་ཅོག་ཅན་ཞེས་པ་བྱུང་སྟེ་བོད་ཀྱི་གདོད་མའི་གསོ་རིག་གི་སྟེང་དུ་རྒྱ་གར་

གྱི་ལེགས་ཆ་བསྡུ་ལེན་བྱས་ཏེ་གསོ་རིག་གོང་འཕེལ་དུ་བཏང་བ་དང་། དེའི་ཕྱིས་ འཕེལ་རིམ་ངེས་ཅན་ཞིག་བྱུང་བའི་རྗེས་སུ་བཙན་པོ་སྲོང་བཙན་གྱིས་རྒྱ་ནག་གི་

བུ་མོ་རྒྱ་བཟའ་བཙུན་མོར་བསུས་པ་ནས་བོད་ཀྱི་ལྷ་རྗེ་རྣམས་ཀྱིས་རྒྱ་ནག་གསོ་

རིག་གི་ལེགས་ཆ་འཚོལ་བསྡུ་བྱས་ཏེ་བོད་ཀྱི་གསོ་རིག་ཡར་རྒྱས་བཏང་ཡོད་ལ།

ལྷ་ཐོ་ཐོ་རི་ནས་བཟུང་གསོ་རིག་ལ་གདེང་འཇོག་གནང་སྟེ་བཀྲ་ཤ ིས་ལྡེའི་བར་དུ་ རྒྱལ་པོ་རེ་ལ་བླ་སྨན་རེ་ཡོད་པ་དང་། དེའི་ཕྱིས་སུ་བོད་ཀྱི་གསོ་རིག་གི་རྒྱལ་པོ་

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱུང་སྟེ། ཁོང་གིས་གསོ་བ་རིག་པའི་གཞུང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 559

ལུགས<རྒྱུད་བཞི>བརྩམས་ཤིང་གསོ་རིག་སློབ་གྲྭ་ལྟ་ན་སྡུག་གསར་སྐྲུན་གནང་ སྟེ་བོད་ཀྱི་གསོ་རིག་འདི་ཉིད་ལག་ལེན་དང་ཆ་ལག་ཚང་བའི་གཞུང་ལུགས་ཀྱི་ རྣམ་པ་ཟུང་འབྲེལ་གྱི་སྒོ་ནས་ཡར་རྒྱས་གཏོང་བ་ནས་བརྩིས་ན། ད་ལྟའི་བར་དུ་ལོ་

ངོ༡༣༠༠ཙམ་གྱི་གསོ་རིག་གཞུང་ལུགས་སློབ་སྦྱོང་གི་ལོ་རྒྱུས་ཡོད་ལ། དུས་ཡུན་ རིང་མོ་དེའི་ནང་དུ་སློབ་སྦྱོང་བྱེད་ཐབས་ཀྱི་རིགས་ལམ་ཞིག་ཀྱང་ཆགས་ཡོད་པ་ སྨོས་མེད་ཡིན་ན་དེའི་ཚུལ་ལས་བརྩམས་ཏེ་བོད་ཀྱི་གསོ་བྱེད་རིག་པར་ཁྲིད་སྦྱོང་ བྱེད་ཐབས་ཀྱི་ཁྱད་ཆོས་གཙོ་བོ་འགའ་གཤམ་དུ་བཀོད་ན།

1

༢ སློབ་སྦྱོང་བྱེད་ཐབས་ཀྱི་ཁྱད་ཆོས་འགའ།

རྒྱུད་བཞིའི་སློབ་སྦྱོང་།

༡) རྒྱུད་བཞི་བློ་འཛིན། བཙན་པོ་ཁྲི་སྲོང་སྐབས་ནས་རྒྱུད་བཞིའི་སློབ་སྦྱོང་

གི་སྲོལ་བཟང་བྱུང་ཞིང་། སློབ་སྦྱོང་བྱེད་ཐབས་ཀྱི་གྲུབ་ཆ་གཙོ་བོ་གཅིག་

ནི་སྲོལ་རྒྱུན་བོད་ཀྱི་སློབ་སྦྱོང་གི་བྱེད་ཐབས་སྤྱི་དང་འདྲ་བར་རྒྱུད་བཞིའི་

རྩ་བ་བློ་འཛིན་བྱེད་རྒྱུ་དེ་ཡིན། གལ་སྲིད་རྒྱུད་བཞི་ཆ་ཚང་བློ་འཛིན་མི་

ཐུབ་ན་ནང་དོན་གལ་ཆེན་རིགས་དང་། སྤྱི་དོན་རྩ་ཚིག སྤྱི་ཁོག་དང་ནད་ བཅོས་རྩ་ཚིག བརྟག་ཐབས་དང་སྨན་སྦྱོར་གྱི་རིགས་བཅས་བློ་འཛིན་བྱེད་ དགོས།

༢) བཤད་ཁྲིད། དགེ་རྒན་གྱིས་རྒྱུད་བཞི་ཡོངས་སུ་རྫོགས་པ་བཤད་ཁྲིད་ གནང་དགོས་ཤིང་། རིག་ཚན་དེའི་སློབ་སྦྱོང་གི་ཐུན་མོང་མ་ཡིན་པའི་

བཤད་ཁྲིད་མན་ངག་དང་། འགྲེལ་བརྗོད་ལུང་འདྲེན། དཔེ་དོན་སྦྱོར་བ་དང་


560 ཉམས་ཞིབ་དེབ་ཕྲེང་། ༡

ལག་ལེན་ལ་སྦྱར་བ་སོགས་གང་དུ་བསྟན་པའི་གཞུང་ལུགས་བཤད་ཁྲིད་ བྱེད་ཐབས་ཆ་ཚང་བ་སྤྱོད་དགོས།

༣) འགྲེལ་བའི་སློབ་སྦྱོང་། རྒྱུད་བཞིའི་འགྲེལ་ཆེན་བཞི་སྟེ་ཟུར་མཁར་བས་

བརྩམས་པའི <མེས་པོའ ི་ཞལ་ལུང་དང་།> སྡེ་སྲིད་སངས་རྒྱས་རྒྱ་མཚོས་

བརྩམས་པའི < བཻ ་ སྔོ ན །> སྐྱེ མ ་པ་ཚེ ་ དབང་གི ས ་བརྩམས་པའི < སྐྱེ མ ་ འགྲེལ།> ཁྲོ་རུ་ཚེ་རྣམ་གྱིས་བརྩམས་པའི <འགྲེལ་ཆེན་དྲང་སྲོང་མེ་ ལོང>བཅས་བོད་ཀྱི་གསོ་རིག་མཁས་པའི་འགྲེལ་བ་གྲགས་ཅན་སོགས་

2

ཟུར་ལྟའི་དཔྱད་གཞིར་བཟུང་སྟེ་སློབ་སྦྱོང་བྱེད་དགོས།

ཆ་ལག་གི་སློབ་སྦྱོང་།

༤) ཐིག་ཚད་སློབ་སྦྱོང་།— <ལུས་ཐིག་ཟླ་བའི་ནོར་བུ>ལྟ་བུ་གཞི་ལ་བཟུང་

སྟེ ་ ཐིག ་ཚད་རྩ་ཚིག་བློ་ འཛིན་བྱས་ཤིང་། རྩ་བ་དེ ར ་བསྟན་པའི ་ སོ ར ་

སོགས་ཀྱི་ཐིག་རྩའི་སྤྱི་འགྲོས་དང་བསྟུན་ཏེ་ལུས་ཁམས་ཀྱི་དོན་ལྔ་སྣོད་ དྲུག་དང་རྩ་གནད་སོགས་གང་དང་གང་དུ་ཡོད་མིན་ངེས་པར་བྱེད་དགོས་

ལ༑ རྩ་ཚིག་དང་ལག་ལེན་ཟུང་དུ་འབྲེལ་ནས་སློབ་སྦྱོང་བྱེད་དགོས་པས། དངོས་སུ་ཐིག་རྒྱག་ལག་ལེན་ནང་དུ་ཞུགས་དགོས།

༥) རྡེའུ་འགྲེམས།—རྡེའུ་འགྲེམས་ཀྱིས་རོ་དྲུག་དང་ནུས་པ་ཡོན་ཏན་སོགས་

འགྲེལ་བརྗོད་དང་འདྲེས་སྦྱོར་གྱི་ཕྱོགས་ལ་སློབ་སྦྱོང་བྱས་ཏེ། རྐྱང་པའི་རོ་

དྲུག་ནས་རིམ་གྱིས༥༧བར་དུ་རྡེའུ་འགྲེམས་བྱས་ཤིང་རྫས་རྐྱང་པའི་རོ་ ནུས་དང་སྦྱོར་སྟོབས་ཀྱི་རོ་ནུས་མི་འདྲ་བ་མང་དུ་ཡོད་པ་དག་མ་འཛིང་ བར་བྱས་ཏེ་རྫས་འབྱོར་སློབ་སྦྱོང་བྱེད་དགོས།

༦) ནང་བསྟན་མཚན་ཉིད་རིག་པའི་སློབ་སྦྱོང་།—བོད་ཀྱི་གསོ་རིག་ནི་ནང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 561

བསྟན་མཚན་ཉིད་རིག་པ་དང་འདྲེས་ཡོད་པས། སྨན་པ་ཚད་ལྡན་ཞིག་ བྱེད་པ་ལ་ནང་བསྟན་མཚན་ཉིད་རིག་པ་ནས་བསྟན་པའི་ནང་སེམས་ཀྱི་

རྣམ་བཞག་དང་རྩ་རླུང་ཐིག་ལེ་སོགས་ལ་སློབ་སྦྱོང་བྱས་ཏེ་ནད་ཀྱི་རྩ་བ་ མིའི་སེམས་ཁམས་ཀྱི་གསང་བའི་གནས་ལུགས་རྟོགས་པར་བྱེད་དགོས།

༧) རྩིས་སློབ་སྦྱོང་།—ནང་རྐྱེན་སྐབས་སུ་དུས་དང་འབྲེལ་བས་རྩིས་རིག་ལ་

སྦྱངས་ཏེ་དུས་ཀྱི་འགྱུར་བ་དང་། ནང་གི་ཁམས་དང་ཕྱིའི་འབྱུང་བའི་ཁམས་ མཐུན་མིན། སྨན་སྦྱོར་སྐབས་སུ་བདུད་རྩི་སྨན་སྦྱོར་ལ་ཁེལ་ཡོད་མེད་ལྟ་

བ་དང་། ནད་པ་དང་སྨན་པའི་གཟའ་བཅས་ཀྱི་འགྲོ་ཚུལ་ཤ ེས་དགོས་པས་ ངེས་པར་དུས་ལ་སྦྱོང་དགོས། དེ་བས་གནའ་བོའ་ི བཤད་སྲོལ་དུ་སྨན་པ་

རབ་ལ་རྩིས་པ་འབྲིང་ཞེས་ཟེར་རོ། །

༨) སྨན་རྫས་སློ བ ་སྦྱོ ང ་།—འཁྲུངས་དཔེ ་ གཞི ་ ལ་བཟུང་སྟེ ་ སྨན་རྫས་ངོ ས ་

འཛིན་བྱེད་ཀྱིན་ཡོད་ཅིང་། སྨན་ལ་རྫས་ཀྱི་དབྱེ་བས་རྩ་བ་བརྒྱད་དང་

དེའི་ཞིབ་ཏུ་དབྱེ་བའི་རྣམ་གྲངས་ཧ་ཅང་མང་བས་སྨན་རྫས་ལ་སློབ་སྦྱོང་ བྱེད་དགོས། སྨན་རྫས་ངོས་འཛིན་གལ་ཆེ་ཤོས་ཡིན་ཏེ་སྨན་གྱི་གནས་

ལུགས་མ་ཤེ ས་ན་ནད་པ་གསོ ་བའི་ཐབས་ལམ་མེ ད ་པས་སྨན་གྱི ་ དབྱེ ་

བ་དང་ངོ་བོ་ཤེས་དགོས་པས་ན། གནའ་ནས་བཟུང་གསོ་རིག་སློབ་སྦྱོང་ བྱེད་མཁན་རྣམས་ངོ་ཐོག་ལ་འགྲོ་བ་ཞེས་རི་ངོས་སོགས་ལ་སྨན་རྩ་འཐུ་

རུ་འགྲོ་དགོས་པ་ནི་སྨན་ངོས་འཛིན་གྱི་སློབ་སྦྱོང་བྱེད་ཐབས་ཤིག་ཡིན། སྲོལ་བཟང་དེ་ད་ལྟའང་མ་ཉམས་པར་གནས་པས། ༢༠༡༠ལོར་རྒྱ་གར་ གྱི་རྡ་སར་གནས་སྡོད་བོད་གཞུང་སྨན་རྩིས་ཁང་གི་དགེ་རྒན་མཁྱེན་རབ་

ཀྱིས་སློབ་མ་རྣམས་ཁྲིད་དེ་རྒྱ་གར་བྱང་ཕྱོགས་ཀྱི་ས་མཐོའ་ི ཡུལ་དུ་ཕྱིན་


562 ཉམས་ཞིབ་དེབ་ཕྲེང་། ༡

ཏེ་སློབ་མ་རྣམས་ལ་སྔོ་སྨན༢༣༤ངོསྤྲོད་བྱས་ཤིང་། སྔོ་སྨན༡༠༠ལྷག་གི་ ངོས་འཛིན་དང་སྨན་རྒྱུགས་བླངས་ཡོད།

༩) སྦྱར་བའི་ངོ་བོ།—སྨན་སྦྱོར་ཐབས་དང་། ཉར་སྟངས། དུག་འདོན། སྔོ་སྨན་ ལྟ་བུར་མཚོན་ན་སྨན་རེ་རེའི་གང་དུ་དུག་ཡོད་མིན་ཤ ེས་པར་བྱས་ཏེ་དུག་

མེད་སྨན་སྦྱོར་བྱེད་དགོས་པ་དང་། ད་དུང་སྨན་གྱི་རྫས་རེ་རེའི་སྦྱོར་ཐབས་

མང་ཉུང་། སྨན་གྱི་བཟོ་ཐབས་ཀྱི་ངོས་ནས་རིལ་བུ། ཐང་། བྱུག་པ་སོགས་ གང་འདྲ་ཞིག་བཟོས་ན་ནུས་པ་ཆེ་མིན་དང་ནད་ལ་མཐུན་མིན་ལས་སྨན་ བཟོའམ་རྫས་རིགས་ལས་སྣོན་གྱི་སྐོར་ལ་སློབ་སྦྱོང་བྱེད་དགོས།

༡༠) ནད་བཅོས།—ནད་བཅོས་སྐོར་ལ་སློབ་སྦྱོང་བྱས་ཏེ་ནད་རྟགས་དང་དེའི་

དབྱེ་བ། དུས། སྐྱེས་ཚུལ། གང་ལ་གནོད་པ་བཅས་ཀྱི་སྐོར་ལ་སློབ་སྦྱོང་

བྱས་ཏེ་ངོས་འཛིན་བྱེད་དགོས་པས། གནའ་ནས་བཟུང་གསོ་རིག་སློབ་ སྦྱོང་གི་ཉེ་འགྲམ་དུ་ནད་གསོ་ཁང་ཞིག་ངེས་པར་དུ་མཁོ་བས། དགེ་རྒན་ གྱིས་སློབ་མ་རྣམས་ལ་ནད་པར་བརྟག་དཔྱད་བྱེད་དུ་བཅུག་སྟེ་ནད་ངོས་ འཛིན་བྱེད་པའི་ལག་ལེན་དངོས་ཀྱི་སྦྱོང་བརྡར་དེ་ལ་ནད་ཐོག་ངོ་སྤྲོད་ཟེར།

༡༡) སྨན་གྱི་ཕན་ཡོན།—སྨན་གྱི་ཕན་ཡོན་བློ་འཛིན་བྱས་ཏེ། རྩ་བའི་སྨན་གྱི་

ཕན་ཡོན་དང་སྦྱོར་བའི་ཕན་ཡོན། སྦྱོར་བ་མང་ཉུང་གི་ཕན་ཡོན་བཅས་བློ་ འཛིན་བྱས་ཏེ་དུས་ནམ་ཡང་སྨན་གྱི་དབྱེ་བ་ཙམ་ཤ ེས་པས་མི་ཆོག་པར་ དེའི་ཕན་ཡོན་དང་ཁྱད་ནུས་བློ་ཐོག་ཏུ་ངེས་པ་གལ་ཆེན་དུ་འཛིན།

༡༢) ཆོ ས ་ལུགས་བྱེ ད ་སྒོ ། —བོ ད ་ཀྱི ་ གསོ ་ རི ག ་ནི ་ ནང་བསྟན་ཆོ ས ་ལུགས་

དང་འབྲེལ་བ་དམ་པས་ན། སྨན་པ་རྣམས་ལ་རྒྱུད་པ་གོང་མའི་ལུང་རྒྱུན་ དང་། བཤད་ཁྲིད་མན་ངག་གི་རྒྱུན། གཡུ་ཐོག་སྙིང་ཐིག་གི་དབང་བཅས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 563

ཐོབ་དགོས་པ་དང་། ཟླ་རེའི་ཚེས་བཅུ་དང་སྨན་སྒྲུབ་སོགས་ཆོས་ལུགས་ ཀྱི་ཆོ་གའང་གང་འཚམས་རེ་ལ་སློབ་སྦྱོང་བྱེད་དགོས།

༡༣) སྡོང་འགྲེམས།—སྡོང་འགྲེམས་སློབ་སྦྱོང་ནི་རྒྱུད་བཞིའི་ནང་དོན་རྣམས་

སྡོང་བོར་སྦྱར་ནས་རྩ་བའི་ས་བཅད་གཞུང་རྟ་དང་ཡན་ལག་གི་ས་བཅད་

རྣམས་ཡལ་ག ཉིང་ལག་གི་ས་བཅད་རྣམས་ལོ་འདབ་བཅས་ལ་སྦྱར་ཏེ་ རྒྱུད་བཞིའི་གཞུང་ཁོག་ངེས་པར་བྱེད་དགོས་ཤ ིང་། རྒྱུད་བཞིར་སྤྱིའི་གཞུང་ ཁོག་སྟོན་པའི་སྡོང་བོ་གཅིག་དང་། རྒྱུད་བཞི་རེ་རེ་ལ་སྡོང་བོ་རེ་རེ་བྱས་

ནས་སྡོང་བོ་ལྔར་བགོས་ཡོད་པ་རྣམས་རི་མོ་དང་། དངོས་པོ་སྤྱད་དེ་སྦྱོར་ སྒྲིག་བྱས་ཤ ིང་གཞུང་དོན་ངེས་པར་བྱ་ཕྱིར་ཡོ་ཆས་ཅན་གྱི་སློབ་སྦྱོང་བྱེད།

བོད་ཀྱི་གསོ་བྱེད་རིག་པ་ཡོངས་སུ་རྫོགས་པ་ཞིག་སློབ་སྦྱོང་བྱེད་པ་ལ་

གོང་གི་འདི་འདྲའི་སློབ་སྦྱོང་བྱེད་ཐབས་ཀྱི་ཁྱད་ཆོས་བཅུ་གསུམ་ལ་བརྟེན་ནས་

སློབ་སྦྱོང་བྱེད་བཞིན་ཡོད་ལ། སློབ་སྦྱོང་བྱེད་ཐབས་འདི་དག་ལ་ལག་ལེན་དངོས་ ཀྱི་གཙོ་སྦྱོང་གི་ཁྱད་ཆོས་ཡོད་ཕྱིར། དེ་སྔའི་བོད་ཀྱི་སྨན་པ་མང་དག་ཅིག་ལ་ རང་སྐྱ་ཐུབ་པའི་གསོ་རིག་གི་སློབ་སྦྱོང་ཡོད། དེ་བས་སྨན་གྱི་སློབ་སྦྱོང་ཐོན་པ་

དང་སྨན་པ་བྱེད་ཐུབ་པའི་ སྤུས་ཚད་ལྡན་པའི་ སློབ་སྦྱོང་ཞིག་ཏུ་གྱུར་ཡོད་པའི་ རིན་ཐང་འདི་ཉིད་རྒྱུ་མཚན་དུ་བྱས་ཏེ་རིག་ཚན་གང་ཞིག་སློབ་སྦྱོང་བྱེད་ནའང་ དགེ་སློབ་གཉིས་ལག་ལེན་དངོས་ཀྱི་ནང་དུ་ཞུགས་རྒྱུར་ལམ་སྟོན་གནང་ཡོད།


564 ཉམས་ཞིབ་དེབ་ཕྲེང་། ༡

ཉེར་གཅིག་པ། སྔ་རབས་བོད་ཀྱི་སྐད་བརྡ་རིག་པའི་སློབ་སྦྱོང་བྱེད་ ཐབས།

༡ ཡི་གེ་སྒྲ་གདངས་སློབ་ཁྲིད།

སྔ་མོའ ི་སྐབས་སུ་གཞུང་ལུགས་སུ་འཁོད་པ་ཙམ་ལས་ལག་ལེན་དངོས་ཀྱི་ནང་དུ་

ཡི་གེ་སྐྱེ་གནས་དང་བྱེད་རྩོལ་སློབ་ཁྲིད་ཞིབ་རྒྱས་བྱེད་པའི་ལུགས་སྲོལ་མེད་དེ།

གང་མགྱོགས་མགྱོགས་ཀྱིས་གསལ་བྱེད་དང་དབྱངས་ངོས་ཟིན་པའི་རྗེས་ལ་སྦྱོར་ ཀློག་བྱས་ཏེ། གཞུང་ལུགས་བློ་ཐོག་ཏུ་འཛིན་པ་གཙོ་བོར་བྱེད། དེ་བས་ད་ལྟའང་

ལག་ལེན་དངོས་ཀྱི་སྐྱེ་གནས་བྱེད་རྩོལ་གྱི་ཞིབ་འཇུག་ཅིག་བྱེད་དགོས་ན་ཧ་ཅང་ དཀའ་བའི་ལས་ཤ ིག་ཏུ་གྱུར་ཡོད།

དུས་རབས༡༦པའི་ ནང་བཙུགས་པའི་ རྩེ ་ སློ བ ་གྲྭར་ཡི་ གེ ་ སྐྱེ ་ གནས་བྱེ ད ་

རྩོལ་ནན་ཁྲིད་བྱེད་པའི་སྲོལ་ཅུང་ཟད་ཡོད་པའི་ཤོད་སྲོལ་ཡོད། དེ་སྔ་རྩེ་སློབ་གྲྭ་

འགྲིམས་མྱོང་བའི་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་གསུངས་པ་ལྟར་ན། སྐབས་དེར་ཀློག་དག་ཤ ོས་ལྷོ་ཁའི་ཕྱོགས་ལ་བརྩི་བཞིན་པས་ཀློག་གི་དགེ་རྒན་ལྷོ་ ཁ་ནས་གདན་འདྲེན་བྱེད་པའི་སྲོལ་ཡོད་ལ། ཀློག་སློབ་པའི་སྐབས་སུ་སྐྱེ་གནས་ དང་བྱེད་རྩོལ། སྒྲ་ཤུགས་ཆེ་ཆུང་སོགས་ལ་གཟབ་ནན་བྱེད་ཀྱིན་ཡོད། དཔེར་ན།

རྩོལ་བ་དང་སྒྲ་ཤུགས་ཆེ་ཆུང་བརྟག་པའི་ཕྱིར་དུ་ལག་མཐིལ་ཁ་ལ་མ་རེག་ཙམ་

བྱས་ཤ ིང་ཡི་གེ་ཀློག་སྟེ། ལག་མཐིལ་དུ་བསླེབས་པའི་རླུང་ཤུགས་ཆེ་ཆུང་དང༌། ཡང་ན་ཤ ོག་བུ་ཁ་ལ་མ་རེག་ཙམ་བྱས་ཏེ་ཡི་གེ་ཀློག་འདོན་གྱིས་ཤོག་བུའི་འགུལ་ཚད་ ལ་བརྟག་པའི་སྲོལ་ཡོད་པར་བཤད། འོན་ཀྱང་དེ་འདྲའི་བྱེད་ཐབས་སྤྱོད་བཞིན་པའི་བྱུང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 565

བ་གསལ་བའི་ཡིག་ཆ་མ་རྙེད་ཅིང་། གང་ཡོད་པའི་ལག་ལེན་དེའང་མིང་ཙམ་ལས་དེ་ འདྲའི་དོན་སྙིང་ཆེན་པོ་མེད་པ་འདྲ།

༢ བརྡ་སྤྲོད་རིག་པར་སློབ་སྦྱོང་བྱེད་ཐབས།

དུས་རབས་བདུན་པའི ་ ནང་དུ་ཐོ ན ་མི ་ སམ་བྷོ ་ ཊས་སུམ་རྟགས་གཉི ས ་ཀྱི ་ རྩ་

བ་བརྩམས་པ(ཐོན་མིས་བརྩམས་པ་མིན་པར་དོགས་དཔྱོད་གནང་མཁན་ཡོད) ནས། དུས་

རབས་བརྒྱད་པའི་སྨད་ཙམ་ལ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བརྩམས་པའི<གནས་

བརྒྱད>དང་། དུས་རབས་བཅུ་གཅིག་པའི་སྟོད་ཙམ་ལ་བརྩམས་པའི<སྨྲ་སྒོ་ མཚོན་ཆ།> དུས་རབས་བཅུ་གཉིས་པའི་སྨད་དང་བཅུ་གསུམ་པའི་སྟོད་ཙམ་ན་ས་

པཎ་གྱི<ཡི་གེ་སྦྱོར་བ།> དུས་རབས་བཅུ་གསུམ་པར་དཔང་ལོ་ཙཱ་བའི<ཚོགས་

གསུམ་གསལ་བ།> དུས་རབས་བཅུ་གསུམ་པའི་ནང་དུ་ཡར་འབྲོག་པ་རིན་ཆེན་ ཏོག་དང་། དུས་རབས་བཅོ་ལྔ་པའི་ནང་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། དུས་

རབས་བཅུ་དྲུག་པའི་ནང་དུ་ཟུར་མཁར་བློ་གྲོས་རྒྱལ་པོ། དུས་རབས་བཅུ་བདུན་ པའི་ནང་དུ་རྣམ་གླིང་པཎ་ཆེན་དང་པྲ་ཏི་རིན་ཆེན་དོན་གྲུབ། དུས་རབས་བཅོ་

བརྒྱད་པར་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། དུས་རབས་བཅུ་དགུ་པའི་ནང་ དུ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་དང་དངུལ་ཆུ་དྷ་རྨ་བྷ་དྲ། དུས་རབས་ཉི་ཤུ་

པའི་ནང་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་ཀྱིས་བརྩམས་པའི་བརྡ་སྤྲོད་པའི་ གཞུང་ལུགས་གང་རུང་ཞིག་རྩ་བར་བཟུང་ཞིང་གཞུང་ལུགས་གཞན་དག་གི་ལྟ་

ཚུལ་རྣམས་ཟུར་ལྟའི་དཔྱད་ཡུལ་དུ་བཟུང་ནས་སློབ་སྦྱོང་བྱེད་སྲོལ་ཡོད། དེ་ལྟར་

བལྟས་ན་དུས་རབས་བདུན་པར་ཡི་གེ་གསར་བཟོ་བྱས་པ་ནས་བརྩིས་ན་བརྡ་སྤྲོད་ པའི་གཞུང་ལུགས་ལ་བརྟེན་ནས་སྐད་ཡིག་སློབ་སྦྱོང་བྱས་པར་ལོ་ངོ༡༣༠༠ལྷག་


566 ཉམས་ཞིབ་དེབ་ཕྲེང་། ༡

གི་ལོ་རྒྱུས་ཡོད་པ་མ་ཟད་འཕེལ་རིམ་ཡང་ངེས་ཅན་ཞིག་ཡོད་པ་བཞིན། སློབ་

སྦྱོང་བྱེད་ཐབས་ཀྱི་རིགས་ལམ་ཞིག་ཀྱང་དར་ཡོད་པ་ནས་བརྩམས་ན། ལོ་རྒྱུས་ཀྱི་

བརྒྱུད་རིམ་རིང་མོ་དེའི་ནང་དུ་སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐབས་ཀྱང་ཁྱད་པར་བ་ ཁ་ཤ ས་ཤ ིག་བྱུང་ཡོད་པའི་ཚུལ་ལས་བརྩམས་ན།

༣ ཁྱད་ཆོས་འགའ།

༡) སུམ་རྟགས་གཉིས་ཀྱི་རྩ་བ་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་

པའི་ཕྲད་རྣམ་དབྱེ་བཅུ་བཞིའི་སྒྲ་འཇུག་གི་སྡོམ་ཚིག་དང་རྟགས་འཇུག་གི་ སྐབས་ཀྱི་ཕོ་མོའ་ི རྟགས་ཀྱི་དབྱེ་བ་དང་ཐོབ་ཚུལ་གྱི་སྡོམ་ཚིག་བཅས་བློ་

འཛིན་བྱེད་དགོས།

༢) དགེ ་ རྒན་གྱི ས ་བོ ད ་ཀྱི ་ བརྡ་སྤྲོ ད ་པ་སུམ་ཅུ་པ་དང་རྟགས་ཀྱི ་ འཇུག་

པའི་འགྲེལ་གཞུང<ཞ་རྣམ་པྲ་གསུམ>ལྟ་བུའི་མཁས་པ་གང་རུང་ཞིག་ གི ས ་བརྩམས་པའི ་ སུམ་རྟགས་འགྲེ ལ ་བ་ཞི ག ་གཞི ་ ལ་བཟུང་སྟེ ་ སློ བ ་ ཁྲི ད ་བྱེ ད ་ཀྱི ན ་ཡོ ད ། འགྲེ ལ ་བ་རྣམས་ཀྱི ་ ནང་དུ་བརྡ་སྤྲོ ད ་པའི ་ ལག་

ལེན་དང་ལྟ་གྲུབ། མཁས་པ་གཞན་གྱི་འདོད་ཚུལ་ལ་བགྲོ་གླེང་། བརྡ་

སྤྲོད་པའི་བྱུང་འཕེལ་བཅས་འདྲེས་ཡོད་པ་དང་། སྔོན་དུས་སློབ་ཚན་དེ་

དག་དགོན་སྡེའི་སློབ་ཚན་གྱི་ཆེད་དུ་བརྩམས་པ་ཤ ་སྟག་ཡིན་པས་གཞུང་ ལུགས་ཆེན་མོར་སྦྱངས་མྱོང་ཡོད་མཁན་ལས་གཞན་གྱི་སློབ་མ་དག་གིས་ སློབ་སྦྱོང་བྱས་ན་རྟོགས་དཀའ་ལ་རྙོག་འཛིང་ལྡན་པ་ཞིག་ཡིན།

༣) སློབ་མ་རྣམས་ཀྱིས་ངེས་པར་དུ་སྦྱོང་ཚན་མཐའ་དག་ལ་དཔེ་བརྗོད་འཇོག་

དགོས་ཤ ིང་དགེ་རྒན་གྱིས་སློབ་མའི་དཔེ་བརྗོད་རེ་རེ་བཞིན་ཞུ་དག་དང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 567

ཞིབ་འཇུག་གནང་དགོས། དེ་ནི་ལག་ལེན་དངོས་ཀྱི་མྱོང་བའི་སློབ་སྦྱོང་ ཞིག་ཡིན་པས་སློབ་སྦྱོང་སྤུས་ཚད་ཅན་དུ་བསྒྱུར་བར་རིན་ཐང་བླ་ན་མེད་ པ་ཡོད།

