སྦྲང་མའི་འཚོ་བ།

Page 1



སྦྲང་མའི​ི་འཚོ​ོ་བ།

རྩོ​ོམ་པ་པོ​ོ། ཏ་ནི​ི་ཡ་མཇ་མུ་དར། རི​ི་མོ​ོ་བ། སུཤ་མ་དུར་ཝེ​ེ། བོ​ོད་སྒྱུར་བ། ཚེ​ེ་རི​ིང་དཔལ་འཛོ​ོམས།

ཤེ​ེས་རི​ིག་ལས་ཁུངས་ཀྱི​ིས་དཔར་འགྲེ​ེམས་ཞུས།


སྔོ​ོན་གླེ​ེང་།

༄༅། །བོ​ོད་མི​ིའི​ི་སྒྲི​ིག་འཛུགས་ཤེ​ེས་རི​ིག་ལས་ཁུངས་ནས་ལོ​ོ་རབས་དགུ་བཅུའི​ི་འགོ​ོ་སྟོ​ོད་ཙམ་ནས་བོ​ོད་སློ​ོབ་ ཁག་གི​ི་སློ​ོབ་ཕྲུག་ཚོ​ོར་སློ​ོབ་དེ​ེབ་ལས་གཞན་པའི​ི་གཞོ​ོགས་འདེ​ེགས་རྒྱུ་ཆའི​ི་སྟོ​ོང་ཆ་སྐོ​ོང་ཐབས་སླད་བརྗོ​ོད་བྱ་འདྲ་

མི​ིན་ལྡན་པའི​ི་དུས་དེ​ེབ་དང་། མཚར་གཏམ། དུས་ཆེ​ེན་ངོ​ོ་སྤྲོ​ོད། མི​ི་སྣའི​ི་ལོ​ོ་རྒྱུས། ཕ་ཡུལ་ཕྱོ​ོགས་བསྒྲི​ིགས་དེ​ེབ་ ཕྲེ​ེང་། གླི​ིང་སྒྲུང་། གངས་ལྗོ​ོངས་བྱི​ིས་པའི​ི་བརྙན་དེ​ེབ་སོ​ོགས་དེ​ེབ་རི​ིགས་སྣ་མང་འདོ​ོན་སྤེ​ེལ་ཞུས་དང་ཞུ་བཞི​ིན་

ཡོ​ོད་མོ​ོད། ཕྱི​ི་ལོ​ོ་ ༢༠༡༥ ནས་བཟུང་ཨ་རི​ིའི་ི བོ​ོད་ཀྱི​ི་ཐེ​ེབས་རྩའི​ི་མཐུན་འགྱུར་འོ​ོག་ལོ​ོ་རེ​ེར་སློ​ོབ་ཕྲུག་གི​ི་ཁམས་དང་ མཐུན་པའི​ི་ཨི​ིན་ཡི​ིག་དེ​ེབ་གྲངས་ ༡༠ རེ​ེ་བོ​ོད་བསྒྱུར་ཞུ་འགོ​ོ་ཚུགས་ཡོ​ོད། བོ​ོད་བསྒྱུར་ཞུས་པའི​ི་དཔེ​ེ་དེ​ེབ་རྣམས་ ལས་མི​ི་རི​ིགས་གཞན་གྱི​ི་རྩོ​ོམ་རི​ིག་གི​ི་སྒྱུ་རྩལ་དང་། འབྲི​ི་ཐབས། འཚོ​ོ་བ། རི​ིག་གཞུང་སོ​ོགས་རི​ིག་ཚན་དུ་མ་རྒྱུས་

ལོ​ོན་ཐུབ་རྒྱུ་དང་། དེ​ེ་དག་ལས་ལེ​ེགས་ཆ་བླངས་ཏེ​ེ་རང་མི​ི་རི​ིགས་ཀྱི​ི་ཁྱད་ཆོ​ོས་བཟང་པོ​ོའི ི་ཐོ​ོག་མཛེ​ེས་རྒྱན་དུ་ སྤྲས་རྒྱུར་དམི​ིགས་པ་ཡི​ིན། དེ​ེ་ལྟར་ན་རྒྱ་ཆེ​ེའི་ི ཀློ​ོག་པ་པོ​ོ་སྤྱི​ི་དང་། ཡང་སྒོ​ོས་སློ​ོབ་ཕྲུག་ཚོ​ོས་སྤྲོ​ོ་བ་ཆེ​ེན་པོ​ོས་ལྗགས་ ཀློ​ོག་གནང་བའི​ི་རེ​ེ་བ་ཞུ་རྒྱུ་བཅས། བོ​ོད་མི​ིའི​ི་སྒྲི​ིག་འཛུགས་ཤེ​ེས་རི​ིག་ལས་ཁུངས་ནས། བོ​ོད་རྒྱལ་ལོ​ོ་ ༢༡༥༠ ཆུ་ ཡོ​ོས། ཕྱི​ི་ལོ​ོ་ ༢༠༢༣ ལོ​ོར།


“འབྲད་འབྲད་བྱས་ནས་གཙང་མ་ཡག་པོ​ོ་བཟོ​ོས་ཤོ​ོག་ཨ།” ཞེ​ེས་ སྦྲང་གཡོ​ོག ་རྒན་པས་སྦྲང་གཡོ​ོག ་གཞོ​ོན ་པ་རྣམས་ལ་སྐུལ་མ་ བཏང་། སྦྲང་མ་གསེ​ེར་སྦྲང་ནི​ི་རང་ཉི​ིད་དང་ལོ​ོ་ན་མཉམ་པའི​ི་སྦྲང་ གཡོ​ོག་ཚོ​ོ་དང་མཉམ་དུ་སྦྲང་ཚང་གཙང་མ་བཟོ​ོ་བཞི​ིན་ཡོ​ོད། སྦྲང་ ཚང་གཙང་མ་བཟོ​ོ་ རྒྱུ་ནི​ི་ སྦྲང་གཡོ​ོག ་གཞོ​ོན ་པ་རྣམས་ཀྱི​ི་ ལས་ འགན་ཡི​ིན།

གསེ​ེར་སྦྲང་གི​ིས་རང་གི​ི་འཁྲི​ིས་སུ་ཡོ​ོད་པའི​ི་སྦྲང་གཡོ​ོག་བསོ​ོད་ནམས་ལ་བལྟས་པ་ན། བསོ​ོད་ནམས་ ཀྱི​ིས་ཧུར་བརྩོ​ོན་ཆེ​ེན་པོ​ོས་སྦྲང་ཚང་ནང་ཚུད་པའི​ི་འབུ་སྲི​ིན་ཤི​ི་རོ​ོ་རྣམས་ཕྱི​ི་རུ་འདོ​ོན་བཞི​ིན་ཡོ​ོད། མོ​ོའི ི་ སྦྲང་ཁུང་ཕྱེ​ེད་ཙམ་འོ​ོད་ཐི​ིང་ངེ​ེར་ཡོ​ོད་ཀྱང་གསེ​ེར་སྦྲང་གི​ིས་ད་དུང་ལས་ཀ་འགོ​ོ་བརྩམས་མེ​ེད། མོ​ོས་རྒན་ གསལ་སྒྲོ​ོན་གྱི​ི་སྐད་གོ​ོ་མ་ཐག་གཙང་མ་བཟོ​ོ་འགོ​ོ་བརྩམས།

དེ​ེའི​ི་ཚེ​ེ་ན། མོ​ོས་སྦྲང་ཚང་གི​ི་ཕྱི​ི་ལྤགས་ངོ​ོས་སུ་སེ​ེར་ག་ཆུང་ཆུང་ཞི​ིག་གས་ཡོ​ོད་པ་མཐོ​ོང་། ཁོ​ོ་ཚོ​ོའི​ི་སྦྲང་ཚང་དེ​ེ་ནི​ི་སྡོ​ོང་པོ​ོ་ ཞི​ིག་གི​ི་ཁོ​ོག་སྟོ​ོང་ནང་ཆགས་ཡོ​ོད་པས། སེ​ེར་ག་དེ​ེ་ནས་ཕྱི​ི་རུ་ལྟ་ཐུབ། མོ​ོ་དགའ་ཐག་ཆོ​ོད་དེ​ེ་དེ​ེའི​ི་གམ་དུ་ཕྱི​ིན་ཏེ​ེ་བལྟས་ པ་ན་ཐག་རི​ིང་ན་སྤང་ལྗོ​ོངས་ཡི​ིད་དུ་འོ​ོང་བ་ཞི​ིག་མཐོ​ོང་། གསེ​ེར་སྦྲང་གི​ིས། བསོ​ོད་ནམས། འདི​ི་ནས་ལྟོ​ོས་དང་། སྙི​ིང་རྗེ​ེ་མོ​ོ་ག་འདྲ་མི​ི་འདུག་གམ། ཞེ​ེས་བཤད་པར། བསོ​ོད་ནམས་རང་ཉི​ིད་ལས་ཀར་གཡོ​ོལ་བ་རྒན་གསལ་སྒྲོ​ོན་ གྱི​ིས་མཐོ​ོང་ཡོ​ོང་སྙམ་པའི​ི་ཞེ​ེད་སྣང་དང་བཅས་གསེ​ེར་སྦྲང་སར་ ཕྱི​ིན།

1


ཝ་ཡེ​ེ ། བསོ​ོ ད ་ནམས། ཕ་གི​ི འི​ི ་ མེ​ེ ་ ཏོ​ོ ག ་སྙི​ི ང ་རྗེ​ེ ་ མོ​ོ ་ དེ​ེ ་ ཚོ​ོར ་ལྟོ​ོ ས ་དང་། འདུག་གམ། འདུག་ གམ། ཞེ​ེས་གསེ​ེར་སྦྲང་གི​ི ་སྦྲང་གི​ིས་དྲི​ིས་པར།

ཁྱེ​ེ ད ་རང་དེ​ེ ་ ལ་འགྲོ​ོ ་ འདོ​ོ ད ་མི​ི ་

བསོ​ོད་ནམས་ཀྱི​ིས། དེ​ེ་ཚོ​ོ་སྙི​ིང་རྗེ​ེ་མོ​ོ་ཡོ​ོད་ངེ​ེས་རེ​ེད། སྦྲང་རྩི​ི་འཚོ​ོལ་མཁན་ཚོ​ོས་རྟག་པར་མེ​ེ་ཏོ​ོག་གི​ི་རྩི​ི་བཅུད་སོ​ོས་པ་ དེ​ེ་ཚོ​ོ་ཇི​ི་ཙམ་ཞི​ིམ་པོ​ོ་ཡོ​ོད་མེ​ེད་ཤོ​ོད་ཀྱི​ི་འདུག ཅེ​ེས་བཤད།

