--- གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་བསླབ་གཞིའི་ཟུར་ལྟའི་དེབ།
རྩོམ་ཡིག་འབྲི་ཐབས་ཀྱི་ལག་དེབ་མཛུབ་མོས་རི་སྟོན།
རྩོམ་པ་པོ།
རྡོ་སྦིས་ཟླ་བ་ཚེ་རིང་།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
སྤྱི་ཁྱབ་འགན་འཛིན།
བསོད་ནམས་བཟང་པོ། (ཤེས་ལྷན་འགན་འཛིན།)
རྒྱབ་ཤ་ཇུས་འགོད་པ།
བསྟན་འཛིན་སྐལ་བཟང་།
རྩོམ་སྒྲིག་འགན་ཁུར་བ། རྩོམ་པ་པོ།
དགེ་འདུན་དོན་ཡོད།
རྡོ་སྦིས་ཟླ་བ་ཚེ་རིང་།
དཔར་ལོ། ༢༠༢༡ དཔར་ཐེངས། དང་པོ། དཔར་གྲངས། ༥༠༠
རྩོམ་ཡིག་འབྲི་ཐབས་ཀྱི་ལག་དེབ་མཛུབ་མོས་རི་སྟོན། rtsom yig ‘bri thaps
Director Sonam Sangpo Author Dawa Tsering Edition & Design Gedun Dhonyoe Cover Design Tenzin Kalsang First edition 2021 Copies 500 Published by: Department of Eductation, CTA Printed & Distribution by :Sherig Parkhang/TCRPC www.bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།
© Department of Education, CTA
Special Acknowledgement
Funded by DANIDA through CICED
Cable: SHERIG Phone: +91-1892- 222572/222721 Fax: +91-1892-223481 Email: education@tibet.net Web: www.sherig.org
DEPARTMENT OF EDUCATION Central Tibetan Administration
GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P. INDIA
པར་སྐྲུན་གསལ་བཤད།
༄༅། །ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་
བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བ་ནས་ བཟུང་། ཤེས་རིག་ལས་ཁུངས་ཀྱིས་དེའི་དགོངས་དོན་ལྟར་བསླབ་གཞིའི་ རྩ་འཛིན་བཟོ་འགོད་ཀྱིས་བཀའ་ཤག་གིས་གཏན་ལ་ཕབ་ཅིང་། དེ་གཞི་ལ་
བཞག་སྟེ་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་བོད་ཀྱི་སྐད་ཡིག་ སློབ་དེབ་ཆ་ཚང་ལ་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་བྱུང་བ་
མ་ཟད། གཞོགས་འདེགས་ཀྱི་ཀློག་དེབ་ཀྱང་གང་ལ་གང་འཚམ་ཞིག་རྩོམ་ སྒྲིག་གིས་འགྲེམས་སྤེལ་ཞུས་དང་ཞུ་མུས་སུ་ཡོད།
ད་ལན་དེ ་ སྔོ ན ་གཞི ་ རི མ ་སློ བ ་གྲྭའི ་ རྩོ མ ་ཡི ག ་འཁྲི ད ་ཐབས་ཀྱི་ དེ བ ་
ཅིག་རྩོམ་སྒྲིག་གིས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཟིན་ཡང་། དེའི་ གཞོགས་འདེགས་སུ་རྩོམ་ཡིག་འབྲི་ཐབས་ཀྱི་ལག་དེབ་ཅིག་རྩོམ་སྒྲིག་ཐུབ་ ན་ལེགས་ཚོགས་ཆེ་བར་བསམས་ནས།
དཔེ་སྟོན་སློབ་གྲྭའི་བོད་དགེ་རྡོ་
སྦིས་ཟླ་བ་ཚེ་རིང་ལགས་སུ་རྩོམ་ཡིག་གི་གཞུང་ལུགས་ལ་ཁུངས་བཅོལ་ ཏེ༑
ལོ་མང་རིང་སློབ་ཁྲིད་བྱས་པའི་ཉམས་མྱོང་གཞི་ལ་བཞག་ནས་རྩོམ་
ཡིག་འབྲི་ཐབས་ཀྱི་དེབ་ཅིག་འབྲི་དགོས་པའི་སྐུལ་མ་བྱས་པ་ལྟར། རྒྱུ་ཆ་ འཛོམས་མིན་དང་དུས་ཚོད་ཀྱི་ལྕོགས་མིན་ལ་མ་བལྟོས་པར་དང་དུ་བླངས་
ཏེ༑ <<རྩོམ་ཡིག་འབྲི་ཐབས་ཀྱི་ལག་དེབ་མཛུབ་མོས་རི་སྟོན་>> ཞེས་པ་ བྲིས་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཀློག་དེབ་འདིར་ཚིག་སྒྲུབ་ནས་དུམ་མཚམས་དང་། རྩོམ་ཡིག སྒྲུང་
ཐུང་། ཟིན་བྲིས་དང་མྱོང་ཚོར། ཚིགས་བཅད་བཅས་འབྲི་ཐབས་ངོ་སྤྲོད་ བྱས་ཡོད་པ་མ་ཟད། རྩོམ་ཡིག་འབྲི་སྐབས་ལྷག་པའི་སྐྱོན་དང་། སློབ་མའི་ བྲིས་པའི་རྩོམ་ཡིག་ལ་དབྱེ་ཞིབ་བཅས་བྱས་འདུག་པ་དང་།
དེ་ཡང་འབྲི་
བ་པོ་ཁོ་རང་དགེ་རྒན་བྱས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་བྲིས་པ་ཞིག་ ཡིན་སྟབས། སྐྱོན་དང་ནོར་འཁྲུལ་ཡོད་ངེས་ན། རྩོམ་རིག་ལ་མཁྱེན་རྒྱ་
ཡངས་ཤིང་། དཔྱོད་ལྡན་དགེ་རྒན་རྣམ་པས་ཡོ་བསྲང་གིས་གཞི་རིམ་སློབ་
གྲྭའི་སློབ་ཁྲིད་ཀྱི་གཞོགས་འདེགས་སུ་བེད་སྤྱོད་ཡོང་བའི་རེ་བ་དང་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན།
IV
༄༅།
སྔོན་གླེང་།
།ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་བོད་ཡིག་ཚན་
པའི་འགན་འཛིན་གྱིས་བདག་ལ་བཙན་བྱོལ་བོད་མིའི་སློབ་ཁག་གི་བོད་ དགེ་རྣམས་ལ་རྩོམ་ཡིག་སློབ་ཁྲིད་ཀྱི་གཞོགས་འདེགས་དང་།
སློབ་ཕྲུག་
ཚོ ར ་རྩོ མ ་ཡི ག ་འབྲི ་ ཐབས་ཀྱི ་ ཤེ ས ་བྱ་ངོ ་ སྤྲོ ད ་ཆེ ད ་དེ བ ་ཅི ག ་རྩོ མ ་འབྲི ་ བྱེད་ཐུབ་ན་ཕན་ཐོགས་ཡོད་ཚུལ་གྱིས་གླེང་མོལ་གནད་འགག་ཅན་མང་ པོ་ཞིག་གསུངས་སོང་བས།
ངས་ཀྱང་ཁོང་ཉིད་ཀྱི་བཀའ་ལན་བཟློག་མ་
ནུས་པར་དཔའ་ཁས་ལེན་ཞུས་ཡོད་ཀྱང་། ལེ་ལོ་དང་ཆུ་ཚོད་ཀྱིས་རྐྱེན་དུ་ མའི་དབང་གིས་ལས་དོན་འདི་བརྗེད་ངེས་སུ་འགྲོ་སྐབས།
བསྐྱར་དུ་ནན་
གྱིས་བསྐུལ་སོང་བས་བདག་སེམས་ལང་ལོང་དུ་གྱུར་ཏེ་ལས་ཀ་འདི་འགོ་ བཙུགས་པ་ཡིན།
འགོ་འཛུགས་སྐབས་བོད་ཀྱི་བྱིས་པའི་རྩོམ་ཡིག་འབྲི་
ཐབས་སྐོར་གྱི་རྒྱུ་ཆའམ་དཔྱད་གཞིའི་དཔེ་དེབ་ཧ་ཅང་དཀོན་པ་དང་། ཡོད་ པ་དེ་ཚོའང་རགས་རིམ་ཙམ་དང་བསྐྱར་ཟློས་ཀྱི་འབྲི་སྲོལ་ཙམ་མ་གཏོགས་ ན་ཆུང་བྱིས་པ་ལ་ཆེད་དུ་དམིགས་པའི་དཔེ་དེབ་ཅིག་ལག་སོན་དཀའ་བའི་ གནད་དོན་དུ་མས་གཅུན་ནས་ཡོང་།
དཀའ་ངལ་འདིས་བོད་ཀྱི་བྱིས་པའི་
རྩོམ་རིག་སློབ་གསོ་ཡིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ་པའི་གནད་ དོན་ཞིག་སྟོན་གྱི་ཡོད་སྟབས།
གནད་དོན་འདི་སེལ་བར་འབྱུང་འགྱུར་
བྱིས་པའི་རྩོམ་རིག་ཐད་ལ་དོ་སྣང་མང་ཙམ་སྤྲད་དེ། བྱིས་པའི་རྩོམ་རིག་གི་
ཤེས་བྱ་ཕུན་སུམ་ཚོགས་པོ་དང་། ཡར་རྒྱས་གཏོང་རྒྱུ་ནི་བོད་ཀྱི་དགེ་རྒན་ V
ཚོའི་ཕྲག་སྟེང་ན་གཡོལ་དུ་མེད་པའི་ལས་འགན་ཞིག་ཡིན་པས་ན། འདིར་ བདག་གིས་གལ་གནད་དུ་བཟུང་སྟེ་རང་བློས་ལྕོགས་ཚོད་ཀྱིས་ལོ་ངོ་བཅུའི་
རིང་གི་རྩོམ་ཡིག་ཁྲིད་སྟེགས་ཀྱི་ཉམས་མྱོང་དང་། སློབ་ཕྲུག་ཚོའི་སེམས་ ཁམས་ལ་དཔག་སྟེ་ལེའུ་བརྒྱད་ཅན་གྱི་རྩོམ་ཡིག་འབྲི་ཐབས་ཀྱི་ལག་དེབ་ འདི་བྲིས་པ་ཡིན་ལ། སྟངས།
དེ་ཡང་རྩོམ་ཡིག་འབྲི་སྟངས་དང་ཚིག་རྒྱན་སྤྲས་
ཚིག་དོན་གྱི་སྐྱོན་སེལ་སྟངས་ཏེ་བོད་ཀྱི་སྙན་གཞུང་གི་འབྲི་ཚུལ་
གྱི་སྲོལ་བཟང་དང་འགལ་བ་མེད་པར་རྩོམ་ཡིག་འབྲི་བའི་ཁ་ཕྱོགས་ཙམ་ སྟོན་པའི་ལག་དེབ་མཛུབ་མོས་རི་སྟོན་ཞེས་པ་འདི་ལགས་ན།
རྩོམ་ཡིག་
འབྲི་བར་བློ་སྐྱེད་ཀྱི་གྲོགས་ཕན་ཅུང་ཟད་བྱུང་ན་ཡང་བདག་ཡིད་ཚིམ་པ་ ཡིན་པས།
དཔྱོད་ལྡན་ལས་རིགས་གཅིག་པའི་དགེ་རྒན་རྣམ་པས་དགེ་
འདོན་སྐྱོན་སེལ་གྱི་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ། ། སྨྲས་པ།
སྔོན་མའི་འབྲི་སྲོལ་གཉའ་ཤིང་མེད་པས་རང་དབང་བློ་ཡི་གཞུང་ལམ་ཡོད། ། དེང་གི་ཁྲིད་སྟེགས་ཀླན་ཀའི་དབེན་པས་གོ་བདེ་སླ་བའི་ཐབས་ལམ་ཡོད། །
