འཛིན་རིམ་ལྔ་པའི་སློབ་དེབ།

Page 1


གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་བསྒྲིགས།

འཛིན་རིམ་ལྔ་པའི་སློབ་དེབ།

ཚན་རིག

ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་བྱས།


རྩོམ་སྒྲིག་ཐེངས་དང་པོ།

First Edition

དཔར་ཐེངས་དང་པོ།

First Printing

ཕྱི་ལོ་༢༠༡༦ ཟླ་༡༢།

Dec. 2016

དཔར་གྲངས། ༤༠༠༠

4000 Copies

སྤྱི་ཁྱབ་འགན་འཛིན།

རྩོམ་སྒྲིག་འགན་འཛིན། རྩོམ་སྒྲིག་པ།

དེབ་གཟུགས།

རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།

Printed and Distributed by: Sherig Parkhang R-27 & 28, Ramesh Park Laxmi Nagar, New Delhi-110092 Ph: +91-11-2245 3672 Fax: +91-11-2245 5634 Email: shepardelhi@gmail.com Web: www.sherigparkhang. com

དྲུང་འཕར་ཚེ་རིང་བསམ་གྲུབ།

དྲུང་གཞོན་བསོད་ནམས་བཟང་པོ།

ཉི་མ་ཚེ་རིང།

འཕྲིན་ལས་དབང་འདུས།

འཕྲིན་ལས་དབང་འདུས།

དགེ་འདུན་དོན་ཡོད།

ན་ག་སངས་རྒྱས་བསྟན་དར།

བསོད་ནམས་བཟང་པོ།

སློབ་དེབ་བསྐྱར་ཞིབ་ཚོགས་མི།

(ཤེས་ལྷན་བོད་བསྒྱུར་ཚན་པའི་འགན་འཛིན།)

པ་སངས་མཆོག་པ།

(ཚན་རིག་ཤེས་ཡོན་འགན་འཛིན།)

དོན་གྲུབ་རྒྱལ་པོ།

(དྷ་སྟེང་བོད་ཁྱིམ་སློབ་ཆུང་དགེ་ཆེ།)

བསྟན་འཛིན་ཆོས་སྒྲོན། ཉི་མ་ཚེ་རིང།

མངགས་ཉོའ་ི ཁ་བྱང་།

འཕྲིན་ལས་དབང་འདུས།

(མེས་དབོན་དཔེ་སྟོན་སློབ་སྤྱི།)

(སུ་ཇྭ་བོད་ཁྱིམ་ཚན་རིག་དགེ་རྒན།) (ཚན་རིག་སློབ་དེབ་རྩོམ་སྒྲིག་པ།)

སློབ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས། www.tcewf.org ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། © Department of Education, CTA

Department of Foreign

Affairs and Trade Development (DFATD),CANADA


DEPARTMENT OF EDUCATION Central Tibetan Administration

Cable: Phone: Fax: Email: Web:

SHERIG +91-1892-222572/222721 +91-1892-223481 Education@tibet.net www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག བོད་མི་རྣམས་བཙན་ བྱོལ་དུ་འབྱོར་བའི༌ཐོག་མའི་དུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དེང་རབས་ཀྱི་ཁྱད་ ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་ལམ་སྲོལ་ཐོག་བསྐྱོད་ཡོད་པ་དང༌། ཕྱི་ལོ་༡༩༨༦ ནས་དྷ་ས་བོད་ཁྱིམ་ཁྱབ་ ཁོངས་སློབ་ཁག་ནང་གཞི་རིམ་འོག་མ་ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འགོ་འཛུགསས༌ཞུས། ཕྱི་ལོ་༢༠༠༠ ལོར་སློབ་གྲྭ་ཁག་ཚང་མས་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་འབྲེལ་སློབ་ ཁྲིད་ལག་བསྟར་ཐུབ་པ་བྱུང་། ཕྱི་ལོ་༢༠༠༤ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་ པ་བར་གྱི་སློབ་དེབ་བོད་སྒྱུར་ལེགས་གྲུབ་བྱུང་བ་དང། ཕྱི་ལོ་༢༠༡༢ ལོ་ནས་འཛིན་རིམ་དགུ་པ་དང་བཅུ་པའི་ཚན་རིག་སློབ་དེབ་བོད་ སྒྱུར་ཞུས།

ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༤ ལོར་དྷ་ས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་གཞི་རིམ་འོག་མའི་སློབ་ཚན་རྩོམ་སྒྲིག་ གི་ལས་འགན་རྩིས་བཞེས་དང་འབྲེལ། ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གི་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ གྱི་དགོངས་དོན་ལྟར་གཞི་རིམ་འོག་མའི་སློབ་དེབ་རྙིང་པ་ཁག་དང་། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྟེ་གནས་ ཁང་(NCERT) གིས་འདོན་སྤེལ་གནང་བའི་སློབ་དེབ། ཀམ་བྷེ་རེ་ཆི།(Cambridge) བྷེ་རེ་ཊེ་ནི་ཀ(Britannica) སོགས་ནས་ འདོན་སྤེལ་ཞུས་པའི་སློབ་དེབ་ཁག། དེ་བཞིན་ཁུངས་ཐུབ་དྲ་རྒྱ་སོགས་ལ་གཞི་བཅོལ་ནས་རང་རེའི་དགོས་མཁོ་དང་འཚམས་པར་རྩོམ་ སྒྲིག་བྱས་པ་དང་། བསྐྱར་ཞིབ་ཚོགས་མི་ལྷན་འཛོམས་ཐོག་གཏན་འབེབས་བྱས་པ་ཞིག་ཡིན། སློབ་དེབ་འདི་ནི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཙམ་ལས། གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང། སློབ་ མ། ཁོར་ཡུག ཆ་རྐྱེན། ཤེས་ཡོན་ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་དེབ་འདིའི་ནང་ དོན་དང་གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ ཐུབ་པ་བྱ་དགོས། འོན་ཀྱང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས་པར་ཡིད་འཇགས་ འཚལ། སློབ་དེབ་ཀྱི་ནང་དོན་དང་ཇུས་འགོད། ཐ་སྙད་སྤྱོད་སྟངས་སོགས་གང་ཅིའི་ཆ་ནས་ད་དུང་དཔྱད་ཞིབ་དང་བགྲོ་གླེང་བྱ་རྒྱུ་གང་མང་ ཞིག་ཡོད་པ་སྨོས་མ་དགོས་པས། འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༢༣ ཉིན།



༄༅།

དགེ་རྒན་གྱི་རྩ་འཛིན་ལམ་སྟོན།

།ཚན་རིག་ནི་ཆོས་ཐམས་ཅད་ཀྱི་དངོས་ཡོད་གནས་ལུགས་རྣམས་ཤེས་ཐབས་སུ་གཟབ་ནན་ངང་བལྟ་ཞིབ་

དང། རང་གིས་བྱས་པའི་ཚོད་དཔག་རྣམས་རྒྱུ་མཚན་དང་དངོས་ཡོད་བརྟག་དཔྱད་ལམ་ནས་ར་འཕྲོད་བྱེད་རྒྱུ་དེ་

ཡིན། ང་རང་ཚོའི་མཐའ་འཁོར་ལ་དུས་རྒྱུན་གཏན་ནས་ཡིན་ཤག་ཤག་བྱས་ནས་བེད་སྤྱོད་གཏོང་བཞིན་པའི་དངོས་ པོ་རྣམས་མིའི་ལོ་རྒྱུས་ནང་བྱུང་བའི་སྙན་གྲགས་ཅན་གྱི་ཚན་རིག་པ་མང་པོའ་ི གསར་གཏོད་དང།

ལེགས་བཅོས།

གསར་རྙེད་བཅས་ཀྱི་འབྲས་བུ་ཡིན། དེས་ན་ཚན་རིག་ནི་བྱ་བའི་བརྒྱུད་རིམ་དང་འབྲས་བུ་གཉིས་ཀ་ཡིན་པ་དང།

ང་ཚོའི་མི་ཚེའི་ནང་དེ་ཡི་བེད་སྤྱོད་གྲངས་ལས་འདས་པ་ཡོད། ཚན་རིག་གི་རང་བཞིན་དང་། སྤྱི་ཚོགས་ཁྱོན་ཡོངས་ ཀྱིས་ཡར་རྒྱས་དང་རྒྱུན་འཛིན་ལ་དམིགས་པའི་ཚན་རིག་གི་ཤེས་ཡོན་ཞིག་སྤྲོད་དགོས་རྒྱུ་ནི་ད་ལྟའི་དུས་ཀྱི་དགོས་

མཁོ་ཆེ་ཤོས་ཆགས་ཡོད་པར་བརྟེན། ཕྲུ་གུའི་སེམས་ཁོངས་སུ་སྔ་ས་ནས་ཚན་རིག་གི་གཤིས་སྤྱོད་གོང་འཕེལ་གཏོང་ རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

ཚན་རིག་གི་སློབ་ཁྲིད་ཐབས་ལམ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ནི་ཕྲུ་གུའི་ལྷན་སྐྱེས་སུ་ཡོད་པའི་ཡོན་

ཏན་དྲི་རྩད་བྱེད་རྒྱུའི་ནུས་པ་དེ་རྟག་ཏུ་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན།

དེ་ལྟ་བུའི་གལ་འགངས་ཧ་ཅང་ཆེ་བའི་ཚན་

རིག་གི་ལྟ་ཚུལ་འདི་ནི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་ཕྱོགས་མཚུངས་པའང་ཡིན། གཞི་རིམ་ཤེས་ཡོན་ སྲིད་བྱུས་ཀྱི་གཞི་རྩའི་དམིགས་ཡུལ་བཞི་སྟེ། རང་དབང་དང། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་

དགོས་དམིངས་བསྒྲུབ་ཆེད། སློབ་དེབ་འདིའི་ནང་རི་མོ་དང་། དྲི་བ། བྱེད་སྒོ། བརྟག་དཔྱད། ལས་འཆར་སོགས་གང་ མང་མང་ཚུད་ཐབས་བྱས་ཡོད།

སློབ་དེབ་རྩོམ་སྒྲིག་སྐབས་སློབ་མ་རྣམས་ཀྱི་མིག་ཤེས་ལ་ཚོར་སློང་བྱ་རྒྱུ་ཙམ་མིན་པར། ཕྱོགས་ཡོངས་ལ་རྒྱུན་

མཐུད་ཞིབ་འཇུག་དང་། ཤེས་བྱ་བློ་འཛིན་ཙམ་མིན་པར་རང་ངོས་ནས་ཞིབ་དཔྱོད་ཀྱི་ནུས་རྩལ་གོང་འཕེལ་གཏོང་

བར་རོགས་འདེགས་བྱ་རྒྱུར་དམིགས་ཡོད། ལས་འཆར་འདྲ་མིན་བརྒྱུད་རང་གི་དངོས་སུ་བྱ་བ་བྱས་ནས་ཤེས་བྱ་སྦྱོང་ རྒྱུའི་སློབ་ཁྲིད་ཀྱི་ཐབས་ལམ་དེས་སློབ་སྦྱོང་བྱེད་རྒྱུར་ཡིད་དབང་འཕྲོག་བཅུག་པར་མ་ཟད། སློབ་མར་མཉམ་རུབ་ ཀྱི་བསམ་བློ་དང་ཚད་མཐོའ་ི ཞིབ་འཇུག་གི་བསམ་བློའ་ི ནུས་པ་འཕེལ་རྒྱས་གཏོང་རྒྱུར་ཡང་གལ་འགངས་ཆེན་པོ་

བཟུང་ཡོད་སྟབས། དགེ​ེ་རྒན་རྣམ་པས་སློབ་ཁྲིད་གནང་སྐབས་གཤམ་གསལ་དོན་གནད་རྣམས་ངེས་པར་དུ་ཕྱག་ བསྟར་གནང་གལ་ཆེ།


༡། སློབ་ཚན་སོ་སོའ་ི ནང་དུ་དཔེ་མཚོན་བཀོད་པའི་རེའུ་མིག་གི་འགེངས་ཤོག་དང་། བྱེད་སྒོའམ་ལྟ་ཞིབ་འགེངས་ ཤོག་རྣམས་དགེ​ེ་རྒན་གྱིས་སློབ་མ་སོ་སོའ་ི འབྲི་དེབ་ནང་དུ་བཤུ་རུ་འཇུག་པའམ་དཔར་སློག་བརྒྱབ་ནས་སློབ་ མར་སྤྲོད་དགོས།

༢། ཁྱེད་ཀྱི་ས་ཁུལ་ནང་རག་རྒྱུ་མེད་པའི་དངོས་པོ་རྣམས་རང་ངོས་ནས་བཟོ་ཐབས་དང་བེད་སྤྱོད་གང་ཡོང་ གཏོང་དགོས།

༣། སློབ་ཚན་སོ་སོའ་ི ནང་དུ་ཡོད་པའི་བྱེད་སྒོ་རྣམས་གང་ཐུབ་ལག་བསྟར་བྱེད་དགོས་པ་དང། འབྲེལ་བའི་བྱེད་སྒོ་གཞན་གང་མང་སྤེལ་དགོས།

སློབ་ཚན་དང་

༤། དགེ​ེ་རྒན་གྱིས་བྱེད་སྒོ་དང་བརྟག་དཔྱད་རིགས་ཆ་ཚང་སྔ་ས་ནས་གྲ་སྒྲིག་གནང་དགོས།

༥། དགེ​ེ་རྒན་གྱིས་སློབ་ཚན་བར་འཇུག་ཡིག་ཆུང་ཚང་མར་ཐུགས་སྣང་དང་འབྲེལ་ལག་བསྟར་གནང་དགོས།

༦། ཚན་རིག་སློབ་ཁྲིད་དང་འབྲེལ་སྐད་ཡིག་གོང་སྤེལ་ཡོང་ཆེད་སློབ་མས་སྐད་ཆ་ཤོད་སྐབས་བར་དུ་མ་འཛུལ་

བར། ཁོང་ཚོར་རེས་མོས་ཐོག་འཆད་རྩལ་དང་ཉན་རྩལ་གོང་མཐོར་གཏོང་བར་འབད་དགོས། དེ་བཞིན་སྨྲ་ བརྗོད་ཀྱི་དཀའ་ངལ་འཕྲད་མཁན་རྣམས་ལ་དམིགས་བསལ་དོ་སྣང་བྱེད་དགོས།

༧། དགེ​ེ་རྒན་གྱིས་སློབ་འཁྲི​ིད་བྱས་པ་རྣམས་སློབ་མས་ཤེས་རྟོགས་བྱུང་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་མ་ཟད། གནད་དོན་མ་ཤེས་བར་ཞིབ་འཇུག་ཆེད་དུས་དང་གནས་སྟངས་ཀྱི་དགོས་མཁོར་གཞིགས་ཏེ་རང་གི་སློབ་ ཁྲིད་ཀྱི་ཐབས་ལམ་རན་འཚམ་བཟོ་ཐབས་བྱེད་དགོས།

༨། དགེ​ེ་རྒན་གྱིས་ཕྲུ་གུར་དཔྱད་ཞིབ་དང་། བསམ་བློ་བརྒྱུད་སྐུལ་ཐུབ་པའི་དྲི་བ་དྲིས་ཏེ་ཕྲུ་གུ་རང་ངོས་ནས་ལྟ་ཚུལ་

འདོན་སྤེལ་ཐུབ་པ་བྱ་རྒྱུ་དང། ཕྲུ་གུ་ཚོས་སྦྱངས་ཟིན་པའི་ཤེས་བྱ་ནས་བློ་བསྐྱེད་བླངས་ཏེ་ཤེས་ཡོན་གཏིང་ཟབ་ བསྐྲུན་ཐུབ་པར་འབད་བརྩོན་བྱེད་དགོས།


དཀར་ཆག་

༡ རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཚན་རིག

༢ སྐྱེ་ལྡན་དངོས་པོ་དང་སྐྱེ་ལྡན་མིན་པའི་དངོས་པོ། ༡༥ ༣ རླུང་དང་ཆུ།

༢༧

༤ ནུས་པ།

༣༧

༥ ང་ཚོའི་གཟུགས་པོ།

༤༩

༦ ཅ་དངོས་དབྱེ་འབྱེད་བྱེད་སྟངས།

༥༩

༧ ཁབ་ལེན་དང་གློག།

༧༣

༨ རྒྱུན་གཏན་ཉེན་སྲུང་དང་ཚན་རིག་གི་བཀོལ་ཉེས། ༩༡



རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཚན་རིག།

སློབ་ཚན། ༡

ངོ་སྤྲོད།

༄། །འཛམ་གླིང་འདིར་མིའི་འགྲོ་བ་བྱུང་ནས་ལོ་ངོ་ས་ཡ་ལྷག་ཕྱིན་ཡོད་ཀྱང་འདས་པའི་ལོ་བརྒྱ་ཕྲག་འགའ་ཤས་བར་ཚན་ རིག་དེ་ཙམ་ཡར་རྒྱས་ཕྱིན་མེད། དུས་རབས་བཅུ་དགུ་དང་ཉི​ི་ཤུ་གཉིས་ཀྱི་ནང་ཚན་རིག་ཡར་རྒྱས་ཧ་ཅང་ཕྱིན་སྟབས། དེང་སང་གི་མི་རྣམས་ཚན་རིག་དང་འཕྲུལ་རིག་མེད་ན་གནས་མི་ཐུབ་པ་ལྟ་བུ་ཆགས་ཡོད། དེར་བརྟེན་ད་ལྟའི་དུས་ རབས་འདི་ལ་ཚན་རིག་གི་དུས་རབས་ཀྱང་ལབ་སྲོལ་ཡོད།

གལ་ཏེ་ཁྱེད་རང་གི་སྤོ་པོ་དང་རྨོ་མོ་རྣམས་ལ་ཁོང་རྣམས་གཞོན་ནུའི་སྐབས་ལ་མཐུན་རྐྱེན་ཇི་ཡོད་སྐོར་བཀའ་འདྲི་ཞུས་པ་ ཡིན་ན། དེའི་སྐབས་ཀམ་པུ་ཊར་དང་ལག་ཐོགས་ཁ་པར། དྲྭ་རྒྱ། ས་འོག་མེ་འཁོར་སོགས་ཀྱི་མིང་ཡང་ཐོས་མ་མྱོང་གསུང་

མདོག་ཁ་པོ་རེད། སྔ་མོ་ནས་ད་བར་བཟའ་ཆས་དང་གྱོན་ཆས། སྨན། འགྲུལ་བཞུད་དང་འབྲེལ་མཐུད་ཀྱི་ཐབས་ལམ། གུ་ ཡངས་བྱེད་སྲོལ་སོགས་ཀྱི་གནས་སྟངས་གང་ཅིའི་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། དེ་དག་ཐམས་ཅད་ཚན་རིག་ དང་འཕྲུལ་རིག་ལ་བརྟེན་ནས་བྱུང་བ་མ་ཡིན་ནམ།

1


བྱེད་སྒོ། ༡

དམིགས་ཡུལ། ཉིན་རེའི་བྱ་གཞག་ནང་ཚན་རིག་ཇི་ཙམ་གལ་ཆེན་པོ་ཡིན་མིན་ལྟ་རྒྱུ། བྱེད་སྟངས།

༡༽ འཛིན་གྲྭའི་སློབ་མ་རྣམས་སྟངས་འཛིན་ཐུབ་པའི་སྡེ་ཚན་དུ་བགོས། ༢༽ རྒན་ལགས་ཀྱིས་སྡེ་ཚན་རེར་གཤམ་གྱི་བརྗོད་གཞི་རེ་སྤྲོད། • འཕྲོད་བསྟེན་དང་སྨན་བཅོས། • འགྲུལ་བཞུད་ཐབས་ལམ། • འབྲེལ་མཐུད། • ཟས་གོས།

• གུ་ཡངས་བྱེད་པའི་ཐབས་ལམ།

༣༽ གོང་གི་གནད་དོན་ཁག་ལ་ཚན་རིག་དང་འཕྲུལ་རིག་གིས་ཕན་གནོད་ཇི་ཙམ་བྱུང་ཡོད་མེད་སྡེ་ཚན་སོ་སོའ ི་ནང་ ༤༽

གྲོས་བསྡུར་ལྷུག་པོ་བྱས་ནས་ཐུན་མོང་གི་བསམ་ཚུལ་བྲིས།

དེའི་རྗེས་སྡེ་ཚན་སོ་སོའ ི་ངོ་ཚབ་ནས་འཛིན་གྲྭའི་ནང་སོ་སོའ ི་སྡེ་ཚན་གྱི་བསམ་ཚུལ་ཤ ོད་རེས་བྱེད་དགོས།

ཚན་རིག་གི་གོ་དོན་དང་ཚན་རིག་པས་ལས་ཀ་བྱེད་སྟངས།

གནད་དོན་ཞིག་གི་སྐོར་ལ་གོ་རིམ་ལྡན་པའི་ཐོག་ནས་ངེས་པ་རྙེད་ཐབས་བྱེད་པ་ལ་ཚན་རིག་ཟེར། ཚན་རིག་གི་ཐབས་ ལམ་ནང་གཤམ་གསལ་བྱ་རིམ་རྣམས་གོ་རིམ་མ་ནོར་བ་བྱ་རྒྱུ་གལ་ཆེ།

2


• གནད་དོན་ངོས་བཟུང་བ།

• གནད་དོན་དེར་རྟོག་ཞིབ་བྱེད་པ།

• གནས་ཚུལ་ཕར་མ་མཁོ་སྒྲུབ་བྱེད་པ།

• བྱུང་རྐྱེན་དང་བྱུང་འབྲས་ལ་ཚོད་དཔག་བྱེད་པ། • ཚོད་དཔག་དག་ལ་བརྟག་དཔྱད་བྱེད་པ། • མཐའ་བསྡོམས་རྒྱག་པ།

• འདོད་ཚུལ་ནོར་བ་དང་ཆ་མ་ཚང་བ་ཡོད་ཚེ་ནོར་ བཅོས་དང་ཁ་སྣོན་རྒྱག་པ་བཅས་སོ།།

དཔེ་རིས། ༡་༡

ཚན་རིག་གི་རང་བཞིན།

ཚན་རིག་ནི་ཤེས་བྱ་བྱེ་བྲག་ཅིག་ཡིན། དེ་ལ་དམིགས་བསལ་གྱི་བཟང་ངན་གང་ཡང་མེད། འོན་ཀྱང་ཚན་རིག་ལས་ང་

ཚོར་ཕན་དང་གནོ​ོད་གང་བྱུང་མིན་ནི་བེད་སྤྱོད་བྱེད་མཁན་གྱི་གང་ཟག་ལ་རག་ལས་ཡོད། བརྟག་དཔྱད་དང་གསར་རྙེད་ ལ་བརྟེན་ནས་ཚན་རིག་གི་འདོད་ཚུལ་ལ་འགྱུར་བ་འགྲོ་ཡི་ཡོད། བརྟག་དཔྱད་དང་གསར་གཏོད་ཕལ་ཆེ་བ་འགྲོ་བ་མིའི་ དགོས་མཁོ་དང་ཚན་རིག་པ་རང་ཉིད་ཀྱིས་གནས་ཚུལ་གསར་པ་ཤེས་འདོད་ལས་བྱུང།

ཚན་རིག་གི་ཕན་ཐོགས།

ཚན་རིག་དང་འཕྲུལ་རིག་གིས་མིའི་དཀའ་ངལ་མང་པོ་སེལ་ཐུབ་པར་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད། དཔེར་ན།

འཕྲོད་བསྟེན་དང། བཟའ་ཆས། གྱོན་ཆས། སྡོད་གནས། འགྲུལ་བཞུད། གུ་ཡངས་བྱེད་པའི་ཐབས་ལམ་སོགས་མི་ཚེའི་བྱ་ བཞག་ཚང་མར་ཤིན་ཏུ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། མིའི་སྤྱི་ཚོགས་ལ་ཚན་རིག་གི་ཕན་ཐོགས་གཙོ་བོ་འགའ་ཞིག་ནི།

3


༡༽ འགྲོ་བ་མིའི་ཤེས་བྱ་གོང་མཐོར་འགྲོ་བ།

དེང་སང་ཚན་རིག་པས་ཆེ་ས་ནས་འཇིག་རྟེན་ཁམས་དང་ཆུང་ས་ནས་རྡུལ་ཕྲན་གྱི་གྲུབ་ཆ་སོགས་ཀྱི་སྐོར་ལ་རྒྱས་པར་ ཤེས་ཐུབ་པ་ནི། གཙོ་བོ་ཚན་རིག་དང་འཕྲུལ་རིག་ལ་བརྟེན་ནས་བྱུང་བ་ཡིན། མིས་ཕྱི་དངོས་པོའ་ི གནས་ལུགས་དང་རང་བྱུང་གི་སྣང་ཚུལ་མང་ཆེ་བ་ཇི་

ལྟར་བྱུང་མིན་མངོན་སུམ་དུ་རྟོགས་ཐུབ་བཞིན་ཡོད། ཕྱི་ལོ་ ༡༩༦༩ ལོར་ཟླ་ བའི་གོ་ལར་མི་ཐོག་མར་འགྲོ་ཐུབ་པ་མ་ཟད། ད་ཆ་གཟའ་མིག་དམར་སྟེང་ ལ་ཡང་འགྲོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད། དེ་བཞིན་སྐྱེ་དངོས་དང་

མིའི་གཟུགས་པོའ་ི གནས་ལུགས་སོགས་ཀྱང་རྒྱས་པ་ཤེས་ཀྱི་ཡོད། དེ་དག་

དཔེ་རིས། ༡་༢

རྒྱང་ཤེལ།

ཐམས་ཅད་ཚན་རིག་ལས་བྱུང་བའི་ཕྲ་མཐོང་ཆེ་ཤེལ་དང་རྒྱང་ཤེལ་སོགས་འཕྲུལ་ཆས་ སྣ་ཚོགས་བེད་སྤྱོད་བྱས་པ་ལས་བྱུང་བ་ཡིན།

༢༽ འཕྲོད་བསྟེན་ཡར་རྒྱས་གཏོང་བ།

ཚན་རིག་དར་ཁྱབ་མ་བྱུང་སྔོན་ནད་འདྲ་མིན་བྱུང་ནས་མི་ས་ཡ་མང་པོའ་ི ཚེ་སྲོག་ཤོར་ དཔེ་རིས། ༡་༣ ཕྲ་མཐོང་ཆེ་ཤེལ། ཡོད། འོན་ཀྱང་འདས་པའི་དུས་རབས་ཁ་ཤས་ནང་ཚན་རིག་པས་དཀའ་ལས་བརྒྱབ་

པའི་འབྲས་བུར། ན་ཚ་མང་པོ་ཞིག་ལ་སྔོན་འགོག་དང་བཅོས་ཐབས་གསར་རྙེད་བྱུང་ ནས་མི་མང་པོའ་ི ཚེ་སྲོག་སྐྱོབ་ཐུབ་པ་བྱུང་ཡོད། ཁྱེད་ཀྱིས་སྔོན་འགོག་ཐུབ་པའི་ན་ཚ་ འགའ་ཤས་ཀྱི་མིང་ཤེས་སམ། ལྷག་པར་དུ་དེང་སང་ན་ཚ་ངོས་འཛིན་བྱེད་ཐབས་གློག་ པར་(X-ray) དང་བརྒལ་སྒྲའི་གློག་པར་(Ultrasonography)

ཨེན་དོས་ཀོཔི་

དཔེ་རིས། ༡་༤ བརྒལ་སྒྲའི་གློག་པར།

(Endoscopy) སོགས་དང་གཤག་བཅོས་བྱེད་རྒྱུའི་ཐབས་ལམ་གསར་པ་མང་པོ་རྙེས་ཡོད།

4

དཔེ་རིས། ༡་༥ ཨེན་ཊོས་ཀོཔི།


༣༽ བཟའ་ཆས་མང་དུ་གཏོང་བ།

མི་དང་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་འཚོ་བའི་ཆ་རྐྱེན་གཙོ་བོ་ནི་ཟས་ ཡིན། དེ་དང་ཆབས་ཅིག་ད་ཆ་འཛམ་གླིང་གི་མི་འབོར་ཡང་ཐེར་འབུམ་ ༧་༣

ཙམ་ལ་སླེབས་པ་མ་ཟད་ཉིན་རེ་ནས་ཉིན་རེར་འཕར་བཞིན་ཡོད། དེ་ལྟར་ན་

འཛམ་གླིང་གི་ས་གཞི་ཆེ་རུ་གཏོང་ཐབས་མེད་ཀྱང་ཟས་ཀྱི་ཐོན་འབབ་མང་དུ་ མི་གཏོང་ཀ་མེད་ཆགས་ཡོད། དཔེར་ན།

དཔེ་རིས། ༡་༦

• ཚན་རིག་ལ་བརྟེན་ནས་སོན་གྱི་སྤུས་ཀ་ལེགས་སུ་ཕྱིན་པ་དང། འབུ་དུག་དང་རྫས་ལུད་སོགས་གསར་བཟོ་བྱས་ཡོད།

• ཞིང་ཁ་འདེབས་ལས་མགྱོགས་པ་དང་ལས་སླ་རུ་གཏོང་ཆེད་ལག་ཆ་ དང་རྨོད་སློག་འཕྲུལ་འཁོར་སོགས་གསར་སྐྲུན་བྱས་ཡོད།

དཔེ་རིས། ༡་༧

• ཚན་རིག་གི་ཐབས་ལམ་ལས་ས་འོག་དང་ཐག་རིང་ནས་ཆུ་འདྲེན་ཏེ་ ཞིང་ཁ་འདེབས་ལས་ལ་ཕན་ཐོགས་ཡོང་གི་ཡོད།

• ཚན་རིག་གི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་འོ་མ་དང་སྒོ་ང་། ཤིང་ཏོག སྔོ་ཚལ་སོགས་ཐོན་སྐྱེད་བཟང་དུ་ཕྱིན་ཡོད།

༤༽ འབྲེལ་མཐུད་བཟང་དུ་གཏོང་བ།

དཔེ་རིས། ༡་༨

སྔོན་གྷི་རི་སི་(Greece) ལུང་པར་རྒྱལ་ཕྲན་གཞན་ནས་དམག་བྱུང་སྐབས་མི་ཞིག་གིས་རང་གི་ལུང་པ་སྐྱོབ་ཆེད་ས་

མཚམས་ནས་རྒྱལ་པོ་བཞུགས་སའི་བར་ཀི་ལོ་མི་ཊར་ ༤༠ ལྷག་ཙམ་རྒྱུགས་ནས་རྒྱལ་པོར་སྙན་སེང་ཞུ་བར་ཡོང། རྒྱུགས་

ཡུན་རིང་བས་ཁོ་རང་དེ་གར་ཤི་བ་རེད། དེང་སང་ལན་ཞིག་སྤྲོད་པར་དེ་ལྟར་བྱེད་དགོས་སམ། ད་ཆ་ཚན་རིག་ལ་བརྟེན་ ནས་འབྲེལ་མཐུད་ལས་སླ་རུ་དང་མགྱོགས་སུ་ཕྱིན་ཡོད། གསར་ཤོག་དང། རླུང་འཕྲིན། བརྙན་འཕྲིན། ཁ་པར། དྲྭ་རྒྱ་

སོགས་བརྒྱུད་འཛམ་གླིང་ཡོངས་ཀྱི་གནས་ཚུལ་ལས་སླ་པོའ་ི ཐོག་ནས་ཤེས་ཐུབ་པ་ཆགས་ཡོད་ལ། ཐག་རིང་གི་སྤུན་མཆེད་ དང་གྲོགས་པོ་སོགས་ལ་ཡང་འབྲེལ་གཏུགས་བྱ་རྒྱུར་སྟབས་བདེ་རུ་ཕྱིན་ཡོད།

5


དཔེ་རིས། ༡་༩

༥༽ འགྲུལ་བཞུད་ཀྱི་ཐབས་ལམ་བཟང་དུ་ཕྱིན་པ།

སྔ་མོའ་ི མི་རྣམས་ས་གནས་གཅིག་ནས་གཞན་དུ་སྤོས་བཞུད་བྱེད་སྐབས་གོམ་

པ་རྒྱག་པའམ་ཡང་ན་རྟ་སོགས་དུད་འགྲོར་བཞོན་ནས་འགྲོ་ཡི་ཡོད། དེང་སང་ འགྲུལ་བཞུད་བྱེད་པའི་ཐབས་ལམ་གང་དང་གང་ཡོད་མེད་ཁྱེད་ཀྱིས་ཤེས་སམ། མོ་ཊ་དང་མེ་འཁོར། གློག་གྲུ། གནམ་གྲུ་སོགས་བརྒྱུད། དུས་ཚོད་ཐུང་ཐུང་ཞིག་

གི་ནང་ས་གནས་གཅིག་ནས་གཞན་ལ་ལས་སླ་པོའ་ི ངང་འགྲོ་ཐུབ་ཀྱི་ཡོད། ཉེ་

དཔེ་རིས། ༡་༡༠

བའི་ཆར་ཁབ་ལེན་གྱི་རི་ལི་(Maglev) ཟེར་བ་ཁ་ཤས་མྱུར་ཚད་ཚོུད་གཅིག་ ལ་ཀི་ལོ་མི་ཊར་ ༦༠༠ ཙམ་འགྲོ་ཐུབ་ཀྱི་ཡོད། མ་འོངས་པར་འདི་ལས་ཀྱང་ མགྱོགས་པ་འགྲོ་ཐུབ་མཁན་ཡང་བཟོ་སྲིད། དེང་སང་འབྲེལ་མཐུད་དང་

འགྲུལ་བཞུད་ཡག་པོ་དང་མྱུར་པོ་ཡོད་སྟབས་འཛམ་གླིང་དེ་ཆུང་ཆུང་ལྟ་བུ་ སྣང་གི་ཡོད།

6

དཔེ་རིས། ༡་༡༠ ཁབ་ལེན་གྱི་རི་ལི།


༦༽ ནུས་པའི་འབྱུང་ཁུངས་ཡག་ཏུ་གཏོང་བ།

སྔ་མོའ་ི མི་རྣམས་འོད་དང་དྲོད་ཀྱི་ནུས་པ་འདོན་ཆེད་རྡོ་སོལ་དང་ཤིང་། ལྕི་བ་སོགས་བེད་སྤྱོད་བྱས་ཡོད། འབྱུང་ཁུངས་དེ་ དག་ལ་ནུས་པ་དེ་ཙམ་མེད་པ་མ་ཟད་ཁོར་ཡུག་ལ་ཡང་འབགས་བཙོག་བཟོ་ཡི་ཡོད། ཚན་རིག་ལ་བརྟེན་ནས་རླངས་རྫས་ ལྟ་བུའི་བུད་རྫས་གཙང་མ་རག་པ་མ་ཟད། དེང་སང་འཛམ་གླིང་གང་སར་ཉི་འོད་དང་གློག རླུང། ཆུ་སོགས་ཀྱི་ནུས་པ་ ཤུགས་ཆེ་བཀོལ་སྤྱོད་བྱེད་བཞིན་ཡོད།

ཚན་རིག་གི་ཕན་ཐོགས་གཞན།

དཔེ་རིས། ༡་༡༡

ཚན་རིག་ལ་ཕན་ཐོགས་གཞན་ཡང་ཧ་ཅང་མང་པོ་ཡོད། དཔེར་ན།

༡) ནང་གི་ཡོ་ཆས་རླུང་འཁོར་དང། འཁྱགས་སྒམ། གོས་འཁྲུད་འཕྲུལ་འཁོར། དབུར་ཏི། གྲངས་གློག་དང་ཚ་གློག ཆུ་ ཚ་པོ་བཟོ་བྱེད། གློག་རྡིག་གམ་འབྲས་འཚོད་སྣོད། འཁོར་འཚེམ་སོགས་ཀྱང་ཚན་རིག་ལ་བརྟེན་ནས་བྱུང་བ་ཡིན།

༢) གློག་བརྙན། བརྙན་འཕྲིན། སྒྲ་འཛིན་འཁོར་ལོ། ཀམ་པུ་ཊར་ལ་སོགས་གཞན་ཡང་གུ་ཡངས་བྱེད་ཆེད་ཀྱི་ཡོ་ཆས་ རིགས་མང་དག་གསར་སྐྲུན་བྱས་ཡོད།

༣) ཚན་རིག་ཡར་རྒྱས་ལ་བརྟེན་ནས་གྱོན་ཆས་དང་སྡོད་ཁང་བཅས་ལ་ཡར་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད། ཁང་པ་

བརྩེགས་རྒྱུའི་རྒྱུ་ཆ་ས་ཕག་དང་ཨར་འདམ། ལྕགས། ཤེལ། ཚོན་རྩི་སོགས་གསར་འཐོན་བྱུང་བར་བརྟེན་སྤུས་ཁ་ལེགས་

སུ་ཕྱིན་པ་དང་ཆབས་ཅིག་ད་ཆ་ཐོག་རྩེགས་ཧ་ཅང་མང་པོ་ཡོད་པའི་ཁང་པ་ཡང་རྩིག་ཐུབ་ཀྱི་ཡོད། དེ་བཞིན་རང་བྱུང་ གི་བལ་དང་སྲིང་བལ། དར་སྐུད་(Silk) སོགས་སྤུས་ཀ་ལེགས་སུ་བཏང་བ་དང་མཉམ་དུ་ཚན་རིག་བེད་སྤྱོད་བྱས་ནས་

རས་ཆའི་རིགས་གཞན་མང་པོ་གསར་བཟོ་བྱས་ཡོད། དེ་དག་ནི་ཐུབ་ཆེ་བ། ཡང་བ། འཁྲུད་སླ་བ། སྐམ་སླ་བ། མི་འཁུམ་པ། གཉེར་སུལ་མི་ཐེབས་པ་སོགས་ཀྱི་ཁྱད་ཆོས་ལེགས་པོ་མང་པོ་ལྡན་ཡོད།

7


ཚན་རིག་གི་གནོད་སྐྱོན།

ཚན་རིག་ལ་བརྟེན་ནས་མིའི་བྱེད་ལས་མང་པོ་ཞིག་ལས་སླ་རུ་ཕྱིན་ཡོད་ཀྱང་དཀའ་ངལ་ཡང་མང་དག་ཞིག་འཕྲད་བཞིན་ ཡོད། དེ་དག་ལས་དཀའ་ངལ་གཙོ་བོ་ཁག་ནི།