༤) སུམ་རྟགས་གཉིས་སྦྱངས་ཚར་བའི་རྗེས་སུ་རྒྱ་གར་གྱི་བརྡ་སྤྲོད་པ་དང་ བོ ད ་ཀྱི ་ བརྡ་སྤྲོ ད ་པ་གཉི ས ་ཟུང་སྦྲེ ལ ་གྱི ས ་བརྩམས་ཡོ ད ་པའི ་ བསྟན་ བཅོ ས<གནས་བརྒྱད>དང་། <སྨྲ་སྒོ >སོ ག ས་སྦྱོང་ཞིང་བརྡ་སྤྲོད་པའི་

གྲུབ་མཐའ་འམ་གཞུང་ལུགས་ཀྱི་ སློ བ ་སྦྱོ ང ་འཐུས་སྒོ ་ ཇེ ་ ཚང་དུ་གཏོ ང་ བཞིན་ཡོད།

༥) དེ་ནས་རྒྱ་གར་གྱི་བརྡ་སྤྲོད་པའི་གཞུང་ལུགས<ཀཱ་ཙན་དབྱངས>གསུམ་

ཞེས་སུ་གྲགས་པའི་སྒྲ་གཞུང་ཀཱ་ལ་པ་དང་། ཙནྡྲ་པ། དབྱངས་ཅན་མ་

བཅས་བོད་ཀྱི་བརྡ་སྤྲོད་པའི་དཔེ་མཛད་སའི་རྒྱ་གར་གྱི་གནའ་བོའ་ི བརྡ་

སྤྲོད་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ་བརྡ་སྤྲོད་པའི་ལུགས་ཀྱི་ཤ ེས་

བྱའི་སྤུས་ཚད་མཐོར་འདེགས་དང་། ནང་བསྟན་མཚན་ཉིད་རིག་པའི་

གཞུང་ཚིག་ལས་མིང་བརྡ་དག་གི་ཐོག་མའི་སྒྱུར་གཞིའི་མ་ཚིག་གོ་བར་ བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད།

༦) སུམ་རྟགས་ཀྱི་འགྲེལ་བ་གང་རུང་ཞིག་རང་ལུགས་ཀྱི་རྩ་བར་བཟུང་སྟེ་

གཙོ་བོའ་ི སློབ་སྦྱོང་བྱེད་ཅིང་། མཁས་པ་གཞན་དག་གི་ལྟ་ཚུལ་རྣམས་

ཟུར་བལྟའི་དཔྱད་གཞིར་བཟུང་སྟེ་སློབ་སྦྱོང་བྱེད་སྲོལ་ཡོད་པས། བརྡ་ སྤྲོད་ལྟ་གྲུབ་ཀྱི་སློབ་སྦྱོང་གཙོ་བོ་བྱས་ཡོད།

༧) ཞོར་དུ་བོད་ཀྱི་མཁས་པ་དག་གིས་མཛད་པའི་དག་ཡིག་སྟེ། དཔང་ལོ་ཙཱ་ བས་མཛད་པའི<ཚོགས་གསུམ་གསལ་བ>དང་། ཞ་ལུ་ལོ་ཙཱ་བས་མཛད་


568 ཉམས་ཞིབ་དེབ་ཕྲེང་། ༡

པའི<དག་ཡིག་ཟ་མ་ཏོག> སྐྱོགས་སྟོན་ལོ་ཙཱ་བས་མཛད་པའི<ལི་ཤ ིའི་

གུར་ཁང་།> དབྱངས་ཅན་རོལ་བའི་འོ་མཚོས་མཛད་པའི<མཁས་པ་

དགའ་སྐྱེད>སོགས་དག་ཡིག་སྐོར་ལ་སློབ་སྦྱོང་བྱས་ཏེ་བརྡ་དང་ཐ་སྙད་ ཀྱི་རྨོངས་པ་བསལ་བར་བྱེད།

གོང་གི་སྔ་རབས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་ཐབས་དང་སློབ་ཚན་དེ་

དག་དེང་གི་དུས་ཀྱི་འཛིན་གྲྭའི་རིམ་འཕེལ་དང་། བྱིས་པའི་སྐད་ཡིག་སློབ་སྦྱོང་ དང་། མཚན་ཉིད་རིག་པའི་གཞུང་ལུགས་མ་སྦྱངས་པའི་སློབ་གྲྭའི་སློབ་སྦྱོང་གི་

ངོས་ནས་བལྟས་ན། ཁྲིད་ཐབས་དང་སློབ་ཚན་གཉིས་ཐད་ནས་འོས་ཤ ིང་ཚད་ལྡན་

ཞིག་མིན་པས་ངེས་པར་འགྱུར་བ་གཏང་དགོས་ངེས་སུ་འཁུམས་ཀྱང་། གནའ་

རབས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་ལག་ལེན་དངོས་ཀྱི་སློབ་སྦྱོང་བྱེད་ཐབས་དེ་ དག་ལ་རིན་ཐང་ངེས་ཅན་རེ་ལྡན་ཡོད་པ་བསྙོན་དུ་མེད་པས། ཁྲིད་སྦྱོང་བྱེད་ཐབས་ འདི་དག་ལ་ལག་ལེན་དངོས་ཀྱི་དོན་སྙིང་ཆེ་ཆེར་ལྡན་ཞིང་གཙོ་ཁྲིད་དང་གཙོ་སྦྱོང་ ལས་གཙོ་སྦྱོང་གི་བྱེད་ཐབས་མངོན་གསལ་རེ་སྤྱོད་བཞིན་པའོ། །སློབ་མ་རྣམས་

དངོས་སུ་ལག་ལེན་དངོས་ཀྱི་ནང་དུ་ཞུགས་ཏེ་ཚོད་ལྟ་བྱེད་པའི་སློབ་ཁྲིད་བྱེད་ ཐབས་འདི་ནི་དེང་གི་སློབ་ཁྲིད་རིག་པའི་ངོས་ནས་བལྟས་ན་དྲན་ཤེས་ལྡན་པའི་ ཁྲིད་སྦྱོང་བྱེད་ཐབས་ཤ ིག་ཡིན་ནོ། །

༤ རྩོམ་རིག་སློབ་སྦྱོང་བྱེད་ཐབས།

རྩོམ་རིག་སྨྲ་བ་རྣམས་ཀྱིས་བརྗོད་པ་ལྟར་རྩོམ་རིག་ནི་མིའི་རིགས་ཀྱི་ངག་གྲོལ་བ་

ནས་བྱུང་ཡོད་ལ། ཡིག་ཐོག་རྩོམ་རིག་ཀྱང་མི་རིགས་ཤིག་ལ་ཡི་གེ་བྱུང་བ་ནས་ དར་ཡོད་པས་རིག་ཚན་འདིའི་ལོ་རྒྱུས་ཀྱི་ཁུངས་ནི་ཆེས་རིང་མོ་ཞིག་ཡིན་པ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 569

བོད་ཀྱི་གནའ་རབས་སྲིད་པ་ཆགས་གླུ་དང་དམངས་ཁྲོད་གླུ། གཏམ་དཔེ་སོགས་

ཀྱིས་བདེན་དཔང་བྱེད་ནུས་པ་ཞིག་ཡིན་ཞིང་། ལྷག་པར་གནའ་བོའ<ི ཏུན་ཧོང་

གཏེར་ཡིག>གི་ནང་དུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་མགུར་གླུ་མང་དག་

ཅིག་ཐོན་ཡོད་པ་ལས་ཡིག་ཐོག་རྩོམ་རིག་ཀྱང་སྔ་བོ་ཞིག་ནས་བྱུང་ཡོད་པ་དཔག་

ཐུབ། དེ་ནས་རིམ་གྱིས་དར་རྒྱས་གོང་འཕེལ་དུ་ཕྱིན་ཏེ་རྟོགས་བརྗོད་རྣམ་ཐར་དང་

མགུར་གླུ་སོགས་ཆེས་ཆེར་དར་ཞིང་བོད་ཀྱི་རྩོམ་རིག་ཅེས་པ་ཞིག་བྱུང་། འོན་ ཀྱང་རྩོམ་རིག་གི་གཞུང་ལུགས་ཀྱི་སྣེ་ཁྲིད་དང་། གཞུང་ལུགས་གང་ཞིག་ལ་བརྟེན་

ནས་སློབ་སྦྱོང་བྱེད་སྲོལ་ནི(1182-1251) ཆོས་རྗེ་ས་པཎ་གྱིས་མཁས་འཇུག་ཏུ་རྩོམ་གྱི་

རྣམ་བཞག་མདོར་བསྡུས་ཤིག་མཛད་པ་ནས་འགོ་འབུས་ཤ ིང་། དུས་རབས་བཅུ་

གསུམ་པར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས<སྙན་གཞུང་མེ་ལོང་མ>བོད་སྒྱུར་ བྱས་པ་ནས་རྒྱ་གར་གྱི་སྙན་གཞུང་མེ་ལོང་མར་བརྟེན་ནས་སྙན་ངག་སློབ་སྦྱོང་

བྱེད་པའི་ལུགས་སྲོལ་བྱུང་། དེའི་ཕྱིས་བོད་ཀྱི་མཁས་པ་དཔང་ལོ་ཙཱ་བ་བློ་གྲོས་ བརྟན་པ་དང་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། སི་ཏུ་བསྟན་པའི་ཉིན་བྱེད་བཅས་ ཀྱིས་བསྒྱུར་ཞུས་མཛད་ཡོད།

སྡེ་བ་རིན་སྤུངས་པའི(1482-?)<སྙན་འགྲེལ་མི་འཇིགས་སེང་གེ་ང་རོ> དང་།

ཟུར་མཁར་བློ་གྲོས་རྒྱལ་པོའ(1509-?) <སྙན་ངག་མེ་ལོང་མའི་མེ་ལོང་།> བོད་མཁས་ ི

པའི(1618-?) <དཎྜིའི་དགོངས་རྒྱན།> འབྲུག་ཁམས་སྤྲུལ་གྱི<སྙན་འགྲེལ་ངག་གི་

རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས།> རྒྱལ་དབང་ལྔ་པའི(1617-1682) <སྙན་འགྲེལ་དབྱངས་ཅན་དགྱེས་གླུ།> འཇུ་མི་ཕམ་པའི(1846-1912) <སྙན་འགྲེལ་

དབྱངས་ཅན་དགྱེས་པའི་རོལ་མཚོ།>སོགས་ཡོངས་གྲགས་ཀྱི་སྙན་འགྲེལ་ཆེན་ མོ་ཁག་དང་། གཞན་ཡང་བོད་ཀྱི་མཁས་པ་མང་པོས་གཞུང་འགྲེལ་དང་དོགས་


570 ཉམས་ཞིབ་དེབ་ཕྲེང་། ༡

དཔྱོད་ཀྱི་བརྩམས་ཆོས་མང་དུ་ཡོད་པ་དག་ལ་བརྟེན་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་གཞུང<མེ་ལོང་མ>བོད་བསྒྱུར་བྱས་པ་ནས་ བརྩིས་ན་བོད་ཀྱིས་སྙན་གཞུང་ལ་བརྟེན་ནས་རྩོམ་རིག་སློབ་སྦྱོང་བྱེད་པའི་དུས་

ཡུན་ལ་ལོ་ངོ700ལྷག་གི་ལོ་རྒྱུས་ཡོད། ལོ་རྒྱུས་རིང་མོ་དེའི་ཁྲོད་དུ་སློབ་སྦྱོང་བྱེད་ པའི་ཐབས་ལམ་ཁྱད་པར་ཅན་ཁ་ཤས་ཤིག་བྱུང་ཡོད་པའི་ཚུལ་ལས་བརྩམས་ན།

༥ ཁྱད་ཆོས་འགའ།

༡) ཐོ ག ་མར་སྙན་གཞུང་མེ ་ ལོ ང ་མའི ་ རྩ་ཚི ག ་ཅེ ས ་རྒྱན་རེ ་ རེ འི ་ ཐུན་མོ ང ་ མ་ཡིན་པའི་སྐད་ཆའི་ཁྱད་ཆོས་སྟོན་པའི་རྩ་ཚིག་རྣམས་བློ་འཛིན་བྱེད་ དགོས།

༢) དགེ་རྒན་གྱིས་ལེའུ་གཉིས་པ་ནས་འགོ་བརྩམས་ཏེ་རྒྱན་རེ་རེ་བཞིན་ངོ་

སྤྲོད་བྱེད་དགོས། དེའི་ནང་དུ་རྒྱན་དེ་དང་དེའི་ཁྱབ་ཚད་དང་། ཐུན་མོང་མ་

ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས། མཚུངས་ཆོས་ཡོད་པའི་རྒྱན་ཕན་ཚུན་བར་

གཤིབ་བསྡུར་བྱེད་པ། བོད་ཀྱི་མཁས་པ་དག་གིས་རྒྱན་གྱི་འགྲེལ་བརྗོད་ བྱེད་ཚུལ་ལ་མི་མཐུན་པ་གང་ཡོད་པ་རྣམས་གཅིག་ཏུ་སྤུངས་ཏེ་དོགས་ གཅོད་བྱེད་པ་བཅས་འདུས་ཡོད།

༣) སློབ་ཕྲུག་རྣམས་ཀྱིས་རྒྱན་རེ་རེ་ལ་ལད་ཟློས་ཀྱིས་དཔེ་བརྗོད་འཇོག དེ་

ལ་ལག་ལེན་དངོས་ཀྱི་དོན་སྙིང་ལྡན་པས་བོད་ཀྱི་མཁས་པ་རིག་གནས་

སྦྱངས་མྱོང་མཁན་ཞིག་ཡིན་ཕྱིན་སྙན་ངག་འབྲི་ཤ ེས་པའི་རྒྱུ་མཚན་ཡང་ འདི་ལ་ཐུག་ཡོད།

༤) སློབ་ཕྲུག་གིས་དཔེ་བརྗོད་བཞག་པ་དག་ལ་དགེ་རྒན་གྱིས་ཞུ་དག་དང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 571

བཟོ་བཅོས་རྒྱག དེ་ནི་མྱོང་ཁྲིད་དུ་གཏོགས་པས་དགེ་རྒན་གྱིས་ཚིག་གི་ རྒྱན་སྦྱོར་ཚུལ་དང་སྐད་ཆའི་ཐབས་ལམ། སྒྱུ་རྩལ་རིགས་ལམ་དང་འཆར་

འགོད་བཅས་ཀྱི་སྣེ་ཁྲིད་བྱེད་ཐབས་ཤིག་ཡིན་པས། སྙན་ངག་དགེ་རྒན་ ཞིག་ཡིན་ན་དགེ་རྒན་དེའང་སྙན་ངག་པ་ཞིག་ཡིན་དགོས།

༥) མེ་ལོང་མའི་སློབ་ཁྲིད་མཐར་ཕྱིན་པ་དང་། རྒྱ་གར་དང་བོད་ཀྱི་མཁས་པས་

བརྩམས་པའི་སྙན་ངག་ཆེན་པོ<སྐྱེས་རབས་སོ་བཞི་པ>དང་། <རྟོགས་ བརྗོད་དཔག་བསམ་འཁྲི་ཤིང་།> <སྤྲིན་གྱི་ཕོ་ཉ།> <རཱ་མ་ཎའི་རྟོགས་

བརྗོད། <འཕགས་པ་རྟག་ངུའི་རྟོགས་བརྗོད>སོགས་རྟོགས་བརྗོད་དང་

བསྟོད་རྩོམ། ཆབ་ཤོག་རིགས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་དང་ཚིག་སྦྱོར་ སྤེལ་ལུགས་སོགས་ལ་སློབ་སྦྱོང་བྱས་ཏེ་སློབ་མ་རང་ངོས་ནས་སློབ་ཐོན་ ཆེད་རྩོམ་ལྟ་བུར་རྟོགས་བརྗོད་ལྟ་བུའི་སྙན་ངག་ཆེན་པོ་ཞིག་འབྲི་དགོས།

༦) དེའི་ཞོར་དུ་སྙན་ངག་ལ་ཉེ་བར་མཁོ་བའི་སྙན་ངག་གི་བརྡ་ཆད་མངོན་ བརྗོ ད ་དེ ། རི ན ་སྤུངས་ངག་དབང་འཇི ག ས་གྲགས་ཀྱི ས ་རྒྱ་གཞུང་ལ་

དཔེ་མཛད་ཅིང་བོད་ཀྱི་རིག་གཞུང་གིས་ཟུར་སྤྲས་ཏེ་མཛད་པའི<མངོན་ བརྗོ ད ་མཁས་པའི ་ རྣ་རྒྱན>དང་། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི ་

<མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས>བཅས་དང་། ཡང་

རྒྱ་གར་གྱི ་ ཚི ག ས་བཅད་སྙན་ངག་གི་ རྨང་གཞིའི་ ཡི་ གེ ་ དང་ཚེ ག ་བར་ སྡེབ་ཚུལ་གྱི་སྙན་ངག་གི་དབྱངས་རྟ་ལ་སློབ་སྦྱོང་བྱེད་སྲོལ་ཡོད། དཔེར་ ན༑ ས་པཎ་གྱིས<སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ>ཞེས་པ་མཛད་

པ་དང་། སྨིན་གླིང་ལོ་ཆེན་དང་། ཡར་ལུང་གྲགས་པ་རྒྱལ་མཚན། ཞྭ་

ལུ་ཆོ ས ་སྐྱོ ང ་བཟང་པོ ་ བཅས་ཀྱིས ་བསྒྱུར་དང་འགྱུར་བཅོ ས ་བྱས་པའི་


572 ཉམས་ཞིབ་དེབ་ཕྲེང་། ༡

རྒྱ་གར་གྱི ་ མཁས་པ་རི ན ་ཆེ ན ་འབྱུང་གནས་ཞི ་ བ་ཞེ ས ་པས་མཛད་ པའི<སྡེབ་སྦྱོར་རིན་ཆེན་འབྱུང་གནས>ལ་བརྟེན་ནས་རྒྱ་གར་ཡི་གེའི་

སྡེབ་སྦྱོར་ལ་སློབ་སྦྱོང་བྱེད་སྲོལ་ཡོད། དེའི་ཕྱིས་ཀྱི་མཁས་པ་རྣམས་

ཀྱིས་རྒྱ་གར་གྱི་སྡེབ་སྦྱོར་རིག་པར་དཔེ་བལྟས་ཏེ་བོད་ཀྱི་ཚིགས་བཅད་ སྙན་ངག་ལ་སྡེ བ ་སྦྱོ ར ་གྱི ་ རྣམ་བཞག་མཛད་ཡོ ད ། དཔེ ར ་ན། <སྙན་ འགྲེལ་ཡང་གསལ་སྣང་མཛོད>སོགས་སུ་བོད་ཀྱི་སྙན་ངག་གི་ཚེག་བར་

སྡེབ་སྟངས་དང་ཡི་གེ་ལྕི་ཡང་གི་རྣམ་བཞག་སྟོན་པ་དག་ལ་སློབ་སྦྱོང་ བྱེད་སྲོལ་ཡོད།

ཁྱད་ཆོས་དྲུག་དང་ལྡན་པའི་བོད་ཀྱི་གནའ་བོའ་ི རྩོམ་རིག་སློབ་སྦྱོང་བྱེད་

ཐབས་འདི་དག་ལ་ལག་ལེན་དངོས་ཀྱི་དོན་སྙིང་ཆེ་ཆེར་ལྡན་ཞིང་གཙོ་ཁྲིད་དང་ གཙོ་སྦྱོང་ལས་གཙོ་སྦྱོང་གི་བྱེད་ཐབས་མངོན་གསལ་ཞིག་ཡོད། སློབ་མ་རྣམས་

དངོས་སུ་ལག་ལེན་དངོས་ཀྱི་ནང་དུ་ཞུགས་ཏེ་ཚོད་ལྟ་བྱེད་པའི་སློབ་ཁྲིད་བྱེད་

ཐབས་འདི་ནི་དེང་གི་སློབ་ཁྲིད་རིག་པའི་ངོས་ནས་བལྟས་ན་དྲན་ཤ ེས་ལྡན་པའི་

སློབ་སྦྱོང་བྱེད་ཐབས་ཤིག་ཡིན། དེ་ཙམ་ལས་དེང་དུས་ཀྱི་རྩོམ་རིག་གང་ཞིག་ ཚིག་འགྲེལ་ཙམ་མ་ཡིན་པར་རྩོམ་རིག་ཧྲིལ་པོར་རོ་མྱོང་དཔྱད་བརྗོད་བྱེད་པ་ དང་། དཔྱད་རྩོམ་འབྲི་ཐབས། བརྩམས་སྒྲུང་སོགས་ལ་སློབ་སྦྱོང་བྱེད་སྲོལ་མེད།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 573

ཉེར་གཉིས་པ། སྔ་རབས་བོད་ཀྱི་དགོན་སྡེའི་སྒྱུ་རྩལ་སློབ་སྦྱོང་བྱེད་ ཐབས།

༡ ཆོས་ཀྱི་དབྱངས་རྟ་སློབ་སྦྱོང་བྱེད་ཚུལ།

བོད་ཀྱི་དགོན་སྡེ་སློབ་ཁྲིད་ནི་གཙོ་བོ་འཆད་ཁྲིད་དུ་གཏོགས་པ་དང་། དམར་ཁྲིད་

ཀྱི་ངོས་ནས་བལྟས་ན་ཡོ་ཆས་ཉུང་ཉུང་ཞིག་དང་སྟབས་བདེ་ཞིག་ལས་མེད་པའི་ སློབ་ཁྲིད་རྣམ་པ་ཞིག་ཡིན་ཞིང་། མྱོང་ཁྲིད་དང་དམར་ཁྲིད་ཀྱི་ཁྱད་ཆོས་མངོན་ གསལ་ཞིག་ཡོད་པ་ནི་རྩོད་གྲྭ་དག་གི་བགྲོ་གླེང་སློབ་ཁྲིད་དེ་ཡིན། སློབ་མ་དང་

སློབ་མའི་བར་དང་། སློབ་དཔོན་དང་སློབ་མའི་བར་བཅས་ལ་བགྲོ་གླེང་ཤུགས་ ཆེར་ཡོད་པས་དེས་དམར་ཁྲིད་ཀྱི་གནས་བབ་གལ་ཆེན་ཟིན་ཡོད་ལ། སྒྲུབ་གྲྭ་དག་ ཏུ་སྒོམ་གྱི་རིམ་པ་རྣམས་སློབ་དཔོན་གྱིས་མྱོང་ཁྲིད་བྱེད་པའི་ལུགས་སྲོལ་ཡོད་ མོད། འོན་ཀྱང་། བཤད་མྱོང་དམར་གསུམ་འདྲེས་སྦྱོར་དེ་ཙམ་བྱེད་མ་ཐུབ་པའི་ཞན་

ཆ་ཡོད་པ་གོང་ནས་བཤད་ཟིན་ཀྱང་། འདིར་སྲོལ་རྒྱུན་དགོན་སྡེ་སློབ་ཁྲིད་ཡོ་ཆས་

ཅན་གྱི་དམར་ཁྲིད་ཀྱི་ངོས་ནས་གླེང་ན། “མཐོང་བ་བརྒྱུད་པའི་ལག་ལེན”ཞེས་པ་ ལྟར་ལག་ལེན་གྱི་དོན་སྙིང་ལྡན་པའི་ཡོ་ཆས་ཅན་གྱི་སློབ་ཁྲིད་བྱེད་ཐབས་ཀྱང་ ཡོད་དེ། དེའང་རིམ་བཞིན་བཤད་པར་བྱ་བ་ལ།

1

དབྱངས་རྟ་སློབ་ཁྲིད་དང་ཡོ་ཆས།

བོད་ཀྱི་སྒྲུབ་སྡེ་རྣམས་སུ་དབྱངས་རྟ་ཇི་ལྟར་སློབ་ཁྲིད་བྱེད་ཀྱིན་ཡོད་དམ་


574 ཉམས་ཞིབ་དེབ་ཕྲེང་། ༡

ཞེ་ན། གདོད་མ་ནི་མི་རིགས་ཚང་མ་གཅིག་མཚུངས་ཡིན་ཏེ་སྲོག་ཆགས་ཀྱི་ལད་ ཟློས་བྱེད་ཤ ེས་པ་ནས་རིམ་གྱིས། ཕ་མས་བུ་ལ་མགུར་དང་གཞས་སློབ་ཀྱིན་ཡོད་

ནའང་དབྱངས་རྟའི་གཞུང་ལུགས་དང་རིགས་ལམ་ཞིག་ལ་བརྟེན་ནས་དབྱངས་རྟ་ སློབ་ཁྲིད་བྱེད་པའི་ལུགས་སྲོལ་མེད་ཀྱང༌། ཕྱིས་སུ་རིམ་གྱིས་དབྱངས་རྟའི་རིགས་

ལམ་ཡོད་པར་གྱུར། བོད་ལ་མཚོན་ནའང་ས་པཎ་གྱིས་དུས་རབས13པའི་ཡས་ མས་ཤིག་ལ་རོལ་མོའ་ི བསྟན་བཅོས་བརྩམས་པ་ནས་བོད་ལ་རོལ་མོའ་ི བསྟན་ བཅོས་ཤ ིག་མེད་པ་ནས་ཡོད་པར་གྱུར་ཀྱང༌། གཞུང་དེ་ལ་བརྟེན་ནས་སློབ་སྦྱོང་ བྱེད་པའི་ལུགས་སྲོལ་མ་དར་བར་སྣང༌། དེས་ན་དུས་ནམ་ཞིག་ལ་དགོན་སྡེ་རྣམས་

སུ་དབྱངས་རྟ་སློབ་སྦྱོང་བྱེད་པའི་ལུགས་སྲོལ་དར་རམ་ཞེ་ན་ཐག་ཆོད་དཀའ་མོད།

བོད་ཀྱི་དགོན་སྡེ་རྣམས་སུ་སྔ་མོ་ནས་དབྱངས་རྟ་སློབ་ཁྲིད་ཀྱི་རིགས་ལམ་ཞིག་ ཆགས་ཡོད།

2

དབྱངས་རྟ་སློབ་ཚུལ་གྱི་རི་མོ།

དགོན་སྡེ་རྣམས་སུ་འདོན་རྟ་དབྱངས་ལ་མཁས་པ་ཞེས་ཆེད་ལས་མི་སྣར་

བརྩི་ཞིང༌། ཆེད་ལས་པ་དེས་མཛུབ་མོའ ི་འགུལ་བསྐྱོད་ཀྱི་རིགསས་ལམ་ལ་བརྟེན་

ནས་ལད་ཟློ ས ་ཀྱིས ་དབྱངས་རྟ་སློབ་ཁྲིད་བྱེད་ཀྱིན་ཡོད ། (དགོན་སྡེ་ཁ་ཤས་སུ་ཤག་ རོགས་དགེ་རྒན་གྱིས་ཁྲིད་བཞིན་ཡོད།)

སློབ་ཕྲུག་རྣམས་དགེ་རྒན་གྱི་མཛུབ་མོ་མཐོང་བའི་ཆེད་དུ་སྒོར་སྒོར་གྱིས་

འདུག་དགོས་ལ། དགེ་རྒན་དེ་དཀྱིལ་ནས་བཞུགས་ཏེ་སྔོན་ལ་ཁོང་གིས་དབྱངས་རྟ་

དེ་ཐེངས་དུ་མར་གྱེར་བའི་རྗེས་སུ། སློབ་ཕྲུག་རྣམས་ལ་ལད་ཟློས་བྱེད་དུ་འཇུག་པ་ དང༌། ལད་ཟློས་བྱེད་བཞིན་པའི་སྐབས་སུ་དགེ་རྒན་གྱིས་མཛུབ་མོའ ི་ལྡེམ་འགྱུར་

ལ་བརྟེན་ནས་ལམ་སྟོན་བྱེད་ཀྱིན་ཡོད། ཁོང་ཚོའི་དབྱངས་རྟ་ལ་རིགས་གཉིས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 575

ཡོད་ཅིང་གཅིག་ནི་མི་མང་གིས་འུར་འདོན་བྱེད་པའི་དབྱངས་རྟ་ཡིན་ལ་གཅིག་ ཤོས་ནི་དབུ་མཛད་ཅེས་དབྱངས་རྟའི་འགོ་བརྩམས་མཁན་གྱི་གྱེར་དབྱངས་ཡིན། དེང་སང་གི་མི་མང་མཉམ་གཞས་དང་མི་འདྲ་བ་ཞིག་ནི་དབྱངས་རྟ་ཞིག་ཡིན་ཕྱིན།

དབྱངས་རྟ་དེའི་འགོ་འཛིན་མཁན་དགེ་རྒན་གཅིག་པུས་དབྱངས་རྟ་རིང་མོ་ཞིག་

གྱེར་དགོས་ལ། དེའི་རྗེས་སུ་འབྲངས་ཏེ་སློབ་མ་རྣམས་ཀྱིས་ལད་ཟློས་བྱེད་ཀྱིན་

ཡོད། སྐབས་དེར་དགེ་རྒན་གྱི་མཛུབ་མོ་ནི་དེང་གི་མཉམ་དཀྲོལ་རོལ་དབྱངས་སྣེ་ ཁྲིད་པའི་ལག་གི་དབྱུག་པའི་ལྡེམ་འགྱུར་དང་འདྲ་བར་མཚམས་གང་དུ་དབྱངས་ རྟ་ལ་འགྱུར་ཁུགས་ཡོད་མེད་དང༌། མཚམས་གང་དུ་དབྱངས་རྟ་དྲང་ཐད་དུ་གྱེར་ དགོས་མིན་གསལ་བོར་བསྟན་ཐུབ།

ཕྱོགས་གཞན་ཞིག་ནི་ཁོང་ཚོས་བཤད་པའི་རྟ་ཆེན་དེ་དབྱངས་རྟ་ཆེན་པོའ་ི

རིགས་ལ་དབྱངས་རྟའི་རི་མོ་ཕབ་ཡོད། དཔེར་ན་གཤམ་གྱི་རི་མོ་འདི་ནི་དབྱངས་ རྟ་རི་མོར་ཕབ་པ་ཞིག་ཡིན། རི་མོ་འདི་ནི་རྒྱུད་སྟོད་གྲྭ་ཚང་གི་དབྱངས་རྟའི་རི་མོ་

ཞིག་ཡིན། ལོ་རྒྱུས་ཁུངས་ལྡན་གྱི་ཡིག་ཆ་མེད་ནའང་རི་མོ་འདི་ནི་ཧ་ཅང་སྔ་བོ་ ཞིག་ནས་བྱུང་བ་མིན་པར། མང་མཐར་ཡང་ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་ནས་བྱུང་ བར་བཤད། 3

གཞུང་ལུགས་ཀྱི་རྣམ་པར་འགྱུར་བཞིན་པའི་ཆོས་ཀྱི་དབྱངས་རྟར་སློབ་སྦྱོང་བྱེད་ཚུལ། འདོན་ཆའི་ནང་དོན།

ཧཱུཾ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་བཞེངས། །ཆོས་

དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའ་ི སྐུར་


576 ཉམས་ཞིབ་དེབ་ཕྲེང་། ༡

བསྟན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །

318

དབྱངས་རིས།

4

བཞེངས་ཤ ིག་ངང་ངུ་མའི་ཚིག་ལྷག དབྱངས་ཚིག

༔ཆོས་སོ་ཟེར་ནས་བྱང་འདྲེན་སིལ་ནས། གྲེ་གུག་ཕྱེད་དང་གསུམ་རྒྱབ་ནས།

ཀྱི་ལི་ཟེར་ནས་ཕར་བཞག ཡའ་ཆེན་ལྔ་གིས་ཡར་གཅོད། ཡར་རྒྱུ་མ་གསུམ་ཁྲིད།

རྒྱུ་མ་གསུམ་པའི་མཐའ་ལ་གཅོད་གསུམ་གྲེ་གདབ་བྱས་ནས། གྲེ་གདབ་མཐའ་ལ་

ཡའ་ཟེར་ནས་གྲེ་འཇུག་བཏང་ནས་མར་བཞག་ཡའ་ཆུང་གཅིག་གིས་ཕར་བཞག ཡའ་ཡིའི་ཟེར་ནས་བྱང་འདྲེན་སིལ་ནས་གྲེ་འཇུག་བཏང་ནས་ཡར་གཅོད ཡར་ འགྲོ་མར་འགྲོ་བྱས་ནས། དབྱིངས་ཟེར་ནས་བྱང་འདྲེན་སིལ་ནས་གཅོད་གསུམ་