རྩོམ་རིག་གཞུང་ལུགས་དགོངས་དོན་རྟོགས་པས་ངོ་མཚར་ལྡན་པའི་འཕྲུལ་རིག་ཡོད། ། གདོང་དམར་སོན་རྩའི་ལེགས་སྐྱེས་ཡིན་པས་དགའ་བ་རྒྱས་ཏེ་ལེན་པར་མཛོད། །
ཅེས་གངས་ཅན་བོད་ཀྱི་སོན་རྩ་ཚོས་རྩོམ་ཡིག་འབྲི་བའི་ལམ་བུ་རུ་
འགྱུར་བའི་སྨོན་འདུན་དང་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་ རྩོམ་པ་པོས་སྦྱར། །
དཀར་ཆག
པར་སྐྲུན་གསལ་བཤད།................................................................. ཀ
སྔོན་གླེང་།.................................................................................... ཁ ལེའུ་དང་པོ། རྩོམ་ཡིག་ངོས་འཛིན།.................................................. 1
ལེའུ་གཉིས་པ། རྩོམ་ཡིག་གི་ཚིག་འབྲུ་འབྲི་ཐབས།............................ 6
ལེའུ་གསུམ་པ། རྩོམ་ཡིག་གི་ཚིག་རྒྱན་སྤྲས་སྟངས།........................ 32
ལེའུ་བཞི་པ། རྩོམ་ཡིག་འབྲི་སྟངས།.............................................. 36 ལེའུ་ལྔ་པ། རྩོམ་ཡིག་བཀླགས་པའི་མྱོང་ཚོར་འབྲི་སྟངས།.................46 ལེའུ་དྲུག་པ། བརྩམས་སྒྲུང་འབྲི་སྟངས།..........................................54 ལེའུ་བདུན་པ། ཚིགས་བཅད་རྩོམ་ཡིག་འབྲི་ཐབས།..........................90 ལེའུ་བརྒྱད་པ། རྩོམ་ཡིག་གི་ཚིག་སྐྱོན་སྤོང་སྟངས།..........................96 ཞར་བྱུང་ཇི་བཞིན་བརྗོད་པའི་རྩོམ་དཔེ་ངོ་སྤྲོད།............................... 102 ཟུར་བཀོད།............................................................................... 113
ལེའུ་དང་པོ། རྩོམ་ཡིག་ངོས་འཛིན། དང་པོ། རྩོམ་ཡིག་གི་གོ་དོན།
ཅི་ཞིག་ལ་རྩོམ་ཡིག་ཟེར་ཞེ་ན།
སྤྱིར་རྩོམ་ཡིག་ནི་མིའི་རིགས་ཀྱི་
དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་བེད་སྤྱད་ནས་བྲིས་པའི་ཚིག་སྦྱོར་ སྙན་མོ་ཞིག་ལ་རྩོམ་ཡིག་ཟེར་ཞིང་། དེ་ཡང་ཞིབ་ཙམ་བརྗོད་ན། འཇིག་ རྟེན་འདི་ན་འཚོ་སྡོད་བྱེད་བཞིན་པའི་མིའི་རིགས་ཀྱི་མཐོང་ཐོས་མྱོང་གསུམ་
གྱི ་ བྱ་དངོ ས ་དེ ་ དག་ལ་བློ ས ་བརྟག་ཅི ང ་དཔྱད་པ་དང་འཕྲི་སྣོན་བཅོ ས ་
གསུམ་གྱིས་སྒོ་ནས་གང་བརྗོད་པར་འདོད་པ་དེ་ཉིད་ཡིག་ཐོག་ཏུ་བྲིས་པའི་ ཚིག་གི་སྦྱོར་བ་སྙན་མོ་ཞིག་ལ་རྩོམ་ཡིག་ཅེས་བརྗོད། འདི་ལ་དབྱེ་ན་ལུས་
ཀྱི་ཆ་ནས། ཚིགས་བཅད། ཚིག་ལྷུག སྤེལ་མ་བཅས་གསུམ་དང་། རིགས་
ཀྱི་ཆ་ནས་ལྷུག་རྩོམ། རང་མོས་སྙན་ངག བརྩམས་སྒྲུང་། དཔྱད་བརྗོད་ སོགས་སོ། །
ཡང་སློབ་ཕྲུག་འགའ་ཞིག་གིས་རྩོམ་ཡིག་ཟེར་ན་ཚིག་ལྷུག་སྙན་ངག་
གཅིག་པོ་ལ་སེམས་ཀྱི་ཡོད་པ་ནི་སྤྱི་དང་བྱེ་བྲག་གི་གོ་བ་མ་ལོན་པ་ཡིན་ པས། རྩོམ་ཡིག་ཟེར་ན་སྙན་ངག་ཡོངས་ཀྱི་སྤྱི་མིང་ཡིན་ནོ། ། 1
གཉིས་པ། རྩོམ་ཡིག་འབྲི་བར་ཚང་དགོས་པའི་ཆ་རྐྱེན།
སྤྱིར་ལས་ཀའམ་དོན་དག་གང་ཞིག་སྒྲུབ་སྐབས་དེ་ཉིད་ལེགས་འགྲུབ་
ཡོང་བར་མཁོ་དངོས་ཀྱི་ཆ་རྐྱེན་ཚང་དགོས་པ་ལྟར། བར་ཡང་དེ་ལས་མ་འདས་པས། བཤད་པར་བྱའོ། །
རྩོམ་ཡིག་ཅིག་འབྲི་
གཤམ་དུ་ཆ་རྐྱེན་དེ་རྣམས་རེ་རེ་བཞིན་
༡ དཔེ་ཀློག་གི་གོམས་གཤིས་ཡོད་དགོས།
དཔེ་དེབ་གང་མང་ཀློག་དགོས་པ་དང་། ཡང་ན། མཁས་པ་དང་མིང་
གྲགས་ཅན་རྣམས་ཀྱིས་བརྩམས་པའི་རྩོམ་ཡིག་གང་མང་ཀློག་པ་དང་ཚིག་
གི་སྡེབ་ལེགས་ཤིང་དོན་གོ་སླ་བའི་ཚིག་སྦྱོར་སྙན་མོ་ཁ་ཤས་བློ་འཛིན་བྱེད་ དགོས། ཅིིའི་ཕྱིར་ཞེ་ན། ཁྱེད་ཀྱིས་རྩོམ་ཡིག་འབྲི་སྐབས་ཚིག་གིས་མ་
འདང་བ་དང་། བསམ་བློར་མ་འཁོར་བའི་དཀའ་ངལ་འཕྲད་སྲིད་པས། གལ་ སྲིད་ཁྱོད་ཀྱིས་དཔེ་ཀློག་དང་བློ་འཛིན་གང་མང་བྱས་ཡོད་ན། ཁྱོད་ཀྱི་དཀའ་ ངལ་དེ་དག་སེལ་ངེས་ཡིན།
༢ ཟིན་བྲིས་འདེབས་པའི་གོམས་གཤིས་ཡོད་དགོས།
དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་དང་། ཡང་ན། ཡུལ་སྐོར་ལྗོངས་
རྒྱུ་དང་།
གནས་སྐོར་བྱེད་སྐབས་གལ་ཆེ་བའི་གནས་ཚུལ་རགས་བསྡུས་
ཟིན་བྲིས་སུ་འདེབས་དགོས། ཅིིའི་ཕྱིར་ཞེ་ན། ཁྱེད་ཀྱིས་རྩོམ་ཡིག་འབྲི་ སྐབས་བརྗོད་བྱ་གང་འདེམས་དགོས་མིན་གྱི་དཀའ་ངལ་འཕྲད་སྲིད་པས། 2
གལ་སྲིད་ཁྱེད་ལ་ཟིན་བྲིས་འདེབས་པའི་གོམས་གཤིས་ཡོད་ན།
ཁྱེད་ཀྱི་
ཟིན་བྲིས་དེབ་ཆུང་དེ་ནི་ཁྱོད་ལ་བརྗོད་བྱ་གང་མང་གནང་མཁན་གྱི་དགེ་ རྒན་ཡག་ཤོས་དེ་ཡིན་པས་དཀའ་ངལ་དེ་སེལ་ངེས་ཡིན། ༣
ནན་རྒྱུན་སྤྱི་ཚོགས་ཁྲོད་ཀྱི་མི་དང་བྱ་དངོས་རྣམས་ལ་བརྟག་དཔྱད་
བྱེད་པའི་གོམས་གཤིས་ཡོད་དགོས།
ནམ་རྒྱུན་མི་སུ་དང་སུ་ལ་ཐུག་སྐབས་དེའི་ངོ་གདོང་གི་རྣམ་འགྱུར་
དང་། ལུས་ཀྱི་སྤྱོད་པ། སྐད་གདངས་ཀྱི་མཐོ་དམའ། ཡང་ན། བྱ་དངོས་
ཀྱི་ཆེ་ཆུང་། ཁ་དོག་སོགས་ལ་བརྟག་དཔྱད་བྱེད་པའི་གོམས་གཤིས་ཡོད་ དགོས། ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་རྩོམ་ཡིག་འབྲི་སྐབས་མི་སྣའི་གཤིས་
ཀ་དང་། བྱ་སྤྱོད། བྱ་དངོས་སོགས་ཞིབ་འབྲི་བྱེད་མ་ཐུབ་པའི་དཀའ་ངལ་ འཕྲད་སྲིད་པས།
གལ་སྲིད་ཁྱེད་ཀྱིས་ནམ་རྒྱུན་སྤྱི་ཚོགས་ཁྲོད་ཀྱི་མི་དང་
བྱ་དངོས་ལ་ཉམས་ཞིབ་དང་དོ་སྣང་བྱས་ཡོད་ན། དཀའ་ངལ་དེ་དག་སེལ་ ངེས་ཡིན།
༤ རང་རྩོམ་ལ་བཟོ་བཅོས་བྱེད་པའི་གོམས་གཤིས་ཡོད་དགོས།
ནམ་རྒྱུན་སློབ་ཕྲུག་ཚོས་དབུགས་ཐེངས་གཅིག་གིས་རྩོམ་ཡིག་ཅིག་
བྲིས་ཚར་རྗེས་ལམ་སང་དགེ་རྒན་གྱི་ཕྱག་ཏུ་ཕུལ་རྐྱང་བྱེད་པའམ། ཡང་ ན༑
རྩོམ་སྟེགས་ག་གེ་མོ་ཞིག་ལ་སྐུར་གྱི་ཡོད་མོད།
གལ་གནད་ཆེ་བ་
ཞིག་ནི་རྩོམ་ཡིག་མ་བསྐུར་སྔོན་ལ་རང་རྩོམ་རང་གིས་ཀློག་པ་དང་། བསྐྱར་ 3
བཅོས་ཡང་བཅོས་བྱ་བའི་གོམས་གཤིས་ཡོད་དགོས།
ཅིའི་ཕྱིར་ཞེ་ན།
ཁྱེད་ཀྱིས་དཀའ་བ་སྤྱད་ནས་བྲིས་པའི་རྩོམ་ཡིག་དེ་ལ་དགེ་རྒན་གྱིས་འདོད་
བློ་མ་ཁེངས་པ་དང་། རྩོམ་སྟེགས་ག་གེ་མོས་མི་འདེམས་པའི་གནས་ཚུལ་ འབྱུང་སྲིད་པས།
གལ་སྲིད་ཁྱེད་རང་ལ་རང་རྩོམ་རང་གིས་བཟོ་བཅོས་
ཐེངས་མང་བྱ་བའི་གོམས་གཤིས་ཡོད་ན་དཀའ་ངལ་དེ་དག་སེལ་ངེས་ཡིན། ༥ དུས་ཚོད་དམ་འཛིན་བྱ་བའི་གོམས་གཤིས་ཡོད་དགོས།
རྩོམ་ཡིག་འབྲི་བར་དུས་ཚོད་རེའུ་མིག་བཟོས་ཏེ།
ཉི་མ་རེ་ལ་དུས་
ཚོད་གཅིག་གམ་ཕྱེད་ཀའི་དུས་ཚོད་བེད་སྤྱད་ནས་ཉིན་ཐོ་དང་། ཚོར་སོགས་འབྲི་བའི་གོམས་གཤིས་འཇགས་དགོས།
སེམས་
ཅིའི་ཕྱིར་ཞེ་ན།
ཁྱེད་ཀྱིས་རྩོམ་ཡིག་འབྲི་སྐབས་སྒྱིད་ལུག་གི་དབང་གིས་དེ་རིང་གི་རྩོམ་
ཡིག་སང་ཉིན་འབྲི་དགོས་བསམ་ནས་འབྲི་མ་འདོད་པའི་དཀའ་ངལ་འཕྲད་ སྲིད་པས། གལ་སྲིད་ཁྱེད་ལ་སྔ་མོ་ནས་དུས་ཚོད་རེའུ་མིག་དང་དུས་ཚོད་ ཆ་བགོས་ཀྱི་གོམས་གཤིས་ཡོད་ན། དཀའ་ངལ་དེ་དག་སེལ་ངེས་ཡིན།