༡) འབགས་བཙོག་གི་དཀའ་ངལ།

བཟོ་གྲྭ་དང་མོ་ཊ། མེ་འཁོར། འབུ་དུག རྫས་ལུད། དེ་བཞིན་རྒྱང་བསྒྲགས་སོགས་ནི་ཚན་རིག་གིས་མིའི་རིགས་ལ་ཕུལ་

བའི་ལེགས་སྐྱེས་ཡིན། འོན་ཀྱང་ལེགས་སྐྱེས་འདི་དག་ལ་བརྟེན་ནས་གོ་ལ་འདིར་ས་དང་ཆུ། རླུང། སྒྲ་བཅས་ལ་འབགས་ བཙོག་ཧ་ཅང་ཆེན་པོ་ཕྱིན་ནས་ད་ཆ་བཅོས་ཐབས་མེད་པ་ལྟ་བུ་ཆགས་ཡོད།

དཔེ་རིས། ༡་༡༢

འབགས་བཙོག་གི་རིགས་མི་འདྲ་བ་ཁག

སློབ་ཕྲུག་ཚོས་གོང་གི་ལེགས་སྐྱེས་དེ་དག་གིས་འབགས་བཙོག་ཇི་ལྟར་བྱུང་མིན་གོ་བསྡུར་བྱས་ནས་གཤམ་འོག་རེའུ་མིག་ ནང་རྒྱོངས།

འབགས་བཙོག་ ས་ ཆུ།

རླུང། སྒྲ་

8

འབྱུང་ཁུངས།

གནོད་སྐྱོན།

འགོག་ཐབས།


༢) རྡུལ་ཕྲན་མཚོན་ཆ།

ཐོག་མར་ཚན་རིག་པས་རྡུལ་ཕྲན་གྱི་ནུས་པ་དེ་གློག་བསྐྲུན་རྒྱུ་སོགས་ལ་དམིགས་ཏེ་བེད་སྤྱོད་བྱས་པ་ཞིག་ཡིན། འོན་

ཀྱང་རྗེས་སུ་ཤེས་བྱ་དེ་བེད་སྤྱོད་ལོག་པར་བཏང་ནས་རྡུལ་ཕྲན་མཚོན་ཆ་བཟོས་ཏེ་ད་ཆ་འཛམ་གླིང་འདིའི་མི་དང་སྲོག་ ཆགས་རྩི་ཤིང་བཅས་པ་རྩ་མེད་གཏོང་བའི་གནས་ལ་སླེབས་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་

མཚོན་ཆ་བེད་སྤྱོད་བྱས་ནས་ཉི་ཧོང་(Japan) གི་རྒྱལ་ས་ཧི་རོ་ཤི་མ་(Hiroshima) དང་ན་གཱ་ས་ཀི་(Nagasaki) གཉིས་ཧ་ ལམ་རྩ་མེད་ལྟ་བུ་བཟོས་པ་མ་ཟད་ད་ལྟ་ཡང་དེའི་ཤུགས་རྐྱེན་ལྷག་ཡོད།

དཔེ་རིས། ༡་༡༣

རྡུལ་ཕྲན་མཚོན་ཆའི་གནོད་སྐྱོན།

སློབ་ཕྲུག་ཚོས་དེའི་སྐོར་གནད་དོན་རྒྱས་པ་དྲ་རྒྱའི་ཐོག་འཚོལ་ཞིབ་བྱས་པའམ། རང་གི་ཕ་མ་དང་དགེ་རྒན་ལ་བཀའ་འདྲི་ཞུས།

༣ ) རང་བྱུང་ཐོན་ཁུངས་གཏོར་སྐྱོན།

མི་རྣམས་རང་འདོད་ཆེ་བ་དང་ཕུགས་རྒྱང་རིང་པོའ་ི བསམ་བློ་ཆུང་བས་རང་བྱུང་ཐོན་ཁུངས་གཏེར་ཁ་དང་ཤིང་ནགས། རྡོ་ སོལ། རྡོ་སྣུམ་སོགས་ལ་བག་མེད་ལོངས་སྤྱོད་ཧ་ཅང་ཆེ་བའི་དབང་གིས་ད་ཆ་རྫོགས་ལ་ཉེ་བར་མ་ཟད། ཁོར་ཡུག་ལ་ཡང་

གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། དེ་ལྟར་གནོད་སྐྱོན་ཚབས་ཆེ་ཡོང་བར་ཚན་རིག་དང་འཕྲུལ་རིག་གིས་ཤུགས་རྐྱེན་ ཆེན་པོ་ཐེབས་ཡོད།

9


དཔེ་རིས། ༡་༡༤

ཁོར་ཡུག་་གཏོར་སྐྱོན།

གོང་དུ་བཤད་པའི་དཀའ་ངལ་དང་འདྲ་བའི་ཚན་རིག་དང་འབྲེལ་བའི་དཀའ་ངལ་གཞན་ཡང་མང་པོ་ཞིག་ཡོང་སྲིད་པས།

རྒན་ལགས་ནས་འཛིན་གྲྭའི་སློབ་མ་རྣམས་སྐར་མ་འགའ་ཞིག་རིང་ཕན་ཚུན་གྲོས་བསྡུར་བྱ་རུ་ཆུག དེའི་རྗེས་གནད་དོན་ གལ་ཆེ་བ་རྣམས་ནག་པང་སྟེང་བྲིས་རྗེས་སློབ་མ་རྣམས་ལ་རང་གི་འབྲི་དེབ་ནང་བཤུ་རུ་ཆུག

བྱེད་སྒོ།

ཕྱི་ལོ་ ༡༩༥༦ གཡས་གཡོན་ལ་འཛམ་གླིང་གི་མི་འབོར་ནི་ཐེར་འབུམ་ ༢་༥ ཙམ་ཡིན་པ་རེད། འོན་ཀྱང་ད་ཆ་ཐེར་འབུམ་ ༧་༣ ལ་སླེབས་ཡོད། འདས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ་མི་འབོར་ལྡབ་གསུམ་ཙམ་འཕར་ཏེ་ཚང་མར་བློ་འཚབ་སྐྱེ་

དགོས་པ་ཞིག་ཆགས་ཡོད། བྱས་ན་ང་ཚོས་འཛམ་གླིང་གི་མི་འབོར་འཕེལ་རྒྱས་དང་ཚན་རིག་ཡར་རྒྱས་ཕྱིན་པ་གཉིས་ལ་ འབྲེལ་བ་ཡོད་མེད་གྲོས་བསྡུར་བྱ་རྒྱུ་ཡིན། བསམ་ཚུལ་དང་པོ།

བསམ་ཚུལ་གཉིས་པ།

བསམ་ཚུལ་གསུམ་པ།

མི་འབོར་ཧ་ཅང་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ཚན་རིག་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་ཡིན། གལ་ཏེ་ཚན་རིག་ཡར་རྒྱས་ཕྱིན་མེད་ན་མི་འབོར་དེ་ལས་མང་བ་འཕར་ཡོད་སྲིད།

བྱེད་སྒོ་སྤེལ་སྟངས།

ཚན་རིག་ཡར་རྒྱས་དང་མི་འབོར་འཕེལ་རྒྱས་གཉིས་ལ་ཐད་ཀར་འབྲེལ་བ་མེད།

• འཛིན་གྲྭའི་སློབ་མ་རྣམས་ཀྱིས་གོང་གི་གནད་དོན་གསུམ་པོ་ལེགས་པར་བཀླགས་ནས་རང་གི་བློ་ལ་འབབ་པའི་བསམ་ ཚུལ་དེ་འདེམས་སུ་ཆུག

10


• གནད་དོན་གང་རུང་ལ་མོས་མཐུན་ཡོད་པའི་སློབ་མ་རྣམས་སྡེ་ཚན་གཅིག་ཏུ་ཞོག

• སྡེ་ཚན་གྱི་ཚོགས་མི་རྣམས་གྲོས་བསྡུར་ལྷུག་པོ་བྱས་ནས་གནད་དོན་དེར་མོས་མཐུན་བྱེད་དགོས་པའི་རྒྱུ་མཚན་ གཉིས་རེ་ལས་མ་ཉུང་བ་བྲིས།

• སྡེ་ཚན་སོ་སོའ་ི བསམ་ཚུལ་རྣམས་འཛིན་གྲྭའི་སློབ་མ་བྱིངས་དང་མཉམ་དུ་དགེ་རྒན་གྱི་སྟངས་འཛིན་འོག་གོ་ བསྡུར་གྱིས།

ང་རང་ཚོའི་ལས་དོན་གང་འདྲ་ཞིག་ཡིན་རུང་ཚན་རིག་པས་ལས་ཀ་བྱེད་སྟངས་ལྟར་བྱེད་ཐུབ་ན་གྲུབ་འབྲས་ • • •

ལེགས་པོ་སྨིན་པར་ཕན་ཐོགས་ཆེ། དཔེ་མཚོན།

བུ་སྤེན་པས་རང་གི་སྒྲིག་ཆས་གོས་ཐུང་རེས་གཟའ་ཉི་མའི་དགོང་མོར་བཀྲུས་ཏེ་ཕྱིར་སྐམ་ཡང་གཟའ་ཟླ་བའི་ ཞོགས་པ་སྐམ་མེད།

སྤེན་པས་རང་གི་སྒྲིག་ཆས་མ་སྐམ་པའི་རྒྱུ་མཚན་ལ་བསམ་བློ་བཏང་བ་རེད།

ཁོས་རང་གི་རོགས་པ་ཚོའི་སྒྲིག་ཆས་སྐམ་ཡོད་མེད་སྐད་ཆ་འདྲི་སྐབས་ཁོ་ཚོའི་སྒྲིག་ཆས་སྐམ་ཡོད་པ་ཤེས་ རྟོགས་བྱུང།

སྤེན་པས་རང་གི་སྒྲིག་ཆས་མ་སྐམ་པ་དེ་ཆུ་ཡག་པོ་མ་བཙིར་ནས་མ་སྐམ་པའི་སྐྱོན་ཡིན་པར་ཚོད་དཔག་བྱས་

རེས་གཟའ་མིག་དམར་ཉིན་བསྐྱར་དུ་སྒྲིག་ཆས་གོས་ཐུང་དེ་བཀྲུས་ནས་ལེགས་པར་བཙིར་ཏེ་སྐམ་སྐབས་

པ་རེད།

གཟའ་ལྷག་པའི་ཞོགས་པ་ལེགས་པར་བསྐམས་ཡོད།

སྤེན་པས་གྱོན་ཆས་ལེགས་པོ་སྐམ་པར་ཆུ་ཡག་པོ་བཙིར་དགོས་པའི་ངེས་པ་རྙེད་པ་རེ​ེད།

རྗེས་སུ་ཁོ་རང་གི་གྲོགས་པོ་ཕུར་བུ་དང་པ་སངས་གཉིས་ནས་སྒྲིག་ཆས་ལེགས་པོ་སྐམ་པར་ཆུ་ཡག་པོ་བཙིར་

བ་ཙམ་མིན་པར། ཐེར་ཐེར་བྱས་ནས་རླུང་དང་ཉི་འོད་ཆེ་སར་སྐམ་དགོས་པའི་ལམ་སྟོན་བྱས་པར། ཁོས་ཀྱང་ བརྟག་དཔྱད་བྱས་ཏེ་དེ་ལྟར་ཡིན་པ་ཤེས་སྟབས། ཁོང་གཉིས་ཀྱི་ལམ་སྟོན་ལ་ངོས་ལེན་བྱས་པ་རེད།

11


ང་ཚོས་ག་རེ་སྦྱངས་ཡིན། •

འདས་པའི་ལོ་བརྒྱ་ཕྲག་འགའ་ཤས་ནང་ཚན་རིག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། དེ་ལ་བརྟེན་ནས་འགྲོ་བ་ མིའི་འཚོ་བའི་མཐུན་རྐྱེན་སོགས་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་ཡོད།

• ང་ཚོའི་རྒྱུན་གཏན་འཚོ་བའི་ཁྲོད་ཚན་རིག་ནི་མེད་ཐབས་མེད་པ་ལྟ་བུ་ཆགས་ཡོད། • • • • • •

12

གནད་དོན་ཞིག་གི་སྐོར་ལ་གོ་རིམ་ལྡན་པའི་ཐོག་ནས་ངེས་པ་རྙེད་ཐབས་བྱེད་པ་ལ་ཚན་རིག་ཟེར།

ཚན་རིག་གི་བྱ་ཐབས་ནང་གོ་རིམ་ངེས་ཅན་ཞིག་ཡོད་ཅིང་། ཚན་རིག་པས་གོ་རིམ་དེ་དག་གཞིར་བཟུང་ནས་

གནད་དོན་ལ་མཐའ་བསྡོམས་རྒྱག་གི་ཡོད།

ང་ཚོས་ལས་དོན་གང་འདྲ་ཞིག་བྱས་ཀྱང་ཚན་རིག་གི་བྱ་ཐབས་བཞིན་གོ་རིམ་ལྡན་པར་བྱས་ན། གྲུབ་འབྲས་

ལེགས་པ་ཐོན་ཐུབ།

ཚན་རིག་ནི་ཤེས་བྱ་བྱེ་བྲག་ཅིག་ཡིན། དེ་ལ་དམིགས་བསལ་གྱི་བཟང་ངན་གང་ཡང་མེད། འོན་ཀྱང་ཚན་རིག་

ལས་ང་ཚོར་ཕན་དང་གནོ​ོད་གང་བྱུང་མིན་ནི་བེད་སྤྱོད་བྱེད་སྟངས་ལ་རག་ལས་ཡོད།

འགྲོ་བ་མིའི་ཤེས་བྱ་གོང་མཐོར་འགྲོ་བ་དང་། འཕྲོད་བསྟེན་ཡར་རྒྱས་གཏོང་བ་སོགས། ཚན་རིག་དང་འཕྲུལ་རིག་

གིས་མིའི་དཀའ་ངལ་སྣ་མང་སེལ་བ་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད།

ཚན་རིག་ལ་བརྟེན་ནས་མིའི་བྱེད་ལས་མང་པོ་ཞིག་ལས་སླ་རུ་ཕྱིན་ཡོད་ཀྱང་། དེ་དང་ཕྱོགས་མཚུངས་དཀའ་ངལ་

ཡང་མང་དག་ཞིག་འཕྲད་བཞིན་ཡོད། དཔེར་ན། འབགས་བཙོག་གི་དཀའ་ངལ། རྡུལ་ཕྲན་མཚོན་ཆ། ཐོན་ ཁུངས་གཏོར་བཤིག་ལྟ་བུའོ། །

ཚན་རྩལ་གྱི་ཤེས་བྱ་བརྒྱུད་ནས་འཇིག་རྟེན་སྤྱི་ཁྱབ་ལ་ཕན་པའི་ལས་དོན་སྒྲུབ་པ་ལས། ཚན་རྩལ་བེད་ལོག་གིས་

རང་གཞན་ཀུན་ལ་གནོད་གཞིར་མི་འགྱུར་བར་བྱ་དགོས།


སྦྱོང་ཚན།

ཀ གཤམ་གསལ་བརྗོད་པ་རྣམས་ལ་འགྲེལ་བརྗོད་རིང་ཐུང་འཚམ་པ་རེ་གྱིས། ༡༽

ཚན་རིག་གི་རང་བཞིན།

༢༽

ཚན་རིག་པས་ལས་ཀ་བྱེད་སྟངས།

༤༽

ཚན་རིག་དང་འཕྲུལ་རིག་གི་མིའི་བདེ་སྡུག་ལ་ཕན་གནོད།

༣༽ ༥༽

ཕྱི་དངོས་པོའ་ི ཐད་གནའ་བོ་དང་དེང་རབས་ཀྱི་ཁྱད་པར།

ཚན་རིག་གི་ཁོར་ཡུག་ལ་གནོད་སྐྱོན།

ཁ འགྲིག་རྟགས་དང་ནོར་རྟགས་རྒྱོབ། ནོར་བ་རྣམས་རང་ངོས་ནས་འགྲིག་པ་བཟོས། ༡༽

ཚན་རིག་པས་རང་གིས་གང་འཚོལ་ཞིབ་བྱས་པ་དེ་ལ་ནོར་བ་བྱུང་ན་འགྱུར་བའམ་གསར་བཅོས་བྱེད་ཀྱི་ཡོད།

༢༽

ཚན་རིག་པ་རྣམས་གནད་དོན་ཞིག་ལ་བརྟག་དཔྱད་ཐེངས་གཅིག་ཙམ་བྱས་ནས་ཡིད་ཚིམ་པ་བྱེད་ཀྱི་ཡོད།

༤༽

ཚན་རིག་པས་ད་ཆ་ཉི་མའི་སྟེང་དུ་འགྲོ་རྒྱུའི་འཆར་གཞི་འདིང་གི་ཡོད།

༣༽ ༥༽

འཕྲུལ་རིག་བེད་སྤྱོད་བྱས་ནས་མིའི་ཤེས་བྱ་གོང་མཐོར་གཏོང་རྒྱུར་ཕན་ཐོགས་བྱུང་ཡོད།

དེང་སང་ཀམ་པུ་ཊར་དང་བརྙན་འཕྲིན་ལ་བརྟེན་ནས་ནང་མི་ཕན་ཚུན་གྱི་འབྲེལ་བར་གནོད་སྐྱོན་བྱུང་གི་ཡོད།

ག གཤམ་གསལ་བར་སྟོང་རྣམས་རྒྱོངས། ༡༽

༢༽

ད་ཆ་འཛམ་གླིང་གི་་་་་་་་་་་་་་་་་་་་་་ཐེར་འབུམ་༧་༣ ཙམ་ལ་སླེབས་ཡོད།

ཁྱེད་རང་གི་བསམ་པར་ཚན་རིག་གིས་འགྲོ་བ་མིར་ཕན་ཐོགས་ཆེ་ཤོས་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༣༽ ཚན་རིག་པས་གནད་དོན་ཞིག་ངོས་བཟུང་ནས་དེ་ལ་ཐོག་མ་་་་་་་་་་་་་་་་་་་་་་་བྱེད། དེའི་རྗེས་གནས་ཚུལ་ཕར་མ་ ༤༽

མཁོ་སྒྲུབ་བྱེད་པ། ཚོད་དཔག་དང་་་་་་་་་་་་་་་་་་་་་་་་་་་་་་བྱས་ནས་མཐའ་བསྡོམས་རྒྱག་གི་ཡོད།

དེང་སང་འཛམ་གླིང་ནང་ཉི་འོད་དང་་་་་་་་་་་་་་་་་་་་་་་་་་་སོགས་ཀྱི་ནུས་པ་ཤུགས་ཆེ་བཀོལ་སྤྱོད་བྱེད་བཞིན་ཡོད།

༥༽ ་་་་་་་་་་་་་་་་་་་་་་་་་་་་་་་ནི་འཛམ་གླིང་ནང་ཚན་རིག་ལས་བྱུང་བའི་དཀའ་ངལ་ལམ་གནོད་སྐྱོན་ཆེ་ཤོས་ཤིག་ཡིན།

13


ཚན་རིག་གིས་འགྲོ་བ་མིར་ཕན་ཐོགས་གང་དང་གང་བྱུང་བ་རྣམས་ཉ་རུས་དཔེ་རིས་ནང་བྲིས། འཕྲོད་བསྟེན་ཡར་རྒྱས།

དཔེར་ན།

ཚན་རིག་གི་ཕན་ཐོགས།

༡ ནད་ངོས་འཛིན་ཐུབ་པ།

ལས་འཆར།

༼ཚན་རིག་ནི་འགྲོ་བ་མི་ལ་གནོད་པ་ལས་ཕན་ཐོགས་ཆེ།༽

ཞེས་པའི་བརྗོད་གཞིའི་ཐོག་སློབ་ཕྲུག་གཉིས་ནས་འཐད་ཕྱོགས་ དང་སློབ་ཕྲུག་གཉིས་ནས་དགག་ཕྱོགས་ཀྱི་བགྲོ་གླེང་བྱེད་དུ་ཆུག ཡང་སློབ་གྲྭའི་ནང་འཛིན་རིམ་ལྔ་པ་སྡེ་ཚན་མང་པོ་ཡོད་ན་འཛིན་ གྲྭ་ནང་ཁུལ་བགྲོ་གླེང་བྱེད་ཐུབ་ན་ལེགས།

14


སྐྱེ་ལྡན་དངོས་པོ་དང་སྐྱེ་ལྡན་མིན་པའི་དངོས་པོ།

སློབ་ཚན། ༢

༄། །སྤྱིར་འཛམ་གླིང་འདིའི་ནང་གི་དངོས་པོ་ཐམས་ཅད་ཁག་གཉིས་ལ་དབྱེ་ཐུབ་ཅིང་། དེ་དག་ནི་རང་བྱུང་གི་དངོས་པོ་ དང། མིས་བཟོས་པའི་དངོས་པོ་བཅས་ཡིན། དེ་ཡང་མིས་བཟོས་པའི་དངོས་པོ་ནི་ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་བཞིན་

པ་དང་མཐོང་བཞིན་པའི་ཅ་དངོས་ཡོ་ཆས་ཁག་དང། འཕྲུལ་ཆས་རྣམས་ཡིན། དེ་བཞིན་རང་བྱུང་གི་དངོས་པོ་ནི་མི་དང་ སྲོག་ཆགས་སོགས་སྐྱེ་ལྡན་གྱི་དངོས་པོ་དང་། ས་དང་ཆུ་སོགས་སྐྱེ་ལྡན་མ་ཡིན་པའི་དངོས་པོ་བཅས་གཉིས་ཡིན། གཤམ་གྱི་དཔེ་རིས་ལ་གཟིགས་ན་ཁྱེད་ཀྱིས་དངོས་པོ་རྣམས་ཇི་ལྟར་དབྱེ་ཚུལ་ཁ་གསལ་པོར་ཤེས་ཐུབ།

ང་ཚོའི་ཉེ་འཁོར་གྱི་དངོས་པོ། སྐྱེ་ལྡན་དངོས་པོ། རྩི་ཤིང།

སྲོག་ཆགས།

སྐྱེ་ལྡན་མིན་པའི་དངོས་པོ། དཔེར་ན། ས་དང། ཆུ། རླུང་བཅས།

ང་ཚོའི་ཉེ་འཁོར་དུ་དངོས་པོ་སྣ་ཚོགས་ཡོད། འབུ་སྲིན་དང། ཤྭ་བ། བྱིའུ། ཁྱི། རྩི་ཤིང་ལྟ་བུ་ལ་སྐྱེ་དངོས་ཟེར། ཡང་རྡོ་དང། སྨྱུ་གུ། ཁང་པ། ལྟོ་སྣོད་བཅས་ཀྱང་སྐྱེ་ལྡན་མིན་པའི་དངོས་པོའ་ི དཔེ་མཚོན་ཡིན། སྐྱེ་དངོས་རྣམས་ཕྲ་ཕུང་ལས་གྲུབ་པ་

དང་ཚོར་བ་ལྡན་པ། དེ་དག་གིས་འགུལ་བསྐྱོད་དང། དབུགས་འབྱིན་རྔུབ། སྐྱེ་འཕེལ། ཕྱི་ས་འདོར་བ། ཟས་བཅུད་ལེན་པ་ བཅས་བྱེད་ཀྱི་ཡོད། སྐྱེ་ལྡན་མིན་པའི་དངོས་པོར་ཁྱད་ཆོས་དེ་དག་ཡོད་དམ། ང་ཚོས་སློབ་ཚན་འདིའི་ནང་སྐྱེ་དངོས་ཀྱི་ ཁྱད་ཆོས་སྐོར་སྦྱང་རྒྱུ་ཡིན།

15


སྐྱེ་ལྡན་དངོས་པོའ་ི ཁྱད་ཆོས།

• སྐྱེ་ལྡན་རྣམས་ཕྲ་ཕུང་ལས་གྲུབ་པ་ཡིན།

• སྐྱེ་ལྡན་རྣམས་འཚོ་བར་ཟས་བཅུད་དགོས། • སྐྱེ་ལྡན་རྣམས་ཀྱིས་ཕྱི་ས་འདོར།

• སྐྱེ་ལྡན་རྣམས་ཀྱིས་འགུལ་བསྐྱོད་བྱེད། • སྐྱེ་ལྡན་རྣམས་ལ་ཚོར་བ་ཡོད།

• སྐྱེ་ལྡན་རྣམས་ཀྱིས་དབུགས་འབྱིན་རྔུབ་བྱེད། • སྐྱེ་ལྡན་རྣམས་ཀྱིས་སྐྱེ་འཕེལ་བྱེད།

༡) སྐྱེ་ལྡན་ཡོངས་རྫོགས་ཕྲ་ཕུང་ལས་གྲུབ་པ་ཡིན།

སྐྱེ་དངོས་རྣམས་ཕྲ་ཕུང་ལས་གྲུབ་པ་དང་ཕྲ་ཕུང་ལ་དབྱིབས་དང་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད། ཕྲ་ཕུང་

ནི་སྐྱེ་ལྡན་གྱི་ཆ་ཤས་ཆུང་ཤོས་དེ་ཡིན། སྐྱེ་ལྡན་ཁ་ཤས་ཕྲ་ཕུང་གཅིག་ལས་གྲུབ་པ། དཔེར་ན། ཨ་མི་སྦ་(Amoeba) དང་

ཕྲ་སྲིན་(Bacteria) སོགས་ཡིན། དེ་དག་ཧ་ཅང་ཆུང་ཆུང་ཡིན་སྟབས་ང་ཚོའི་མིག་རྗེན་པས་མཐོང་མི་ཐུབ། སྐྱེ་ལྡན་དེ་

ཚོ་ཕྲ་མཐོང་ཆེ་ཤེལ་(Microscope) བེད་སྤྱོད་བྱས་ན་མཐོང་ཐུབ། ཡང་སྐྱེ་ལྡན་ཕལ་ཆེ་བ་ཕྲ་ཕུང་ས་ཡ་མང་པོས་གྲུབ་པ། དཔེར་ན། ཙི་ཙི་དང་གླང་ཆེན། རྩྭ། ཁམ་སྡོང་སོགས་ཡིན།

དཔེ་རིས། ༢་༡ ཕྲ་ཕུང།

16

དཔེ་རིས། ༢་༢

ཨ་མི་སྦ།

དཔེ་རིས། ༢་༣

ཕྲ་སྲིན།


༢) སྐྱེ་ལྡན་རྣམས་འཚོ་བར་ཟས་བཅུད་དགོས།

དཔེ་རིས། ༢་༤

༣) སྐྱེ་ལྡན་རྣམས་སྐྱེ་འཕེལ་དང་འཚར་ལོངས་བྱེད།

དཔེ་རིས། ༢་༥

སྲོག་ཆགས་ནི་རང་ལ་འཚར་ལོངས་དང་འཕེལ་རྒྱས་ངེས་གཏན་ཞིག་བྱུང་ཚེ་དེ་ལས་ཆེ་རུ་འགྲོ་མི་ཐུབ། རྩི་ཤིང་གི་ཡན་

ལག་གང་འདྲ་ཞིག་ལ་སྐྱོན་ཆག་བྱུང་ཚེ། ཡན་ལག་དེས་བསྐྱར་དུ་འཕེལ་རྒྱས་བྱུང་ཐུབ་པའི་ནུས་པ་ལྡན་ཡོད། འོན་ཀྱང་

སྲོག་ཆགས་ཁ་ཤས་མ་གཏོགས་གཞན་ཚང་མར་སྐྱོན་ཆག་བྱུང་བའི་ཡན་ལག་དེ་བསྐྱར་དུ་འཕེལ་རྒྱས་བྱེད་མི་ཐུབ། དཔེར་ ན། རྨིགས་པ་(Lizard) ཡི་མཇུག་མ་མཚམས་རེ་སྐྱོན་ཆག་བྱུང་སྐབས་མཇུག་མ་བསྐྱར་དུ་སྐྱེ་ཐུབ་པ་དང། ཡང་ཉ་སྐར་

ཆེན་(Star fish) དང། ཆུ་སྦྲུལ་(Hydra) གྱི་ཡན་ལག་ལ་སྐྱོན་ཆག་བྱུང་སྐབས་བསྐྱར་དུ་སྐྱེས་ཐུབ་པའི་ནུས་པ་ལྡན་ཡོད་

དཔེ་རིས། ༢་༦

རྨིགས་པ།

དཔེ་རིས། ༢་༨

ཉ་སྐར་ཆེན།

དཔེ་རིས། ༢་༩

ཆུ་སྦྲུལ།

17


དོ།

སྐྱེ་ལྡན་རྣམས་ཀྱིས་རིགས་རྒྱུད་སྤེལ་ཐུབ།

རིགས་རྒྱུད་སྤེལ་རྒྱུ་ནི་སྐྱེ་ལྡན་ཚོའི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཡིན། སྐྱེ་ལྡན་རྣམས་ཀྱིས་རང་གི​ི་རིགས་རྒྱུད་མི་ཆད་པར་

སྤེལ་བཞིན་ཡོད་ཅིང་། རིགས་རྒྱུད་སྤེལ་ཚུལ་ཡང་སྣ་ཚོགས་ཡོད། སྲོག་ཆགས་ཁ་ཤས་མངལ་སྐྱེས་ཀྱི་སྒོ་ནས་རིགས་རྒྱུད་ སྤེལ་ཞིང་ཁ་ཤས་སྒོ་ང་བཏང་ནས་རིགས་རྒྱུད་སྤེལ་གྱི་ཡོད།

རྩི་ཤིང་གིས་ས་བོན་ནམ་སོན་ནས་མྱུ་གུ་སྦྱིན་པ་དང་དེ་

ནས་ལོ་མ་དང་ཡལ་ག། སྡོང་པོ་བཅས་རིམ་བཞིན་རྩི་ཤིང་་གི་གཟུགས་གང་པོར་འགྱུར།

དཔེ་རིས། ༢་༡༠ མངལ་སྐྱེས།

དཔེ་རིས།

༢་༡༡

དཔེ་རིས། ༢་༡༢ ས་བོན་ནས་སྐྱེས།

སྒོང་སྐྱེས།

བྱེད་སྒོ། ༡

དམིགས་ཡུལ། རྩི་ཤིང་འཚར་ལོངས་བྱེད་སྟངས་སྦྱོང་རྒྱུ། དགོས་མཁོ། བྱེད་སྟངས།

སྲན་མ་ཁ་ཤས།

དྭངས་གསལ་གྱི་སྣོད།

ཆུ།

སྲིང་བལ།

༡ སྲན་མ་ཁ་ཤས་ཉིན་གཅིག་ཙམ་གོང་ཆུའི་ནང་ སྦོངས།

༢ སྲིང་བལ་ཆུ་ལ་སྦངས་ནས་དྭངས་གསལ་སྣོད་ ནང་དུ་བླུགས།

18

དཔེ་རིས། ༢་༡༣


སྲན་མ་དེ་དག་སྲིང་བལ་རློན་པའི་ནང་དུ་བར་ཐག་རན་པར་བཞག་ནས། དེའི་སྐྱེ་འཕེལ་སྣོད་ཀྱི ཕྱི་ལོགས་ནས་མཐོང་ཐུབ་པ་བཟོ་དགོས།

སྣོད་དེ་ཉི་འོད་ཕོག་སར་ཞོག།

སྲན་མར་འགྱུར་བ་གང་འགྲོ་མིན་ལྟ་ཞིབ་རེའུ་མིག་ནང་སྐོངས། ཉམས་ཞིབ་བྱུང་བའི་འཕོ་འགྱུར། ཉིན།

ཆེ་ཆུང།

ཁ་དོག།

སྐྱེ་འཕེལ་གསར་པ།

གནད་དོན་གཞན།

འགོ་འཛུགས་ཀྱི་ཉིན། ཉིན་གཉིས་པ། ཉིན་བཞི​ི་པ།

ཉིན་དྲུག་པ།

ཉིན་བརྒྱད་པ། གོང་གསལ་ལྟ་ཞིབ་ལ་མཐའ་བསྡོམས་རྒྱོབ།

༤) སྐྱེ་ལྡན་རྣམས་ཀྱིས་འགུལ་བསྐྱོད་བྱེད་ཐུབ།

སྲོག་ཆགས་ཚོས་ཟས་དང་སྡོད་གནས་འཚོལ་རྒྱུ་དང། དགྲ་དང་ཉེན་ཁ་ནས་གཡོལ་ཐབས་ཆེད་སུག་ལག་དང། གཤོག་པ་ སོགས་བེད་སྤྱད་ནས་འགུལ་བསྐྱོད་བྱེད། སྦྲུལ་ལྟ་བུའི་སྲོག་ཆགས་འགའ་ཤས་གོག་འགྲོ་བྱས་ནས་འགུལ་བསྐྱོད་བྱེད་པས། དེ་དག་ལ་གོག་བགྲོད་སྲོག་ཆགས་ཟེར། ཡང་ཉ་དང། ངང་པ་ལྟ་བུས་ཆུའི་ནང་རྐྱལ་རྒྱབ་ནས་འགུལ་བསྐྱོད་བྱེད་ཀྱི་ཡོད།

19


དཔེ་རིས། ༢་༡༤

རྩི་ཤིང་གི་རྩ་བ་སའི་ནང་བརྟན་པོར་ཚུགས་པས། སྲོག་ཆགས་བཞིན་གནས་གཅིག་ནས་གཞན་ལ་འགུལ་བསྐྱོད་བྱེད་མི་ ཐུབ་ཀྱང། རྩི་ཤིང་གིས་ཉི་འོད་ཕོག་ཕྱོགས་ལ་བརྟེན་ནས་ཡན་ལག་འགུལ་བསྐྱོད་བྱེད། དཔེར་ན། ཉི་མ་མེ་ཏོག་(Sun flower) ཉི་འོད་ཕྱོགས་ལ་ཁ་སྟོན་གྱི་ཡོད། ཡང་ས་འོག་གི་རྩ་བ་ཆུའི་ཕྱོགས་སུ་རྒྱས་པ་ལྟ་བུའོ།།

དཔེ་རིས། ༢་༡༥ རྩ་བ་རྒྱས་པའི་་ཤིང་སྡོང།

བྱེད་སྒོ། ༢

དམིགས་ཡུལ།

དཔེ་རིས། ༢་༡༦ ཉི་མ་མེ་ཏོག་།

རྩི་ཤིང་འོད་ཀྱི་ཕྱོགས་སུ་འགུལ་བསྐྱོད་བྱེད་ཀྱི་ཡོད་མེད་འཚོལ་རྒྱུ།

གོང་གི་བྱེད་སྒོ་དང་པོའ་ི སྲན་མ་བླུགས་པའི་དྭངས་གསལ་སྣོད་དེ། ཉི་འོད་ཡག་པོ་ཕོག་སའི་སྒེའུ་ཁུང་ཞིག་གི་འགྲམ་དུ་ ཉིན་ཁ་ཤས་རིང་ཆུ་བླུགས་ཏེ་བཞག། ལོ་མ་རྣམས་ཁ་ཕྱོགས་གང་དུ་སྐྱེ་མིན་ལ་ལྟ་ཞིབ་བྱས་ནས་མཐའ་བསྡོམས་རྒྱོབ།

20


༥) སྐྱེ་ལྡན་རྣམས་ལ་ཚོར་བ་ལྡན་ཡོད། ཚོར་རྐྱེན་ལ་ཚོར་ལན།

(Response to stimulus)

༡ སློབ་ཕྲུག་ཚོ། གལ་སྲིད་མི་ཞིག་གིས་གློ་བུར་དུ་ཁྱེད་ཀྱི་ཕྱོགས་སུ་པོ་ལོ་ གཡུགས་པ་ཡིན་ན། ཁྱེད་ཀྱིས་གང་བྱེད་ཀྱི་རེད།

༢ ཁྱེད་ཀྱི་ལག་པ་དངོས་པོ་ཚ་པོ་ཞིག་ལ་ཐུག་ན། ཁྱེད་ཀྱིས་གང་བྱེད་ཀྱི་རེད། ༣

དཔེ་རིས། ༢་༡༧

རྩི་ཤིང་ཨ་ཙ་མ།

གལ་ཏེ་ཁྱེད་ཀྱི་མིག་ལ་འོད་མདངས་ཤུགས་ཆེ་ཞིག་ཕོག་ན། ཁྱེད་ཀྱིས་གང་བྱེད་ཀྱི་རེད།

སྐྱེ་ལྡན་རྣམས་ལ་ཚོར་བ་ཡོད་པས། དུས་རྒྱུན་སྲོག་ཆགས་ཀྱིས་ཟས་མཐོང་མ་ཐག་དེའི་ཕྱོགས་སུ་འགྲོ་བ་དང། གནམ་

གཤིས་གྲང་སྐབས་ཁང་པའི་ནང་དུ་འཛུལ་བ། སྐབས་རེ་ཟས་ཀྱི་དྲི་ཞིམ་སྣས་ཚོར་མ་ཐག་ཁའི་ནང་མཆིལ་མ་འཁོར་བ་ལྟ་ བུ། རྩི་ཤིང་རྣམས་ཉི་འོད་ཕྱོགས་སུ་བསྟེན་པ་དང། ཡང་རྩི་ཤིང་ཨ་ཙ་མ་(Touch me not plant ) ཞིག་ལ་ལག་པ་རེག་ ན་ལམ་སེང་འཁུམ་པ་སོགས་ཀྱི་ཚོར་བ་མྱུར་པོ་ལྡན་ཡོད།

གང་ཞིག་གིས་ཁྱེད་རང་ལ་སྤྱོད་ཚུལ་ངེས་ཅན་ཞིག་བྱ་རུ་

འཇུག་པ་དེ་ལ་ཚོར་རྐྱེན་ཟེར། ཚོར་རྐྱེན་དེ་ལ་སྐྱེ་ལྡན་གྱི་རྣམ་འགྱུར་དང་བྱ་སྤྱོད་གང་སྟོ​ོན་པ་དེ་ལ་ཚོར་ལན་ཟེར། དེ་ལྟ་ བུའི་སྐྱེ་ལྡན་གྱི་བྱ་སྤྱོད་ལ་ཚོར་རྐྱེན་ལ་ཚོར་ལན་ཟེར།