ངས་ཤེས ེ ་ཀྱི​ི་ཡོ​ོད། ང་ཆེ​ེན་པོ​ོ་ཆགས་དུས་སྦྲང་རྩི​ི་འཚོ​ོལ་མཁན་ཞི​ིག་བྱེ​ེད་འདོ​ོད་ཡོ​ོད། ང་རང་སྦྲང་རྩི​ི་འཚོ​ོལ་མཁན་ཡག་པོ​ོ་ ཞི​ིག་ཆགས་རྒྱུ་ཡི​ིན་པ་ཤེ​ེས་ཀྱི​ི་ཡོ​ོད། སྐབས་དེ​ེར་རྒྱབ་ནས། གསེ​ེར་སྦྲང་། བསོ​ོད་ནམས། དེ​ེར་ག་རེ​ེ་བྱེ​ེད་ཀྱི​ི་ཡོ​ོད། ཅེ​ེས་སྐད་ཤུགས་ཆེ​ེན་པོ​ོས་འབོ​ོད་བཞི​ིན་པ་ ཐོ​ོས་པ་ན། ཁོ​ོ་གཉི​ིས་འདྲོ​ོགས་ཏེ​ེ་ནག་ཉེ​ེས་ཡོ​ོད་མདོ​ོག་གི​ིས་རྒན་གསལ་སྒྲོ​ོན་གྱི​ི་ཕྱོ​ོགས་སུ་བལྟས།

སྙི​ིང་ཆུང་བའི​ི་བསོ​ོད་ནམས་ཅུང་ཞེ​ེད་ནའང་སེ​ེམས་ཐག་ཆོ​ོད་པོ​ོའི ི་སྒོ​ོ་ནས། རྒན་ལགས། ང་ཚོ​ོས་སེ​ེར་ག་འདི​ི་མཐོ​ོང་ བྱུང་བས། འདི​ི་འགེ​ེབས་བྱེ​ེད་ཁྱེ​ེད་ལ་སྤྲ་ཚི​ིལ་སློ​ོང་དགོ​ོས་བསམས་བྱུང་། ཞེ​ེས་ལབ། རྒན་ལགས་ཀྱི​ིས། བསོ​ོད་ནམས། འགྲི​ིག་གི​ི་རེ​ེད། ངས་མཛོ​ོད་ཁང་ནས་ཏོ​ོག་ཙམ་ཁྱེ​ེར་ཡོ​ོང་ཆོ​ོག ཁྱེ​ེད་གཉི​ིས་མུ་མཐུད་ ལས་ཀ་བྱེ​ེད་པར་རྒྱུགས། ཞེ​ེས་སྐུལ་མ་བཏང་། གསེ​ེར་སྦྲང་སེ​ེམས་སྐྱོ​ོ་པོ​ོའི ི་ངང་། སེ​ེར་ག་དེ​ེ་ངེ​ེས་པར་དུ་འགེ​ེབས་དགོ​ོས་སམ། ཞེ​ེས་དྲི​ིས་པར།

རྒན་ལགས་ཀྱི​ིས། གསེ​ེར་སྦྲང་། འགེ​ེབས་དགོ​ོས་ཀྱི​ི་རེ​ེད། སྦྲང་ཚང་ཞི​ིག་ལ་ཨི​ི་ཁུང་མང་པོ​ོ་ཡོ​ོད་ན་འགྲི​ིག་གི​ི་མ་རེ​ེད། དེ​ེ་ཚོ​ོ་སུས་སྲུང་གི​ི་རེ​ེད། གལ་ཏེ​ེ་ནད་སྲི​ིན་དང་། གཞན་རྟེ​ེན་སྲི​ིན་འབུའམ་སྲོ​ོག་ཆགས་གཞན་སོ​ོགས་སེ​ེར་ག་དེ​ེ་ནས་ འཛུལ་ན་ཅི​ི་ལྟར་བྱེ​ེད་དམ། ཞེ​ེས་ལབ་ནས་སྤྲ་ཚི​ིལ་ལེ​ེན་དུ་ཕྱི​ིན། གསེ​ེར་སྦྲང་གི​ིས་སེ​ེར་ག་དེ​ེ་ནས་ཕྱི​ིར་ལྟ་མཐའ་མ་དེ​ེ་བྱས་ཏེ​ེ། སྐྱོ​ོ་གདུང་ངང་ཉི​ིན་ཞི​ིག་སྤང་ལྗོ​ོངས་དེ​ེར་བསླེ​ེབ་པར་བྱ་རྒྱུ་ ཡི​ིན་སྙམ་བཞི​ིན་ལས་ཀ་བྱེ​ེད་པར་ཕྱི​ིན།

2


ཕྱི​ི་ཉི​ིན་ཞོ​ོགས་པར། གསེ​ེར་སྦྲང་སྦྲང་རྩི​ིའི​ི་མཛོ​ོད་ཁང་དུ་འགྲོ​ོ་བའི​ི་ལམ་བུར། ཕོ​ོ་སྦྲང་འགའ་ཞི​ིག་སྒྱི​ིད་ལུག་ངང་བསྡད་ ཡོ​ོད་པ་དང་འཕྲད། མོ​ོ་དུས་རྒྱུན་ཁོ​ོ་ཚོ​ོ་དང་འབྲེ​ེལ་འདྲི​ིས་ཞེ​ེ་དྲགས་མེ​ེད་སྟབས། སྣང་མེ​ེད་བཏང་སྟེ​ེ་ཐད་ཀར་མཛོ​ོད་ཁང་ ནང་ཞོ​ོགས་ཟས་ཟ་བར་ཕྱི​ིན། མོ​ོས་སྦྲང་རྩི​ི་དང་ཟེ​ེའུ་འབྲུ་ཁམ་གང་ཟ་བཞི​ིན་པའི​ི་སྐབས། དེ​ེར་སྦྲང་རྩི​ི་འཚོ​ོལ་མཁན་གཉི​ིས་སླེ​ེབས། ཁོ​ོ་གཉི​ིས་ཀྱི​ིས་ གསར་དུ་རྙེ​ེད་པའི​ི་མེ​ེ་ཏོ​ོག་ལྡུམ་ར་དང་། དྲི​ི་ཞི​ིམ་ལྡན་པའི​ི་མེ​ེ་ཏོ​ོག་སྣ་ཚོ​ོགས་ཀྱི​ིས་ཁེ​ེངས་ཡོ​ོད་པའི​ི་སྐོ​ོར་གླེ​ེང་། གསེ​ེར་སྦྲང་གི​ིས། མེ​ེ་ཏོ​ོག་ག་རེ​ེ་འདུག ཅེ​ེས་དྲི​ིས་པར།

སྦྲང་རྩི​ི་འཚོ​ོལ་མཁན་ཞི​ིག་གི​ིས། གསེ​ེར་སྦྲང་། ཁྱེ​ེད་རང་ལ་བྱུས་གཏོ​ོགས་ག་རེ​ེ་འདུག ཁྱེ​ེད་ད་ལྟ་ཆུང་ཆུང་རེ​ེད། ཁྱེ​ེད་ རང་འདི​ིར་ལྷོ​ོད་ལྷོ​ོད་ངང་ཞོ​ོགས་ཟས་ཟ་བའི​ི་སྐབས། བུང་བ་ཟ་མཁན་དང་དེ​ེ་མི​ིན་གྱི​ི་དགྲ་བོ​ོ་མེ​ེད་པར་བཟོ​ོས་ཏེ​ེ་ཉི​ིན་གང་ ལས་ཀ་བྱེ​ེད་མཁན་དེ​ེ་ང་ཚོ​ོ་རེ​ེད། ཁྱེ​ེད་ཚོ​ོ་ཕོ​ོ་སྦྲང་དེ​ེ་ཚོ​ོ་དང་ཁྱད་པར་ཅི​ི་ཡང་མི​ི་འདུག ཅེ​ེས་ཟུར་ཟ་བྱས།

གསེ​ེར་སྦྲང་གི​ིས་ལན་མ་བཏབ་གོ​ོང་རྒན་གསལ་སྒྲོ​ོན་དེ​ེར་སླེ​ེབས་པ་དང་། བུ་མོ​ོ་ཚོ​ོ། གསེ​ེར་སྦྲང་ལ་ཐུབ་ཚོ​ོད་མ་གཏོ​ོང་། གསེ​ེར་སྦྲང་ངེ​ེད་གཉི​ིས་ཁུང་བུ་གསར་པ་དེ​ེ་ཚོ​ོ་བཟོ​ོ་ལྟ་བཟོ​ོ་བར་འགྲོ​ོ། ཞེ​ེས་ལབ།

3


ཁོ་གཉིས་སྦྲང་གཡོག་འགའ་ཞིག་གིས་རང་གི་ལྟོ་བ་ནས་སྤྲ་ཚིལ་བཏོན་ཏེ་ཁུང་བུ་བཟོ་སར་སླེབས། གསེར་སྦྲང་གིས་ གཟབ་ནན་ངང་ཁུང་བུ་རྣམས་ཟུར་དྲུག་ཅན་བཟོ ་ཐབས་བྱས་ཀྱང་། རྒན་གསལ་སྒྲོན་གྱིས་མོ ་ལ་བྲེལ་བ་མང་པོ ་ བསླངས། གསེར་སྦྲང་། ཁུང་བུ་དེ་ཚོ་གཙང་མ་དང་། དཀར་པོ། ཟུར་དྲུག་ཅན་དགོས་ཀྱི་རེད། མགྱོགས་ཙམ་བྱོས། བཙུན་མོ་ མཛེས་ལྡན་མ་སྒོ་ང་གཏོང་བར་ཕེབས་ཀྱི་རེད།

གསེར་སྦྲང་གིས། བཙུན་མོས་ཉིན་ལྟར་སྒོ་ང་བརྒྱ་ཕྲག་ཁ་ཤས་གཏོང་གི་རེད། དེར་ཧ་ལས་དགོས་དོན་གང་ཡོད། ཅེས་འཁང་ར་བྱས་པར། རྒན་གསལ་སྒྲོན་གྱིས། གསེར་སྦྲང་། ད་ལན་སྔོན་མ་དང་འདྲ་ཡི་མ་རེད། ད་ཆ་བཙུན་མོ་གསར་པ་འཁྲུང་རྒྱུའི་དུས་ལ་ སླེབས་ཡོད། བཙུན་མོ་མཛེས་ལྡན་མ་སྦྲང་ཚང་འདིའི་ནང་ལོ་གཅིག་ཙམ་བསྡད་ཟིན། མི་རིང་བར་བཙུན་མོའི་གོ་གནས་ ནས་འབབ་རྒྱུ་རེད། སྦྲང་གཡོག་རྣམས་ཀྱིས་བཙུན་མོ་གསར་པ་བསྐོ་གཞག་བྱ་རྒྱུའི་ཐག་བཅད་འདུག དེར་བརྟེན་འདིར་ ལས་ཀ་ཚར་རྗེས། བཙུན་མོའི་གཟིམ་ཤག་བཟོ་བར་འགྲོ། མགྱོགས་པོ་བྱོས། ཞེས་སྨྲས།