གསུམ་པ། རྩོམ་ཡིག་གི་དགོས་དམིགས།
ཀ རྩོམ་ཡིག་འབྲི་ཤེས་ན་མཁས་པའི་གྲལ་གནས་སུ་ཚུད་པ་མ་ཟད། སྨྲ་ ལྕེ་བདེ་ལ་གཞན་ཡིད་འཕྲོག་པའི་ནུས་པ་དང་།
ཆོས་དང་གཞུང་
ལུགས་གཞན་དག་ལ་སྦྱངས་པ་གནང་སྐབས་སྤྱིར་བཏང་གི་བསམ་བློ་ ལས་དྲན་པ་སྐྱེན་ཞིང་གོ་བ་ལོན་མྱུར་བའི་དགོས་པ་ཡོད་པ་མ་ཟད། 4
རྩོམ་ཡིག་ནི་སྐད་ཡིག་གི་སྲོག་རྩ་ངོ་མ་དེ་ཡིན་པས་སྐད་དང་ཡི་གེ་
སོགས་མི་རབས་རྗེས་མའི་ཚེ་སྲོག་ཏུ་བསྐྲུན་ཐུབ་མིན་ནི་རྩོམ་ཡིག་ གི་བེད་སྤྱོད་དང་སློབ་གྲྭའི་ཁོར་ཡུག་ལ་རག་ལས་ཡོད་པས།
སློབ་
ཕྲུག་གི་བསམ་བློ་རུ་རྩོམ་ཡིག་གི་ཚེ་སྲོག་བཞེངས་ཐུབ་ཚེ་སློབ་ཕྲུག་
ཚོ་རང་ཤུགས་ཀྱིས་སྐད་དང་ཡི་གེ་ལ་ཤ་ཚ་དང་ཞེན་ཁོག་ཅིག་རང་ བཞིན་གྱིས་སླེབས་ནས་ཡོང་གི་ཡོད་པས་སྐད་དང་ཡི་གེ་སྲུང་སྐྱོབ་ལ་ ཕན་པའི་དགོས་པ་ཡོད།
ཁ། རྩོམ་ཡིག་གི་བསམ་བློ་བེད་སྤྱད་ནས་དེང་རབས་ཀྱི་བརྡ་འཕྲིན་དང་ཆ་ འཕྲིན་སོགས་སུ་བོད་སྐད་ཡིག་བེད་སྤྱོད་དང་། དར་རྒྱས། དེང་རབས་ འཕྲུལ་རིག་གི་ལྷུ་ལག་མ་ལུས་བོད་སྐད་ཡིག་ཏུ་བསྒྱུར་བར་ཤུགས་
སྣོན་གྱིས་བོད་མི་རིགས་ཀྱི་འཚོ་བ་ཇེ་བདེ་དང་། འཛམ་གླིང་མི་མང་ དང་མཉམ་དུ་དེང་རབས་འཕྲུལ་རིག་སོགས་བོད་སྐད་ཡིག་གི་ཐོག་ཏུ་
བེད་སྤྱོད་དང་། སྔོན་ཐོན་སྐད་ཡིག་དང་དཔུང་པ་མཉམ་གཤིབ་ཀྱིས་ འགྲོ་ཐུབ་པའི་དམིགས་ཡུལ་ཡོད་དགོས།
5
ལེའུ་གཉིས་པ། རྩོམ་ཡིག་གི་ཚིག་འབྲུ་འབྲི་ཐབས། ཀ ཚིག་འབྲུ་ངེས་བཟུང་སྟངས།
ཅི་ཞིག་ལ་ཚིག་འབྲུ་ཟེར་ཞེ་ན། ཚེག་བར་གཅིག་གི་ཡི་གེ་དེ་ལ་ཚིག་
འབྲུ་ཟེར་ཞིང་། དེ་ལ་ཚེག་ཁྱིམ་ཟེར་བའང་ཡོད། སློབ་ཕྲུག་ཚོས་རྩོམ་ཡིག་ འབྲི་སྐབས་ཚིག་འབྲུ་ཕན་ཚུན་སྦྱོར་ཚུལ་དང་ཚིག་ཕྲད་བར་དུ་འཇུག་སྟངས་ སོགས་ལ་དོ་སྣང་དང་བསམ་གཞིག་བྱེད་དགོས་ཏེ།
རྒྱུ་མཚན་རྩོམ་ཡིག་
ཡག་པོ་ཞིག་འབྲི་ཐུབ་མིན་ནི་རྩོམ་ཡིག་གི་བརྗོད་བྱ་གཏིང་ཟབ་པོ་དང་གལ་ ཆེན་པོ་གཅིག་པོ་ལ་རག་ལས་པ་ཞིག་མ་ཡིན་ལ།
དེ་ལས་གལ་ཆེ་བ་ནི་
ཚིག་འབྲུ་ཕན་ཚུན་སྡེབ་སྟངས་དང་ཚིག་ཕྲད་གང་འོས་འཇུག་སྟངས་ལ་ཧ་ ཅང་རག་ལས།
ཁ། མིང་ཚིག་གི་ཁྱད་ཆོས་དང་ཁྱད་དོན། འདྲ་བའི་དཔེ་ངེས་བཟུང་སྟངས།
ཡི་གེ་དུ་མ་འདུས་པ་ལས་མིང་གྲུབ་པ་ལྟར། དང་པོ་ང་ཚོས་མིང་ཚིག་
ནས་བཟུང་སྟེ་རྩོམ་ཡིག་གི་ཚིག་འབྲུ་ཇི་ལྟར་རྒྱ་ཆེ་རུ་གཏོང་ཚུལ་སྦྱངས་
པར་བྱ་སྟེ། སྤྱིར་མིང་ཚིག་ཅིག་ལ་ཁྱད་དོན་རེ་དང་ཁྱད་ཆོས་རེ། ད་དུང་ འདྲ་བའི་དཔེ་རེའང་ཡོད་པས།
སྨྱུ་གུ་འབྲི་དེབ་སྟེང་དུ་མ་བཙུགས་སྔོན་
ལ་མིང་ཚིག་དེའི་ཁྱད་ཆོས་དང་ཁྱད་དོན། 6
གང་ཞིག་དང་འདྲ་བོ་ཡོད་པའི་
དཔེ་སོགས་ཅི་ཡོད་ལམ་སྟོན་བྱེད་པའམ། སློབ་ཕྲུག་རང་རང་ལ་བསམ་བློ་ གཏོང་དུ་འཇུག་ཐུབ་ཚེ། རྩོམ་ཡིག་དེ་ཡག་པོ་འབྲི་ཐུབ། དཔེར་ན།
སློབ་གྲྭ་ལྟ་བུའི་མིང་ཚིག་ལ་མཚོན་ན་དེ་ལའང་ཁྱད་དོན་
རེ་དང་ཁྱད་ཆོས། འདྲ་བའི་དཔེ་རེ་ཡོད་པ་མངོན་གསལ་ཡིན་ཏེ། སློབ་གྲྭ་ ཆུང་ཆུང་ལྟ་བུ་དང་།
སློབ་གྲྭ་ཆེན་པོ་ལྟ་བུར་མཚོན་ན་ཆུང་ཆུང་དང་ཆེན་
པོ་ནི་སློབ་གྲྭ་དེ་ཡི་ཁྱད་ཆོས་ཡིན་ལ།
སློབ་གྲྭས་སློབ་ཕྲུག་བསྐྱངས་ལྟ་བུ་
དང་སློབ་གྲྭས་ཤེས་ཡོན་སྦྱིན་ལྟ་བུ་ནི་སློབ་གྲྭ་དེ་ཡི་ཁྱད་དོན་ཡིན་པ་དང་། སློབ་གྲྭ་འདི་གྲོང་ཁྱེར་དང་འདྲ་ཟེར་བ་ནི་འདྲ་བའི་དཔེ་ཡིན་པས། ཁྱད་ཆོས་
དང་ཁྱད་དོན། འདྲ་བའི་དཔེ་སོགས་ལ་བསམ་བློ་བཏང་ནས་མིང་ཚིག་ཕན་
ཚུན་གང་དང་གང་སྡེབ་སྦྱོར་བྱས་ན་འོས་འཚམ་ཡིན་མིན་དང་། མིང་ཚིག་
ཕན་ཚུན་གང་དང་གང་མཉམ་སྦྱོར་བྱས་ཚེ་ཀློག་སྟངས་བདེ་མིན་ལ་བསམ་ བློ་གཏོང་རྒྱུ་ནི་ཁྱེད་ཀྱི་རྩོམ་ཡིག་ཡག་པོ་ཡོང་བའི་ཐབས་ལམ་ཡག་ཤོས་དེ་ ཡིན་ནོ། །
དང་པོ། ཚིག་འབྲུ་སྦྱོར་སྟངས། ཞོགས་པ།
དཔེར་བརྗོད་ནི།
ལྟ་བུའི་མིང་ཚིག་འདིའི་ཚིག་འབྲུ་རྒྱ་སྐྱེད་གཏོང་ཚུལ་གྱི་
དཔེར་ན། ཞོགས་པ། ཞེས་པའི་མིང་ཚིག་འདི་ལ་ཁྱད་ཆོས་དང་བྱེད་
ལས་རེ་ཡོད་དེ། ཞོགས་པའི་ཁྱད་ཆོས་ནི་ཉི་མའི་འོད་ཟེར་བསུ་བ་སོགས་
རེད་ལ། ཞོགས་པའི་བྱེད་ལས་ནི་དུས་ཚོད་སྟོན་པ་དེ་རེད། འདི་རྒྱས་འབྲི་ 7
བྱེད་སྐབས་མང་ཆེ་བ་ཚིག་ཕྲད་ཅིག་གིས་ཚིག་མཐུད་རྒྱག་པ་གཤམ་གྱི་ དཔེར་བརྗོད་ནས་ར་འཕྲོད་ངེས། དཔེར་བརྗོད་དང་པོ། ༡ ཞོགས་པ།
༢ ཞོགས་པའི་ཉི་འོད།
༣ ཞོགས་པའི་ཉི་འོད་སེར་ལམ་མེ།
༤ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར།
༥ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས།
༦ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་མདོག་ གི་ལྭ་བས་བརྒྱན།
༧ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་མདོག་ གི་ལྭ་བས་བརྒྱན་ཏེ། གཅེས་པར་འོས་པའི་སློབ་ཕྲུག་ཚོ།
༨ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་།
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་
མདོག་གི་ལྭ་བས་བརྒྱན་ཏེ།
8
གཅེས་པར་འོས་པའི་སློབ་ཕྲུག་ཚོར་
སློབ་གྲྭར་ཕེབས་རོགས་གནང་ཟེར་ནས་དགའ་བསུ་བྱེད་པ་དང་ཀུན་ ནས་མཚུངས།
༩ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་།
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་
མདོག་གི་ལྭ་བས་བརྒྱན་ཏེ།
གཅེས་པར་འོས་པའི་སློབ་ཕྲུག་ཚོར་
སློབ་གྲྭར་ཕེབས་རོགས་གནང་ཟེར་ནས་དགའ་བསུ་བྱེད་པ་དང་ཀུན་
ནས་མཚུངས། སློབ་ཕྲུག་ཚོས་སྙིང་རྗེ་བའི་རང་གི་དཔེ་ཁུག་ཆུང་ཆུང་ རེ་རྒྱབ་ཏུ་ཁུར།
༡༠ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་།
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་
མདོག་གི་ལྭ་བས་བརྒྱན་ཏེ།
གཅེས་པར་འོས་པའི་སློབ་ཕྲུག་ཚོར་
སློབ་གྲྭར་ཕེབས་རོགས་གནང་ཟེར་ནས་དགའ་བསུ་བྱེད་པ་དང་ཀུན་
ནས་མཚུངས། སློབ་ཕྲུག་ཚོས་སྙིང་རྗེ་བའི་རང་གི་དཔེ་ཁུག་ཆུང་ཆུང་ རེ་རྒྱབ་ཏུ་ཁུར་ནས་ལྗང་ནག་གི་གཞུང་ལམ་གཡས་གཡོན་ན་བདེ་ མྱུར་གྱི་གོམ་སྟབས་ག་ལེར་བསྒྱུར།
༡༡ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་།
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་
མདོག་གི་ལྭ་བས་བརྒྱན་ཏེ།
གཅེས་པར་འོས་པའི་སློབ་ཕྲུག་ཚོར་
སློབ་གྲྭར་ཕེབས་རོགས་གནང་ཟེར་ནས་དགའ་བསུ་བྱེད་པ་དང་ཀུན་
ནས་མཚུངས། སློབ་ཕྲུག་ཚོས་སྙིང་རྗེ་བའི་རང་གི་དཔེ་ཁུག་ཆུང་ཆུང་ 9
རེ་རྒྱབ་ཏུ་ཁུར་ནས་ལྗང་ནག་གི་གཞུང་ལམ་གཡས་གཡོན་ན་བདེ་
མྱུར་གྱི་གོམ་སྟབས་ག་ལེར་བསྒྱུར་བཞིན་དཀར་ཞིང་དྭངས་བའི་ངོ་ གདོང་ན་འཛུམ་གྱིས་ཁེངས།