སོ་སོའ་ི འཆར་སྣང་བྲིས།

ལག་པར་ཟྭ་པོ་ཟུག་ན།

ཚོར་རྐྱེན།

ཚོར་ལན།

རྒྱུ་མཚན།

གློ་བུར་དུ་ཆར་པ་འབབ་ན།

གློ་བུར་དུ་རང་གི་ཨ་མ་འཛིན་ཁང་ནང་སླེབས་ན། གློ་བུར་དུ་ས་ཡོམ་བརྒྱབ་ན།

གློ་བུར་དུ་སྟག་དང་འཕྲད་ན།

21


༦) སྐྱེ་ལྡན་རྣམས་འཚོ་བར་དབུགས་འབྱིན་རྔུབ་བྱེད།

སྐྱེ་ལྡན་རྣམས་ཀྱིས་རང་ཉིད་འཚོ་བར་དབུགས་འབྱིན་རྔུབ་བྱེད་ཀྱི་ཡོད། སྲོག་ཆགས་ཚོས་རྒྱུན་དུ་འཚོ་རླུང་(Oxygen) རྔུབ་པ་དང་ཀར་བོན་འཚོ་རླུང་ཉིས་ལྡན་(Carbon-dioxide) འབྱིན་གྱི་ཡོད། ང་ཚོ་མི་དང་སྲོག་ཆགས་རྣམས་ཁ་དང་

སྣ་བུག་བརྒྱུད་དབུགས་འབྱིན་རྔུབ་བྱེད་པ་དང། འབུ་སྲིན་རྣམས་ལུས་པོའ་ི སྟེང་གི་ཨི་ཁུང་ཆུང་ངུ་རྣམས་བེད་སྤྱད་ནས་ དབུགས་གཏོང་ལེན་བྱེད། ཡང་ཆུའི་ནང་གི་ཉ་ལྟ་བུའི་སྲོག་ཆགས་ཚོས་འགྲམ་ལྕིབས་ (Gills) བེད་སྤྱད་ནས་དབུགས་ འབྱིན་རྔུབ་བྱེད་ཀྱི་ཡོད། རྩི་ཤིང་རྣམས་ཀྱིས་ལོ་མའི་དབུགས་ཁུང་(Stomata) བརྒྱུད་རླུང་བརྗེ་ལེན་བྱེད་ཀྱི་ཡོད།

དཔེ་རིས། ༢་༡༨ ཉའི་འགྲམ་ལྕིབས།

བྱེད་སྒོ།

དམིགས་ཡུལ། བྱེད་སྟངས། ༡

དཔེ་རིས། ༢་༡༩ ལོ་མའི་དབུགས་ཁུང།

སྐྱེ་ལྡན་འཚོ་གནས་ཐུབ་པར་རླུང་དགོས་མིན་ལྟ་རྒྱུ།

འཛིན་གྲྭའི་སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས་བྱེད་སྒོ་དེ་སྤེལ་རྒྱུ།

སྡེ་ཚན་གྱི་སློབ་ཕྲུག་རེས་མོས་བཞིན་རང་གི་ལག་པས་ཁ་དང་སྣ་བུག་བཀབ་ནས་དུས་ཡུན་ག་ཚོད་རིང་དབུགས་ འབྱིན་རྔུབ་མ་བྱས་པར་སྡོད་ཐུབ་མིན་ལྟོས་དང།

22


སློབ་ཕྲུག་གི་མིང།

དཔེར་ན།

ལྷ་མོ།

ལྟ་ཞིབ་རེའུ་མིག་

དུས་ཡུན་ག་ཚོད་རིང་དབུགས་བཀག་ནས་སྡོད་ཐུབ་མིན། སྐར་ཆ་ ༡༥

ང་ཚོས་ག་རེ་སྦྱངས་ཡིན། • ང་ཚོའི་ཉེ་འཁོར་དུ་དངོས་པོ་སྣ་ཚོགས་ཡོད། དེ་རྣམས་ཐམས་ཅད་རང་བྱུང་དང་། མིས་བཟོས་པ་བཅས་གཉིས་སུ་ དབྱེ་ཐུབ།

• དེ་དག་ལས་ཁག་ཅིག་སྐྱེ་ལྡན་དང། གཞན་རྣམས་སྐྱེ་ལྡན་མིན། • སྐྱེ་ལྡན་འདྲ་མིན་ཡོད་ཀྱང་ཚང་མར་ཐུན་མོང་གི་ཁྱད་ཆོས་ཡོད། • སྐྱེ་དངོས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཕྲ་ཕུང་ལས་གྲུབ་པ། འཚར་ལོངས་དང་འགུལ་བསྐྱོད་བྱེད་པ། ཟས་བཅུད་ལེན་པ། དབུགས་འབྱིན་རྔུབ་བྱེད་པ། ཚོར་བ་རྐྱེན་པོ་ཡོད་པ། ཕྱི་ས་འདོར་ཐུབ་པ། རིགས་རྒྱུད་སྤེལ་ཐུབ་པ་བཅས་སོ།

• ཕྲ་ཕུང་ནི་སྐྱེ་ལྡན་གྱི་ཆ་ཤས་ཆུང་ཤོས་དེ་ཡིན། • རྩི་ཤིང་རྣམས་ལ་ཟས་བཟོ་བྱེད་ཀྱི་དམིགས་བསལ་ཐབས་ལམ་ཞིག་ཡོད་པ་དེ་ལ་ཉི་འོད་ཟས་སྦྱོར་ཟེར།

23


སྦྱོང་ཚན། ཀ༽ གཡོན་གྱི་གནད་དོན་གང་ཡིན་པ་དེ་གཡས་ཀྱི་སྟོང་ཆའི་ནང་བྲིས། ༡

སྐྱེ་ལྡན་གྱི་ཆ་ཤས་ཆུང་ཤོས།

ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན།

ལོ་མའི་དབུགས་འབྱིན་རྔུབ་གྱི་ཆ་ཤས།

༣ ༥

རྩི་ཤིང་གིས་ཟས་སྦྱོར་བྱེད་པའི་རྒྱུད་རིམ།

འོད་ཕོག་ནས་མིག་བཙུམ་པ།

ཁ༽ གཤམ་གྱི་ཚིག་རྣམས་བར་སྟོང་ནང་གང་འོས་སྐོངས། རྩི་ཤིང།

སྐྱེ་འཕེལ།

ཉི་མ་མེ་ཏོག།

ཟས་བཅུད།

འགྲམ་ལྕིབས།

....................................གིས་ཉི་མའི་ཕྱོགས་སུ་ཁ་སྟོན།

སྐྱེ་ལྡན་ཐམས་ཅད་............................... དང་འཚར་ལོངས་བྱེད།

ས་བོན་རྒྱས་ནས་.....................................སྐྱེས།

............................. ལས་སྐྱེ་དངོས་ཐམས་ཅད་ལ་ནུས་ཤུགས་འབྱུང།

ཆུ་ནང་དུ་གནས་པའི་སྲོག་ཆགས་ཉ་ལྟ་བུས་................................བརྒྱུད་ནས་དབུགས་འབྱིན་རྔུབ་བྱེད།

24


ག༽ འགྲིག་རྟགས་དང་ནོར་རྟགས་རྒྱོབ། ༡

རྩི་ཤིང་དང་སྲོག་ཆགས་ནི་སྐྱེ་དངོས་ཡིན།

(

)

རྩི་ཤིང་གིས་གནས་གཅིག་ནས་གཞན་ལ་འགུལ་བསྐྱོད་བྱེད།

(

)

སྲོག་ཆགས་གཅིག་པུས་ཚོར་རྐྱེན་ལ་ཚོར་ལན་སྤྲོད།

(

)

སྐྱེ་དངོས་ཐམས་ཅད་ཀྱིས་སྣ་བུག་བརྒྱུད་དབུགས་འབྱིན་རྔུབ་བྱེད།

(

)

སྐྱེ་དངོས་ཐམས་ཅད་སྐྱེ་འཕེལ་དང་འཚར་ལོངས་བྱེད།

(

)

ང༽ གཤམ་གྱི་གནད་དོན་རྣམས་ལ་རྩི་ཤིང་དང་སྲོག་ཆགས་དབར་གྱི་ཁྱད་པར་བྲིས། ༡

༢ ༣

སྐྱེ་འཕེལ་དང་འཚར་ལོངས་བྱེད་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ཟས་བཅུད་ལེན་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

འགུལ་བསྐྱོད་བྱེད་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༤ དབུགས་འབྱིན་རྔུབ་བྱེད་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༥ རིགས་རྒྱུད་སྤེལ་སྟངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

25


བྱེད་སྒོ། ༣

སློབ་མ་རྣམས་སྡེ་ཚན་དུ་བགོས་ཏེ་དགེ་སྐྱོན་དོགས་གསུམ་གྱི་བྱེད་སྒོ་འདི་སྤེལ་དགོས།

དགེ།

བརྗོད་གཞི། གལ་ཏེ་ང་སྐྱེ་ལྡན་གྱི་དངོས་པོ་མིན་ན།

དཔེར་ན། ང་ལ་ན་ཟུག་མེད།

སྐྱོན།

ང་ལ་གྲོགས་པོ་མེད།

དོགས།

ངའི་སྐྲ་དེ་སྐྱེ་ལྡན་ཡིན་ནམ།

བྱེད་སྒོ། ༤

རྒན་ལགས་ཀྱིས་སློབ་མ་རྣམས་སློབ་གྲྭའི་ཉེ་འཁོར་དུ་འཁྲིད་དེ། སློབ་མ་ཚོར་དངོས་པོ་གང་མཐོང་བ་རྣམས་ཀྱི་མིང་

འབྲི་རུ་ཆུག དེ་རྗེས་སློབ་མ་རྣམས་ལ་རང་གིས་ཐོ་འགོད་བྱས་པའི་དངོས་པོ་དེ་དག་རྒྱུ་མཚན་ལྡན་པའི་ངང་སྐྱེ་ལྡན་

དང་སྐྱེ་ལྡན་མིན་པའི་དངོས་པོ་གང་ཡིན་ངོས་འཛིན་དུ་ཆུག སློབ་མ་ཚོས་དབྱེ་འབྱེད་བྱས་པ་རྣམས་འགྲིག་ཡོད་མེད་ གྲོས་བསྡུར་གྱིས།

26


རླུང་དང་ཆུ།

སློབ་ཚན། ༣

སློབ་ཕྲུག་ཚོ། ང་ཚོས་འཛིན་རིམ་གསུམ་པའི་ནང་ཆུ་དང་རླུང་གི་འབྱུང་ཁུངས་དང། ཁྱད་ཆོས། བེད་སྤྱོད། དེ་བཞིན་

འབགས་བཙོག་བཅས་ཀྱི་སྐོར་ལ་སྦྱངས་ཟིན་པ་ཡིན། ཁྱེད་ཀྱིས་གནད་དོན་དྲན་གསོས་པ་རྣམས་གཤམ་གྱི་རེའུ་མིག་གི་ གཞུང་བསྟར་ ༡ དང། གང་ཤེས་འདོད་ཡོད་པ་རྣམས་གཞུང་བསྟར་ ༢ པའི་ནང་སྐོངས། གཞུང་བསྟར་ ༣ པ་དེ་སློབ་ ཚན་འདི་སྦྱངས་ཟིན་པའི་རྗེས་ལ་སྐོངས། ༡ ངས་གང་ཤེས་ཀྱི་ཡོད།

༢ ངས་གང་ཤེས་འདོད་ཡོད།

༣ ངས་གང་ཤེས་སོང་།

(སློབ་ཚན་འཚར་བའི་རྫེས་ལ་སྐོངས།)

རླུང་ཁམས། ( Atmosphere )

རླུང་ཁམས་ནི་ང་ཚོའི་འཛམ་གླིང་གི་མཐའ་སྐོར་ཡོངས་སུ་རླུང་གི་

བརྩེགས་རིམ་ཞིག་གིས་བཏུམས་ཡོད་པའི་བར་སྣང་དེ་ལ་ཟེར། རླུང་ནི་ ང་ཚོའི་གཡས་གཡོན་ཕྱོགས་གང་སར་ཁྱབ་ཡོད། ང་ཚོས་རླུང་མཐོང་

མི་ཐུབ་ཀྱང་རང་གི་ཉེ་འཁོར་ལ་ཡོད་པ་ཚོར་ཐུབ། ང་ཚོའི་ཉེ་འཁོར་གྱི་ རླུང་ནི་རླངས་གཟུགས་འདྲ་མིན་གྱིས་འདུས་ཡོད།

རླུང་ཁམས་ཀྱི་གྲུབ་ཆ་མང་ཤོས་ནི་ཟེ་རླུང་(Nitrogen)དང། འཚོ་རླུང་

དཔེ་རིས། ༣་༡ རླུང་ཁམས་ཀྱི་གྲུབ་ཆ།

(Oxygen) གཉིས་ཡིན། བརྒྱ་ཆ་ ༡ ཙམ་ནི་རླངས་གཟུགས་གཞན་གྱིས་གྲུབ་ཡོད།

27


རླུང་ཁམས་ཀྱི་ཆགས་རིམ་ (Layers of Atmosphere) ༡༽

འགྱུར་རིམ། (Trophosphere)

༢༽ སྙོམས་རིམ། (Stratosphere) ༣༽ བར་རིམ། (Mesosphere) ༤༽ ཚ་རིམ།

(Thermosphere)

༥༽

(Exosphere) བཅས་ཡིན།

ཕྱི་རིམ།

རླུང་གི་ཁྱད་ཆོས། ( Properties of Air )

དཔེ་རིས། ༣་༢

སློབ་ཕྲུག་ཚོ། ང་ཚོས་འཛིན་རིམ་གསུམ་པར་རླུང་ལ་ཁ་དོག་མེད་པ། བཟོ་དབྱིབས་ངེས་ཅན་མེད་པ། དེ་བཞིན་ལྗིད་ཚད་ ལྡན་པ་བཅས་སྦྱངས་ཟིན་པ་ཡིན། སློབ་ཚན་འདིའི་ནང་ང་ཚོས་མཉམ་རུབ་ཐོག་རླུང་གི་ཁྱད་ཆོས་གཞན་ཁག་ཅིག་སྦྱོང་ རྒྱུ་ཡིན།

བྱེད་སྒོ། ༡

དམིགས་ཡུལ། རླུང་གིས་སྟོང་ཆ་འཛིན་ཐུབ་མིན་ལྟ་ཞིབ་བྱ་རྒྱུ། དགོས་མཁོ། བྱེད་སྟངས།

དྭངས་གསལ་གྱི་ཕོར་པ། ཆུ་ཡོད་པའི་སྣོད་ཆེ་བ་གཅིག།

༡༽ དྭངས་གསལ་གྱི་ཕོར་པ་དེ་ཆུ་སྣོད་ནང་ཁ་ཐུག་ཁ་སྦུབས་ནས་ཕོར་ པའི་ནང་ཆུ་འཛུལ་ཐུབ་མིན་ལྟོས།

༢༽ བསྐྱར་དུ་དྭངས་གསལ་གྱི་ཕོར་པ་དེ་གསེག་སློག་ནས་ཁ་སྦུབས་ན། ཕོར་པའི་ནང་ཆུ་འཛུལ་ཐུབ་མིན་ལྟོས།

28

དཔེ་རིས།

༣་༣


གོང་གི་བྱེད་སྒོ་དེ་ནས་མཐོང་ཚུལ་གང་བྱུང་བར་མཐའ་བསྡོམས་རྒྱོབ། བྱེད་སྒོ། ༢

དམིགས་ཡུལ། རླུང་ཁྱབ་བརྡལ་བྱེད་མིན་ལྟ་ཞིབ་བྱ་རྒྱུ། དགོས་མཁོ། བྱེད་སྟངས།

སྤོས། ཙག་སྒྲ།

༡)

སློབ་ཕྲུག་རྣམས་སྐར་མ་ཁ་ཤས་རིང་འཛིན་ཁང་ཕྱི་ལ་འགྲོ་རུ་ཆུག།

༣)

དེ་རྗེས་སློབ་མ་རྣམས་འཛིན་ཁང་དུ་བསྐོངས་ནས། དྲི་མ་གང་ཡིན་ངོས་འཛིན་བྱེད་རྒྱུ་དང་། དེའི་འབྱུང་ཁུངས་

༢)

༤)

རྒན་ལགས་ཀྱིས་སྤོས་ཤིག་སྤར་ནས་འཛིན་ཁང་ནང་སྦས་ནས་ཞོག ཕྱོགས་གང་དུ་ཡོད་མེད་ཚོད་དཔག་བྱེད་དུ་ཆུག

དྲི་མའི་འབྱུང་ཁུངས་གནས་གཅིག་ཏུ་ཡོད་ཀྱང་། ཕྱོགས་གང་སར་ཚོར་ཐུབ་པའི་རྒྱུ་མཚན་ཤོད།

བྱེད་སྒོ། ༣

དམིགས་ཡུལ། བྱེད་སྟངས།

རླུང་གིས་གནོན་ཤུགས་སྤྲོད་ཐུབ་མིན་ལྟ་ཞིབ་བྱ་རྒྱུ།

དཔེ་རིས། ༣་༤

གོང་གི་བྱེད་སྒོ་དེ་ནས་ཁྱེད་ཀྱིས་གང་ཤེས་པ་མཐའ་བསྡོམས་རྒྱོབ།

29


བྱེད་སྒོ། ༤

དམིགས་ཡུལ། རླུང་མེད་ན་མེ་འབར་ཐུབ་མིན་ལྟ་རྒྱུ། བྱེད་སྟངས།

དཔེ་རིས། ༣་༥

གོང་གི་བྱེད་སྒོ་དེ་ནས་ཁྱེད་ཀྱིས་གང་ཤེས་པ་མཐའ་བསྡོམས་རྒྱོབ།

ཆུ།

བྱེད་སྒོ། ༥ གལ་ཏེ་སའི་གོ་ལའི་ཐོག་གི་ཆུ་ཡོངས་སུ་རྫོགས་པ་སྐམ་ན། ང་ཚོར་དཀའ་ངལ་ཅི་ཞིག་འཕྲད་མིན་སྐོར་གྲོས་ བསྡུར་བྱ་རྒྱུ།

30

དཔེ་རིས། ༣་༦


བྱེད་སྟངས།

• སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས། རྒན་ལགས་ཀྱིས་སྡེ་ཚན་རེ་རེར་ཤོག་བུ་རེ་སྤྲོད་དགོས། • སློབ་ཕྲུག་རྣམས་ཀྱིས་སྐར་མ་ཁ་ཤས་རིང་གོང་གི་བརྗོད་གཞི་དེའི་ཐོག་གྲོས་བསྡུར་བྱེད་དགོས།

• དའིེ་རྗེས་སྡེ་ཚན་སོ་སོས་དུས་ཚོད་སྐར་མ་གཅིག་ནང་བསམ་ཚུལ་ཤོག་ཐོག་ཏུ་བྲིས་ཏེ། སྐར་མ་གཅིག་རྫོགས་མཚམས་ ཤོག་བུ་དེ་སྡེ་ཚན་གཞན་ལ་སྤྲོད་དགོས།

• སླར་ཡང་སྐར་མ་གཅིག་གི་རྗེས་ཤོག་བུ་སྡེ་ཚན་གཞན་ཞིག་ལ་སྤྲད་ནས་བསམ་ཚུལ་གསར་པ་གང་ཡོད་འགོད་དགོས། • དེ་ལྟར་སྡེ་ཚན་རེས་མོས་ཀྱིས་བསམ་ཚུལ་གསར་པ་རྣམས་ཁ་སྣོན་བྱེད་དགོས།

• མཐར་དཀའ་ངལ་ཐོ་འགོད་བྱས་པའི་ཤོག་བུ་དེ་དག་འཛིན་གྲྭའི་སྦྱར་པང་ཐོག་སྦྱར་དགོས། གོང་གི་བྱེད་སྒོ་ནས་ཆུ་དེ་ང་ཚོ་འཚོ་གནས་ཐུབ་པར་མེད་དུ་མི་རུང་བའི་དངོས་པོ་གལ་ཆེན་པོ་ཞིག་ཡིན་པ་ཤེས་རྟོགས་ བྱུང་ཡོད།

ང་ཚོས་ཆུ་བེད་སྤྱོད་འདྲ་མིན་གཏོང་གི་ཡོད།

དཔེར་ན། འཐུང་ཆུར་བེད་སྤྱོད་པ། བྱེད་ཀྱི་ཡོད།

ཟས་བཟོ་བ།

གྱོན་གོས་དང་ལུས།

སྣོད་ཆས་འཁྲུ་བར་སོགས་ལ་བེད་སྤྱོད་

ཆུ་ནི་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། སའི་གོ་ལའི་ངོས་ཀྱི་བཞི་ཆ་གསུམ་ཙམ་ཆུས་ཁེངས་ཡོད། འོན་ཀྱང་མི་ དང་སྲོག་ཆགས་ཀྱིས་སྤྱོད་རུང་བའི་ཆུ་ནི་ཧ་ཅང་ཉུང་། གང་ལགས་ཟེར་ན། ཆུའི་བརྒྱ་ཆ་༩༧་༤ ནི་ཚྭ་ཆུ་ཡིན། ཆུ་གཙང་ མ་ཕལ་ཆེ་བ་གངས་རི་དང་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེའི་འཁྱག་རོམ་ལ་ཡོད་པས། ང་ཚོས་བེད་སྤྱོད་བྱེད་ཐུབ་པའི་ འཐུང་ཆུ་ནི་བརྒྱ་ཆ་ ༠་༠༡ ཙམ་ལས་མེད།

དཔེ་རིས། ༣་༧

31


སློབ་ཕྲུག་ཚོ། ང་ཚོས་འཛིན་རིམ་གསུམ་པའི་ནང་མིའི་བག་མེད་ཀྱི་བྱ་སྤྱོད་འདྲ་མིན་ལ་བརྟེན་ནས། ཆུ་འབག་བཙོག་ཇི་

ལྟར་ཆགས་མིན་སྐོར་སྦྱངས་ཟིན་པ་ཡིན། འཛིན་རིམ་ལྔ་པའི་ནང་ང་ཚོས་ཆུ་གཙང་སེལ་བྱེད་སྟངས་སྐོར་ལ་སྦྱང་རྒྱུ་ཡིན། ཆུ་གཙང་སེལ་བྱེད་པར་ཐབས་ལམ་འདྲ་མིན་ཡོད། དེ་དག་ནི་ཆུར་འདྲེས་པའི་རྫས་ཀྱི་རང་བཞིན་ལ་རག་ལས་ཡོད།

དཔེར་ན། རྫས་ཁ་ཤས་ཆུའི་ནང་བཞུ་བ་དང་། ཁ་ཤས་ཆུའི་ནང་བཞུ་མི་ཐུབ། ཆུའི་ནང་བཞུ་ཐུབ་པའི་རྫས་ལ་བཞུར་

རྫས་ (Soluble) ཟེར། དཔེར་ན་ཚྭ་དང་བྱེ་མ་ཀ་ར་ལྟ་བུ།

ཆུའི་ནང་བཞུ་མི་ཐུབ་པའི་རྫས་ལ་མི་བཞུར་བའི་རྫས་

(Insoluble) ཟེར། དཔེར་ན། བྱེ་མ་དང་ས་དཀར་ལྟ་བུའོ།

གོང་དུ་ང་ཚོས་ཆུ་གཙང་སེལ་བྱེད་པར་དངོས་རྫས་སོ་སོའ་ི ཁྱད་ཆོས་ལ་གཞི་བཞག་ནས་རིགས་མི་འདྲ་བ་གཉིས་སུ་ཕྱེས་ ཡོད། ཆུའི་ནང་དུ་ཡོད་པའི་དངོས་རྫས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་དེ་དག་གཙང་སེལ་ཡང་བྱེད་ཚུལ་རྣམ་པ་འདྲ་ མིན་ཡོད། གཤམ་ལ་ང་ཚོས་ཆུ་ཇི་ལྟར་གཙང་སེལ་བྱ་དགོས་སྐོར་ལ་སྦྱང་རྒྱུ་ཡིན།

ཀ༽ བཞུར་རྫས་ལྡན་པའི་ཆུ་གཙང་སེལ་བྱེད་ཐབས།

རླངས་འགྱུར། (Evaporation) དང། གཤེར་ཕབ། (Condensation)

བཞུར་རྫས་ཡོད་པའི་ཆུ་གཙང་སེལ་བྱེད་ཐབས་ཀྱི་བརྒྱུད་རིམ་ནང་། བཞུ་ཁུ་ཐོག་མར་སྐོལ་ནས། དེའི་ནང་གི་ཆུ་རླངས་

པར་འགྱུར་བ་དང་དུས་མཚུངས་རླངས་པ་ཆུར་འགྱུར་པ་དེ་སྣོད་གཞན་ཞིག་གི་ནང་གསོག་ཐུབ། མཐར་བཞུར་རྫས་ཤུལ་དུ་ ལྷག་སྟེ་དྭངས་གཙང་གི་ཆུ་རག་གི་ཡོད།

32

དཔེ་རིས། ༣་༨

རླང་འགྱུར། གཤེར་ཕབ།


ཁ༽ མི་བཞུར་བའི་རྫས་ལྡན་པའི་ཆུ་གཙང་སེལ་བྱེད་ཐབས།

མི་བཞུར་བའི་རྫས་ལྡན་པའི་ཆུ་གཙང་སེལ་བྱེད་ཐབས་ཁག་མི་འདྲ་བ་ཡོད་པ་དེ་དག་ནི།

༡༽སྙིགས་གསོག (Sedimentation) དང་། དྭངས་བསིང་འབྱེད་པ། (Decantation)

མི་བཞུར་བའི་རྫས་རྣམས་ཆུའི་གཏིང་དུ་འབྱིང་བར་བྱེད་པའི་བརྒྱུད་རིམ་དེ་ལ་སྙིགས་གསོག་ཟེར། སྙིགས་མ་འབྱེད་ནས་གཤེར་ཁུ་གཙང་མ་ལེན་པའི་བརྒྱུད་རིམ་ལ་དྭངས་བསིང་བྱེད་པ་ཟེར། ཆུ་སྣོད།

སྙིགས་པ།

ཆུ།

དཔེ་རིས། ༣་༩

སྙིགས་གསོག

བྱེ་མ།

ཆུ་གཙང་མ།

དཔེ་རིས། ༣་༡༠ དྭངས་བསིང་འབྱེད་པ།

༢༽འཚག་སྦྱོར། (Filtration)

སྙིགས་ཆུ།

མི་བཞུར་བའི་རྫས་རྣམས་འཚག་བརྒྱབ་ནས། གཤེར་ཁུ་

དྭངས་མ་ལེན་པའི་བརྒྱུད་རིམ་ལ་འཚག་སྦྱོར་ཟེར། གོང་

པི་པི།

ཤོག་ཚགས།

གི་འཚག་སྦྱོར་བྱེད་པའི་ཐབས་ལམ་ནས་ང་ཚོས་ཆུ་དྭངས་ མ་ལེན་ཐུབ་ཀྱི་ཡོད། འོན་ཀྱང་ཆུ་དྭངས་མ་དེ་དག་ཐད་

བཙགས་ཆུ།

ཀར་འཐུང་ན་རུང་ངམ། རྒྱུ་མཚན་ཅི། གལ་ཏེ་འཐུང་མི་ རུང་ན་ཐབས་ལམ་གང་གིས་འཐུང་འོས་པ་བཟོ་ཐུབ།

དཔེ་རིས། ༣་༡༡

འཚག་སྦྱོར།

33


ང་ཚོས་ག་རེ་སྦྱངས་པ་ཡིན།

• སའི་གོ་ལའི་མཐའ་སྐོར་ཡོངས་རྫོགས་རླུང་གིས་བཏུམས་ཡོད་པ་དེ་ལ་རླུང་ཁམས་ཟེར།

• རླུང་ནི་ང་ཚོའི་མིག་གིས་མཐོང་མི་ཐུབ་ཀྱང་གཡོ་འགུལ་བྱེད་སྐབས་ལུས་ཀྱིས་ཚོར་ཐུབ།

• རླུང་ནི་རླངས་གཟུགས་འདྲ་མིན་གྱི་འདུས་པ་ལས། དེའི་གྲུབ་ཆ་གཙོ་བོ་ནི་ཟེ་རླུང་དང་འཚོ་རླུང་ཡིན།

• རླུང་ཁམས་ལ་ཆགས་རིམ་འདྲ་མིན་ཡོད། དེ་དག་ནི་འགྱུར་རིམ་དང། སྙོམས་རིམ། བར་རིམ། ཚ་རིམ། ཕྱི་རིམ་བཅས་ ཡིན།

• རླུང་ལ་དབྱིབས་དང་བོངས་ཚད་ངེས་ཅན་མེད། དེས་ཉེ་འཁོར་གྱི་དངོས་པོར་གནོན་ཤུགས་སྤྲོད་ཐུབ། • རླུང་ནི་སྐྱེ་དངོས་རྣམས་འཚོ་བའི་ཆེད་དུ་དགོས་པར་མ་ཟད། མེ་འབར་བ་ལ་ཡང་དགོས། • ཆུ་ནི་ང་ཚོ་མི་དང་སྐྱེ་ལྡན་ཚང་མར་དགོས་མཁོ་གལ་ཆེ་ཤོས་ཤིག་ཡིན། • སའི་གོ་ལའི་ངོས་ཀྱི་བཞི་ཆ་གསུམ་ཙམ་ཆུས་ཁེངས་ཡོད།

• ཆུའི་བརྒྱ་ཆ་༩༧་༤ ནི་ཚྭ་ཆུ་ཡིན། ང་ཚོར་དངོས་སུ་བེད་སྤྱོད་བྱེད་འོས་པའི་འཐུང་ཆུ་ནི་བརྒྱ་ཆ་ ༠་༠༡ ཙམ་ལས་མེད། • མིའི་བག་མེད་ཀྱི་བྱ་སྤྱོད་འདྲ་མིན་ལ་བརྟེན་ཆུ་ལ་འབགས་བཙོག་ཧ་ཅང་ཆེན་པོ་ཡོང་བཞིན་ཡོད།

• ཆུ་གཙང་སེལ་བྱེད་པར་ཐབས་ལམ་འདྲ་མིན་ཡོད། དེ་དག་ནི་ཆུར་འདྲེས་པའི་རྫས་ཀྱི་རང་བཞིན་ལ་རག་ལས་ཡོད། • རྫས་ཁ་ཤས་ཆུའི་ནང་བཞུ་བ་དང་། ཁ་ཤས་ཆུའི་ནང་བཞུ་མི་ཐུབ།

• ཆུའི་ནང་བཞུར་བའི་རྫས་རྣམས་དབྱེ་འབྱེད་བྱེད་པར་རླངས་འགྱུར་དང། གཤེར་ཕབ་གཉིས་མཉམ་དུ་བེད་སྤྱོད་ དགོས།

• ཆུའི་ནང་མ་བཞུར་བའི་རྫས་རྣམས་དབྱེ་འབྱེད་བྱེད་པར་སྙིགས་གསོག་དང་། དྭངས་བསིང་འབྱེད་པ་གཉིས་མཉམ་དུ་ བེད་སྤྱོད་བྱེད་པའམ། ཡང་ན་འཚག་སྦྱོར་བྱེད་དགོས།

• སྤྱི་ཚོགས་ཀྱི་མི་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་ཆུ་བག་མེད་ལོངས་སྤྱོད་མི་བྱེད་པར་བདག་སྲུང་བྱེད་རྒྱུའི་ལས་ འགན་ཡོད་པ་ཐུགས་ལ་ངེས་པར་འཇགས་དགོས།

34


ཀ༽ དྲི་བར་ལན་རྒྱོབ། ༡

སྦྱོང་ཚན།

རླུང་ཁམས་ཟེར་ན་གང་རེད་དམ།

རླུང་ཁམས་ཀྱི་ཆགས་རིམ་རྣམས་གང་དང་གང་རེད།

ཆུའི་བེད་སྤྱོད་གལ་ཆེ་བ་གསུམ་བྲིས།

༣ ༥

རླུང་གི་ཁྱད་ཆོས་ཁག་བྲིས།

གལ་ཏེ་ཁྱེད་ལ་ཇ་ཚགས་མེད་ན་ཇ་དྭངས་མ་དང་ཇ་རོ་དབྱེ་འབྱེད་བྱེད་པའི་ཐབས་ལམ་གཞན་གང་ཡོད་དམ།

ཁ༽ བར་སྟོང་སྐོངས།

༡ རླུང་ཁམས་ཀྱི་གྲུབ་ཆ་མང་ཤོས་ནི་..................................དང་.....................གཉིས་ཡིན། ༢ བཞུར་རྫས་གཙང་སེལ་བྱེད་ཐབས་ནི་.....................................ཡིན།

༣ མི་བཞུར་བའི་རྫས་གཙང་སེལ་བྱེད་ཐབས་ནི་............................དང་..............................བཅས་ཡིན། ག༽ རྒྱུ་མཚན་བྲིས། ༡

ཆུ་ཁེངས་པའི་ཤེལ་ཕོར་ཞིག་ལ་མཁྲེགས་ཤོག་ཅིག་གིས་ཁ་གཡོག་ནས་མགོ་རྟིང་སློག་ན། མཁྲེགས་ཤོག་དེ་ཤེལ་

གཤེར་ཁུ་དྭངས་མ་ལེན་སྐབས་སྙིགས་གསོག་ཡོད་པའི་སྣོད་དེ་དཀྲུགས་མི་རུང་།

རླུང་གི་སྟོང་ཆ་འཛིན་ཐུབ་མིན་ལྟ་བའི་བྱེད་སྒོའ་ི སྐབས་ཀྱི་དྭངས་གསལ་ཕོར་པ་དེ་ཆུ་སྣོད་ནང་ཁ་ཐུག་ཁ་སྦུབས་

ཕོར་ལ་སྦྱར་ནས་སར་མི་ལྷུང།

ང་ཚོས་དུས་རྒྱུན་དུ་ཆུ་ཁོལ་གྲང་བཏུང་དགོས། ནས་བླུག་དགོས།

35


ང༽ རླུང་ཁམས་ཀྱི་རིམ་པ་རྣམས་དང་དེ་དག་གི་རི་མོ་མཐུན་སྦྱོར་གྱིས།

སྙོམས་རིམ་གོ་ལ། འགྱུར་རིམ་གོ་ལ། ཚ་རིམ་གོ་ལ། ཕྱི་རིམ་གོ་ལ། བར་རིམ་གོ་ལ།

ལས་འཆར། ཆུ་དང་རླུང་གཙང་མ་ཉར་ཐབས་ཐོག་འབོད་ཚིག་(Slogan) དང་རི་མོ་སྣ་ཚོགས་བྲིས་ནས། སློབ་གྲྭའི་ཉེ་འཁོར་དུ་སྦྱར་ ཏེ་དམངས་ལ་གོ་རྟོགས་སྤེལ་དགོས།

36


ནུས་པ།

སློབ་ཚན། ༤

༄། །ང་ཚོ་རྒྱུན་གཏན་ཁྲོམ་ལ་འགྲོ་སྐབས་རང་ཉིད་ལ་དངུལ་མེད་ན་ཅ་དངོས་ཉོ་རྒྱུ་དང། ཁ་ལག་བཟའ་རྒྱུ། མོ་ཊའི་ནང་

འགྲོ་བ། གློག་བརྙན་བལྟ་བ་སོགས་བྱ་བ་གང་ཡང་བྱེད་མི་ཐུབ་པ་བཞིན། གལ་ཏེ་ནུས་པ་མེད་ན་ང་ཚོའི་གཟུགས་པོ་དང་

འཕྲུལ་འཁོར་སོགས་ཀྱིས་ཀྱང་བྱ་བ་གང་ཡང་བྱེད་མི་ཐུབ། འོན་ཀྱང་དངོས་གཟུགས་ཤིག་ལ་ནུས་པ་ཡོད་པ་ཙམ་གྱིས་དེས་ ལས་ཀ་བྱེད་དགོས་པའི་ངེས་པ་མེད། དེ་ཡང་དཔེར་ན་རང་ཉིད་ལ་དངུལ་ཡོད་པ་ཙམ་གྱིས་ཅ་དངོས་ཉོ་དགོས་པའི་ཁྱབ་ པ་མེད་པ་བཞིན་ནོ།

ནུས་པའི་གོ་དོན།

སྐབས་རེ་རང་གི་གཟུགས་པོར་ལས་ཀ་བྱེད་རྒྱུའི་ཤུགས་མེད་པ་དང་། ཤིང་གི་མེ་ལས་རླངས་རྫས་ཀྱི་མེས་ཇ་མགྱོགས་

པར་འཁོལ་བ། གནམ་གཤིས་འཐིབས་པའི་སྐབས་གྱོན་ཆས་རློན་པ་བསྐམ་དཀའ་བ། སྣུམ་རྫོགས་ན་མོ་ཊ་འགྲོ་མི་ཐུབ་པ་

སོགས་ཡོང་དགོས་དོན་གང་ཡིན་ནམ། དེའི་རྒྱུ་མཚན་ནི་གནས་སྟངས་དེ་ཚོའི་སྐབས་བྱ་བ་བྱེད་པའི་ནུས་པ་མེད་པའམ་ ནུས་པ་མ་འདང་བའི་རྐྱེན་གྱིས་ཡིན། དེར་བརྟེན། བྱ་བ་གང་ཞིག་སྤེལ་བའམ་བྱེད་ཐུབ་པའི་མཐུ་དེ་ལ་ནུས་པ་ཟེར།

ནུས་པའི་འབྱུང་ཁུངས།

དངོས་རྫས་སམ་བྱ་རིམ་གང་ཞིག་ནས་ནུས་པ་འདོན་ཐུབ་པ་དེ་ལ་ནུས་པའི་འབྱུང་ཁུངས་ཟེར། ནུས་པའི་འབྱུང་ཁུངས་ལ་ དབྱེ་བ་མང་པོ་ཡོད། དཔེར་ན། ཉི་འོད་དང། ལྷགས་པ། འབབ་ཆུ། ས་འོག་གི་དྲོད། ཤིང་དང་སོལ་བ། ལྕི་བ། དེ་བཞིན་རྡོ་ སྣུམ། རྡོ་སོལ། རླངས་རྫས་སོགས་ནི་ནུས་པའི་འབྱུང་ཁུངས་གལ་ཆེ་བ་ཁག་ཡིན།