4


གནས་ཚུལ་འདི​ི་ཐོ​ོས་པ་དང་གསེ​ེར་སྦྲང་ཧང་སང། བཙུན་མོ​ོ་མཛེ​ེས་ལྡན་མ་ནི​ི་མོ​ོས་ངོ​ོ་ཤེ​ེས་པའི​ི་བཙུན་མོ​ོ་གཅི​ིག་པུ་ དེ​ེ་ཡི​ིན། གཞན་གྱི​ིས་བཤད་ན་བཙུན་མོ​ོ་ཁོ​ོང་ལོ​ོ་ལྔ་ཡི​ིན་པ་དང་། གསེ​ེར་སྦྲང་དང་མོ​ོའི ི་སྦྲང་གཡོ​ོག་ལས་རོ​ོགས་རྣམས་ ཟླ་བ་ཁ་ཤས་མ་གཏོ​ོག ས་འཚོ​ོ་ མི​ི་ ཐུབ་ལ། བཙུན་མོ​ོ་ རྣམས་ལོ​ོ་ བདུན་ཙམ་འཚོ​ོ་ ཐུབ་པར་བཤད། སྦྲང་གཡོ​ོག ་ ཚོ​ོས ་ལོ​ོ་ ལྟར་སྦྲང་ཚང་གི​ི་ རྒྱབ་ངོ​ོས ་སུ་རྒྱ་ཆེ​ེ་ ཞི​ིང ་འབུར་དུ་ཐོ​ོན ་པའི​ི་ ཁུང་བུ་རེ​ེ་ ཟུང་བཟོ​ོ་ ཡི​ི་ ཡོ​ོད ། དེ​ེ་ རྣམས་ནི​ི་ བཙུན་མོ​ོའི་ི གཟི​ིམ་ཆུང་ཡི​ིན་པ་རེ​ེད། བཙུན་མོ​ོས་དེ​ེ་ཚོ​ོའི​ི་ནང་སྒོ​ོ་ང་གཏོ​ོང་མི​ིན་ཐག་གཅོ​ོད་ཀྱི​ི་ཡོ​ོད། གསེ​ེར་སྦྲང་ལ་ མཚོ​ོན་ན་བཙུན་མོ​ོ་འཁྲུངས་པ་ནམ་ཡང་མཐོ​ོང་མ་མྱོ​ོང་བས་དགའ་སྤྲོ​ོ་ཚད་མེ​ེད་སྐྱེ​ེས་པ་དང་བསྟུན། བཙུན་མོ​ོའི ི་གཟི​ིམ་ ཆུང་རྒྱག་ཆེ​ེད་འབད་བརྩོ​ོན་ཧུར་ཐག་བྱས།

དེ​ེ་ནས་རི​ིང་པོ​ོར་མ་འགོ​ོར་བར་དྲི​ི་མ་ཞི​ིག་ནམ་མཁའ་ཡོ​ོངས་སུ་ཁྱབ། དེ​ེ་ནི​ི་བཙུན་མོ​ོ་ཚང་མས་སྦྲང་གཡོ​ོག་རྣམས་དང་ འབྲེ​ེལ་བ་བྱེ​ེད་ཆེ​ེད་དུ་གློ​ོད་པའི​ི་རྫས་ཤི​ིག་ཡི​ིན། དེ​ེ་ལྟར་བཙུན་མོ​ོ་མཛེ​ེས་ལྡན་མ་དངོ​ོས་སུ་ཕེ​ེབས་པ་དང་། བཙུན་མོ​ོའི ི་ གཟུགས་སྟོ​ོབས་ནི​ི་ཕོ​ོ་སྦྲང་རྣམས་ལས་ཆེ​ེ་བ་ཡོ​ོད་སྟབས་གསེ​ེར་སྦྲང་ཧང་སང། བཙུན་མོ ་ མཛེ ས ་ལྡན་མ་ཟི ར ་སྒྲ་སྒྲོག་ བཞིན་ཁེངས་དྲེགས་དང་བརྗིད་ཉམས་ ལྡན་པའི་ངང་འཕུར་ཡོང་བ་དང་། ཁུང་བུ་རྣམས་ལ་ཞི བ ་ལྟ་བྱས་པ་ན། རྒན་གསལ་སྒྲོན་གྱིས། བུ་མོ་ཚོ། ཕྱི་ ལ་ཐོན་ཤོག བཙུན་མོ་གཅིག་པུ་སྡོད་དུ་ ཆུག ཅེས་ལབ།

5


སང་ཞོ​ོགས་དེ​ེར་བཙུན་མོ​ོས་སྒོ​ོ་ང་བཏང་བའི​ི་གནས་ཚུལ་ཁྱབ་སྟེ​ེ་སྦྲང་ཚང་སྟེ​ེང་ཟི​ིར་སྒྲ་ལང་ལོ​ོང་དུ་བསྒྲགས། དེ​ེའི​ི་ཚེ​ེ་ གསེ​ེར་སྦྲང་དུས་རྒྱུན་བཞི​ིན་དུ་སྦྲང་རྩི​ིའི​ི་མཛོ​ོད་ཁང་གི​ི་ལམ་བུ་བརྒྱུད་ནས་འགྲོ​ོ་སྐབས། དེ​ེ་སྔོ​ོན་ཐུག་པའི​ི་ཕོ​ོ་སྦྲང་རྣམས་ སྒྱི​ིད་ལུག་ངང་བསྡད་ཡོ​ོད་པ་དང་། ཁོ​ོ་ཚོ​ོའི​ི་ཁྲོ​ོད་ནས་ཕོ​ོ་སྦྲང་གཅི​ིག་ཐག་རི​ིང་སར་ཉོ​ོབ་སྣང་ཆེ​ེན་པོ​ོས་གཅི​ིག་པུར་བསྡད་ ཡོ​ོད་པ་མཐོ​ོང་བས། སེ​ེམས་པས་མ་བཟོ​ོད་པར་ཁོ​ོ་དང་སྐད་ཆ་བཤད་པར་ཕྱི​ིན། བཀྲ་ཤི​ིས་བདེ​ེ་ལེ​ེགས། ང་གསེ​ེར་སྦྲང་ཡི​ིན། ཁྱེ​ེད་ཀྱི​ི་མི​ིང་ལ་ག་རེ​ེ་ཟེ​ེར་གྱི​ི་ཡོ​ོད།

ཁོ​ོས་མོ​ོ་ལ་དོ​ོགས་ཟོ​ོན་ཆེ​ེན་པོ​ོས་བལྟས་ཏེ​ེ། ང་ཕོ​ོ་སྦྲང་བསྟན་པ་ཡི​ིན་ཞེ​ེས་ལན་བཏབ།

གསེ​ེར་སྦྲང་གི​ིས། མི​ིང་དེ​ེ་འདྲ་སྙན་པ་ལ་ཨང་། བྱས་ན། བསྟན་པ་ལགས། ག་རེ​ེ་གནང་སོ​ོང་། གདོ​ོང་གཤི​ིས་སྐྱོ​ོ་པོ​ོ་དེ​ེ་འདྲ་ ག་རེ​ེ་བྱས་སོ​ོང་། ཞེ​ེས་དྲི​ིས།

ཕོ་སྦྲང་བསྟན་པས་བསྐྱར་དུ་རེ་དོགས་ཀྱི་ཟུར་མིག་ཅིག་འཕངས་ཏེ། མོས་ལྷག་བསམ་རྣམ་དག་གིས་འདྲི་བཞིན་ཡོད་ མེད་ཉམས་ཚོད་བླངས། དེ་ནས་ཁོས། ཁྱེད་ཚོ་བུ་མོ་ཁ་ཤས་རང་ཤེད་ཚ་པོ་འདུག ང་ཚོ་ཕོ་སྦྲང་ཚོས་སྦྲང་རྩི་བཟོ་ཡི་ མེད་པ་ཏན་ཏན་རེད། འོན་ཀྱང་དེ་ང་ཚོའི་ལས་འགན་མ་རེད། ང་ཚོ་ཕྱི་ལ་ཟེའུ་འབྲུ་བསྡུ་བར་འགྲོ་ཆོག་གི་མེད། ང་ཚོ་ ལ་སོ་སོ་སྲུང་སྐྱོབ་བྱེད་པར་མདུང་ཡང་མེད། འོན་ཀྱང་ང་ཚོ་ཕན་ཐོགས་མེད་པ་མ་རེད། ཁྱེད་ཚོས་དེ་ལྟར་ཤོད་སྐབས་ ང་ཚོས་ག་རེ་ཚོར་མིན་ཤེས་ཀྱི་ཡོད་དམ། ང་ཚོ་བརྒྱ་ཙམ་ལས་མེད་པ་དང་། ཁྱེད་ཚོ་སྟོང་ ཕྲག་བཅུ་ལྷག་ཡོད། ཅེས་བཤད།

6


གསེ​ེར་སྦྲང་གི​ིས། ཁྱེ​ེད་ཚོ​ོ་ཕན་ཐོ​ོགས་མེ​ེད་པ་སུས་བཤད་སོ​ོང་། ཀུན་སེ​ེལ་དང་སྒྲོ​ོན་སེ​ེལ་གྱི​ིས་བཤད་སོ​ོང་ངམ། ཞེ​ེས་ དྲི​ིས་པར། ཁོ​ོ་གཉི​ིས་ཀྱི​ིས་བཤད་སོ​ོང་། ཞེ​ེས་ལབ།

གསེ​ེར་སྦྲང་གི​ིས། བསྟན་པ་ལགས། ཁོ​ོ་གཉི​ིས་ལ་ཡ་བྱེ​ེད་དགོ​ོས་ཀྱི​ི་མ་རེ​ེད། ཁོ​ོ་གཉི​ིས་ཀྱི​ིས་སྦྲང་མ་ཚང་མ་ལ་ཐུབ་ཚོ​ོད་ གཏོ​ོང་གི​ི་རེ​ེད། མཐའ་ན་ང་ཚོ​ོ་ལའང་ཐུབ་ཚོ​ོད་གཏོ​ོང་གི​ི་འདུག ཅེ​ེས་ལབ་པས། དེ​ེ་གོ​ོ་བ་དང་ཁོ​ོ་ཏོ​ོག་ཙམ་ཁོ​ོང་ཁྲོ​ོ་ཞི​ི་བར་ གྱུར། གསེ​ེར་སྦྲང་གི​ིས་ཕོ​ོ་སྦྲང་བསྟན་པའི​ི་སྤྲོ​ོ་སྣང་འཕེ​ེལ་ཆེ​ེད། ཁྱེ​ེད་ཀྱི​ི་མི​ིག་སྙི​ིང་རྗེ​ེ་བ་ལ་ཨང་། ཞེ​ེས་ལབ་པར།