༡༢ ཞོགས་པའི་ཉི་འོད་སེར་ལམ་མེར་ཤར་ཕྱོགས་རི་བོ་རྩེ་ནས་ག་ལེར་ འཆར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་མཛེས་པའི་གསེར་མདོག་ གི་ལྭ་བས་བརྒྱན་ཏེ། གཅེས་པར་འོས་པའི་སློབ་ཕྲུག་ཚོར་སློབ་གྲྭར་
ཕེ བ ས་རོ ག ས་གནང་ཟེ ར ་ནས་དགའ་བསུ་བྱེ ད ་པ་དང་ཀུན་ནས་ མཚུངས།
སློབ་ཕྲུག་ཚོས་སྙིང་རྗེ་བའི་རང་གི་དཔེ་ཁུག་ཆུང་ཆུང་རེ་
རྒྱབ་ཏུ་ཁུར་ནས་ལྗང་ནག་གི་གཞུང་ལམ་གཡས་གཡོན་ན་བདེ་མྱུར་ གྱི་གོམ་སྟབས་ག་ལེར་སྒྱུར་བཞིན་དཀར་ཞིང་དྭངས་བའི་ངོ་གདོང་ན་ འཛུམ་གྱིས་ཁེངས་ཚུལ་ལ་བསམ་ན།
དེ་རིང་གི་ཞོགས་པའི་ཉི་འོད་
དང་འདྲ་བའི་བྱིས་པ་འདི་དག་ཇི་འདྲའི་སྙིང་རྗེ་བ་ལ་ཨང་། ལྟ་བུའོ། །
དོན་ནི། ཞོགས་པ་སློབ་གྲྭར་འགྲོ། ཞེས་པའོ། །
དཔེར་བརྗོད་གཉིས་པ། ༡ སློབ་གྲྭ
༢ སློབ་གྲྭ་ཆུང་ཆུང་།
༣ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་།
༤ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ། བ་གམ་བརྩེགས་མའི་འཛིན་ཁང་། ༥ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ། 10
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་ ཡོད།
༦ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
༧ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་ ཡོད་པས། ཅུང་ཙམ་རྒྱང་རིང་ནས་བལྟས།
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་
ཡོད་པས། ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་ཕུབ་ པ་དང་འདྲ།
༨ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་
ཡོད་པས། ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་ཕུབ་ པ་དང་འདྲ་བར་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད།
༩ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་
ཡོད་པས། ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་ཕུབ་
པ་དང་འདྲ་བར་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་པ་དེ་ཡི་དབུས་སུ་སྒེའུ་ ཁུང་ཆུང་ཆུང་གྲུ་བཞི་ནར་མོ་མང་།
༡༠ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་ 11
ཡོད་པས།
ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་
ཕུབ་པ་དང་འདྲ་བར་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་པ་དེ་ཡི་དབུས་སུ་ སྒེའུ་ཁུང་ཆུང་ཆུང་གྲུ་བཞི་ནར་མོ་མང་། དེ་རྣམས་ནི་ནམ་མཁའི་སྐར་ ཚོགས་ཤར་བ་ལྟར་གྲལ་བསྒྲིགས།
༡༡ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་ ཡོད་པས།
ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་
ཕུབ་པ་དང་འདྲ་བར་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་པ་དེ་ཡི་དབུས་སུ་ སྒེའུ་ཁུང་ཆུང་ཆུང་གྲུ་བཞི་ནར་མོ་མང་། དེ་རྣམས་ནི་ནམ་མཁའི་སྐར་
ཚོགས་ཤར་བ་ལྟར་གྲལ་བསྒྲིགས་ཤིང་། སྒེའུ་ཁུང་དེ་ནས་སློབ་ཕྲུག་ ཚོས་ཀ་ཁའི་སྦྱོར་ཀློག་གི་གདངས་དབྱངས་སྙན་མོ་ཞིག་གྲགས།
༡༢ སློབ་གྲྭ་ཆུང་ཆུང་གི་ཁོར་ཡུག་ནང་དུ།
བ་གམ་བརྩེགས་མའི་འཛིན་
ཁང་རྣམས་ནི་མཛེས་པའི་ཁ་དོག་དཀར་དམར་ཁྲ་གསུམ་གྱིས་བརྒྱན་ ཡོད་པས།
ཅུང་ཙམ་རྒྱང་རིང་ནས་བལྟས་ཚེ་འཇའ་ཚོན་གྱི་གུར་
ཕུབ་པ་དང་འདྲ་བར་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་པ་དེ་ཡི་དབུས་སུ་ སྒེའུ་ཁུང་ཆུང་ཆུང་གྲུ་བཞི་ནར་མོ་མང་། དེ་རྣམས་ནི་ནམ་མཁའི་སྐར་
ཚོགས་ཤར་བ་ལྟར་གྲལ་བསྒྲིགས་ཤིང་། སྒེའུ་ཁུང་དེ་ནས་སློབ་ཕྲུག་
ཚོས་ཀ་ཁའི་སྦྱོར་ཀློག་གི་གདངས་དབྱངས་སྙན་མོ་ཞིག་གྲགས་པ་དེ་ ནི་ཁུ་བྱུག་གི་མགྲིན་གླུ་ལྟར་སྙན་འཇེབས་ལྡན། ལྟ་བུའོ། །
དོན་ནི། སློབ་གྲྭ་རུ་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་ཀྱིན་ཡོད། ཅེས་པའོ། ། 12
དཔེར་བརྗོད་གསུམ་པ། ༡ དཔེ་དེབ།
༢ དཔེ་དེབ་ཀྱི་མདུན་ཤོག
༣ དཔེ་དེབ་ཀྱི་མདུན་ཤོག་གི་ཚོན་ཁྲ་ནི་ལྗང་ཁུ་ཡིན།
༤ དཔེ་དེབ་ཀྱི་མདུན་ཤོག་གི་ཚོན་ཁྲ་ནི་ལྗང་ཁུ་ཡིན་པ་དེའི་སྟེང་དུ་ལོ་ མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད།
༥ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
༦ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས།
༧ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས་པས། སུས་བལྟས་ ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག་པས་ག་ལེར་ཁ་ཕྱེ།
༨ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་ 13
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས་པས། སུས་བལྟས་ ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག་པས་ག་ལེར་ཁ་ཕྱེ་བ་ན།
དེའི་
ནང་གི་ཡིག་འབྲུ་རྣམས་འབུ་གྲོག་མའི་རྐང་རྗེས་བབས་པ་ལྟར་ཡོད་ པའི་ཚོར་སྣང་ཞིག་སྟེར།
༩ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས་པས། སུས་བལྟས་ ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག་པས་ག་ལེར་ཁ་ཕྱེ་བ་ན།
དེའི་
ནང་གི་ཡིག་འབྲུ་རྣམས་འབུ་གྲོག་མའི་རྐང་རྗེས་བབས་པ་ལྟར་ཡོད་ པའི་ཚོར་སྣང་ཞིག་སྟེར་ལ། ཡིག་འབྲུ་དེ་དག་གི་ཟུར་ངོས་རེ་ན་འོས་ ཤིང་འཚམ་ལ་ཚོན་ཁྲ་སྣ་ལྔས་བརྒྱན།
༡༠ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས་པས། སུས་བལྟས་ ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག་པས་ག་ལེར་ཁ་ཕྱེ་བ་ན།
དེའི་
ནང་གི་ཡིག་འབྲུ་རྣམས་འབུ་གྲོག་མའི་རྐང་རྗེས་བབས་པ་ལྟར་ཡོད་ 14
པའི་ཚོར་སྣང་ཞིག་སྟེར་ལ། ཡིག་འབྲུ་དེ་དག་གི་ཟུར་ངོས་རེ་ན་འོས་
ཤིང་འཚམ་ལ་ཚོན་ཁྲ་སྣ་ལྔས་བརྒྱན་པའི་རི་མོ་ཡིད་དུ་འོང་བ་མང་པོ་ བར་འཇུག་བྱས་ཡོད།
༡༡ དཔེ ་ དེ བ ་ཀྱི ་ མདུན་ཤོ ག ་གི ་ ཚོ ན ་ཁྲ་ནི ་ ལྗང་ཁུ་ཡི ན ་པ་དེ འི ་ སྟེང་དུ་
ལོ་མ་སྐམ་པོའི་རི་མོ་ཆུང་ཆུང་མང་པོ་ཡོད་པ་རྣམས་གསལ་ལ་མི་ གསལ་བའི་ཚུལ་དུ་གནས།
དེ་དག་ལ་བལྟས་ཚོད་ཀྱིས་མིག་རིས་
ཆུང་ཆུང་མང་པོ་གཡོ་འགུལ་བྱེད་པ་དང་མཚུངས་པས། སུས་བལྟས་ ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག་པས་ག་ལེར་ཁ་ཕྱེ་པ་ན།
དེའི་
ནང་གི་ཡིག་འབྲུ་རྣམས་འབུ་གྲོག་མའི་རྐང་རྗེས་བབས་པ་ལྟར་ཡོད་ པའི་ཚོར་སྣང་ཞིག་སྟེར་ལ། ཡིག་འབྲུ་དེ་དག་གི་ཟུར་ངོས་རེ་ན་འོས་
ཤིང་འཚམ་ལ་ཚོན་ཁྲ་སྣ་ལྔས་བརྒྱན་པའི་རི་མོ་ཡིད་དུ་འོང་བ་མང་