37


སའི་གོ་ལའི་སྟེང་གི་ནུས་པ་མང་ཆེ་བའི་འབྱུང་ཁུངས་མཐར་ཐུག་ནི་ཉི་མ་ཡིན། ང་ཚོས་རྒྱུན་དུ་ལོངས་སུ་སྤྱོད་པའི་ཟས་ དེ་ཡང་ཉི་མའི་ནུས་པ་ལས་བྱུང་བ་ཁྱོད་ཀྱིས་ཤེས་སམ། ནུས་པའི་འབྱུང་ཁུངས་རྣམས་ཀྱི་སྐོར་ལ་གཤམ་དུ་མདོར་ཙམ་

བཤད་ཡོད། རྒྱས་པར་ཤེས་འདོད་ཡོད་ཚེ་ནུས་པའི་སྐོར་དྲ་རྒྱ་དང་དཔེ་མཛོད་ཁང་དུ་ཡོད་པས་ངེས་པར་དུ་གཟིགས་ དགོས།

༡༽ ཉི་མའི་ནུས་པ། (Solar energy)

ཉི་མ་ནི་གཙོ་བོ་ཡང་རླུང་(Hydrogen) ལས་གྲུབ་པའི་

ཚ་ཚད་ཤིན་ཏུ་ཆེ་བའི་མེ་ཕུང་ཆེན་པོ་ཞིག་ཡིན། རང་བྱུང་ ཁམས་ཀྱི་ནང་འོད་དང་དྲོད་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཉི་

མ་ཡིན། དེ་ཡིས་ལོ་ངོ་ས་ཡ་མང་པོའ་ི རིང་མུ་མཐུད་ནུས་པ་

དཔེ་རིས། ༤་༡

སྤྲོད་ངེས་རེད། འཛམ་གླིང་འདིའི་སྟེང་གི་སྐྱེ་དངོས་ཕལ་མོ་ཆེའི་ནུས་པའི་འབྱུང་ཁུངས་ཀྱི་བརྒྱུད་རིམ་《ཉི་འོད་ཟས་སྦྱོར་》 ཟེར་བ་དེ་ཡང་ཉི་འོད་ཀྱི་ནུས་པ་ལས་བྱུང་བ་ཁྱེད་ཀྱིས་ཤེས་གསལ་རེད། ད་ལྟའི་ཆར་མི་ཚོས་ཉི་མ་ནས་བྱུང་པའི་ནུས་པ་

བེད་སྤྱོད་དེ་ཙམ་བྱེད་ཐུབ་ཀྱི་མེད་ཀྱང། རིང་པོར་མ་ཐོགས་པར་ནུས་པ་དེ་བེད་སྤྱོད་མང་དུ་གཏོང་ཐུབ་པའི་འབད་བརྩོན་ བྱེད་ཀྱི་ཡོད།

བྱེད་སྒོ། ༡

དམིགས་ཡུལ།

དགོས་མཁོ། བྱེད་སྟངས།

38

དངོས་པོའ་ི ཁ་དོག་ལ་བརྟེན་ནས་ཉི་དྲོད་ཀྱི་ནུས་པ་འཛིན་པར་ཁྱད་པར་ཡོད་མེད་བལྟ་རྒྱུ།

དབྱིབས་དང་རྒྱུ་ཆ། ཆེ་ཆུང་སོགས་གཅིག་པ་ཡིན་པའི་ཕོར་པའམ་སྣོད་གཉིས། ཆུ།

ཚ་དྲོད་འཇལ་ཆས། (Thermometer)

ཚོན་ནག་པོ།


༡༽

བརྟག་དཔྱད་འདིའི་ཆེད་ཉིན་གཅིག་གི་སྔོན་ལ་ཕོར་པ་གཉིས་ནས་གཅིག་གི་ཕྱི་ལ་ཚོན་ནག་པོ་སྙོམས་པར་བྱུགས་

ནས་སྐོམས། ཕོར་པ་གཞན་དེ་ལ་ཚོན་མ་བྱུགས་ནས་ཞོག

༢༽ དེ་ནས་ཕོར་པ་གཉིས་ཀྱི་ནང་ཆུ་མང་ཉུང་གཅིག་པ་བླུགས་ནས་དེ་གཉིས་ཀྱི་ཚ་ཚད་འཇལ་ཏེ་ཐོ་འགོད་གྱིས།་ ༣༽ ༤༽

ཆུ་བླུགས་པའི་སྣོད་གཉིས་དེ་ཉི་འོད་ཆ་སྙོམས་ཕོག་སའི་གནས་ཤིག་ཏུ་མཉམ་དུ་ཞོག

ཕོར་པ་དེ་གཉིས་ཉི་འོད་ནང་ཆུ་ཚོད་ཕྱེད་ཀ་ཙམ་བཞག་རྗེས། བསྐྱར་དུ་དེ་གཉིས་ཀྱི་ནང་ཡོད་པའི་ཆུའི་དྲོད་ཚད་ འཇལ་དགོས།

གོང་གི་བརྟག་དཔྱད་འདི་ཡི་ནང་ཕོར་པ་ཁ་དོག་མི་འདྲ་བ་གཉིས་ཀྱི་ནང་དུ་ཡོད་པའི་ཆུའི་ཚ་ཚད་ལ་ཁྱད་པར་འདུག་ གམ། གལ་ཏེ་ཡོད་ན་དེ་ལྟར་ཡོང་དགོས་དོན་ཅི་ཡིན་རང་གི་འཛིན་གྲོགས་དང་སློབ་ཚན་གྱི་དགེ་རྒན་མཉམ་དུ་གྲོས་ བསྡུར་བྱས་ནས་གནད་དོན་ཤེས་པར་བྱོས།

མཆན། རྒན་ལགས་ནས་སློབ་མ་རྣམས་ལ་བྱེད་སྒོ་རྣམས་ཀྱི་དམིགས་ཡུལ་དང། དགོས་མཁོ། མཇུག་འབྲས་བཅས་རང་གི་འབྲི་དེབ་ནང་འབྲི་རུ་ བཅུག་ན་སློབ་མ་རྣམས་ལ་རྗེས་སུ་དྲན་གསོ་བར་ཕན་ཐོགས་ཡོང་ངེས་ཡིན།

༢༽ ལྷགས་པའི་ནུས་པ།

གཡོ་འགུལ་བྱེད་པའི་རླུང་ལ་ལྷགས་པ་ཟེར། ལྷགས་པས་དངོས་པོ་

གཞན་གཡོ་འགུལ་བྱེད་ཐུབ། ལྷགས་པའི་ནུས་པ་ནས་བྱུང་བའི་ཤུགས་ དེ་དེང་སང་གློག་འདོན་འཕྲུལ་འཁོར་(Generator) སྐོར་བར་བེད་

སྤྱོད་བྱེད་ཀྱི་ཡོད་ལ། མཚོ་དང་འཁྱིལ་ཆུའི་ནང་དུ་གྲུ་གཏོང་བ་དང། གནམ་ལ་གནམ་གྲུ་འཕུར་བ། ཆུ་སྦུགས་མདོང་(Pipe) ནང་ཡར་ འདྲེན་པ་སོགས་ལ་ཡང་བེད་སྤྱོད་བྱེད་ཐུབ།

དཔེ་རིས། ༤་༢

39


༣༽ ཆུའི་ནུས་པ།

རྒྱུག་ཆུའམ་འབབ་ཆུའི་ནུས་པ་ནི་གནའ་སྔ་མོ་ནས་མིས་བེད་སྤྱོད་ བྱེད་བཞིན་པ་ཞིག་ཡིན། མི་ཚོས་ནུས་པ་འདི་གྲུ་གཏོང་བ་དང་།

ཤིང་དུམ་འོར་འདྲེན་བྱེད་པ། རྩམ་པ་དང་གྲོ་ཞིབ་འཐག་པ་སོགས་ ལ་བེད་སྤྱོད་བྱེད་ཀྱི་ཡོད། དེང་སང་ནུས་པ་འདི་གློག་སྐྲུན་ཆེད་ ལའང་བེད་སྤྱོད་རྒྱ་ཆེར་བྱེད་བཞིན་ཡོད། བྱེད་སྒོ། ༢

དཔེ་རིས། ༤་༣

དམིགས་ཡུལ། ལྷགས་པ་དང་འབབ་ཆུ་ལ་དངོས་པོ་འགུལ་སྐྱོད་བྱེད་ དགོས་མཁོ། བྱེད་སྟངས། ༡༽

པའི་ནུས་པ་ཡོད་མེད་བལྟ་རྒྱུ།

མཁྲེགས་ཤོག ཡང་ན་འགྱིག་ཤོག་མཁྲེགས་པོ། ཧ་ཡང་ དང་ལྕགས་ཤོག་སོགས་སྲབ་ལོད་རན་པ། སྦྱར་རྩི།

དཔེ་རིས། ༤་༤

རྒན་ལགས་ཀྱིས་འཛིན་གྲྭའི་སློབ་མ་རྣམས་སྟངས་འཛིན་བྱེད་སླ་བའི་སྡེ་ཚན་ཁག་ལ་བགོས།

༢༽ སྡེ་ཚན་སོ་སོར་བྱེད་སྒོ་འདིའི་ཆེད་དུ་དགོས་པའི་དངོས་ཆས་རྣམས་སྤྲོད་པའམ། ཡང་ན། ཉིན་གཅིག་སྔོན་ནས་ སློབ་མ་རྣམས་ལ་དགོས་མཁོ་རང་ངོས་ནས་མཁོ་སྒྲུབ་བྱེད་པར་མངགས་ཆ་བྱེད་དགོས།

༣༽ སྡེ་ཚན་སོ་སོའ་ི སློབ་མ་རྣམས་མཉམ་རུབ་ཀྱིས་དཔེ་རིས་ནང་བསྟན་པ་བཞིན་ལྷགས་པ་དང་ཆུའི་འབུད་འཁོར་རེ་ བཟོས།

༤༽ སྡེ་ཚན་གྱིས་བཟོས་པའི་དཔེ་གཟུགས་རྣམས་ལྷགས་པ་དང་ཆུ་བེད་སྤྱོད་དེ་ཇི་ལྟར་འཁོར་གྱི་ཡོད་མེད་ལྟ་དགོས། བྱེད་སྒོ་འདི་ནས་ཁྱེད་རང་གིས་གནས་ཚུལ་འཕར་མ་གང་ཤེས་སོང་ངམ། གནས་ཚུལ་གསར་པ་ཤེས་མེད་ན་ཡང་སྔོན་ ནས་གང་ཤེས་པ་རྣམས་ཏན་ཏན་གསལ་དུ་ཕྱིན་ཡོད་ངེས་རེད། ང་ཚོས་ཚོད་ལྟ་བྱས་པའི་བྱེད་སྒོ་སྟབས་བདེ་འདིའི་རྩ་

འཛིན་རྣམས་གཞིར་བཟུང་ནས་འཕྲུལ་རིག་པས་ལྷགས་པ་དང་ཆུའི་འབུད་འཁོར་བཟོས་ནས་གློག་སྐྲུན་ཐུབ་པ་བྱུང་ཡོད།

40


༤༽ ས་འོག་གི་དྲོད་ནུས། (Geothermal Energy)

ང་ཚོའི་གནས་ཡུལ་སའི་གོ་ལའི་ནང་ངོས་ནི་དྲོད་ཚད་ཧ་ཅང་མཐོ་ བས་དངོས་རྫས་ལྕགས་རིགས་ཚང་མ་བཞུར་ནས་རླངས་གཟུགས་ སུ་གནས་ཡོད། འཛམ་གླིང་གི་གནས་འགར་ས་ཤུན་སྲབ་མོ་ཡིན་

པའི་དབང་གིས་ལྕགས་ཞུན་གྱི་དྲོད་དེ་ས་འོག་གི་ཆུ་དང་འཕྲད་དེ་ རླངས་པར་གྱུར་ནས་ཕྱིར་ཐོན་གྱི་ཡོད། འདི་ལྟ་བུའི་ས་འོག་ནས་

ཐོན་པའི་རླངས་པའི་ནུས་པ་འདི་ཡང་སྐམ་གློག་བཟོ་ཆེད་བེད་སྤྱོད་བྱེད་རུང།

དཔེ་རིས། ༤་༥

གོང་དུ་བཤད་པའི་ནུས་པའི་འབྱུང་ཁུངས་བཞི་དེ་བེད་སྤྱོད་བྱེད་སྐབས་ཁོར་ཡུག་ལ་འབགས་བཙོག་མི་འགྲོ་བར་མ་ཟད་ རིན་བབ་ཀྱང་གཞན་དང་བསྡུར་ན་ཆུང་བ་ཡིན།

༥༽ སྐྱེ་ལྡན་བེམ་རྫས་ཀྱི་ནུས་པ། (Biomass Energy)

ཤིང་དང་སོལ་བ། སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ། དེ་བཞིན་ཞིང་ཁའི་སྙིགས་རོ་བཅས་ནི་སྐྱེ་ལྡན་བེམ་རྫས་ཀྱི་རིགས་སུ་ གྱུར་པ་ཡིན། དེ་རྣམས་མེར་བསྒྲོན་ནས་འོད་དང་དྲོད་ཀྱི་ནུས་པ་འདོན་ཐུབ། མིའི་སྤྱི་ཚོགས་ནང་ལོ་ངོ་སྟོང་ཕྲག་རིང་ ནུས་པའི་འབྱུང་ཁུངས་འདི་བེད་སྤྱོད་བྱས་དང་བྱེད་བཞིན་པ་ཡིན།

དཔེ་རིས། ༤་༦

41


༦༽ ཤ་གནད་ཀྱི་ནུས་པ། (Muscular energy)

སྲོག་ཆགས་རྣམས་རང་གི་ལུས་འགུལ་སྐྱོད་བྱེད་པར་ཤ་གནད་ལས་ ཐོན་པའི་ནུས་པ་ལ་ཤ་གནད་ཀྱི་ནུས་པ་ཟེར། རུས་མེད་ཀྱི་སྲོག་

ཆགས་མང་ཆེ་བ་འགུལ་སྐྱོད་བྱེད་པར་ཤ་གནད་ཁོ་ན་བེད་སྤྱོད་བྱེད་

པ་དང། མི་ལྟ་བུའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱིས་ཤ་གནད་དང་ རུས་སྒྲོམ་གཉིས་ཀ་བེད་སྤྱད་ནས་འགུལ་སྐྱོད་བྱེད་ཀྱི་ཡོད།

༧༽ འགྱུར་རྡོའ་ི བུད་རྫས་ཀྱི་ནུས་པ།

དཔེ་རིས། ༤་༧

(Fossil fuel Energy)

རྡོ་སྣུམ་དང་། རྡོ་སོལ། རླངས་རྫས་སོགས་ལ་འགྱུར་རྡོའ་ི བུད་རྫས་ཟེར། ནུས་པའི་འབྱུང་ཁུངས་འདི་རྣམས་ནི་དེང་སང་

འཛམ་གླིང་ནང་མོ་ཊ་དང་གནམ་གྲུ། གྲུ་གཟིངས། བཟོ་གྲྭ། སྐམ་གློག་འདོན་པ་སོགས་ལ་བེད་སྤྱོད་བྱེད་བཞིན་ཡོད། འོན་ ཀྱང་ནུས་པ་དེ་དག་བེད་སྤྱོད་བྱེད་སྐབས་རང་བྱུང་ཁོར་ཡུག་ལ་འབགས་བཙོག་ཆེན་པོ་ཡོང་གི་ཡོད།

དཔེ་རིས། ༤་༩ རྡོ་སོལ།

དཔེ་རིས། ༤་༨ རླངས་རྫས་ནས་བྱུང་བའི་མེ།

42

དཔེ་རིས། ༤་༡༠

རྡོ་སྣུམ།


དཔེ་རིས་ཀ་པ་དང་ཁ་པ་གཉིས་ཀྱི་ནང་བསྟན་པའི་རྟ་གཉིས་ནས་གང་གིས་ལས་ཀ་ཤུགས་ཆེ་བ་བྱེད་ཐུབ་བམ། རྒྱུ་མཚན་བྲིས།

དཔེ་རིས་ཀ་པ།

དཔེ་རིས། ༤་༡༡

དཔེ་རིས་ཁ་པ།

ལན།.................................................................................................................................................

བསྐྱར་གསོ་ཐུབ་པ་དང་བསྐྱར་གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས། བསྐྱར་གསོ་ཐུབ་པའི་ནུས་པའི་འབྱུང་ཁུངས།

(Renewable source of Energy)

ལྷགས་པ་དང། འབབ་ཆུ། དེ་བཞིན་སྐྱེ་དངོས་ནས་འབྱུང་བའི་ བུད་རྫས་ཤིང་དང་སོལ་བ། ཞིང་ཁའི་སྙིགས་རོ་སོགས་ནི་ཉི་

མའི་ནུས་ཤུགས་ལ་བརྟེན་ནས་བྱུང་བ་ཡིན། ཇི་སྲིད་ཉི་མའི་

འོད་དང་དྲོད་མ་ཆད་བར་དེ་སྲིད་ནུས་པའི་འབྱུང་ཁུངས་དེ་

དག་གནས་རྒྱུ་ཡིན་པ་རེད། ནུས་པའི་འབྱུང་ཁུངས་གང་ཞིག་

དཔེ་རིས། ༤་༡༢

ཟད་དཀའ་བའམ། ཡང་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་བསྐྱར་དུ་སོས་ཐུབ་པའི་རིགས་ལ་བསྐྱར་གསོ་ཐུབ་པའི་ནུས་ པའི་འབྱུང་ཁུངས་ཟེར། སའི་གོ་ལའི་ནང་ངོས་ཀྱི་དྲོད་ལ་བརྟེན་ནས་བྱུང་བའི་རླངས་ནུས་དེ་ཉི་འོད་ལ་བརྟེན་ནས་

བྱུང་བ་ཞིག་མིན་ཡང། ལས་སླ་པོར་མི་རྫོགས་པས་དེ་ཡང་བསྐྱར་གསོ་ཐུབ་པའི་ནུས་པའི་འབྱུང་ཁུངས་ཀྱི་ཁོངས་སུ་ གཏོགས།

43


བསྐྱར་གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས།

(Non-renewable source of Energy)

རྡོ་སྣུམ་དང་རྡོ་སོལ། རླངས་རྫས་སོགས་འགྲུབ་པར་ལོ་ངོ་ས་ཡ་མང་པོ་འགོར་

གྱི་ཡོད། ནུས་པའི་འབྱུང་ཁུངས་གང་ཞིག་བསྐྱར་དུ་འགྲུབ་པར་དུས་ཡུན་ཧ་

ཅང་རིང་པོ་འགོར་བ་ཞིག་ལ་བསྐྱར་གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས་ ཟེར། བསྐྱར་གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས་དེ་དག་ཟད་སླ་བ་དང་ འཁོར་ཡུག་འབགས་བཙོག་འགྲོ་བའི་རྒྱུ་གཙོ་བོ་ཆགས་ཀྱི་ཡོད་སྟབས་བེད་ དཔྱོད་གང་ཉུང་དང་ཚུལ་མཐུན་བྱེད་དགོས།

དཔེ་རིས། ༤་༡༣

ནུས་པའི་ཁྲིམས། ནུས་པ་ནི་གསར་དུ་སྐྲུན་པའམ་གཏན་མེད་དུ་བཤིག་པ་སོགས་རྩ་བ་ནས་མི་ཐུབ་ཀྱང། རྣམ་པ་ གཅིག་ནས་གཞན་དུ་འཕོ་འགྱུར་ཐུབ་པ་ཡིན།

ནུས་པའི་རྣམ་པ། (Forms of Energy)

ནུས་པ་ལ་འབྱུང་ཁུངས་ཀྱི་སྒོ་ནས་དབྱེ་བ་དང་། རྣམ་པའི་སྒོ་ནས་དབྱེ་བ་སོགས་ཡོད་ཆོག། དེ་གཉིས་མ་ནོར་བར་ཤེས་

དགོས་པ་གལ་ཆེ། དཔེར་ན། ཉི་མའི་ནུས་པ་ནི་ནུས་པའི་འབྱུང་ཁུངས་ཡིན་ལ་ནུས་པའི་རྣམ་པ་མིན། ཉི་མའི་ནུས་པ་ནས་ བྱུང་བའི་འོད་དང་དྲོད་གཉིས་ནི་ནུས་པའི་རྣམ་པ་ཡིན་ལ་ནུས་པའི་འབྱུང་ཁུངས་མིན་པ་ལྟ་བུའོ། །

ནུས་པ་ལ་རྣམ་པ་མང་པོ་ཡོད་ཅིང། རྣམ་པ་གཅིག་ནས་གཞན་དུ་བསྒྱུར་ཐུབ། དེ་ཡང་དེང་སང་ཚན་རིག་དང་འཕྲུལ་རིག་ ཡར་རྒྱས་ཚད་མཐོ་པོར་སླེབས་པའི་དབང་གིས་འཕྲུལ་ཆས་འདྲ་མིན་བེད་སྤྱོད་བྱས་ནས་ནུས་པའི་རྣམ་པ་གཅིག་ནས་

གཞན་ལ་ལས་སླ་པོའ་ི ངང་ནས་བསྒྱུར་ཐུབ། དཔེར་ན། གློག་བཞུ་བེད་སྤྱོད་བྱེད་སྐབས་རྫས་ཀྱི་ནུས་པ་གློག་ལ་བསྒྱུར་ཐུབ་ པ་དང་། གློག་གི་ནུས་པ་འོད་ཀྱི་ནུས་པར་བསྒྱུར་པ་ལྟ་བུ་ཡིན། ཁྱེད་ཀྱིས་ནུས་པའི་རྣམ་པ་གཅིག་ནས་གཞན་ལ་འགྱུར་ པའམ་བསྒྱུར་ཐུབ་པའི་དཔེ་མཚོན་འགའ་ཞིག་བཤོད་ཐུབ་བམ།

44


ནུས་པའི་རྣམ་པ་དབྱེ་བ་འབྱེད་སྟངས་གཤམ་གསལ་ལྟར་ཡིན། ༡༽

རྫས་ཀྱི་ནུས་པ། (Chemical Energy)

༣༽

དྲོད་ཀྱི་ནུས་པ། (Heat Energy)

༢༽ ༤༽

༥༽ ༦༽

དྲོད་ཀྱི་ནུས་པ།

འོད་ཀྱི་ནུས་པ། (Light Energy)

སྒྲའི་ནུས་པ།

རྫས་ཀྱི་ནུས་པ།

འོད་ཀྱི་ནུས་པ།

ནུས་པའི་རྣམ་པ།

(Sound Energy)

གློག་གི་ནུས་པ། (Electrical Energy)

སྒྲའི་ནུས་པ།

འགུལ་གནས་ཀྱི་ནུས་པ། (Machanical Energy)

འགུལ་གནས་ཀྱི་ནུས་པ།

ཡང་ནུས་པའི་རྣམ་པ་དབྱེ་བ་འབྱེད་སྟངས་གཞན་ཞིག་ཀྱང་ཡོད། དེ་ནི་ནུས་པའི་རྣམ་པ་ཚང་མ་

གློག་གི་ནུས་པ།

དཔེ་རིས། ༤་༡༤

གནས་སྟབས་ཀྱི་ནུས་པ་(Potential energy) དང་། འགུལ་སྟབས་ཀྱི་ནུས་པ་(Kinetic energy) གཉིས་སུ་དབྱེ་ཐུབ།

ནུས་པའི་བཀོལ་སྤྱོད།

ནུས་པ་ལ་བེད་སྤྱོད་བྱེད་སྟངས་སྣ་ཚོགས་ཡོད། སྔ་མོའ་ི མི་དང་དེང་དུས་ཀྱི་མིས་ནུས་པ་བེད་སྤྱོད་བྱེད་སྟངས་སྐོར་སྡོད་ རོགས་དང་མཉམ་དུ་གྲོས་བསྡུར་བྱས་ནས་གཤམ་གྱི་རེའུ་མིག་སྐོངས། སྔ་མོའ་ི མིས་ནུས་པ་བེད་སྤྱོད་བྱེད་སྟངས།

དེང་དུས་ཀྱི་མིས་ནུས་པ་བེད་སྤྱོད་བྱེད་སྟངས།

སྤྱི་ཚོགས་ནང་གི་མི་རྒན་གཞོན་ཚང་མས་ནུས་པ་བེད་སྤྱོད་བྱེད་སྟངས་ཡག་པོ་ཤེས་དགོས་པ་དང། ལྷག་པར་དུ་བསྐྱར་

གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས་ནས་བྱུང་བའི་ནུས་པ་རྣམས་བེད་སྤྱོད་བྱེད་རྒྱུ་ཉུང་དུ་གཏོང་ཐབས་དང་རྣམ་

དཔྱོད་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་ཤེས་དགོས། དཔེར་ན། དགོས་གལ་མེད་སྐབས་གློག་ཆས་ཀྱི་གློག་འགོག་དགོས་

45


པ་དང། གློག་དུས་ཐོག་ངེས་པར་དུ་གསོད་དགོས་པ། ཐག་ཉེ་པོར་འགྲུལ་སྐྱོད་བྱེད་དུས་སྣུམ་འཁོར་བེད་སྤྱོད་མ་བྱས་པར་ རྐང་ཐང་དུ་འགྲོ་བའམ། ཡང་ན་རྐང་འཁོར་ལ་བཞོན་ནས་འགྲོ་དགོས། དེ་བཞིན་ཆུ་ཆུད་ཟོས་སུ་མི་གཏོང་བ། ཁ་ལག་

བཟོ་སྐབས་སྣོད་ལ་ཁེབས་གཅོད་འགེབས་པ་སོགས་བྱེད་དགོས། ཡང་ནུས་པ་གསོག་འཇོག་བྱེད་པའི་ཐབས་ལམ་གཞན་

ཞིག་ནི་ནུས་པའི་བེད་སྤྱོད་བྱེད་ཤུགས་ཆུང་ལ་ཐོན་འབབ་ཆེ་བའི་ཡོ་ཆས་རིགས་བེད་སྤྱོད་བྱེད་དགོས། དཔེར་ན། གསར་ ཐོན་གློག་སྦུག་(CFL) དང་(LED) སོགས་བེད་སྤྱོད་བྱེད་ཐུབ་ན་ལེགས། ང་ཚོས་ག་རེ་སྦྱངས་ཡིན།

• བྱ་བ་གང་ཞིག་སྤེལ་བའམ་བྱེད་ཐུབ་པའི་མཐུའམ་རང་བཞིན་དེ་ལ་ནུས་པ་ཟེར།

• དངོས་རྫས་སམ་བྱ་རིམ་གང་ཞིག་ནས་ནུས་པ་འདོན་ཐུབ་པ་དེ་ནུས་པའི་འབྱུང་ཁུངས་ཡིན།

• ཉི་འོད་དང། ལྷགས་པ། འབབ་ཆུ། ས་འོག་གི་དྲོད། ཤིང་དང་སོལ་བ། སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ། རྡུལ་ཕྲན་ལྟེ་ གནས། དེ་བཞིན་རྡོ་སྣུམ། རྡོ་སོལ། རླངས་རྫས་སོགས་ནི་ནུས་པའི་འབྱུང་ཁུངས་གལ་ཆེ་བ་རྣམས་ཡིན།

• ས་འོག་གི་དྲོད་དང་རྡུལ་ཕྲན་ལྟེ་གནས་ཀྱི་ནུས་པ་གཉིས་ཕུད་གཞན་ནུས་པ་ཚང་མའི་འབྱུང་ཁུངས་ཉི་མ་ཆགས་ཡོད། • ནུས་པའི་འབྱུང་ཁུངས་ལ་བསྐྱར་གསོ་ཐུབ་པ་དང་མི་ཐུབ་པ་གཉིས་སུ་དབྱེ་ཆོག

• ནུས་པ་ནི་གསར་དུ་བསྐྲུན་པའམ་གཏན་མེད་དུ་བཤིག་པ་སོགས་རྩ་བ་ནས་མི་ཐུབ་ཀྱང་རྣམ་པ་གཅིག་ནས་གཞན་དུ་ འཕོ་འགྱུར་གཏོང་ཐུབ།

• ནུས་པ་ལ་འབྱུང་ཁུངས་ཀྱི་སྒོ་ནས་དབྱེ་བ་དང་། ངོ་བོའམ་རྣམ་པའི་སྒོ་ནས་དབྱེ་བ་འབྱེད་སྟངས་བཅས་ཡོད།

• ནུས་པ་ནི་རྣམ་པ་མི་འདྲ་བའི་ཐོག་གནས་ཐུབ། དཔེར་ན། རྫས་ཀྱི་ནུས་པ། འོད་ཀྱི་ནུས་པ། དྲོད་ཀྱི་ནུས་པ། སྒྲའི་ནུས་ པ། གློག་གི་ནུས་པ་སོགས་ཡིན།

• ནུས་པའི་རྣམ་པ་ཚང་མ་གནས་སྟབས་ཀྱི་ནུས་པ་དང་འགུལ་སྟབས་ཀྱི་ནུས་པ་གཉིས་སུ་དབྱེ་ཆོག། • མིས་ནུས་པའི་རྣམ་པ་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད།

• ང་ཚོས་ཡོ་ཆས་རན་པ་བེད་སྤྱོད་བྱས་ནས་ནུས་པའི་རྣམ་པ་གཅིག་ནས་གཞན་ལ་སྒྱུར་ཐུབ།

46


• མི་ཚོས་འདོད་རྔམ་མ་བྱས་པར་ནུས་པ་བེད་སྤྱོད་བྱེད་རྒྱུར་སྟངས་འཛིན་བྱེད་དགོས། གལ་ཏེ་ཉུང་དུ་གཏོང་མ་ཐུབ་ ཀྱང་རྣམ་དཔྱོད་ལྡན་པའི་ཐོག་ནས་ནུས་པ་བེད་སྤྱོད་བྱེད་པ་ལས་འཕྲོ་བརླགས་རྩ་བ་ནས་གཏོང་མི་རུང།

ཀ རྒྱུ་མཚན་བྲིས། ༡༽

༢༽ ༣༽ ༤༽

སྦྱོང་ཚན།

ནུས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།

ཉི་མ་ནི་འཛམ་གླིང་འདིར་ནུས་པའི་འབྱུང་ཁུངས་གཙོ་བོ་དེ་ཡིན།

ལྷགས་པ་ནི་བསྐྱར་གསོ་ཐུབ་པའི་ནུས་པའི་འབྱུང་ཁུངས་ཤིག་རེད།

རྡོ་སོལ་དང་རྡོ་སྣུམ་སོགས་བེད་སྤྱོད་བྱེད་པར་སྟངས་འཛིན་ངེས་པར་བྱེད་དགོས།

༥༽ གློག་གི་ཡོ་ཆས་རྣམས་བེད་སྤྱོད་བྱས་ཚར་རྗེས་གློག་ངེས་པར་དུ་འགོག་དགོས།

ཁ གཤམ་གསལ་བར་སྟོང་རྣམས་ལ་ཚིག་གམ་བརྗོད་པ་གང་འོས་རྒྱོངས།

༡༽ ཉི་མ་ཇི་ཙམ་ཚ་པོ​ོ་ཤར་ཡང་སའི་གོ་ལའི་ཕྱི་ངོས་ཀྱི་ཚ་ཚད་ནི་སའི་གོ་ལའི་ནང་ངོས་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོད།

༢༽ རྩི་ཤིང་གིས་ཟས་བཟོ་བའི་བརྒྱུད་རིམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར་བ་དེ་ཉི་འོད་ལ་བརྟེན་ནས་ཡོང་གི་ཡོད། ཡིན་ན་ཡང་། འོད་ཀྱི་འབྱུང་ཁུངས་གཞན་ལ་བརྟེན་ནས་ཀྱང་བརྒྱུད་རིམ་འདི་ཡོང་ཐུབ།

༣༽ ནུས་པའི་འབྱུང་ཁུངས་ཚང་མ་རིགས་གཉིས་སུ་དབྱེ་ཐུབ། དེ་དག་ནི་་་་་་་་་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་་་་་་ཡིན། ༤༽ ནུས་པའི་རྣམ་པ་གང་འདྲ་ཞིག་ཡིན་ཡང་་་་་་་་་་་་་་་་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་་་་་་བཅས་གཉིས་སུ་དབྱེ་ཆོག

༥༽ གློག་གི་ནུས་པ་ནི་དངོས་སུ་མི་ལ་བེད་སྤྱོད་དེ་ཙམ་མེད་ཀྱང་བེད་སྤྱོད་ཆེ་བའི་ནུས་པའི་རྣམ་པ་་་་་་་་་་་་་་་་་་་་་་་་་དང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སོགས་ལ་བསྒྱུར་ཐུབ།

ག མཐུན་སྦྱོར་གྱིས།

47


ཟས།

ཀ་སྡེ།

མེ།

ལྷགས་པ།

ཆུ་མཛོད་ནང་གི་ཆུ། རྡོ་སྣུམ།

སྒྲོན་མེ།

གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

གློག་སྐྲུན་ཐུབ།

ཁ་སྡེ།

སྤྱི་སྤྱོད་རླངས་འཁོར་གྱི་ནུས་པའི་འབྱུང་ཁུངས། དངོས་པོ་མཐོང་བར་ཕན་ཐོགས།

སྲོག་ཆགས་རྣམས་ཀྱི་ནུས་པའི་འབྱུང་ཁུངས།

དྲོད་ཀྱི་འབྱུང་ཁུངས་གལ་ཆེ་བ་ཞིག་ཡིན།

གནམ་གྲུ་འཕུར་བ་དང་ཤོག་བྱ་གཏོང་བར་རོགས་བྱེད།

༡༽ དཔེ་མཚོན་གཅིག་གི་སྟེང་ནས་ནུས་པའི་རྣམ་པ་གཅིག་ནས་གཞན་དུ་བསྒྱུར་ཚུལ་འགྲེལ་བརྗོད་གྱིས།

༢༽ བསྐྱར་གསོ་ཐུབ་པ་དང་བསྐྱར་གསོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས་གཉིས་ལ་དཔེ་མཚོན་གཉིས་རེ་བྲིས། ༣༽ ཁྱེད་རང་གི་ཁྱིམ་ཚང་དུ་གློག་མེད་ན་དཀའ་ངལ་གང་དང་གང་འཕྲད་སྲིད་དམ། ཅ

གཤམ་གསལ་ནུས་པའི་རྣམ་པ་གཅིག་ནས་གཞན་དུ་སྒྱུར་བྱེད་ཀྱི་ཡོ་ཆས་སམ་འཕྲུལ་ཆས་ཀྱི་མིང་ བར་སྟོང ནང་བྲིས།

གློག་གི་ནུས་པ།

འོད་ཀྱི་ནུས་པ།

གློག་གི་ནུས་པ།

སྒྲའི་ནུས་པ།

གློག་གི་ནུས་པ།

དྲོད་ཀྱི་ནུས་པ།

གློག་གི་ནུས་པ།

འགུལ་སྐྱོད་ཀྱི་ནུས་པ།

ལས་འཆར།

འཛིན་གྲྭའི་སློབ་མ་རྣམས་སྡེ་ཚན་དུ་བགོས་ནས་སྤྲོ་སྣང་ཆེན་པོའ ི་ངང་མཉམ་རུབ་ཀྱིས་སྡེ་ཚན་རེས་ཉི་ཐབ་(Solar water

heater) རེ་བཟོ​ོས་ཏེ། ཆུ་ཚ་པོ་བཟོ་ཆེད་བེད་སྤྱོད་བྱེད་དགོས། སྡེ་ཚན་སོ་སོས་བཟོས་པའི་ཉི་ཐབ་དེ་ཆུ་ཚ་པོ་བཟོ་སྐབས་དགེ་

སྐྱོན་གང་ཡོད་མེད་གོ་བསྡུར་བྱེད་དགོས།

48


ང་ཚོའི་གཟུགས་པོ།

སློབ་ཚན། ༥

༄། །སློབ་ཕྲུག་ཚོ། ང་ཚོས་འཛིན་རིམ་བཞི་པའི་སྐབས་མིའི་གཟུགས་པོ་དང་འཕྲུལ་ཆས་གཉིས་འདྲ་མཚུངས་ཡིན་པ་

སྦྱངས་ཡོད། འཕྲུལ་ཆས་ལ་ཆ་ཤས་མང་པོ་ཡོད་པ་བཞིན་ང་ཚོའི་གཟུགས་པོ་ལའང་ཡན་ལག་མང་པོ་ཡོད། ཡན་ལག་སོ་ སོར་བྱེད་ལས་མི་འདྲ་བ་ཡོད། འཕྲུལ་ཆས་མང་ཆེ་བའི་དུས་གཅིག་ལ་བྱེད་ལས་གཅིག་ལས་བྱེད་ཐུབ་ཀྱི་མེད་ཀྱང། ང་

ཚོའི་གཟུགས་པོས་དུས་གཅིག་ལ་བྱེད་ལས་འདྲ་མིན་བྱེད་ཐུབ་ཀྱི་ཡོད། དཔེར་ན། ང་ཚོས་དུས་གཅིག་ལ་ཟས་བཟའ་བ་

དང་སྒྲ་ཉན་པ། བརྙན་འཕྲིན་ལྟ་བ་སོགས་བྱེད་ཐུབ། དེ་ལྟར་བྱེད་ཐུབ་པ་ནི་ང་ཚོའི་དབང་པོ་རྣམས་འབྲེལ་མཐུད་ཡག་པོ་ ཡོད་པའི་རྐྱེན་གྱིས་ཡིན། ཚོར་བའི་དབང་པོ་ལྔ་དང་རྐང་ལག་སོགས་ནི་གཟུགས་པོའ་ི ཕྱི་ལ་ཡོད་པས་མིག་གིས་མཐོང་ ཐུབ།

ཡང་དབང་པོ་མང་པོ་ཞིག་གཟུགས་པོའ་ི ནང་ལ་ཡོད་པས་ང་ཚོས་མཐོང་མི་ཐུབ། དཔེར་ན། སྙིང་དང། གློ་བ།

མཁལ་མ། ཕོ་བ། མཆིན་པ་ལྟ་བུའོ། བྱེད་ལས་ངེས་ཅན་ཞིག་བྱེད་པའི་དབང་པོའ་ི འདུས་ཚོགས་ཤིག་ལ་དབང་པོའ་ི མ་ལག་ ཟེར། གཤམ་ལ་ང་ཚོས་དབང་པོ་དང་དབང་པོའ་ི མ་ལག་འདྲ་མིན་གྱི་བྱེད་ལས་སྐོར་སྦྱང་རྒྱུ་ཡིན།