ཕོ​ོ་སྦྲང་བསྟན་པའི​ི་གདོ​ོང་ལ་འཛུམ་ཞི​ིག་བསླེ​ེབས། ཁོ​ོས། ཕོ​ོ་སྦྲང་ཚང་མའི​ི་མི​ིག་ཆེ​ེན་པོ​ོ་ཡོ​ོད། ང་ཚོ​ོས་བཙུན་མོ​ོའི ི་སེ​ེམས་ འགུགས་པར་མི​ིག་ཆེ​ེན་པོ​ོ་དགོ​ོས་ཀྱི​ི་ཡོ​ོད། བཙུན་མོ​ོ་འཕུར་སྐྱོ​ོད་བྱེ​ེད་པའི​ི་ཚེ​ེ་མཐའ་འཁོ​ོར་དུ་སྦྲང་མ་ཧ་ཅང་མང་པོ​ོ་ ཡོ​ོད་པས་ང་ཚོ​ོ་ལས་སླ་པོ​ོར་མཐོ​ོང་ཐུབ་ཀྱི​ི་མེ​ེད། ཁྱེ​ེད་ཀྱི​ིས་ཤེ​ེས་གསལ་རེ​ེད། ཕོ​ོ་སྦྲང་གི​ི་ཚེ​ེ་གཅི​ིག་གི​ི་དམི​ིགས་ཡུལ་ གཙོ​ོ་བོ​ོ་ནི​ི་ས་ཁུལ་གཞན་ནས་བཙུན་མོ​ོ་འཚོ​ོལ་རྒྱུ་དེ​ེ་རེ​ེད། དེ​ེ་ལྟར་ང་ཚོ​ོས་ཤི​ིང་ནགས་འདི​ིའི​ི་ནང་གི​ི་སྦྲང་ཚང་གཞན་དུ་ རི​ིགས་རྒྱུད་སྤེ​ེལ་གྱི​ི་ཡོ​ོད། ང་ཕོ​ོ་སྦྲང་ཞི​ིག་ཡི​ིན་པར་སྤོ​ོབས་པ་ཡོ​ོད། ཅེ​ེས་ལབ། ཁོ​ོས་ཚི​ིག་རྐང་མཐའ་མ་དེ​ེ་ཚོ​ོར་ཤུ གས་དྲག་པོ​ོའི་ི ངང་བཤད་པ་ན། གསེ​ེར་སྦྲང་གི​ིས་གང་ཤོ​ོད་དགོ​ོས་མི​ིན་མ་ཤེ​ེས། དེ​ེར་བརྟེ​ེན་མོ​ོས་མཉམ་དུ་ཞོ​ོགས་ཟས་ཟ་བར་འགྲོ​ོ་ཞེ​ེས་བརྗོ​ོད་པས་ཁོ​ོས་དགའ་ཚོ​ོར་ཆེ​ེན་པོ​ོས་དང་ལེ​ེན་བྱས།

7


གསེ​ེར ་སྦྲང་གི​ིས ་བཟོ​ོས ་པའི​ི་ ཁུང་བུའི​ི་ ནང་སྒོ​ོ་ ང་བཏང་ནས་ཉི​ིན ་བཞི​ི་ འདས་ཟི​ིན། ད་ཆ་སྒོ​ོ་ང་ཆ་ཚང་སྨི​ིན་ཡོ​ོད་པ་དང་། ནར་མ་སོ​ོན་པའི​ི་སྦྲང་ མ་རྣམས་ཕྱི​ིར་ཐོ​ོན་ཡོ​ོད། དེ​ེ་དག་ལ་ལྭར་འབུ་ཟེ​ེར་ཞི​ིང་། ཁོ​ོ་ཚོ​ོར་སྦྲང་ གཡོ​ོག་རྣམས་ཀྱི​ིས་ཁ་ཟས་སྤྲོ​ོད་ཀྱི​ི་ཡོ​ོད། སྦྲང་གཡོ​ོག་འགའ་ཞི​ིག་གི​ིས་དེ​ེ་ དག་ལ་སྦྲང་བཅུད་སྤྲོ​ོད་བཞི​ིན་པ་གསེ​ེར་སྦྲང་གི​ིས་མཐོ​ོང་། སྦྲང་བཅུད་ནི​ི་ སྦྲང་གཡོ​ོག་གི​ི་ཁ་ནས་ཐོ​ོན་པའི​ི་ལྭར་འབུ་རྣམས་ལ་སྤྲོ​ོད་རྒྱུའི​ི་རྫས་དཀར་ པོ​ོ་འབྱར་བག་ཅན་ཞི​ིག་ཡི​ིན།

དེ​ེ་ནས་ཉི​ིན་ཤས་རྗེ​ེས་གསེ​ེར་སྦྲང་རྒན་གསལ་སྒྲོ​ོན་ལགས་ཀྱི​ི་སར་སྐད་ཆ་ཤོ​ོད་པར་འགྲོ​ོ་སྐབས། རྒན་ལགས་ཀྱི​ིས་ འཚར་ལོ​ོངས་བྱེ​ེད་བཞི​ིན་པའི​ི་སྦྲང་མ་རྣམས་ལ་ཟས་སྤྲོ​ོད་བཞི​ིན་པ་མཐོ​ོང་། ད་ཆ་སྦྲང་གཡོ​ོག་ཚོ​ོས་སྦྲང་མ་རྣམས་ལ་ སྦྲང་བཅུད་ཀྱི​ི་ཚབ་ཏུ་སྦྲང་རྩི​ི་དང་ཟེ​ེའུ་འབྲུ་སྤྲོ​ོད་ཀྱི​ི་ཡོ​ོད། གསེ​ེར་སྦྲང་གི​ིས་སྦྲང་གཡོ​ོག་ཚོ​ོས་བཟོ​ོ་བཞི​ིན་པའི​ི་ཁུང་བུ་དེ​ེ་དག་ལ་བལྟས་ཏེ​ེ། ཁྱེ​ེད་ཀྱི​ིས་ནར་སོ​ོན་བཞི​ིན་པའི​ི་བཙུན་མོ​ོ་ ལའང་སྦྲང་རྩི​ི་དང་ཟེ​ེའུ་འབྲུ་སྤྲོ​ོད་ཀྱི​ི་ཡོ​ོད་དམ། ཞེ​ེས་དྲི​ིས་པས། རྒན་གསལ་སྒྲོ​ོན་གྱི​ིས་འཛུམ་ཞི​ིག་བསྟན་ནས། ག་བ། ག་བ། བཙུན་མོ​ོ་ལ་སྦྲང་རྩི​ི་དང་ཟེ​ེའུ་འབྲུ་ནམ་ཡང་སྤྲོ​ོད་མི​ི་ཉན། དེ​ེ་ཚོ​ོ་ཕོ​ོ་སྦྲང་དང་སྦྲང་གཡོ​ོག་གཞོ​ོན་ནུ་རྣམས་ཀྱི​ི་ཆེ​ེད་དུ་རེ​ེད། བཙུན་མོ​ོ་ལ་སྦྲང་བཅུད་ཁོ​ོ་ན་སྤྲོ​ོད་ཀྱི​ི་ཡོ​ོད། ཅེ​ེས་ལབ། གསེ​ེར་སྦྲང་བཙུན་མོ​ོའི ི་ཁུང་བུ་ཞི​ིག་གི​ི་འཁྲི​ིས་ལ་ཕྱི​ིན། དེ​ེ་ནི​ི་གཞན་ལས་རྒྱ་ཆེ​ེ་ཞི​ིང་སྦྲང་བཅུད་དཀར་པོ​ོས་བཀང་ཡོ​ོད་པ་ དང་། དངོ​ོས་པོ​ོ་དཀར་པོ​ོ་ཞི​ིག་གི​ིས་ཁ་བཀབ་ཡོ​ོད།

རྒན་གསལ་སྒྲོ​ོན་གྱི​ིས། ཁུང་བུ་དེ​ེ་ཁ་བཀབ་ནས་ཉི​ིན་དགུ་ཕྱི​ིན་པ་རེ​ེད། ཁྱེ​ེད་ཀྱི​ིས་བཙུན་མོ​ོའི ི་ཁུང་བུའི​ི་སྟེ​ེང་དྲ་བ་དཀར་པོ​ོ་ དེ​ེ་མཐོ​ོང་གི​ི་འདུག་གམ། དེ​ེ་ཁ་སང་ང་ཚོ​ོས་བཀབ་པ་ཡི​ིན། དེ​ེ་རི​ིང་ང་ཚོ​ོས་ལྭར་འབུ་གཞན་དེ​ེ་ཚོ​ོའི​ི་ཁུང་བུའི​ི་ཁ་འགེ​ེབས་ རྒྱུ་ཡི​ིན། དེ​ེ་ནས་སྐོ​ོགས་ཐུམ་བཟོ​ོས་ཏེ​ེ་ཚང་འབུར་འགྱུར་བ་དང་། ཉི​ིན་བརྒྱད་ནང་བཙུན་མོ​ོ་ཆུང་ཆུང་དེ​ེ་ཕྱི​ིར་ཐོ​ོན་ཡོ​ོང་། སྦྲང་གཡོ​ོག་དེ​ེ་ཚོ​ོ་ཕྱི​ིར་ཐོ​ོན་པར་ད་དུང་ཉི​ིན་ཁ་ཤས་འགོ​ོར་གྱི​ི་རེ​ེད། མཐའ་མར་ཕོ​ོ་སྦྲང་དེ​ེ་ཚོ​ོ་ཐོ​ོན་གྱི​ི་རེ​ེད།

8


བདུན་ཕྲག་གཅི​ིག་གི​ི་རྗེ​ེས་ལ། གསེ​ེར་སྦྲང་དང་བསོ​ོད་ནམས་གཉི​ིས་ལ་ཟེ​ེའུ་འབྲུ་བསྡུ་ལེ​ེན་དང་སྦྲང་རྩི​ི་གསོ​ོག་ཉར་བྱ་རྒྱུའི​ི་ ལས་འགན་སྤྲད། གསེ​ེར་སྦྲང་ལ་འགན་འདི​ི་སྤྲད་པས་དགའ་ཐག་ཆོ​ོད། གང་ཡི​ིན་ཞེ​ེ་ན། མོ​ོ་ཉི​ིན་གང་ཉི​ི་མའི​ི་ནང་ཤི​ིང་སྡོ​ོང་ གི​ི་ཡལ་གའི​ི་སྟེ​ེང་སྡོ​ོད་རྒྱུ་འབྱུང་གི​ི་ཡོ​ོད། ཡལ་ག་དེ​ེ་ནི​ི་སྦྲང་གཡོ​ོག་ཚོ​ོས་ཟེ​ེའུ་འབྲུ་མང་པོ​ོ་བསྡུས་ཏེ​ེ་མར་འབབ་ས་དེ​ེ་ཡི​ིན།

དེ་རིང་སྦྲང་ཚང་དུ་སྔར་དང་མི་འདྲ་བའི་དགའ་སྐྱོ་འདྲེས་མའི་ཚོར་བ་ཅིག་ཅར་དུ་བྱུང་། སྦྲང་མ་ཚང་མས་བཙུན་མོ་ གསར་པ་འཁྲུང་བར་ངང་སྒུག་བྱེད་བཞིན་ཡོད་པ་དང་། དུས་མཚུངས་ཁོ་ཚོས་བཙུན་མོ་མཛེས་ལྡན་མ་དང་སྦྲང་གཡོག་ ཁ་ཤས་ཚང་གསར་པར་སྤོ་བར་ཕེབས་སྐྱེལ་ཞུ་བཞིན་ཡོད། ལོ་ལྟར་བཙུན་ མོ་དང་སྦྲང་གཡོག་མི་ཉུང་བ་ཞིག་སྦྲང་ཚང་གསར་པ་བཟོ་བར་ཐོན་གྱི་ ཡོད། གསེར་སྦྲང་གིས་རང་གི་ལས་རོགས་རྣམས་ལ་ཕེབས་སྐྱེལ་ཞུས་པ་ དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུས། གསེ​ེར་སྦྲང་ཤི​ིང་སྡོ​ོང་གི​ི་ཡལ་ག་དེ​ེ་ནས་ལོ​ོག་ཡོ​ོང་སྐབས། སྦྲང་མ་རྒན་