གྲེ་གདབ་བྱས་ནས་མར་བཞག འ་ནས་འ་ངས་འ་བཞེངས་གསུམ་གིས་བྱང་འདྲེན་

སིལ་ནས། གཅོད་གསུམ་གྲེ་གདབ་བྱས་ནས་མར་བཞག ཡའ་ཆོ་སོ་ཟེར་ནས་བྱང་

འདྲེན་སིལ་ནས་གྲེ་གུག་ཕྱེད་དང་གསུམ་བརྒྱབ་ནས་དབྱིངས་ཟེར་ནས་ཕར་བཞག

ངེས་ཟེར་ནས་བྱང་འདྲེན་སིལ་ནས་གྲེ་གུག་ཕྱེད་དང་གསུམ་བརྒྱབ་ནས། རྣམ་མམ་ ཟེར་ནས་མང་མ་སིལ་ནས། གྲེ་འཇུག་བཏང་ནས་ཡར་གཅོད། ཡར་འགྲོ་མར་བྱས་

318 <<མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྐང་གསོ་ཆ་ལག་མངའ་གསོལ་དང་བཅས་ པ་བཞུགས་སོ། །>> ཤོག་ངོས༤བ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོ་གའི་དཔེ་ཆ། གླེགས་གཟུགས་མ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 577

ནས། དག་གའ་ཟེར་ནས་དབྱངས་ཤུགས་འདྲ་བ་བྱས་ནས་ཕར་བཞག་ཡའ་ཆེན་

ལྔ་གིས་ཡར་གཅོད། ཡའ་རྒྱུ་མ་གསུམ་ཁྲིད། རྒྱུ་མ་གསུམ་པའི་མཐའ་ལ་གཅོད་ གསུམ་གྲེ་གདབ་བྱས་ནས། གྲེ་གདབ་མཐའ་ལ་ངའ་ངུའུ་ཟེར་ནས་བྱང་འདྲེན་སིལ་

ནས། གྲེ་འཇུག་གཉིས་བརྩགས་བཏང་ནས་ཡར་གཅོད། ཡར་འགྲོ་མར་འགྲོ་ཕྱེད་ ཀ་བྱས་ནས་གྲེ་གུག་ཕྱེད་དང་གསུམ་རྒྱབ་ནས། འུའ་ཟེར་ནས་གྲེ་འཇུག་བཏང་

ནས་མར་བཞག འ་ལས་འ་ཡའ་གཉིས་ཀྱི་བྱང་འདྲེན་སིལ་ནས། གཅོད་གསུམ་གྲེ་ གདབ་བྱས་ནས་མར་བཞག འ་ཡོད་འ་ཀྱང་འ་ཧཱུཾ་བྱང་འདྲེན་སིལ་ནས་གསུམ་གྱིས་

གཅོད་གསུམ་གྲེ་གདབ་བྱས་ནས་རྫོགས་པས་བགྱིས། ཞེས་དབྱངས་རྟ་དང་རོལ་ 319

མོའ ི་སློབ་ཁྲིད་ལ་མཛུབ་སྟོན་གནང་ཡོད།

5

བཞེངས་ཤ ིག་ངང་ངུ་མའི་རྔ་ཆེན།

ཧྲོབ་བརྡུང་ཟུར་འཐེན་གྱི་མཐར། ཆུང་གསུམ། ཆེ་གསུམ། ཆུང་ལྔ། ཆེ་ལྔ།

ཆུང་བདུན། ཆེ་བདུན། ཆུང་དགུ་ཆེ་དགུ། ཆུང་བཅུ་གཅིག ཆེ་བཅུ་གཅིག ཆ་མཉམ་

ཆེན་པོ་གསུམ། ཡང་གསུམ། ཆེ་བཅུ་གཅིག ཡང་བཅུ་གཅིག ཆེ་དགུ ཡང་དགུ ཆེ་ བདུན། ཡང་བདུན། ཆེ་ལྔ། ཡང་ལྔ། ཆེ་གསུམ། ཡང་གསུམ།

320

གོ ང་གི་ དཔྱད་གཞིའི་རྒྱུ་ཆ་འདི་དག་བརྒྱུད་ནས་བོ ད ་ཀྱི་ རྟ་དབྱངས་དང་

རོལ་མོའ ི་སློབ་ཁྲིད་ནི་རྒྱུན་འཛིན་རང་བཞིན་ཅན་ཞིག་ཡིན་ཕྱིར། ངེས་པར་དུ་རྒྱུན་

319 <<དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བསྐང་གསོ་ཆེན་མོའ་ི གཏོར་མགྲོན་དང་དབྱངས་ཀྱི་ཚིག་ལྷག་རྔ་ཚིག་

དང་བཅས་བཞུགས་སོ། །>> ཤོག་ངོས༨པ། གླེགས་བམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོ་གའི་དཔེ་ཆ། གླེགས་གཟུགས་མ།

320 <<དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བསྐང་གསོ་ཆེན་མོའ་ི གཏོར་མགྲོན་དང་དབྱངས་ཀྱི་ཚིག་ལྷག་རྔ་ཚིག་

དང་བཅས་བཞུགས་སོ།།>>ཤོག་ངོས༡༠པ། གླེགས་བམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོ་གའི་དཔེ་ཆ། གླེགས་གཟུགས་མ།


578 ཉམས་ཞིབ་དེབ་ཕྲེང་། ༡

འཛིན་བྱེད་པའི་རིགས་ལམ་ཞིག་མཁོ་བའི་དབང་གིས། ཆོ་གའི་མཚམས་གང་ནས་ དབྱངས་གྱེར་དགོས་མིན་དང་། དབྱངས་རྟ་ཅི་འདྲ་ཞིག་གྱེར་དགོས་མིན་གྱི་རྒྱས་

བཅད་ཡོད་པས། གང་སྙན་སྙན་ཞིག་བྱས་པ་ཙམ་མིན་ཕྱིར་ངེས་པར་དུ་རྒྱུན་ཞིག་

ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་དགོས་ན་ངེས་པར་སློབ་སྦྱོང་བྱེད་ཐབས་ ཀྱི་རིགས་ལམ་ཞིག་མཁོ་བའི་རྐྱེན་གྱིས་དབྱངས་རྟ་མཚོན་པའི་རི་མོ་དང་། རི་མོ་ དང་བསྟུན་པའི་ཚིག་ལྷག་ཅེས་པའི་དབྱངས་ཚིག དབྱངས་ཚིག་དེ་དང་བསྟུན་ཏེ་རྔ་

བརྡུང་ཚུལ་སོགས། གཞུང་ལུགས་ཀྱི་ལམ་སྟོན་དང་ལྡན་པའི་རིགས་ལམ་གྱི་ལམ་ སྟོན་དང་། སློབ་ཁྲིད་ཡོ་ཆས་ཡོད་པའི་སློབ་སྦྱོང་ཞིག་བྱེད་བཞིན་ཡོད། གོང་གི་

མྱུར་མཛད་ཡེ་ཤ ེས་ཀྱི་མགོན་པོའ་ི བསྐང་གསོའ་ི ནང་གི་<བཞེངས་ཤ ིག་མ>ཞེས་ པར་ཤ ོ་ལོ་ཀ་གཅིག་ལས་མེད་ནའང་། དེ་ཉིད་རྟ་དབྱངས་རིང་མོ་ཞིག་གིས་གྱེར་

སྟངས་ཀྱི་རི་མོ་དང་། གྱེར་བའི་སྐབས་སུ། ཡའ། ཐའ། ལ་ལྟ་བུའི་ཚིག་ལྷག་མ་ མང་པོ་ཡོད་པ་རྣམས་ངོ་སྤྲོད་དང་། དབྱངས་ཀྱི་འགྱུར་ཁུག་དང་། གཅོད་མཚམས།

ལྡེམ་མྱུར། འདར་སོགས་ལ་དབྱངས་རྟའི་ཆེད་ཚིག་གིས་བསྙད་དེ་ཡར་འགྲོ་མར་

འགྲོ གྲེ་གུག་ཕྱེད། རྒྱུ་མ་གསུམ་ཁྲིད་ནས། གྲེ་འཇུག་བཏང་ནས་མར་བཞག་ཡའ་ ཆོ་སོ་ཟེར་ནས་བྱང་འདྲེན་སིལ་ནས་གྲེ་གུག་ཕྱེད་དང་གསུམ་རྒྱབ་ནས་དབྱིངས་

ཟེར་ནས་ཕར་བཞག ལྟ་བུའི་དབྱངས་ཚིག་གིས་ལམ་སྟོན་བྱས་ཏེ་སློབ་སྦྱོང་དང་ ལག་ལེན་དངོས་ཀྱི་ནང་དུ་འཇུག་བཞིན་ཡོད། དེ་དང་མཉམ་དུ་རྔ་རྡུང་བའི་ཚུལ་ ལའང་། ཧྲོབ་བརྡུང་ཟུར་འཐེན་གྱི་མཐར། ཆུང་གསུམ། ཆེ་གསུམ། ཆུང་ལྔ། ཆེ་ལྔ། ཆུང་བདུན། ཆེ་བདུན། ཆུང་དགུ་ཆེ་དགུ་ལྟ་བུའི་གཞུང་ལུགས་ཀྱིས་ལམ་སྟོན་དང་ རིགས་ལམ་ཞིག་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་བཞིན་པ་རྒྱུ་ཆ་འདི་དག་གིས་ར་

སྤྲོད་བྱེད་ཐུབ། དེས་ན་དགོན་སྡེ་རྣམས་སུ་རྟ་དབྱངས་སློབ་ཁྲིད་ལ་དཔེ་རིས་དང་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 579

རྩ་ཚིག་ཡོད་ཅིང་། རོལ་མོ་ལའང་རྩ་ཚིག་ཡོད་པར་བལྟས་ན་དགོན་སྡེ་དབྱངས་

རྟ་དང་རོལ་མོའ་ི སློབ་སྦྱོང་ནི་གཞུང་ལུགས་ཀྱི་རྣམ་པར་འགྱུར་གྱིན་པའི་མངོན་ རྟགས་གསལ་བོ་ཞིག་ཡོད་དོ། །

1

༢ བོད་ཀྱི་དགོན་སྡེའི་རོལ་མོར་སློབ་སྦྱོང་བྱེད་ཚུལ།

བོད་ཀྱི་རོལ་མོའ ི་བྱུང་རིམ་དང་རོལ་ཆས།

དེའང་བོད་ལ་མཚོན་ན་རོལ་མོ་ནི་གནའ་སྔ་མོ་ཞིག་ནས་དར་ཡོད་པ་ནི་

གདོད་མའི་རིག་གནས་དར་བའི་འཕེལ་རིམ་གྱིས་རིགས་བསྒྲེས་བྱེད་ཐུབ་པ་ཞིག་

ཡིན་ཞིང་། དེའང་ཅ་དངོས་སོགས་བརྡབ་པའམ། རུས་རྐང་སོགས་ཀྱི་ནང་ཕུད་

བཏབ་ཏེ་སྒྲ་བྱུང་བ་ལས་རིམ་གྱིས་དངོས་པོའ་ི རིགས་མི་འདྲ་བས་སྒྲ་གདངས་མི་

འདྲ་བ་འབྱུང་བའི་གནས་ལུགས་རྟོགས་ཏེ་རོལ་ཆས་ཀྱི་རྣམ་པ་སྟབས་བདེ་རེ་དར་ ཡོང་བ་ནི་རིག་པས་བསྒྲུབ་ནུས་པ་ཞིག་ཡིན་པར་གདོན་མི་ཟ། དེའི་ཚུལ་ལུགས་

ཤིག་ད་ལྟའང་ང་ཚོའི་མེས་པོ་སྤྲེའུ་དག་གི་སྤྱོད་སྟངས་ལས་རྗེས་དཔག་བྱེད་ནུས་ པ་ཞིག་ཡིན། བོན་ལྟར་ནའང<མདོ་དྲི་མེད་གཟི་བརྗིད>ལས། “ཕྱི་བློན་བཅུ་དྲུག་

དང་ནང་བློན་བཅུ་དྲུག བར་བློན་བཅུ་དྲུག་འཕྲིན་བློན་བཅུ་དྲུག གཞན་ཡང་དམག་ མི་འཁོར་ཚོགས་འབུམ་ཕྲག་མང་པོ་དང་བཅས་ནས། རོལ་མོ་སྣ་ཚོགས་པ་བསྒྱུར་ སྟེ། དེ་ནས་ཡང་ལ་ལ་ནི་དར་ཕྱར་རོ། །ལ་ལ་ནི་དུང་འབུད་དོ། །ལ་ལ་ནི་རྔ་བརྡུང་ ངོ༑ ༑ལ་ལ་ནི་གཤང་སྐྲོལ་ལོ། །ལ་ལ་ནི་གླིང་བུ་འབུད་དོ། །ལ་ལ་ནི་པི་ཝང་སྐྲོལ་

ལོ༑ ༑ལ་ལ་ནི་ཅང་ཆེན་སྒྲོགས་སོ། །ལ་ལ་ནི་ཆག་སྤར་འདེབས་སོ། །ལ་ལ་ནི་སྒོང་ བསྒྱུར་རོ། །ལ་ལ་ནི་སྒོང་ཡོར་རོ། །ལ་ལ་ནི་སྒོང་རྩེའོ། །ལ་ལ་ནི་ཤ ོན་ཁྲབ་བོ། །ལ་


580 ཉམས་ཞིབ་དེབ་ཕྲེང་། ༡

ལ་ནི་གར་བྱེད་དོ། །ལ་ལ་ནི་བྲོ་བརྡུང་ངོ། །ལ་ལ་ནི་གླུ་དབྱངས་ལེན་ནོ། །” ཞེས་ 321

པའི་དཔྱད་གཞིར་བལྟས་ན་བོད་ལ་སྔ་མོ་ཞིག་ནས་རོལ་མོ་འབུད་བརྡུང་དཀྲོལ་

གསུམ་གྱི་སྒྱུ་རྩལ་དར་ཡོད་པ་དཔག་ཐུབ་མོད། འོན་ཀྱང་དེ་དག་སློབ་ཁྲིད་ཇི་ལྟར་ བྱེད་ཀྱིན་ཡོད་ཅེ་ན། ཕལ་ཆེར་དམངས་ཁྲོད་རིག་གནས་སྤྱི་འགྲོས་དང་མཚུངས་པར་ ཕ་མས་བུ་དང་མཁས་པས་གཞན་ལ་ཞར་དང་ཞོར་དུ་ལག་ལེན་གྱིས་དམར་ཁྲིད་བྱེད་ བཞིན་པ་ལས། དམིགས་སུ་བཀར་ནས་སློབ་སྦྱོང་བྱེད་སྲོལ་མེད་པར་སྙམ།

མཁས་དབང་ས་པཎ(1182-1251) གྱིས་དབྱངས་ཀྱི་བསྟན་བཅོས་བརྩམས་ཏེ།

དབྱངས་རྟའི་ལུགས་ཀྱི་ཆོས་ཉིད་མང་དག་ཅིག་གསལ་བྱེད་བྱས་ཡོད་ཀྱང་དེ་ཡང་ ལག་ལེན་དུ་དེ་ཙམ་དར་མ་ཐུབ་པར་མངོན། གྲུབ་ཆེན་ཐང་སྟོང་རྒྱལ་པོས(13611485ལྕགས་ཟམ་གསར་འཛུགས་བྱ་ཕྱི ར ་ལྕགས་སློ ང ་ཐབས་སུ)

བོ ད ་ཀྱི ་ ལྷ་མོ འ་ི ཟློ ས ་གར་

གསར་གཏོད་གནང་བ་ནས་བོད་ལ་ཟློས་གར་གྱི་འཁྲབ་སྲོལ་དར་བ་དང་མཉམ་ དུ༑ ཟློས་གར་གྱི་ཆ་ཤ ས་སུ་གྱུར་པའི་རོལ་མོའ ི་རྣམ་པ་སྟབས་བདེ་ཞིག་དར་སྲོལ་

བྱུང་ཡོད་པ་དེའང་། གྲུབ་ཆེན་རང་ཉིད་ཀྱིས་རོལ་མོ་བ་དང་མདོ་འཛིན་པ་བྱས་ཏེ་ འཁྲབ་སྟོན་བྱས་ཤ ིང་རིམ་གྱིས་ལྷ་མོ་བརྒྱད་སོགས་ལ་རོལ་མོ་སློབ་ཁྲིད་བྱས་ཨེ་

ཡོད་སྙམ། སྐབས་དེའི་ཁྲིད་ཐབས་འདི་འདྲ་ཞིག་ཡིན་ཞེས་དམིགས་སུ་མེད་པར་ སྔར་རྒྱུན་ལྟར་མཐོང་བ་བརྒྱུད་པའི་ལག་ལེན་དུ་ཟད།

དམངས་ཁྲོད་རིག་གནས་རྣམ་པ་ཞིག་ཆོས་ཀྱི་བྱེད་སྒོར་གྱུར་པའི་བོད་ཀྱི་

དགོན་སྡེ་ཁག་ཏུ་ཆོ་གའི་རོལ་མོ་དར་སྲོལ་ཆེ་བའི་རྐྱེན་གྱིས། དབྱངས་དང་རོལ་

མོ འ་ི སློ བ ་ཁྲི ད ་ཀྱང་བྱེ ད ་སྲོ ལ ་ཡོ ད ་པ་མ་ཟད་རྣམ་གཞག་སྟོ ན ་པའི ་ གཞུང་ཡང་ བརྩམས་ཡོད། དཔེར་ན་རོལ་མོའ་ི ནང་གི་རྔ་རྡུང་སྟངས་དང་། སྦུག་ཆལ་སོགས་ 321

<<དགྲ་ལྷ་ཟླ་བ་བཟང་པོའ ི་ཆེད་རྩོམ་ཕྱོགས་བསྒྲིགས།>> ཤོག་ངོས37-38བར། དགྲ་ལྷ་ཟླ་བ་བཟང་པོ། ཀྲུང་

གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 581

དཀྲོལ་ཚུལ། དུང་དང་རྒྱ་གླིང་སོགས་འབུད་ཚུལ་ཆེ་ཆེར་དར་ཡོད་པ་ལས་རིམ་ གྱིས་ཇེ་མང་དུ་སོང་བ་ནི་བརྗོད་མི་དགོས་པ་ཞིག་ཡིན། རྣམ་པ་ཇེ་མང་དུ་སོང་བ་

ལས་རྔ་དང་། སྦུག་ཆལ། སིལ་སྙན། ཏིང་ཤགས། ཌ་མ་རུ། དྲིལ་བུ། གཡེར་ཁ། གཎྜི། གླིང་བུ། རྒྱ་གླིང་། རྐང་གླིང་། དུང་ཆེན། དུང་དཀར། ཤུ། སྒྲ་སྙན། པི་ཝང་། གན་ཆག རེ་མ། ཡང་ཆིན་སོགས་རོལ་མོ་སྣ་ཚོགས་ཤ ིག་དར་ཡོད། 2

སྦུག་ཆལ་དཀྲོལ་སྟངས།(བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྕགས་མཁར་བའི) སློབ་སྦྱོང་བྱེད་ཚུལ།

སྦོམ་ཞིང་འབྲུ་མི་གསལ་བའི་སྐད་དང(སྐད་སྒྲ་ཆེ་ཞིང་སྦོམ་ལ་ཚིག་འབྲུ་མི་གསལ་བའི་

སྐད་གདངས་ཤིག་ཡིན་ཞིང་དེ་ནི་གསང་སྔགས་ཀྱི་སྔགས་པའི་ཆོ་ག་འདོན་ཚུལ་ཞིག་ཡིན། སྦྱངས་པའི་སྐད་དེ་ནི་ རང་ཉིད་ཀྱི་ནམ་རྒྱུན་གྱི་སྐད་ལས་ལོགས་སུ་གྱུར་པའི་སྐད་ཅིག་ཡིན། དེ་འདྲའི་སྐད་ཡག་པོའ ི་རིགས་ལ་སྐད་སྒྲ་བ་ ཟེར།)

སྦུག་ཆལ་དཀྲོལ་ཚུལ་སློབ་སྦྱོང་བྱས་ཏེ་འཆམ་ལ་རམ་འདེགས་བྱེད་མཁན་

རྣམས་ལ་ལྕགས་མཁར་བ་ཟེར་ཞིང་། ལྕགས་མཁར་བས་ཀྱང་དེ་བཞིན་འཆམ་ གྱི་སློབ་སྦྱོང་གི་འགྲོ་སྟངས(འོག་གི་འཆམ་སློབ་སྦྱོང་བྱེད་ཚུལ་ལ་གཟིགས།) དང་མཐུན་པར་

ཐོག་མར་ཆ་བགོས་ཀྱིས་སྒེར་གྱི་དགེ་རྒན་གྱི་འགྲམ་དུ་སོང་སྟེ་རྨང་གཞིའི་སློབ་ སྦྱོང་བྱེད་དགོས་པ་དང་། དེ་ནས་ལྕགས་མཁར་དགེ་རྒན་གྱི་སྣེ་ཁྲིད་འོག་འཆམ་

པ་བ་རྣམས་དང་བསྲེས་ཏེ་དུས་ཡུན་གཅིག་མཚུངས་སུ་སློབ་སྦྱོང་བྱེད་དགོས། ལྕགས་མཁར་བའི་སྦྱང་བྱ་གཙོ་བོ་ནི། ༡) ལྡིར(སྐད་སྒྲ་བ) སྐད་དང་། ༢) སྦུག་ཆལ་

དཀྲོལ་ཚུལ། ༣) ཆོས་ཀྱི་རྟ་དབྱངས་བཅས་ལ་སྦྱོང་དགོས་ཤ ིང་། དེའང་དུས་ཡུན་

རིང་བོར་ལག་པ་བསྲིངས་ཏེ་སྦུག་ཆལ་དཀྲོལ་དགོས་པས་ལག་པར་བྱང་ཆ་དང་ གོམས་འདྲིས་ཐེབས་པ་ཞིག་སྦྱང་དགོས་པ་སྨྲས་མེད་ཡིན་ཞིང་། དངོས་གཞིའི་

སྐབས་སུ་ལེགས་གྲས་གཉིས་དབུ་མཛད་ཀྱི་གཡས་གཡོན་དུ་བཞུགས་ཏེ་རིམ་ པ་ལྟར་གྱིས་སྦུག་ཆལ་དཀྲོལ་བ་དང་རྔ་བརྡུངས་ཤིང་རོལ་མོ་རམ་འདེགས་པའི་


582 ཉམས་ཞིབ་དེབ་ཕྲེང་། ༡

ཚད་ནས་འཆམ་ལ་སྣེ་ཁྲིད་བྱེད་བཞིན་ཡོད། སློབ་སྦྱོང་གི་དུས་ཡུན་དང་སྦྱོང་ཚུལ། སྦྱངས་འབྲས་ལེགས་ཞན་གྱི་ཚད་གཞི་གཞལ་སྟངས་བཅས་འཆམ་དང་གཅིག་ གྱུར་ཡིན། 3

རྒྱ་གླིང་དང་དུང་ཆེན་འབུད་ཚུལ་དང་སློབ་སྦྱོང་བྱེད་ཚུལ།

རྩེ་རྣམ་རྒྱལ་གྲྭ་ཚང་གི་རྒྱ་གླིང་འབུད་སྟངས་ཀྱི་བརྗོད་དོན་ཞིག

གྲུ་འཛིན་ཕོ་བྲང་བྲང་གི་རྩེ་མོ་ནས་གཏད་པའི་པས། །ཕོ་བྲང་རྩེ་མོ་ཡ་ལ་གི​ི་ནས་

གཏད་པའི་འཇལ་བྱུང་ངོ། །ཕོ་བྲང་ཕོ་བྲང་ཕོ་བྲང་གི་རྩེ་མོ་ཡ་ལ་གི་ནས་གཏད་ པའི་འཇལ་བྱུང་ངོ། །ཇོ་ཤཱཀ་ཡིད་བཞིན་ནོར། །ཇོ་ཤཱཀ་ཡིད་ཡིད་ལི་བཞིན་གི་

ནོར། །དགོས་འདོད་ཀུན་འཛོམས། །ནོར་བུ་བསམ་འཕེལ་སྡེ་དང་ཨང་མཇལ་ བྱུང་། བསང་དཀར་སྨིན(གཟའ་སྐར་སྨིན་དྲུག་ཨེ་ཡིན་ནམ་སྙམ) འེས་འེས་འེས་དྲུག་ཆ་

དང་། །ས་བཞི་མཛེས་པའི་ཨལ་བརྒྱན་ཨལ་བརྒྱན་ཨལ་དུ་འོ་བྱོན། །ཁུ་བྱུག་སྔོན་ འོན་མོ་ལྕང་གླིང་གྲུ་ལུ་བཞིའི་ཨེལ་བརྒྱན་འན་ནས་དུའོ་བྱོན། །ཡར་བསོལ་གནམ་ ལྷའི་འི་རྒྱལ་མོ་འཽ​ཽས་ཡག་བྱུང་ངོ་ལེགས་འཻ​ཻ་ཡག་བྱུང་ངོ་ལེགས་འཻ​ཻ་བྱུང་ངོ་ངོ་འོ་ ཨང་། །

322

རྩེ་རྣམ་རྒྱལ་གྲྭ་ཚང་གི་རྒྱ་གླིང་འབུད་སྟངས་ཤིག་གི་མཛུབ་མོ་རྡེབ་ཚུལ་གྱི་སྒྲ་ཚིག

ཡང་སྤྱན་འདྲེན་ཁྲུམ་ཚོགས་མར། མགོ་རྒྱང་སྤྱི་འགྲེས་ལྟར་ནས། ཧིན་ཧིན་ཧིན།

ཧིན་ཧིན་ཧིན། ཧིན་ཧིན་ཧིན། ཧིནཧིན་ཨང་ཧིན་ཨང་ཨཱ་ཧིན་ཨང་ཨཱ་ཧིན་ཨང་ཨཱ་ ཧིན་ཧིན་ཧིན་ཨང་ཧིན་ཧིན་ཨང་། ཨ་ཧིན་ཧིན་ཨང་། ཧིན་ཧིན་ཧིན། ཧིན་ཧིན་ 322

དཔྱད་གཞིའི་ཁུངས། རྩེ་རྣམ་གྲྭ་ནས་རག་སོན་བྱུང་། <<རྒྱ་གླིང་ཚིག་དཔེ་བཞུགས་སོ།།>> ལག་བྲིས་མ།

ཤོག་ངོས༣ནས༥བར་དང་། ཤོག་ངོས༢༨ནས༢༩བར།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 583

ཧིན་ཨང་ཞེས་པ་ཆ་གཅིག་དང་། རྩི་སྨིག་ལ། ཧིན་ཧིན་ཧིན། ཧིན་ཧིན་ཨ། ཨཱ་ཧིན་

ཧིན་ཧིན་ཨང་ཧིན་ཧིན་ཨང་། ཨ་ཧིན་ཧིན་ཨང་། ཧཻ​ཻན་ཨང་ཞེས་པ་མགོ་རྒྱང་ལྟར་ ཚར་གསུམ།

323

རྩེ་རྣམ་རྒྱལ་གྲྭ་ཚང་གི་དུང་ཆེན་འབུད་ཚུལ་གྱི་སྒྲ་རིས།

<<སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གི་དུང་ཚིག་རྣ་བའི་བཅུད་ལེན་ཆོས་སྲུང་དགྱེས་པའི་སྒྲ་

དབྱངས་དབྱར་རྔའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །>> སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ཡར་ འཕེལ་གྱི་ལག་ནས་རག

དུང་ཚིག་དང་འཆམ་ཚིག་ལྷན་འཁྲབ་གཞུང་།

<<སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འཆམ་ཚིག་དང་དུང་ཚིག་བཅས་བཞུགས་སོ། །>> སྐུ་བཅར་ རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ཡར་འཕེལ་གྱི་ལག་ནས་རག

གོང་དུ་བཀོད་པ་ནི་རྩེ་རྣམ་རྒྱལ་གྲྭ་ཚང་གི་རྒྱ་གླིང་འབུད་པའི་བརྗོད་དོན་

དང་སྒྲ་ཚིག དུང་ཆེན་འབུད་ཚུལ་གྱི་སྒྲ་རིས་དང་དུང་འཆམ་གྱི་འཆམ་ཚིག་བཅས་

323

དཔྱད་གཞིའི་ཁུངས། རྩེ་རྣམ་གྲྭ་ནས་ལག་སོན་བྱུང་། <<རྒྱ་གླིང་ཚིག་དཔེ་བཞུགས་སོ།།>> ལག་བྲིས་མ།

ཤོག་ངོས༣ནས་༥ བར་དང་། ཤོག་ངོས་༢༨ནས༢༩བར།


584 ཉམས་ཞིབ་དེབ་ཕྲེང་། ༡

ཡི ན ་། དམངས་ཁྲོ ད ་རོ ལ ་མོ ་ མང་ཆེ ་ བ་ཞི ག ་གླུ་ཞབས་བྲོ ་ སོ ག ས་ཀྱི ་ རམ་བུ་ འདེགས་བྱེད་ཙམ་དུ་དར་བ་ལས་བརྗོད་དོན་དང་དབྱངས་རིས་སོགས་ཀྱི་མ་ལག་

ཆགས་མེད་མོད། དགོན་སྡེ་རོལ་མོ་དང་སློབ་སྦྱོང་གི་རྒྱུན་སྲོལ་ནི་ཚུལ་དེ་ལས་ ཆེ་ཆེར་བརྒལ་ཡོད་པ་རྟོགས་ཐུབ། དེའང་ཡིན་ཏེ་དགོན་སྡེའི་འབུད་དཀྲོལ་རྡུང་ གསུམ་གྱི་རོལ་མོའ་ི འགྲོས་ཁ་ཤ ས་ལ་རོལ་དབྱངས་ཀྱི་བརྗོད་དོན་ཡོད་པ་འདི་ནི་

ཁྱད་པར་ཅན་ཞིག་ཡིན། འདིའི་ངོས་ནས་བལྟས་ན་བོད་ཀྱི་རོལ་མོ་འདི་ཉིད་བརྗོད་

དོན་མེད་པ་ནས་བརྗོད་དོན་ཅན་དུ་འཕོ་འགྱུར་འགྲོ་བཞིན་པའི་དུས་སྐབས་ཤ ིག་

མཐོང་ཐུབ་པ་མ་ཟད། སྣང་ཚུལ་འདི་ལ་བལྟས་ན་དེ་སྔ་བོད་ཀྱི་དགོན་སྡེ་ཁག་གི་ རོལ་མོའ ི་ལག་ལེན་དེ་གཞུང་ལུགས་ཀྱི་ངོ་བོར་འགྱུར་བཞིན་པ་མཐོང་ཐུབ། དེ་དག་ དགོན་སྡེ་ཙམ་གྱི་ཆོས་ལུགས་ཆོ་གའི་ངོ་བོའ ི་ངང་དུ་ལུས་པ་ལས་དམངས་ཁྲོད་དུ་ ཤུགས་ཆེར་དར་མེད་ལ། གཞུང་ལུགས་ཀྱིས་སྣེ་ཁྲིད་ཡོད་པ་དེའང་ཐོར་རེ་བའམ་