སློབ་ཕྲུག་ཚོ། ཁྱེད་ཚོས་ཤེས་སམ། ཁང་པ་ཞིག་རྒྱག་པར་ས་ཕག་མང་པོ་དགོས་པ་བཞིན། ང་ཚོའི་གཟུགས་པོ་དེ་ཡང་ས་

ཕག་ལྟ་བུའི་ཕྲ་ཕུང་(Cell) མང་པོ་ལས་གྲུབ་པ་ཡིན། ཕྲ་ཕུང་མང་པོ་ཚོགས་པ་ལས་ཕུང་གྲུབ་(Tissue) དང། ཕུང་གྲུབ་

མང་པོ་ཚོགས་པ་ལས་དབང་པོ། (Organ) དབང་པོ་མང་པོ་ཚོགས་པ་ལས་དབང་པོའ་ི མ་ལག་(Organ system) འགྲུབ། དབང་པོའ་ི མ་ལག་དུ་མ་ཚོགས་པ་ལས་སྐྱེ་ལྡན་(Organism) བྱུང། ཕྲ་ཕུང།

ཕུང་གྲུབ།

དབང་པོའ་ི མ་ལག།

སྐྱེ་ལྡན་།

49


ཚོར་ཤེས་དབང་པོ།

སློབ་ཕྲུག་ཚོ། ང་ཚོས་འཛིན་རི​ིམ་བཞི་པར་སྦྱངས་ཟིན་པ་ལྟར་གཤམ་གྱི་བྱེད་སྒོ་དེ་བརྒྱུད་ནས་བསྐྱར་སྦྱོང་བྱེད་རྒྱུ་ཡིན། ཚོར་ཤེས་དབང་པོ། མིག།

སྣ།

རྣ་མཆོག།

ལྕེ།

ལུས།

(པགས་པ)

50

བྱེད་ལས།


དབང་པོའ་ི མ་ལག།

(Organ system)

མིའི་གཟུགས་པོའ་ི ནང་དབང་པོའ་ི མ་ལག་ ༡༡ ཙམ་ཡོད། ཞིག་གི་སྐོར་ལ་སྦྱང་རྒྱུ་ཡིན།

དེ་དག་ལས་འགའ་

དཔེ་རིས། ༥་༡

རུས་སྒྲོམ་མ་ལག། (Skeletal System)

སློབ་ཕྲུག་ཚོ། ཁྱེད་ཚོས་སོ་སོའ་ི པུས་མོ་དང་གྲུ་མོར་གནོན་ཤུགས་རྒྱག་དུས་མཁྲེགས་པོ་ཚོར་བ་

ནི་གཟུགས་པོའ་ི ནང་རུས་པ་ཡོད་པའི་རྐྱེན་གྱིས་ཡིན། རུས་པ་ཐམས་ཅད་ཕན་ཚུན་མཐུད་ནས་ རུས་སྒྲོམ་བྱུང། རུས་སྒྲོམ་གྱིས་ང་ཚོའི་གཟུགས་པོར་དབྱིབས་སྤྲོད་པ་དང་། དྲང་པོར་གནས་

ཐུབ་པར་རོགས་བྱེད། རུས་སྒྲོམ་གྱིས་ང་ཚོའི་གཟུགས་པོའ་ི ནང་ལ་ཡོད་པའི་དབང་པོ་རྣམས་

ཕྱིའི་གནོད་ཚབས་ལས་སྲུང་སྐྱོབ་བྱེད། ཀ་པ་ལིས་ང་ཚོའི་ཀླད་པ་སྲུང་སྐྱོབ་བྱེད་པ་དང་རྩིབ་

རུས་ཀྱིས་སྙིང་དང་གློ་བ་སོགས་སྲུང་སྐྱོབ་བྱེད། མི་རྒན་པའི་གཟུགས་པོའ་ི ནང་ཁྱོན་བསྡོམས་

རུས་པ་གྲངས ༢༠༦ ཡོད། ཕྲུ་གུ་ཆུང་ཆུང་གི་གཟུགས་པོའ་ི ནང་རུས་པའི་གྲངས་དེ་ལས་ཕྲན་བུ་ མང་བ་ཡོད།

ཤ་གནད་མ་ལག། (Muscular System)

ཤ་གནད་ནི་ང་ཚོའི་གཟུགས་པོའ་ི ཆ་ཤས་གལ་ཆེ་ཤོས་ཤིག་ཡིན།

དཔེ་རིས། ༥་༢

ལུས་ཀྱི་རུས་

སྒྲོམ་དང་ཤ་གནད་གཉིས་ཀྱིས་ང་ཚོའི་གཟུགས་དྲང་པོར་གནས་པ་དང། འགུལ་

བསྐྱོད་བྱེད་པར་རོགས་བྱེད་ཀྱི་ཡོད། ཤ་གནད་ནི་དབང་པོ་རྣམས་ཀྱི་གྲུབ་ཆ་གལ་ ཆེ་བ་ཞིག་ཡིན་པར་མ་ཟད། སྙིང་ལྟ་བུ་ནི་ཤ་གནད་གཅིག་པོ་ལས་གྲུབ་པ་ཡིན། ང་ཚོའི་གཟུགས་པོའ་ི ནང་ཁྱོན་ཤ་གནད་ ༦༠༠ ལས་མང་བ་ཡོད། དུས་རྒྱུན་ཤ་ གནད་ཀྱི་ནུས་སྟོབས་རྒྱས་པར་ལུས་རྩལ་ངེས་པར་དུ་རྩེ་དགོས།

དཔེ་རིས། ༥་༣

51


འཇུ་བྱེད་མ་ལག། (Digestive System)

ང་ཚོ་མི་དང་སྲོག་ཆགས་ཚང་མར་འཚར་ལོངས་དང་ནུས་ཤུགས་འདོན་ཆེད་ཟས་བཅུད་ དགོས་པ་དང། ཟས་བཅུད་དེ་ཚོ་ཁ་ལག་ནས་འཐོབ་ཀྱི་ཡོད། ཁ་ལག་ནས་ཟས་བཅུད་

ལེན་པར་དབང་པོ་མང་པོས་མཉམ་རུབ་ཀྱིས་ལས་ཀ་བྱེད་ཀྱི་ཡོད་ཅིང་། དེ་དག་ནི། ཁ་

དང། མིད་པ། ཕོ་བ། (Stomach) མཆིན་པ། (Liver) རྒྱུ་ནག(Small intestine) རྒྱུ་ དཀར།(Large intestine) བཤང་ལམ། (Anus) བཅས་ཡིན།

འཇུ་བྱེད་མ་ལག་གི་དབང་པོས་ཟས་བཅུད་རྣམས་ཁྲག་རྩ་རྒྱུད་མཐའ་མ་ཕྲ་ཕུང་ནང་སིམ་ ཐུབ་པའི་ཆེད་དུ་ཟས་རགས་པ་རྣམས་འཇུ་བདེ་བ་བཟོ་ཡི་ཡོད། དེ་བཞིན་དབང་པོ་དེ་

དཔེ་རིས། ༥་༤

དག་གིས་ཟས་མ་འཇུ་བ་དང་ཟས་རོ་རྣམས་ལུས་ཀྱི་བཤང་ལམ་བརྒྱུད་དེ་ཕྱིར་འདོར་གྱི་ཡོད། འབྱིན་རྔུབ་མ་ལག། (Respiratory System)

མི་ལྟ་བུའི་སྲོག་ཆགས་ཚང་མར་རླུང་དགོས། ང་ཚོས་དུས་རྒྱུན་ཁ་དང་སྣ་ཁུང་བརྒྱུད་

དབུགས་འབྱིན་རྔུབ་བྱེད་ཀྱི་ཡོད། སྣ་ཁུང་ནང་སྣབས་དང་བ་སྤུ་ཡོད་པས་དེ་དག་གིས་

ཕྱིའི་ཐལ་བ་སོགས་གློ་བའི་ནང་མི་འགྲོ་བར་འགོག་གི་ཡོད། དེར་བརྟེན་དུས་རྒྱུན་ང་ཚོས་ དབུགས་ཁ་ནས་མི་གཏོང་བར་སྣ་ཁུང་བརྒྱུད་གཏོང་དགོས།

དབུགས་འབྱིན་རྔུབ་སྐབས་འཚོ་རླུང་མང་པོ་ཡོད་པའི་རླུང་དེ་འཚུར་བརྔུབས་ནས་འཚོ་རླུང་ དེ་གློ་བ་བརྒྱུད་ཁྲག་གི་ནང་དུ་རྒྱུ་ཞིང། མཐའ་མ་ཕྲ་ཕུང་རེ་རེའི་ནང་འཛུལ་ནས་ནུས་པ་

དཔེ་རིས། ༥་༥

འདོན་པར་བེད་སྤྱོད་བྱེད་ཀྱི་ཡོད། རྒྱུད་རིམ་དེ་ལས་བྱུང་བའི་གཟུགས་པོའ་ི ནང་གི་བེད་མེད་ཀར་བོན་འཚོ་རླུང་ཉིས་ལྡན་ གློ་བ་རྒྱུད་ཕྱིར་འདོན་གྱི་ཡོད། མི་རྒན་པས་ངལ་གསོ་བྱེད་སྐབས་སྐར་མ་གཅིག་ནང་དབུགས་འབྱིན་རྔུབ་ཐེངས་༡༢ ནས་ ༡༥ ཙམ་བྱེད་ཀྱི་ཡོད།

སྣ་ཁུང་(Nostril) དང། གློ་སྦུག(Bronchus) གློ་ཡུ།(Wind pipe)

དབུགས་འབྱིན་རྔུབ་ཀྱི་མ་ལག་དབང་པོ་ཡིན།

52

གློ་བ་(Lung) རྣམས་


རང་གིས་སྣ་ཁུང་གཉིས་ལ་མཛུབ་མོ་བཞག་ནས། སྣ་ཁུང་གིས་ཕྱིར་བཏང་བའི་རླུང་དེ་ཚོར་བར་གྱིས་དང། སྣ་བུག་

གཉིས་ཀ་ནས་ཐོན་པའི་དབུགས་ཤུགས་ཆེ་ཆུང་གཅིག་པ་རེད་འདུག་གམ། དེ་བཞིན་རང་གི་སྣ་ཁུང་མདུན་དུ་མེ་ལོང་ ཞིག་བཞག་ནས་དེའི་སྟེང་དབུགས་ཐོངས་དང། རང་ལ་མཐོང་སྣང་བྱུང་ཚུལ་འགྲེལ་བརྗོད་གྱིས་དང།

འཁོར་སྐྱོད་མ་ལག། (Circulatory System)

སློབ་ཕྲུག་ཚོ། འཛིན་གྲྭའི་ནང་སྡོད་རོགས་ཕན་ཚུན་གཅིག་གིས་གཅིག་ལ་བྲང་ཁོག་གཡོན་ ཕྱོགས་ལ་རྣ་མཆོག་ཐུག་ནས་ཡག་པོ་ཉན་ན་སྙིང་འཕར་བའི་སྒྲ་གོ་ཐུབ། ལུས་པོའ་ི ཆ་ཤས་ཡོངས་ལ་ཁྲག་འབུད་པའི་རྐྱེན་གྱིས་ཡིན།

དེ་ནི་སྙིང་གིས་

ང་ཚོའི་སྙིང་དེ་བྲང་ཁོག་ནང་

དུ་ཡོད་པ་དང་ཅུང་ཟད་གཡོན་ཕྱོགས་སུ་ཡོད། དེའི་ཆེ་ཆུང་ནི་ལག་པ་གཡོན་མའི་ཁུ་ཚུར་ ཙམ་ཡོད།

མ་ལག་ཟེར།

ང་ཚོའི་ལུས་ཀྱི་ཁྲག་འཁོར་ཞིང་རྒྱུ་བར་བྱེད་པའི་དབང་པོ་དེ་ལ་འཁོར་སྐྱོད་

འཁོར་སྐྱོད་མ་ལག་བརྒྱུད་ལུས་ཀྱི་ཕྲ་ཕུང་ཚང་མར་ཟས་དང་འཚོ་རླུང་འོར་

དཔེ་རིས། ༥་༦

འདྲེན་བྱེད་ཐུབ། ཕྲ་ཕུང་ནང་བེད་སྤྱོད་བྱས་ཟིན་པའི་སྙིགས་རོ་རྣམས་ཕྱིར་འདོར་བ་དང།

ལུས་ཀྱི་ཚ་ཚད་སྙོམས་པོར་གནས་པར་ཡང་རོགས་བྱེད། སྙིང་དང། ཁྲག། ཁྲག་རྩ་རྣམས་ འཁོར་སྐྱོད་མ་ལག་གི་ཆ་ཤས་གལ་ཆེ་བ་རྣམས་ཡིན།

དཔེ་རིས། ༥་༧

53


དམིགས་ཡུལ།

སྐར་མ་གཅིག་ནང་ཁྲག་རྩ་འཕར་ལྡིང་ག་ཚོད་བྱེད་མིན་འཚོལ་རྒྱུ།

• སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས།

• རང་གི་ལག་པ་གཡས་པའི་མཛུབ་མོས་ལག་པ་གཡོན་མའི་མཁྲིག་མའི་ནང་ངོས་སུ་འཇུས་ཏེ། སྐར་མ་ ༡ ནང་ཁྲག་ རྩ་འཕར་ལྡིང་ག་ཚོད་བྱེད་མིན་རྩི་དགོས། སློབ་མའི་མིང།

དཔེར་ན། སློབ་མ་བསྟན་འཛིན་རྡོ་རྗེ།

ཁྲག་རྩ་འཕར་ལྡིང་གི་གྲངས་ཚད། ༡༤

དབང་རྩའི་མ་ལག། (Nervous System)

དབང་རྩའི་མ་ལག་གིས་ལུས་ཀྱི་མ་ལག་གཞན་གྱི་བྱེད་སྒོར་སྟངས་འཛིན་དང་

འབྲེལ་མཐུད་བྱེད་ཀྱི་ཡོད། མ་ལག་དེས་གཟུགས་པོའ་ི ནང་གི་རང་དབང་ཡོད་པ་ དང་མེད་པ་གཉིས་ཀའི་བྱེད་ལས་ལ་སྟངས་འཛིན་བྱེད་ཀྱི་ཡོད། རྩ་དང། སྒལ་ རྣག། ཀླད་པ་བཅས་ནི་དབང་རྩའི་མ་ལག་གི་དབང་པོ་ཡིན།

54

དཔེ་རིས། ༥་༨


གཅིན་དོར་མ་ལག། (Urinary system)

གཅིན་དོར་མ་ལག་གིས་ལུས་ཀྱི་གཤེར་སྙིགས་རྣམས་འདོར་བ་དང་། དེ་ཡང་ཁྲག་ནང་ ཡོད་པའི་བེད་མེད་རྫས་རྣམས་མཁལ་མས་འཚག་སྦྱོར་བྱས་ཏེ། གཅིན་འདྲེན་སྦུ་གུ་

(Ureter) བརྒྱུད་ལྒང་བུ་(Urinary bladder) ནང་གསོག་གི་ཡོད། དེ་ནས་གཅིན་ལམ་

(Urethra) བརྒྱུད་ཕྱིར་དོར་གྱི་ཡོད། གཅིན་དོར་མ་ལག་གིས་ལུས་ལ་ཡོད་པའི་ཆུ་དང་

རྫས་མང་ཉུང་སྟངས་འཛིན་ཡང་བྱེད་ཀྱི་ཡོད།

ང་ཚོས་ག་རེ་སྦྱངས་ཡིན།

དཔེ་རིས། ༥་༩

• ང་ཆོའ ི་གཟུགས་པོ་ནི་ཕྲ་ཕུང་མང་པོ་འདུས་པ་ལས་བྱུང་བ་ཡིན།

• ང་ཚོའི་གཟུགས་པོའ་ི ནང་དབང་པོ་མང་པོ་ཡོད་པ་དང་ཁ་ཤས་ཕྱིར་མིག་གིས་མཐོང་ཐུབ།

• སྙིང་དང་གློ་བ། མཆིན་པ། རྒྱུ་མ་སོགས་ཀྱི་དབང་པོ་རྣམས་གཟུགས་པོའ་ི ནང་དུ་ཡོད་པས་དངོས་སུ་མཐོང་མི་ཐུབ། • ཕྲ་ཕུང་མང་པོ་ཚོགས་པ་ལས་ཕུང་གྲུབ་ཆགས། ཕུང་གྲུབ་མང་པོ་ཚོགས་པ་ལས་དབང་པོ་གྲུབ། • བྱེད་ལས་ངེས་ཅན་ཞིག་བྱེད་པའི་དབང་པོའ་ི འདུས་ཚོགས་ཤིག་ལ་དབང་པོའ་ི མ་ལག་ཟེར།

• ང་ཚོའི་གཟུགས་པོའ་ི ནང་རུས་པ་ ༢༠༦ ཙམ་ཡོད། དེ་ཐམས་ཅད་མཐུད་ནས་རུས་སྒྲོམ་བྱུང།

• རུས་སྒྲོམ་དང་ཤ་གནད་གཉིས་ཀྱི་ལུས་དྲང་པོར་གནས་པ་དང། འགུལ་བསྐྱོད་བྱེད་པར་རོགས་བྱེད་ཀྱི་ཡོད།

• ཁ་དང། མིད་པ། ཟས་ཀྱི་སྦུ་གུ། ཕོ་བ། རྒྱུ་ནག་གམ་རྒྱུ་ཆུང། རྒྱུ་དཀར་རམ་རྒྱུ་ཆེན། བཤང་ལམ། བཅས་ནི་འཇུ་བྱེད་ མ་ལག་གི་དབང་པོ་ཡིན།

• སྣ་ཁུང་དང། གློ་ཡུ། གློ་བ་གཉིས་བཅས་དབུགས་འབྱིན་རྔུབ་ཀྱི་དབང་པོ་ཡིན།

• སྙིང་དང། ཁྲག། ཁྲག་རྩ་རྣམས་འཁོར་སྐྱོད་མ་ལག་གི་དབང་པོ་གལ་ཆེ་བ་རྣམས་ཡིན། • རྩ་དང། སྒལ་རྣག། ཀླད་པ་བཅས་ནི་དབང་རྩའི་མ་ལག་གི་དབང་པོ་ཡིན།

• ཕྱི་དོར་མ་ལག་གི་དབང་པོ་གཙོ་བོ་ནི། མཁལ་མ་དང། གློ་བ། པགས་པ་བཅས་ཡིན།

55


སྦྱོང་ཚན།

ཀ༽ གཤམ་གྱི་བྱེད་ལས་ཁག་བྱེད་པའི་མ་ལག་གང་ཡིན་གཡས་སུ་བྲིས། ༡)

གཟུགས་དྲང་པོ་དང་དབྱིབས་ལྡན་པར་གནས་ཐུབ།

༣)

ཟས་འཇུ་བར་རོགས་བྱེད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༢) དབུགས་འབྱིན་རྔུབ་བྱེད་པར་ཕན།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༤)

གཟུགས་པོའ་ི ནང་ཁྲག་འཁོར་སྐྱོད་བྱེད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༦) གཟུགས་པོ་འགུལ་བསྐྱོད་བྱེད་པར་རོགས་བྱེད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༥)

གཟུགས་ཀྱི་ཆུ་སྙིགས་ཕྱི་དོར་བྱེད།

༧) ལུས་ཀྱི་ཆ་ཤས་ཚང་མའི་བྱེད་ལས་སྟངས་འཛིན་བྱེད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ཁ༽ འགྲིག་ནོར་གང་ཡིན་རྟགས་རྒྱོབ། ༡)

གློ་བས་འཚོ་རླུང་རྔུབ།

(

)

ཁྲག་གིས་ཟས་བཅུད་དང་འཚོ་རླུང་རྣམས་འོར་འདྲེན་བྱེད།

(

)

༢)

ཕོ་བ་ནི་འཁོར་སྐྱོད་མ་ལག་གི་ཆ་ཤས་ཤིག་ཡིན།

༤)

སྙིང་གིས་ང་ཚོའི་ལུས་ཀྱི་དབང་པོའ་ི བྱེད་ལས་ལ་སྟངས་འཛིན་བྱེད།

༦) ༨)

༣) ༥) ༧)

(

)

(

)

སྙིང་དང། གློ་བ། མཆིན་པ་རྣམས་མ་ལག་གཅིག་གི་དབང་པོ་རེད།

(

)

སྐར་མ་གཅིག་གི་ནང་ཁྲག་རྩ་འཕར་ལྡིང་ཐེངས་ ༡༠༠ ཙམ་བྱེད།

(

)

ཟས་མ་བཞུ་བ་རྣམས་གཅིན་དོར་མ་ལག་བརྒྱུད་ཕྱིར་དོར་གྱི་ཡོད།

མིའི་གཟུགས་པོ་ནང་ཤ་གནད་གྲངས་ ༦༠༠ ཙམ་ཡོད།

56

( (

) )


ག༽ གཤམ་གྱི་རེའུ་མིག་ནང་ཡོད་པའི་པར་རིས་དེ་དག་དབང་པོ་གང་ཡིན་ངོས་འཛིན་ནས། དེ་དག་མ་ ལག་གང་གི་ཁོངས་ཡིན་མིན་དང་། དེའི་བྱེད་ལས་གང་ཡིན་རེའུ་མིག་ནང་སྐོངས། དབང་པོ་དང་མ་ལག དཔེར་ན། དབང་པོ།

ཀླད་པ

མ་ལག། དབང་རྩའི་མ་ལག

པར་རིས།

དབང་པོའ་ི བྱེད་ལས།

ཀླད་པས་གཟུགས་པོའ་ི བྱེད་ལས་ ཚང་མར་སྟངས་འཛིན་བྱེད།

དབང་པོ།..........................

མ་ལག། ............................... དབང་པོ།..........................

མ་ལག། ............................... དབང་པོ།..........................

མ་ལག། ............................... དབང་པོ།..........................

མ་ལག། ...............................

57


ང༽ དྲི་བར་ལན་རྒྱོབ། ༡)

དབང་པོ་སྤྱི་དང་ཚོར་བའི་དབང་པོ་ལ་ཁྱད་པར་གང་ཡོད།

༣)

ང་ཚོའི་གཟུགས་པོའ་ི རུས་པའི་བྱེད་ལས་གང་ཡིན།

༢)

ཕྲ་ཕུང་ཟེར་ན་གང་རེད།

༤)

འཇུ་བྱེད་མ་ལག་གི་དབང་པ་གལ་ཆེ་བ་རྣམས་གང་དང་གང་ཡིན།

༥)

ཤ་གནད་མ་ལག་གིས་ང་ཚོའི་གཟུགས་པོའ་ི ནང་ལས་ཀ་གང་བྱེད་དམ།

༦)

ང་ཚོའི་གཟུགས་པོ་དེ་འཕྲུལ་ཆས་ལས་ཡག་ཚུལ་བྲིས།

༧)

སྙིང་འཕར་ལྡིང་བྱེད་དོན་གང་ཡིན།

ཅ༽

བྱེད་སྒོ།

དམིགས་ཡུལ། དགོས་མཁོ། བྱེད་སྟངས།

ལུས་ཀྱི་ནང་དབང་པོ་རྣམས་ཀྱི་གནས་མ་ནོར་བར་ངོས་འཛིན་ཐུབ་ཆེད།

དབང་པོའ་ི པར་རིས་གང་མང། མིའི་གཟུགས་ཀྱི་དབྱིབས་རིས།

༡)

༢)

འཛིན་གྲྭའི་སློབ་མ་རྣམས་སྡེ་ཚན་འགའ་ཤས་སུ་བགོས།

དགེ་རྒན་ནས་དབང་པོའ་ི པར་རིས་རྣམས་སྡེ་ཚན་སོ་སོར་སྤྲོད།

༣) སློབ་མ་ཚོས་དབང་པོ་རྣམས་མིའི་གཟུགས་པོའ་ི ཆ་གང་དུ་ཡོད་མེད་གོ་རིམ་མ་ནོར་བར་བསྒྲིག་ དགོས།

58


ཅ་དངོས་དབྱེ་འབྱེད་བྱེད་སྟངས།

བྱེད་སྒོ་ ༡

དམིགས་ཡུལ། དགོས་མཁོ། བྱེ​ེད་སྟངས། • • •

སློབ་ཚན། ༦

དཔེ་རིས། ༦་༡

སློབ་མ་རང་ངོས་ནས་ཅ་དངོས་སྡེ་ཚན་དུ་དབྱེ་ཐབས་བྱེད་རྒྱུ།

ཉེ་འཁོར་གྱི་ཅ་དངོས་འདྲ་མིན།

སློབ་མ་གསུམ་མམ་བཞི་རེའི་སྡེ་ཚན་བཟོས།

སྡེ་ཚན་རེ་ལ་ཁུག་མ་རེ་སྤྲད་ནས་སྐར་མ་བཅུ་ཙམ་གྱི་རིང་འཛིན་གྲྭའི་ཕྱིར་བཏང་ནས། ཉེ་འཁོར་དུ་ཡོད་པའི་ ཅ་དངོས་རིགས་གང་མང་སྒྲུག་ཏུ་ཆུག།

དེ་ནས་སྡེ་ཚན་གཅིག་གི་ཁུག་མ་དེ་སྡེ་ཚན་གཞན་ལ་སྤྲོད། དེའི་ནང་ཡོད་པའི་ཅ་དངོས་རྣམས་ཕྱིར་གཏོན་ ནས་དེ་དག་གི་ཁྱད་ཆོས་ལ་གཞིགས་ཏེ་ཅ་དངོས་རྣམས་སྡེ་ཚན་དུ་དབྱེ་ཐབས་གྱིས།

མཐའ་བསྡོམས།

གོང་གི་བྱེད་སྒོ་འདི་ནས་ཁྱེད་ཀྱིས་གང་ཤེས་སོང་ངམ།

59


ང་ཚོའི་ཉེ་འཁོར་དུ་ཟས་རིགས་དང་གྱོན་ཆས་སོགས་དངོས་པོ་སྣ་ཚོགས་མཐོང་རྒྱུ་ཡོད། དཔེར་ན། རྩི་ཤིང་དང་སྲོག་ཆགས། དེབ། མོ་ཊ། རི། ལུང་པ། ཁང་པ་སོགས་སྣ་ཚོགས་ཡོད། དེ་དག་ཐམས་ཅད་ལ་བཟོ་ལྟ་དང། ཁ་དོག བེད་སྤྱོད་སོགས་མི་ འདྲ་བ་ཡོད།

རྒྱུ་ཆ་དང་ཅ་དངོས། (Material and Object)

སློབ་མ་ཚོས་རྒྱུ་ཆ་དང་ཅ་དངོས་གཉིས་མ་ནོར་བར་ཤེས་རྒྱུ་གལ་ཆེ། རྒྱུ་ཆ་གཅིག་གིས་ཅ་དངོས་རིགས་མང་པོ་བཟོ་ ཐུབ་པ་དང་། ཅ་དངོས་གཅིག་རྒྱུ་ཆ་རིགས་མང་པོས་བཟོ་ཐུབ།

རྒྱུ་ཆ། དཔེ་རིས། ༦་༢

བྱེད་སྒོ། ༢

དམིགས་ཡུལ།

བྱེད་སྟངས། ༡)

60

དཔེ་རིས། ༦་༣

རྒྱུ་ཆ་གཅིག་གིས་ཅ་དངོས་རིགས་མི་འདྲ་བ་ག་ཚོད་བཟོ་ཐུབ་མིན་དང། ཅ་དངོས་གཅིག་རྒྱུ་

ཆ་མི་འདྲ་བ་ག་ཚོད་ཀྱིས་བཟོ་ཐུབ་མིན་ལྟ་རྒྱུ། སློབ་མ་རྣམས་སྡེ་ཚན་ཁག་ཏུ་བགོས།

༢)

སྡེ་ཚན་རེ་ལ་གཤམ་གྱི་རེའུ་མིག་རེ་པར་སློག་བརྒྱབ་པའམ་འབྲི་ཆུག

༣)

སྡེ་ཚན་གྱི་ཚོགས་མི་རྣམས་གྲོས་བསྡུར་བྱས་ནས་རང་གི་གྲུབ་དོན་རྣམས་འཛིན་གྲྭའི་ནང་འགྲེལ་ བརྗོད་གྱིས།


རེའུ་མིག་དང་པོ། ཨང། ༡

རྒྱུ་ཆ།

ཤིང།

ཅ་དངོས།

རྐུབ་སྟེགས། ཅོག་ཙེ། ཁང་པ། སྒམ། ་་་

༣ ༤

རེའུ་མིག་གཉིས་པ། ཨང། ༡

ཅ་དངོས། ཁང་པ།

རྒྱུ་ཆ།

ཤིང། འདམ་བག རྡོ། ལྕགས། ་་་་་་་་་་་་་་་་་་་་་་་་་་་་་་་

༣ ༤

༥ གོང་གི​ི་བྱེད་སྒོ་གཉིས་ནས་ཁྱེད་ཀྱིས་གང་ཤེས་སོང་ངམ། མཐའ་བསྡོམས་རྒྱོབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྤྱིར་ང་ཚོའི་ཉེ་འཁོར་དུ་ཡོད་པའི་དངོས་པོ་རྣམས་ལ་དབྱེ་འབྱེད་བྱེད་སྟངས་འདྲ་མིན་ཡོད། འོན་ཀྱང་གཙོ་བོ་ནི་སྐྱེ་ ལྡན་དང་སྐྱེ་ལྡན་མ་ཡིན་པ་གཉིས་སུ་དབྱེ་ཐུབ། ས་དང་རྡོ། ཆུ། རི། ཁང་པ། ཉི་མ། ཟླ་བ་སོགས་ལ་ཚེ་སྲོག་ཡོད་པའི་

རྟགས་ཚན་གང་ཡང་མེད་པ་ན་སྐྱེ་ལྡན་མ་ཡིན་པ་དང་། སྲོག་ཆགས་དང་། རྩི་ཤིང་། ཕྲ་སྲིན་རྣམས་ལ་སྐྱེ་འཕེལ་འཆི་ གསུམ་སོགས་ཀྱི་ཁྱད་ཆོས་ཡོད་པས་ན་སྐྱེ་ལྡན་ཡིན།

61


ཅ་དངོས་དབྱེ་བ་འབྱེད་ཚུལ་གཞན་འགའ་ནི། ༡)

༢) ༣)

ལྕགས་རིགས་དང་ལྕགས་རིགས་མིན་པ།

རང་འབྱུང་དང་མིས་བཟོས་པའི་དངོས་པོ།

སྲ་གཟུགས་དང། གཤེར་གཟུགས། རླངས་གཟུགས།

ཅ་དངོས་དབྱེ་འབྱེད་བྱེད་སྟངས་གཞན་གང་འདུག་བསམ་བློ་ཐོངས།

དངོས་པོའ ི་གནས་བབ།

(States of matter)

དངོས་པོ་རྣམས་རྒྱུན་གཏན་ཚ་ཚད་(Normal Temperature) ནང་གནས་བབ་ཇི་འདྲའི་ནང་གནས་ཡོད་མེད་ཀྱི་ཐོག་ ནས་དབྱེ་བ་འབྱེད་ཐུབ།

བྱེད་སྒོ། ༣

དམིགས་ཡུལ། གཤམ་གྱི་དངོས་པོ་རྣམས་རྒྱུན་གཏན་ཚ་ཚད་ནང་གནས་བབ་གང་ཡིན་ལྟ་རྒྱུ། བྱེད་སྟངས།

སློབ་མ་རྣམས་ཀྱིས་གྲོས་བསྡུར་བྱས་ནས་གཤམ་གྱི་བར་སྟོང་རྒྱོངས།

དངོས་རྫས།

སྲ་གཟུགས།

ཆུ།

ལྕགས།

རྡོ།

འཚོ་རླུང་།

མར།

སྤྲིན་པ།

སྣུམ།

གཤེར་གཟུགས། རླང་གཟུགས།

རླངས་གཟུགས་དང་། གཤེར་གཟུགས། སྲ་གཟུགས་བཅས་ནི་དངོས་པོའ་ི གནས་བབ་མི་འདྲ་བ་གསུམ་ཡིན། གནས་ བབ་གསུམ་གང་གི་ནང་དུ་གནས་ཀྱང་དངོས་པོ་ཚང་མ་རྡུལ་ཕྲན་གྱིས་གྲུབ་ཡོད། འོན་ཀྱང་གནས་བབ་སོ་སོའ་ི ནང་ རྡུལ་ཕྲན་དེ་དག་གནས་སྟངས་ཕྲན་བུ་མི་འདྲ་བ་ཡོད།

62


སྲ་གཟུགས་ཀྱི་ནང་རྡུལ་རྣམས་ཕན་ཚུན་ཐུག་ནས་བསྡད་པར་མ་ཟད་གནས་གཅིག་ནས་གཞན་དུ་འགྲོ་མི་ཐུབ། གཤེར་གཟུགས་ནང་རྡུལ་རྣམས་ཕན་ཚུན་ཐུག་ནས་གནས་ཡོད་ཀྱང་གནས་གཅིག་ནས་གཞན་དུ་འགྲོ་ཐུབ། རླངས་གཟུགས་ནང་རྡུལ་རྣམས་ཕན་ཚུན་ཐུག་ནས་མ་གནས་པར་ས་ཆ་གང་ཡོད་ལ་ཁྱབ་ནས་གནས་ཡོད།

དངོས་པོའ ི་གནས་བབ་མི་འདྲ་བའི་སྐབས་ཀྱི་ཁྱད་ཆོས་གཙོ་བོ་འགའ་ཤས་ནི། ཁྱད་ཆོས།

དངོས་གཟུགས་

རླངས་གཟུགས།

དབྱིབས་ངེས་ཅན་མེད་པ་དང་། བླུག་སྣོད་ཀྱི་དབྱིབས་འཛིན་པ།

ཀྱི་དབྱིབས།

དངོས་གཟུགས་ ཀྱི་བོངས་ཚད།

རྡུལ་ཕྲན་ཕན་

ཚུན་དབར་གྱི་

ཐུབ་མིན།

དབྱིབས་ངེས་ཅན་མེད་པ་

དང་། བླུག་སྣོད་ཀྱི་དབྱིབས་

སྲ་གཟུགས།

དབྱིབས་ངེས་ཅན་ཡོད་པ།

འཛིན་པ།

བོངས་ཚད་ངེས་ཅན་མེད་པ།

བོངས་ཚད་ངེས་ཅན་ཡོད་པ། བོངས་ཚད་ངེས་ཅན་ཡོད་པ།

ཆ་ཆེན་པོ་ཡོད་པ་མ་ཟད། དེ་དག་

སྟོང་ཆ་ཧ་ཅང་ཆུང་ཡང་། དེ་ ལ་སྟོང་ཆ་མེད་ལ། དེ་དག་

རྡུལ་ཕྲན་ཕན་ཚུན་དབར་ལ་སྟོང་ གི་གནས་ཡུལ་ངེས་མེད་ཡིན།

སྟོང་ཆ།

གནོན་བཙིར་

གཤེར་གཟུགས།

རྡུལ་རྣམས་ཀྱི་དབར་ལ་སྟོང་ཆ་

ཆེན་པོ་ཡོད་པས་གནོན་བཙིར་ཐུབ།

རྡུལ་ཕྲན་ཕན་ཚུན་དབར་ལ་ རྡུལ་ཕྲན་ཕན་ཚུན་དབར་

དག་གི་གནས་ཡུལ་ངེས་མེད་ གི་གནས་ཡུལ་ཡང་ངེས་པ་ ཡིན།

ཡིན།

རྡུལ་རྣམས་ཀྱི་དབར་ལ་སྟོང་ རྡུལ་རྣམས་ཀྱི་དབར་ལ་སྟོང་ ཆ་ཧ་ཅང་ཆུང་བས། གནོན་

བཙིར་ཅུང་ཙམ་ལས་མི་ཐུབ།

ཆ་མེད་པས་གནོན་བཙིར་ མི་ཐུབ།

63


བྱེད་སྒོ། ༤

དམིགས་ཡུལ། དགོས་མཁོ། བྱེད་སྟངས།

དངོས་པོའ་ི གནས་བབ་ལ་འགྱུར་བ་ཇི་ལྟར་གཏོང་ཐུབ་ཀྱི་ཡོད་མེད་ལྟ་རྒྱུ།

ཤེལ་སྣོད་གཅིག འཁྱགས་པ་ཉུང་ཙམ་ཞིག མེ།

༡) འཁྱགས་པ་རྣམས་ཤེལ་སྣོད་ནང་དུ་བླུགས། ༢) དུས་ཡུན་གང་ཙམ་རིང་ལྟ་སྒུག་བྱས་རྗེས་

འཁྱགས་པ་དུམ་བུ་རྣམས་ལ་འགྱུར་བ་གང་ འགྲོ་ཡི་འདུག་ལྟ་རྒྱུ།

༣) དེའི་རྗེས་ཤེལ་སྣོད་ནང་དུ་ཡོད་པའི་ཆུ་དེ་ ༤)

མེའི་སྟེང་དུ་བཞག་ནས་ཚ་བོ་བཟོས།

དཔེ་རིས། ༦་༤

མཐར་ཆུ་ལ་འགྱུར་བ་གང་འགྲོ་ཡི་འདུག་ལྟོས།

༼ གོང་གི་བྱེད་སྒོ་དེ་ང་ཚོས་འཛིན་རིམ་གསུམ་པའི་སྐབས་བྱས་པ་ཁྱེད་ཀྱིས་དྲན་གསོས་ཀྱི་འདུག་གམ། ༽

བསམ་བློ་བཏང་ནས་བྲིས།

༡) སྲ་གཟུགས་ཡིན་པའི་འཁྱགས་པ་དེ་གཤེར་གཟུགས་དང། རླངས་གཟུགས་སུ་ཇི་ལྟར་བསྒྱུར་ཐུབ་བམ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༢༽ གོང་གི་འགྱུར་བ་རྣམས་ཕྱིར་ལྡོག་ཐུབ་བམ། གལ་ཏེ་ཐུབ་ན་ཇི་ལྟར་ཐུབ་བམ།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