གཞོ​ོན་དང་། སྦྲང་གཡོ​ོག ཕོ​ོ་སྦྲང་སྟོ​ོང་ཕྲག་མང་པོ​ོ་བཙུན་མོ​ོ་གསར་བསྐོ​ོའི ི་ དུས་སྟོ​ོན་ཆེ​ེད་འདུ་འཛོ​ོམས་གནང་། སྦྲང་གཡོ​ོག་རྒན་པ་ཁ་ཤས་བཙུན་ མོ​ོ་དང་མཉམ་དུ་བསླེ​ེབས་པ་ན། སྦྲང་ཚང་སྟེ​ེང་དགའ་བསུའི​ི་ཟི​ིར་ སྒྲ་དར་དི​ིར་དུ་གྲགས། བཙུན་མོ​ོ་གསར་པའི​ི་ མཚན་ལ་དབྱངས་འཛོ​ོམས་ཞེ​ེས་གསོ​ོལ།

9


དེ​ེ་ནས་ཉི​ིན་ཤ ས་རི​ིང་གསེ​ེར་སྦྲང་འཕུར་རྩལ་སྦྱོ​ོང་བར་བྲེ​ེལ། མོ​ོ་ད་དུང་སྦྲང་རྩི​ི་འཚོ​ོལ་མཁན་ཆགས་མེ​ེད་ནའང་སྒོ​ོ་སྲུང་ གི​ི་གོ​ོ་གནས་ལ་སྤར། མོ​ོའི ི་ལས་འགན་ནི​ི་སྦྲང་ཚང་གི​ི་སྦྲང་གཡོ​ོག་རྣམས་ངོ​ོས་འཛི​ིན་རྒྱུ་དང་། ཕྱི​ི་ནས་སྦྲང་མ་གཞན་དང་ སྲོ​ོག་ཆགས་རྣམས་འགོ​ོག་རྒྱུ་དེ​ེ་ཡི​ིན།

ཉི​ི་མ་སེ​ེར་ལྷམ་མེ​ེར་ཤར་བའི​ི་སྔ་དྲོ​ོ་ཞི​ིག་ལ། གསེ​ེར་སྦྲང་སྒོ​ོ་སྲུང་བྱེ​ེད་བཞི​ིན་པའི​ི་སྐབས། མོ​ོས་ཕོ​ོ་སྦྲང་མང་པོ​ོ་ཞི​ིག་ སྦྲང་ཚང་ནས་འཐོ​ོན་རྒྱུར་གྲ་སྒྲི​ིག་བྱེ​ེད་བཞི​ིན་པ་མཐོ​ོང་། ཁོ​ོ་ཚོ​ོའི​ི་ཁྲོ​ོད་དུ་མོ​ོའི ི་གྲོ​ོགས་པོ​ོ་བསྟན་པ་ཡང་ཡོ​ོད་པས། དེ​ེ་མུར་ ཁོ​ོ་ལ་ཐུག་པར་ཕྱི​ིན། ཕོ​ོ་སྦྲང་བསྟན་པས་གསེ​ེར་སྦྲང་མཐོ​ོང་བ་དང་འཛུམ་ཞི​ིག་བསྟན་ནས། གཅུང་མོ​ོ། ག་ལེ​ེར་བཞུགས་ཨ། ད་དུས་ཚོ​ོད་དེ​ེ་ བསླེ​ེབས་སོ​ོང་། ཞེ​ེས་ལབ།

གསེ​ེར་སྦྲང་གི​ིས་ཁོ​ོ་ཕོ​ོ་སྦྲང་འདུ་འཛོ​ོམས་བྱེ​ེད་སར་ཕྱི​ིན་ནས་བཙུན་མོ​ོ་དང་ཐུག་རྗེ​ེས་རང་སྲོ​ོག་ཤོ​ོར་རྒྱུ་ཡི​ིན་པ་རྟོ​ོགས། དེ​ེ་སེ​ེམས་ལ་འཁོ​ོར་བ་ན་མོ​ོའི ི་མི​ིག་ནས་མཆི​ི་མ་རང་དབང་མེ​ེད་པར་ལྷུང་། གྲོགས་གཅེས། མ་ངུ་རོགས། ངས་དེ་སྔོན་བཤད་པ་ལྟར། ཕོ་སྦྲང་ཞིག་ཡིན་པའི་ཆ་ནས་ངའི་ཚེ་འདིའི་དམིགས་ ཡུལ་དེ་ག་རང་རེད། ང་ཁྱེད་རང་གི་སྔོན་ལ་འཆི་རྒྱུ་ ཡིན་པ་ཁྱེད་ཀྱིས་ཤེས་གསལ་རེད། ཕོ་སྦྲང་རྣམས་ ཉིན་གྲངས་ལྔ་བཅུ་ལས་འཚོ་གནས་ཐུབ་ཀྱི་མེད། ཁྱེད་ལ་ད་དུང་ཟླ་བ་མང་པོ་ལྷག་ཡོད་པས། ཚེ་ འདི འི ་ བསམ་དོ ན ་འགྲུབ་པ་དང་། སྦྲང་ཚང་ འདི འི ་ སྦྲང་རྩི་འཚོ ལ ་མཁན་ཡག་ཤོ ས ་དེ ་ ཆགས་པར་ཤོག གསེར་སྦྲང་གིས་ཁོ་ལ་འཐམས་པ་ དང་། སེམས་ལྗིད་ཏིག་ཏིག་ངང་ཁོ་ དང་ཁ་གྱེས།

10


གསེ​ེར ་སྦྲང་ལ་ཆ་མཚོ​ོན ་ན་རང་གི​ི་ གྲོ​ོག ས་པོ​ོ་ དང་ཁ་གྱེ​ེས ་པ་དེ​ེ་ ཐེ​ེངས་དང་པོ​ོ་མི​ིན། དུས་རྒྱུན་དུ་སྦྲང་ཚང་སྟེ​ེང་བྱ་དང་། གོ​ོག་འགྲོ​ོ་ སེ​ེམས་ཅན། རི​ི་བོ​ོང་། ཙི​ི་ཙི​ི། དེ​ེ་བཞི​ིན་སེ​ེམས་ཅན་ཆུང་བའི​ི་རི​ིགས་ སོ​ོགས་ཀྱི​ི་ཉེ​ེན་ཁ་ཡང་ཡང་འཕྲད་ཀྱི​ི་ཡོ​ོད།

ཐེ​ེང ས་ཤི​ིག མི​ི་ ཞི​ིག ་གི​ིས ་སྦྲང་རྩི​ིའི​ི་ ཆེ​ེད ་དུ་སྦྲང་ཚང་ལ་གནོ​ོད ་ བསྐྱལ་བ་ན། སྦྲང་མའི​ི་སྒོ​ོ་སྲུང་བ་ཚོ​ོས་མི​ི་དེ​ེར་མདུང་བཙུགས་ཏེ​ེ་ བསྐྲད། སྦྲང་མའི​ི་མདུང་ནི​ི་ལྕགས་ཀྱུ་བཞི​ིན་དུ་ཡོ​ོད་པས། ནུ་གསོ​ོ་ སེ​ེམས་ཅན་ལྟ་བུ་པགས་པ་མཐུག་པོ​ོའི ི་སེ​ེམས་ཅན་རྣམས་ལ་མདུང་ འཛུགས་སྐབས་འཁར་གྱི​ི་ཡོ​ོད། བརྒྱུད་རི​ིམ་དེ​ེའི​ི་ཁྲོ​ོད་སྦྲང་མའི​ི་ནང་ ཁྲོ​ོལ་ཕྱི​ི་ལ་ཐོ​ོན་ནས་དེ​ེ་མུར་འཆི​ི་ཡི​ི་ཡོ​ོད། རྐྱེ​ེན་ངན་དེ​ེ་འདྲའི​ི་ སྐབས་གསེ​ེར་སྦྲང་སེ​ེམས་ཧ་ཅང་སྐྱོ​ོ་ནའང་། སྦྲང་ཚང་ ལ་སྐྱོ​ོན་མེ​ེད་པ་མཐོ​ོང་དུས་དགའ་བའང་སྐྱེ​ེས།

སྦྲང་མས་སྦྲང་ཚང་སྲུང་སྐྱོ​ོབ་ཆེ​ེད་རང་ཉི​ིད་ཀྱི​ི་ སྲོ​ོག་ཀྱང་བློ​ོས་གཏོ​ོང་བྱེ​ེད་ཀྱི​ི་ཡོ​ོད། ཡང་ན། སྦྲང་མ་བསྟན་པས་བཤད་པ་ལྟར། ཁོ​ོ་ཚོ​ོའི​ི་ ཚེ​ེ་གཅི​ིག་གི​ི་དམི​ིགས་ཡུལ་དེ​ེ་གྲུབ་པ་རེ​ེད།

11


གསེ​ེར་སྦྲང་བདུན་ཕྲག་དྲུག་ལ་སོ​ོན་སྐབས། མོ​ོས་ཟེ​ེའུ་འབྲུ་འཚོ​ོལ་སྡུད་ཆེ​ེད་གནམ་ལ་འཕུར་རྒྱུའི​ི་དུས་དེ​ེ་ཤར། དེ​ེ་ཉི​ིན་ གསེ​ེར་སྦྲང་དང་སྦྲང་མ་གཞོ​ོན་ནུ་ཁ་ཤ ས་གནམ་ལ་འཕུར་རྒྱུའི​ི་ཆེ​ེད་དུ་འཛོ​ོམས། ཁོ​ོ་ཚོ​ོའི​ི་ཁྲོ​ོད་དུ་སྦྲང་མ་རྒན་པ་སྒྲོ​ོལ་མ་ ཡང་མཉམ་དུ་ཡོ​ོད་པས་མོ​ོས་བཀོ​ོད་བྱུས་བཏང་། བུ་མོ​ོ་ཚོ​ོ། ཚང་མ་རུབ་རུབ་བྱས་ནས་སྡོ​ོད་རྒྱུ་མ་བརྗེ​ེད་པ་བྱོ​ོས། ང་ཚོ​ོ་ག་བར་འགྲོ​ོ་དགོ​ོས་མི​ིན་བརྡ་གཏོ​ོང་གི​ི་རེ​ེད། ག་ས་ ག་ལ་མ་འགྲོ​ོ་ཨ།