ཕྱོགས་རེ་བ་ཙམ་དུ་གྱུར་ཡོད། ང་ཚོས་རྨང་གཞི་འདི་གཞི་ལ་བཟུང་སྟེ་གཞན་གྱི་

ལེགས་ཆ་བསྡུས་པའི་སྒོ་ནས་ཡར་རྒྱས་གཏོང་མ་ཐུབ་པར་ལུས་པ་ནི་ཤ ེས་རིག་ དར་བའི་ལོ་རྒྱུས་ཐོག་གི་གནས་ཚུལ་སྐྱོ་སྣང་ལྡན་པ་ཞིག་ཏུ་གྱུར་ཡོད།

སྦྱོང་ཚུལ་ལ་མཚོན་ནའང་། དུང་ཆེན་དང་རྒྱ་གླིང་ལ་ཐོག་མའི་ཆར་དབུགས་

ཁོག་ལེན་བྱེད་ཐབས་སྦྱོང་བཞིན་ཡོད། དབུགས་ཁོག་ལེན་བྱེད་སྟངས་ཤེས་པ་ ན་རི མ ་གྱི ས ་དེ འི ་ ཁྱད་ཆོ ས ་རེ ་ རེ ་ དེ ་ དཔེ ར ་ན་རྒྱུན་བསྲིང ས་ནས་འབུད་ཐབས་

དང་། རྒྱ་གླིང་ལ་མཛུབ་མོ་རྡེབ་ཚུལ་སྦྱོང་ཞིང་། དུང་ཆེན་ལ་མཚོན་ན་གྱང་ཞེས་

རྒྱུན་བསྲིངས་ནས་འབུད་པ་དང་འདོར་ཞེས་ཤུགས་དྲག་ཏུ་འབུད་པའི་ཁྱད་ཆོས་མི་ འདྲ་བ་ཡོད་པ་དག་ལ་གོམ་པ་རིམ་འགྲོས་ཀྱིས་སྦྱང་དགོས། ཁྲིད་སྦྱོང་གི་ཐབས་ ལམ་གཙོ་བོ་ནི་ལག་ལེན་དངོས་ཀྱི་མྱོང་ཁྲིད་བྱེད་ཀྱིན་ཡོད་ལ། རི་མོ་དང་དཔེ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 585

རིས་སོགས་ལ་བརྟེན་པའི་དམར་ཁྲིད་ནི་ཁྲིད་སྦྱོང་གི་ཐབས་ལམ་ཕལ་བའི་ཚུལ་དུ་ སྤྱད་དེ་སྦྱོང་བཞིན་ཡོད།

རྩེ་རྣམ་རྒྱལ་གྲྭ་ཚང་ལ་མཚོན་ན་སྔ་མོའ་ི ཆར་ལས་ཐོགས་པ་ཞེས་མི་ཉི་ཤུ་

བདམས་ཤིང་དེ་དག་གིས་དུང་ཆེན་དང་རྒྱ་གླིང་། རྐང་གླིང་བཅས་སྦྱང་དགོས་ མོད། དེང་གི་དུས་སུ་ལས་ཐོགས་པ་མི་ཁ་ཤ ས་ཤིག་བདམས་ཤ ིང་སློབ་སྦྱོང་སྤྲོད་

སྲོལ་ཡོད། སློབ་སྦྱོང་གི་དུས་ཡུན་ནི་ཟླ་བ་གསུམ་ཡིན་ཞིང་། ཟླ་བ་གསུམ་རིང་ ལ་ཞོགས་པ་སྔ་བོ་ཆུ་ཚོད་ལྔ་པ་ཙམ་ནས་ཞོགས་ཇའི་བར་དང་། ཆུ་ཚོད་དང་པོ་

ཙམ་ནས་ཤ ིང་ནགས་ཀྱི་དཀྱིལ་དུ་སོང་སྟེ་སྦྱོང་བཞིན་ཡོད། རྗེས་སུ་འགྲན་བསྡུར་ བྱས་ཏེ་གྲུབ་འབྲས་ལ་དམིགས་པའི་བྱ་དགའ་སྤྲོད་སྲོལ་ཡོད། དགེ་རྒན་ནི་ལོ་སྔོན་

མའི་ལས་ཐོགས་པའི་གྲས་ནས་ལག་ལེན་དངོས་ཀྱི་ཁྲོད་དུ་གྲུབ་འབྲས་ཡག་ཤ ོས་

ཤིག་གིས་བྱེད་ཀྱིན་ཡོད། སློབ་སྦྱོང་བྱེད་པའི་གཞུང་ལུགས་ཚད་ལྡན་ཞིག་མེད་

ནའང་ལག་ལེན་དངོས་ཀྱི་ཁྲོད་ནས་ཁྲིད་སྦྱོང་བྱེད་ཚུལ་ཞིག་དར་ཡོད། དཔེར་ན། དུང་གི་རྩེ་མོ་ཆུའི་ནང་བཅུག་སྟེ་འབུད་པ་དང་སྨྱུག་མའི་རྩེ་མོ་ཆུའི་ནང་བཙུགས་

ཏེ་འབུགས་ལེན་སྦྱོང་། རྒྱ་གླིང་ལ་མཚོན་ན་དཀའ་ངལ་ཆེ་ཤ ོས་ཏེ་ཡུན་རིང་བར་

དུ་མཚམས་མི་ཆད་པར་དབུགས་ཁོག་ལེན་བྱས་ཏེ་འབུད་དགོས་པ་དང་། ད་དུང་ རྒྱ་གླིང་ལག་པས་ཡུན་རིང་པོར་འགྱོགས་དགོས་པས་དམིགས་སུ་བཀར་ནས་

དབུགས་ལེན་ལ་བྱང་ཆ་ལྡན་ཕྱིེར་རྒྱ་གླིང་བ་རྣམས་ཀྱིས་སྨྱུག་མ་སོགས་ཀྱི་རྩེ་མོ་ ཆུའི་ནང་བཅུག་སྟེ་དབུགས་ལེན་སྦྱོང་བ་དང་། ཡུན་རིང་མོར་རྒྱ་གླིང་ཡར་འདེགས་

ཐུབ་པའི་གོམས་འདྲིས་ཐེབས་ཕྱིར་སྦྱོང་བཞིན་པའི་སྐབས་སུ་རྒྱ་གླིང་གི་སྐེ་ལ་རྡོ་ སོགས་བཏགས་ཏེ་འབུད། རྐང་གླིང་ནི་རྒྱ་གླིང་སྦྱོང་མཁན་རྣམས་ཀྱིས་ཞོར་དུ་སྦྱོང་ བས་འཐུས།


586 ཉམས་ཞིབ་དེབ་ཕྲེང་། ༡

ལས་ཐོགས་པའི་གྲས་ནས་གཟུགས་ཐུང་བ་རྣམས་ཀྱིས་དུང་ཆེན་འབུད་

དགོས་པ་དང་། གཟུགས་རིང་བ་རྣམས་ཀྱིས་རྒྱ་གླིང་འབུད་དགོས། སློབ་སྦྱོང་བྱེད་ པའི་སྐབས་སུ་གཞི་འཛིན་སའི་རྩ་ཚིག་རྣམས་ལའང་སློབ་སྦྱོང་བྱས་ཏེ་བྱང་ཆ་ལྡན་

པར་བྱེད། དངོས་གཞིའི་སྐབས་སུ་བརྗོད་དོན་རྩ་ཚིག་གང་ཡོད་པ་རྣམས་དེ་བཞིན་

གྱི་བསམ་བློར་ངེས་པར་བྱས་ཏེ་ཚིག་གི་འགྲོས་ལ་བསམ་བློ་གཏོང་བཞིན་འབུད་ དགོས།

དགོན་སྡེའི་སློབ་སྦྱོང་གང་ཡིན་ཡང་རྒྱུན་རིང་ལ་སྤུས་ཚད་ལྡན་པ་ཞིག་ཡོང་

དགོས་པས་ཕྱག་ལེན་རང་བཞིན་ཅན་གྱི་གར་ཐིག་དབྱངས་སོགས་སློབ་སྦྱོང་གང་ ཡིན་ཀྱང་། གང་སྟབས་བདེ་བ་དང་སླ་བཅོས་བྱེད་མི་རུང་བས་སློབ་སྦྱོང་གི་སྐབས་

སུ་སློབ་ཕྲུག་རྣམས་ཀྱིས་དཀའ་ངལ་ཧ་ཅང་ཆེན་པོའ་ི ངང་ནས་འབད་བརྩོན་བྱེད་

དགོས་པ་ནི་རྩ་བའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།

རྒྱ་གླིང་ལའང་གདངས་དབྱངས་ཀྱི་མིང་གིས་བདེ་ཆེན་ལྷུན་པོ་དང་། རྒྱུན་

བཟང་ཆུ་བོ། ལྷ་མོ་སྤྱན་འདྲེན། དགའ་གླུ་སོགས་འབུད་ཚུལ་གྱི་གདངས་དབྱངས་

སྣ་ཚོགས་ཡོད་ཅིང་། དགའ་གླུ་ནི༸གོང་ས༸སྐྱབས་མགོན་རིན་པོ་ཆེ་གསུང་ཆོས་ སོགས་ལ་ཕེབས་སྐབས་ཕོ་བྲང་གི་མདུན་ནས་ཐོག་མར་ཞལ་མཇལ་གྱི་སྐབས་སུ་ འབུད་བཞིན་ཡོད།

དུང་ཆེན་ལའང་སྤྱན་འདྲེན་ཐེར་མ་དང་། ཨ་ཏི་ཤ ཆོས་རྒྱལ་ཕོ་བྲང་། ཞིང་སྐྱོང་

སྤྱན་འདྲེན། སྤྱན་རས་གཟིགས། རྒྱལ་མོ་བུ་ཁྲིད། སོས་ཀའི་མེ་ཏོག མདོ་ལྷ་རྒྱལ། གོང་དཀར་ལྷ་རྒྱལ། བདེ་ཆེན་རྣམ་རྒྱལ། བཀྲ་ཤིས་དགུ་བརྩེགས། ཨ་རྡོ་ཧང་། དཔེ་

ཧར་སྤྱན་འདྲེན། ཙེའུ་དམར་སྤྱན་འདྲེན། བེག་ཙེ་སྤྱན་འདྲེན། སྦོམ་ར་སྤྱན་འདྲེན་ལྟ་ བུའི་བརྗོད་དོན་དང་འབུད་སྲོལ་གྱི་རྣམ་པ་དང་ཐ་སྙད་མང་དུ་ཡོད་དོ།།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 587

༣ བོད་ཀྱི་དགོན་སྡེའི་གར་འཆམ་སློབ་སྦྱོང་བྱེད་ཚུལ།

༡ གར་འཆམ་ངོ་སྤྲོད།

དུང་དཀར་ཚིག་མཛོད་ཆེན་མོ་སོགས་སུ་བཤད་པ་ལྟར་ན་གར་དང་འཆམ་

ནི་རྩ་བའི་ཆ་ནས་ཆོས་ལུགས་ཀྱི་ཆོ་ག་ཞིག་སྟེ་དགོན་སྡེ་སོ་སོས་རང་རང་གི་

ཆོས་སྐྱོང་སྲུང་མ་ཁག་ལ་མཆོད་པ་འབུལ་བའི་སྐབས་ཀྱི་བྱེད་སྒོ་ཞིག་ཡིན། རྣམ་ པའི་སྒོ་ནས་ལག་པའི་སྟངས་སྟབས་གཙོ་བོར་བྱེད་ཅིང་ཞི་བའི་ཉམས་བཅུ་དྲུག་གི་

སྒོ་ནས་མཆོད་པ་ཕུལ་བ་ལ་གར་ཞེས་དང་། རྐང་པ་དང་ལུས་ཀྱི་སྟངས་སྟབས་

གཙོ་བོར་བྱེད་ཅིང་གདོན་བགེགས་འདུལ་བའི་དྲག་པོའ་ི ཉམས་འགྱུར་གཙོབོར་

བྱེད་པའི་འཆམ་ཞེས་རིགས་གཉིས་ཡོད་ཅིང་། དེའང་ཆོས་སྐྱོང་སྲུང་མའི་ཞལ་

འབག་གྱོན་ཞིང་ལག་ཏུ་ཆོས་སྐྱོང་གང་དེ་དག་གི་ཕྱག་མཚན་ཐོགས་ཤ ིང་འཆམ་ གོས་གྱོན་ནས་འཁྲབ་པའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཆོ་ག་ཞིག་ཡིན་

པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་འཁྲབ་སྟོན་ཞིག་

དང་། འཁྲབ་གཞུང་གི་ལམ་སྟོན་དང་མཚོན་དོན་ཟབ་མོ་ཡོད་ཅིང་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་ལྡན་པ་བཅས་ཀྱི་སྒོ་ནས་དར་བའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ དང་ཆོས་ལུགས་རིག་གནས་སྐྱ་འཐབ་པའི་རིག་རྩལ་ཞིག་ཀྱང་ཡིན།

༢ བྱུང་རིམ།

དེ་ཡང་གཉའ་ཁྲི་བཙན་པོའ་ི དུས་ཀྱི་གསང་སྔགས་ཀྱི་བོན་སྒོ་སྤྱི་སྤུངས་ཁྲོ་

བོ་དབང་ཆེན་ངོ་མཚར་རྒྱས་པ་དང་། བོན་གྱི་ཡི་དམ་དཔལ་ཕྱུར་མ་རྒྱུད་ཞི་བ་ཨ་


588 ཉམས་ཞིབ་དེབ་ཕྲེང་། ༡

གསལ་སོགས་སུ་གཤེན་རབས་དགུ་འཆམ་དང་། གཟེ་མ་དགུ་འཆམ། སྟག་ལྷའི་

རྔ་འཆམ་སོགས་འཆམ་སྣ་མི་འདྲ་བ་བཅུ་བདུན་ཙམ་ཡོད་པར་གྲགས་པ་ལྟར་ན་ བོད་དུ་ཆོས་ལུགས་ཀྱི་ཆོ་གར་གྱུར་པའི་གར་འཆམ་འདིའང་སྔ་མོ་ཞིག་ནས་དར་

ཡོད་པར་སྣང་། དེའང་ཡིན་ཏེ་འདིའི་འགོ་ཁུངས་ནི་གདོད་མའི་དམངས་ཁྲོད་སྒོར་

གཞས་སོགས་ལ་གཏུགས་དགོས་པ་ནི་བརྗོད་མེད་ཡིན་ཞིང་། དམངས་ཁྲོད་གར་

བྲོ་དེ་ཉིད་རིམ་གྱིས་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་ངོ་བོའ ི་སྒོ་ནས་དར་བར་བརྟེན།

དམངས་ཁྲོད་ཀྱི་རྣམ་པ་ལས་ཅུང་ཐ་དད་པའི་རྣམ་པ་ཅན་དུ་གྱུར་པ་ནི་རིག་གནས་ འཕེལ་རིམ་དང་གར་འཆམ་གྱི་རྣམ་འགྱུར་ཉིད་ལས་དཔག་ཐུབ་བོ། །

བོད་དུ་ནང་ཆོས་དར་བ་ནས་གསང་སྔགས་སྔ་འགྱུར་གྱི<རྡོ་རྗེ་ཕུར་བའི་

འཆམ>ནི་སྔ་ཤ ོས་ཤ ིག་ཡིན་པར་བཤད་པ་ལྟར་ན། བཀའ་ཐང་ལས་སྔགས་བོན་རྔ་

ཐོགས་འཆམ་པོ་བྱེད་པ་དང་ཅེས་པར་གཞིག་ན་དེ་སྔོན་ཁྲི་སྲོང་སྐབས་ཀྱང་ཆོས་ བས་གར་བྱེད་པའི་སྲོལ་མེད་པར་སྣང་། བསྟན་པ་ཕྱི་དར་གྱི་འགོ་བརྩམས་ནས་

ཅུང་ཙམ་སོང་བའི༡༠༣༤ལོར་ས་སྐྱ་བའི་སྲོལ་འབྱེད་པ་འཁོན་དཀོན་མཆོག་རྒྱལ་ པོས་སྔགས་པ་རྣམས་འབག་གྱོན་ཞིང་གར་བྱེད་པ་མཐོང་བས་གཅེན་ལ་ཞུས་པ་

ན་ད་ནི་གསང་སྔགས་འཆོལ་བ་ཡིན་པས་ཕྱིན་ཆད་སྔགས་གསར་མ་ལ་སློབ་པར་

བསྐུལ་བའི་ལོ་རྒྱུས་ལ་གཞིག་ན་གར་འཆམ་ནི་བན་བོན་འདྲེས་ནས་དར་བའི་ཆོས་ ལུགས་ཀྱི་ཆོ་ག་ཞིག་དང་། བསྟན་པ་ཕྱི་དར་སྐབས་ནས་རིམ་གྱིས་ནང་བསྟན་ དགོན་སྡེ་ཁག་ཏུ་དར་ཁྱབ་བྱུང་བ་ཞིག་ཡིན་པར་སྙམ། དེའི་ཚུལ་ལ་དུང་དཀར་

ཚིག་མཛོད་ཀྱི་ཤ ོག་ངོས༤༨༩པར། “སྔགས་གསར་མ་དར་སྤེལ་མ་བྱུང་བར་གྱི་ དུས་སྐབས་དེར་གསང་སྔགས་ལ་ཁ་གཡར་ནས་ཆོས་ཀྱི་བྱེད་སྒོ་འདྲ་མིན་དར་

བའི་དུས་སྐབས་དེར་སྔགས་པ་མཁྱེན་རབ་ཀྱི་འཕྲུལ་ཆེ་བ་འགའ་ཞིག་གིས་རྣམ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 589

པ་བོན་ལ་ནང་དོན་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་ལྡན་པའི་གར་འཆམ་རིག་རྩལ་ གྱི་འཁྲབ་སྟོན་གསར་གཏོད་མཛད་པ་ལས་བྱུང་བ་མིན་ནམ་སྙམ”ཞེས་གསུངས་ ཡོད། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན(༡༣༡༢ནས༡༣༧༥)གྱི་

ཕྱག་ལེ ན ་བཞི ན ་མཆོ ད ་དཔོ ན ་ཤེ ས ་རབ་སྣང་བས<འཆམ་ཡི ག >བརྩམས་པ་

དང་། དེ་ནས་ཕག་གྲུ་སྡེ་སྲིད་དབང་གྲགས་པ་འབྱུང་གནས(༡༤༡༤ནས་༡༤༤༥)

ཀྱི ་ སྐབས་སུ་རི ན ་པོ ་ ཆེ ་ ཀུན་བཟང་རྩེ ་ བས་ལེ ག ས་བཅོ ས ་གནང་བའི < འཆམ་ ཡིག>གཞིར་བཟུང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས༡༦༧༠ལོར<དཔལ་ཀུན་དུ་

བཟང་པོའ་ི འཆམ་གྱི་བརྗེད་བྱང་ལྷ་ཡི་རོལ་གར>བརྩམས་པ་ནས་རིམ་གྱིས་བོད་

མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མང་པོར་འཆམ་གྱི་འཁྲབ་སྟོན་དང་འཆམ་ ཡིག་བཅས་པའི་འཁྲབ་གཞུང་རྩོམ་པའི་སྲོལ་གཉིས་ཀ་དར་རྒྱས་བྱུང་བ་ཞིག་ཡིན་

ཞིང་། འགོ་ཁུངས་དེ་འདྲ་ཞིག་ནས་རིམ་གྱིས་བརྒྱུད་དེ་རྒྱུན་འཛིན་གྱི་ངོ་བོ་ལྡན་

པའི་ཐོག་ཏུ། བླ་མ་དང་མཁས་པ་དུ་མའི་ཕྱག་བཞེས་མི་འདྲ་བར་བརྟེན་ནས་གར་ འཆམ་གྱི་རིགས་དང་འཆམ་ཡིག་མི་འདྲ་བ་སྣ་ཚོགས་གསར་གཏོད་གནང་སྟེ།

འབྲུ་གུང་གར་འཆམ་དང་། གོང་དཀར་ཆོས་སྡེའི་རྔ་འཆམ། རྩེ་རྣམ་རྒྱལ་གྲྭ་ཚང་ གི་གར་འཆམ། བཀྲ་ཤིས་ལྷུན་པོའ ི་གར་འཆམ། བླ་བྲང་བཀྲ་ཤ ིས་འཁྱིལ་གྱི་གར་

འཆམ། བསྟན་རྒྱས་གླིང་གི་གར་འཆམ། མཚུར་ཕུའི་གར་འཆམ་སོགས་བྱུང་ཞིང་

དད་ལྡན་མང་ཚོགས་ཀྱི་དད་པའི་མཆོད་ཡུལ་དང་རིག་རྩལ་འཁྲབ་སྟོན་གྱི་དགའ་

སྟོན་ཞིག་ཏུའང་གྱུར་ཏེ་དར་རྒྱས་བྱུང་ཡོད། ༣ སློབ་སྦྱོང་བྱེད་ཐབས།

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་

གླིང་གི་དགུན་འཆམ་ཞེས་ཧོར་ཟླ༩བའི་ཚེས༢༩ལ་འཁྲབ་རྒྱུའི་དགུན་འཆམ་ཞེས་


590 ཉམས་ཞིབ་དེབ་ཕྲེང་། ༡

པ་གཞི་ལ་བཟུང་སྟེ་དགོན་སྡེའི་འཆམ་སློབ་སྦྱོང་བྱེད་ཚུལ་སྐབས་འདིའི་བརྗོད་བྱར་ བཟུང་ན། འཆམ་གསར་སློབ་ཅེས་ལུས་གཟུགས་ཐང་ཞིང་གཟུགས་ཚད་མཉམ་

པའི་གྲྭ་པ་གཞོན་སྐྱེས་བཅོ་ལྔ་དང་ལྕགས་མཁར་བ་ཞེས་གྲྭ་གཞོན་བཅུ། དུང་

ཆེན་འབུད་མཁན་གྱི་གྲྭ་གཞོན་བཞི་བཅས་གསར་འདེམས་བྱས་ཏེ་སློབ་སྦྱོང་སྤྲོད་ བཞིན་ཡོད།

སློ བ ་སྦྱོ ང ་གི ་ དུས་ཡུན་ནི ་ ཟླ་བ་དྲུག་ཙམ་ཡི ན ་པས་ཧོ ར ་ཟླ་བཅུ་པའི ་ ཟླ་

མཇུག་ནས་འགོ ་ བརྩམས་ཏེ ་ ཧོ ར ་ལུགས་ལོ ་ གསར་ལ་མ་བསླེ བ ་གོ ང ་དུ་ཟླ་བ་

གཉིས་དང་། ལོ་གཉིས་པའི་ཧོར་ཟླ་གཉིས་པ་ནས་ཧོར་ཟླ་དྲུག་པ་བར་དུ་ཟླ་བ་

གསུམ་བཅས་ཟླ་བ་དྲུག་ཙམ་གྱི་རིང་ལ་སྦྱོང་དགོས། ཐོག་མའི་འཆམ་གྱི་སློབ་མ་ གསར་པ་རྣམས་དུམ་བུ་གསུམ་ཙམ་བགོས་ཤིང་སྒེར་གྱིས་དགེ་རྒན་བཙལ་ཏེ་ རྨང་གཞིའི་སློབ་སྦྱོང་བྱེད་དགོས།

རྨང་གཞིའི་སློབ་སྦྱོང་གི་སྐབས་སུ་རོལ་ཆས་མི་སྤྱོད་པར་དགེ་རྒན་གྱིས།

༡༽ ༢༽ ༣༽ ༤༽ལྟ་བུའི་གྲངས་ཁ་བརྩི་བ་དང་། ཡང་ན་ལག་པས་སྦུག་ཆལ་གྱི་

ཚབ་བྱས་ཏེ་ལག་པ་བརྡབ་པའི་སྒྲ་ལ་བརྟེན་ནས་འཆམ་དགོས། དེའི་སྐབས་སུ་ གཙོ་བོ་རྐང་རྩེ་ནས་ལངས་པ་དང་། ལག་པའི་འགྱོགས་ཚད། མཆོང་འབབ། རྐང་

པ་བཀྱགས་ཏེ་གསེག་ཚུལ། རྐང་རྩེ་ནས་སྐོར་ཚུལ་བཅས་སྦྱོང་བཞིན་ཡོད། རྐང་ པ་གཅིག་གི་འགོ་ནས་སྐོར་ཚུལ་སོགས་བསླབས་ཤིང་རྐང་ལག་གི་སྟངས་སྟབས་

ཀྱི་སྐབས་སུ་ལུས་ཀྱི་ལྡེམ་མྱུར་དང་དྲང་བོར་སྲོང་ཚུལ་སོགས་ལ་དམིགས་སུ་ བཀར་ནས་སློབ་ཁྲིད་བྱས་ཏེ་ལུས་ཀྱི་རྩ་བྱང་བ་དང་། ལུས་འདུལ་སྦྱོང་བྱ་ཕྱིར་

ཐབས་ལམ་སྣ་ཚོགས་བརྟེན་ཏེ་དངོས་གཞིའི་སློབ་སྦྱོང་ལ་མ་བསླེབ་བར་དུ་ལུས་ རང་དབང་ཐོབ་པའི་ཚད་དུ་བསླེབས་པར་བྱེད། ཟླ་བ་གཉིས་ཀྱི་རིང་ལ་རྨང་གཞིའི་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 591

སློབ་སྦྱོང་གྲུབ་པ་བྱེད་དགོས་པ་དང་། དེ་ནས་ཟླ་བ་གཉིས་པ་ནས་དགོན་སྡེ་གཞུང་

ནས་འཆམ་དཔོན་དང་འཆམ་གཞོན་ཞེས་འཆམ་གྱི་དགེ་རྒན་གཉིས་བསྐོས་ཏེ། དེ་ གཉིས་ཀྱིས་ལྕགས་མཁར་གྱི་སློབ་མ་བཅུ་དང་འཆམ་གྱི་སློབ་མ་བཅོ་ལྔ། དུང་

འབུད་མཁན་བཞི་བཅས་མཉམ་དུ་བསྲེས་ཏེ་སྦུག་ཆལ་དང་འདོན་ཆའི་འགྲོས་དང་

བསྟུན་ཏེ་མཉམ་དུ་སྦྱོང་དགོས། གཞུང་བསྐོས་འཆམ་དཔོན་གྱིས་ཞིབ་ཁྲིད་དང་ ལེགས་བཅོས་ཀྱི་རྣམ་པའི་སྒོ་ནས་རྨང་གཞིའི་སློབ་སྦྱོང་དེ་ལས་ཚད་མཐོར་གཏོང་ ཐབས་བྱེད་པ་དང་། དངོས་གཞིའི་སློབ་སྦྱོང་ཟླ་བ་ལྔའི་རིང་ལ་ཞོགས་པ་ཆུ་ཚོད་

ལྔ་པ་ནས་དགོང་དྲོའ་ི ཆུ་ཚོད་ལྔ་པའི་བར་དུ་སྦྱོང་དགོས་ཤིང་། ཆར་བ་བབས་ ནའང་ཝ་མཆུ་ལས་ཆུ་མ་ཐོན་གྱི་བར་དུ་མཚམས་བཞག་མི་ཆོག དེའི་སྐབས་ཉིན་

རེ་བཞིན་དགེ་རྒན་གྱི་ལམ་སྟོན་འོག་ནས་ཡང་དང་བསྐྱར་དུ་འཆམ་ཏེ་ཕྱོགས་ གཅི ག ་ནས་སྤུས་ཚད་མཐོ ་ རུ་གཏོ ང ་བ་དང་ཕྱོ ག ས་གཅི ག ་ནས་སྦྱོ ང ་བརྡར་ ཐེབས་པར་འབད་བརྩོན་བྱེད་བཞིན་ཡོད། དངོས་གཞིའི་འཆམ་གྱི་དུས་ཚོད་ལ་

མ་བསླེབ་གོང་ལ་དགོན་པའི་བླ་མ་ལས་སྣེ་རྣམས་ཀྱིས་འཆམ་རྒྱུགས་བླངས་ཏེ་ ཨང་རིམ་དང་བྱ་དགའ་སྤྲོད་སྲོལ་ཡོད།

དངོས་གཞིའི་འཆམ་འཁྲབ་པའི་ཉིན་ཨང་རིམ་ལྟར་གྱིས་འཁྲབ་ཚན་དཀའ་

སླའི ་ རི མ ་པ་ལྟར་འཁྲབ་མཁན་ལེ ག ས་ཞན་གྱི ་ དབྱེ ་ བ་ཕྱེ ་ སྟེ ་ འཁྲབ་ཏུ་འཇུག

དངོས་གཞི་འཁྲབ་པའི་སྐབས་སུ་འཆམ་དཔོན་དང་འཆམ་གཞོན་ཞེས་པའི་དགེ་

རྒན་གཉིས་ཀྱང་འཛུལ་ཞུགས་བྱས་ཏེ་སྣེ་ཁྲིད་རྣམ་པའི་སྒོ་ནས་འཁྲབ་དགོས།

བླ་བྲང་བཀྲ་ཤ ིས་འཁྱིལ་གྱི་དགུན་འཆམ་ལ་མཚོན་ན་འཁྲབ་ཚན་མི་འདྲ་བ་བཞི་ ཡོད་ཅིང་། ༡) དེའང་ཙེའུ་དམར་དང་། ༢) ཆོས་རྒྱལ། ༢) རྣམ་སྲས། ༤) ཞྭ་

ནག་བཅས་རིམ་པ་བཞིར་བགོས་ཡོད་པ་དང་། འཁྲབ་ཚན་གྱི་དགོས་མཁོ་ལྟར་


592 ཉམས་ཞིབ་དེབ་ཕྲེང་། ༡

མི་སྣ་གོ་སྒྲིག་བྱེད་བཞིན་ཡོད། དངོས་གཞིའི་སྐབས་སུ་འབག་དང་འཆམ་ལྭ་ གྱོན་ཞིང་། འདོན་པའི་འགྲོས་དང་བསྟུན་ནས་ལྕགས་མཁར་བའི་སྦུག་ཆལ་དང་།

རྔ། དུང་ཆེན། རྐང་གླིང་བཅས་ཀྱི་སྒྲ་དང་བསྟུན་ཏེ་འཆམ་དགོས། ཞོགས་པ་ཆུ་ ཚོད་དགུ་པ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པ་བར་དུ་ཆུ་ཚོད་དྲུག་བདུན་ཞིག་གི་རིང་ལ་

འཆམ་དགོས་ལ། དུས་ཡུན་རིང་ཞིང་མཆོང་ལྡིང་མང་བ། ལག་པ་མཐོན་པོར་

འགྱོགས་དགོས་པ། རྐང་རྩེ་ནས་ལངས་དགོས་པ་བཅས་ཀྱིས་དཀའ་ངལ་ཧ་ཅང་

ཆེན་པོ་ཡོད་པས། བྱང་ཆ་ལྡན་པ་ཞིག་བྱ་ཕྱིར་སློབ་སྦྱོང་གི་དུས་ཡུན་རིང་ཞིང་ སྒྲིག་གཞི་གཟབ་ནན་ཡིན་ནོ། །

༤ སྔ་རབས་བོད་ཀྱི་དགོན་སྡེའི་བཟོ་བཀོད་སློབ་སྦྱོང་བྱེད་ཚུལ། དཀྱིལ་འཁོར་ ༡ བྱུང་རིམ།