པོ་བར་འཇུག་བྱས་ཡོད་པས། ལག་ཏུ་བླངས་མ་ཐག་ཀློག་འདོད་ཀྱི་ འདུན་པ་འགོག་མེད་དུ་སྐྱེས་འོང་ངོ་། །ལྟ་བུའོ། །
དོན་ནི། དེབ་འདི་ཀློག་འདོད་ཀྱི་འདུན་པ་སྐྱེས་པའི་དོན་ནོ། །
གཉིས་པ། ཚིག་གྲུབ་རྒྱ་སྐྱེད་སྟངས།
ཚིག་ཕྲད་ནི་ཚིག་གཉིས་མཐུད་རྒྱག་བྱེད་ཀྱི་ཚ་ལ་ལྟ་བུ་ཡིན་གསུངས་
པ་ལྟར།
ཚིག་སྒྲུབ་རྒྱ་སྐྱེད་དམ་རྒྱས་འབྲི་བྱེད་སྐབས་ཚིག་གྲུབ་གཉིས་
ཀྱི་ཚིག་ཕྲད་ཅིག་གིས་མཐུད་བརྒྱབ་ན།
ཚིག་གྲུབ་གོང་འོག་གི་ཚིག་དོན་
གཉིས་འབྲེལ་ཆགས་པ་ཞིག་ཡོང་བས། དེ་ལ་ཐུགས་སྣང་གནང་དགོས། 15
དཔེར་བརྗོད་དང་པོ།
དཔེར་ན། ཁ་པར་ལྟ་བུའི་མིང་འདི་ལ་མཚོན་ན།
༡ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་ ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད།
༢ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་
ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད་པས། ལག་པས་ཟིན་ཚེ་འཇམ་ཤིག་ཤིག་གི་ཚོར་བ་ཞིག་སྟེར།
༣ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་
ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད་པས། ལག་པས་ཟིན་ཚེ་འཇམ་ཤིག་ཤིག་གི་ཚོར་བ་ཞིག་སྟེར་ལ།
མདུན་
ངོས་ཡོངས་རྫོགས་ཤེལ་ནག་ཅིག་གིས་གཡོགས་ཡོད་པའི་སྣེ་མཐའ་ ན་མཛུབ་རྩེ་འདྲ་བའི་སྒོར་སྒོར་ཞིག་ཅུང་ཙམ་མངོན་གསལ་དུ་ཡོད།
༤ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་
ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད་པས། ལག་པས་ཟིན་ཚེ་འཇམ་ཤིག་ཤིག་གི་ཚོར་བ་ཞིག་སྟེར་ལ།
མདུན་
ངོས་ཡོངས་རྫོགས་ཤེལ་ནག་ཅིག་གིས་གཡོགས་ཡོད་པའི་སྣེ་མཐའ་
ན་མཛུབ་རྩེ་འདྲ་བའི་སྒོར་སྒོར་ཞིག་ཅུང་ཙམ་མངོན་གསལ་དུ་ཡོད།
དེའི་ཐོག་ཏུ་མཐེ་བོང་གིས་ག་ལེར་གནོན་དུས་ཤེལ་སྒོ་ངོས་ནས་ཚོན་ ཁྲ་འདྲ་མིན་གྱི་གྲུབ་པའི་པར་རིས་གྲུ་བཞི་ཆུང་ཆུང་མང་པོ་ཞིག་ཐོན་ 16
ནས་ཡོང་།
༥ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་
ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད་པས། ལག་པས་ཟིན་ཚེ་འཇམ་ཤིག་ཤིག་གི་ཚོར་བ་ཞིག་སྟེར་ལ།
མདུན་
ངོས་ཡོངས་རྫོགས་ཤེལ་ནག་ཅིག་གིས་གཡོགས་ཡོད་པའི་སྣེ་མཐའ་ན་
མཛུབ་རྩེ་འདྲ་བའི་སྒོར་སྒོར་ཞིག་ཅུང་ཙམ་མངོན་གསལ་དུ་ཡོད། དེའི་
ཐོག་ཏུ་མཐེ་བོང་གིས་ག་ལེར་གནོན་དུས་ཤེལ་སྒོ་ངོས་ནས་ཚོན་ཁྲ་ འདྲ་མིན་གྱི་གྲུབ་པའི་པར་རིས་གྲུ་བཞི་ཆུང་ཆུང་མང་པོ་ཞིག་ཐོན་ནས་ ཡོང་བ་དང་།
དེ་དག་ནས་སོ་སོར་གང་མཁོ་བ་དེ་མནན་ན་རང་གི་བྱ་
བ་སྒྲུབ་འདོད་པ་དང་མི་ལ་འབྲེལ་བ་བྱེད་འདོད་པ་ཏག་ཏག་སྒྲུབ་ཐུབ།
༦ ཁ་པར་འདི་ཡི་བཟོ་དབྱིབས་ནི་མི་རྒན་ཞིག་གི་ལག་མཐིལ་ལྟར་ལེབ་
ལེབ་ཅིག་ཡིན་ནའང་ཧ་ཅང་སྲབ་པའི་ཤེལ་སྒོ་ནང་བཞིན་ཡོད་པས། ལག་པས་ཟིན་ཚེ་འཇམ་ཤིག་ཤིག་གི་ཚོར་བ་ཞིག་སྟེར་ལ།
མདུན་
ངོས་ཡོངས་རྫོགས་ཤེལ་ནག་ཅིག་གིས་གཡོགས་ཡོད་པའི་སྣེ་མཐའ་
ན་མཛུབ་རྩེ་འདྲ་བའི་སྒོར་སྒོར་ཞིག་ཅུང་ཙམ་མངོན་གསལ་དུ་ཡོད།
དེའི་ཐོག་ཏུ་མཐེ་བོང་གིས་ག་ལེར་གནོན་དུས་ཤེལ་སྒོ་ངོས་ནས་ཚོན་ ཁྲ་འདྲ་མིན་གྱི་གྲུབ་པའི་པར་རིས་གྲུ་བཞི་ཆུང་ཆུང་མང་པོ་ཞིག་བཏོན་ ནས་ཡོང་བ་དང་། དེ་དག་ནས་སོ་སོར་གང་མཁོ་བ་དེ་མནན་ན་རང་
གི་བྱ་བ་སྒྲུབ་འདོད་པ་དང་མི་ལ་འབྲེལ་བ་བྱེད་འདོད་པ་ཏག་ཏག་སྒྲུབ་ ཐུབ་ཀྱི་ཡོད་པས། ཁ་པར་ནི་དེང་གི་དུས་འདིར་མིའི་རིགས་ལ་མཁོ་ 17
བའི་ཇི་འདྲའི་དངོས་པོ་རྩ་ཆེན་ཞིག་རེད་ཨང་། ལྟ་བུའོ། །
དོན་ནི།
ཁ་པར་ནི་དེང་གི་དུས་འདིར་ཉེ་བར་མཁོ་བའི་དངོས་པོ་རྩ་ཆེན་
ཞིག་ཡིན། ཞེས་པའི་དོན་ནོ། །
དཔེར་བརྗོད་གཉིས་པ།
དཔེར་ན། དགེ་རྒན་ལྟ་བུའི་མིང་འདི་ལ་མཚོན་ན།
༡ དགེ་རྒན་གྱིས་རང་དོན་བསྐྱུར་ཏེ་སློབ་ཕྲུག་དང་གཞན་གྱི་ཆེད་དུ་ཉིན་ དང་མཚན་སྦྲེལ་ནས་དཔེ་དེབ་བསྔོགས་པའི་ལས་ལ་བྲེལ།
༢ དགེ ་ རྒན་གྱི ས ་རང་དོ ན ་བསྐྱུར་ཏེ ་ སློ བ ་ཕྲུག་དང་གཞན་གྱི ་ ཆེ ད ་དུ་
ཉི ན ་དང་མཚན་སྦྲེ ལ ་ནས་དཔེ ་ དེ བ ་བསྔོ ག ས་པའི ་ ལས་ལ་བྲེ ལ ་ ཞིང་།
འཛིན་ཁང་དང་དགེ་རྒན་གྱི་ཡིག་ཚང་སོགས་སུ་སློབ་ཕྲུག་
ཚོས་བྲིས་པའི་ཁྱིམ་སྦྱོང་དང་བྲིས་རྩོམ་སོགས་ལ་དག་བཅོས་ཀྱིས་ སྐུ་ལས་བསྐྱོན།
༣ དགེ ་ རྒན་གྱི ས ་རང་དོ ན ་བསྐྱུར་ཏེ ་ སློ བ ་ཕྲུག་དང་གཞན་གྱི ་ ཆེ ད ་དུ་
ཉིན་དང་མཚན་སྦྲེལ་ནས་དཔེ་དེབ་བསྔོགས་པའི་ལས་ལ་བྲེལ་ཞིང་། འཛིན་ཁང་དང་དགེ་རྒན་གྱི་ཡིག་ཚང་སོགས་སུ་སློབ་ཕྲུག་ཚོས་བྲིས་
པའི ་ ཁྱིམ་སྦྱོང་དང་བྲི ས ་རྩོ མ ་སོ ག ས་ལ་དག་བཅོ ས ་ཀྱི ས ་སྐུ་ལས་ བསྐྱོན་པ་དང་། མཚམས་མཚམས་སུ་ཞལ་ལག་མཆོད་པའི་དུས་ཚོད་ ཀྱང་བརྗེད་ཀྱི་ཡོད་ནའང་། ནམ་ཡང་འགྱུར་མ་མྱོང་།
ཁོང་ཚོའི་ངོ་གདོང་གི་འཛུམ་མདངས་དེ་ 18
༤ དགེ ་ རྒན་གྱི ས ་རང་དོ ན ་བསྐྱུར་ཏེ ་ སློ བ ་ཕྲུག་དང་གཞན་གྱི ་ ཆེ ད ་དུ་
ཉིན་དང་མཚན་སྦྲེལ་ནས་དཔེ་དེབ་བསྔོགས་པའི་ལས་ལ་བྲེལ་ཞིང་། འཛིན་ཁང་དང་དགེ་རྒན་གྱི་ཡིག་ཚང་སོགས་སུ་སློབ་ཕྲུག་ཚོས་བྲིས་
པའི ་ ཁྱིམ་སྦྱོང་དང་བྲི ས ་རྩོ མ ་སོ ག ས་ལ་དག་བཅོ ས ་ཀྱི ས ་སྐུ་ལས་ བསྐྱོན་པ་དང་། མཚམས་མཚམས་སུ་ཞལ་ལག་མཆོད་པའི་དུས་ཚོད་ ཀྱང་བརྗེད་ཀྱི་ཡོད་ནའང་།
ཁོང་ཚོའི་ངོ་གདོང་གི་འཛུམ་མདངས་དེ་
ནམ་ཡང་འགྱུར་མ་མྱོང་བ་མ་ཟད།
བརྩེ་བ་དང་བྱམས་སྐྱོང་གི་འོད་
མདངས་བཀྲ་བའི ་ མི ག ་ཟུང་སློ བ ་ཕྲུག་ཚོ འི ་ གྲི བ ་གཟུགས་ཀྱི ་ གཡོ ་ འགུལ་དང་བསྟུན་ཏེ་ནམ་ཡང་ངལ་གསོ་ཡི་དུས་ཚོད་ཅིག་མེད།
༥ དགེ ་ རྒན་གྱི ས ་རང་དོ ན ་བསྐྱུར་ཏེ ་ སློ བ ་ཕྲུག་དང་གཞན་གྱི ་ ཆེ ད ་དུ་
ཉིན་དང་མཚན་སྦྲེལ་ནས་དཔེ་དེབ་བསྔོགས་པའི་ལས་ལ་བྲེལ་ཞིང་ །
འཛིན་ཁང་དང་དགེ་རྒན་གྱི་ཡིག་ཚང་སོགས་སུ་སློབ་ཕྲུག་ཚོས་
བྲིས་པའི་ཁྱིམ་སྦྱོང་དང་བྲིས་རྩོམ་སོགས་ལ་དག་བཅོས་ཀྱིས་སྐུ་ལས་ བསྐྱོན་པ་དང་། མཚམས་མཚམས་སུ་ཞལ་ལག་མཆོད་པའི་དུས་ཚོད་ ཀྱང་བརྗེད་ཀྱི་ཡོད་ནའང་། ཁོང་ཚོའི་ངོ་གདོང་གི་འཛུམ་མདངས་དེ་ནམ་
ཡང་འགྱུར་མ་མྱོང་བ་མ་ཟད། བརྩེ་བ་དང་བྱམས་སྐྱོང་གི་འོད་མདངས་
བཀྲ་བའི་མིག་ཟུང་སློབ་ཕྲུག་ཚོའི་གྲིབ་གཟུགས་ཀྱི་གཡོ་འགུལ་དང་ བསྟུན་ཏེ་ནམ་ཡང་ངལ་གསོ་ཡི་དུས་ཚོད་ཅིག་མེད་པས།
སློབ་ཕྲུག་
ཚོའི་སྐད་ཅོར་དང་ཁུ་སིམ་གྱི་དཔེ་ཀློག་གི་ངང་ཚུལ་དེ་དག་ནི་དགེ་རྒན་ ཚོའི་སེམས་ཀྱི་ངལ་བ་གསོ་བྱེད་ཁོ་ན་དེ་ཡིན་ནོ། །ལྟ་བུའོ། ། 19
དོན་ནི། དགེ་རྒན་གྱིས་ཤེས་ཡོན་གྱི་ཆེད་དུ་སྐུ་ལས་བསྐྱོན་གྱི་ཡོད། ཅེས་ པའི་དོན་ནོ། །
དཔེར་བརྗོད་གསུམ་པ།