གནམ་ལ་འཕུར་སྐྱོ​ོད་བྱ་རྒྱུ་ནི​ི་གསེ​ེར་སྦྲང་གི​ི་སེ​ེམས་ནང་གི​ི་རྨི​ི་ལམ་དེ​ེ་ཡི​ིན། དེ​ེ་དུས་དབྱར་དུས་འགོ​ོ་ཚུགས་ཙམ་ཡི​ིན་པ་ དང་། མེ​ེ་ཏོ​ོག་རྣམས་རྣམ་པར་བཞད་ཡོ​ོད། མོ​ོས་རང་གི​ི་འོ​ོག་ཏུ་ཚོ​ོས་གཞི​ི་སྣ་ཚོ​ོགས་ལྡན་པའི​ི་མེ​ེ་ཏོ​ོག་འདྲ་མི​ིན་མང་པོ​ོ་ མཐོ​ོང་། ད་ཆ་མོ​ོས་དྲི​ི་ཞི​ིམ་པོ​ོ་དང་དྲི​ི་ངར་ལྡན་པའི​ི་མེ​ེ་ཏོ​ོག་རྣམས་ཡང་ཡང་འཐུལ་རྒྱུ་རག་གི​ི་ཡོ​ོད། མོ​ོས་མཐའ་འཁོ​ོར་ དུ་མེ​ེ་ཏོ​ོག་ལི​ི་ཁྲི​ིའི​ི་མདོ​ོག་ཅན་གྱི​ི་ཤི​ིང་སྡོ​ོང་རི​ིང་པོ​ོ་དེ​ེ་དང་། མེ​ེ་ཏོ​ོག་གསེ​ེར་མདོ​ོག་ཅན་གྱི​ི་རྩྭ་ལྡུམ། དེ​ེ་བཞི​ིན་མེ​ེ་ཏོ​ོག་མུ་མེ​ེན་ མདོ​ོག་ཅན་གྱི​ི་འཁྲི​ི་ཤི​ིང་སོ​ོགས་ཤི​ིང་སྡོ​ོང་སྣ་ཚོ​ོགས་པ་མཐོ​ོང་བས་ཧང་སང།

12


དེ​ེ་ལྟར་སྦྲང་གཡོ​ོག་རྒན་པས་ལམ་སྟོ​ོན་བྱེ​ེད་ཀྱི​ིན་མོ​ོ་ཇ་མུན་ དང་། ཨམྲ་སོ​ོགས་ཤི​ིང་སྡོ​ོང་དང་རྩི​ི་ཤི​ིང་མང་པོ​ོ་བརྒྱུད་ནས་ འཕུར། མཐར་མོ​ོ་མུ་མེ​ེན་མདོ​ོག་ཅན་གྱི​ི་མེ​ེ་ཏོ​ོག་ཅི​ིག་གི​ི་སྟེ​ེང་ལ་ བབས་ནས་རྩི​ི་བཅུད་ཀྱི​ི་བྲོ​ོ་བ་ཐོ​ོག་མ་དེ​ེ་མྱངས། དྲི​ི་ཞི​ིམ་ལ་རོ​ོ་ མངར་བའི​ི་རྩི​ི་བཅུད་དེ​ེ་འཐུང་བ་དང་མོ​ོ་ལ་ཤེདེ ་ཤུགས་འཕར་མ་ ཞི​ིག་སྦྱི​ིན་པ་ན། མོ​ོས་འཐུང་མཚམས་འཇོ​ོག་མ་འདོ​ོད་པར་མུ་ མཐུད་ནས་འཐུང་།

ཆེ​ེ ས ་མཐའ་མར་སྦྲང་རྩི​ི ་ འཚོ​ོལ ་མཁན་ཞི​ི ག ་ཏུ་གྱུར་པའི​ི ་ གསེ​ེར་སྦྲང་རང་གི​ི་ཚང་དུ་ལོ​ོག

13


ཉི​ིན་ཤ ས་རི​ིང་སྐྱི​ིད་པོ​ོའི ི་ངང་སྦྲང་རྩི​ི་བཙལ་བའི​ི་རྗེ​ེས། གསེ​ེར་སྦྲང་དང་ བསོ​ོད ་ནམས་གཉི​ིས ་ཞབས་བྲོ​ོའི་ི འཛི​ི ན ་གྲྭ་ནང་འཛུལ་ཞུགས་བྱེ​ེད ་ དགོ​ོས་པར་མངགས། དེ​ེར་ཞབས་བྲོ​ོའི ི་རྒན་སྒྲོ​ོལ་མ་ལགས་དང་རྒན་བུ་ འཁྲི​ིད་མཉམ་དུ་ཡོ​ོད།

རྒན་སྒྲོ​ོལ་མས། ཚང་མས་ལྟོ​ོས་དང་། ད་ཆ་ཁྱེ​ེད་ཚོ​ོ་ཚང་མས་སྦྲང་ རྩི​ི་བཙལ་ནས་ཡུན་རི​ིང་ཙམ་ཕྱི​ིན་པ་རེ​ེད། ད་བར་སྦྲང་མ་རྒན་པས་ ས་ཆ་གང་བསྟན་པ་དེ​ེར་ཕྱི​ིན་པ་རེ​ེད། འོ​ོན་ཀྱང་། ད་ནས་བཟུང་ཁྱེ​ེད་ ཚོ​ོ་རང་ངོ​ོས་ནས་ས་ཆ་གསར་པ་འཚོ​ོལ་དགོ​ོས་ཀྱི​ི་རེ​ེད། གལ་ཏེ​ེ་ས་ཆ་ གསར་པ་ཞི​ིག་རྙེ​ེད་ན་གཞན་གྱི​ིས་ཤེ​ེས་ཐུབ་པ་བྱེ​ེད་དགོ​ོས། དེ​ེ་དུས་ སྦྲང་མའི​ི་ཞབས་བྲོ​ོ་དེ​ེ་བེ​ེད་སྤྱོ​ོད་ཡོ​ོང་གི​ི་རེ​ེད། ཅེ​ེས་བཤད། སྦྲང་མ་ཚང་མས་མོ​ོ་ལ་དོ​ོ་དབྱི​ིངས་ཆེ​ེན་པོ​ོའི ི་ངང་ཉན།

བྱས་ན། ཞབས་བྲོ​ོ་ལ་སྒོ​ོར་གཞས་ཞབས་བྲོ​ོ་དང་། སྒུལ་གཡུག་ཞབས་བྲོ​ོ་ ཞེ​ེས་གཉི​ིས་ཡོ​ོད། སྒོ​ོར་གཞས་ཞབས་བྲོ​ོས་ཟས་འཚོ​ོལ་ས་དེ​ེ་འགྲམ་དུ་ཡོ​ོད་པ་སྟོ​ོན་གྱི​ི་ཡོ​ོད། བུ་འཁྲི​ིད་ལགས། ཁོ​ོ་ཚོ​ོར་ སྒོ​ོར་གཞས་ཞབས་བྲོ​ོ་ག་འདྲ་འཁྲབ་དགོ​ོས་མི​ིན་སྟོ​ོན་དང་། ཞེ​ེས་ལབ་པ་ན། བུ་འཁྲི​ིད་ཀྱི​ིས་ཉམས་དང་བཅས་སྒོ​ོར་གཞས་ ཞབས་བྲོ​ོ་འཁྲབ་པ་དང་། སྦྲང་མ་གཞན་རྣམས་ཀྱི​ིས་ཀྱང་ལད་ཟློ​ོས་བྱས། རྒན་སྒྲོ​ོལ་མས། ཡག་པོ​ོ་འཁྲབ་སོ​ོང་། མུ་མཐུད་ནས་འཁྲབ་ཤོ​ོག གཤོ​ོག་པ་ཕར་ཚུར་གཡུགས། གཟུགས་པོ​ོ་མར་ གུག་ཙམ་བྱས་ནས་འཁྲབ་ན་སྒོ​ོར་སྒོ​ོར་ཏག་ཏག་ཆགས་ཀྱི​ི་རེ​ེད། བསོ​ོད་ནམས། ཡག་པོ​ོ་འཁྲབ་སོ​ོང་། ཞེ​ེས་སྐད་བརྒྱབ་ ནས་བསླབས། ཁོ​ོ་ཚོ​ོས་སྦྱོ​ོང་བརྡར་ཐེ​ེངས་ཁ་ཤ ས་བྱས་རྗེ​ེས། ཟས་འཚོ​ོལ་ས་ཐག་རི​ིང་དུ་ཡོ​ོད་པ་སྟོ​ོན་བྱེ​ེད་ཀྱི​ི་སྒུལ་གཡུག་ཞབས་བྲོ​ོ་དེ​ེ་ སྦྱོ​ོང་ཐབས་བྱས། ཞབས་བྲོ​ོ་དེ​ེ་ནི​ི་དེ​ེ་བས་ཁག་པ་ཡོ​ོད། གང་ཡི​ིན་ཞེ​ེ་ན། ཁོ​ོ་ཚོ​ོས་ཨང་གྲངས་བརྒྱད་པའི​ི་དབྱི​ིབས་བཟོ​ོ་ དགོ​ོས་ཀྱི​ི་ཡོ​ོད། གསེ​ེར་སྦྲང་གི​ིས་བུ་འཁྲི​ིད་བཞི​ིན་དུ་མཉེ​ེན་ཆ་དང་ནོ​ོར་འཁྲུལ་མེ​ེད་པར་འཁྲབ་ཐུབ་རྒྱུར་སྦྱོ​ོ​ོང་བརྡར་ མང་པོ​ོ་བྱེ​ེད་དགོ​ོས་པ་ཤེ​ེས། གང་ལྟར་མོ​ོས་འབད་བརྩོ​ོན་མུ་མཐུད་ནས་བྱས།