བཞེང་བཀོད།

རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་གསུངས་པའི་ཚེ་རང་ཉིད་ཡེ་ཤ ེས་ཀྱི་དཀྱིལ་

འཁོར་དུ་སྤྲུལ་ནས་ས་བཅུའི་སེམས་དཔའ་རྣམས་ལ་དབང་སྐུར་ཏེ<རྒྱུད>བསྟན་པ་

དང་། སངས་རྒྱས་སྤྲུལ་བའི་སྐུས་སྤྲུལ་བ་མཆོག་གི་དཀྱིལ་འཁོར་སྤྲུལ་ནས་གྲུབ་

པའི་ས་ལ་གནས་པ་རྣམས་ལ་དབང་བསྐུར་པའི་དཀྱིལ་འཁོར་གྱི་རྣམ་གཞག་ནི་ འཕགས་པ་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ ཞེས་དང་། <མདོར་བསྡུས་དང་པོའ ི་འགྲེལ་ 324

བར>རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ལས། “སྟོན་པ་གོའུ་སྟོན་པའོ། །གནས་ནི་དཔལ་

324 <<བཟོ་གནས་སྐྲ་རྩེའི་ཆུ་ཐིགས།>> ཤོག་ངོས༢༠༠། དཀོན་མཆོག་བསྟན་འཛིན། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་

དཔེ་སྐྲུན་ཁང་།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 593

ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །མི་བདག་ཟླ་བཟང(ཤམ་ བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ)ཞུ་བ་པོ།

།རྒྱུད་བསྟན་པ་ནི་མ་རྣམས་ཀྱི། །བསོད་ནམས་

ཡེ་ཤེས་དགོས་པ་ཅན། །”ཞེས་གསུངས་པ་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་ གར་ལྷོ་ཕྱོགས་འབྲས་སྤུངས་སུ་དཔྱིད་ཟླ་འབྲིང་པོའ ི་ཉ་ལ་ཆོས་དབྱིངས་གསུང་གི་

དཀྱིལ་འཁོར་བཀོད་ཅིང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའ་ི སངས་རྒྱས་རྣམ་པར་སྤྲུལ་ཞེས་སོགས་ནས་བསྟན་པ་ལྟར་ཐོག་མའི་ཆར་འཁོར་ དག་པའི་ངོར་ཡིད་སྤྲུལ་གྱི་དཀྱིལ་འཁོར་བྱུང་ཞིང་། དེ་ནས་རིམ་གྱིས་བཟོ་བོས་ བྱེད་དུ་རུང་བའི་དཀྱིལ་འཁོར་བྱུང་ཡོད་པར་སྣང་། རྒྱ་གར་པཎ་གྲུབ་རྣམས་ཀྱིས་

དཀྱིལ་འཁོར་གྱི་རིགས་དབྱེ་བྱེད་ཚུལ་ལ་གཉིས་ནས་བརྒྱད་ཀྱི་བར་དུ་བྱུང་ཡོད་

དེ༑ <སུམྦུ་ཊི>ལས་བཅོས་མ་ཕྱིའི་དཀྱིལ་འཁོར་དང་གྲུབ་པ་ནང་གི་དཀྱིལ་འཁོར་ གཉིས་གསུངས་པ་དང་། <རིམ་ལྔ>ལས་བསྐྱེད་རིམ་པའི་སློབ་དཔོན་ལ་རྡུལ་ཚོན་

དང་། རྫོགས་རིམ་པའི་སློབ་དཔོན་ལ་སྒྱུ་མའི་དཀྱིལ་འཁོར་གཉིས་གསུངས་ཡོད།

<དྲིལ་བུ་བས>དབང་རྟུལ་ལ་རས་བྲིས། དབང་འབྲིང་ལ་རྡུལ་ཚོན། དབང་རྣོན་ལ་ ལུས་དཀྱིལ་གསུམ་དང་། ཡང་རྡུལ་ཚོན། རས་བྲིས། བསམ་གཏན། ལུས་དཀྱིལ། བྷ་ག་ཀུན་རྫོབ། བྱང་སེམས། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་སོགས་རིགས་

དབྱེ་དུ་མ་མཛད་ཡོད་ཀྱང་། བཟོ་བོས་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་རྡུལ་ཚོན། རས་བྲིས། བློས་བསླང་གསུམ་ཡིན་ནོ། །

དཀྱིལ་འཁོར་བཞེང་སྐྲུན་གྱི་སྒྱུ་རྩལ་འདི་ཉིད་བོད་དུ་དར་བའི་རིམ་པ་ལ།

སྲོང་བཙན་ཡབ་ཡུམ་གྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེང་བའི་དུས་

སུ་གསང་བ་སྔགས་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དུ་ངག་གི་ དབང་ཕྱུག་དྲག་པོའ་ི དཀྱིལ་འཁོར་གྱི་ཚུལ་དུ་བཞེངས་པ་ན་བུན་འཁྲིགས་ཤ ིང་སྐྱེ་


594 ཉམས་ཞིབ་དེབ་ཕྲེང་། ༡

བོ་སྤྱིའི་མི་མཐོང་བ་བྱུང་བའི་ལོ་རྒྱུས་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་

མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་ པ་རྣམས་རྒྱུད་སྡེའི་དཀྱིལ་འཁོར་དང་མཐུན་པར་བཞེངས་པ་དང་། <མཁས་པའི་

དགའ་སྟོ ན >ལས་སློ བ ་དཔོ ན ་པདྨ་འབྱུང་གནས་ཀྱི ས ་དཀྱི ལ ་འཁོ ར ་ཕྱག་བྲི ས ་

གནང་བ་སོ ག ས་ཀྱི ་ ལོ ་ རྒྱུས་ཡོད་པ་དང་། མཁས་དབང་དུང་དཀར་ཚང་གིས་ གསུངས་པ་བཞིན་ཕོ་བྲང་པོ་ཏ་ལ་ནི་ཕྱིའི་བཀོད་པ་རྒྱལ་པོའ ི་ཕོ་བྲང་གི་རྣམ་པ་ཅན་ དང་། ནང་གསང་སྔགས་དཀྱིལ་འཁོར་གྱི་རྣམ་པས་བཞེངས་ཡོད་པར་བཤད། རས་ བྲིས་དང་ལྡེབས་བྲིས་ཀྱི་དཀྱིལ་འཁོར་ཡང་དཔལ་ལྡན་ས་སྐྱ་དང་། ཞ་ལུ་སོགས་སུ་

དར་ཞིང་ས་སྐྱའི་གཙུག་ལག་ཁང་གི་ལོ་རྒྱུས་གཞིར་བཟུང་ན། དཔལ་ལྡན་ས་སྐྱའི་ སྟེང་གི་ཐིག་གཡབ་ཀྱི་ལྡེབས་རིས་ནི་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་ཞལ་

བཀོད་གནང་སྟེ༡༢༩༢བླ་མ་བློན་ཆེན་དང་སྤུར་ཡེ་ཤེས་རྒྱལ་མཚན་གཉིས་ཀྱིས་ གཙོ་འགན་བཞེས་ཤ ིང་རྣལ་འབྱོར་རྒྱུད་མན་གྱི་རགས་བསྡུས་དཀྱིལ་འཁོར་དྲུག་

བརྒྱ་སོ་དགུ་དང་། ཡང་ཐིག་གཡབ་ནུབ་ཏུ་ལྷའི་དཀྱིལ་འཁོར་མི་འདྲ་བ་དྲུག་ཅུ་རེ་

ལྔ་བཞེངས་ཚུལ་གྱི་ལོ་རྒྱུས་ཡོད་པ་དང་། སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་རྣལ་

འབྱོར་རྒྱུད་ཀྱི་གཞལ་ཡས་ཁང་ཆེན་མོ་བཞེང་སྐབས་ཀུན་མཁྱེན་བུ་སྟོན་མཆོག་ གིས་ཞལ་བཀོད་གནང་སྟེ་དཀྱིལ་འཁོར་མང་དུ་བཞེངས་པའི་ལོ་རྒྱུས་ཡོད་པ་ལྟར་

རིམ་གྱིས་བོད་མདོ་དབུས་ཁམས་གསུམ་དུ་རས་བྲིས་དང་ལྡེབས་བྲིས་ཀྱི་དཀྱིལ་ འཁོར་བཞེངས་སྲོལ་དར་རྒྱས་བྱུང་ཡོད།

བློས་བསླང་ལ་མཚོན་ནའང་རྗེའི་རྣམ་ཐར་ལས་གསལ་བ་ལྟར་ན། རྗེ་ཙོང་

ཁ་པས་དགའ་ལྡན་སྒྲུབ་མཆོད་ཁང་དུ་གསང་འདུས་དང་། ཤར་དུ་བདེ་མཆོག་

ལཱུ་ཨི་པ་དང་། ནུབ་ཏུ་རྡོ་རྗེ་དབྱིངས་ཀྱི་བློས་བསླང་གི་དཀྱིལ་འཁོར་བཞེངས་པ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 595

དང་། ཕོ་བྲང་པོ་ཏ་ལར་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གྱི་བློས་བསླང་

དཀྱིལ་འཁོར་བཞེངས་ཡོད་པ་དང་། ཕོ་བྲང་དེའི་གསེར་གདུང་དགེ་ལེགས་འདོད་

འཇོའ་ི ཁང་དུ་མུ་ཏིག་གིས་བསྒྲུབས་པའི་དཀྱིལ་འཁོར་བཞེངས་ཡོད་པ་དང་། དེ་

བཞིན་ཁམས་ཀཿཐོག་རྡོ་རྗེ་གདན་དུ་ཙན་དན་དང་བ་སོས་གྲུབ་པའི་བློས་བསླང་ བཞེངས་པ་དང་། མདོ་སྨད་སྐུ་འབུམ་བྱམས་པ་གླིང་སོགས་བོད་ཀྱི་དགོན་སྡེ་ཁག་

ཏུ་གསེར་དངུལ་དང་། བ་སོ། ཤིང་སོགས་རྒྱུ་ཆ་སྣ་ཚོགས་ཀྱིས་གྲུབ་ཅིང་ཆེ་བ་

ཁང་རྩེག་གསུམ་གྱི་མཐོ་ཚད་ཙམ་ཡོད་པའི་བློས་བསླང་ཞེས་པའི་དཀྱིལ་འཁོར་ བཞེང་སྲོལ་དར་རྒྱས་ཆེན་པོ་བྱུང་ཡོད།

རྡུལ་ཚོ ན ་གྱིས་དཀྱིལ་འཁོར་བཞེངས་ཚུལ་ཡང་སློ བ ་དཔོ ན ་པདྨས་ཕྱག་

གིས་དཀྱིལ་འཁོར་བྲིས་ཞེས་པ་ནས་དར་མེད་དམ་སྙམ། གང་ལྟར་དུས་དེ་ཙམ་ ནས་རིམ་གྱིས་དར་ཞིང་བསྒྲུབ་གྲྭ་ཁག་ཏུ་ཆ་རྐྱེན་དང་བསྒྲུབ་བྱའི་ངོ་བོར་དམིགས་ ཏེ་རྡུལ་ཚོན་དཀྱིལ་འཁོར་གྱི་ཕྱག་ལེན་སྣ་ཚོགས་དར་ཡོད། དེའང་རྡུལ་མཚོན་གྱི་ རྒྱུ་ཆ་ལའང་དེའི་ཚོན་རྩི་ལ་འབྱོར་བ་རབ་ཀྱིས་ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་སོགས་

རིན་ཆེན་ཕྱེ་མ་སྤྱོད་པ་དང་། འབྲིང་ལ་འབྲས་དང་འབྲུ་ཁ་བསྒྱུར་པ་སྤྱོད་པ་དང་།

ཐ་མ་ལ་མེ་ཏོག་གི་ཕྱེ་མ་དང་ཅོང་ཞིའི་ཕྱེ་མ། བླ་མེད་ལ་དུར་ཁྲོད་ཀྱི་སོལ་བ་དང་ རུས་ཕྱེས་སོགས་སྤྱོད་བཞིན་ཡོད། དེང་སང་སྒྲུབ་གྲྭ་ཁག་ཏུ་དམིགས་གསལ་གྱི་ ས་རྡོ་ཞིག་རྡུལ་ཚོན་དུ་སྤྱོད་ཚུལ་དར་ཡོད།

དཀྱིལ་འཁོར་སྐོར་གྱི་ཤེས་བྱ་རྒྱས་པར་ཤེས་འདོད་ན་བུ་སྟོན་ཐམས་ཅད་

མཁྱེན་པའི་གསུང་འབུམ་ལས<དཀྱིལ་འཁོར་གྱི་ལོ་རྒྱུས>དང་། <དཀྱིལ་འཁོར་གྱི་

བསྟོད་པ།> <བྱ་སྤྱོད་རྣལ་འབྱོར་སོགས་ཀྱི་རྒྱུད་སྡེ་དཀྱིལ་འཁོར་རིགས་བཞེངས་ ཐབས་ལྷ་གྲངས་དགོད་ཐབས་དང་བཅས་པ>དང་། <ས་ལུགས་ཀྱི་ཐིག་ཆོག་རྒྱ་


596 ཉམས་ཞིབ་དེབ་ཕྲེང་། ༡

མཚོ།> རོང་བ་བསོད་ནམས་འོད་ཟེར་གྱི<རྟེན་གསུམ་བཞུགས་གནས་དང་བཅས་

པའི་བཞེངས་ཚུལ་ཡོན་ཏན་འབྱུང་གནས།> རྒྱུད་སྨད་ཏྲེ་ཧོར་སྔགས་རམས་པ་

ཚུལ་ཁྲིམས་དར་རྒྱས་དང་བྱམས་པ་བཀྲ་ཤིས་གཉིས་ཀྱིས་མཛད་པའི<ཐིག་གི་ ལག་ལེན་དུ་མ་གསལ་བར་བྱེད་པའི་བཟོ་རིགས་མཛེས་པའི་ཁ་རྒྱན།> གཡུང་ དྲུང་རྒྱལ་མཚན་གྱི<ཟབ་ལམ་དཀྱིལ་འཁོར་རྒྱ་མཚོ་ཐིག་གི་རྣམ་བཤད>སོགས་ ལ་སློབ་སྦྱོང་བྱེད་དགོས་པར་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་ཡོད།

དཔྱད་གཞིར་གཞིག་ན་བོད་དུ་རས་བྲིས་དང་རྡུལ་ཚོན། བློས་བསླང་བཅས་

བཟོ་བོས་བྱེད་དུ་རུང་བའི་དཀྱིལ་འཁོར་དར་རྒྱས་ཆེན་པོ་བྱུང་ཡོད་ལ། སྒྲུབ་སྡེ་སོ་

སོའ ི་ལག་ལེན་གྱི་རྣམ་པའང་མི་འདྲ་བ་མང་དུ་སྣང་ཞིང་། སླ་བ་རས་བྲིས་ནས་ཆེ་ བ་གཙུག་ལག་ཁང་གི་བཀོད་པའང་དཀྱིལ་འཁོར་གྱི་བཞེང་བཀོད་ལྟར་བཞེང་སྲོལ་ ཡོད་པ་འདིའི་ཐོག་ནས་བོད་ཀྱི་དགོན་སྡེ་དག་ཏུ་གྲྭ་པའི་ལུས་བཟོ་སྒྱུ་རྩལ་གྱི་གྲུབ་ ཆ་གལ་ཆེན་ཞིག་དཀྱིལ་འཁོར་བཞེངས་སྐྲུན་གྱིས་ཟིན་ཡོད་པ་དང་། འདི་ནི་གྲྭ་

པའི་ཁྲོད་ཀྱི་ལག་ཤེས་པ་རྣམས་ཀྱིས་ལག་རྩལ་འདོན་པའི་ཁོར་ཡུག་ཕུན་སུམ་ ཚོགས་པ་ཞིག་ཏུ་གྱུར་ཡོད། ཚུལ་འདི་ནི་བཟོ་རིག་གིས་དབུལ་བའི་བོད་རིགས་

ཀྱིས་ངོམ་དུ་འོས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་དང་དེའང་དམངས་

ཁྲོད་དུ་མ་དར་བར་དགོན་སྡེ་རིག་གནས་ཀྱི་ངོ་བོའ་ི སྒོ་ནས་དར་རྒྱས་བྱུང་ཡོད། རིག་གནས་ཤིག་ཇི་ལྟར་དར་རྒྱས་ཆེ་ན་དེ་བཞིན་དུ་དེའི་ཚུལ་ལ་སློབ་སྦྱོང་བྱེད་ ཚུལ་ཞིག་ཀྱང་འབྱུང་ངེས་པ་བཞིན་དཀྱིལ་འཁོར་བཞེང་སྐྲུན་ལ་སློབ་སྦྱོང་བྱེད་

ཚུལ་གྱི ་ གཞུང་ལུགས་ཤི ག ་དང་རྒྱུན་སྲོ ལ ་ཞི ག ་ཆགས་ཡོ ད ་པ་རྣམས་ངོ ་ སྤྲོ ད ་ བྱས་ན།

325

325 དཔྱད་གཞིའི་ཁུངས།___

<<རྒྱུད་སྡེའི་ཟབ་དོན་སྒོ་འབྱེད་རིན་ཆེན་གཅེས་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།>>བུ་སྟོན་རིན་ཆེན་གྲུབ།


༢ སློབ་སྦྱོང་བྱེད་ཐབས།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 597

དཀྱིལ་འཁོར་བཞེངས་བཀོད་ནི་ལྷའི་ཞིང་ཁམས་འབུར་གཟུགས་ཀྱི་རྣམ་

པའི་སྒོ་ནས་བཞེང་སྐྲུན་བྱེད་པའི་རྣམ་པ་ཞིག་ཡིན་ཞིང་རྩ་བའི་ཆ་ནས་རི་མོ་དང་

བཟོ་བཀོད་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན། སྒྱུ་རྩལ་འདིའི་ནང་དུ་རི་ མོ་དང་འབུར་གཟུགས་བཟོ་དབྱིབས་གཉིས་ཀ་འདུས་ཡོད། བཟོ་སྟངས་ཀྱི་ཆ་ནས་

ཡིད་སྤྲུལ་ལམ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་འདོན་ཆོག་གི་ཆོ་ག་འདོན་པའི་

ནང་དོན་ལྟར་དམིགས་པའམ་འདུ་ཤེས་ཀྱིས་བཞེངས་པའི་དཀྱིལ་འཁོར་ཞིག་དང་། བསམ་གཏན་གྱི་དཀྱིལ་འཁོར་ནི​ི་ཡིད་སྤྲུལ་ལམ་འཆར་སྣང་དུ་གཏོགས་པའི་འདུ་

ཤེས་ཀྱི་འཇིག་རྟེན་ཞིག་ཡིན་པས་མཐོང་བའི་ལམ་ལས་འདས་པས་བཤད་དཀའ་ བ་དང་། བློས་བསླང་ཞེས་ཇི་སྲིད་མཆོད་པའི་རྟེན་དུ་བཞུགས་རྒྱུའི་རིགས་དེ་ཁང་ བ་རྩེག་པ་དང་བཅས་ཏེ་གསེར་དངུལ་དང་ཤིང་སོགས་ཀྱིས་བཟོ་བའི་དབྱིབས་

བཟོའ ི་སྒྱུ་རྩལ་གཙོ་བོར་བྱེད་པའི་རིགས་ཤིག་དང་། བློས་བསླང་ནི་གཙོ་བོ་མགར་

ལས་དང་ཤ ིང་བཟོའ ི་ལས་སུ་གཏོགས་པས་བཤད་པའི་དགོས་པ་མེད། རས་བྲིས་

ཀྱི་དཀྱིལ་འཁོར་ནི་རི་མོར་གཏོགས་པས་ལྷ་བཟོའ ི་ལས་སུ་གྱུར་པས་སྐབས་འདིའི་

འཆད་པའི་ཡུལ་དུ་མ་གྱུར།

དེས་ན་སྐབས་སུ་བབས་པའི་འཆད་པའི་ཡུལ་ནི་དགོན་སྡེ་རྡུལ་ཚོན་སྒྱུ་རྩལ་

གྱི་སློབ་སྦྱོང་ཡིན། ད་ལྟའི་བར་དུ་རྡུལ་ཚོན་གྱིས་དཀྱིལ་འཁོར་བཞེང་སྐྲུན་བྱེད་

<<བཟོ་གནས་སྐྲ་རྩེའི་ཆུ་ཐིགས།>> དཀོན་མཆོག་བསྟན་འཛིན། ཀྲུང་གོ་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

<<སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་ཡར་འཕེལ་གྱིས་བསྡུ་སྒྲིག་དང་དཔྱད་ཞིབ་གནང་བཞིན་པའི་

<<ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའ་ི རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ ལོང་།>> བརྩོན་འགྲུས་རབ་རྒྱས་ཀྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་།

དཔལ་དུས་ཀྱི་འཁོར་ལོའ ི་དཀྱིལ་འཁོར་གྱི་སྐོར།>> ད་དུང་དེབ་གཟུགས་སུ་གྲུབ་མེད།


598 ཉམས་ཞིབ་དེབ་ཕྲེང་། ༡

པའི་སྒྱུ་རྩལ་གྲུབ་དོན་ལ་མཇལ་བ་ཙམ་ལས་དེ་ཉིད་དགོན་སྡེའི་སྒྱུ་རྩལ་སློབ་སྦྱོང་

ཞིག་གི་ངོས་ནས་ཇི་ལྟར་བཟོ་བའི་ཚུལ་དང་སློབ་སྦྱོང་བྱེད་ཚུལ་བཅས་ཀྱང་དཀྱིལ་ འཁོར་གྱི་ནང་དོན་དང་འདྲ་བར་གསང་བའི་གནས་ཤིག་ཏུ་བཞག་ཡོད། དོན་དངོས་

སུ་དཀྱིལ་འཁོར་བཞེང་སྐྲུན་ནི་བོད་ཀྱི་དགོན་སྡེའི་སྒྱུ་རྩལ་སློབ་སྦྱོང་དུ་གཏོགས་ པས་སྐབས་འདིར་ངེས་པར་གླེང་དགོས་པ་ཞིག་ཡིན། དེའང་ནང་དོན་དང་མཚོན་

ཐབས་སོགས་ཀྱི་ཟབ་གནད་དག་མི་གླེང་བར་ཇི་ལྟར་སློབ་སྦྱོང་བྱེད་པའི་ཚུལ་ལས་ བརྩམས་ཏེ་གླེང་ན། ཐོག་མར་དགེ་རྒན་གྱིས་སློབ་མ་རྣམས་ལ་ཐིག་རྒྱག་སྟངས་

ཀྱི་རྩ་ཚིག་གི་གཞུང་བློ་འཛིན་བྱེད་དུ་འཇུག དཔེར་ན། དུས་འཁོར་གྱི་ཐིག་རྩའི་རྩ་

གཞུང་ལ་མཚོན་ན། ཚེག་བར་བརྒྱ་དང་དགུ་བཅུ་གོ་བརྒྱད་ཅན་གྱི་ཤ ོག་ངོས(ཆོས་ དཔེ་མདའ་ཚད་མ)

བདུན་ཙམ་ཡོད། རྩ་ཚིག་བྱང་ཆ་ལྡན་པ་ཞིག་བློ་འཛིན་བྱེད་པའི་རྒྱུ་

མཚན་ནི་སློབ་སྦྱོང་བརྟན་པོ་ཡོང་བ་དང་། དངོས་གཞིའི་སྐབས་སུ་སྟབས་བདེ་ ཡོང་བ། སྒོམ་སྒྲུབ་ཀྱི་དགོས་མཁོ་བཅས་ལ་དམིགས་པ་ཞིག་ཡིན། དེ་བས་ཐིག་

རྩ་བློ་འཛིན་ལ་བྱང་ཆ་ལྡན་དགོས་པ་ནི་རྩ་བའི་ཆ་རྐྱེན་ཞིག་ཡིན། སློབ་མ་རྣམས་

ཀྱིས་ཐིག་རྩ་བློ་འཛིན་བྱས་ཚར་རྗེས་དགེ་རྒན་གྱིས་ཐིག་རྩ་འགྲེལ་བཤད་རྒྱག་ བཞིན་ཡོད། ཐིག་རིས་ཀྱི་རྩ་ཚིག་གི་ནང་དུ་གསང་བ་བྱེད་ཕྱིར་བསམ་བཞིན་དུ་

དོན་དཀྲུགས་པ་དང་། མངོན་བརྗོད་ཀྱིས་བཅིང་བའི་གྲང་གི་བརྡ་ཆད། ཐིག་རྩའི་ ཐུན་མོང་མ་ཡིན་པའི་བརྡ་ཆད་སོགས་ངོ་སྤྲོད་མཐིལ་ཕྱིན་པ་ཞིག་བྱེད་བཞིན་ཡོད། ཐིག་རྩའི་ངོ་སྤྲོད་ནི་མན་ངག་གི་རྒྱུན་ལ་མ་བརྟེན་པར་ཆ་ཚང་བ་ཞིག་རྟོགས་ཐུབ་

མེད། དེ་ནི་གསང་པའམ་སྦས་པའི་ཚུལ་གྱིས་ཉམས་ལེན་བྱེད་པའི་གསང་སྔགས་ ཀྱི་ཐུན་མོང་མ་ཡིན་པའི་དར་སྲོལ་སྤྱི་འགྲོས་དང་མཚུངས།

དངོ ས ་གཞི འི ་ ཐི ག ་འདེ བ ས་སློ བ ་སྦྱོ ང ་གི ་ སྐབས་སུ་རྩ་ཚི ག ་དེ འི ་ ཆ་ཆེ ན ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 599

དང་ཆ་ཆུང་བགོས་པའི་རྩ་འཛིན་ལྟར་དུ་ཐིག་རྒྱག་དགོས་པ་དང་། ཐིག་རྒྱག་པའི་

སྐབས་སུའང་ཐིག་གཞུང་ལ་ལྟ་མི་ཆོག་པར་ངེས་པར་བློ་ཐོག་ཏུ་ཡོད་པའི་བྱང་ཆ་ ཐེབས་པའི་རྩ་གཞུང་ངག་ལ་སྐྱོར་བཞིན་དེ་དང་བསྟུན་ཏེ་ཐིག་གདབ་དགོས། དགེ་

རྒན་གྱིས་ལམ་སྟོན་བྱས་ཏེ་མྱོང་ཁྲིད་དང་དམར་ཁྲིད་ཀྱི་ལག་ལེན་གཙོ་བོར་བཟུང་

སྟེ་ཁྲིད་ཅིང་། སློབ་མ་རྣམས་ཀྱིས་ཀྱང་ལག་ལེན་དངོས་ཀྱིས་སྦྱོང་བ་བྱེད་དགོས། ཐོ ག ་མའི ་ སློ བ ་སྦྱོ ང ་གི ་ སྐབས་སུ་སློ བ ་མ་རྣམས་ཀྱི ས ་ས་སྟེ ང ་དུ་ཐི ག ་འདེ བ ས་

བཞིན་ཡོད། དེའང་ཐོག་མར་རྩ་ཐིག་དང་དེ་ནས་ཚངས་ཐིག དེ་ནས་ཟུར་ཐིག་ བཅས་རིམ་པ་བཞིན་ཏུ་འདེབས་སུ་འཇུག དེ་ནས་ཐིག་ཡོངས་རྫོགས་རིམ་གྱིས་

གདབ་དགོས། དཀྱིལ་འཁོར་སློབ་སྦྱོང་གི་སྐབས་སུ་རི་མོ་འབྲི་ཤ ེས་པ་གཙོ་གནད་ ཅིག་ཡིན་པས་རི་མོ་ཡག་པོ་ཤེས་ན་ཐིག་རྒྱག་པ་ལ་དཀའ་ངལ་དེ་ཙམ་མེད།

སློབ་ཁྲིད་དེ་དག་མན་ངག་ཏུ་གཏོགས་པས་དེའི་སྐོར་གྱི་སློབ་སྦྱོང་གི་རྒྱུན་

མེད་ན། བོད་ཡིག་ཤེས་པ་ཙམ་དང་ལག་རྩལ་ལྡན་པ་ཙམ་གྱིས་སློབ་ཁྲིད་དང་སློབ་ སྦྱོང་བྱེད་ཐབས་མེད། རྒྱུ་མཚན་ནི་སྔོན་ནས་བཟུང་གསང་བ་བྱས་ཏེ་སློབ་མ་ཉུང་

ངུ་ཞིག་ལ་སློབ་བཞིན་པ་དང་གསང་གནད་མི་བརྡོལ་བའི་ཆེད་དུ་རྩ་ཚིག་དཀྲུགས་ ཡོད་དེ་གསང་གནད་རྟོགས་ཐབས་བྲལ་བར་བྱས་ཡོད། ཐིག་གི་སློབ་སྦྱོང་བྱང་ཆ་ ལྡན་པ་ཞིག་རྟོགས་པ་ན་གཞི་ནས་རྡུལ་ཚོན་ལྡུག་སྟངས་ལ་སྦྱོང་དགོས། དེའང་

རྡུལ་ཚོན་ལྡུག་བྱེད་ཀྱི་ལྕགས་སྦུགས་བརྡར་སྟངས་ནི་གཙོ་བོ་ཡིན་པས་ལྕགས་ སྦུགས་བརྡར་སྟངས་དང་རྡུལ་ཚོན་ལྡུག་སྟངས་སྦྱང་དགོས། ཐོག་མའི་ཆ་ལ་མེ་ ཏོག་དང་རྡོ་རྗེ་སོགས་བླུགས་ཏེ་སྦྱོང་བཞིན་ཡོད།

སྔོན་དུས་ཚོགས་ཁྲིད་བྱེད་པའི་ལུགས་སྲོལ་མེད་ནའང་དེང་གི་དུས་སུ་རྣམ་

རྒྱལ་གྲྭ་ཚང་ལ་མཚོན་ན་འཛིན་གྲྭ་ཚོགས་ཤིང་ནག་པང་སྤྱད་དེ་སློབ་མ་མང་པོར་


600 ཉམས་ཞིབ་དེབ་ཕྲེང་། ༡

སློབ་ཁྲིད་བྱེད་བཞིན་པ་དང་། རྒྱུད་སྨད་གྲྭ་ཚང་ལྟ་བུར་མཚོན་ན་སྔོན་དུས་དང་མི་

འདྲ་བར་སློབ་མ་སུམ་ཅུ་ལྷག་ལ་ཚོགས་ཁྲིད་བྱ་ཕྱིར་སློབ་སྦྱོང་ཁོ་ནའི་ཕྱིར་དུ་ཐིག་ འདེབས་སའི་རྡོའ ི་སྟེགས་བུ་བཟོས་ཏེ་དེའི་སྟེང་དུ་ཐིག་བཏབ་པའི་སྒོ་ནས་ཚོགས་

ཁྲིད་བྱེད་བཞིན་ཡོད། དེའང་སློབ་སྦྱོང་གི་གོ་རིམ་ལ་འཛིན་རིམ་དྲུག་ཙམ་གྱི་དབྱེ་ བ་ཕྱེ་སྟེ།

༡) ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གི་ཐིག་འདེབས་པ་དང་། མཚོན་དོན་ སོགས་སྦྱོང་བ།

༢) དཀྱིལ་འཁོར་གྱི་གཙོ་ཐིག་རྣམས་ལ་སྦྱོང་བ།

༣) ནང་ལོགས་ཀྱི་ཀ་བ་སློང་སྟངས་སོགས་ལ་སྦྱོང་བ། ༤) ནང་ལོགས་ཀྱི་ཁང་བའི་རྣམ་དབྱིབས་སྦྱོང་བ།