དཔེར་ན། ཁྱི་ལྟ་བུའི་མིང་འདི་ལ་མཚོན་ན།
༡ ཁྱི་འདི་ཡི་ཁ་དོག་ནི་དམར་སེར་ཡིན།
༢ ཁྱི་འདི་ཡི་ཁ་དོག་ནི་དམར་སེར་ཡིན་ལ། སྤུ་ཐུང་ཐུང་ཞིག་ལས་མེད། ༣ ཁྱི་འདི་ཡི་ཁ་དོག་དམར་སེར་ཡིན་ལ། སྤུ་དེ་ཐུང་ཐུང་ཞིག་ལས་མེད་ ནའང་།
རྒྱགས་དྲགས་པའི་རྐྱེན་གྱིས་གོམ་སྟབས་རྒྱུ་ཕྱོགས་ཤིག་
གི ས ་ངོ ་ གདོ ང ་ན་རྒྱ་མཚོ འི ་ རླབས་རི ས ་ལྟར་ལྷེམ་ལྷེམ་འདར་གྱི ན ་ འདུག
༤ ཁྱི་འདི་ཡི་ཁ་དོག་དམར་སེར་ཡིན་ལ། སྤུ་དེ་ཐུང་ཐུང་ཞིག་ལས་མེད་ ནའང་།
རྒྱགས་དྲགས་པའི་རྐྱེན་གྱིས་གོམ་སྟབས་རྒྱུ་ཕྱོགས་ཤིག་
གི ས ་ངོ ་ གདོ ང ་ན་རྒྱ་མཚོ འི ་ རླབས་རི ས ་ལྟར་ལྷེམ་ལྷེམ་འདར་གྱི ན ་ འདུག་པའི་ཤ་གསེང་ན། ཅུང་ཙམ་ལྐོག་ཏུ་འཛུལ་ཡོད་པའི་མིག་ཆུང་ གཉིས་འབྱེད་བཙུམ་ཡང་དཀའ་བའི་ཚོར་སྣང་ཞིག་སྟེར།
༥ ཁྱི་འདི་ཡི་ཁ་དོག་དམར་སེར་ཡིན་ལ། མེད་ནའང་།
སྤུ་དེ་ཐུང་ཐུང་ཞིག་ལས་
རྒྱགས་དྲགས་པའི་རྐྱེན་གྱིས་གོམ་སྟབས་རྒྱུ་ཕྱོགས་
ཤིག་གིས་ངོ་གདོང་ན་རྒྱ་མཚོའི་རླབས་རིས་ལྟར་ལྷེམ་ལྷེམ་འདར་
གྱིན་འདུག་པའི་ཤ་གསེང་ན། ཅུང་ཙམ་ལྐོག་ཏུ་འཛུལ་ཡོད་པའི་མིག་ 20
ཆུང་གཉིས་འབྱེད་བཙུམ་ཡང་དཀའ་བའི་ཚོར་སྣང་ཞིག་སྟེར་བ་དང་། ཅུང་ཆེ་བའི་སྣ་ཁུང་འོག་ཏུ་དཀར་ཞིང་རྣོ་བའི་མཆེ་བ་གཉིས་ཁའི་ཕྱི་ ལོགས་སུ་བཏོན་ཚུལ་ལ་བལྟས་ན་ཁ་ཤ་མཐུག་པོ་དེ་ཡར་བཏེགས་ ཡོད་པ་དང་འདྲ།
༦ ཁྱི་འདི་ཡི་ཁ་དོག་དམར་སེར་ཡིན་ལ། སྤུ་དེ་ཐུང་ཐུང་ཞིག་ལས་མེད་ ནའང་།
རྒྱགས་དྲགས་པའི་རྐྱེན་གྱིས་གོམ་སྟབས་རྒྱུ་ཕྱོགས་ཤིག་
གིས་ངོ་གདོང་ན་ཤ་རྡོག་ལེབ་ལེབ་འགའི་གཉེར་མ་རྒྱ་མཚོའི་རླབས་ རིས་ལྟར་ལྷེམ་ལྷེམ་འདར་གྱིན་པའི་ཤ་གསེང་ན།
ཅུང་ཙམ་ལྐོག་ཏུ་
འཛུལ་ཡོད་པའི་མིག་ཆུང་གཉིས་འབྱེད་བཙུམ་ཡང་དཀའ་བའི་ཚོར་ སྣང་ཞིག་སྟེར་བ་དང་།
ཅུང་ཆེ་བའི་སྣ་ཁུང་འོག་ཏུ་དཀར་ཞིང་རྣོ་
བའི་མཆེ་བ་གཉིས་ཁའི་ཕྱི་ལོགས་སུ་བཏོན་ཚུལ་ལ་བལྟས་ན་ཁ་ཤ་ མཐུག་པོ་དེ་ཡར་བཏེགས་ཡོད་པ་དང་འདྲ་བས། བལྟས་ཚོད་ཀྱི་སེང་ གེ་བཞིན་དུ་མཐོང་ནའང་རང་གི་བདག་པོ་མཐོང་དུས་ཞི་མི་ཞིག་དང་ འདྲ་བར་རྔ་མ་ཐུང་ཐུང་དེ་ཕར་གཡུག་ཚུར་གཡུག་བྱེད།
༧ ཁྱི་འདི་ཡི་ཁ་དོག་དམར་སེར་ཡིན་ལ། སྤུ་དེ་ཐུང་ཐུང་ཞིག་ལས་མེད་ ནའང་།
རྒྱགས་དྲགས་པའི་རྐྱེན་གྱིས་གོམ་སྟབས་རྒྱུ་ཕྱོགས་ཤིག་
གིས་ངོ་གདོང་ན་ཤ་རྡོག་ལེབ་ལེབ་འགའི་གཉེར་མ་རྒྱ་མཚོའི་རླབས་ རིས་ལྟར་ལྷེམ་ལྷེམ་འདར་གྱིན་པའི་ཤ་གསེང་ན།
ཅུང་ཙམ་ལྐོག་ཏུ་
འཛུལ་ཡོད་པའི་མིག་ཆུང་གཉིས་འབྱེད་བཙུམ་ཡང་དཀའ་བའི་ཚོར་ སྣང་ཞིག་སྟེར་བ་དང་།
ཅུང་ཆེ་བའི་སྣ་ཁུང་འོག་ཏུ་དཀར་ཞིང་རྣོ་ 21
བའི་མཆེ་བ་གཉིས་ཁའི་ཕྱི་ལོགས་སུ་བཏོན་ཚུལ་ལ་བལྟས་ན་ཁ་ཤ་ མཐུག་པོ་དེ་ཡར་བཏེགས་ཡོད་པ་དང་འདྲ་བས། བལྟས་ཚོད་ཀྱི་སེང་ གེ་བཞིན་དུ་མཐོང་ནའང་རང་གི་བདག་པོ་མཐོང་དུས་ཞི་མི་ཞིག་དང་ འདྲ་བར་རྔ་མ་ཐུང་ཐུང་དེ་ཕར་གཡུག་ཚུར་གཡུག་བྱེད་ཞོར།
མགོ་
བོ་སྒུར་སྒུར་གྱིས་བདག་པོར་གུས་ཕྱག་འཚལ་བ་དང་མཚུངས་པས། ཁྱི་འདི་ནི་ཇི་འདྲའི་སྙིང་རྗེ་བ་ལ་ཨང་། ལྟ་བུའོ། །
དོན་དུ། ཁྱི་འདི་སྙིང་རྗེ་མོ་འདུག ཅེས་ཟེར་བའི་དོན་ནོ། །
གསུམ་པ། དུམ་མཚམས་རྒྱ་སྐྱེད་སྟངས།
ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་པ་ལས་ཚིག་དང་།
ཚིག་དུ་མ་འདུས་པ་ལས་བརྗོད་པ། བརྗོད་པ་དུ་མ་འདུས་པ་ལས་རྩོམ་ཡིག་
གྲུབ་ཀྱི་ཡོད་སྟབས། དུམ་མཚམས་རྒྱས་འབྲི་བྱེད་སྐབས་གོང་འོག་གི་ནང་ དོན་འབྲེལ་ཆགས་པ་ལ་དོ་སྣང་བྱེད་དགོས་པ་དང་།
དུམ་མཚམས་འབྲི་
སྟངས་ལ་བྱང་ཆ་ཐོན་ན། རྩོམ་ཡིག་ཧྲིལ་པོ་ཞིག་འབྲི་བ་ལས་སླ་བར་འགྱུར་
བས། ནམ་རྒྱུན་འཚོ་བའི་ཁྲོད་མཐོང་ཐོས་མྱོང་གསུམ་རྣམས་དུམ་མཚམས་ རེ་གཉིས་འབྲི་བ་ལ་འབད་བརྩོན་བྱེད་པ་གལ་ཆེ་བས། བརྗོད་ལ་ཐུགས་སྣང་མཛོད། དཔེར་བརྗོད་དང་པོ།
གཤམ་གྱི་དཔེར་
༡ སློབ་ཕྲུག་གི་འགན་ཁུར་ནི་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ལ། 22
སློབ་སྦྱོང་
བྱེད་ཚུལ་དེ་ལའང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལས་གཙོ་ཆེ་བ་ནི་ སློབ་ཁྲིད་ལ་དོ་སྣང་བྱེད་པ་དང་ནང་སྦྱོང་དུས་ཐོག་ཏུ་འབྲི་བ། སྤྱོད་པ་ ཡ་རབས་བྱེད་རྒྱུ་བཅས་ནི་སློབ་ཕྲུག་ཅིག་གི་ཆེས་སྤྱིར་བཏང་གི་འོས་ འགན་ཡིན་མོད།
ཡིན་ནའང་།
སློབ་ཕྲུག་ཡ་རབས་ཤིག་ཡིན་ཚེ་
ཁོས་ཉིན་རེའི་ལས་ཀ་དུས་ཐོག་ཏུ་བྱེད་པ་མ་ཟད། སང་ཉིན་བསླབ་བྱའི་
སློབ་ཚན་དེ་རིང་སྦྱོང་བར་འབད་པ་བྱས་ནས་སང་ཉིན་སློབ་ཁྲིད་སྐབས་ མགྱོགས་པོ་དང་དེ་ལས་མང་པོ་ཞིག་ཤེས་པར་སྟ་གོན་བྱེད་ངེས།
༢ སློབ་ཕྲུག་གི་འགན་ཁུར་ནི་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ལ།
སློབ་སྦྱོང་
བྱེད་ཚུལ་དེ་ལའང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལས་གཙོ་ཆེ་བ་ནི་ སློབ་ཁྲིད་ལ་དོ་སྣང་བྱེད་པ་དང་ནང་སྦྱོང་དུས་ཐོག་ཏུ་འབྲི་བ། སྤྱོད་པ་ ཡ་རབས་བྱེད་རྒྱུ་བཅས་ནི་སློབ་ཕྲུག་ཅིག་གི་ཆེས་སྤྱིར་བཏང་གི་འོས་ འགན་ཡིན་མོད།
ཡིན་ནའང་།
སློབ་ཕྲུག་ཡ་རབས་ཤིག་ཡིན་ཚེ་
ཁོས་ཉིན་རེའི་ལས་ཀ་དུས་ཐོག་ཏུ་བྱེད་པ་མ་ཟད། སང་ཉིན་བསླབ་བྱའི་
སློབ་ཚན་དེ་རིང་སྦྱོང་བར་འབད་པ་བྱས་ནས་སང་ཉིན་སློབ་ཁྲིད་སྐབས་
མགྱོགས་པོ་དང་དེ་ལས་མང་པོ་ཞིག་ཤེས་པར་སྟ་གོན་བྱེད་ངེས།
ལྷག་པར་དུ་དུས་ཁོམ་རེ་ཡོད་དུས་ཨ་མའི་ཕྲག་གི་ཁུར་པོ་ཇེ་ཡང་
ཡོ ང ་ཆེ ད ་ནང་གི ་ ལས་ཀ་ཙག་ཙི ག ་རྣམས་རང་འགུལ་གྱི ས ་ལས་ རོགས་བྱེད་པ་དང་། གྲོགས་པོ་དང་སློབ་གྲོགས་བར་ལ་སྤུན་མཆེད་ ཀྱི་འདུ་ཤེས་བཟུང་སྟེ།
ཆུང་བ་ལ་བྱམས་སྐྱོང་དང་རྒན་པ་ལ་གུས་
ཞབས་ཀྱི ས ་ནང་མི ་ གཅི ག ་ལྟར་ཞི ་ བདེ ་ ངང་གནས་པའི ་ ཡ་རབས་ 23
བཟང་སྤྱོད་ཀྱི་གོམས་གཤིས་ལྡན་པར་འབད་བརྩོན་གནང་།
༣ སློབ་ཕྲུག་གི་འགན་ཁུར་ནི་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ལ།
སློབ་སྦྱོང་
བྱེད་ཚུལ་དེ་ལའང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལས་གཙོ་ཆེ་བ་
ནི་སློབ་ཁྲིད་ལ་དོ་སྣང་བྱེད་པ་དང་ནང་སྦྱོང་དུས་ཐོག་ཏུ་འབྲི་བ། སྤྱོད་
པ་ཡ་རབས་བྱེད་རྒྱུ་བཅས་ནི་སློབ་ཕྲུག་ཅིག་གི་ཆེས་སྤྱིར་བཏང་གི་ འོས་འགན་ཡིན་མོད། ཡིན་ནའང་། སློབ་ཕྲུག་ཡ་རབས་ཤིག་ཡིན་ ཚེ་ཁོས་ཉིན་རེའི་ལས་ཀ་དུས་ཐོག་ཏུ་བྱེད་པ་མ་ཟད། སང་ཉིན་བསླབ་ བྱའི་སློབ་ཚན་དེ་རིང་སྦྱོང་བར་འབད་པ་བྱས་ནས།
སང་ཉིན་སློབ་
ཁྲིད་སྐབས་མགྱོགས་པོ་དང་། དེ་ལས་མང་པོ་ཞིག་ཤེས་པར་སྟ་གོན་
བྱེད་ངེས།
ལྷག་པར་དུ་དུས་ཁོམ་རེ་ཡོད་དུས་ཨ་མའི་ཕྲག་གི་ཁུར་པོ་ཇེ་ཡང་ཡོང་ ཆེད།