14


དབྱར་ཁ་ཚ་བ་ཆེ​ེ་བའི​ི་དུས་དེ​ེ་ཤར་བ་དང་། ལྷག་པར་དུ་ཚ་བ་ཧ་ཅང་ཆེ​ེ་བའི​ི་ཉི​ིན་སྦྲང་ཚང་ཧ་ཅང་ཚ་པོ​ོ་ཆགས་ཀྱི​ི་ ཡོ​ོད ་སྟབས། སྦྲང་རྩི​ི་ འཚོ​ོལ ་མཁན་ཚོ​ོས་སྦྲང་ཚང་སྟེ​ེང་ཆུ་གཏོ​ོར ་དགོ​ོས ་ཀྱི​ི་ཡོ​ོད ། དེ​ེ་བཞི​ིན ་སྒོ​ོ་སྲུང་བ་ཚོ​ོས་ཀྱང་ ཁུང་བུའི​ི་མདུན་དུ་གཤོ​ོག་པ་བརྡབས་ནས་རླུང་གཡབ་རྒྱག་དགོ​ོས་ཀྱི​ི་ཡོ​ོད། དེ​ེ་ལྟར་ཉི​ིན་མང་པོ​ོ་འདས་པ་དང་གསེ​ེར་སྦྲང་སྦྲང་རྩི​ི་འཚོ​ོལ་རྒྱུར་བྱང་ཆུབ་པར་གྱུར། མོ​ོས་སྦྲང་རྩི​ིའི​ི་ཐོ​ོན་ཁུངས་ཡག་ས་ གང་དུ་ཡོ​ོད་མེ​ེད་ཤེ​ེས་པ་དང་། མེ​ེ་ཏོ​ོག་གང་ཞི​ིག་ལས་རྩི​ི་བཅུད་མང་བ་ཐོ​ོབ་པ་དང་རོ​ོ་མངར་བ་ཡོ​ོད་མེ​ེད་ཀྱང་ཤེ​ེས། མོ​ོས་ ད་དུང་ཤི​ིང་ནགས་ཀྱི​ི་ཕྱོ​ོགས་གང་དུ་ཉེ​ེན་ཚབས་ཆུང་བ་ཡོ​ོད་པ་དང་། གལ་ཏེ​ེ་ཉེ​ེན་ཁ་ཡོ​ོད་སར་སླེ​ེབས་སྐབས་མོ​ོས་ སྦྲང་གཟན་བྱི​ིའུ་ཙམ་མི​ིན་པར། རྩངས་པ་ཁ་རལ་དང་། སྦལ་པ། མེ​ེ་ཏོ​ོག་སྟེ​ེང་གི​ི་སྡོ​ོམ་སོ​ོགས་ལས་ཇི​ི་ལྟར་གཡོ​ོལ་ཐབས་ བྱེ​ེད་དགོ​ོས་མི​ིན་ཡང་ཤེ​ེས། མོ​ོ་རི​ིམ་བཞི​ིན་སྟོ​ོབས་དང་། བློ​ོ་ཁོ​ོག་ཆེ​ེན་པོ​ོ་ཆགས་ཏེ​ེ་ དུས་རྒྱུན་གྱི​ི་ཟས་འཚོ​ོལ་སའི​ི་ས་ཆ་བརྒལ་ནས་འགྲོ​ོ་བ་སོ​ོགས་བྱས། དེ​ེར་ བརྟེ​ེན་མོ​ོ་སྦྲང་ཚང་དེ​ེའི​ི་རྩི​ི་བཅུད་འཚོ​ོལ་མཁན་བློ​ོ་ཁོ​ོག་ཆེ​ེ་ཤོ​ོས་དང་། ཡ་ ཡུད་ཚ་ཤོ​ོས་ཤི​ིག་ལ་ངོ​ོས་འཛི​ིན་བྱས།

15


དུས་ཚོ​ོད་རི​ིམ་བཞི​ིན་འདས་པ་དང་བསྟུན་བཙུན་མོ​ོ་གསར་པས་སྦྲང་ཚང་སྟེ​ེང་རྒྱལ་སྲི​ིད་སྐྱོ​ོང་སྟངས་ཤེས ེ ། རང་གི​ི་ལོ​ོ་དང་ ཉམས་མྱོ​ོང་ལ་དཔག་པའི​ི་མོ​ོས་ལས་འགན་དེ​ེ་གང་ལེ​ེགས་བསྒྲུབས། ཉི​ིན་གཅི​ིག་བཙུན་མོ​ོས་གསེ​ེར་སྦྲང་བཀའ་འགུགས་གནང་བ་ན། གསེ​ེར་སྦྲང་གི​ིས་ལས་དོ​ོན་གང་ཡོ​ོད་ན་སྙམ། བཙུན་མོ​ོས་ ད་བར་མོ​ོ་ནམ་ཡང་སྐད་གཏོ​ོང་མྱོ​ོང་མེ​ེད། སྔར་རྒྱུན་བཞི​ིན་བཙུན་མོ​ོ་གཞན་ལྟར་བཙུན་མོ​ོ་དབྱངས་འཛོ​ོམས་ཀྱི​ིས་ཀྱང་ རྫས་ལུད་གློ​ོད་ནས་སྦྲང་གཡོ​ོག་ཚོ​ོར་བཀའ་གཏོ​ོང་གི​ི་ཡོ​ོད།

གསེ​ེར་སྦྲང་གི​ིས་ད་བར་བཙུན་མོ​ོ་དབྱངས་འཛོ​ོམས་ཐག་ཉེ​ེ་པོ​ོ་དེ​ེ་ཙམ་ནས་མཐོ​ོང་མ་མྱོ​ོང་། མོ​ོ་ནི​ི་གཟི​ི་བརྗི​ིད་ཆེ​ེ་ལ་ སྙི​ིང་རྗེ​ེ་མོ​ོ་ཡོ​ོད། བཙུན་མོ​ོ་མཛེ​ེས་ལྡན་མ་ལྟར་གཟུགས་བོ​ོངས་མི​ི་ཆེ​ེ་ནའང་བཙུན་མོ​ོའི ི་ཉམས་དང་ལྡན། མོ​ོའི ི་མཐའ་འཁོ​ོར་ དུ་ཞབས་ཞུ་མ་ཁ་ཤས་འཕུར་ལྡི​ིང་བྱེ​ེད་ཀྱི​ིན་རྒྱན་ཆ་འདོ​ོགས་བཞི​ིན་ཡོ​ོད། གསེ​ེར་སྦྲང་གི​ིས། བཙུན་མོ​ོ་རི​ིན་པོ​ོ་ཆེ​ེ། ཁྱེ​ེད་ཀྱི​ིས་ང་བོ​ོས་པ་ཡི​ིན་ནམ། ཞེ​ེས་དྲི​ིས་པར།

བཙུན་མོ​ོས། གསེ​ེར་སྦྲང་། ཡི​ིན། ཁྱེ​ེད་དང་དོ​ོན་དག་གལ་ཆེ​ེན་པོ​ོ་ཞི​ིག་གི​ི་ཐོ​ོག་གྲོ​ོས་བསྡུར་བྱེ​ེད་དགོ​ོས། ཁྱེ​ེད་རང་ས་ཐག་ རི​ིང་པོ​ོར་འགྲོ​ོ་མྱོ​ོང་བས། རུ་ཁག་གཅི​ིག་འཁྲི​ིད་ནས་སྦྲང་ཚང་གསར་པ་བཟོ​ོ་ས་ཞི​ིག་འཚོ​ོལ་ཤོ​ོག ཅེ​ེས་བཀའ་བཏང་།

16


གསེ​ེར་སྦྲང་གི​ིས་དེ​ེ་ཐོ​ོས་མ་ཐག་ཧང་སང་བ་དང་ངག་དི​ིག་བཞི​ིན། བཙུན་མོ​ོ་རི​ིན་པོ​ོ་ཆེ​ེ། ཁྱེ​ེད་ཀྱི​ི་དགོ​ོངས་པར་སྦྲང་ཚང་འདི​ི་བཞག་ནས་འགྲོ​ོ་རྒྱུ་ཡི​ིན་ནམ། ཞེ​ེས་དྲི​ིས་པར།

བཙུན་མོ​ོས ་གསེ​ེར་སྦྲང་ལ་བལྟས་ཏེ​ེ། སྦྲང་ཚང་འདི​ི་རྙི​ིང་པ་ཆགས་ཟི​ིན ། འདི​ིར ་ ཉེ​ེན་ཁའང་ཆེ​ེ་རུ་ཕྱི​ིན་འདུག ངས་སྦྲང་རྩི​ི་རྐུ་མཁན་ཁྲ་དེ​ེའི​ི་སྐོ​ོར་ཤོ​ོད་ཀྱི​ི་མེ​ེད། དེ​ེ་ལས་ ཉེ​ེན་ཁ་ཆེ​ེ་བ་ཞི​ིག་འཕྲད་ཉེ​ེན་འདུག དེ​ེ་སྔོ​ོན་ས་ཆ་འདི​ི་ཤི​ིང་ནགས་རེ​ེད། ཡི​ིན་ན་ཡང་། མི​ི་ཚོ​ོས་ཤི​ིང་སྡོ​ོང་གྲངས་ལས་འདས་པ་བཅད་ཟི​ིན། གལ་ཏེ​ེ་ཁོ​ོ་ཚོ​ོས་ཤི​ིང་སྡོ​ོང་འདི​ི་ཡང་བཅད་ན་ཇི​ི་ལྟར་བྱ་རྒྱུ་ཡི​ིན་ནམ། ད་དུང་ཉེ​ེ་ཁུལ་གྱི​ི་ཞི​ིང་ཁའི​ི་ནང་རྫས་ལུད་ཚབས་ཆེ​ེན་བེ​ེད་སྤྱོ​ོད་བྱེ​ེད་འགོ​ོ་ཚུགས་འདུག ཁྱེ​ེད་ཀྱི​ིས་རྫས་ལུད་དེ​ེ་ཚོ​ོ་ཅི​ི་འདྲ་ ཡོ​ོད་པ་ཤེ​ེས་ངེ​ེས་རེ​ེད། དེ​ེ་འགོ​ོག་ཐུབ་མི​ི་སྲི​ིད། ཉི​ིན་ལྟར་སྦྲང་གཡོ​ོག་མང་པོ​ོའི ི་ཚེ​ེ་སྲོ​ོག་ཤོ​ོར་གྱི​ི་ཡོ​ོད། ཤི​ིང་སྡོ​ོང་མང་པོ​ོ་ བཅད་པའི​ི་རྐྱེ​ེན་གྱི​ིས་གཡས་གཡོ​ོན་དུ་མེ​ེ་ཏོ​ོག་ཀྱང་ཉུང་དུ་ཕྱི​ིན་འདུག ང་ཚོ​ོ་ཤིངི ་ནགས་ཀྱི​ི་དཀྱི​ིལ་ལ་གནས་སྤོ​ོས་ན་བཟང་། སྦྲང་ཚང་འདི​ི་ལོ​ོ་མང་རི​ིང་ནས་ང་ཚོ​ོའི​ི་ཁྱི​ིམ་གཞི​ི་རེ​ེད། ང་ལས་ལྷག་པར་ཁྱེ​ེད་ཚོ​ོའི​ི་ཁྱི​ིམ་གཞི​ི་ཡི​ིན་ན་ཡང་། ག་དུས་བསྐྱུར་ ནས་སྤོ​ོ་དགོ​ོས་པ་དེ​ེ་ཤེ​ེས་དགོ​ོས། གསེ​ེར་སྦྲང་། ངས་ཁྱེ​ེད་ལ་ཡི​ིད་ཆེ​ེས་བྱེ​ེད་ཀྱི​ི་ཡོ​ོད། ཅེ​ེས་གསུངས། གསེར་སྦྲང་སེམས་སྐྱོ་ན་ཡང་བཙུན་མོས་གསུངས་ པ་དེ་བདེན་པ་རེད་སྙམ།