༥) ཚོན་གྱི་རང་བཞིན་དང་ཚོན་བླུག་ཚུལ་ལ་སྦྱོང་བ།

༦) ཞིབ་ཚགས་པའི་རྣམ་དབྱིབས་ཆ་ཚང་བ་དང་དེའི་ཚོན་མདངས། མཚོན་ དོན་སོགས་ལ་སྦྱོང་བ།

སློབ་སྦྱོང་བྱས་ཚར་བ་དང་དགོན་པའི་བླ་མ་ལས་སྣེ་དང་ཆེད་མཁས་པའི་

མདུན་ནས་རྒྱུགས་སྤྲོད་དགོས་པ་དང་། རྒྱུགས་སྤྲད་དེ་རྒྱུགས་འབྲས་བཟང་བ་ རྣམས་ལ་དངོ ས ་སུ་དཀྱིལ ་འཁོ ར་བླུག་ཏུ་འཇུག་པ་དང་། དཀྱིལ་འཁོར ་ལྡུག་

པའི ་ སྐབས་སུ་རྣམ་རྒྱལ་གྲྭ་ཚང་ལ་མཚོ ན ་ན་དགེ ་ རྒན་གཅི ག ་དང་དེ ར ་བྲི ས ་

གཡོག་གཅིག མཁན་པོ། གཞན་དཀྱིལ་འཁོར་བཞེང་སྐྲུན་སློབ་སྦྱོང་གི་གྲུབ་ འབྲས་བཟང་བའི་སློབ་མ་བཞི་བཅས་ཀྱིས་ཐིག་གདབ་དགོས། མཁན་པོས་རྩ་

བའི་ཐིག་བརྒྱད་དངོས་སུ་གདབ་དགོས་པ་དང་། དགེ་རྒན་གྱིས་དཀྱིལ་འཁོར་ བཞེང་མཁན་རྣམས་ལ་ལམ་སྟོན་གནང་དགོས། བྲིས་གཡོག་གི་ལས་ཀ་གཙོ་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 601

བོ་ནི་ཐིག་མཁན་རྣམས་ལ་ཞབས་གཡོག་བསྒྲུབ་རྒྱུ་དེ་ཡིན་མོད། མཚམས་དང་ མཚམས་སུ་རྡུལ་ཚོན་ལྡུག་པའི་སྦྱོང་བརྡར་སྤྲོད་བཞིན་ཡོད། ༣ དཀྱིལ་འཁོར་བཞེང་སྐྲུན་གྱི་སློབ་ཁྲིད་ཡོ་ཆས་ངོ་སྤྲོད།

ལྕགས་ཕུར་ནི། རྡུལ་ཚོན་གྱིས་དངོས་སུ་རི་མོ་འབྲི་བྱེད་ཀྱི་ལྕགས་སྦུག་རྩིབ་

ལོགས་སུ་བརྡར་བྱེད་ཀྱི་སོ་ཁ་ལྡན་ཞིང་རྩེ་མོ་རིམ་གྱིས་ཕྲ་བ་ཞིག་ཡོད། དེ་ལའང་ཁ་སྦོམ་པ་དང་ཕྲ་བ་གཉིས་ཡོད།

ཤིང་ཁ་ནི། ཆེ་ཆུང་དུ་མ་ཡོད་ཅིང་། དེ་ནི་རྡུལ་ཚོན་བླུགས་པ་གང་མཐོན་པོར་

འབུར་གཟུགས་སུ་གཏོ ད ་བྱེ ད ་ཀྱི ་ཤི ང ་ལེ བ ་སྐེ ད ་ཕྲ་ཞི ང ་ཁ་རྣོ ་ ཞི ག ་ལ་ ཟེར།

ཚོན་ནི། སྔོ། ལྗང་། སེར། དམར། གཞི་ལ་ཚོན་མདངས་མཐུག་སྲབ་ཀྱི་དབྱེ་བ་

མི་འདྲ་བ་གསུམ་རེ་ཕྱེས་ཏེ། སྔོན་པོ་ལ་མཚོ་དང་། བར། སྐྱ་གསུམ་དང་།

ལྗང་དམར་སེར་གསུམ་ལའང་དེ་བཞིན་གསུམ་རེ་ཕྱེ་བའི་མཚོན་མདངས་ བཞི་གསུམ་བཅུ་གཉིས་དང་། དེའི་སྟེང་དུ་དཀར་པོ་དང་ནག་གཉིས་ལ་ རགས་ཞིབ་གཉིས་རེ་ཕྱེ་བས་དབྱེ་བ་བཞི། ཚོན་མདངས་རྣམས་བསྲེས་

པའི ་ དུར་ས་ཞེ ས ་བསྲེ ས ་ཚོ ན ་གཅི ག ་དང་བཅས་བསྡོ མ ས་པས་ཚོ ན ་ མདངས་མི་འདྲ་བ་བཅུ་བདུན་གྱིས་གྲུབ་ཡོད།

ཐིག་སྐུད། ཐིག་སྐུད་ནི་སྐབས་ཐོག་དེར་རས་སྐུད་ཚོན་སྣ་ལྔ་སྐྱ་བཏབ་སྟེ་གསར་ བཟོ་བྱེད། གསར་པ་བཟོས་ཤིང་དཀྱིལ་འཁོར་བཞེང་སྐྲུན་ཚར་བའི་རྗེས་ སུ་གཏུབས་ཏེ་ཐིག་མཁན་རྣམས་ལ་བགོ་འགྲེམས་བྱེད།

སྒོར་ཐིག སྒོར་ཐིག་ནི་སྔོན་དུས་ཤིང་གིས་བཟོ་བཞིན་ཡོད་ཀྱང་། དེང་སང་ལྕགས་ ཀྱིས་བཟོས་པའི་དེང་རབས་ཀྱི་ཡོ་ཆས་ཤིག་སྤྱོད།


602 ཉམས་ཞིབ་དེབ་ཕྲེང་། ༡

རྩོམ་པ་པོས་མཇུག་གི་གཏམ་དུ་བགྱིས་པ། ད་ནི་དཔེ་དེབ་འདི་མི་ཡུལ་དུ་ཆས་པའི་སྔོན་དེ་མ་ཐག་ཏུ་དྲན་འོས་པའི་གནས་ ཚུལ་དུ་མ་ཞིག་སེམས་ངོགས་སུ་འཆར་ངེས་པ་ནི་བརྗོད་ཅི་ལ་དགོས། མི་ཞིག་ལ་

སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་ཐོབ་ཅིང་མི་ཡུལ་དུ་མཁོ་བའི་བརྩམས་ཆོས་སྤེལ་

བའི་བར་དུ་བཀའ་དྲིན་ཅན་གྱི་མི་སྣ་མང་པོ་ཞིག་གིས་སྐུལ་ལྕག་དང་། རོགས་ སྐྱོར། སེམས་གསོ་སོགས་ཐོབ་དགོས་པ་བཞིན། གུས་པའི་མི་ཚེའི་བརྒྱུད་རིམ་ ནང་དུའང་དགུང་གྲངས་བརྒྱད་ཅུར་སོན་ཡོད་པའི་དྲིན་ཆེན་ཕ་མ་གཉིས་དང་ཕུ་བོ་

སངས་རྒྱས་རྒྱ་མཚོ། བཀུར་འོས་བོད་ཕྱི་ནང་གི་མགོན་དགེ་བའི་བཤེས་གཉེན་ རྣམས། ཞིབ་འཇུག་སློབ་སྦྱོང་གི་མཐུན་འགྱུར་གནང་མཁན་སྤྱི་ནོར༸གོང་ས་

༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་དཔལ་ལྡན་ཤེས་རིག་ལས་ཁུངས། ཝཱ་ཎཱ་

བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་བཅས་དང།

ང་ལ་ཚོད་ལྟ་དང་ལག་ལེན་གྱི་ཁྲོད་ནས་སྦྱོང་བརྡར་དང་གདེང་ཚོད་གནང་མཁན་ གྱི་རྒྱལ་ཁབ་ཕྱི་ནང་གི་བཀུར་འོས་སློབ་ཕྲུག་རྣམས། ཞིབ་འཇུག་སློབ་སྟོན་གནང་

མཁན་གྱི་ཆེད་མཁས་པ་རྣམས། བགྲོ་གླེང་གི་ཁོར་ཡུག་ཡངས་པའི་གྲོགས་བཤེས་

ཡོངས། བདག་ལ་དོན་དངོས་ཀྱི་གདེང་འཇོག་གནང་ཞིང་དཔེ་དེབ་འདི་མི་ཡུལ་དུ་ བཀྲམ་པར་མཐུན་འགྱུར་གནང་མཁན་དཔལ་ལྡན་ཤེས་རིག་ལས་ཁུངས་སོགས་

ལ་བཀའ་དྲིན་ཆེ་ཞུ་བ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 603

པོ་མཆོག་གི་ཐུགས་རྗེ་གྲིབ་བསིལ་ལ་བརྟེན་ནས་ཁོ་བོ་ད་ལྟའི་ཁོ་བོར་གྲུབ་ཅིང། དཔེ་དེབ་འདི་མི་ཡུལ་དུ་བཀྲམ་རྒྱུ་བྱུང་བ་ལགས་ན་དེ་དག་དང་དེ་འབྲེལ་གྱི་མི་སྣ་ ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གུས་པར་བཀའ་དྲིན་ཆེ་བའི་ས་རཱ་མཐོ་སློབ་

ཀྱི་ནང་བསྟན་རིག་པའི་སློབ་དཔོན་རྒན་མཚམས་རིང་སྐལ་བཟང་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་ལགས། བརྡ་སྤྲོད་སློབ་དཔོན་ རྒན་པ་སངས་ལགས་གསུམ་གྱིས་དཔེ་དེབ་འདིར་ཐོག་མའི་ཞུ་དག་གནང་བ་དང། ཤེ ས ་རིག ་ལས་ཁུངས་རྩོ མ་སྒྲིག་སྡེ ་ཚན་གྱི་གྲོ གས་དགེ ་ འདུན་དོ ན ་ཡོ ད ་དང་།

འཇམ་དབྱངས་གཉིས་ཀྱིས་མཐའ་མའི་ཞུ་དག་གནང་བ་བཅས། མདོར་ན་དཔེ་དེབ་

འདི་ནི་ང་ཚོ་ཐུན་མོང་གི་ལྷག་བསམ་དང་ངལ་རྩོལ་ལས་བྱུང་བའི་གྲུབ་འབྲས་ཤ ིག་

ཡིན་པས་དཔེ་དེབ་འདིས་བོད་མི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་དོན་ཕན་ཡོང་ བར་སྨོན། ཞེས་ཨ་འཁོར་བཟོད་པས་ཕྱི་ལོ༢༠༡༢ ཟླ་༡༠ ཚེས་༢ ཉིན་ཨ་རིའི་གྲོང་ ཁྱེར་ཆེན་མོ་ནིའུ་ཡོག་ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག


604 ཉམས་ཞིབ་དེབ་ཕྲེང་། ༡

ཟུར་བལྟའི་དཔྱད་གཞི།

བོད་ཀྱི་ཤ ེས་རིག་ཞིབ་འཇུག་གི་དཔེ་དེབ་འདིའི་ལུང་ཁུངས།

ལེའུ་དང་པོའ ི་ལུང་ཁུངས།

༡ <<རིག་གཞུང་གི་ལྟ་གྲུབ་དང་གོ་དོན་གནད་དང་བོད་ཀྱི་རིག་གཞུང་གི་ངོ་སྤྲོད་མདོར་བསྡུས་བཞུགས།>> ངག་དབང་རྣམ་རྒྱལ་གྱིས་བརྩམས། པར་སྐྲུན་གང་ནས་བྱས་མིན་མི་གསལ།

༢ <<ཤེས་རིག་སྨྲ་བའི་བསྡུས་དོན།>> ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང༌།

༣ <<བོད་རྒྱ་ཚིག་མཛོད་ཆེན་མོ།>> ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌།

༤ <<རྩོམ་རིག་གཤིབ་བསྡུར་རིགས་ལམ།>> དགའ་བ་པ་སངས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌།

༥ <<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཟམ་གདོང་རིན་པོ་ཆེ། ཝཱ་ཎཱ་ བོད་ཀྱི་ཆེས་མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་པ་ཐུན་མོང་ནས་པར་དུ་བསྐྲུན།

༦ <<ཤེས་ཡོན་ལམ་སྟོན།>> ༸གོང་ས་བཅུ་བཞི་པ་མཆོག་གིས་མཛད། བོད་གཞུང་ཤ ེས་རིག་ལས་ཁུངས་ ནས་འགྲེམས་སྤེལ་བྱས།

༧ <<བསྟན་འགྱུར་དཔེ་སྡུར་མ། པོད-ཅོ-ཆོ༡༡༥། སུམ་ཅུ་པའི་རྩ་བ།>> སློབ་དཔོན་ཐོན་མིས་བརྩམས། ༨

<<བོད་ཀྱི་རིག་གནས་བགྲོ་གླེང༌།>> ཟམ་གདོང་རིན་པོ་ཆེའི་གསུང་བཤད། གཞོན་ནུས་བཏོན།

ས་རཱ་བོད་ཀྱི་མཐོ་སློབ་

༩ <<ལེ ག ས་པར་བཤད་པ་རི ན ་པོ ་ ཆེ འི ་ གཏེ ར ་གྱི ་ དོ ན ་འགྲེ ལ ་བློ ་ གསལ་བུང་བའི ་ བསྟི ་ གནས་ཤེ ས ་བྱ་ བ།>>བོད་གཞུང་ཤེས་རིག་དཔར་ཁང༌།

༡༠ <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ། །>> རྗེ་བཙུན་བྱམས་པ་མགོན་པོ། ཝཱ་ཎཱ་མཐོ་ སློབ་ཀྱིས་པར་དུ་བསྐྲུན།

༡༡ <<བློ་བཟང་རྒྱ་མཚོའི་གསུང་འབུམ།>> དགེ་བཤེས་བློ་བཟང་རྒྱ་མཚོ། རིགས་ལམ་སློབ་གཉེར་ཁང་གིས་ པར་དུ་བསྐྲུན།


༡༢

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 605

<<An Introduction to Sociology>> Vidya Bhushan D.R. Sachdeva

༡༣ <<མཁས་པ་འཇུག་པའི་སྒོ།>> ས་པཎ་ཀུན་དགའ་རྒྱལ་མཚན་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། ༡༤ <<མདོ་དྲི་མེད་གཟི་བརྗིད།>> བམ་པོ ༤ བ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༥ <<བསྟན་པ་རྗེས་བཞག་གི་མདོ།>>

༡༦ <<བོན་སྒོ།>> ༡༩༨༨ལོའ ི་ཨང༢པ། འགོ་བ་བསྟན་འཛིན་འབྲུག་གྲགས་ཀྱིས་བརྩམས། ཁྲི་བརྟན་ནོར་བུ་ རྩེ་དཔེ་མཛོད་ཁང༌།

༡༧ <<མདོ་སྡེ་རྒྱན།>> ཚོགས།

རྗེ་བཙུན་བྱམས་པ་མགོན་པོས་མཛད།

ཐེ་ཝན་ནང་པའི་ཤ ེས་ཡོན་བདེ་རྩ་ལྷན་

༡༨ <<ཤེས་བྱ་ཀུན་ཁྱབ།>> བར་ཆ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།

༡༩ <<དུང་དཀར་ཚིག་མཛོད་ཆེན་མོ།>> སྟོད་ཆ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། ཀྲུང་གོའ ི་ བོད་རིག་པ་དཔེ་སྐྲུན་ཁང༌།

༢༠ <<བོད་ཀྱི་སྲིད་དོན་རྒྱལ་རབས།>> ཞྭ་སྒབ་པས་མཛད། རྒྱ་གར་ལྡི་ལི་ནས་དཔེ་སྐྲུན་བྱས༌།

༢༡ <<བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའ ི་རྣམ་བཤད་ཅེས་བྱ་བ་བཞུགས་སོ། །> དཔལ་ལྡན་ཉི་ མས་བརྩམས། རྒྱལ་ལོས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༢༢ <<གངས་ཅན་རིག་མཛོད།>> མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་ པ་ལྡེའུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

༢༣ <<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།>> ནམ་མཁའི་ནོར་བུ། བོད་ཀྱི་དཔེ་མཛོད་ཁང་གིས་དཔར།

༢༤ <<རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ་བཞུགས་སོ། །>> དམུ་དགེ་བསམ་ གཏན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

༢༥ <<རིག་གནས་དང་མི་གཤིས།>> འགྱན་སངས་རྒྱས་དོན་གྲུབ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༢༦ <<ཏུན་ཧོང་གི་གནའ་ཡིག>> ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ། ཞེས་པའི་རྩ་འགྲེལ།> ཆབ་ སྤེལ་ཚེ་བརྟན་ཕུན་ཚོགས།

༢༧ <<པེ་ཅིན་ཊི་ཁྲུན།>> རྒྱ་ཡིག ཀླུ་རབ་རྡོ་རྗེས་བསྒྱུར། སྤྲིན་བཅུད། ཤེས་རབ་དགའ་ཚལ་སློབ་གླིང་ནས་ བཏོན།

༢༨ <<རིག་གནས་སྙིང་སྟོབས།>> ཉི་གཞོན་གྱིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།

༢༩ <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་གསུམ་པ། དགེ་ཆོས་ཀྱིས་བརྩམས། བོད་ལྗོངས་དཔེ་ ༣༠

རྙིང་དཔེ་སྐྲུན་ཁང༌།

Tylor, Edward B, <<Primitive Culture>>J. Murray, London, 1871


606 ཉམས་ཞིབ་དེབ་ཕྲེང་། ༡ ༣༡

༣༢

<<IN SAERCH OF TRUTH>>

ཝཱ་ཎཱ་མཐོ་སློབ་ནས་པར་སྐྲུན་བྱས།

ཝཱ་ཎཱ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན།

<<GOLDEN PRINCIPLES OF EDUCATION>> Delhi University

༣༣ <<དབྱིན་བོད་ཚིག་མཛོད་གསར་མ།>> བོད་གཞུང་ཤ ེས་རིག་ལས་ཁུངས།

༣༤ <<དག་ཡིག་གསར་བསྒྲིགས།>> བསམ་གཏན་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང་།

༣༥ <<ཆབ་སྲིད་ལམ་སྟོན།>> སྤྱི་ནོར༸གོང་ས་མཆོག གསུམ་བཅུའི་དུས་དྲན་སྐབས་དུ་མར་གསུངས་པ། བོད་ གཞུང་ཕྱི་དྲིལ་ལས་ཁུངས།

ལེའུ་གཉིས་པ་དང་གསུམ་པའི་ལུང་ཁུངས།

༡ <<ཆོས་འབྱུང་མཁས་པའི་དགའ་སྟོན།>> དཔའ་བོ་གཙུག་ལག་འཕྲེང་བ། ཝཱ་ཎཱ་དཔེ་མཛོད་ཁང༌།

༢ <<རྒྱལ་རབས་གསལ་བའི་མེ་ལོང༌།>> ས་སྐྱ་བསོད་ནམས་རྩེ་མོ། མི་རིགས་དཔེ་སྐྲུན་ཁང་།

༣ <<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།> ནམ་མཁའི་ནོར་བུ། རྡ་ས་བོད་ཀྱི་དཔེ་མཛོད་ཁང༌། ༤ <<བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ།>> རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་

༥ <<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།>> དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཅིང་ བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌།

༦ <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>> རྒྱལ་མོ་འབྲུག་པས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། ༧ <<མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།>>དཔྱད་རྩོམ། ༨

ཁང༌།

མི་རིགས་དཔེ་སྐྲུན་

<<གོ་སླ་བའི་མཚན་ཉིད་རིག་པ།>> ཤེས་རབ་བློ་གྲོས་ཀྱིས་སྒྲིག མི་རིགས་དཔེ་སྐྲུན་ཁང༌།

༩ <<བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག>> ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། སི་ཁྲོན་མི་ རིགས་དཔེ་སྐྲུན་ཁང་།

༡༠ <<ཏུན་ཧོང་གི་གནའ་ཡིག>> ཕུ་བོས་ནུ་བོར་བཏམས་ཤ ིང་བསྟན་པའི་མདོ། ཞེས་པའི་རྩ་འགྲེལ། ཆབ་ སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས། མི་རིགས་དཔེ་སྐྲུན་ཁང༌།

༡༡ <<དེབ་ཐེར་དཀར་པོ།>> དགེ་ཆོས། རྒྱ་གར་རྡོར་གླིང་ནས་དཔར།

༡༢ <<བཤེས་སྤྲིངས།>> རྩ་བ་ཀླུ་སྒྲུབ། རེད་མདའ་བའི་འགྲེལ་བ། ཝ་ཎ་ས་སྐྱའི་སློབ་ལྷན་གྱིས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 607

༡༣ <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།>> ཞི་བ་ལྷ། ཨཱ་ཙཱརྱ་ངག་དབང་བློ་བཟང་གི་སྤྱོད་འགྲེལ། རྒྱ་གར་ལྡི་ལླི།

༡༤ <<བཙན་བྱོལ་བོད་མིའི་གཞི་རིམ་ཤ ེས་རིག་གི་སྲིད་བྱུས།>> རགས་ཟིན་གཉིས་པ། བོད་གཞུང་ཤ ེས་ རིག་ལས་ཁུངས་ཀྱིས་པར་སྐྲུན་བྱས་པ།

༡༥ <<ཤེས་ཡོན་ལམ་སྟོན།>>བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འགྲེལས་སྤེལ་བྱས།

༡༦ <<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>>ཝཱ་ཎཱ་དབུས་བོད་ཀྱི་ཆེས་ མཐོའ ི་གཙུག་ལག་སློབ་ཁང་གི་སློབ་ཟུར་ཐུན་མོང་ནས་དཔར་བསྐྲུན་ཞུས།

༡༧ <<བདག་ཉིད་ཆེན་པོ་གན་དྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས་བཞུགས་སོ།།>>ལྷ་ལུང་བློ་བཟང་ ཕུན་ཚོགས་ཀྱིས་བསྒྱུར།

༡༨ <<རྒྱ་གར་རང་སྲིད་རང་སྐྱོང༌།>> སེམས་དཔའ་ཆེན་པོ་གན་དྷིས་བརྩམས། རྒྱ་གར། ཨ་མྱེས་རྨ་ཆེན་ བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང༌།

༡༩ <<ཏུའུ་ཝེ་ནས་སློབ་གསོ་གླེང་བ།>> ཨ་མེ་རི་ཁ་ཡེ་ཧན་ཌེ་ཝེ་ནས་བརྩམས། བདུད་ལྷ་རྒྱལ་གྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༢༠ <<ཤེས་རིག་སྨྲ་བའི་བསྡུས་དོན།>> འཇར་པན་གྱི་བསམ་བློ་བ་ཧྤོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས། ཆ་རིས་ སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༢༡ <<ཤེས་ཡོན།>> ཤེས་ཡོན་དང་གན་དྷིའི་དགོངས་དོན། (Dr.Ravindra kumar) ཌོག་ཊར་རཱ་ཝིན་ཌ་རཱ་

ཀུ་མཱར་གྱིས་བརྩམས། བྷུ་དྷ་སྐྱབས་ཀྱིས་བསྒྱུར། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་བཞི་ པའི་འབྲིང་རིམ་དགེ་འོས་སློབ་མ་ཐུན་མོང་གིས་འགྲེམས་སྤེལ་བྱས།

༢༢ <<ཁུང་ཙིའི་གསུང་སྒྲོས།>>པད་མ་རྣམ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང༌།

༢༣ <<ནུབ་ཕྱོགས་ཀྱི་ཤ ེས་ཡོན་དང་རིག་གཞུང་གི་ལོ་རྒྱུས་ཟླ་བའི་ཕྲེང་བ།>>བསྟན་འཛིན་བློ་གསལ་གྱིས་ བརྩམས། པ་སངས་བསྟན་འཛིན་དང་བསྟན་འཛིན་བློ་གསལ་གཉིས་ཀྱིས་བསྒྱུར། རྡ་ས་རིགས་ལམ་སློབ་

༢༤

གཉེར་ཁང༌།

<<A Glance at the History of Western Education and Culture>> by Tenzin Losel (Graham Woodhouse) Institute of Buddhist Dialectics, McloeodGanj, Daramsala,H.P,India.

༢༥ <<དོགས་སློང་སྙིང་སྟོབས།>> ཞོགས་དུང་གིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།

༢༦ <<བོད་རྒྱ་ཚིག་མཛོད་ཆེན་མོ།>> ཀྲང་དབྱི་སུན་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌།

༢༧ <<གྲུབ་པའི་མཐའི་རྣམ་པར་བཞག་པ་རིན་པོ་ཆེ་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།>>བཙུན་པ་དཀོན་ མཆོག་འཇིགས་མེད་དབང་པོ། ཤེས་རིག་པར་ཁང༌།


608 ཉམས་ཞིབ་དེབ་ཕྲེང་། ༡

༢༨ <<གྲུབ་མཐའ་ཤེལ་གྱི་མེ་ལོང༌།>> ཐུའུ་བཀྭན་ཆོས་ཀྱི་ཉི་མ། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་ ཕྱོགས་བསྒྲིགས་དང་དཔར་བསྐྲུན་ཞུས།

༢༩ <<དུང་དཀར་ཚིག་མཛོད་ཆེན་མོ།>> སྨད་ཆ། ཤེས་རིག་དཔར་ཁང་ནས་པར་བསྐྲུན་ཞུས།

༣༠ <ཆབ་སྲིད་དཔལ་འབྱོར་རིག་པའི་མཐའ་དཔྱོད་ཀྱི་གླེང་གཞི།>> <མར་ཁེ་སི་དང་ཨེན་ཁེ་སིའི་གསུང་རྩོམ་ གཅེས་བསྡུས།>> རྒྱ་ཡིག་པར་གཞི་དེབ་གཉིས་པ།

༣༡ <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ>> པོད་བཞི་པར་ཡོད་པའི<<ཐང་ཡིག་གསར་མ་ལས་བྱུང་བའི་ ཐུ་བྷོད་ཀྱི་གླེགས་བམ།>> དོན་གྲུབ་རྒྱལ། མི་རིགས་དཔེ་སྐྲུན་ཁང༌།

༣༢ <<བསམ་བློ་ཆབ་སྲིད།>> དམའ་རིམ་སློབ་འབྲིང་སློབ་དེབ།

༣༣ <<སློབ་ཁྲིད་ཐབས་ལམ།>> ཤེས་ཡོན་དང་འབྲེལ་བའི་སེམས་ཁམས་རིག་པ། དབུ་མ་རབ་འབྱམས་པ་ བསྟན་འཛིན་སྟོབས་རྒྱས། རྡ་ས་མཚན་ཉིད་སློབ་གྲྭ།

༣༤ <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ། །>> རྗེ་བཙུན་བྱམས་པ་མགོན་པོ། ཐེ་ཝན་ ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས།

༣༥ <<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> གཅན་རོང་བསྟན་འཛིན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༣༦ <<བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ། །>> རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང༌།

༣༧ <<བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །>> དུམ་བུ་ གཉིས་པ། བཤད་པའི་རྒྱུ། རྒྱ་གར་ལྡི་ལླི་ནས་པར།

༣༨ <<མཁས་དབང་སྐྱེམ་པ་ཚེ ་ དབང་མཆོ ག ་གིས ་མཛད་པའི་ རྒྱུད་བཞིའ ི་ འགྲེ ལ ་པ་བཞུགས་སོ ། །>> མཁས་དབང་སྐྱེམས་པ་ཚེ་ དབང་གིས་མཛད། བོ ད་གཞུང་སྨན་རྩིས་ཁང་།

༣༩ <<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ།>> སྤྱོད་འཇུག ཤོག་ངོས༤༦། རྒྱལ་ སྲས་ཆེན་པོ་ཞི་བ་ལྷ། མི་རིགས་དཔེ་སྐྲུན་ཁང༌།

༤༠ <<སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་བཞུགས་སོ། །>> ཕྱོགས་ སྒྲིག་པ་ཨཱཙཱརྱ་རྒྱལ་མཚན་རྣམ་གྲོལ། ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའ ི་གཙུག་ལག་སློབ་གཉེར་ཁང༌།

༤༡ <<བྱང་ཆུབ་ལམ་གྱི་སྒྲོན་མའི་བཀའ་འགྲེལ།>> ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། གཙུག་ལག་སློབ་གཉེར་ཁང༌།

༤༢ <<An Intorduction to Sociology>>

ཝཱ་ཎཱ་བོད་ཀྱི་ཆེས་མཐོའ ི་

By VidyaBhushan P.R Sachdeva

༤༣ <<GOLDEN PRINCIPLES OF EDUCATION>>

༤༤ <<མདོ་ཚན་ལམ་སྒྲིག>> ཤཱཀྱ་ཐུབ་པ་དེབ་ཕྲེང༌།

Dr.J.P Mishra Delhi University.