64


དངོས་པོ་སྡེ་ཚན་དུ་དབྱེ་ཚུལ།

(Classification of Matters)

ཁྱེད་རང་གིས་ཆུ་བླུག་སའི་ཕོར་པ་དེ་རས་ཀྱིས་བཟོས་པ་ཡིན་ན་འགྲིག་གི་ རེད་དམ། དེ་བཞིན་ཇ་དང་ཆུ་སོགས་ཤོག་སྣོད་ནང་ལ་བསྐོལ་ཐུབ་བམ། དེར་བརྟེན་ཅ་དངོས་ངེས་ཅན་ཞིག་བཟོ་བར་དེའི་རྒྱུ་ཆའི་ཁྱད་ཆོས་དང་

བེད་སྤྱོད་གང་ཡིན་ལ་རག་ལས་ཡོད། དཔེར་ན། ཕོར་པ་ཞིག་བཟོ་དགོས་ ན། ཤེལ་དང་། འགྱིག་ཚི། ཧ་ཡང། ཤིང་སོགས་བེད་སྤྱོད་བྱེད་དགོས།

དངོས་པོ་དབྱེ་འབྱེད་བྱེད་པར་གཤམ་གྱི་ཁྱད་ཆོས་ཁག་ལ་གཞི་ བཞག་དགོས། དངོས་པོའ་ི ཕྱིའི་སྣང་ཚུལ། (Appearance )

དངོས་པོ་ཁ་ཤས་ལ་རང་བཞིན་གྱི་འོད་མདངས་ཆེན་པོ་ཡོད་པ་དང་ཁ་ཤས་ལ་དེ་ལྟར་མེད།

དཔེ་རིས། ༦་༥

དཔེར་ན་ལྕགས་དང་ཟངས། ཧ་ཡང། དངུལ། གསེར་སོགས་ཀྱི་ལྕགས་རིགས་རྣམས་ངོས་གཙང་མ་ཡིན་ན་དེ་ལ་རང་ བཞིན་གྱིས་འོད་མདངས་ཡོད། འོན་ཀྱང་ཤིང་དང་རྡོ་སོགས་ལ་འོད་མདངས་མེད། མཁྲེགས་ལོས། (Hardness)

གལ་ཏེ་ཁྱེད་རང་གིས་དངོས་པོ་ཞིག་ལ་རེག་པ་ཡིན་ན། དེའི་མཁྲེགས་ལོས་གང་ཡིན་ཤེས་ཐུབ། དངོས་པོ་གང་ཞིག་

གནོན་བཙིར་ཐུབ་པ་ཞིག་ཡིན་ན་དེ་ལ་འབོལ་པོ་ཟེར་བ་དང། གལ་ཏེ་གནོན་བཙིར་བྱེད་དཀའ་ན་དེ་ལ་མཁྲེགས་པོ་ ཟེར།

དཔེ་རིས། ༦་༦

65


ཆུའི་ནང་བཞུ་འདྲེས་ཐུབ་མིན། (Solubility in water) བྱེད་སྒོ། ༥ དངོས་རྫས་གང་དང་གང་ཆུའི་ནང་དུ་བཞུ་ཐུབ་མིན་ལྟ་རྒྱུ། བྱེད་སྟངས།

༡) བྱེ་མ་ཀ་ར། ཚྭ། ཤིང་རྡུལ། ས་སྨྱུག་ཕྱེ་མ། བྱེ་མ་བཅས་ཉུང་ཙམ་རེ་ མཁོ་སྒྲུབ་བྱེད་དགོས།

༢) ཆུ་ཕྱེད་ཙམ་ཡོད་པའི་ཕོར་པའམ་བརྟག་སྦུག་ལྔ་དགོས།

དཔེ་རིས། ༦་༧

༣) ཕོར་པ་དང་པོའ་ི ནང་བྱེ་མ་ཀ་ར་དང། གཉིས་པའི་ནང་ཚྭ། གསུམ་པའི་ནང་ཤིང་རྡུལ། བཞི་པའི་ནང་ས་སྨྱུག་ཕྱེ་ མ། ལྔ་པའི་ནང་བྱེ་མ་བཅས་བླུག་དགོས།

༤) གོང་གི་འདྲེས་ཁུ་རྣམས་དཀྲུག་དཀྲུག་ཡག་པོ་བཏང་ནས་སྐར་མ་ཁ་ཤས་རིང་ཞོག

༥) དེ་ནས་འདྲེས་ཁུ་རྣམས་ལ་རྟོག་ཞིབ་ཡག་པོ་བྱས་ནས་གཤམ་གྱི་བར་སྟོང་རྣམས་སྐོངས། དངོས་རྫས། བྱེ་མ་ཀ་ར།

སྔོན་དཔག།

ཆུའི་ནང་བཞུར་ཐུབ།/བཞུར་མི་ཐུབ།

བརྟག་དཔྱད་ཀྱི་གྲུབ་དོན།

ཆུའི་ནང་བཞུར་ཐུབ།/བཞུར་མི་ཐུབ།

ཚྭ།

ཤིང་རྡུལ།

ས་སྨྱུག་ཕྱེ་མ། བྱེ་མ།

ཁྱེད་ཀྱིས་མཐོང་བ་བཞིན་གོང་གི་དངོས་རྫས་ཁ་ཤས་ཆུའི་ནང་བཞུ་ཐུབ་པ་དང་ཁ་ཤས་བཞུ་མི་ཐུབ།

66


དྭངས་གསལ། (Transparency)

ཁྱེད་རང་ཆུང་ཆུང་ཡིན་པའི་སྐབས་ཡིབ་རེས་གབ་རེས་ཀྱི་རྩེད་མོ་རྩེ་མྱོང་ ངམ། དེ་རིང་ང་ཚོས་རྩེད་མོ་འདི་རྩེ་རྒྱུ་ཡིན། བྱེད་སྒོ། ༦

དཔེ་རིས། ༦་༨

• སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས།

• སྡེ་ཚན་ནང་གི་སློབ་ཕྲུག་གཅིག་འཚོལ་མཁན་ལ་འདེམས་པ་དང་། གཞན་རྣམས་ཤེལ་སྒོ་དང་། སྒོ། རྩིག་པ་ སོགས་ཀྱི་རྒྱབ་ལ་ཡིབ་དགོས།

• དེ་ནས་འཚོལ་མཁན་གྱིས་སློབ་ཕྲུག་གཞན་རྣམས་འཚོལ་དགོས།

• དངོས་པོ་གང་གི་རྒྱབ་ཏུ་ཡིབ་པའི་སློབ་ཕྲུག་དེ་མགྱོགས་ཤོས་འཚོལ་ཐུབ་བམ། རྒྱུ་མཚན་ཅི།

དངོས་པོ་གང་ཞིག་བརྒྱུད་ཕར་ཚུར་གསལ་པོར་མཐོང་ཐུབ་པའི་རིགས་ལ་དྭངས་གསལ་དངོས་པོ་དང།

ཡང་ཕར་

ཚུར་དེ་ཙམ་གསལ་པོ་མཐོང་མི་ཐུབ་པའི་རིགས་ལ་ཕྱེད་དྭངས་གསལ་གྱི་དངོས་པོ་ཟེར། ཅ་དངོས་ཤིག་བརྒྱུད་རྩ་བ་ ནས་མཐོང་མི་ཐུབ་པ་ཞིག་ལ་དྭངས་གསལ་མིན་པའམ་འོད་འགོག་དངོས་པོ་ཟེར།

དྭངས་གསལ།

ཕྱི་ནང་མི་གསལ་བ། དཔེ་རིས། ༦་༩

ཕྱེད་དྭངས་གསལ།

67


འཕྱོ་ལྡིང། (Floatation)

ང་ཚོས་དངོས་པོ་ཁ་ཤས་ཆུའི་ཁར་ལྡིང་བ་དང་ཁ་ཤས་ནུབ་པ། ཡང་ཁ་ཤས་ཕྱེད་ལྡིང་ལ་ཕྱེད་ནུབ་པའི་མཐོང་མྱོང་ཡོད་

ངེས། འོན་ཀྱང་གནས་ལུགས་འདི་ལྟར་ཡོང་དགོས་དོན་ཅི་ཡིན་ནམ། དེ་ལས་ཡ་མཚན་ཆེ་བ་ཞིག་ལ་ཤིན་ཏུ་ཆེ་ལ་ལྕི་ བའི་དངོས་པོ་གྲུ་གཟིངས་ལྟ་བུ་ཆུའི་སྟེང་དུ་ལྡིང་ཐུབ་པ་དང་། ཁབ་ལྟ་བུ་ཤིན་ཏུ་ཆུང་ལ་ཡང་བའི་དངོས་པོ་རྣམས་ཆུའི་ སྟེང་དུ་ལྡིང་ཐུབ་ཀྱི་མེད། ང་ཚོས་བྱེད་སྒོ་ཁ་ཤས་བརྒྱུད་དངོས་པོ་ཆུའི་ཁར་ལྡིང་བའི་རྒྱུ་རྐྱེན་ཤེས་ཐབས་བྱ་རྒྱུ་ཡིན། བྱེད་སྒོ། ༧

དམིགས་ཡུལ། མཁོ་སྒྲུབ་བྱེད་སླ་བའི་ཅ་དངོས་ཁག་ཅིག་ཆུའི་སྟེང་ལྡིང་ཐུབ་མིན་ལྟ་རྒྱུ། དགོས་མཁོ།

༡)

སློབ་གྲྭའི་ཉེ་འཁོར་ནས་རག་སླ་བའི་གཤམ་གསལ་རེའུ་མིག་ནང་གསལ་གྱི་དངོས་ཆས་ཁག་མཁོ་སྒྲུབ་བྱོས།

༢) ཆུ་ཕྱེད་ཙམ་བསྐངས་པའི་ཆུ་གཞོང་ཞིག་དགོས། བྱེད་སྟངས།

༡)

ཐོག་མར་ཅ་དངོས་དེ་དག་ཆུའི་སྟེང་དུ་ལྡིང་བ། ཕྱེད་ལྡིང་བ། ཡང་ན་ནུབ་པ་སོགས་གང་ཡོང་སྔོན་དཔགས་

བྱས་ཏེ་རེའུ་མིག་ནང་སྐོངས།

༢) དངོས་པོ་རྣམས་རེ་རེ་བཞིན་ཆུའི་ནང་བླུགས་ཏེ་རང་ལ་ཞིབ་རྟོག་གང་བྱུང་བ་རྣམས་ལྟ་ཞིབ་རེའུ་མིག་ནང་དུ་ སྐོངས།

68


སྔོན་དཔག་དང་ལྟ་ཞིབ་རེའུ་མིག

ཨང།

དངོས་པོ།

མཁྲེགས་ཤོག

ཤེལ།

འཁྱགས་པ།

སྒོ་ང་།

ལྕགས་གཟེར།

ལོ་མ།

ཆུའི་སྟེང་དུ་ ལྡིང་བ།

སྔོན་དཔག། ཕྱེད་ལྡིང་བ།

ནུབ་པ།

ཆུའི་སྟེང་དུ་ ལྡིང་བ།

ལྟ་ཞིབ། ཕྱེད་ལྡིང་བ།

ནུབ་པ།

འགྱིག་ཚི།

ཤིང་ཏོག

ཞོག་ཁོག

༡༠

སྣུམ།

69


བྱེད་སྒོ། ༨

དམིགས་ཡུལ། དངོས་པོ་ཞིག་གཤེར་གཟུགས་ཤིག་གི་སྟེང་ལ་ལྡིང་ཐུབ་ཀྱི་ཡོད་མེད་ལྟ་རྒྱུ། དགོས་མཁོ།

ཧ་ཡང་གི་ཏར་སྐུད་ཐུང་ཐུང་ཞིག ཆུ། ཆུ་གཞོང་། ཤེལ་སྣོད། སྒོ་ང་རྗེན་པ་གཅིག ཚྭ། ཐོ་བ།

བྱེད་སྟངས། ཀ)

• ཆུ་གཞོང་ཞིག་གི་ནང་ལ་ཆུ་ཕྱེད་ཙམ་ཞིག་བཀོང།

• ཧ་ཡང་དུམ་བུ་ཞིག་ཁྱེར་ནས་དེ་ཆུའི་ནང་ལྡིང་ཐུབ་

མིན་ལྟོས།

• ཧ་ཡང་གི་དུམ་བུ་དེ་རྡུང་ནས་ལེབ་ལེབ་གྲུ་དབྱིབས་ ལྟ་བུ་ཞིག་བཟོས།

• དེ་ནས་སྐྱར་དུ་ཧ་ཡང་དུམ་བུ་དེ་ལྡིང་ཐུབ་མིན་ལྟོས།

དཔེ་རིས། ༦་༡༠

ཁ)

• ཤེལ་ཕོར་ཞིག་གི་ནང་ཆུ་ཕྱེད་ཙམ་ཞིག་སྐོང།

• ཆུ་དེའི་ནང་སྒོ་ང་རྗེན་པ་ཞིག་བླུགས་ནས་ལྡིང་གི་ཡོད་མེད་ལྟོས།

• སྒོ་ང་ཡོད་པའི་ཆུའི་ནང་ལ་ཚྭ་ཐུར་མ་གང་བླུག་ནས་ལྟོས། དེའི་རྗེས་ ཚྭ་ཐུར་མ་གཉིས་། གསུམ་། བཞི་བཅས་རིམ་པས་བླུག་ནས་ལྟོས།

དཔེ་རིས། ༦་༡༡

གོང་གི་བྱེད་སྒོ་ཀ་པ་དང་ཁ་པ་གཉིས་ནས་གང་ཤེས་སོང་མཐའ་བསྡོམས་རྒྱོབ།.............................................................. ...........................................................................................................................

70


ང་ཚོས་ག་རེ་སྦྱངས་ཡིན།

• ང་ཚོའི་ཉེ་འཁོར་དུ་ཡོད་པའི་དངོས་ཆས་རྣམས་ཀྱི་སྐོར་ཤེས་རྟོགས་ཐུབ་ཐབས་དང་ལས་ཀ་བྱེད་བདེ་བའི་ཆེད་དུ་ སྡེ་ཚན་དུ་ཅ་དངོས་དབྱེ་ཆོག

• རྒྱུ་ཆ་གཅིག་ནས་དངོས་ཆས་རིགས་མང་པོ་བཟོ་ཐུབ།

• དེ་བཞིན་དངོས་ཆས་གཅིག་རྒྱུ་ཆ་འདྲ་མིན་ནས་བཟོ་ཐུབ།

• འཛམ་གླིང་སྟེང་གི་དངོས་པོ་རྣམས་སྐྱེ་ལྡན་དང་སྐྱེ་ལྡན་མིན་པ་གཉིས་སུ་དབྱེ་ཐུབ།

• དངོས་པོ་རྣམས་གནས་བབ་གསུམ་གྱི་ནང་གནས་ཐུབ་པ། དེ་དག་ནི། སྲ་གཟུགས། གཤེར་གཟུགས། རླངས་ གཟུགས་བཅས་ཡིན།

• གནས་བབ་སོ་སོའ་ི སྐབས་དངོས་པོའ་ི དབྱིབས་དང། བོངས་ཚད། རྡུལ་ཕན་ཚུན་གྱི་བར་ཐག་སོགས་ལ་ཁྱད་པར་ ཡོད།

• དངོས་པོའ་ི ཚ་ཚད་ལ་འགྱུར་བ་བཏང་ནས་གནས་བབ་གཅིག་ནས་གཞན་དུ་བསྒྱུར་ཐུབ།

• དངོས་པོའ་ི ཕྱིའི་སྣང་ཚུལ། མཁྲེགས་ལོས། འཕྱོ་ལྡིང། དྭངས་གསལ་སོགས་ཁྱད་ཆོས་ཁག་ལ་གཞིགས་ཏེ་དངོས་ པོ་རྣམས་དབྱེ་འབྱེད་བྱེད་ཐུབ།

ཀ གཤམ་གསལ་བརྗོད་པ་རྣམས་ལ་རྒྱུ་མཚན་བྲིས། ༡༽

༢༽

སྦྱོང་ཚན།

ཆུ་དང་འཁྱགས་པ། རླངས་པ་གསུམ་དངོས་པོ་ཡིན།

ཆུའི་ནང་སྣག་ཚ་ཐིགས་པ་གཅིག་བླུག་ན་ཕྱོགས་ཚང་མར་ཁྱབ།

71


༣༽ ༤༽

༥༽

སྒོ་ང་ཆུའི་སྟེང་དུ་ལྡིང་མི་ཐུབ་ཀྱང་ཚྭ་ཆུའི་སྟེང་དུ་ལྡིང་ཐུབ།

སྲ་གཟུགས་ལ་གནོན་བཙིར་མི་ཐུབ་ཀྱང་བལ་དང་འགྱིག་སོབ་སོགས་ལ་གནོན་བཙིར་ཐུབ། ཇ་བཀོལ་བྱེད་ཀྱི་སྣོད་ལྕགས་རིགས་ཀྱིས་བཟོ་དགོས།

ཁ གཤམ་གསལ་བར་སྟོང་རྣམས་ལ་ཚིག་སྒྲུབ་གང་འོས་རྒྱོངས། ༡༽

གདོས་ཚད་ལྡན་ལ་ས་ཆ་འཛིན་ཐུབ་མཁན་ཞིག་ལ་་་་་་་་་་་་་་་་་་་་་་་་་་་་་་་ཟེར།

༣༽

་་་་་་་་་་་་་་་་་་་་་་་་་་་་་་་ནི་དྭངས་གསལ་དངོས་པོའ་ི དཔེ་ཡག་ཤོས་ཤིག་ཡིན།

༢༽

དངོས་པོའ་ི གནས་བབ་གསུམ་ནི་་་་་་་་་་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་་་་་་་་། ་་་་་་་་་་་་་་་་་་་་་བཅས་རེད།

༤༽

དངོས་པོའ་ི གནས་བབ་གསུམ་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་བོངས་ཚད་ངེས་ཅན་ཡོད་ལ་དབྱིབས་

༥༽

བྱེ་མ་ཆུའི་ནང་དུ་བཞུར་མི་ཐུབ་ཀྱང་་་་་་་་་་་་་་་་་་་ཆུའི་ནང་བཞུར་ཐུབ།

ངེས་ཅན་མེད།

ག གཤམ་གསལ་ཁ་ལག་རྣམས་བཟོ་བར་རྒྱུ་ཆ་གང་དང་གང་དགོས་སམ། དངོས་པོ། ༼ཁ་ལག༽ འབྲས་བརྔོས་མ། བག་ལེབ།

མོག་མོག། ཐུག་པ། པག།

72

རྒྱུ་ཆ།


ཁབ་ལེན་དང་གློག།

སློབ་ཚན། ༧

སློབ་ཚན་འདི་སློབ་ཁྲིད་མ་བྱས་གོང། རྒན་ལགས་ཀྱིས་སློབ་ཕྲུག་ཚོར་ཁབ་ལེན་ནི་ཡ་མཚན་ཅན་གྱི་དངོས་པོ་ ཞིག་ཡིན་པ་ར་སྤྲོད་ཆེད་དང་། སློབ་མའི་བློ་ནུས་འགུགས་ཐུབ་ཆེད་བྱེད་སྒོ་ཞིག་སྤེལ་དགོས།

༄། ། ཁབ་ལེན་ལ་ལྕགས་དངོས་ཚུར་འཐེན་ཐུབ་པའི་ནུས་པ་ལྡན་ཡོད། ཁབ་ལེན་

སྐོར་ལ་གནའ་སྔ་མོ་ནས་ཤེས་རྟོགས་བྱུང་ཡོད། དེ་ཡང་ཕྱི་ལོའ་ི སྔོན་གྱི་ལོ། ༨༠༠ སྐབས་ མེག་ནེ་ཤེ་ཡ་(Magnesia) ཞེས་པའི་གྲོང་བརྡལ་ནང་གཏེར་རྫས་ཤིག་རྙེད་པ་དེར་

ལྕགས་ཧྲུག་རྣམས་རང་ཕྱོགས་སུ་འཐེན་ཐུབ་པའི་ཁྱད་ཆོས་ངོ་མཚར་ཅན་ཞིག་ཡོད་

པས། གཏེར་རྫས་འདི་ལ་ཡུལ་གྱི་མིང་ནས་གྲགས་ཏེ་མེག་ནེ་ཊ་ཡིཊ་(Magnetite) ཞེས་ བཏགས། གཞན་ཡང་ཁབ་ལེན་ནར་མོ་ཞིག་དཔྱངས་སྐབས། ག་དུས་ཡིན་རུང་ལྷོ་དང་ དཔེ་རིས། ༧་༡

བྱང་ལ་ཁ་སྟོན་གྱི་ཡོད། ཁྱད་ཆོས་དེ་ལ་བལྟས་ནས་རྡོ་ཁབ་ལེན་ནམ་ཁབ་ལེན་(Lead Stone) ཞེས་བཏགས།

ཁབ་ལེན་ནི་ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་བཞིན་པའི་གློག་ཆས་ཕལ་མོ་ཆེའི་ ནང་ཡོད། དཔེར་ན། འཁྱགས་སྒམ། རྒྱང་བསྒྲགས། ཀམ་པུ་ཊར་ལྟ་བུའོ། །

བྱེད་སྒོ། ༡

དཔེ་རིས། ༧་༢

སློབ་ཕྲུག་ཚོས་ཁབ་ལེན་གྱིས་གཤམ་གསལ་དངོས་པོ་རྣམས་ཚུར་འགུགས་ཐུབ་མིན་ཚོད་ལྟ་བྱས་ནས། རང་གི་སྡོད་རོགས་ དང་མཉམ་དུ་གཤམ་གྱི་ལྟ་ཞིབ་རེའུ་མིག་སྐོངས།

73


ཅ་དངོས། ཤིང།

ཐུབ།

སྔོན་དཔག། མི་ཐུབ།

ངེས་མེད།

ཐུབ།

ལྟ་ཞིབ།

མི་ཐུབ།

ཞ་ཉེ།

འགྱིག། ཤེལ།

ས་སྨྱུག

ལྡེ་མིག

ཧ་ཡང་། གཟེར། རས། རྡོ།

བྱེ་མ།

ཟངས།

དཀར་ཡོལ།

ཚོད་ལྟ་སྟབས་བདེ་དེ་ནས་ཁྱེད་ཀྱིས་གང་ཤེས་སོང་ངམ། སྡོད་རོགས་དང་གྲོས་བསྡུར་བྱས་ནས་མཐའ་བསྡོམས་རྒྱོབ། ཁྱེད་ ཀྱིས་ཁབ་ལེན་གྱིས་དངོས་པོ་ཚུར་འགུགས་པའི་ཤུགས་དེ་མཐོང་མི་ཐུབ་ཀྱང་། ལྕགས་རིགས་ཀྱི་དངོས་པོ་རྣམས་ཁབ་ལེན་ གྱི་ཕྱོགས་སུ་འགུལ་བ་མཐོང་ཐུབ། ཁབ་ལེན་གྱིས་ལྕགས་རིགས་དངོས་པོ་ཚུར་འགུགས་པའི་ནུས་པ་དེ་ལ་ཁབ་ལེན་གྱི་རང་ བཞིན་ (Magnetism) ཟེར།

74


བྱེད་སྒོ། ༢

དམིགས་ཡུལ།

ལྕགས་གཟེར་ལ་ཁབ་ལེན་གྱི་ནུས་པ་སྦྱར་རྒྱུ། (ཁབ་ལེན་བཅོས་མ་བཟོ་རྒྱུ།)

དགོས་མཁོ། ལྕགས་གཟེར་ཆེ་ཙམ་ཞིག། ནུས་ཤུགས་ཆེ་བའི་ཁབ་ལེན་གཅིག ཤོག་འཛིན་(Paper clip) མང་ཙམ་ཞིག

དཔེ་རིས། ༧་༣

བྱེད་སྟངས། ༡)

༢) ༣)

ལྕགས་གཟེར་ཆེན་པོ་དེ་ཁབ་ལེན་ལ་མ་བརྡར་གོང་། དེས་ཤོག་འཛིན་རྣམས་འཐེན་ཐུབ་ཀྱི་ཡོད་མེད་ལྟོས།

དེ་ནས་ཁབ་ལེན་གྱི་སྣེ་གཅིག་གིས་ཤོག་འཛིན་དེའི་མགོ་ནས་མཇུག་བར་ཐེངས་ཉི་ཤུ་ཙམ་ཕྱོགས་གཅིག་ལ་བརྡར་

ནས། ཤོག་འཛིན་གྲངས་མང་ཉུང་ཇི་ཙམ་འཐེན་ཐུབ་ཀྱི་ཡོད་མེད་བལྟས་ནས་ལྟ་ཞིབ་རེའུ་མིག་སྐོངས།

ཡང་ཐེངས་ལྔ་བཅུ་ཙམ་བརྡར་ནས་ལྕགས་གཟེར་དེས་ཤོག་འཛིན་མང་ཉུང་ཇི་ཙམ་འཐེན་ཐུབ་ཀྱི་ཡོད་མེད་བལྟས་

ནས་ལྟ་ཞིབ་རེའུ་མིག་སྐོངས།

ལྕགས་གཟེར།

ལྟ་ཞིབ་རེའུ་མིག

ཁབ་ལེན་ལ་མ་བརྡར་གོང་།

ཤོག་འཛིན་ཡར་ལེན་པའི་གྲངས།

ཁབ་ལེན་གྱིས་ཐེངས་ཉི་ཤུ་ཙམ་བརྡར་རྗེས།

ཁབ་ལེན་གྱིས་ཐེངས་ལྔ་བཅུ་ཙམ་བརྡར་རྗེས།

75


གོང་གི་བྱེད་སྒོ་ལ་མཐའ་བསྡོམས་རྒྱོབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

བྱེད་སྒོ། ༣

དམིགས་ཡུལ། དགོས་མཁོ། བྱེད་སྟངས། ༡)

༢)

ཁབ་ལེན་གྱི་སྣེ་གཉིས་ཐུག་པའམ་ཐག་ཉེར་བཞག་ན་གང་བྱེད་མིན་ལྟ་རྒྱུ།

ནུས་ཤུགས་ཆེ་ཙམ་ཡོད་པའི་ཁབ་ལེན་ནར་མོ་(Bar magnet) གཉིས།

ཁབ་ལེན་ནར་མོ་གཉིས་ཀྱི་སྣེ་གང་རུང་གཉིས་པོ་

ཁ་སྤྲོད་དུ་བཞག་ནས། འཐེན་འབུད་གང་བྱེད་ཀྱི་ ཡོད་མེད་ལྟོས།

ཁབ་ལེན་ནར་མོ་གང་རུང་ཞིག་གི་སྣེ་བརྗེས་ནས་

ཡང་བསྐྱར་སྣེ་གཉིས་པོ་ཁ་སྤྲོད་དུ་བཞག་ནས་འཐེན་ འབུད་གང་བྱེད་ཀྱི་ཡོད་མེད་ལྟོས།

ཁབ་ལེན་གྱི་སྣེ།

བྱང་སྣེ་དང་བྱང་སྣེ། ལྷོ་སྣེ་དང་ལྷོ་སྣེ།

ལྷོ་སྣེ་དང་བྱང་སྣེ།

76

ལྟ་ཞིབ་རེའུ་མིག

ཚུར་འགུགས་པ།

དཔེ་རིས། ༧་༤

ཕར་འབུད་པ།


གོང་གི་བྱེད་སྒོ་ལ་མཐའ་བསྡོམས་རྒྱོབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཁབ་ལེན་གྱི་ལྷོ་སྣེ་དང་བྱང་སྣེ།

སྤྱིར་ཁབ་ལེན་གང་འདྲ་ཞིག་ཡིན་རུང་དེ་ལ་སྣེ་གཉིས་ཡོད། དེ་ གཉིས་ནི་བྱང་སྣེ་(North pole) དང་ལྷོ་སྣེ་

(South pole) ཡིན། དེ་ཡང་ཁབ་ལེན་ཞིག་ཆུའི་སྟེང་

ལྡིང་དུ་བཅུག་པའམ།

ཡང་ན་བར་སྣང་ལ་དཔྱངས་སྐབས་སྣེ་

བྱང་ཕྱོགས་སུ་སྟོན་པ་དེ་ལ་བྱང་སྣེ་དང་ལྷོ་

དཔེ་རིས། ༧་༥

ཕྱོགས་སུ་སྟོན་པ་དེ་ལ་ལྷོ་སྣེ་ཟེར།

བྱེད་སྒོ། ༤

དམིགས་ཡུལ། དགོས་མཁོ། བྱེད་སྟངས། ༡)

ཁབ་ལེན་གྱི་ནུས་པ་ཇི་ལྟར་མེད་པ་བཟོ་ཐུབ་མིན་ལྟ་རྒྱུ།

ཁབ་ལེན་གྱི་ནུས་པ་ལྡན་པའི་ལྕགས་གཟེར་གཉིས། ཐོ་བ། ཐོ་བ་བརྡུང་ས། ཡང་ལའམ་ སྒྲོན་མེ་ཞིག ཤོག་གཟེར་ཕྲ་མོ།

ཐོག་མར་ལྕགས་གཟེར་དེ་གཉིས་ལ་ཁབ་ལེན་གྱི་ནུས་པ་ཡོད་པ་ཤེས་ཐབས་སུ། ཤོག་གཟེར་ཕྲ་མོ་ཁབ་ལེན་གྱི་འགྲམ་ དུ་ཁྱེར་དགོས། གལ་ཏེ་ཤོག་གཟེར་ཕྲ་མོ་རྣམས་འགུགས་ན་དེ་ལ་ཁབ་ལེན་གྱི་ནུས་པ་ལྡན་ཡོད།

77


དཔེ་རིས། ༧་༦

༢)

དེ་ནས་ཁབ་ལེན་གྱི་ནུས་པ་ལྡན་པའི་ལྕགས་གཟེར་གཅིག་ཁྱེར་ནས་མེའི་སྟེང་དུས་ཡུན་རིང་ཙམ་ཚ་པོ་བཟོས།

བསྐྱར་དུ་ཤོག་གཟེར་ཕྲ་མོ་རྣམས་ལ་ཐུག་ནས་ནུས་པ་ཉམས་ཡོད་མེད་ལྟོས། གལ་ཏེ་ཉམས་མེད་ན་བསྐྱར་དུ་ཚ་པོ་ བཟོས།

༣)

ཁབ་ལེན་གྱི་ནུས་པ་ལྡན་པའི་ལྕགས་གཟེར་གཞན་དེ་ཐོ་བས་ཐེངས་མང་ཙམ་བརྡུངས་ནས། ཁབ་ལེན་གྱི་ནུས་པ་

༤)

གོང་གི་བྱེད་སྒོར་མཐའ་བསྡོམས་རྒྱོབ།

ཉམས་ཡོད་མེད་ལྟོས།

བྱེད་སྒོ། ༥

དམིགས་ཡུལ།

ཆུའི་ཕྱོགས་སྟོན་འཁོར་ལོ་(Water compass) བཟོ་ཐུབ་པ་བྱེད་རྒྱུ།

དགོས་མཁོ།

ལྕགས་གཟེར་ཆེ་ཆུང་འབྲིང་ཙམ་ཞིག། ཁབ་ལེན་གཅིག འགྱིག་སོབ་(Styrofoam) ནར་མོ་ཆུང་ཙམ་

ཞིག ཆུ་ཡོད་པའི་ཆུ་གཤོང། ཚོན་སྨྱུག་གཅིག སྦྱར་རྩི་ཡང་ན་སྒྲོག་ཐག(Self adhesive tape) ཤོག་གཟེར།(Paper pin) ཕྱོགས་སྟོན་འཁོར་ལོ།

78


བྱེད་སྟངས། ༡)

ཁབ་ལེན་ལྕགས་གཟེར་ལ་མ་བརྡར་སྔོན་ལྕགས་གཟེར་དེས་ཤོག་གཟེར་ཕྲ་མོ་རྣམས་འཐེན་ཐུབ་

ཀྱི་ཡོད་མེད་ལྟོས།

༢)

དེ་ནས་ཁབ་ལེན་གྱི་སྣེ་གཅིག་གིས་ལྕགས་གཟེར་དེའི་མགོ་ནས་མཇུག་བར་ཐེངས་ལྔ་བཅུ་ཙམ་

༣)

དེ་རྗེས་ལྕགས་གཟེར་དེ་འགྱིག་སོབ་ནར་མོའ་ི སྟེང་དུ་སྦྱར་ནས་ཆུའི་སྟེང་དུ་ག་ལེར་ཞོག།

༤)

༥) ༦)

ཕྱོགས་གཅིག་ལ་རྡོར།

ཆུ་ཁར་ལྡིང་བའི་ལྕགས་གཟེར་གྱི་སྣེ་གཉིས་ཕྱོགས་གང་དུ་སྟོན་མིན་ལེགས་པར་ལྟོས།

དེ་ནས་ཕྱོགས་སྟོན་འཁོར་ལོ་ཞིག་བེད་སྤྱད་ནས་ཁབ་ལེན་གྱི་ནུས་པ་ལྡན་པའི་གཟེར་དེ་ཕྱོགས་

གང་དུ་སྟོན་ཡོད་མེད་ལྟོས། (ཕྱོགས་སྟོན་འཁོར་ལོ་དེ་གཟེར་དེའི་ཐག་ཉེར་འཁྱེར་མི་རུང་།

ཚོན་སྨྱུག་ཞིག་གིས་ཕྱོགས་སྟོན་འཁོར་ལོའ་ི མདའ་ལྟར་འགྱིག་སོབ་སྟེང་ལྷོ་བྱང་གི་རྟགས་རྒྱོབ།

ཕྱོགས་སྟོན་འཁོར་ལོ།

ཕྱོགས་སྟོན་འཁོར་ལོ་ནི་ཁབ་ལེན་ལྡན་པའི་ཡོ་ཆས་ཤིག་ཡིན།

པར་རིས་ནང་བསྟན་པ་བཞིན་འཁོར་ལོའ་ི དབུས་སུ་

རང་དབང་དུ་འཁོར་ཐུབ་པའི་ཁབ་ལེན་གྱི་མདའ་ཞིག་ཡོད། སའི་གོ་ལའི་བྱང་སྣེ་དང་ལྷོ་སྣེ་གཉིས་མ་གཏོགས་གཞན་ གནས་གང་དུ་བཞག་ཀྱང་ཕྱོགས་སྟོན་འཁོར་ལོའ་ི མདའ་ཡི་རྩེ་གཉིས་བྱང་ དང་ལྷོ་གཉིས་སུ་སྟོན། ཕྱོགས་སྟོན་འཁོར་ལོ་ནི་དུས་རབས་མང་པོའ་ི སྔོན་ ནས་མིས་ཆུ་དང་། ས། མཁའ་དབྱིངས་བཅས་སུ་འགྲུལ་སྐྱོད་བྱེད་སྐབས་ཁ་ ཕྱོགས་འཚོལ་བའི་ཆེད་དུ་བེད་སྤྱོད་བྱས་ཡོད།

དཔེ་རིས། ༧་༧

79


གློག།

བྱེད་སྒོ། ༡

ཉིན་མཚན་ཧྲིལ་པོར་གློག་མེད་ན།

འཕྲད་མིན་སྐོར་བསམ་བློ་བཏང་སྟེ།

ཁྱེད་རང་ལ་དཀའ་ངལ་གང་དང་གང་ དཀའ་ངལ་གང་ཡོད་ཐོ་འགོད་གྱིས།

རང་གི་སྡོད་རོགས་དང་མཉམ་དུ་གློག་མེད་པའི་དཀའ་ངལ་སྐོར་ལ་གྲོས་ བསྡུར་བྱོས།

དཔེ་རིས། ༧་༨

གོང་གི་བྱེད་སྒོ་ལས་གློག་ནི་མི་ལ་ཧ་ཅང་དགོས་མཁོ་ཅན་གྱི་ནུས་པའི་རྣམ་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་།

དེ་ཡང་

བཟོ་གྲྭ་ཆེན་པོའ་ི ནང་དུ་གློག་འཕྲུལ་གྱིས་ཤིན་ཏུ་ལྕི་བའི་དངོས་པོ་འདེགས་འབུད་དང། འཕྲུལ་ཆས་ལྷུ་སྒྲིག་པ་སོགས་ ལ་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་ཀམ་པུ་ཊར་དང། པར་སློག་འཕྲུལ་འཁོར་སོགས་ཀྱིས་ལས་རིགས་རྣམས་སྟབས་ བདེ་བཟོས་པས།

ང་ཚོའི་དུས་ཚོད་སྲི་ཚགས་ཐུབ་པ་དང་དཀའ་ངལ་མང་པོ་ཞིག་སེལ་བར་ཕན་ཐོགས་བྱེད་ཀྱི་ཡོད།

ང་ཚོས་གློག་ལ་བརྟེན་ནས་མཚན་ལའང་འགྲོ་བསྐྱོད་དང་ལས་ཀ་བྱེད་ཐུབ་པ་དང།

འབྲེལ་མཐུད་བརྒྱུད་ལམ་ལའང་

གློག་བེད་སྤྱོད་ཤུགས་ཆེར་གཏོང་གི་ཡོད། དེ་བཞིན་ང་ཚོའི་རྒྱུན་སྤྱོད་ཀྱི་དངོས་པོ་བརྙན་འཕྲིན་དང། རྒྱང་བསྒྲགས། ལག་ཐོགས་ཁ་པར་སོགས་ལ་གློག་ངེས་པར་དུ་དགོས། གློག་གི་དབྱེ་བ།

གློག་ལ་བརྡར་གློག། (Static electricity)དང་འཁྱུད་གློག། (Current electricity)

བཅས་དབྱེ་བ་གཉིས་ཡོད།

བརྡར་གློག

དཔེ་རིས། ༧་༩

སློབ་ཕྲུག་ཚོ། སྐབས་རེ་ཁྱེད་ཀྱིས་ལྕགས་ཀྱིས་བཟོས་པའི་ཅ་ལག་དང་། མི་གཞན་གྱི་གཟུགས་པོར་ཐུག་སྐབས་གློག་ གི་འཁྱུད་ཤུགས་ཚོར་མྱོང་ངམ།