17


ཕྱི​ི་ཉི​ིན་དེ​ེར་སྦྲང་མ་ཚང་མས་སྦྲང་རྩི​ི་དང་ཟེ​ེའུ་འབྲུ་གང་མང་ཁྱེ​ེར་ནས་ནགས་ཚལ་གྱི​ི་ཕུ་རུ་ཕྱི​ིན། འདི​ི་ནི​ི་བཙུན་མོ​ོས་ སྦྲང་ཚང་བཞག་ནས་ཕྱི​ི་ལ་ཕྱི​ིན་པ་ཐེ​ེངས་དང་པོ​ོ་ཡི​ིན་སྟབས་ཐག་རི​ིང་པོ​ོར་འཕུར་མ་ཐུབ། དུས་ཡུན་ཐུང་ངུའི​ི་རི​ིང་སྦྲང་མ་ རྣམས་ཀྱི​ིས་ཉེ​ེ་འགྲམ་གྱི​ི་ཤི​ིང་སྡོ​ོང་གི​ི་ཡལ་གའི​ི་སྟེ​ེང་བཙུན་མོ​ོའི ི་མཐའ་བསྐོ​ོར་ཏེ​ེ་སྲུང་སྐྱོ​ོབ་བྱས། གསེ​ེར་སྦྲང་གི​ིས་རུ་ཁག་ གི​ི་འགོ​ོ་ཁྲི​ིད་ནས་ས་ཆ་འོ​ོས་འཚམ་ཞི​ིག་འཚོ​ོལ་བར་ཕྱི​ིན། ཤི​ིང་ནགས་ནང་གི​ི་ཤི​ིང་སྡོ​ོང་མང་པོ​ོ་བཅད་ཡོ​ོད་སྟབས་ཁོ​ོ་ཚོ​ོར་ ཚང་བཟོ​ོ་སའི​ི་ཤི​ིང་སྡོ​ོང་ཡག་པོ​ོ་ཞི​ིག་གཏན་ནས་མ་རྙེ​ེད། སྦྲང་གཡོ​ོག་རྣམས་ལ་རྒྱུས་མངའ་ཡོ​ོད་པའི​ི་ས་ཆ་ལས་བརྒལ་ ནས་འགྲོ​ོ་བར་བཀོ​ོད་འདོ​ོམས་བྱེ​ེད་རྒྱུར་ཁག་ཙམ་བྱུང་ཡང་། མཐར་ཁོ​ོ་ཚོ​ོར་འོ​ོས་ཤི​ིང་འཚམ་པའི​ི་ས་ཆ་ཡག་པོ​ོ་ཞི​ིག་

རྙེ​ེད། དེ​ེ་ནི​ི་མཁྲེ​ེགས་ཤི​ིང་གཞུང་རྟ་རྒྱ་ཁྱོ​ོན་ཆེ​ེ་བའི​ི་སེ​ེ་ཡབ་ཀྱི​ི་ཤི​ིང་སྡོ​ོང་ཞི​ིག་ཡི​ིན། སྡོ​ོང་པོ​ོའི ི་སྟེ​ེང་ཚང་བཟོ​ོ་སའི​ི་ཁོ​ོག་སྟོ​ོང་ ཆེ​ེན་པོ​ོ་ཞི​ིག་ཀྱང་ཡོ​ོད་སྟབས། ཁོ​ོ་ཚོ​ོས་སྦྲང་མ་གཞན་རྣམས་ལ་དེ​ེར་ཡོ​ོང་ན་འགྲི​ིག་པའི​ི་བརྡ་ལན་སྤྲད། ཁོ​ོ་ཚོ​ོས་ས་ཆ་གསར་པ་དེ​ེར་སྤྲ་ཚི​ིལ་ལས་སྦྲང་ཚང་བཟོ​ོ་རྒྱུ་འགོ​ོ་ཚུགས། སྦྲང་གཡོ​ོག་རྣམས་ཀྱི​ིས་ཧུར་བརྩོ​ོན་ཆེ​ེན་པོ​ོས་ ཁུང་བུ་སྟོ​ོང་ཕྲག་མང་པོ​ོ་བཟོ​ོས་ཏེ​ེ་མཐར་སྦྲང་ཚང་ཆ་ཚང་བ་ཞི​ིག་གྲུབ།

18


ཉི​ིན་ཤ ས་འདས་པ་དང་གསེ​ེར་སྦྲང་གི​ིས་མུ་མཐུད་ནས་སྦྲང་རྩི​ི་འཚོ​ོལ་སྡུད་བྱས། མོ​ོས་ སྦྲང་མ་གཞོ​ོན་པ་རྣམས་ལ་འཕུར་ལྡི​ིང་གི​ི་རྩལ་དང་། མདུང་འཛུགས་སྟངས། སྒོ​ོ་སྲུང་བྱེ​ེད་ སྟངས་སོ​ོགས་བསླབས། མོ​ོས་ཞབས་བྲོ​ོ་འཁྲབ་སྟངས་ཀྱི​ི་ལས་འགན་དེ​ེ་བསོ​ོད་ནམས་ ལྟ་བུ་གཟུགས་བྱད་ལེ​ེགས་པ་རྣམས་ལ་བཅོ​ོལ། ད་ཆ་བཙུན་མོ​ོས་སྦྲང་ཚང་གསར་པའི​ི་ ནང་བཙས་པའི​ི་སྒོ​ོ་ང་རྣམས་སྨི​ིན་ཏེ​ེ་སྦྲང་མ་གཞོ​ོན་ནུ་མང་པོ​ོ་ཞི​ིག་ཏུ་གྱུར་ཡོ​ོད།

ཉི​ིན་ཞི​ིག གསེ​ེར་སྦྲང་གི​ིས་སྦྲང་མ་གཞོ​ོན་ནུ་ཁག་གཅི​ིག་གི​ིས་ཁུང་བུ་གཙང་བཟོ​ོ་དང་ དབྱི​ིབས་བཟོ​ོ་བཞི​ིན་པར་ལྟ་བའི​ི་ཚེ​ེ། སྦྲང་ཚང་གི​ི་སྒོ​ོའི ི་སྲུབས་ནས་སྦྲང་མ་ཞི​ིག་གི​ིས་ ཕྱི​ི་ལ་ལྟ་བཞི​ིན་པ་དོ​ོ་སྣང་བྱུང་། མོ​ོ་ཁོ​ོང་དགོ​ོད་ཅི​ིག་ཤོ​ོར་ནས་སྦྲང་མ་དེ​ེའི​ི་སར་ཕྱི​ིན་ཏེ​ེ། ཁྱེ​ེད་ཀྱི​ི་མི​ིང་ལ་ག་རེ​ེ་ཟེ​ེར་ཡོ​ོད། ཅེ​ེས་དྲི​ིས་པར། སྦྲང་ཆུང་དེ​ེ་སེ​ེམས་འཚབ་ནས་ཡར་བལྟས་ཏེ​ེ། ནོ​ོར་འཛི​ིན་ཡི​ིན། ཞེ​ེས་སྐད་ཤུ གས་ ཆུང་ངུའི​ི་ངང་ལན་བཏབ།

གསེ​ེར་སྦྲང་གི​ིས། ནོ​ོར་འཛི​ིན། ངས་བལྟས་ན་རྗེ​ེས་མ་ཁྱེ​ེད་རང་སྦྲང་རྩི​ི་འཚོ​ོལ་མཁན་ཞི​ིག་ བྱེ​ེད་འདོ​ོད་ཡོ​ོད་པ་འདྲ། ཞེ​ེས་ལབ་པས། ནོ​ོར་འཛི​ིན་གྱི​ིས་འཛུམ་ཆུང་ཞི​ིག་བསྟན། ངས་ཀྱང་ཁྱེ​ེད་རང་གི​ི་ལོ​ོ་ཚད་ལ་དེ​ེ་ལྟར་བསམ་མྱོ​ོང་། ཁྱེ​ེད་ཀྱི​ི་དུས་ཚོ​ོད་དེ​ེ་བསླེ​ེབ་ཀྱི​ི་རེ​ེད། ནོ​ོར་འཛི​ིན་གྱི​ིས། དངོ​ོས་གནས་ཨེ​ེ། ཞེ​ེས་དྲི​ིས།

གསེ​ེར་སྦྲང་གི​ིས། ལྟོ​ོས་དང་། གཅི​ིག་བྱས་ན་སྲི​ིད་པ་དང་། གཅི​ིག་བྱས་ན་མི​ི་སྲི​ིད། ཡང་གཅི​ིག་བྱས་ན་ཁྱེ​ེད་རང་གི​ིས་དགའ་པོ​ོ་བྱེ​ེད་ས་དེ​ེ་ཆགས་སྲི​ིད། གང་ལྟར། ཁྱེ​ེད་ ཀྱི​ིས་ཚེ​ེ་གཅི​ིག་གི​ི་དམི​ིགས་ཡུལ་དེ​ེ་འགྲུབ་ཀྱི​ི་རེ​ེད། དམི​ིགས་ཡུལ་དེ​ེ་ཡང་གང་ཞི​ིག་ཡི​ིན་ རུང་། སྦྲང་ཚང་འདི​ིས་ཁྱེ​ེད་ལ་ཕན་ཐོ​ོགས་པ་ལྟར། ཁྱེ​ེད་ཀྱི​ིས་ཀྱང་སྦྲང་ཚང་འདི​ིར་ཞབས་ འདེ​ེགས་ཞུ་དགོ​ོས་རེ​ེད། དེ​ེ་ལྟར་སྦྲང་མའི​ི་འཚོ​ོ་བ་འདི​ི་མུ་མཐུད་ནས་གནས་ཀྱི​ི་རེ​ེད། ཅེ​ེས་ཁ་ཏ་བསླབ་བྱ་བྱས།

19


མི​ིག་གསུམ།

ཚོ​ོར་རྭ།

མི​ིག

ཚོ​ོར་མདའ། མགོ​ོ།

བཙུན་མོ​ོ།

གཤོ​ོག་པ། མདུང་། རྐང་ལག

བྲང་ཁ།

ཕོ​ོ་སྦྲང་།

ལྟོ​ོ་བ།

སྦྲང་གཡོ​ོག


སྦྲང་མ་ལ་རི​ིགས་སམ་དབྱེ​ེ་བ་མང་པོ​ོ་ཡོ​ོད། སྦྲང་མའི​ི་རི​ིགས་ཁ་ཤ ས་ནི​ི་སྦྲང་རྩི​ི་བཟོ​ོ་མཁན་གྱི​ི་བུང་བ་དང་། སྤུ་སྦྲང་། གཏུམ་སྦྲང་སོ​ོགས་ཡོ​ོད། ད་དུང་སྦྲང་མ་ལ་ཁ་དོ​ོག་སྣ་ཚོ​ོགས་མཐོ​ོང་རྒྱུ་ཡོ​ོད་དེ​ེ། ནག་པོ​ོ། སྐྱ་བོ​ོ། སྔོ​ོན་པོ​ོ། སེ​ེར་པོ​ོ། དམར་ པོ​ོ། ལྗང་ཁུ་སོ​ོགས་ཡོ​ོད། སྦྲང་ཚང་དུ་སྦྲང་མའི​ི་རི​ིགས་གསུམ་ཡོ​ོད་ལ། བཙུན་མོ​ོ་དང་། ཕོ​ོ་སྦྲང་། སྦྲང་གཡོ​ོག་བཅས་ཡི​ིན།



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.