ནང་གི་ལས་ཀ་ཙག་ཙིག་རྣམས་རང་འགུལ་གྱིས་ལས་རོགས་
བྱེད་པ་དང་།
གྲོགས་པོ་དང་སློབ་གྲོགས་བར་ལ་སྤུན་མཆེད་ཀྱི་འདུ་
ཤེས་བཟུང་སྟེ། ཆུང་བ་ལ་བྱམས་སྐྱོང་དང་། རྒན་པ་ལ་གུས་ཞབས་
ཀྱིས་ནང་མི་གཅིག་ལྟར་ཞི་བདེ་ངང་གནས་པའི་ཡ་རབས་བཟང་སྤྱོད་
ཀྱི་གོམས་གཤིས་ལྡན་པར་འབད་བརྩོན་གནང་བར་མ་ཟད།
རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་སྐད་དང་།
ཡི་གེ་ནི་ཡ་ཐོད་ཀྱི་
མིག་ཟུང་ལྟར་གཅེས་སྤྲས་བྱས་ཏེ། ཕ་སྐད་གཙང་མའི་རླུང་རྟ་བཙན་ བྱོལ་བྱིངས་སུ་འཐིམས་པར་ཕྱག་ལས་གནང་རྒྱུ་ནི།
བུམ་སྐྱོན་
གསུམ་བྲལ་གྱི་སློབ་ཕྲུག་ཅིག་གི་ཉིན་རེར་གནང་དགོས་པའི་ལས་ 24
ཀ་དེ་ཡིན་ནོ། །ལྟ་བུའོ། །
གོང་གསལ་དུམ་མཚམས་འདི་རུ་སློབ་ཕྲུག་ཅིག་གིས་སློབ་སྦྱོང་བྱེད་
སྟངས་དང་། ཕ་མ་ལ་རོགས་རམ་བྱེད་སྟངས། རང་གི་མི་རིགས་ཀྱི་སྐད་ ཡིག་གཙིགས་སུ་འཛིན་སྟངས་བཅས་བརྗོད་གཞི་གཅིག་གི་སྟེང་ན་བྲིས་ ཡོད་པས། ནང་དོན་འབྲེལ་ཆགས་པ་ཡིན། དཔེར་བརྗོད་གཉིས་པ།
༡ ཨ་མའི་ཞལ་རས་ཀྱི་འཛུམ་མདངས་མེ་ཏོག་ལྟར་ལྷུག་ལྷུག་ཏུ་དགོད་
དུས། ཡིད་ལ་རང་དབང་མེད་པར་བདེ་སྐྱིད་ཅིག་འཁོར་ནས་ཡོང་གི་ འདུག་མོད། འོན་ཏེ། ངའི་ངུ་སྐད་ཀྱི་དབྱངས་རྟ་རིང་མོ་འཇིག་རྟེན་ འདིར་ཐོག་མར་བསྒྲགས་པ་ནས་བཟུང་།
ཨ་མའི་བཞིན་གྱི་འཛུམ་
མདངས་རེ་རེ་ནི་ལོ་དང་ཟླ་བ་བརྩེགས་ནས་དཀའ་སྡུག་གི་གཉེར་མ་ རུ་གྱུར་ཡོད་ནའང་།
ད་དུང་ངག་འཇམ་ཞིང་བྱམས་བརྩེ་ཡིས་ངང་
ནས་ཟས་ཞིམ་པོ་ཁམ་གང་རག་ཚེ་བུ་ཆུང་ང་ལ་ཉར་བ་དང་།
གོས་
འཇམ་པོ ་ འདོ མ ་གང་ཡོ ད ་ཚེ ་ བུ་ཆུང་ང་ལ་སྐོན་མཁན་གྱི ་ ཨ་མས་
དཀའ་བ་ཁྱད་གསད་ཀྱིས་ང་དང་ངའི་མདུན་ལམ་གྱི་ཆེད་དུ། མཚན་
མོ འི ་ གཉི ད ་དང་ཉི ན ་མོ འི ་ ཟས་ཟ་བའི ་ དུས་ཁོ མ ་མེ ད ་པར་སྐུ་ལས་ བསྐྱོན་སྟངས་འདི་ནི་ཇི་འདྲའི་རླབས་ཆེ་ཨང་།
༢ ཨ་མའི་ཞལ་རས་ཀྱི་འཛུམ་མདངས་མེ་ཏོག་ལྟར་ལྷུག་ལྷུག་ཏུ་དགོད་ དུས། ཡིད་ལ་རང་དབང་མེད་པར་བདེ་སྐྱིད་ཅིག་འཁོར་ནས་ཡོང་གི་ 25
འདུག་མོད། འོན་ཏེ། ངའི་ངུ་སྐད་ཀྱི་དབྱངས་རྟ་རིང་མོ་འཇིག་རྟེན་ འདིར་ཐོག་མར་བསྒྲགས་པ་ནས་བཟུང་།
ཨ་མའི་བཞིན་གྱི་འཛུམ་
མདངས་རེ་རེ་ནི་ལོ་དང་ཟླ་བ་བརྩེགས་ནས་དཀའ་སྡུག་གི་གཉེར་མ་ རུ་གྱུར་ཡོད་ནའང་།
ད་དུང་ངག་འཇམ་ཞིང་བྱམས་བརྩེ་ཡིས་ངང་
ནས་ཟས་ཞིམ་པོ་ཁམ་གང་རག་ཚེ་བུ་ཆུང་ང་ལ་ཉར་བ་དང་།
གོས་
འཇམ་པོ ་ འདོ མ ་གང་ཡོ ད ་ཚེ ་ བུ་ཆུང་ང་ལ་སྐོན་མཁན་གྱི ་ ཨ་མས་
དཀའ་བ་ཁྱད་གསད་ཀྱིས་ང་དང་ངའི་མདུན་ལམ་གྱི་ཆེད་དུ། མཚན་
མོ འི ་ གཉི ད ་དང་ཉི ན ་མོ འི ་ ཟས་ཟ་བའི ་ དུས་ཁོ མ ་མེ ད ་པར་སྐུ་ལས་
བསྐྱོན་སྟངས་འདི་ནི་ཇི་འདྲའི་རླབས་ཆེ་ཨང་།
ཨ་མས་འདི་ལྟར་ངའི་ཆེད་དུ་སྐུ་ལས་བསྐྱོན་ཡོད་ནའང་།
ངས་ཨ་
མར་རོགས་རམ་བྱས་ཡོད་པའི་གནས་སྟངས་དང་། དྲིན་ལན་འཇལ་
ཡོད་པའི་སེམས་བྱུང་ཞིག་དྲན་པའི་ངོས་སུ་འཆར་རྒྱུ་ནི་ཉི་མའི་སྐར་ མ་བཞིན་དཀོན་ཚུལ་འདི་ལ་བསམ་དུས།
ང་ནི་ཇི་འདྲའི་རྒྱུ་འབྲས་
མེད་པའི་བུ་ཆུང་ཐ་ཤལ་ཞིག་རེད་ཨང་སྙམ་ཞོར་རང་དབང་མེད་པར་ དངངས་འདར་ཞིག་རྒྱག་དགོས་བྱུང་སོང་།
༣ ཨ་མའི་ཞལ་རས་ཀྱི་འཛུམ་མདངས་མེ་ཏོག་ལྟར་ལྷུག་ལྷུག་ཏུ་དགོད་
དུས། ཡིད་ལ་རང་དབང་མེད་པར་བདེ་སྐྱིད་ཅིག་འཁོར་ནས་ཡོང་གི་ འདུག་མོད། འོན་ཏེ། ངའི་ངུ་སྐད་ཀྱི་དབྱངས་རྟ་རིང་མོ་འཇིག་རྟེན་ འདིར་ཐོག་མར་བསྒྲགས་པ་ནས་བཟུང་།
ཨ་མའི་བཞིན་གྱི་འཛུམ་
མདངས་རེ་རེ་ནི་ལོ་དང་ཟླ་བ་བརྩེགས་ནས་དཀའ་སྡུག་གི་གཉེར་མ་ 26
རུ་གྱུར་ཡོད་ནའང་།
ད་དུང་ངག་འཇམ་ཞིང་བྱམས་བརྩེ་ཡིས་ངང་
ནས་ཟས་ཞིམ་པོ་ཁམ་གང་རག་ཚེ་བུ་ཆུང་ང་ལ་ཉར་བ་དང་།
གོས་
འཇམ་པོ ་ འདོ མ ་གང་ཡོ ད ་ཚེ ་ བུ་ཆུང་ང་ལ་སྐོན་མཁན་གྱི ་ ཨ་མས་
དཀའ་བ་ཁྱད་གསད་ཀྱིས་ང་དང་ངའི་མདུན་ལམ་གྱི་ཆེད་དུ། མཚན་
མོ འི ་ གཉི ད ་དང་ཉི ན ་མོ འི ་ ཟས་ཟ་བའི ་ དུས་ཁོ མ ་མེ ད ་པར་སྐུ་ལས་
བསྐྱོན་སྟངས་འདི་ནི་ཇི་འདྲའི་རླབས་ཆེ་ཨང་།
ཨ་མས་འདི་ལྟར་ངའི་ཆེད་དུ་སྐུ་ལས་བསྐྱོན་ཡོད་ནའང་།
ངས་ཨ་
མར་རོགས་རམ་བྱས་ཡོད་པའི་གནས་སྟངས་དང་། དྲིན་ལན་འཇལ་
ཡོད་པའི་སེམས་བྱུང་ཞིག་དྲན་པའི་ངོས་སུ་འཆར་རྒྱུ་ནི་ཉི་མའི་སྐར་ མ་བཞིན་དཀོན་ཚུལ་འདི་ལ་བསམ་དུས།
ང་ནི་ཇི་འདྲའི་རྒྱུ་འབྲས་
རྒྱུ་མཚན་དེ་ཡིས་ཉི་མ་དེ་རིང་ནས་བཟུང་།
དུས་ཚོད་སྟོང་པ་ཡོད་
མེད་པའི་བུ་ཆུང་ཐ་ཤལ་ཞིག་རེད་ཨང་སྙམ་ཞོར་རང་དབང་མེད་པར་
དངངས་འདར་ཞིག་རྒྱག་དགོས་བྱུང་སོང་།
ཚད་དྲིན་ཅན་ཨ་མའི་ཆེད་དུ་བཀོལ་སྤྱོད་བྱས་ཏེ།
ཨ་མར་སྐད་ཆ་
བཤད་རོགས་དང་། ཁྱིམ་ལས་སྒྲུབ་རོགས་བགྱིས་ཏེ། རྒས་དུས་ འགྱོད་པ་སྐྱེས་མ་དགོས་པ་ཞིག་བྱེད་རྒྱུ་ནི་ངའི་མི་ཚེའི་ནང་གི་དམ་ བཅའ་གཙང་མ་དེ་ཡིན། ལྟ་བུའོ། །
གོ ང ་གསལ་གྱི ་ དུམ་མཚམས་འདི ་ རུ་རང་སེ མ ས་ཕ་མའི ་ ངོ ས ་ལ་
ཕྱོགས་ཏེ་ཕ་མའི་བཀའ་དྲིན་དང་།
ཁ་ཚུར་རང་ངོས་ལ་སློག་ནས་རང་གི་
བྱེད་སྤྱོད། དེ་གཉིས་ལ་བསམ་ནས་རང་གི་མ་འོངས་པའི་བྱེད་ཕྱོགས་སྐོར་ 27
དམ་བཅའ་བཞག་པ་བཅས་བརྗོད་གཞི་རང་ཉིད་བྱས་ཏེ། ཆགས་སུ་བཀོད་པས་འབྲེལ་ཆགས་པ་ཞིག་འདུག
ནང་དོན་སྟར་
དཔེར་བརྗོད་གསུམ་པ།
༡ ངའི་རྩ་བའི་བླ་མ་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ བཙན་བྱོལ་དུ་ཕེབས་རྗེས། དང་པོ་བོད་ཀྱི་སོན་རྩ་ཚོའི་ཆེད་དུ་སློབ་
གྲྭ་ཟུར་འཛུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ ཡི་གེ།
གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་
གནང་བར་མ་ཟད། བ་དང་།
བཙན་བྱོལ་བོད་མིའི་འཚོ་བའི་དཀའ་ངལ་སེལ་
བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསྐྲུན་གནང་ནས་བོད་མི་
བྱིངས་ཀྱི་སེམས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས།
༢ ངའི་རྩ་བའི་བླ་མ་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ བཙན་བྱོལ་དུ་ཕེབས་རྗེས། དང་པོ་བོད་ཀྱི་སོན་རྩ་ཚོའི་ཆེད་དུ་སློབ་
གྲྭ་ཟུར་འཛུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ ཡི་གེ།
གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་
གནང་བར་མ་ཟད། བ་དང་།
བཙན་བྱོལ་བོད་མིའི་འཚོ་བའི་དཀའ་ངལ་སེལ་
བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསྐྲུན་གནང་ནས་བོད་མི་
བྱིངས་ཀྱི་སེམས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས།
ལྷག་པར་དུ་བོད་དང་བོད་མི་མང་གི་ཆེད་དུ། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། ༸གོང་ས་མཆོག་གིས་བོད་མི་ཚོར་མང་གཙོ་ཡི་ལམ་ 28