ཡང་ཁྱེད་ཀྱིས་མཚན་མོ་གོས་ཕུད་སྐབས་མེ་ཚག་འདྲ་བའི་འོད་ཀྱི་ཟེགས་མ་དེ་འདྲ་

མཐོང་མྱོང་ཡོད་དམ། དེ་ལྟར་ཡོང་དགོས་དོན་ང་ཚོས་ཤེས་པར་བྱ་རྒྱུ་ཡིན།

80


བརྟག་དཔྱད། ༡)

ཤོག་བུ་ཧྲུག་ཧྲུག་ཆུང་ཆུང་མང་ཙམ་བཏུབ།

༢) འགྱིག་ཚི​ི་ལས་བཟོས་པའི་ཐིག་ཤིང་ངམ་སྐྲ་ཤད་ཞིག་ཁྱེར་ནས་དེ་ རང་གི་སྐྲ་སྐམ་པོར་ལེགས་པར་རྡོར།

༣) དེ་ནས་སྐྲ་ཤད་དེ་ཤོག་ཧྲུག་གི་སྟེང་དུ་བཟུང་ནས་གང་བྱེད་ཀྱི་འདུག་ལྟོས། ༤) མཐའ་བསྡོམས་རྒྱོབ།

དཔེ་རིས། ༧་༡༠

གོང་གི་བརྟག་དཔྱད་དེ་ལེགས་པོ་ཤེས་པར་ང་ཚོས་སྔོན་ལ་གློག་ཁུར་(Electric charge) སྐོར་ཏོག་ཙམ་ཤེས་

དགོས། གློག་ཁུར་ལ་དབྱེ་ན་གཉིས་ཡོད་པ་དེ་དག་ནི་ཕོའ་ི གློག་ཁུར་(Positive charge) དང་མོའ་ི གློག་ཁུར་

(Negative charge) གཉིས་ཡིན།

• དངོ ས ་པོ ་ གང་ཞི ག ་ལ་ཕོ འ་ི གློ ག ་ཁུར་དང་མོ འ་ི གློ ག ་ཁུར་མང་ཉུང་མཉམ་པ་ཡོ ད ་ན་དེ ་ ལ་བག་ཉལ་དངོ ས ་པོ ་ (Neutral object) ཟེར།

• དངོས་པོ་གང་ཞིག་ལ་ཕོའ་ི གློག་ཁུར་ལས་མོའ་ི གློག་ཁུར་མང་བ་ཡོད་ན་དེ་ལ་མོའ་ི གློག་ཁུར་ཅན་གྱི་དངོས་པོ་ (Negatively charged object) ཟེར།

• དངོས་པོ་གང་ཞིག་ལ་མོའ་ི གློག་ཁུར་ལས་ཕོའ་ི གློག་ཁུར་མང་བ་ཡོད་ན་དེ་ལ་ཕོའ་ི གློག་ཁུར་ཅན་གྱི་དངོས་པོ་ (Positively charged object) ཟེར།

བྱེད་སྒོ། ༢

དམིགས་ཡུལ། དགོས་མཁོ།

གློག་ཁུར་ལྡན་པའི་དངོས་པོ་ཕན་ཚུན་འགུགས་ལྡོག་གང་བྱེད་ཀྱི་ཡོད་མེད་ལྟ་རྒྱུ།

ལྒང་ཕུག་ཁ་ཤས། སྐུད་པ། བལ་གོས། འགྱིག་ཚིའི་ཐིག་ཤིང། ལྒང་ཕུག་དཔྱངས་སའི་ཅོག་རྩེ།

81


བྱེད་སྟངས། ༡)

༢) ༣)

ལྒང་ཕུག་གཉིས་ལ་ཕུ་བརྒྱབ་ནས་ཕན་ཚུན་ཉེ་འགྲམ་དུ་དཔྱོངས།

དེ་ནས་གོང་གི་ལྒང་ཕུག་གཉིས་ཀར་བལ་གོས་ཀྱིས་བརྡོར།

བརྡར་ཟིན་པའི་ལྒང་ཕུག་གཉིས་ཕན་ཚུན་འགུགས་པའམ་ལྡོག་པ་སོགས་གང་ བྱེད་ཀྱི་འདུག་ལྟོས།

༤) བརྡར་ཟིན་པའི་ལྒང་ཕུག་གཉིས་ནས་གཅིག་སྐྲ་ལ་བརྡར་བའི་ཐིག་ཤིང་གི་ཉེ་ འགྲམ་དུ་ཁྱེར་དགོས།

༥) ལྒང་ཕུག་བལ་ལ་བརྡར་བ་གཅིག་དང་མ་བརྡར་བ་གཅིག་ཕན་ཚུན་ཉེ་སར་ བཞག་ན་གང་བྱེད་ཀྱི་འདུག་ལྟོས།

དཔེ་རིས། ༧་༡༡

མཐའ་བསྡོམས་རྒྱོབ།

༣ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ༤་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

༥་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ཁྱེད་ཀྱིས་དངོས་པོ་མི་འདྲ་བ་གཉིས་ཕན་ཚུན་བརྡར་ན་གློག་འདོན་ཐུབ་ཀྱི་རེད། གློག་དེ་ལ་བརྡར་གློག་ཟེར། བརྡར་ གློག་གིས་དངོས་པོ་འགུགས་པ་དང་ལྡོག་པ་གང་རུང་བྱེད་ཀྱི་ཡོད།

འཁྱུད་གློག

ང་ཚོ འི ་ ཁང་པའི ་ ནང་དུ་སྤྱོ ད ་པའི ་ གློ ག ་ནི ་ བརྡར་གློ ག ་དང་མི ་ འདྲ་ བར། གློག་སྐུད་བརྒྱུད་ནས་འཁྱུད་འགྲོ་ཡི་ཡོད། (Electron)

འཁྱུད་པ་ལས་འབྱུང་།

གློག་ནི་མོ་རྡུལ་

གློག་སྐུད་བརྒྱུད་ནས་མོ་རྡུལ་

འཁོར་བསྐྱོད་བྱེད་པ་དེ་ལ་གློག་རྒྱུན་(Electric current) ཟེར། གློག་

རྒྱུན་འཁོར་བསྐྱོད་བྱེད་སའི་ལམ་དེ་ལ་གློག་ལམ་(Electric Circuit) ཟེར།

82

དཔེ་རིས། ༧་༡༢


གློག་རྫས་(Cell / Battery) རྫས་འགྱུར་བྱུང་ནས་གློག་འདོན་པའི་ཡོ་ཆས་ཞིག་ལ་གློག་རྫས་ཟེར། གཤམ་གྱི་དཔེ་རིས། ༧་༡༣ ནང་ཡོད་པའི་ཅ་དངོས་དང་དེ་དག་གི་གློག་རྫས་ཕན་ཚུན་མཐུན་སྦྱོར་བྱོས།

བྱེད་སྒོ། ༣

དཔེ་རིས། ༧་༡༣

དམིགས་ཡུལ།

གློག་བཞུའི་ཤེལ་རྡོག་འབར་བ་བྱ་རྒྱུ།

དགོས་མཁོ།

གློག་བཞུའི་ཤེལ་རྡོག་གཅིག།

གམ་གཉིས། གློག་རྫས་གཅིག འབྱར་རྩི།

ཤེལ་རྡོག་འཛིན་བྱེད་གཅིག

གློག་སྐུད་ཕྲ་མོ་ཐུང་ཐུང་གཅིག་

བྱེད་སྟངས། ༡)

གོང་གི་དགོས་མཁོ་རྣམས་བེད་སྤྱོད་བྱས་

ནས་གློག་བཞུའི་ཤེལ་རྡོག་འབར་ཐབས་མི་འདྲ་ བ་ག་ཚོད་ཡོད་མེད་བཙལ་ནས།

འཛིན་གྲྭའི་

ནང་སྤྱན་བསྟར་(Demonstration) ཞུས།

དཔེ་རིས། ༧་༡༤

83


བྱེད་སྒོ།

དམིགས་ཡུལ། དགོས་མཁོ།

མཁོ་སྒྲུབ་བྱས་པའི་ཅ་དངོས་རྣམས་ལ་གློག་འཁྱུད་ཀྱི་ཡོད་མེད་ལྟ་རྒྱུ།

གློག་བཞུའི་ཤེལ་རྡོག་གཅིག ཤེལ་རྡོག་འཛིན་བྱེད་གཅིག། གློག་སྐུད་ཕྲ་མོ​ོ་ཐུང་ཐུང་གསུམ། གློག་རྫས་

གཅིག། གློག་རྫས་འཛིན་བྱེད་གཅིག། འབྱར་རྩི། ཅ་དངོས་མི་འདྲ་བ་སྣ་ཚོགས།

བྱེད་སྟངས།

དཔེ་རིས། ༧་༡༥

༡) རེའུ་མིག་ནང་ཡོད་པའི་དངོས་པོ་རྣམས་མཁོ་སྒྲུབ་བྱོས། ༢)

དཔེ་རིས་ལྟར་གློག་ལམ་(Electrical circuit) ཆ་ཚང་བ་ཞིག་བཟོ་དགོས།

༣) གློག་སྐུད་གསུམ་པོས་ཤེལ་རྡོག་དང་གློག་རྫས་དཔེ་རིས་ནང་བསྟན་པ་བཞིན་མཐུད་ནས། ཤེལ་རྡོག་འབར་བ་ ༤)

གྱིས།

དེ་རྗེས་དཔེ་རིས་ནང་གསལ་ལྟར་འབྲེལ་ཡོད་མཐུད་མཚམས་ཀྱི་གློག་སྐུད་གཉིས་པོ་སོ་སོར་ཁ་འཕྲལ་དགོས།དེ་

ནས་ཁ་ཕྲལ་བའི་གློག་སྐུད་གཉིས་ཀྱི་བར་ལ་མཁོ་སྒྲུབ་བྱས་པའི་དངོས་པོ་རྣམས་རེས་མོས་ཀྱིས་མཐུད་ན། ཤེལ་ རྡོག་འབར་ཐུབ་མིན་སྔོན་དཔག་རེའུ་མིག་ནང་བྲིས།

༥) དངོས་སུ་གློག་སྐུད་དེ་གཉིས་བར་ལ་ཅ་དངོས་རྣམས་རེས་མོས་ཀྱིས་མཐུད་ན་ཤེལ་རྡོག་འབར་མིན་ལྟ་ཞིབ་རེའུ་

84

མིག་ནང་སྐོངས།


ཅ་དངོས། ལྕགས་གཟེར།

འབར།

སྔོན་དཔག།

མི་འབར།

ངེས་མེད།

འབར།

ལྟ་ཞིབ།

མི་འབར།

ཐིག་ཤིང་། ཁབ་ལེན། སོ་འཁྲུད།

འགྱིག་སུབ། ཤིང་།

ཤེལ་དམ།

འགྱིག་ཚིའི་སྨྱུ་གུ། ཧ་ཡང་། རྡོ།

ཤོག་བུ། ལྡེ་མིག།

ཞ་སྙུག་གི་རྡོ་སྣག

གོང་གི་བྱེད་སྒོ་ནས་ཁྱེད་ཀྱིས་ཅ་དངོས་ཁ་ཤས་ལ་གློག་འཁྱུད་པ་དང་།

ཡང་ཁ་ཤས་གློག་འཁྱུད་མི་ཐུབ་པ་ཤེས་རྟོགས་

བྱུང་ཡོད། གློག་འཁྱུད་པའི་ཅ་དངོས་ལ་གློག་འཁྱུད་དངོས་པོ་(Conductor of electricity) ཟེར་བ་དང་། གློག་མི་འཁྱུད་ པའི་ཅ་དངོས་ལ་རྒྱུད་འཁྲིད་མི་བྱེད་པའི་དངོས་པོ་(Insulator of electricity) ཟེར།

དུས་ནམ་ཡང་གློག་སྐུད་དམར་རྗེན་ལ་ལག་པ་འཆང་མི་རུང།

85


ཁབ་ལེན་དང་གློག་གི་འབྲེལ་བ།

(Electromagnetism)

སྔ་མོ་ཁབ་ལེན་གྱི་ནུས་པ་དང་གློག་གི་ནུས་པ་གཉིས་ལ་འབྲེལ་བ་ཡོད་པ་ཤེས་ཀྱི་མེད་ཀྱང། ཕྱིས་སུ་དེ་གཉིས་དབྱེར་ མེད་ལྟ་བུ་ཡིན་པ་ཤེས་རྟོགས་བྱུང་ཡོད།

དེ་ཡང་ཁབ་ལེན་ཞིག་གློག་སྐུད་ཀྱི་ཉེ་འགྲམ་དུ་འགུལ་སྐྱོད་བྱས་ན་གློག་སྐུད་དེའི་ནང་གློག་རྒྱུན་སྐྲུན་ཐུབ་པ་དང་། གློག་ཁྱུད་བཞིན་པའི་གློག་སྐུད་ཞིག་གི་མཐར་ཁབ་ལེན་གྱི་ར་བ་སྐྲུན་ཐུབ་ཀྱི་ཡོད།

ལྕགས་ལས་གྲུབ་པའི་དངོས་པོ་གཟེར་ལྟ་བུ་ཞིག་ལ་པགས་པ་ཡོད་པའི་གློག་སྐུད་གང་མང་དཀྲིས་ནས་གློག་བཏང་ན་ ལྕགས་ཀྱི་དངོས་པོ་དེར་ཁབ་ལེན་གྱི་ནུས་པ་སྐྲུན་ཐུབ། དེ་ལྟ་བུའི་ཁབ་ལེན་དེ་ལ་གློག་ཁབ་ལེན་(Electromagnet)

ཞེས་ཟེར། ཁབ་ལེན་དེའི་རིགས་གློག་ཡོད་པའི་རིང་ལ་ཁབ་ལེན་གྱི་ནུས་པ་ཡོད་པ་དང། གློག་བསད་ན་ཁབ་ལེན་གྱི་ ནུས་པ་ཡང་མེད་པ་ཆགས་ཀྱི་ཡོད། ཁབ་ལེན་འདིའི་རིགས་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད།

86

དཔེ་རིས། ༧་༡༦


ང་ཚོས་གང་སྦྱངས་ཡིན།

• རྡོ་ཁབ་ལེན་ཕལ་ཆེ་བ་ནི་ལྕགས་དང་སི་ཊིལ་(Steel) ལས་བཟོས་པ་ཡིན།

• གྲུ་པ་དང་རྐང་བགྲོད་པ་རྣམས་ཀྱིས་ས་ཆུ་དང། བར་སྣང་དུའང་རང་ཉིད་ཀྱི་འགྲོ་ཡུལ་འཚོལ་ཆེད་ཁབ་ལེན་ ཕྱོགས་སྟོན་འཁོར་ལོ་བེད་སྤྱོད་བྱེད་ཀྱི་ཡོད།

• ཁབ་ལེན་ལ་ཚུར་ཁུག་པའི་ནུས་པ་དང། ཕྱིར་ལྡོག་པའི་ནུས་པ་ཡོད།

• ཁབ་ལེན་གྱི་མཐའ་འཁོར་དུ་ཤུགས་ཀྱི་ར་བ་ཡོད་པ་དེ་ལ་ཁབ་ལེན་གྱི་ར་བ་ཟེར།

• གློག་དང་ཁབ་ལེན་གཉིས་ནི་དབྱེར་མེད་དུ་འབྲེལ་ནས་ཡོད། དེ་གཉིས་ཧ་ཅང་འབྲེལ་བ་དམ་པར་བརྟེན་ཁབ་ ལེན་གྱི་རང་བཞིན་གང་ལ་ཡོད་སར་གློག་གི་རང་བཞིན་ཡོད་པ་ཤེས།

• གློག་ལ་དབྱེ་ན། བརྡར་གློག་དང་འཁྱུད་གློག་བཅས་གཉིས་ཡོད།

• གློག་ཁུར་ལ་དབྱེ་ན་གཉིས་ཏེ། ཕོའ་ི གློག་ཁུར་དང་མོའ་ི གློག་ཁུར་ཡིན།

• གློག་ཁུར་ལྡན་པའི་དངོས་པོས་བག་ཉལ་དངོས་པོ་དང། ལྡོག་ཕྱོགས་གློག་ཁུར་ལྡན་པའི་དངོས་པོ་རྣམས་རང་ ཕྱོགས་སུ་ཁུག་གི་ཡོད།

• འགུལ་བཞིན་པའི་གློག་ཁུར་མོའམ་ཨེ་ལེཀ་ཊོན་(Electron) གྱིས་འཁྱུད་གློག་གྲུབ་ཀྱི་ཡོད།

• གློག་རྒྱུན་རྒྱུ་ལམ་བྱེད་མཁན་གྱི་དངོས་པོ་རྣམས་ལ་གློག་འཁྱུད་དངོས་པོ་(Electrical conductor) ཟེར་གྱི་ཡོད།

• གློག་རྒྱུན་རྒྱུ་ལམ་འགོག་མཁན་གྱི་དངོས་པོ་རྣམས་ལ་གློག་འཁྱུད་འགོག་པའི་དངོས་པོ་(Insulator) ཟེར་གྱི་ཡོད།

• གློག་ཤུགས་ཁབ་ལེན་ནི་ཁབ་ལེན་གྱི་རིགས་ཤིག་ཡིན་པ་གང་ཞིག་ལ་གློག་རྒྱུན་ཡོད་ན་མ་གཏོགས་ལས་ཀ་བྱེད་ཀྱི་ མེད།

87


ཀ)

བར་སྟོང་སྐོངས།

སྦྱོང་ཚན།

ཁབ་ལེན་གྱི་ལྷོ་སྣེས་ཁབ་ལེན་གཞན་གྱི་.........................................ཚུར་འགུགས་ཐུབ་ཀྱི་ཡོད།

གལ་ཏེ་ཁྱེད་ཀྱིས་ཁབ་ལེན་གྲུ་བཞི་ནར་མོ་གཉིས་ཀྱི་སྣེ་གཅིག་པ་གཉིས་མཉམ་དུ་བཞག་ན། དེ་གཉིས་ཀྱི་སྣེ་

༤ ༥ ༦

ཁ) ༡ ༢

༤ ༥

ག) ༡

88

གློག་ལ་དབྱེ་ན་...........................དང་...............................གཉིས་ཡོད། གཉིས་པོ་.......................................གི་རེད།

མིས་ཆུ་དང་། ས། མཁའ་དབྱིངས་བཅས་སུ་འགྲུལ་སྐྱོད་བྱེད་སྐབས་..................................བེད་སྤྱོད་ཀྱིས་ལམ་

འཚོལ་གྱི་ཡོད།

ལྕགས་གཟེར་བརྒྱུད་གློག་རྒྱུན་འགྲོ་ཐུབ་པས། ལྕགས་གཟེར་ནི་.............................................ཡིན།

གློག་མི་འཁྱུད་པའི་ཅ་དངོས་ལ་.......................................................ཟེར་གྱི་ཡོད། རྒྱུ་མཚན་བྲིས།

བལ་གོས་ལ་བརྡར་བའི་ལྒང་བུ་ནི་གྱང་ལ་འབྱར་གྱི་ཡོད།

གློག་ལམ་གྱི་སྣེ་གཉིས་མ་ཐུག་ན་ཤེལ་རྡོག་འབར་མི་ཐུབ། གློག་སྐུད་དམར་རྗེན་ལ་ལག་པ་འཆང་མི་རུང་།

གློག་བརྟག་དཔྱད་བྱེད་པའི་ཡོ་ཆས་ཀྱི་ཡུ་བ་རྣམས་འགྱིག་ཚིའི་རྒྱུ་ཆ་ལས་བཟོ་ཡི​ི་ཡོད། ཕྱོགས་སྟོན་འཁོར་ལོའ་ི མདའ་དེ་ལྷོ་བྱང་གཉིས་ལ་ཁ་ཕྱོགས་ཀྱི་ཡོད། དྲི་བར་ལན་རྒྱོབ།

ཆུའི་ཕྱོགས་སྟོན་འཁོར་ལོ་བཟོ་སྐབས་ཁབ་ལེན་གྱིས་ལྕགས་གཟེར་ལ་མ་བརྡར་ན། ཕྱོགས་སྟོན་འཁོར་ལོ་བཟོ་

ཐུབ་བམ། འགྲེལ་བརྗོད་གྱིས།


གལ་ཏེ་ཕོའ་ི གློག་ཁུར་ལྡན་པའི་དངོས་པོ་ཞིག་གཤམ་གྱི་དངོས་པོ་གསུམ་གྱི་ཉེ་འགྲམ་དུ་ཁྱེར་ཡོང་ན། གང་ བྱེད་ཀྱི་རེད་དམ།

• ཕོའ་ི གློག་ཁུར་ལྡན་པའི་དངོས་པོ། • བག་ཉལ་དངོས་པོ།

• མོའ་ི གློག་ཁུར་ལྡན་པའི་དངོས་པོ། ༣ ༤

ང)

གང་འདྲ་བྱས་ནས་ཁྱེད་ཀྱིས་ལྕགས་གཟེར་དཀྱུས་མ་ཞིག་ལ་ཁབ་ལེན་གྱི་ནུས་པ་སྦྱར་ཐུབ་བམ།

ང་ཚོའི་འཆར་ཅན་གྱི་མི་ཚེའི་ནང་ལ་ཁབ་ལེན་གྱི་ཕན་ཐོགས་ཆེན་པོ་གསུམ་བྲིས།

པར་རིས་ནང་དུ་ཡོད་པའི་ཁབ་ལེན་གང་དང་གང་ཚུར་འགུགས་པ་དང། ཕྱིར་ལྡོག་གི་རེད།

གཤམ་གྱི་པར་རིས་སོ་སོའ་ི ནང་ནོར་བ་རྣམས་ངོས་འཛིན་ནས་བཅོས་སྒྲིག་བྱོས།

• ལྒང་ཕུག་དེ་ལ་ཕོའ་ི གློག་ཁུར་ལྡན་འདུག།

• ལྒང་ཕུག་དེ་བག་ཉལ་དངོས་པོ་རེད་འདུག། • གློག་ཁུར་ལྡན་པའི་ལྒང་བུ་འདི་གཉིས་ཚུར་ཁུག་ཐུབ།

89


ཅ) བསམ་གཞིག་བྱོས།

བུ་ཉི་མ་ལ་ཁབ་ལེན་ནར་མོ་གཉིས་ཡོད་ཅིང་གཅིག་གི་སྟེང་དུ་ལྷོ་སྣེ་དང་བྱང་སྣེའི་རྟགས་གསལ་ཡོད། འོན་ཀྱང་ཁབ་ ལེན་གཞན་དེར་ལྷོ་སྣེ་དང་བྱང་སྣེའི་རྟགས་གསལ་མེད། ཁོས་ཁབ་ལེན་གཞན་དེའི་ལྷོ་སྣེ་དང་བྱང་སྣེ་ཇི་ལྟར་ངོས་ འཛིན་ཐུབ་བམ།

ལས་འཆར།

གློག་བཞུ་སྟབས་བདེ་ཞིག་བཟོས་ནས་སོ་སོའ་ི འཛིན་གྲོགས་ དང་རྒན་ལགས་སུ་སྟོན་དགོས།

90


བྱེད་སྒོ། ༡

རྒྱུན་གཏན་ཉེན་སྲུང་དང་ཚན་རིག་གི་བཀོལ་ཉེས།

སློབ་ཚན། ༨

དམིགས་ཡུལ། རང་གི་མི་ཚེའི་ནང་དཀའ་ངལ་འདྲ་མིན་འཕྲད་མྱོང་ཡོད་མེད་བལྟ་རྒྱུ་དང་། གལ་ཏེ་འཕྲད་ཡོད་ན་སྐབས་ དེར་ཉེན་སྲུང་གང་བྱས་ཡོད་མེད་རང་ངོས་ནས་དྲན་གསོ་ཐབས་བྱ་རྒྱུ།

ཐབས་ལམ།

༡) སློབ་མ་རེ་ལ་གཤམ་ཏུ་བསྟན་པའི་འགེངས་ཤོག་རེ་སྤྲོད་དགོས།

༢) སློབ་མ་རྣམས་ཀྱིས་དུས་ཚོད་སྐར་མ་ ༥ ནས་ ༡༠ ཙམ་གྱི་རིང་འགེངས་ཤོག་རེའུ་མིག་དེ་འགེངས་དགོས། རྐྱེན་ངན་/དཀའ་ངལ།

རེའུ་མིག།

ཉེན་སྲུང་ཐབས་ལམ།

ཐབས་ལམ་དེ་འགྲིག་ཡོད་མེད་དང་རྒྱུ་མཚན།

མཐའ་བསྡོམས། རྒན་ལགས་ཀྱིས་གོང་གི་སློབ་མས་བྲིས་པའི་འཆར་སྣང་རེའུ་མིག་རྣམས་ནས་རེ་ཟུང་ཞིག་དུས་ཚོད་དང་ བསྟུན་ནས་འཛིན་གྲྭའི་ནང་གྲོས་བསྡུར་བྱ་དགོས། བྱས་ནས་ངོ་སྤྲོད་བྱ་དགོས།

སློབ་མའི་ཐབས་ལམ་དེ་དག་འགྲིག་ཡོད་མེད་རིམ་བཞིན་སློབ་ཁྲིད་

91


མི་རྒན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་རུང་རང་གི་མི་ཚེའི་ནང་མིས་བཟོས་པ་དང་རང་འབྱུང་གི་དཀའ་ངལ་ཆེ་ཆུང་མང་ པོ་ཞིག་འཕྲད་ཀྱི་ཡོད།

དཀའ་ངལ་དེ་དག་མང་ཆེ་བ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་འགྲིག་པའི་དབང་

གིས་བྱུང་བ་ཡིན། རང་འབྱུང་གི་དཀའ་ངལ་འགའ་ཞིག་མ་གཏོགས་དེ་མིན་ཚང་མར་སེལ་ཐབས་ཡོད། དེའང་སྤྱོད་འཇུག་

ལས། “གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ ཕན། །” ཞེས་གསུངས་པ་བཞིན། བཅོས་ཐབས་ཡོད་པའི་དཀའ་ངལ་དང་ཉེན་ཁ་ཞིག་ཡིན་ན་དེ་ལ་བློ་གྲོས་ལྡན་པའི་ཐོག་

ནས་སེལ་ཐབས་དང་ཉེན་སྲུང་བྱ་རྒྱུ་གལ་ཆེ། དེར་བརྟེན་མི་ཚེའི་ནང་ཉེན་སྲུང་བྱེད་གལ་ཆེ་བའི་གནད་དོན་འགའ་ཞིག་ སྐོར་སྦྱང་རྒྱུ་ཡིན།

༡༽ ཁྱིམ་དུ་གནས་པའི་སྐབས་ཀྱི་ཉེན་སྲུང།

མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་འཇིགས་པའམ་ཉེན་ཁ་ལས་སྐྱོབ་པའི་གནས་ཡག་ཤོས་ ཤིག་ནི་རང་གི་ཁྱིམ་ཡིན། མང་པོ་ཡོང་སྲིད།

འོན་ཀྱང་ཁྱིམ་ནང་དུ་ཡང་རང་གི་ལུས་དང་སྲོག་ལ་ཉེན་ཁ་

གཤམ་དུ་དཔེ་རིས་ནང་བསྟན་པ་བཞིན་དཀའ་ངལ་ཕལ་ཆེ་བ་ནི།

མེ་དང་ཅ་དངོས་ཚ་པོ། གློག གྲི་དང་ཇེམ་རྩེ། ཤེལ་སོགས་རྣོ་ཡོད་པའི་ཅ་དངོས། འདྲེད་བརྡར་དང་རྡབ་སྐྱོན་ཤོར་སླ་བའི་ གནས། སྨན་དང་འབུ་དུག་སོགས་ཀྱི་རྫས་རིགས་བཅས་ཡིན།

92

དཔེ་རིས། ༨་༡


བྱེད་སྒོ། ༢

དམིགས་ཡུལ། སློབ་མ་རྣམས་ཀྱིས་ཁྱིམ་ནང་འབྱུང་སྲིད་པའི་ཉེན་ཁ་ལ་སྔོན་འགོག་གང་བྱེད་རྒྱུ་ཡོད་མེད་གོ་བསྡུར་བྱས་ ཐབས་ལམ།

ནས་བསམ་ཚུལ་འདོན་རྒྱུ།

༡ རྒན་ལགས་ཀྱིས་གཤམ་གྱི་རེའུ་མིག་དེ་སློབ་ཕྲུག་རྣམས་ལ་འབྲི་རུ་ཆུག

༢ གཤམ་གསལ་རེའུ་མིག་ནང་བཀོད་པའི་ཉེན་ཁ་དག་ལ་སྔོན་འགོག་གང་བྱེད་ཐུབ་མིན་སློབ་མ་གཉིས་རེའམ་གསུམ་རེ་ གྲོས་བསྡུར་བྱས་ནས་འགེངས་དགོས།

ཨང།

ཉེན་ཁ།

མེ་དང་ཅ་དངོས་ཚ་པོ།

རྣོ་ཡོད་པའི་ཅ་དངོས།

༢ ༤

༥ ༦

སྔོན་འགོག་ཐབས་ལམ།

གློག།

རྡབ་སྐྱོན་ཤོར་སླ་བའི་གནས། སྨན་དང་འབུ་དུག། ཉེན་ཁ་གཞན།

༣ སློབ་མ་རྣམས་ཀྱིས་གོང་གི་རེའུ་མིག་དེ་བཀང་རྗེས་འོག་གི་བརྗོད་པ་རྣམས་བཀླགས་ཏེ། རང་གིས་གང་བྲིས་པ་དང་སློབ་ དེབ་ནང་བཀོད་པ་གཉིས་ཕན་ཚུན་སྡུར།

93


• ཐབ་ཀྱི་མེ་དང། མཆོད་མེ། ཡང་ལཱ་སོགས་སྤར་བའི་སྐབས་ཙག་སྒྲ་གཟབ་གཟབ་བྱས་ནས་འཇུ་དགོས། མེ་ལ་རང་གི་ གཟུགས་པོ་དང་འབར་སླ་བའི་དངོས་རྫས་རྣམས་ཐག་ཉེ་པོ་འཁྱེར་མི་རུང།

དཔེ་རིས། ༨་༢

• ཆུ་དང་ཇ་ཚ་པོ་ཡོད་པའི་སྣོད་དང་། ཁེབས་གཅོད་ལ་ལག་པ་དམར་རྗེན་གྱིས་ མི་ལེན་པར། ཐབ་ཕྱིས་བེད་སྤྱོད་བྱེད་དགོས།

• གློག་དང་འབྲེལ་བ་ཡོད་པའི་ཡོ་ཆས་ལ་ལག་པ་རློན་པས་འཆང་རྒྱུ་མེད།

དཔེ་རིས། ༨་༣

དེ་བཞིན་གློག་སྣེ་དང་གློག་སྐུད་རྗེན་པ་ལ་

ལག་པ་རྩ་བ་ནས་འཆང་མི་རུང། དེ་ལྟར་བྱས་ན་ལུས་ལ་གློག་འཁྱུད་ནས་རང་གི་ཚེ་སྲོག་ཤོར་སྲིད།

དཔེ་རིས། ༨་༤

• གྲི་དང་ཇེམ་རྩེ། ཁབ། ཤེལ་སོགས་རྣོ་ཡོད་པའི་ཅ་དངོས་བེད་སྤྱོད་བྱེད་དུས་གཟབ་གཟབ་བྱེད་དགོས། ལྷག་པར་དུ་ཡོ་ ཆས་འདིའི་རིགས་ཕྲུ་གུ་ཆུང་ཆུང་གི་ལག་པར་སྤྲོད་མི་རུང།

94

དཔེ་རིས། ༨་༥


• ཐེམ་པ་དང་སྐས་འཛེགས་ལ་འགྲོ་སྐབས་གཟབ་ནན་བྱ་དགོས། ཞལ་བའི་སྟེང་སྣུམ་དང་ཆུ་སོགས་རློན་རིགས་འབོ་བ་ ཡིན་ན་རྡབ་སྐྱོན་ཤོར་སྲིད་པས་གཟབ་དགོས།

དཔེ་རིས། ༨་༦

• འབུ་དུག་དང་སྨན་རིགས་ཁག་ཅིག་བེད་སྤྱོད་ལོག་པར་ཤོར་སྲིད། འབུ་དུག་རྣམས་ཕྲུ་གུའི་ལག་པས་མ་སྙོབ་སར་འཇོག་དགོས།

སྨན་དང་

༢༽ བཟའ་འཐུང་གི་ཉེན་སྲུང།

དཔེ་རིས།

བྱེད་སྒོ། ༣

༨་༧

དམིགས་ཡུལ། སློབ་མ་རྣམས་ལ་རང་གི་དགའ་མོས་ཆེ་བའི་རྔན་པ་རྣམས་ཀྱི་རང་བཞིན་ངོ་མ་གང་ཡིན་གསལ་སྟོན་བྱ་རྒྱུ།

ཐབས་ལམ། རྒན་ལགས་ནས་དུས་རྒྱུན་རྔན་པ་ཟ་རྒྱུར་དགའ་མོས་ཆེན་པོ་ཡོད་པའི་སློབ་མ་འགའ་ཞིག་ལ་དངས་བླང་གིས་

ལག་པ་སྐྱོང་དུ་བཅུག་ནས། ཁོང་རྣམས་ཀྱི་རྔན་པ་དགའ་ཤོས་གང་དང་གང་ཡིན་གྱི​ི་ཐོ་གཞུང་ནག་པང་སྟེང་དུ་བྲིས། དེ་

ནས་ཐོག་མར་རྔན་པ་དེ་དག་རང་གི་གཟུགས་པོར་ཕན་གནོད་ཇི་ཙམ་ཡོད་མེད་སློབ་མ་རྣམས་ལ་གྲོས་བསྡུར་བྱེད་དུ་ཆུག སློབ་མ་ཚོས་གང་བཤད་པ་རྣམས་ལ་སྣོན་འཕྲི་སྤོར་འཇོག་ཇི་དགོས་རྒན་ལགས་ནས་གནང་དགོས།

ཟས་ནི་གཟུགས་པོར་གལ་ཆེན་པོ་ཡིན་ཡང་། སྤྱོད་ཚུལ་ནོར་ན་ལུས་སྲོག་ལ་ཉེན་ཁ་ཡང་ཆེ། གཟུགས་པོར་གནོད་ཚབས་ཆེ་བ་ནང་བཞིན་མང་དྲགས་ན་ཡང་ཡག་པོ་མེད།

ཟས་བཅུད་ཉུང་དྲགས་ན་

• ང་ཚོས་དུས་ནམ་ཡང་ཟས་རྙིང་པའི་རིགས་ཟ་མི་རུང། ཁྲོམ་ནས་ཟ་ཆས་ཉོ་སྐབས་ དེའི་བཟོ་ཚེས་དང་རྫོགས་དུས་གཉིས་ལ་ངེས་པར་དུ་ལྟ་དགོས།

དཔེ་རིས། ༨་༨

95


• སྣུམ་དང་ཞག་ཚིལ་ཆེ་བའི་ཟས་རིགས་རྣམས་གཟུགས་པོར་ཡག་པོ་མེད། • ཁྲོམ་གྱི་སྤུས་ཀ་ཞན་པའི་མགྱོགས་ཟས་ (Junk food) རིགས་ལ་ཚྭ་དང་སུར་པན། སྐྱུར། ཝི་ཅིན། མངར་ཆ་སོགས་མང་པོ་བླུགས་ཡོད་པས་དེ་དག་བྲོ་བ་ཆེ་ཡང་ གཟུགས་པོར་གནོད་ཚབས་ཆེ།

དཔེ་རིས། ༨་༩

• ཤིང་ཏོག་དང་ཚལ་རྣམས་བེད་སྤྱོད་མ་བྱས་སྔོན་ངེས་པར་དུ་འཁྲུ་དགོས། • འཚར་ལོངས་བྱེད་བཞིན་པའི་བྱིས་པར་སྙོམ་ཟས་(Balanced diet) ངེས་པར་དུ་ སྤྲོད་དགོས།

• ཁ་ལག་མ་ཟས་སྔོན་དང་ཟས་ཚར་བའི་རྗེས་ལ་ལག་པ་ངེས་ པར་དུ་ཡི་ཙི་བརྒྱབ་ནས་འཁྲུ་དགོས།

དཔེ་རིས། ༨་༡༠

དཔེ་རིས། ༨་༡༡

༣༽ འགྲུལ་བཞུད་བྱེད་སྐབས་ཀྱི་ཉེན་སྲུང།

འཛམ་གླིང་ནང་ལོ་རེར་མི་གྲངས་ ༡༢༥༠༠༠༠ ཙམ་མོ་ཊ་བརྡབ་སྐྱོན་བྱུང་ནས་རྐྱེན་འདས་སུ་འགྲོ་ཡི་ཡོད། རྒྱ་གར་གཅིག་

པོའ་ི ནང་ཞག་རེར་ཆ་སྙོམ་གྱི་མི་གྲངས་ ༤༠༠ ཙམ་མོ་ཊ་བརྡབ་སྐྱོན་བྱུང་ནས་ཚེ་སྲོག་ཤོར་གྱི་ཡོད། རྐྱེན་ངན་མང་ཆེ་བ་ ལམ་དུ་འགྲོ་སྐབས་སོ་སོས་གཟབ་གཟབ་མ་བྱས་པའམ།

ཡང་ན་ཁ་ལོ་བས་སྣང་མེད་ཤོར་བ་ལ་བརྟེན་ནས་བྱུང་བ་ཡིན།

དེར་བརྟེན་གཤམ་འཁོད་ཉེན་སྲུང་གི་གནད་དོན་རྣམས་ངེས་པར་དུ་སེམས་ལ་འཇོག་དགོས།

96

དཔེ་རིས། ༨་༡༢

དཔེ་རིས། ༨་༡༣

དཔེ་རིས། ༨་༡༤


• ཕྲུ་གུ་ཚོས་མོ་ཊའི་ལམ་གྱི་གཡས་གཡོན་དུ་སྣང་མེད་རྩེད་མོ་རྩེ་བ་དང་རྒྱུགས་ཤར་གློད་པ་སོགས་ནམ་ཡང་བྱ་མི་རུང་། • ལམ་འཕྲེད་གཅོད་བྱེད་སྐབས་གཡས་གཡོན་གཉིས་སུ་མོ་ཊ་ཡོང་གི་ཡོད་མེད་ངེས་པར་དུ་བལྟ་དགོས། བྱིས་པ་ཡིན་ན་རོགས་པ་རྒན་པ་ཞིག་མེད་ན་རྩ་བ་ནས་གཞུང་ལམ་འཕྲེད་གཅོད་བྱ་མི་རུང་།