དགེ་བཤེས་ཐུབ་བསྟན་དཔལ་བཟང་གིས་


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 609

བསྒྲིགས། རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར།

༤༥ <<གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་བཞག>> གྲགས། བོད་གཞུང་སྨན་རྩིས་ཁང༌།

སྐུའི་བླ་སྨན་བསྟན་འཛིན་ཆོས་

༤༦ <<ཚུར་མཐོ ང ་སྐྱེ ་ བོ ར ་སྣང་ཚུལ་མ་བཅོ ས ་ལྷུག་པར་བཀོ ད ་པའི ་ རྒྱ་གར་ནང་པའི ་ ལྟ་གྲུབ་ཆོ ས ་འབྱུང་ ལེགས་བཤད་དཀའ་གནད་མདུད་འགྲོལ།>> དེབ་སྔོན་གསར་མ། སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ ཁྲིམས་སྐལ་བཟང་། གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས།

༤༧ <<དེབ་ཐེར་དམར་པོ།>> ཚལ་བ་ཀུན་དགའ་རྡོ་རྗེ། རྒྱ་གར་རྒྱལ་ས་ལྡི་ལླི།

༤༨ <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་།

༤༩ <<On education On right education>> Krishnamurti foundation india1998

༥༠ <<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>> ༸གོང་ས་ཏཱ་ལའི་བླ་མ། བསྟན་འཛིན་རིག་བཟང་གིས་ བསྒྱུར། རྒྱ་གར་ནས་པར།

༥༡ <<རྩ་རླུང་འཕྲུལ་འཁོར།>> ཐུབ་བསྟན་ཕུན་ཚོགས་ཀྱིས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

ལེའུ་བཞི་པའི་ལུང་ཁུངས།

༡ <<སྐལ་བཟང་སྒོ་བརྒྱ་འབྱེད་པའི་ལམ་སྟོན།>> ཤཱཀྱའི་དགེ་སློང་བློ་བཟང་རྒྱ་མཚོ། རྒྱ་གར་རྡ་ས་རིགས་ ལམ་སློབ་གཉེར་ཁང༌།

༢ <<སྐད་ཡིག་དང་སློབ་གསོ།>>(གསུང་འབུམ་ཇ་པ།) མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། མི་ རིགས་དཔེ་བསྐྲུན་ཁང་།

༣ <<སློབ་འབྲིང་བོད་ཡིག་སློབ་ཐབས།>> བྱམས་པ་ཚུལ་ཁྲིམས་སོགས། མི་རིགས་དཔེ་བསྐྲུན་ཁང༌། ༤ <<མཁས་པ་འཇུག་པའི་སྒོ>> ས་སྐྱ་པཎ་ཆེན། མི་རིགས་དཔེ་སྐྲུན་ཁང༌།

༥ <<བྱང་སེམས་གབ་པའི་འགྲེལ་བ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་དང་ས་ བཅད་བཅས་བཞུགས།>> མཉམ་མེད་ཤ ེས་རབ་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ ཡིག་ཆ།

༦ <<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། དེབ་གྲངས། ཤི་དང་སི༧༧། སློབ་དཔོན་དབྱིག་གཉེན། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང༌།

༧ <<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། དེབ་གྲངས། འི་དང་ཡི༥༤། སློབ་དཔོན་དབྱིག་གཉེན།


610 ཉམས་ཞིབ་དེབ་ཕྲེང་། ༡ ༨

ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང༌།

<<བུ་སྟོན་ཆོས་འབྱུང༌།>> བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང༌།

༩ (བོན།) <<སུམ་བརྒྱ་བ།>> མེ་སྟོན་ཤེས་རབ་འོད་ཟེར། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང༌།

༡༠ <<བཀའ་འགྱུར།>>མདོ་སྡེ། འཕགས་པ་ལང་ཀར་གཤེགས་པའི་མདོ། པོད་གྲངས༡༨། ཨ་རི་ནས་པར། ༡༡ <<བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང༌།>>གསུང་འབུམ་པོད་ཀ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

རྗེ་ཙོང་ཁ་པ།

༡༢ (བོན།) <<བསྟན་འབྱུང་དར་རྒྱས་གསལ་སྒྲོན།>> སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་ དཔེ་སྐྲུན་ཁང༌།

༡༣ <<བསྟན་འགྱུར་དཔེ་སྡུར་མ།>> སེམས་ཙམ། རྣམ་བཤད་རིགས་པ། དེབ་གྲངས། ཤི༧༧། ཀྲུང་གོའ ི་བོད་ རིག་པ་དཔེ་སྐྲུན་ཁང༌།

༡༤ <<མངོན་པ་མཛོད།>> སློབ་དཔོན་དབྱིག་གཉེན། ཝཱ་ཎཱ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང༌།

༡༥ <<བོད་མིའི་ཚེ་སྲོག་གླེང་བའི་ལྷག་བསམ།>> དྷིཿཚ་མུན་འཇོམས་སྒྲོན་མེ། མི་རིགས་དཔེ་སྐྲུན་ཁང་།

༡༦ <<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> གཅན་རོང་བསྟན་འཛིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ༡༧ <<ལམ་རིམ་བསྡུས་དོན།>> དགེ་ལུགས་པའི་ཞལ་འདོན་ཕྱོགས་སྒྲིག

༡༨ <<རྟོགས་བརྗོད་འདུན་ལེགས་མ།>> རྗེ་ཙོང་ཁ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

༡༩ <<བྱང་ཆུབ་ལམ་རིམ་ཆེ་བ།>> རྗེ་ཙོང་ཁ་པ། དགའ་ལྡན་ཤ ར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང༌།

༢༠ <<བསྟན་འགྱུར།>> རྒྱུད་ངི་པ། འཕགས་པ་ཀླུ་སྒྲུབ། དཔེ་གཟུགས་སྡེ་དགུའི་པར་མ།

༢༡ <<བསླབ་བྱ་ཉེར་མཁོ་ཕྱོགས་བསྒྲིགས།>> (བོད་དུ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་ལའི་ ཕྲེང་བ།) ཨ་ལག་ཤ་ངག་དབང་བསྟན་དར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

༢༢ <<བཤེས་སྤྲིངས།>>རྩ་བ་ཀླུ་སྒྲུབ། རེད་མདའ་བའི་འགྲེལ་བ། ཝཱ་ཎཱ་ས་སྐྱའི་སློབ་ལྷན་གྱིས་པར།

༢༣ <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།>> ཞི་བ་ལྷ། ཨཱ་ཙཱརྱ་ངག་དབང་བློ་བཟང་གི་སྤྱོད་འགྲེལ། རྒྱ་གར་ལྡི་ལླི།

༢༤ (བོན) <སྔོན་འགྲོའ ི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།> ཤར་རྫ་བཀྲ་ཤ ིས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་ བསྐྲུན་ཁང༌།

༢༥ <<བྱང་ཆུབ་ལམ་རིམ་ཆེན་མོ།>> རྗེ་ཙོང་ཁ་པ། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང༌།

༢༦ <<དགེ་ལུགས་པའི་ཞལ་འདོན་ཕྱོགས་སྒྲིག>> རྗེ་ཙོང་ཁ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ༢༧ <<དབུ་མ་འཇུག་པའི་རང་འགྲེལ།>> སློབ་དཔོན་ཟླ་བ་གྲགས་པ། ཝཱ་ཎཱ་དཔེ་མཛོད་ཁང༌།

༢༨ <<ཐོས་པའི་ཚོམས།>>སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ།།རྡ་ས་རིགས་


སློབ།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 611

༢༩ <<སྐྱེས་རབས་སོ་བཞི་པའི་རྩ་འགྲེལ་བཞུགས་སོ།>> སློབ་དཔོན་དཔའ་བོ། སྐྲུན་ཁང༌།

མཚོ་སྔོན་མི་རིགས་དཔེ་

༣༠ <<ཀུན་བཟང་བླ་མའི་ཞལ་ལུང༌།>> ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ། ཆོས་སྤྱོད་པར་སྐྲུན་ ཁང༌།

༣༡ <<ཤེས་བྱ་ཀུན་ཁྱབ་མཛོད།>> སྨད་ཆ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

༣༢ <<སེམས་ཀྱི་ཞི་བདེ།>> ཤོག་ངོས༢༤། ༡༩༨༡ལོར་གོང་ས་མཆོག་ནས་ཨ་རིའི་ཧ་ཝཊ་ཆེས་མཐོའ ི་གཙུག་ ལག་སློབ་གཉེར་ཁང་དུ་གསུངས་པ། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་ཕབ་སྒྱུར་བྱས།

༣༣ <<ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ།>> གླེགས་བམ་གཉིས་པ། འཆད་རྩོད་རྩོམ་གསུམ་

གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །ཨ་ལག་ཤ ་བསྟན་དར་ལྷ་རམས་ པས་མཛད། LAMAGURU DEVA E.148 East of kailash New Delhi-24

༣༤ <<བཻདཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་བྱ་བའི་གླེགས་བམ་གཉིས་པ་བཞུགས་ སོ།།>> སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང་།

༣༥ <<ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ།>> རིག་བསྟན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།

༣༦ <<མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྐང་གསོ་ཆ་ལག་མངའ་གསོལ་དང་ བཅས་པ་བཞུགས་སོ། །>> དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདོན་ཆོག གླེགས་གཟུགས་མ།

༣༧ <<དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བསྐང་གསོ་ཆེན་མོའ་ི གཏོར་མགྲོན་དང་དབྱངས་ཀྱི་ཚིག་ལྷག་རྔ་ཚིག་

དང་བཅས་བཞུགས་སོ།།>>གླེགས་བམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདོན་ཆོག གླེགས་གཟུགས་མ།

༣༨ <<དགྲ་ལྷ་ཟླ་བ་བཟང་པོའ ི་ཆེད་རྩོམ་ཕྱོགས་བསྒྲིགས།>> དགྲ་ལྷ་ཟླ་བ་བཟང་པོ། ཀྲུང་གོའ ི་བོད་རིག་པ་ དཔེ་སྐྲུན་ཁང་།

༣༩ <<རྒྱ་གླིང་ཚིག་དཔེ་བཞུགས་སོ། །>> རྩེ་རྣམ་རྒྱལ་གྲྭ་ཚང་གི་དཔེ་ཆ་ལག་བྲིས་མ།

༤༠ <<སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འཆམ་ཚིག་དང་དུང་ཚིག་བཅས་བཞུགས་སོ། །>> རྩེ་རྣམ་རྒྱལ་གྲྭ་ཚང་ གི་དཔེ་ཆ་ལག་བྲིས་མ།

༤༡ <<བཟོ་གནས་སྐྲ་རྩེའི་ཆུ་ཐིགས། དཀོན་མཆོག་བསྟན་འཛིན། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང་།

༤༢ <<རྒྱུད་སྡེའི་ཟབ་དོན་སྒོ་འབྱེད་རིན་ཆེན་གཅེས་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །>> བུ་སྟོན་རིན་ ཆེན་གྲུབ།

༤༣ <<ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའ་ི རྣམ་བཤད་མཐོང་གྲོལ་ཀུན་གསལ་ མེ་ལོང་།>> བརྩོན་འགྲུས་རབ་རྒྱས་ཀྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་།


612 ཉམས་ཞིབ་དེབ་ཕྲེང་། ༡

༤༤ <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲི​ིགས།>> དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའ ི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

༤༥ <<དཔལ་ལྡན་ས་སྐྱ་བའི་གསུང་རབ།>> པོད་དྲུག་པ། ཟློས་གར་དང་མཁས་འཇུག མི་རིགས་དཔེ་སྐྲུན་ ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

༤༦ <<ཤེས་རིག>> མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་བཤད། བོད་གཞུང་ཤ ེས་རིག་ལས་ཁུངས་ ནས་བཏོན།

༤༧ <<བླ་མ་ལྔ་བཅུ་པའི་རྩ་འགྲེ ལ ་གསང་སྔགས་ཀྱི ་ ཚུལ་ཁྲིམ ས་ཀྱི ་ རྣམ་བཤད་དངོ ས ་གྲུབ་སྙེ ་ མ་བཅས་ བཞུགས་སོ། །>> རྗེ་ཙོང་ཁ་པ། བསྟན་བཟང་དཔེ་སྐྲུན་ཐེབས་རྩ་ནས་པར་དུ་བཏབ།

༤༨ <<བྱམས་ཆོས་སྡེ་ལྔའི་རྩ་བ་ཕྱོགས་བསྡེབས་བཞུགས་སོ། །>> རྗེ་བཙུན་བྱམས་མགོན་གྱིས་མཛད། ཐེ་ ཝན་ནང་པའི་ཤེས་ཡོན་བདེ་རྩ་ནས་པར་དུ་བཏབ།

༤༩ <<བཀའ་འགྱུར།>> མདོ་སྡེ། འཕགས་པ་ལང་དཀར་གཤེགས་པའི་མདོ། ཨ་རི་ནས་པར།

༥༠ <<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>> ༸གོང་ས་ཏཱ་ལའི་བླ་མས་མཛད། བསྟན་འཛིན་རིག་ བཟང་གིས་བསྒྱུར།

༥༡ <<ང་ཚོ་སད་རན།>> སྒོ་ཤ ེས་རབ་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

༥༢ <<མདོ་ཚན་ལམ་སྒྲིག ཤཱ་ཀྱ་ཐུབ་པ་དེབ་ཕྲེང་།>> རྒྱ་གར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་།

༥༣ <<ཚུར་མཐོ ང ་སྐྱེ ་ བོ ར ་སྣང་ཚུལ་མ་བཅོ ས ་ལྷུག་པར་བཀོ ད ་པའི ་ རྒྱ་གར་ནང་པའི ་ ལྟ་གྲུབ་ཆོ ས ་འབྱུང་ ལེགས་བཤད་དཀའ་གནད་མདུད་འགྲོལ།>> དེབ་སྔོན་གསར་མ། སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ ཁྲིམས་སྐལ་བཟང་། གངས་ལྗངས་ནང་རིག་མཐུན་ཚོགས་ཀྱིས་པར་སྐྲུན་བྱས།

༥༤ <<ནང་པའི་ལྟ་སྤྱོད་ཀུན་བཏུས།>> སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་བཅུ་བཞི་པ་ཆེན་པོ། རྒྱ་གར་རྡ་ས་ རིགས་ལམ་སློབ་གཉེར་ཁང་གིས་བསྐྲུན།

༥༥ <<རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་གྲུབ་དོན་ས་གསུམ་བཞུགས་སོ། །>> རྗེ་བཙུན་ཆོས་ཀྱི་ རྒྱལ་མཚན་གྱིས་མཛད། དགའ་ལྡན་བྱང་རྩེ་ནོར་གླིང་གྲྭ་ཚང་གིས་པར་དུ་བཏབ།

༥༦ <<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །>> དེབ་བརྒྱད་པ། བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་འཇུག་པ། རྒྱལ་སྲས་ཆེན་པོ་ཞུ་བ་ལྷས་མཛད། མི་རིགས་དཔེ་སྐྲུན་ཁང་།

༥༧ <<ཆོས་ཀྱི་སྡོམ་བཞི་བསྟན་པའི་མདོ།>> དཔྱད་ཞིབ་པ་རྒྱལ་མཚན་རྣམ་གྲོལ། རྒྱ་གར་ཝཱ་ཎཱ་ཆེས་མཐོའ ི་ གཙུག་ལག་སློབ་གཉེར་ཁང་།

༥༨ <<རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ སྟོན།>> རྣལ་འབྱོར་བ་རུས་པའི་རྒྱན་ཅན། ཐེ་ཝན་ནས་པར་དུ་བཏབ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 613

༥༩ <<བོད་ཀྱི་ཐ་སྙད་རིག་གནས་བསྟན་བཅོས་ཕྱོགས་སྒྲིག>> ཀུན་དགའ་རྒྱལ་མཚན། བོད་ལྗོངས་བོད་ཡིག་ དཔེ་རྙིང་དཔེ་སྐྲུན་ཁང་།

༦༠ <<དུང་དཀར་ཚིག་མཛོད་ཆེན་མོ།>> དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད། ཀྲུང་གོའ ི་བོད་རིག་པ་ དཔེ་སྐྲུན་ཁང་།

༦༡ <<བཙན་བྱོལ་བོད་གཞུང་འཛིན་གྲྭ་བདུན་པའི་སྐད་ཡིག་སློབ་དེབ།>> བོད་གཞུང་ཤ ེས་རིག་ལས་ཁུངས།

༦༢ << དབུ་མ་འཇུག་པའི་བཤད་པ།>> ཤོག་ངོས༢༡༧ནས༢༡༨། སློབ་དཔོན་ཟླ་བ་གྲགས་པས་མཛད། 1992- 93, The

Corporate Body of the Buddha Educational foundation

༦༣ <<སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །>> དགའ་ཤར་ལྷ་རམས་པ་དཀོན་ མཆོག་ཚེ་རིང་། འབྲས་སྤུངས་བློ་གསལ་གླིང་ནས་པར།

༦༤ <<བཀའ་འགྱུར།>> ཅ་དུམ་པ། ལང་གཤེགས། ཤཱཀྱ་ཐུབ་པ། ཞོལ་པར་མ།

༦༥ <<བཀའ་འགྱུར།>> རྒྱན་སྟུག་པོ་བཀོད་པའི་མདོ། ཤཱཀྱ་ཐུབ་པ། ཆ་དུམ་པ། ཞོལ་པར་མ།

༦༦ <<བསྟན་འགྱུར།>> ཅེ་དུམ་པ། རྣམ་འགྲེལ་རྩ་བ། དཔལ་ལྡན་ཆོས་གྲགས། སྡེ་དགེའི་པར་མ། ༦༧ <<བསྟན་འགྱུར།>> ཨ་དུམ་པ། སེམས་བརྟགས་པ། སློབ་དཔོན་ཞི་བ་འཚོ། སྡེ་དགེའི་པར་མ། ༦༨ <<བསྟན་འགྱུར།>> ས་དུམ་པ། དབུ་མ་རྒྱན། སློབ་དཔོན་ཞི་འཚོ། སྡེ་དགེའི་པར་མ།

བོད་ཀྱི་ཤ ེས་རིག་དཔྱད་ཞིབ་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་གི་མཚན་ བྱང་།

1

<<མདོ་དྲི་མེད་གཟི་བརྗིད།>> ནས་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་མདོ། བོད་ལྗོངས་དཔེ་རྙིང་

2

<<སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ།>>

3 4

དཔེ་སྐྲུན་ཁང༌།

བལྟ་བའི་མོ་ཕྱྭ་སྒྱུ་མའི་ལུང་སྟོན།

ཨོ་རོད་ཕྱོགས་སུ་དར་བའི་ལུག་གི་སོག་པ་ལ་

<<བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།>> གཉའ་གོང་དཀོན་མཆོག་ཚེ་བརྟན། ཀྲུང་དབྱང་མི་ རིགས་སློབ་གྲྭ་ཆེན་མོའ ི་དཔེ་སྐྲུན་ཁང༌།

<<བོད་བཙན་པོའ ི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།>>གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་

རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།


614 ཉམས་ཞིབ་དེབ་ཕྲེང་། ༡ 5

<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།>> སྟོད་ཆ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་

6

<<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ།>> མཁས་དབང་ནམ་མཁའི་ནོར་བུ། རྒྱ་གར་རྡ་ས་བོད་ཀྱི་

7

རྩོམ་སྒྲིག་བྱས་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། དཔེ་མཛོད་ཁང་།

<<སྙན་བརྒྱུད་རི ན ་པོ ་ ཆེ ་ ནམ་མཁའ་འཕྲུལ་མཛོ ད ་དྲང་ངེ ས ་གཉི ས ་ཀྱི ་ གཞུང་ཆ་ལག་དང་བཅས་པ་ བཞུགས་སོ།>> དྲན་པ་ནམ་མཁའ་དྲི་མེད། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་པར།

8

<<ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་དང་བཅས་པ་བཞུགས་སོ།།>>བྲུ་ཆེན་རྒྱལ་བ་གཡུང་དྲུང༌། བལ་

9

<<བོན་སྒོ།>> ཨང༡༡པ། འཆད་ཉན་གྱི་ཚུལ་ལ་རགས་ཙམ་བརྗོད་པ།

10 11

ཡུལ་ནས་དཔར།

<<རྨེའུ་བ་དཔལ་ཆེན་གྱི་ཁམས་འགྲེལ་བཞུགས་སོ།>> བཤད་བྱ་བོན་གྱི་རང་བཞིན་ངོས་བཟུང་བ། ཁྲི་ བརྟན་དཔེ་མཛོད་ཁང་ནས། ཁྲི་བརྟན་ནོར་བུ་རྩེའི་དུས་དེབ། གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་རྒྱུན་སྐྱོང་ ཚུལ་ལས་འཕྲོས་པའི་ཟུར་གཏམ། ཨང༣པ། སྒྲ་དབང་རིག་པའི་གོ་ཆ།

<<སྨན་རིའི་གླིང་དབུ་བརྙེས་ནས་མི་ལོ༥༠འཁོར་བའི་དུས་དེབ།>> བོན་མཐུན་འབྲེལ་ལྷན་ཚོགས་ཀྱིས་ བཏོན།

12

<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།>> ཞུ་གཡས་ལེགས་པོ། བོད་ལྗོངས་མི་དམངས་དཔེ་

13

<<སྔོན་འགྲོ་བཀའ་ལུང་རྒྱ་མཚོ།>> ཤར་རྫ་བཀྲ་ཤ ིས་རྒྱལ་མཚན།

14 15 16 17 18 19 20 21 22

སྐྲུན་ཁང༌།

<<བཀའ་བསྟན་སུམ་བརྒྱ་བ།>> མེ་སྟོན་ཤ ེས་རབ་འོད་ཟེར།

<<ཕར་ཕྱིན་སྐབས་དང་པོ།>> མཁན་ཆེན་ཉི་མ་བསྟན་འཛིན།

<<སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།>>མཉམ་མེད་ཤ ེས་རབ་རྒྱལ་མཚན།

<<རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།>> འགྲོ་མགོན་བློ་གྲོས་ རྒྱལ་མཚན།

<<ས་ལམ་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ།>> མཉམ་མེད་ཤ ེས་རབ་རྒྱལ་མཚན།

<<མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་རྩ་འགྲེལ།>> རྒྱལ་གཤེན་མི་ལུས་བསམ་ལེགས། <<ཞང་ཞུང་སྙན་རྒྱུད་ཀྱི་བླ་མའི་རྣམ་ཐར་ཆེན་མོ།>> སྤ་བསྟན་རྒྱལ་བཟང་པོ།

<<སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།>> པོད༤པ་དང་

༡༠པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང༌།

<<ྋསྐྱབས་མགོན་རིན་པོའ ི་བཀའ་སློབ་ཁག>> རྒྱ་གར། བོད་ཀྱི་ཤ ེས་རིག་ལྷན་ཁང་སོགས་ཀྱིས་དཔར།


23 24 25 26 27 28 29 30 31 32

33 34 35 36 37 38 39 40 41 42

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 615

<<མཆིམས་མཛོད༌།>> མཆིམས་འཇམ་པའི་དབྱངས།

<<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་ བྱ་བ་བཞུགས་སོ། །>> ཐེ་ཝན་ནང་པའི་ཤ ེས་ཡོན་བདེ་རྩ་ལྷན་ཚོགས། <<སྤྱོད་འཇུག་རྩ་འགྲེལ།>> ཞི་བ་ལྷ། རྒྱལ་ཚབ་དར་མ་རིན་ཆེན།

<<བཀའ་གདམས་ཕ་ཆོས།>> འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བརྩམས།

<<བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང༌།>> རྗེ་ཙོང་ཁ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང༌།

<<བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ།>> རྗེ་ཙོང་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། <<དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད།>> མཁས་གྲུབ་རྗེ། <<མཁས་པ་འཇུག་པའི་སྒོ>> ཆོས་རྗེ་ས་སྐྱ་པཎ་ཆེན། མི་རིགས་དཔེ་སྐྲུན་ཁང་།

<<ཆོས་ལ་འཇུག་པའི་སྒོ།>> ས་སྐྱ་བསོད་ནམས་རྩེ་མོ། ས་སྐྱ་གོང་མ་རིམ་བྱོན་གྱི་གསུང་འབུམ་ཕྱོགས་ གཅིག་ཏུ་བསྒྲིགས་པ་ལེགས་བཤད་གསེར་གྱི་བང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

<<གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས།>>ཀུན་གཟིགས་ལྔ་པ་ཆེན་པོ། <<བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་དཔལ་དབྱངས་ཀྱི་ཞལ་ལུང༌།>>ཀུན་གཟིགས་ལྔ་པ་ཆེན་པོ།

<<ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ།>> པོད༡༦། ཐིག་འདེབས་ཚུལ་དང༌། ས་ཆོག་སོགས་ ཀྱི་དྲིས་ལན་དང་སློབ་གཉེར་བྱེད་ཚུལ་སོགས།

<<བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་སམ་མེར་ཀེན་ཆོས་རྗེའི་གསུང་འབུམ།>>པོད་ག་པའི་ཤོག་ ངོས༡ལས་སློབ་མ་རྗེས་འཛིན་བྱ་ཚུལ།

<<གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་གསུང་འབུམ།>> པོད་དང་པོ། སློབ་མ་རྗེས་བཟུང་གི་ཆོ་ ག་བྱ་ཚུལ།

<<ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་གསུང་འབུམ།>> པོད་ཀ་པ། མཁས་པ་བླུན་པོ་བརྟག་པའི་ བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའ ི་ཆུན་པོའ ི་འགྲེལ་བ་ཉི་མའི་འོད་ཟེར།

<<གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།>> པོད་ཇ་པ། བཤེས་གཉེན་བསྟེན་ཚུལ། <<དཔལ་མང་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ།>> པོད་ཇ་བ། གྲྭ་ཚང་གི་རྩོད་གྲྭའི་སྒྲིག་ཡིག

<<ཆང་ལུང་པཎ་ཆེན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ།>> པོད་ཇ་བར་སློབ་ གཉེར་བྱེད་ཚུལ་གྱི་བསླབ་བྱ་ལེ་ཚན་གཉིས། སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་བྱིན་རླབས་ཅན།

<<ཇོ་བོ་རྗེ་མཉམ་མེད་གསེར་གླིང་བ་ཆོས་ཀྱི་གྲགས་པ་དང་མཇལ་བའི་རྣམ་ཐར།>> ལྡེབས་འབྲིང༌། <<རྗེ་སྒམ་པོས་མཛད་པའི་ཏེ་ལོ་ནཱ་རོའ ི་རྣམ་ཐར།>> ལྡེབས་འབྲིང༌།


616 ཉམས་ཞིབ་དེབ་ཕྲེང་། ༡ 43 44 45 46 47 48 49 50 51 52 53 54 55 56 57 58

<<བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་གཞན་ཕན་བདུད་རྩིའི་བུམ་པ།>> པཎ་ཆེན་བློ་བཟང་ཡེ་ཤ ེས།

<<རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤ ེས་དཔལ་བཟང་པོའ་ི བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ ཅད་མཁྱེན་པར་བགྲོད་པའི་བདེ་ལམ་མྱོང་ཁྲིད།>> པཎ་ཆེན་དཔལ་ལྡན་ཡེ་ཤ ེས།

<<ཐུན་མོང་མ་ཡིན་པའི་སྐྱབས་འགྲོའ ི་ཉམས་ལེན།>> དབེན་ས་བློ་བཟང་དོན་གྲུབ།

<<བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའ ི་ཆོས་གསལ་བར་བྱེད་པ་ལས་ལས་དང་པོའ ི་སྐོར།>> རྟ་ཕུག་པ་

བློ་བཟང་དམ་ཆོས་རྒྱལ་མཚན་གྱི་གསུང་འབུམ།

<<ཤེས་བྱ་ཀུན་ཁྱབ།>> ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། མི་ རིགས་དཔེ་སྐྲུན་ཁང༌།

<<རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའ ི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང༌།>> དཔལ་སྤྲུལ། རྒྱ་གར་རྒྱལ་ས་ལྡི་ལི་ནས་པར་སྐྲུན་བྱས།

རྫ་

<<སྔགས་ཆེན་ལམ་རིམ་ཚིགས་བཅད་མ།>> ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭས་པར། སྔགས་ཆེན་ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན།

<<མཁས་འཇུག>> འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

<<མཁས་པའི་འཇུག་སྒོ་བསྡུས་པ་ཐུན་མོང་བ་རབ་ཏུ་བྱེད་པ་ཤ ེས་བྱ་ཀུན་གསལ།>> རྗེ་ལེགས་པ་ཆོས་ འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་གསུངས།

<<བཀའ་བརྒྱུད་རྣམ་བཤད་དང་སྤྱི ་ དོ ན ་འོད ་གསལ་སྙི ང ་པོ ་ ཡང་དག་གྲུབ་པའི ་ ཚི ག ་འགྲེ ལ ་བཅས་ བཞུགས།>> འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། བཀྲ་ཤ ིས་ཀྱིས་སྒྲིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

<<ཡོན་ཏན་མཛོད་རྩ་འགྲེལ།>> འཇིགས་མེད་གླིང་བ་རྡོ་གྲུབ་རྒན། <<རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་བློ་རྟགས་བཞུགས་སོ།>>

ནས་བཏོན། འབྲུག་ཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

གནའ་དཔེ་གཅེས་བསྡུས་དཔེ་ཚོགས་ཁང་

<<ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ།>> བསླབ་བྱ་དོན་གཉིས་ལྷུན་གྲུབ།

<<ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ།>> པོད༡༦ཀ སྐྱབས་ཡུལ་གྱི་ཁྱད་པར་ཤ ེས་པའི་བརྗེད་

བྱང༌། སྐྱབས་སྟོན་པ་པོ་ལས་བརྩམས་པའི་ཡི་གེ། ཆོས་ཀྱི་བསླབ་བྱ་དང་བླ་མའི་རྣལ་འབྱོར་སྒོམ་པའི་ ངོས་འཛིན། ཐོག་མའི་བློ་སྦྱོང་ལས་བརྩམས་པའི་དྲིས་ལན། ཆོས་ཉན་ཚུལ་སོགས།

<<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཁག་ཅིག>> དེབའཕྲེང༡༡པ། བཅའ་ཡིག་ཕྱོགས་བསྒྲིགས། དེབ་འཕྲེང༡༤པ།

<<བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་ཐེག་པའི་རྣམ་དབྱེ་ཀུན་དགའི་བསྟན་པ་མཛེས་པའི་ རྒྱན་ཡིད་བཞིན་དབང་གི་རྒྱལ་པོའ ི་དོ་ཤ ལ་ཞེས་བྱ་བ་བཞུགས་སོ།

པེ་ཝར་འཆི་མེད་རྡོ་རྗེས་བརྩམས།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 617

དེབ༡༦པ། <<བོ་ཏོ་བེའུ་བུམ་སྔོན་པོའ ི་རྩ་བ་བཞུགས་སོ། །>> པོ་ཏོ་བས་བརྩམས། དེབ་འཕྲེང༡༧པ། དཔེ་ཆོས་རིན་ཆེན་ཕྲེང་བ། བོ་ཏོ་བ། དེབ་འཕྲེང༡༩པ། <<སེམས་བྱུང་གི་སྡོམ་ཚིག་ནོར་བུའི་ཕྲེང་བ་ དང་དེའི་འགྲེལ་བ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །>> དེབ༢༠པ། <<ལམ་རིམ་ཐར་རྒྱན། དྭགས་པོའ ི་ལམ་རིམ་ཐར་རྒྱན>> དེབ་འཕྲེང༢༦པ། <<ཐུབ་པའི་གསུང་གི་སྙིང་བོར་གྱུར་པ་ཆེད་དུ་བརྗོད་

པའི་ཚོམས་ཞེས་བྱ་བའི་རྣམ་པར་འགྲེལ་བ།>> པྲཛྙ་ཝ་རྨས་མཛད། ཤཱ་ཀྱ་བློ་གྲོས་ཀྱིས་བསྒྱུར། ཀྲུང་གོ་ བོད་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་ནས་བསྒྲིགས། 59 60 61 62 63 64 65 66 67 68 69 70

དཔེ་སྐྲུན་ཁང༌།

མི་རིགས་

<<ཀློང་རྡོར་ངག་དབང་བློ་བཟང་གི་གསུང་འབུམ།>> གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་

དཔེ་སྐྲུན་ཁང༌། ཡབ་རྗེ་བླ་མ་ཤ ར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་བཞུགས་སོ། ། པོད༡དང༢དང༣པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

<<མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང༌།

<<རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་གསུང་འབུམ་བཞུགས་སོ།>> པོད༡དང༤བ། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང༌།

<<རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ།>> པོད༡དང༦པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ ཁང༌།

<<རྡོ་རྗེ་རྒྱལ་པོའ ི་གསུང་རྩོམ་ཕྱོགས་བསྒྲིགས།>> ཀྲུང་གོ་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང༌། <<ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ།>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

<<ལམ་རིམ་རྣམ་གྲོལ་ལག་བཅངས།>> ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ། རྒྱ་གར་དགའ་ལྡན་ཤ ར་རྩེ་གྲྭ་ ཚང་གི་དཔེ་མཛོད་ཁང་ནས་པར།

<<རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོའི་གསུང་འབུམ་ཕྱོགས་སྒྲིག>> བློ་རིགས་དང་། <<སྐལ་བཟང་

སྒོ་བརྒྱར་འབྱེད་པའི་ལམ་སྟོན།>> བློ་བཟང་རྒྱ་མཚོ། རྡ་ས་རིགས་ལམ་སློབ་གཉེར་ཁང་ནས་དཔར། <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས>> ཀྲུང་གོའ ི་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང༌།

དུང་དཀར་བློ་བཟང་འཕྲིན་ལས།

<<ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས།>> ཟམ་གདོང་རིན་པོ་ཆེ། རྒྱ་ གར་ཝཱ་ཎཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བཏོན།

<<བཟོ་གནས་དང་སྡེབ་སྦྱོར།>> ཤེས་རབ་རིན་ཆེན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌།

<<ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས།>>ཀྲུང་གོ་མི་རིགས་དཔེ་སྐྲུན་ ཁང༌།