ལྷག་པར་དུ་

• གྲོང་ཁྱེར་དུ་མོ་ཊའི་ལམ་ཆེན་འཕྲེད་གཅོད་བྱེད་དགོས་ཚེ། ལམ་ཟུར་དུ་ཡོད་པའི་གློག་བརྡར་ངེས་པར་དུ་བལྟས་ནས། ཁྲ་ཐིག་ཅན་གྱི་ལམ་དུ་བསྐྱོད་དགོས།

དཔེ་རིས། ༨་༡༥

དཔེ་རིས། ༨་༡༦

དཔེ་རིས། ༨་༡༧

• རང་ཉི ད ་འགྲུལ་བཞུད་བྱེ ད ་སྐབས་མགོ ་ དང་ལག་པ་སོ ག ས་མོ ་ ཊའི ་ སྒེ འུ ་ཁུང་ནས་ཕྱི ར ་

བཏོན་པ་དང་། ཁ་ལོ་བར་གཏམ་བཤད་མགོ་གཡེང་སོགས་བྱུང་ན་རང་གཞན་ཚང་མར་ཉེན་ ཚབས་ཆེ།

• མོ་ཊ་དང་སྦག་སྦག་སོགས་གཏོང་བའི་སྐབས་ཧ་ཅང་མགྱོགས་པོ་གཏོང་བ་དང། ལམ་གུག་ དང་ལམ་རྟགས་རྣམས་ལ་དོ་སྣང་བྱེད་པ།

དེ་བཞིན་འགྲུལ་བཞུད་བྱེད་པའི་སྐབས་ལམ་གྱི་

སྒྲིག་གཞི་ཁག་ལ་རྩ་འཛིན་ངེས་པར་དུ་བྱེད་དགོས།

དཔེ་རིས། ༨་༡༨

• སྦག་སྦག་གཏོ ང ་མཁན་དང་རྒྱབ་ཏུ་བཞོ ན ་མཁན་གཉི ས ་ཀས་རྨོ ག ་ཞྭ་ངེ ས ་པར་དུ་གྱོ ན ་ དགོས།

• ཆང་རག་བཏུང་ནས་རླངས་འཁོར་གཏོང་མི་རུང་།

དཔེ་རིས། ༨་༡༩

97


• མོ་ཊ་གཏོང་བའི་སྐབས་རྐུབ་སྟེ​ེགས་འཆིང་ཐག་ངེས་པར་དུ་བཅིང་དགོས། ༤༽

རྩེད་མོ་རྩེ་བའི་སྐབས་ཀྱི་ཉེན་སྲུང།

བྱེད་སྒོ། ༥

དམིགས་ཡུལ། རྩེད་མོ་རྩེ་སྐབས་ཀྱི་ཉེན་སྲུང་དང་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེ་འགའ་ཞིག་ཤེས་པ་བྱ་རྒྱུ། ཐབས་ལམ་དང་པོ།

ནམ་རྒྱུན་རྩེད་མོ་རྩེ་སྐབས་ཉེན་སྲུང་གང་བྱེད་དགོས་ཀྱི་ཡོད་མེད་རྒན་ལགས་ཀྱིས་སློབ་མར་འགྲེལ་

བརྗོད་བྱ་དགོས་པ་དང་། གལ་ཏེ་རང་ཉིད་ལ་རྒྱུས་མངའ་ལེགས་པོ་མེད་ན་རྩེད་མོའ་ི དགེ་རྒན་ལ་དེའི་སྐོར་བཀའ་འདྲི་ཞུ་ དགོས།

ཐབས་ལམ་གཉིས་པ།

གཤམ་གྱི་དྲ་མིག་ཀ་པ་དང་ཁ་པ་གཉིས་ཀྱི་དཔེ་རིས་རྣམས་ལ་ལེགས་པར་བལྟས་ཏེ་དྲ་མིག་ག་

པའི་བར་སྟོང་ནང་ལ་ལེགས་ཉེས་ཀྱི་བསམ་ཚུལ་རྒྱུ་མཚན་དང་ལྡན་པར་བྲིས།

ཕྲུ་གུ་འཚར་ལོངས་བྱེད་པའི་སྐབས་རྩེད་མོ་དང་ལུས་རྩལ་སོགས་ངེས་པར་དུ་རྩེ་དགོས། མི་རྒན་པ་ཚོ་ཡང་དུས་ཁོམ་བྱུང་ ཚེ་རྩེད་མོ་དང་ལུས་རྩལ་རྩེ་ཐུབ་ན་ལེགས།

98

ལྷག་པར་དུ་སྔ་དགོང་གནམ་གཤིས་བསིལ་བ་དང་རླུང་གཙང་བའི་སྐབས་

དཔེ་རིས། ༨་༢༠


འཆམ་འཆམ་ལ་འགྲོ་ཐུབ་ན་ལུས་སེམས་གཉིས་ཀར་ཕན་ཐོགས་ཆེ།

• རྩེད་མོ་རྩེ་སྐབས་ཐོབ་ཤོར་གང་ཡང་ཡོང་སྲིད་པས།

དེར་དང་ལེན་ངེས་པར་ཞུ་

དགོས། དེ་བཞིན་རྩེད་མོའ་ི སྒྲིག་གཞི་ཁག་ལ་བརྩི་སྲུང་ངེས་པར་བྱ་དགོས།

• རྩེ ད ་མོ ་ རྩེ ་ སྐབས་རང་གི ་ ལུས་ངག་ཡི ད ་གསུམ་གྱི ་ སྤྱོ ད ་པ་གང་གཟབ་བྱེ ད ་པ་

དང། ལྷག་པར་དུ་རྩེད་མོ་རྩེ་རོགས་རྣམས་ལ་མཐོང་ཆུང་ཁྱད་གསོད་དང་། དམའ་ འབེབས་སོགས་རྩ་བ་ནས་བྱ་མི་རུང་།

དཔེ་རིས། ༨་༢༡

༥༽ རྩི་ཤིང་དང་སྲོག་ཆགས་ལས་ཉེན་སྲུང། ཁོར་ཡུག་ནང་ཡོད་པའི་རྩི་ཤིང་ལ་བདག་གཅེས་བྱ་རྒྱུ་དང་དུད་འགྲོ་སེམས་ཅན་ལ་བྱམས་ སྐྱོང་བྱ་རྒྱུ་ནི་གལ་ཆེན་པོ་ཡིན།

སྲོག་ཆགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་དེར་ཕན་མ་

ཐོགས་ཀྱང་གནོད་རྩ་བ་ནས་སྐྱེལ་མི་རུང།

རྩི་ཤིང་དང་སྲོག་ཆགས་མང་པོས་མིའི་ལུས་

སྲོག་ལ་གནོད་སྐྱོན་བྱ་སྲིད་པས་ངེས་པར་དུ་གཟབ་དགོས།

དཔེ་རིས། ༨་༢༢

• རི་དང་སྤང་ལ་སྐྱེས་པའི་རྩི་ཤིང་གི་ཆ་ཤས་གང་འདྲ་ཞིག་ཡིན་ཡང་སྣང་མེད་དུ་ བཟའ་མི་རུང་།

• ཤ་མོའ་ི རིགས་མང་པོ་ཞིག་ལ་དུག་ཡོད་པས་སྤང་ལ་སྐྱེས་པའི་ཤ་མོ་ཚང་མ་བཟའ་ མི་རུང།

དཔེ་རིས། ༨་༢༣

• དུག་ཡོད་པའི་སྲོག་ཆགས་དཔེར་ན། སྦྲུལ་དང་། སྡོམ། སྡིག་པ་ར་ཙ་སོགས་ཀྱིས་མ་ རྨུག་པའི་ཐབས་ཤེས་བྱེད་དགོས།

• ཡང་སྲོག་ཆགས་འགའ་ཤས་ལ་དུག་མེད་ཀྱང་དེ་དག་གིས་རྨུགས་པ་ཡིན་ན་ཁྱི་སྨྱོན་ གྱི་ནད་ལྟ་བུ་ཉེན་ཚབས་ཆེ་བའི་ནད་རིགས་ཕོག་སྲིད། པར་བཀྲུས་ནས་དེ་རྗེས་སྨན་པར་བསྟེན་དགོས།

རྨ་དེ་ཐོག་མར་ཆུས་ལེགས་

• རང་གི་ཉེ་འཁོར་དུ་ཡོད་པའི་བདག་ཡོད་དང་བདག་མེད་དུད་འགྲོ་རྣམས་ལ་གང་

དཔེ་རིས། ༨་༢༤

99


ཐུབ་ཀྱིས་སྔོན་འགོག་གི་ཁབ་རྒྱག་ཐབས་བྱ་དགོས།

འཕྲལ་སེལ་སྨན་བཅོས། (First aid)

ཁྱེད་རང་གི་གྲོགས་པོའམ་ཡང་ན་རོགས་པ་འགའ་རེར་རྡབ་སྐྱོན་བྱུང་ནས་དཀའ་ངལ་འཕྲད་མྱོང་ངམ། རང་གིས་གང་བྱས་པ་ཡིན་ནམ།

དེའི་སྐབས་ཁྱེད་

སྨན་པ་མ་འབྱོར་གོང་ནད་པར་བཅོས་ཐབས་བྱེད་པ་དེ་ལ་འཕྲལ་སེལ་སྨན་བཅོས་

ཟེར། རང་གཞན་སུ་འདྲ་ཞིག་ལ་ཡང་ཛ་དྲག་རྡབ་སྐྱོན་གྱི་གནས་ཚུལ་བྱུང་ན་དངངས་སྐྲག་གིས་ལས་ཀ་བྱ་མི་རུང།

དེ་

དཔེ་རིས། ༨་༢༥

ལས་ནད་པ་ལྷོད་ལྷོད་བཞག་པའི་ཐོག་འཕྲལ་སེལ་སྨན་བཅོས་བྱེད་ཐུབ་ན་ལེགས།

༡)

ཁྱེད་རང་ལ་སྣ་ཁྲག་དོན་མྱོང་ངམ། དེའི་སྐབས་ཁྱེད་ཀྱིས་གང་བྱས་སམ།

• སྣ་ཁྲག་ཐོན་སྐབས་མགོ་ཕྲན་བུ་གུག་ཙམ་བྱས་ཏེ་སྐར་མ་བཅུའི་རིང་སྣ་ཁུང་ བཙིར་ནས་སྡོད་དགོས།

གལ་ཏེ་མགོ་གྱེན་དུ་བསྟན་ནས་བསྡད་ན་སྣ་ཁྲག་

མིད་པའི་ནང་ཕྱིན་ཏེ་སྐྱུག་པ་འཆོར་བའི་ཉེན་ཁ་ཡོད།

• སྐབས་དེ་དུས་དབུགས་གཏོང་ལེན་ཁ་ནས་བྱས་ན་ལེགས།

• སྐད་ཆ་བཤད་པ་དང་། མཆིལ་མ་ཁྱུར་མིད་བཏང་བ། གློ་བརྒྱབ་པ་སོགས་བྱས་ ཚེ་ཁྲག་འགོག་པར་འགོག་རྐྱེན་བྱེད་པས་དེ་དག་བྱ་མི་རུང།

• ཆུ་གྲང་མོར་སྦངས་པའི་རས་སྣ་དང་དཔྲལ་བར་སྦྱར་ན་ཕན་ཐོགས་ཆེ།

• རས་སམ་ཡང་ན་སྲིང་བལ་གཙང་མ་ཞིག་གིས་ཁྲག་ཐིག་རྣམས་གཙང་མ་བཟོ་དགོས།

དཔེ་རིས། ༨་༢༦

• སྐར་མ་བཅུའི་རྗེས་ལ་སྣ་ཁུང་ལག་པས་གློད་དེ་ཁྲག་འགག་ཡོད་མེད་ལྟོས། གལ་ཏེ་ཁྲག་འགག་མེད་ན་ད་དུང་སྐར་མ་ བཅུ་ཙམ་རིང་བསྐྱར་དུ་སྣ་ཁུང་བཙིར་ནས་སྡོད་དགོས།

• སྣ་ཁྲག་འགག་རྗེས་ཆུ་དྲོད་འཇམ་གྱིས་སྣའི་གཡས་གཡོན་འཁྲུད་དེ་ཆུ་ཚོད་ཁ་ཤས་རིང་ཤུགས་ལས་མི་བྱེད་པར་ངལ་ གསོ་རྒྱག་དགོས། སྐབས་དེ་དུས་སྣབས་ལུད་འཕྱིད་མི་རུང་།

100


• གལ་ཏེ་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་ལས་མང་བའི་རིང་སྣ་ཁྲག་ཐོན་པ་དང་། སྣ་ཁྲག་ཤུགས་ཆེ་ཐོན་པ། སྣ་ཁྲག་ཡང་ ཡང་ཐོན་པ། མགོ་བརྡབ་ནས་སྣ་ཁྲག་ཐོན་པ་སོགས་བྱུང་ཚེ་སྨན་པར་ངེས་པར་དུ་བསྟེན་དགོས།

༢) སྲོག་ཆགས་ཀྱིས་གནོད་འཚེ་བྱེད་པ། • ཁྱིས་རྨུགས་པ་དང།

སྦྲུལ་གྱིས་སོ་བརྒྱབ་པ་སོགས་བྱུང་དུས་སྣང་མེད་མ་བཞག་པར་གཤམ་གསལ་བཅོས་ཐབས་

རྣམས་ངེས་པར་དུ་བྱེད་དགོས།

• ཁྱིས་རྨུགས་པ་དང་།

དཔེ་རིས། ༨་༢༧

ཞི་མི་དང་སྤྲེའུ་སོགས་ཀྱིས་སོ་བརྒྱབ་ན་ལམ་སེང་རྨ་ལ་ཡི་

ཙི་བརྒྱབ་ནས་ཆུ་དྲོད་འཇམ་གྱིས་བཀྲུས། ཐབས་བྱེད་དགོས།

དེའི་རྗེས་གང་མྱུར་སྨན་བཅོས་རག་

• སྦྲང་བུས་རྡུང་བཙུགས་སྐབས་ཡི་ཙི་དང་སོ་སྨན། བུལ་གྱི་རིགས་བྱུག་དགོས། • སྦྲུལ་གྱིས་སོ་བརྒྱབ་ན། ཁང་དུ་འགྲོ་དགོས།

རས་སམ་ཐག་པ་ཞིག་གིས་བསྡམས་ཏེ། ལམ་སེང་སྨན་

• སྲོག་ཆགས་ཀྱི་གནོད་འཚེ་བྱུང་སྐབས་གང་མྱུར་མཆེ་དུག་སྨྱོ་ནད་ཀྱི་སྔོན་འགོག་

དཔེ་རིས། ༨་༢༨

(Anti-rabies)གི་ཁབ་ཉུང་མཐར་ཐེངས་གསུམ་རྒྱག་དགོས།

• འཚིག་སྐྱོན་ལས་བྱུང་བའི་ཆུ་འབུར་རྣམས་བརྟོལ་མི་རུང། རྨ་ཁ་དང་ཆུ་འབུར་བརྡོལ་ན་ཡི་ཙི་བརྒྱབ་ནས་ཆུ་གཙང་ མས་ལེགས་པར་འཁྲུ་དགོས།

• རྨ་ཁ་ལ་རས་དཀྲི་བ་དང་འཁྱག་པ་སྦྱར་བ། ཞག་ཚིལ་བྱུག་པ་སོགས་བྱ་མི་རུང།

• འཚིག་སྐྱོན་ཚབས་ཆེ་བྱུང་ན་གཟུགས་པོའ་ི ཆ་ཤས་དེ་ཐལ་བ་དང་ནད་འབུ་སོགས་འགོག་ཐབས་སུ་རས་གཙང་མ་

101


ཞིག་བཀབ་ནས་གང་མྱུར་སྨན་ཁང་བསྟེན་དགོས།

• གཤག་གཏུབ་བྱུང་བའི་རྨ་ཆུང་ཆུང་རིགས་ཀྱི་རྨ་ཁ་ཆུ་གཙང་མས་བཀྲུས་ནས་རྨ་རས་གཙང་མ་ཞིག་དཀྲི་དགོས།

• གལ་ཏེ་རྨ་ཁ་ནས་ཁྲག་མང་པོ་འཐོན་གྱི་ཡོད་ན་རས་གཙང་མ་ཞིག་བཀབ་ནས་ལག་པས་ཁྲག་མ་ཆད་བར་བསྣན་ དགོས།

• བཙའ་དང་གཡའ་ཡོད་པའི་ལྕགས་རིགས་ཀྱིས་ལུས་ལ་རྨ་བཟོས་ན་ཊི་ཊ་ནཱས(Tetanus)ནད་འགོས་ཀྱི་ཡོད་པས་ སྔོན་འགོག་གི་ཁབ་ཊི་ཊི་(TT-tetanus toxoid) རྒྱག་དགོས།

• མིག་ལ་ཐལ་བ་དང་འབུ་སྲིན་འཛུལ་ནས་ཟ་འཕྲུག་ལང་བ་སོགས་བྱུང་ན། འཁྲུ་དགོས།

ཚན་རིག་བཀོལ་ཉེས།

ཚན་རིག་དང་འཕྲུལ་རིག་གི་ཤེས་བྱར་ལེགས་ཉེས་གང་ཡང་མེད།

ཕུར་བདར་མ་གཏང་བར་ཆུ་གཙང་མས་

དེས་ཕན་ཐོགས་

དང་གནོད་སྐྱོན་ཇི་ལྟར་བྱེད་མིན་ནི། མིས་བེད་སྤྱོད་བྱེད་སྟངས་ལ་རག་ལས་ཡོད། མིས་ ཚན་རིག་དེ་ཕན་པའི་ཕྱོགས་སུ་བཀོལ་སྤྱོད་བྱས་པ་ཙམ་མིན་པར། ཚུལ་མིན་གྱི་བཀོལ་ སྤྱོད་ཀྱང་སྣ་ཚོགས་བྱེད་བཞིན་ཡོད།

༡) རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ནས་མི་ས་ཡ་མང་པོའ་ི ཚེ་སྲོག་ལ་གནོད་འཚེ་དང་ འཇིགས་སྣང་བསྐྲུན་པར་མ་ཟད། ཚབས་ཆེ་བཏང་ཡོད།

ཁོར་ཡུག་དང་སྲོག་ཆགས་ལའང་གནོད་སྐྱོན་

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་གྲོང་

ཁྱེར་ཧི་རོ་ཤི་མ་དང་ན་ཀཱ་ས་ཀཱི་གཉིས་རྩ་མེད་བཏང་ནས། ད་ལྟའང་

དཔེ་རིས། ༨་༢༩

དུག་རྫས་ཀྱི་ནུས་པས་མིའི་འཕྲོད་བསྟེན་ལ་དཀའ་ངལ་ཆེན་པོ་འཕྲད་ བཞིན་ཡོད།

102

དཔེ་རིས། ༨་༣༠


༢) ཚན་རིག་གི་ནུས་མཐུ་ལས་སྨན་འདྲ་མིན་བཟོ་སྐྲུན་བྱས་ཏེ་ད་ཆ་ནད་རིགས་ རེ་ཟུང་མ་གཏོགས་ཚང་མར་བཅོས་ཐབས་ཡོད།

འོན་ཀྱང་སྨན་རིགས་ཁག་

ཅིག་མྱོས་རྫས་ཆེད་བེད་སྤྱོད་ལོག་པར་བཏང་ནས་སྤྱི་ཚོགས་ནང་དཀའ་ངལ་ མང་པོ་བཟོ་བཞིན་ཡོད།

༣) ལག་ཐོག་ཁ་པར་དང་། བརྙན་འཕྲིན་སོགས་ལ་མགོ་གཡེང་ནས། དུས་ཚོད་ ཆུད་ཟོས་དང་། མིའི་འབྲེལ་ལམ་ཉམས་ཞན་དུ་འགྲོ་ཡི་ཡོད།

དཔེ་རིས། ༨་༣༡

༤) ཚན་རིག་ལ་བརྟེན་ནས་ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང་།

མིའི་དགོས་མཁོ་ལས་བརྒལ་བའི་དངོས་ཟོག་སྣ་ཚོགས་བཟོ་བསྐྲུན་བྱས་པར་

བརྟེན། རང་གི་དགོས་མཁོ་ལས་བརྒལ་བའི་དངོས་ཟོག་ཉོ་ཐབས་དང་། དེའི་

ཆེད་འགྲན་རྩོད་སྣ་

ཚོགས་བྱས་ནས་ཞི་དུལ་བག་ཕེབས་ཀྱི་འཚོ་བ་སྐྱེལ་

རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད།

དཔེ་རིས། ༨་༣༢

༥) རྫས་ལུད་དང་འབུ་དུག་མང་པོ་བེད་སྤྱོད་བྱས་པར་བརྟེན་སའི་ནུས་བཅུད་ ཉམས་པར་མ་ཟད། ལོ་ཏོག་དང་ཚལ། ཤིང་ཏོག་སོགས་ཀྱི་ནང་དུ་དུག་མང་

པོ་ཕོག་ནས་སྐྱེ་ལྡན་ཚང་མར་གནོད་ཚབས་ཤིན་ཏུ་ཆེན་པོ་ཡོང་བཞིན་ཡོད།

༦) དེང་སང་འགྲུལ་བཞུད་བྱེད་པའི་མཐུན་རྐྱེན་བཟང་པོ་ཡོད་པར་མ་ཟད།

དཔེ་རིས། ༨་༣༣

103


ལས་ཀ་ཡང་མང་དག་ཅིག་འཕྲུལ་ཆས་བརྒྱུད་བྱེད་ཀྱི་ཡོད་སྟབས། མི་རྣམས་ཀྱི་གཟུགས་པོའ་ི ནུས་པ་ཉམས་རྒུད་དུ་འགྲོ་

བཞིན་ཡོད།

༧) མོ་ཊ་དང་། གནམ་གྲུ། མེ་འཁོར་སོགས་ཀྱི་ནང་བུད་རྫས་སྣ་ཚོགས་བེད་སྤྱོད་བྱས་པ་ལ་བརྟེན། ཁོར་ཡུག་ལ་ཧ་ཅང་ འབགས་བཙོག་ཆེན་པོ་འགྲོ་བཞིན་ཡོད།

ང་ཚོས་གང་སྦྱངས་ཡིན།

• མི་རྒན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་རུང་རང་གི་མི་ཚེའི་ནང་མིས་བཟོས་པ་དང་རང་འབྱུང་གི་དཀའ་ངལ་ཆེ་ཆུང་ མང་པོ་ཞིག་འཕྲད་ཀྱི་ཡོད། དེ་དག་ལ་བློ་གྲོས་ལྡན་པའི་ཐོག་ནས་སེལ་ཐབས་དང་ཉེན་སྲུང་བྱ་གལ་ཆེ།

• ནང་དུ་སྡོད་པའི་སྐབས་མེ་དང་ཅ་དངོས་ཚ་པོ། གློག གྲི་དང་ཇེམ་རྩེ། ཤེལ་སོགས་རྣོ་ཡོད་པའི་ཅ་དངོས། དེ་བཞིན་ འདྲེད་བརྡར་དང་བརྡབས་སྐྱོན་ཤོར་སླ་བའི་གནས་ཞ་ལ་རློན་པ་དང་སྐས་འཛེགས། སྨན་དང་འབུ་དུག་སོགས་ཀྱི་རྫས་ རིགས་ལ་ཉེན་ཁ་ཡོད་པས་ཉེན་སྲུང་བྱ་དགོས།

• རྒྱུན་དུ་ཟས་རྙིང་པ་དང་ཞག་ཚིལ་ཅན།

ཁྲོམ་ནས་སྤུས་ཀ་ཞན་པའི་ཟ་ཆས་དང་འཐུང་ཆས་རིགས་གཟུགས་པོར་

གནོད་ཚབས་ཡོང་ཉན་ཆེ་བས་ཡིད་གཟབ་བྱ་དགོས།

• འཛམ་གླིང་ནང་རྐྱེན་ངན་གོད་ཆག་མང་པོ་ཞིག་འགྲུལ་བཞུད་བྱེད་པའི་སྐབས་དང་མོ་ཊའི་ལམ་གྱི་ཉེ་འགྲམ་དུ་ཡོང་ གི་ཡོད་པས། དེ་དང་འབྲེལ་བའི་ཉེན་སྲུང་རྣམས་ལ་ངེས་པར་དུ་དོ་སྣང་བྱ་དགོས།

• དེང་རབས་ཀྱི་སྤྱི་ཚོགས་ནང་རྩེད་མོ་ནི་རང་གི་ལུས་པོའ་ི འཚར་ལོངས་ཙམ་མ་ཡིན་པར་མི​ི་ཕན་ཚུན་དང། རྒྱལ་ཁབ་ ཕན་ཚུན་དབར་གྱི་འབྲེལ་བ་དམ་ཟབ་ཡོང་བར་ཕན་ཐོགས་ཆེ། འོན་ཀྱང་དེའི་སྐབས་ཉེན་སྲུང་བྱེད་གལ་ཁག་གཅིག་ ཡོད་པ་རྣམས་ལ་དོ་སྣང་བྱ་དགོས།

• རྩི་ཤིང་ལ་བདག་གཅེས་དང་དུད་འགྲོ་སེམས་ཅན་ལ་བྱམས་སྐྱོང་བྱེད་རྒྱུ་གལ་ཆེ་ཡང། དེ་དག་མང་པོ་ཞིག་མིའི་ལུས་ སྲོག་ལ་ཉེན་ཁ་ཡོང་སྲིད་པས་ངེས་པར་དུ་ཡིད་གཟབ་དགོས།

104


• སྣ་ཁྲག་ཐོན་པ་དང། སྲོག་ཆགས་ཀྱིས་རྨུགས་པ། མེས་ཚིག་པ། གྲིས་བཏུབ་པ་སོགས་བྱུང་ཚེ། དགོས་པ་དང་དེའི་སྔོན་དུ་སྔོན་འགོག་བཅོས་ཐབས་ངེས་པར་དུ་བྱ་དགོས།

སྨན་པར་བསྟེན་

• ཚན་རིག་དང་འཕྲུལ་རིག་གི་ཤེས་བྱ་ནི་མི་ལ་ཤིན་ཏུ་ཕན་ཐོགས་ཆེ། ཤེས་བྱ་འདིའི་བཀོས་ཉེས་ལ་ བརྟེན་ནས་འཛམ་གླིང་ནང་དཀའ་ངལ་ཤིན་ཏུ་མང་པོ་བཟོ་ཡི་ཡོད། སྦྱོང་ཚན། ཀ གཤམ་གསལ་བརྗོད་པ་རྣམས་ལ་རྒྱུ་མཚན་བྲིས།

༡) སོ་སོའ་ི ནང་དང་སློབ་གྲྭར་མེ་གསོད་བྱེད་ཀྱི་ཡོ་ཆས་ངེས་པར་དགོས། ༢)

སྨན་དང་འབུ་དུག་རྣམས་ཕྲུ་གུའི་ལག་པས་མི་སྙོབ་སར་བཞག་དགོས།

༣)

སྤུས་ཀ་ཞན་པའི་མགྱོགས་ཟས་རིགས་བེད་སྤྱོད་གང་ཉུང་བྱས་ན་ལེགས།

༤)

ཕྲུ་གུ་ཚོས་མོ་ཊའི་ལམ་གྱི་གཡས་གཡོན་དུ་སྣང་མེད་རྩེད་མོ་རྩེ་བ་དང་རྒྱུག་ཤར་གློད་པ་སོགས་ནམ་ཡང་བྱ་རྒྱུ་མེད།

༥)

རྐང་རྩེད་པོ་ལོ་རྩེ་བའི་སྐབས་སུ་རྐང་པའི་ངར་གདོང་འགེབས་བྱེད་གྱོན་དགོས།

༦)

རྐྱེན་ངན་བྱུང་སྐབས་སྨན་པ་མ་སླེབས་གོང་འཕྲལ་སེལ་སྨན་བཅོས་བྱ་དགོས།

ཁ བར་སྟོང་སྐོངས། ༡)

༢)

སྐས་འཛེགས་དང་ཞལ་བ་རློན་པར་་་་་་་་་་་་་་་་་་་་་་་་་་་་་་་ཤོར་ཉེན་ཡོད་པས་གཟབ་གཟབ་བྱེད་དགོས།

སྣ་ཁྲག་ཐོན་སྐབས་མགོ་ཕྲན་བུ་་་་་་་་་་་་་་་་་་་་་བྱས་ཏེ་སྐར་མ་བཅུའི་རིང་སྣ་ཁུང་་་་་་་་་་་ནས་སྡོད་དགོས།

༣) བཙའ་དང་གཡའ་བརྒྱབ་པའི་ལྕགས་རིགས་ཀྱིས་རྨ་བཟོས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱག་དགོས།

105


༤) ༥)

དེང་སང་ལས་ཀ་མང་ཆེ་བ་འཕྲུལ་འཁོར་གྱིས་བྱེད་ཀྱི་ཡོད་སྟབས་མི་རྣམས་ཀྱི་གཟུགས་པོའ་ི ་་་་་་་་་་་་་་་་ཉམས་

འགྲོ་ཡི་ཡོད།

་་་་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་མང་པོ་བེད་སྤྱོད་བྱས་པར་བརྟེན་སའི་ནུས་བཅུད་ཉམས་འགྲོ་ཡི་ཡོད།

ལས་འཆར།

སློབ་མ་རྣམས་སྡེ་ཚན་དུ་བགོས་ནས་གཤམ་གསལ་བརྗོད་གཞི་ཁག་ ལ་གོ་བསྡུར་བྱས་ཏེ་གཏམ་བརྗོད་ཐུང་ངུ་རེ་བཟོ་རུ་ཆུག

106

༡)

བུ་མོ་མེ་ཏོག་ལ་ཁྱིས་རྨུགས་སྐབས་འཕྲལ་སེལ་སྨན་བཅོས་

༢)

བུ་འཕྲིན་ལས་རྩེད་མོ་རྩེ་སྐབས་གློ་བུར་དུ་སྣ་ཁྲག་ཐོན་པ་

བྱེད་པ།

དང་འཛིན་གྲོགས་རྣམས་ཀྱིས་འཕྲལ་སེལ་སྨན་བཅོས་བྱེད་པ།


སློབ་ཚན་དང་པོའ་ི ཚིག་གནད་ཁག། བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

གློག་པར། བརྒལ་སྒྲའི་གློག་དཔར།

X-ray

རྫས་ལུད།

Fertilizer

རྨོད་སློག་འཕྲུལ་འཁོར།

Tractor

དར་སྐུད།

Silk

Ultrasonography

རྒྱང་ཤེལ།

Telescope

འབུ་དུག།

Insecticide

ཁབ་ལེན་གྱི་རི་ལི།

Maglev

སློབ་ཚན་གཉིས་པའི་ཚིག་གནད་ཁག། ཕྲ་སྲིན།

བོད་ཀྱི་ཐ་སྙད།

Bacteria

ཨིན་ཇིའི་ཐ་སྙད།

ཕྲ་མཐོང་ཆེ་ཤེལ།

Microscope

ཉ་སྐར་ཆེན།

Star fish

ཉི་མ་མེ་ཏོག།

Sun-flower

ཚོར་རྐྱེན་ལ་ཚོར་ལན།

Response to stimulus

ཀར་བོན་འཚོ་རླུང་ཉིས་ལྡན།

Carbon-dioxide

རྨིགས་པ།

Lizard

ཆུ་སྦྲུལ།

Hydra

རྩི་ཤིང་ཨ་ཙ་མ།

Touch me not plant

འཚོ་རླུང།

Oxygen

འགྲམ་ལྕིབས།

Gills

107


སློབ་ཚན་གསུམ་པའི་ཚིག་གནད་ཁག། བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

རླུང་ཁམས་།

Atmosphere

རླུང་ཁམས་ཀྱི་ཆགས་རིམ།

Layers of atmosphere

སྙོམས་རིམ།

Stratosphere

ཚ་རིམ།

Thermosphere

ཟེ་རླུང།

Nitrogen

འགྱུར་རིམ།

Trophosphere

བར་རིམ།

Mesophere

ཕྱི་རིམ། རླངས་འགྱུར། གཤེར་ཕབ།

Exosphere

དྭངས་བསིང་འབྱེད་པ།

Decatation

Evaporation Condensation

སྙིགས་གསོག།

Sedimentation

འཚག་སྦྱོར།

Filtration

སློབ་ཚན་བཞི་པའི་ཚིག་གནད་ཁག། བོད་ཀྱི་ཐ་སྙད།

108

ཨིན་ཇིའི་ཐ་སྙད།

ཉི་མའི་ནུས་པ།

Solar energy

ཚ་དྲོད་འཇལ་ཆས།

Thermometer

བསྐྱར་བཟོ་ཐུབ་པའི་ནུས་པའི་འབྱུང་ཁུངས།

Renewable source of energy

ཤ་གནད་ཀྱི་ནུས་པ།

Muscular energy

ཡང་རླུང།

Hydrogen

སྐྱེས་ལྡན་བེམ་རྫས་ཀྱི་ནུས་པ།

Biomass energy

བསྐྱར་བཟོ་མི་ཐུབ་པའི་ནུས་པའི་འབྱུང་ཁུངས།

Non-renewable source of energy

འགྱུར་རྡོ་འབུད་རྫས་ཀྱི་ནུས་པ།

Fossil fuel energy


རྫས་ཀྱི་ནུས་པ།

Chemical energy

དྲོད་ཀྱི་ནུས་པ།

Heat energy

གློག་གི་ནུས་པ།

Electrical energy

གནས་སྟབས་ཀྱི་ནུས་པ།

Potential energy

ཉི་ཐབ།

Solar heater

འོད་ཀྱི་ནུས་པ།

Light energy

སྒྲའི་ནུས་པ།

Sound energy

འགུལ་གནས་ཀྱི་ནུས་པ།

Machanical energy

འགུལ་སྟབས་ཀྱི་ནུས་པ།

Kinetic energy

སློབ་ཚན་ལྔ་པའི་ཚིག་གནད་ཁག། ཕྲ་ཕུང།

བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད། Cell

ཕུང་གྲུབ།

Tissue

དབང་པོའ་ི མ་ལག།

Organ system

རུས་སྒྲོམ་མ་ལག།

Skeletal system

འཇུ་བྱེད་མ་ལག།

Digestive system

མཆིན་པ།

Liver

རྒྱུ་དཀར།

Large intestine

དབང་པོ།

Organ

སྐྱེ་ལྡན།

Organism

ཤ་གནད་མ་ལག།

Muscular system

ཕོ་བ།

Stomach

རྒྱུ་ནག།

Small intestine

བཤང་ལམ།

Anus

109


འབྱིན་རྔུབ་མ་ལག།

Respiratory system

གློ་སྦུག།

Bronchus

གློ་བ།

Lungs

ལག་པའི་མཁྲིག་མ།

Hand wrist

གཅིན་དོར་མ་ལག།

Urinary system

གཅིན་ལྒང།

Urinary bladder

མིད་པ།

Oesophagus

པགས་པ།

Skin

སྣ་ཁུང།

Nostril

གློ་ཡུ།

Wind pipe

འཁོར་བསྐྱོད་མ་ལག

Circulatory system

དབང་རྩའི་མ་ལག།

Nervous system

གཅིན་འདྲེན་སྦུ་གུ།

Ureter

གཅིན་ལམ།

Urethra

མཁལ་མ།

Kidney

སློབ་ཚན་དྲུག་པའི་ཚིག་གནད་ཁག། རྒྱུ་ཆ།

110

བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

Material

ཅ་དངོས།

Object

མཁྲེགས་པོ།

Hard

དངོས་པོའ་ི སྣང་ཚུལ།

Appearance

འབོལ་པོ།

Soft


བཞུ་འདྲེས།

Solubility

འཕྱོ་ལྡིང།

Floatation

དྭངས་གསལ་མིན་པ།

Opaque

དྭངས་གསལ།

Transparent

ཕྱེད་དྭངས་གསལ།

Translucent

སློབ་ཚན་བདུན་པའི་ཚིག་གནད་ཁག། བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

རྡོ་ཁབ་ལེན།

Lead stone

ཁབ་ལེན་གྱི་རང་བཞིན།

Magnetism

ཁབ་ལེན་ནར་མོ།

Bar magnet

ལྷོ་སྣེ།

South pole

གློག།

Electricity

འཁྱུད་གློག།

Current electrcity

ཕོའ་ི གློག་ཁུར།

Positive charge

ཁབ་ལེན།

Magnet

ཤོག་གཟེར།

Paper pin

བྱང་སྣེ།

North pole

ཁབ་ལེན་ཕྱོགས་སྟོན་འཁོར་ལོ།

Magnetic Compass

བརྡར་གློག།

Static electricity

གློག་ཁུར།

Electric charge

111


མོའ་ི གློག་ཁུར།

Negative charge

མོ་རྡུལ།

Electron

གློག་ལམ།

Electric circuit

ཁབ་ལེན་གློག་གི་རང་བཞིན།

Electromagnetism

གློག་འཁྱུད་དངོས་པོ།

Conductor of electricity

བག་ཉལ་དངོས་པོ།

Neutral charge

གློག་རྒྱུན།

Electric current

གློག་རྫས།

Battery

གློག་ཁབ་ལེན་།

Electromagnet

གློག་འཁྱུད་འགོག་པའི་དངོས་པོ།

Insulator

སློབ་ཚན་བརྒྱད་པའི་ཚིག་གནད་ཁག ཉེན་སྲུང།

བོད་ཀྱི་ཐ་སྙད།

Safety

ཨིན་ཇིའི་ཐ་སྙད།

འཕྲལ་སེལ་སྨན་བཅོས།

First aid

སྙོམས་ཟས།

Balanced diet

རྨོག་ཞྭ།

Helmet

འབུ་དུག

Insecticide

སྐུབ་སྟེགས་འཆིང་ཐག།

Seat belt

མགྱོགས་ཟས།

Fast food

མཆེ་དུག་སྨྱོ་ནད་སྔོན་འགོག།

Anti-rabies injection

སྔོན་འགོག།

Prevention

ཁྲ་ཐིག་ཅན་གྱི་ལམ།

Zebra crossing

བཀོལ་ཉེས།

Misuse

112


113


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.