618 ཉམས་ཞིབ་དེབ་ཕྲེང་། ༡ 71

<<རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་བཞུགས་སོ།>>

72

<<ལམ་རིམ་ཆེན་མོའ ི་ས་བཅད་ཀྱི་ཟུར་རྒྱན་མདོ་བཏུས་ལམ་སྒྲིག>> ཐུབ་བསྟན་དཔལ་བཟང༌།

73 74 75 76 77 78 79 80 81 82 83 84 85 86 87 88

བཅས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

པོད༤དང༥དང༦པ་

<<དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ།>> པོད་གསུམ་པ། དཔྱད་རྩོམ་ཕྱོགས་བསྒྲིགས། མི་རིགས་ དཔེ་སྐྲུན་ཁང༌།

<<བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་འཕྲེང་བ།>> ཚེ་རྒྱལ། ཚེ་རིང་འབུམ། དབང་དྲག་རྡོ་ རྗེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

<<གངས་ཅན་རིག་མཛོད།>> བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་ སྐྲུན་ཁང༌།

<<བོད་རིགས་ཀྱི་སེམས་ཁམས་རིག་པ།>> བསམ་གྲུབ་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། <<བོན་ལུགས་དང་འཇང་རིགས་གཏོ་བའི་ཆོས་ལུགས་ཀྱི་ཁྱད་ཆོས་དཔྱད་བསྡུར།>> མི་རིགས་དཔེ་སྐྲུན་ཁང༌།

ལྷག་པ་ཚེ་རིང༌།

<<ལྷ་སའི་དགོན་ཐོ།>> བཤེས་གཉེན་ཚུལ་ཁྲིམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

<<བཙན་བྱོལ་བོད་མིའི་གཞི་རིམ་ཤ ེས་ཡོན་སྲིད་བྱུས།>> བོད་གཞུང་ཤེས་རིག་ལས་ཁུངས།

<<ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཀྲུང་གོའ ི་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང༌།

<<ཟམ་གདོང་རིན་པོ་ཆེ་སོགས་ཤ ེས་ཡོན་དང་འབྲེལ་བའི་མི་སྣ་ཁག་གི་གསུང་བཤད།>> མཛོད་ཁང་གིས་བཟོས་པའི་འོད་སྡེ​ེར།

ཝཱ་ཎཱ་དཔེ་

<<མཚོ་སྔོན་རླུང་འཕྲིན་གྱི་མཁས་པའི་བཤད་གླེང༌།>> སློབ་གསོའ ི་སྐོར།

<<ཏུའུ་ཝེ་ནས་སློབ་གསོ་གླེང་བ།>> ཨ་མེ་རི་ཁ། ཨེ་ཧན་ཏུའུ་ཝེ་ནས། ཀན་སུའུ་མི་རིགས་དཔེ་སྐྲུན་ ཁང༌།

<<དབྱིན་ཇིའི་རང་མོས་རིང་ལུགས།>> ཨིན་ཇི། ཧོབ་ཧོ་ཟི། སངས་རྒྱས་ཀྱིས་བསྒྱུར། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང༌།

<<མི་ཚེའི་མངོན་རྟོགས་མྱོང་གྲུབ།>> ཧིན་རྡུ། ཊགྷོར། ཆ་རིས་སྐལ་བཟང་ཐོགས་མེད། ཀན་སུའུ་མི་ རིགས་དཔེ་སྐྲུན་ཁང༌།

<<ཀུན་སྤྱོད་ཀྱི་མ་ལག་རྣམ་བཤད།>> འཇར་མན། ཉི་ཚེས། ལྕགས་ཐར་རྒྱལ།

<<བོད་རིག་པའི་ཞིབ་འཇུག་དེབ་ཚོགས།>> མཁས་པས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌།

<<ཤེས་རིག་སྨྲ་བའི་བསྡུས་དོན།>> འཇར་མན། ཧྥོའུ་ཁོའུ་ཛ་བཱ་ཡོའུ་ཁིས་ཆིས། ཆ་རིས་སྐལ་བཟང་


89 90 91 92 93 94 95 96 97 98 99

ཐོགས་མེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 619

<<བོད་ཀྱི་ཤེས་རིག་ཞིབ་འཇུག>> དེབ་དགུ་པ། རྩོམ་འགན་ཆབ་འགག་རྟ་རྡོ་དང་དཔལ་འཛོམས། མི་ རིགས་དཔེ་སྐྲུན་ཁང༌།

<<བོད་རིག་པའི་གྲོས་མོལ་ཚོགས་འདུའི་ཆེད་རྩོམ་གཅེས་བསྡུས༣༠།>> སྐྲུན་ཁང༌།

བོད་ལྗོངས་མི་དམངས་དཔེ་

<<བོད་ལྗོངས་སློབ་གསོ།>> ཞེས་པའི་དུས་དེབ་ཁག

<<སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས>> འབྲོང་བུ། མི་རིགས་དཔེ་སྐྲུན་ཁང༌། <<ནུབ་ཕྱོགས་ཤེར་རྟོགས་རིག་པའི་ཆིག་བུམ།>> འབྲོང་བུ། མི་རིགས་དཔེ་སྐྲུན་ཁང༌།

<<བོད་རིག་པའི་གྲོས་མོལ་ཚོགས་འདུའི་ཆེད་རྩོམ་གཅེས་བསྡུས།>> བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང༌།

<<མིའི་རིགས་ཤེས་རབ་ཀྱི་རྣམ་བཞག>> འབྲོང་བུ། མི་རིགས་དཔེ་སྐྲུན་ཁང༌།

<<བསྐལ་བའི་གཏམ་གླེང་དམར་ལྡང་མ།>> འབྲོང་བུ། མི་རིགས་དཔེ་སྐྲུན་ཁང༌།

<<བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤ ེས།>> འབྲོང་བུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། <<དཔྱོད་ཤེས་རྒྱང་འབོད།>> ཞོགས་དུང༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

<<ཕྱི་རྒྱལ་གྱི་དམངས་ཁྲོད་གཏམ་རྒྱུད།>> ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་སྒྲིག མི་རིགས་དཔེ་སྐྲུན་ ཁང༌།

100 <<རིག་གནས་བཅུའི་དྲིས་ལན་བློ་གསལ་ཉེར་མཁོ།>> 101 <<ཆུང་འབྲིང་སློབ་མའི་སྦྱང་རྩོམ།>> 102 <<བོད་ཀྱི་ཤ ེས་རིག་ཞིབ་འཇུག>>

སྐལ་བཟང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

དེབ་དགུ་པ། མི་རིགས་དཔེ་སྐྲུན་ཁང༌།

103 <<བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས།>>

སྐྲུན་ཁང༌།

104 <<དཔྱད་རྩོམ་བདེམས་བསྒྲིགས།>>

གཟུངས་འབུམ་ཐར། མཚོ་སྔོན་མི་རིགས་དཔེ་

ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་ཞིབ་འཇུག

105 <<སློབ་གསོའ ི་ཆེད་རྩོམ་ཕྱོགས་བསྒྲིགས།>> 106 <<ལྟ་བ།

ཆ་རིས་སྐལ་བཟང་ཐོགས་མེད།

བསོད་ནམས་དར་རྒྱས་ཀྱིས་གཙོ་སྒྲིག་བྱས།

བསམ་བློ། ལག་ལེན།>> གངས་ཞུན་དང་རྡོ་ལྷས་བསྒྲིགས།

107 <<དྲན་ཤ ེས་ལྡན་པའི་ཤ ེས་ཡོན།>>

གྲུབ་མཐའ་དང་ལག་ལེན་བསམ་འཆར། ཌེ་ནི་ཤ ེ་རྩོད་རྙོག་འདུམ་

སྒྲིག་ཁང་དང་ཤེས་རབ་ཚལ་སློབ་གླིང་དབར་གྱིམཉམ་འབྲེལ་ལས་གཞི། ཨིན་ཡིག་ནས་བུ་ཆུང་ལྡུམ་ར་ བས་བསྒྱུར།

108 <<ལོ་བཞིའི་ལམ་ལུགས་ཀྱི་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སྐད་ཡིག་སློབ་དེབ།>>

དེབ༡ནས༨བར།


620 ཉམས་ཞིབ་དེབ་ཕྲེང་། ༡

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

109 <<སྐད་བརྡ་རིག་པའི་སྤྱི་དོན།>> 110 111

112

སུམ་པ་དོན་གྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

<<བོད་ལྗོངས་ཀྱི་སློབ་གསོ།>> རྡོ་རྗེ་ཚེ་བརྟན། ཀྲུང་གོའ ི་བོད་ཀྱི་ཤ ེས་རིག་དཔེ་སྐྲུན་ཁང༌།

<<སློབ་གསོའ ི་ཐབས་ལམ་རྣམ་བཤད།>> གཅན་རོང་བསྟན་འཛིན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

<<སློབ་གསོའ ི་ལག་ལེན་རྣམ་བཤད།>> དོན་དམ་པའི་བསམ་གཞིགས་དང་གསར་གཏོད། གཅན་རོང་ བསྟན་འཛིན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།

113

<<ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའ་ི བོད་ཡིག་སྡེ་ཁག་ཚུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་རིག་

114

<<བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ།>> བསམ་གྲུབ་དང་སྒྲོལ་མ་སྐྱིད་

115 116 117 118 119

གཞུང་དཔྱད་རྩོམ།>> མི་རིགས་དཔེ་སྐྲུན་ཁང༌། ཀྱིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང༌།

<<བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་བཏུས།>> གཟུངས་འབུམ་ཐར། མཚོ་སྔོན་མི་རིགས་དཔེ་ སྐྲུན་ཁང༌།

<<མཚོ་སྔོན་བོད་ཀྱི་སློབ་གསོའ ི་དཔྱད་རྩོམ་ཕྱོགས་བསྒྲིགས།>> གཙོ་སྒྲིག་པ་ཏུའུ་ཞའོ་མེན། མཚོ་སྔོན་ མི་རིགས་དཔེ་སྐྲུན་ཁང༌།

<<སློབ་གསོའ ི་གཏམ་ཚོགས།>> ༡ནས༨བར་གྱི་བསྒྱུར་རྩོམ་གསར་པ།

<<དཔའ་རིས་བློ་གྲོས་ཀྱི་དཔྱད་རྩོམ་གཅེས་བསྡུས།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། <<སློབ་རའི་གཏམ་ཚོགས།>> རྨ་ལྷོ་རྫོང་མི་རིགས་སློབ་འབྲིང་གིས་བསྒྲིགས།

120 <<རིག་གནས་བཅུའི་དྲིས་ལན་བློ་གསལ་ཉེར་མཁོ།>>

བསྒྲིགས། ཀྲུང་གོའ ི་བོད་རིག་པ་དཔེ་སྐྲུན་ཁང༌།

121 <<བོད་རིག་པའི་ཆེད་རྩོམ་གཅེས་བསྡུས།>>

སྐྲུན་ཁང༌།

རྩོམ་སྒྲིག་པ། ངག་དབང༌། བོད་ལྗོངས་མི་དམངས་དཔེ་

122 <<ཤེས་བྱའི་དྲིས་ལན་བློ་གསལ་དགའ་སྐྱེད།>>

དཔེ་སྐྲུན་ཁང༌།

དགྲ་ལྷ་ཟླ་བ་བཟང་པོའ ི་ཆེད་རྩོམ་ཕྱོགས་

པིར་ཐོགས་ཀྱིས་སྒྲིག་སྒྱུར་བྱས། མཚོ་སྔོན་མི་རིགས་

123 <<བོད་ཀྱི་ཤ ེས་རིག་ཞིབ་འཇུག་ཆེད་རྩོམ་བདམས་སྒྲིག>> 124 <<བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས།>>

སྐྲུན་ཁང༌།

125 <<བོད་ཀྱི་རིག་གནས་དང་སློབ་གསོའ ི་ཞིབ་འཇུག>>

ཀའོ་རྡོ་ཧཕུ། མི་རིགས་དཔེ་སྐྲུན་ཁང༌།

གཟུངས་འབུམ་ཐར། མཚོ་སྔོན་མི་རིགས་དཔེ་

གཙོ་སྒྲིག་པ་མི་བསྐྱོད་རྡོ་རྗེ། མཚོ་སྔོན་དགེ་ཐོན་

སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་སྒྲིག མཚོ་སྔོན་མི་རིགས་དཔེ་སྐྲུན་


ཁང༌།

126 <<སྐད་ཡིག>>

བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 621 ལོ་དགུའི་འགན་བབས་སློབ་གསོ་ལམ་ལུགས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་དེབ་ཆ་

ཚང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།

127 <<དམའ་འབྲིང་བོད་ཀྱི་སློབ་དེབ་གསར་པའི་དྲི་བ་དང་དྲིས་ལན་གསལ་བའི་སྒྲོན་མེ།>>

སྙིང་དཀར་རྒྱལ། བན་དེ་སྐྱབས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།

128 <<བོད་ཡིག་ལས་ཞོར་སློབ་དེབ་རིག་གནས་འཇུག་སྒོ།>> 129 <<བོད་ཡིག་བསྐྱར་སྦྱོང་ནང་དོན་ཕྱོགས་བཏུས།>>

སྐྲུན་ཁང༌།

དཔེ་དེབ་ཁག

དམའ་རིམ་སློབ་འབྲིང༌། བོད་ལྗོངས་མི་དམངས་དཔེ་

130 <<ཉིན་ཧྲིལ་པོའ ི་ལམ་ལུགས་མཐོ་འབྲིང་གི་སློབ་དེབ།>>

སློབ་དེབ་ཁག

131 <<བོད་རིགས་ལས་བྱེད་པ་དང་ལས་བཟོ་བ་ཚོའི་སློབ་གཞི།>>

བོད་ཀྱི་སྐད་ཡིག སློབ་དེབ་ཁག

132 <<ལྗོངས་ཞིང་ལྔའི་དམའ་འབྲིང་བོད་ཡིག་རྒྱུགས་ལེན་སྦྱང་གཞི།>>

རྗེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།

133 <<བསམ་བློ་དང་ཀུན་སྤྱོད།>>

འཇམ་དབྱངས་གྲགས་པ། ཚེ་རིང་རྡོ་

ཚོད་ལྟ། ཞིང་ཆེན་དང་ལྗོངས་ལྔའི་མཉམ་སྒྲིག་སློབ་གཞི། ཉིན་ཧྲིལ་པོའ ི་

ལམ་ལུགས་ཀྱི་སློབ་ཆུང་སློབ་དེབ། ཆ་ཚང༌།

134 <<ལོ་དྲུག་ལམ་ལུགས་ཀྱི་སློབ་ཆུང་སློབ་དེབ།>> 135 <<བཙན་བྱོལ་གྱི་སློབ་དེབ་གསར་རྙིང༌།>> 136 <<སློབ་ཁྲིད་ཇི་ལྟར་བྱེད་ཚུལ།>>

ཚན། བོད་ཁྱིམ།

ཚེ་རིང་རྡོ་རྗེ།

སློབ་དེབ་ཁག

སློབ་དེབ་ཁག

ཧུ་ཤ ་རྡ་ཤ ོགས། བསྟན་འཛིན་བློ་གསལ་དང་རིགས་སློབ་ཕབ་སྒྱུར་སྡེ་

137 <<སློབ་ཁྲིད་ཀྱི་ཐབས་ལམ་དང་ཤ ེས་ཡོན་དང་འབྲེལ་བའི་སེམས་ཁམས་རིག་པ།>>བསྟན་འཛིན་སྟོབས་

རྒྱལ། རིགས་སློབ།

138 <<བོད་ལྗོངས་ཞིབ་འཇུག>> 139 <<བོད་ལྗོངས་ཞིབ་འཇུག>>

༡༩༩༧།༢།༣།

༢༠༠༢།༡།༢།༣།༤།

140 <<བོད་ཀྱི་རིག་གནས་གོང་འཕེལ་དང་སློབ་གསོའ ི་རྣམ་བཤད་ཅེས་བྱ་བ་བཞུགས་སོ།

མས་བརྩམས། རྒྱལ་ལོས་སྒྱུར།

།>>དཔལ་ལྡན་ཉི་

141 <<བོད་ལྗོངས་ཞིབ་འཇུག>>

༡༩༨༤ལོའ ི་དུས་དེབ་ཕྱོགས་བསྡེབས།

143 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༣། བོད་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཐུག་པའི་གནད་དོན་

142 <<བོད་ལྗོངས་ཞིབ་འཇུག>>

༡༩༨༤།༡།༤། སློབ་འབྲིང་བོད་སྐད་ཡིག་གི་དགེ་རྒན།

དང་རང་གི་ལྟ་ཚུལ། བསོད་ནམས་དོན་གྲུབ།


622 ཉམས་ཞིབ་དེབ་ཕྲེང་། ༡

144 <<བོད་ལྗོངས་ཞིབ་འཇུག>>

༡༩༨༨།༧།༤། བོད་རིགས་བུད་མེད་སློབ་གསོ་གཏོང་རྒྱུར་ངེས་པར་མཐོང་

145 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༡། སྐད་གཉིས་སློབ་ཁྲིད་ཀྱི་སྐོར་ཅུང་ཟད་དཔྱད་པ། དགེ་འདུན།

ཆེན་བྱེད་དགོས། ཨ་འཁྱིག

146 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༢། བོད་ཀྱི་སློབ་གསོའ ི་ཁྱབ་ཁོངས་དཔེ་མཛོད་ཁང་འཛུགས་སྐྲུན་

བྱ་རྒྱའི་སྐོར་གྱི་འཆར་སྒོ་འགའ་ཞིག མིག་དམར་ཚེ་རིང༌།

147 <<བོད་ལྗོངས་ཞིབ་འཇུག>> 148 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༢། དཀར་ཆག་རིག་པ་ཕྲན་བུ། ཧྤང་ཁྲུན་ཀེང་གིས་བརྩམས།

༡༩༩༣།༢། དེ་སྔའི་བོད་ཀྱི་སློབ་གསོའ ི་གནས་ཚུལ། ཧོར་ཁང་བསོད་

ནམས་དཔལ་འབར།

149 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༣། བློ་རིག་དང་སེམས་ཁམས་རིག་པའི་ཁྱད་འབྲེལ་བཤད་པ།

150 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༣། བོད་ཀྱི་རིག་གནས་འཕེལ་རིམ་ནང་གི་འཛམ་གླིང་རང་བཞིན།

151 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༤། བོད་ལྗོངས་དར་རྒྱས་སུ་འགྲོ་དགོས་ན་སློབ་གསོ་ལེགས་པོར་

152 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༡ བོད་ཀྱི་རིག་གནས་སློབ་གསོའ ི་ཐད་ཀྱི་ལྟ་ཚུལ་འགའ། བསོད་

153 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༡། སློབ་འབྲིང་བོད་ཡིག་སློབ་ཁྲིད་བྱེད་ཕྱོགས་ཅུང་ཟད་གླེང་བ། ཚེ་

154 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༢། སློབ་འབྲིང་སློབ་ཕྲུག་ལ་སློབ་གསེང་བོད་ཡིག་དཔེ་དེབ་ལྟ་བར་

ཤར་བ་ཐོགས་མེད།

དགྲ་ལྷ་ཟླ་བ་བཟང་པོ།

བསྒྲུབ་དགོས། ཆབ་འགག་རྟ་མགྲིན། ནམས་དོན་གྲུབ།

རིང་གཡང་འཛོམས།

མཛུབ་ཁྲིད། ཚེ་རིང་གཡང་འཛོམས།

155 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༢།

156 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༢། གོང་དུ་འཕེལ་བཞིན་པའི་བོད་ཀྱི་མི་རིགས་སློབ་གསོའ ི་བྱ་

157 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༣། བོད་ཀྱི་དར་མའི་སློབ་གསོ་འཕེལ་རྒྱས་མྱུར་བོ་བྱུང་བའི་སྐོར་

158 <<བོད་ལྗོངས་ཞིབ་འཇུག>>

༡༩༩༥།༤། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་དབར་གྱི་

འབྲེལ་བའི་སྐོར། སྒ་ཟླ་བ་ཚེ་རིང༌། བཞག བསོད་ནམས་དོན་གྲུབ།

བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་བར་གྱི་

ཅུང་ཟད་གླེང་བ། དབང་འདུས་ནོར་བུ།

འགལ་འདུ་ཐོག་མར་བརྗོད་པ། མཛོད་དགེ་བུད་དྷ།


བོད་ཀྱི་སྲོལ་རྒྱུན་ཤ ེས་ཡོན་རིག་པའི་དཔྱད་ཞིབ། 623

159 <<བོད་ལྗོངས་ཞིབ་འཇུག>> ༡༩༨༢།༣། ཀྲུང་གོའ ི་འབྲོག་ལས་དཔལ་འབྱོར་རིག་པའི་གནད་དོན་སྐོར་གྱི་

ཞིབ་འཇུག ཀྲེང་བོ་ཆོན།

160 <<བོད་ལྗོངས་ཞིབ་འཇུག>> 161 <<བོད་ལྗོངས་ཞིབ་འཇུག>>

༡༩༩༡།༢། བོད་ཀྱི་སྤྱི་ཚོགས་དུས་རབས་དབྱེ་མཚམས། རྩོམ་སྒྲིག་པུས།

༡༩༩།༡།༢། བོད་ཀྱི་སློབ་གསོའ ི་བྱ་བཞག་ལ་ཐོབ་པའི་གྲུབ་འབྲས་རགས་

ཙམ་གླེང་བ། ཆོས་འཕེལ་རྡོ་རྗེ།

162 <<བོད་ལྗོངས་ཞིབ་འཇུག>>

༡༩༩༡།༣། བོད་ཀྱི་བུད་མེད་སྐོར་གྱི་ཞིབ་འཇུག་རྒྱ་མཚོའི་ཆུ་ཐིགས། ཚེ་

163 <<བོད་ལྗོངས་ཞིབ་འཇུག>>

༡༩༩༣།༡། བོད་ཀྱི་ལག་ཤ ེས་བཟོ་ལས་ཁེ་ལས་ཀྱི་ད་ལྟའི་གནས་བབ་དང་

164 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། བོད་ཀྱི་སློབ་གསོའ ི་ཁྱབ་ཁོངས་ཀྱི་དཔེ་མཛོད་ཁང་འཛུགས་

165 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། བོད་མི་རིགས་ཐོག་མ་གྲུབ་པའི་དུས་རབས་སྐོར་གྱི་དོགས་

166 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་སྤྱི་ཚོགས་

167 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། བོད་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཐུག་པའི་གནད་དོན་

168 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། ཞང་བོད་ཤ ེས་རིག་དར་ཚུལ་སྐོར་ལ་མདོ་ཙམ་དཔྱད་པ། ཚེ་

169 <<བོད་ལྗོངས་ཞིབ་འཇུག>>

༡༩༩༤།༡། བོད་ཀྱི་སེར་མོ་བའི་འཕེལ་རིམ་དང༌། དུས་རབས་དཀྱིལ་མའི་

170 <<བོད་ལྗོངས་ཞིབ་འཇུག>>

༡༩༨༩།༤། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེའི་བསམ་བློའ ི་རང་བཞིན་

རིང་ཆོས་མཚོ།

དེར་ཁ་གཏད་འཇལ་ཐབས་སྐོར། བསོད་ནམས་ཚེ་བརྟན།

སྐྲུན་བྱ་རྒྱུའི་སྐོར་གྱི་འཆར་སྒོ་འགའ་ཞིག མིག་དམར་ཚེ་རིང༌།

གནད་ལ་དཔྱད་པ།

རིག་པའི་གླེང་སློང༌། འབྲོང་བུ་ཚེ་རིང་རྡོ་རྗེ།

དང་རང་གི་ལྟ་ཚུལ་མདོར་བསྡུས། བསོད་དོན། དབང་རྒྱལ་མཚན།

ནང་བསྟན་གྲུབ་མཐའ་ཁག་དབར་གྱི་སྡེ་གཟར་རགས་ཙམ་དཔྱད་པ། ཚེ་བརྟན་བཀྲིས། སྐོར་གྱི་ལྟ་ཚུལ་འགའ་ཞིག གནམ་ལྷ་རྒྱལ།

171 <<སྤྱི་ལོ༡༩༩༣ལོའ་ི མཐོ་རིམ་དང་འབྲིང་རིམ་སློབ་མ་བསྡུ་བའི་བོད་ཡིག་རྒྱུགས་ཤོག་གི་དྲི་གཞི་དང་

ཚད་ལྡན་དྲིས་ལན་ཁག་གསལ་བའི་གཞོན་ནུའི་བློ་ཡི་བདུད་རྩི་ཞེས་བྱ་བ།>>

172 <<གངས་ལྗོངས་རིག་གནས>>

ཞུ་བ། ནོར་བྲང་ཨོ་རྒྱན།

173 <<བོད་ལྗོངས་ཞིབ་འཇུག>>

༡༩༩༡།༣། བོད་ཡིག་དཔེ་རྙིང་གིས་བོད་གསར་པར་ཞབས་འདེགས་

༡༩༩༡།༣། བོད་ཀྱི་སྐད་ཡིག་ནང་གི་དམིགས་བསལ་གྱི་ཆོས་ཉིད་ཅན་


624 ཉམས་ཞིབ་དེབ་ཕྲེང་། ༡

འགའ་བསྟན་པ། སྡིངས་ཆེན་དངོས་གྲུབ།

174 <<བོད་ལྗོངས་ཞིབ་འཇུག>>

༡༩༩༡།༣། མཐོ་རིམ་སློབ་འབྲིང་གི་སློབ་གྲྭ་བར་རྩོམ་ཡིག་སློབ་ཁྲིད་སྐོར་

རགས་ཙམ་གླེང་བ། ནོར་བུ་དགྲ་འདུལ།

175 <<རྩེ་སྙེག>>

༡༩༨༩།༡། གནས་ཚུལ་ལ་ངོས་འཛིན་ཡང་དག་དང་བསྒྱུར་བཅོས་གོ་བ་ལོན་པར་རྒྱབ་སྐྱོར་

176 <<རྩེ་སྙེག>>

༡༩༨༩།༡། རང་ཞིང་གི་རྩྭ་ཐང་ཕྱུགས་ལས་ཐད་ཀྱི་བསམ་གཞིགས ཡོའ ་ོ ཞིང་ཕྲིན།

བྱེད་དགོས། ཧྤུ་ཆིན་ཡོན།

177 <<རྩེ་སྙེག>>

བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་ཚོང་ཐོག་དཔལ་འབྱོར་གོང་སྤེལ་གཉིས་དུས་

མཉམ་དུ་བསྒྲུབ་དགོས། ཀྲོའུ་ཝང༌།

178 <<རྩེ་སྙེག>>

ཤུས་བཀྭན།

མཚོ་སྔོན་འབྲོག་ཁུལ་མི་རིགས་སློབ་གསོའ ི་ཁྲོད་དུ་གནས་པའི་གནད་དོན་དང་བྱེད་ཐབས།

179 <<གངས་ལྗོངས་རིག་གནས།>>

༡༩༩༢།༢། བོད་ཀྱི་སྐད་ཡིག་དང་རིག་གནས་སྐོར་གྱི་འཆར་སྒོ་རགས་

ཙམ་བརྗོད་པ། ཚེ་རིང་དཔལ་འབྱོར།

180 <<བོད་ལྗོངས་ཞིབ་འཇུག>>

རིག་པའི་གླེང་སློང༌།

༡༩༩༤།༡། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་སྤྱི་ཚོགས་



ཨ་འཁོར་བཟོད་པའི་བརྩམས་ཆོས་དེབ་ཁག

?? ཨ་འཁོར་གྱི་གླེགས་བམ༼༡༽ཤེས་རབ་ལ་ཕྱོགས་པ།

<<བོད་ཀྱི་སྲོལ་རྒྱུན་ཤེས་ཡོ​ོན་རིག་པའི་དཔྱད་ཞིབ།>> ཅེས་པ་ནི་ཁོ་བོའ ི་ཞིབ་འཇུག་གི་ཆེད་དེབ་ཡིན་

ཞིང་། དེ་ནི་གཡུང་དྲུང་བོན་གྱི་རིག་པ་དང། བོད་ཀྱི་ནང་བསྟན་རིག་པ། བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་

རིག་པ་བཅས་དཔྱད་གཞིར་བཟུང་སྟེ། རིག་གནས་སམ་རིག་གཞུང་དང་དེ་ལས་བྱུང་བའི་ཤ ེས་ཡོན་ལྟ་ གྲུབ། ལྟ་གྲུབ་གང་དེ་ཉིད་གཞིར་བཟུང་བའི་སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐབས་གཙོས་སྲོལ་རྒྱུན་བོད་ཀྱི་ ཤེས་ཡོན་རིག་པའི་ཕྱོགས་དུ་མ་ལ་དཔྱད་ཞིབ་བྱས་ཡོད།

• ཨ་འཁོར་གྱི་གླེགས་བམ༼༢༽འཚོལ་དཔྱོད་ལ་ཕྱོགས་པ།

<<སྒྱུ་རྩལ་མཛེས་རིག་གི་ཁམས་སུ་བཞུད་པ།>> ཞེས་པའི་དཔེ་དེབ་ཀྱི་ནང་དུ་འཛམ་གླིང་གི་གྲགས་ ཅན་སྒྱུ་རྩོམ་ཁག་ཅིག་ལ་དཔྱད་བརྗོད་དང་། བོད་ཀྱི་རྩོམ་རིག་གི་རིགས་དང་ལུས་ཀྱི་ཁྱད་ཆོས་དང།

མཚོན་ཐབས་བཅས་ངོ་སྤྲོད། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་་བཙན་པོའ ི་སྐབས་ཀྱི་ལོ་རྒྱུས་རྣམས་

གོ་བདེ་བར་བྱས་པ་གཙོས་དཔྱད་རྩོམ་ཁག་གཅིག་བཀོད་ཡོད།

• ཨ་འཁོར་གྱི་གླེགས་བམ༼༣༽སློབ་ཁྲིད་ལ་ཕྱོགས་པ།

<<སློབ་ཁྲིད་རིག་པའི་བསམ་བློ་དང་ལག་ལེན་གྱི་རྒྱུན་ཤ ེས།>> ཞེས་པར་ཤ ེས་ཡོན་རིག་པའི་དོན་དམ་ བདེན་ལུགས་ཀྱི་ལྟ་གྲུབ་ཅིག་རྒྱབ་ལྗོངས་སུ་བྱས་པའི་སློབ་ཁྲིད་བྱེད་ཐབས་གཙོ་བོར་བསྟན་ཡོད་ལ། དེའང་སློབ་མའི་ལྷན་སྐྱེས་དང་རང་རྟོགས་ཀྱི་ཡར་རྒྱས་ལྟེ་བར་འཛིན་པ་ནན་གྱིས་བསྟན་ཡོད།

• ཨ་འཁོར་གྱི་གླེགས་བམ༼༤༽སྒྱུ་རྩལ་ལ་ཕྱོགས་པ།

<<སྒྱུ་རྩལ་རྩོམ་རིག་གི་ཡིད་ཀྱི་ལྗོངས།>> ཞེས་པར་དངོས་ཡོད་འཚོ་བ་དང་རྟོག་གཞིགས་གཅིག་ཏུ་ སྦྲེལ་བའི་བརྩམས་སྒྲུང་དང་། མཚན་ཉིད་རིག་པའི་བསམ་གཞིགས་སྦས་དོན་དུ་བྱས་པའི་སྙན་ངག་ བརྗོད་དོན་དམ་པོར་བཟུང་ཞིང་མཚོན་ཐབས་ཀྱོག་ཀྱོག་ཆེ་བའི་ལྷུག་རྩོམ་བཅས་བཀོད་ཡོད།



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.