སྲོལ་གསར་འཛུགས་བསྐྱངས་ཏེ།
འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་
མ་མྱོང་ཞིང་། གོ་ལ་ཧྲིལ་པོ་འགུལ་བར་གནང་བའི་རྨད་བྱུང་གི་མཛད་ རྗེས་བསྐྱངས་ཡོད།
༣ ངའི་རྩ་བའི་བླ་མ་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ བཙན་བྱོལ་དུ་ཕེབས་རྗེས། དང་པོ་བོད་ཀྱི་སོན་རྩ་ཚོའི་ཆེད་དུ་སློབ་
གྲྭ་ཟུར་འཛུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ ཡི་གེ།
གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་
གནང་བར་མ་ཟད། བ་དང་།
བཙན་བྱོལ་བོད་མིའི་འཚོ་བའི་དཀའ་ངལ་སེལ་
བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསྐྲུན་གནང་ནས་བོད་མི་
བྱིངས་ཀྱི་སེམས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས།
ལྷག་པར་དུ་བོད་དང་བོད་མི་མང་གི་ཆེད་དུ། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། ༸གོང་ས་མཆོག་གིས་བོད་མི་ཚོར་མང་གཙོ་ཡི་ལམ་ སྲོལ་གསར་འཛུགས་བསྐྱངས་ཏེ།
འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་
མ་མྱོང་ཞིང་། གོ་ལ་ཧྲིལ་པོ་འགུལ་བར་གནང་བའི་རྨད་བྱུང་གི་མཛད་
རྗེས་བསྐྱངས་ཡོད།
འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་བོད་དོན་འཐབ་རྩོད་ཀྱིས་
འཛམ་གླིང་ལ་མིག་དཔེ་བསྟན་ཅིང་། འཇིག་རྟེན་ཀུབ་ཁྱབ་ཀྱི་སེམས་ ཁུར་གྱིས་བོད་ཙམ་མ་ཟད་འགྲོ་བ་མིའི་རིགས་ལ་ཕན་པས་ན། ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་
པོའི་མཚན་གནས་བཞེས་པ་དང་། བོད་གངས་ཅན་གྱི་ལོ་རྒྱུས་རྡོ་རིང་ 29
ཞིག་འཛམ་གླིང་ལོ་རྒྱུས་ཀྱི་ཡིག་ཚགས་སུ་བཞེངས་བསྐྲུན་མཛད་དེ་ རླབས་ཆེན་གྱི་མཛད་རྗེས་བཞག
༤ ངའི་རྩ་བའི་བླ་མ་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ བཙན་བྱོལ་དུ་ཕེབས་རྗེས། དང་པོ་བོད་ཀྱི་སོན་རྩ་ཚོའི་ཆེད་དུ་སློབ་
གྲྭ་ཟུར་འཛུགས་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ ཡི་གེ
གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་
གནང་བར་མ་ཟད། བ་དང་།
བཙན་བྱོལ་བོད་མིའི་འཚོ་བའི་དཀའ་ངལ་སེལ་
བདེ་སྐྱིད་ཀྱི་འཚོ་བ་གསར་པ་བསྐྲུན་གནང་ནས་བོད་མི་
བྱིངས་ཀྱི་སེམས་སུ་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས།
ལྷག་པར་དུ་བོད་དང་བོད་མི་མང་གི་ཆེད་དུ། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། ༸གོང་ས་མཆོག་གིས་བོད་མི་ཚོར་མང་གཙོ་ཡི་ལམ་ སྲོལ་གསར་འཛུགས་བསྐྱངས་ཏེ།
འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་
མ་མྱོང་ཞིང་། གོ་ལ་ཧྲིལ་པོ་འགུལ་བར་གནང་བའི་རྨད་བྱུང་གི་མཛད་
རྗེས་བསྐྱངས་ཡོད།
འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་བོད་དོན་འཐབ་རྩོད་ཀྱིས་
འཛམ་གླིང་ལ་མིག་དཔེ་བསྟན་ཅིང་། འཇིག་རྟེན་ཀུབ་ཁྱབ་ཀྱི་སེམས་ ཁུར་གྱིས་བོད་ཙམ་མ་ཟད་འགྲོ་བ་མིའི་རིགས་ལ་ཕན་པས་ན། ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་
པོའི་མཚན་གནས་བཞེས་པ་དང་། བོད་གངས་ཅན་གྱི་ལོ་རྒྱུས་རྡོ་རིང་
ཞིག་འཛམ་གླིང་ལོ་རྒྱུས་ཀྱི་ཡིག་ཚགས་སུ་བཞེངས་བསྐྲུན་མཛད་དེ་ 30
རླབས་ཆེན་གྱི་མཛད་རྗེས་བཞག
༸གོ ང ་ས་མཆོ ག ་གི ་ སྐུ་དྲིན་ལས་བོ ད ་ཀྱི ་ ནང་པའི ་ ཆོ ས ་དང་ཚན་ རིག་དབར་ལ་བགྲོ་གླེང་གི་ཟམ་ཆེན་བཙུགས་གནང་སྟེ།
བོད་ཀྱི་
ནང་ཆོས་འདི་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱིས་ཤར་སྐྱོད་ ཐུབ་པའི་རྨད་བྱུང་གི་མཛད་རྗེས་འདི་དང་། འགྲོ་བ་མིའི་དཀའ་ངལ་ ལ་གདོང་ལེན་གནང་སྟེ།
འཛམ་གླིང་གི་ཆོས་ལུགས་ཕན་ཚུན་གྱི་
དམིགས་ཡུལ་གཅིག་མཚུངས་ཀྱི་གཞུང་ལམ་གསར་གཏོད་གནང་ མཁན་གྱི་སེམས་དཔའ་ཆེན་མོ་གང་ལ།
ལག་ཟུང་ཐལ་མོ་སྦྱར་ཏེ་
སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ལགས། ང་ཡི་རྩ་བའི་བླ་མ། རྒྱལ་བ་ རིན་པོ་ཆེ་ལགས། ལྟ་བུའོ། །
གོང་གསལ་གྱི་དུམ་མཚམས་འདི་རུ། བརྗོད་གཞི་སྤྱི་ནོར་༸གོང་ས་
༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་སྤྱི་དང་། བྱེ་བྲག་གི་མཛད་
རྗེས་བཙན་བྱོལ་བོད་མི་ལ་མང་གཙོའི་ལམ་སྲོལ་བཏོད་པ་དང་། འཚེ་མེད་
ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་འཐབ་རྩོད་གནང་བས་ཞི་བདེའི་ གཟེངས་རྟགས་བཞེས་པ།
ནང་ཆོས་དང་དེང་རབས་ཚན་རིག་མཉམ་དུ་
བགྲོ་གླེང་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱིས་མཛད་པ་བསྐྱངས་ པ་བཅས་ནང་དོན་རྣམས་བརྗོད་གཞི་གཅིག་གི་སྟེང་དུ་གནས་ཡོད།
31
ལེའུ་གསུམ་པ། རྩོམ་ཡིག་གི་ཚིག་རྒྱན་སྤྲས་སྟངས།
༡ རྩོམ་ཡིག་གི་ཚིག་རྒྱན་ནི།
བརྗོད་བྱའི་ཡུལ་གང་དང་གང་ལ་རྗོད་
བྱེད་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་སྙན་ཞིང་ མཛེས་པར་བྱས་པ་ཞིག་ལ་རྩོམ་ཡིག་གི་ཚིག་རྒྱན་ཟེར་ཞིང་། དེ་ལ་ ཡང་སྙན་གཞུང་དག་ཏུ་ཐུན་མོང་མ་ཡིན་པའི་རྒྱན་དང་།
ཐུན་མོང་
བའི་རྒྱན་ཟེར་ནས་རིགས་གཉིས་ཡོད་པ་ལས་ཐུན་མོང་བའི་རྒྱན་གྱི་
དབང་དུ་བཏང་ན་རྒྱན་གསུམ་ཟེར་ནས་གསུངས་ཀྱི་ཡོད་མོད། སློབ་ གྲྭའི་སློབ་ཕྲུག་ཚོར་མཚོན་ན་རྗོད་བྱེད་ཀྱི་ཚིག་སྙན་ཞིང་མཛེས་པའི་
སྒོ་ནས་བརྗོད་བྱ་དོན་གྱི་ངོ་བོ་གསལ་བར་སྟོན་པའི་རྩོམ་ཡིག་ཅིག་ འབྲི་ཐུབ་ན་ཆོག་གོ །
༢ རྩོམ་ཡིག་གི་ཚིག་རྒྱན་ནི་བརྡ་སྤྲོད་སྐབས་ཀྱི་ཀྱང་འང་ཡང་གསུམ་ གྱི་དཔེར་བརྗོད་ལྟར།
མཛེས་ཀྱང་མཛེས་དང་།
གསལ་ཡང་
གསལ་ལྟ་བུའི་ཚིག་རྒྱན་བེད་སྤྱོད་བྱ་སྟངས་ཤིག་གིས་ཡོང་གི་མེད་ ལ༑
གཙོ་བོ་མིང་ཚིག་དང་བྱ་ཚིག་གི་འགྲེལ་བརྗོད་བྱེད་པའི་ཁྱད་
ཚིག་སྡེབ་སྟངས་ནི་རྩོམ་ཡིག་གི་ཚིག་རྒྱན་སྟོན་ཐབས་ཀྱི་སྲོག་ཤིང་ ལྟ་བུ་ཡིན་པས།
རྩོམ་ཡིག་གི་ཚིག་རྒྱན་ཟེར་ནའང་འདི་ག་རང་
ལས་མེད་དོ། །རྒྱུ་མཚན་དེ་བས། 32
སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་
སྐབས་ཁྱད་ཚིག་སྐོར་ལ་བསམ་བློ་བཏང་ནས་འབྲི་ཐུབ་ན་ཚིག་རྒྱན་ གྱིས་ཕྱུག་པའི་རྩོམ་ཡིག་ཡག་པོ་ཡོང་བར་ཐེ་ཚོམ་མེད།
༣ བྱ་ཚིག་དང་མིང་ཚིག་གི་ཁྱད་ཚིག་ནི་ཅི་ལྟ་བུ་ཞིག་ཡིན་ཞེ་ན། མིག་ ཟུང་གཡོ། ལྟ་བུ་ལ་མཚོན་ན། མིག་ཟུང་གཡོ་བའམ་འགུལ་བའི་རྣམ་ པ་སྤྱིར་བཏང་བ་ཞིག་མ་གཏོགས་སྟོན་གྱི་མེད་པས།
རྩོམ་ཡིག་གི་
ཚིག་རྒྱན་དུ་འགྲོ་མི་སྲིད་མོད། འོན་ཏེ་རྗོད་པ་འདི་ལ་ཁྱད་ཚིག་སྦྱར་
ཚེ་རྩོམ་ཡིག་གི་ཚིག་རྒྱན་དུ་འགྲོ་བར་གདོན་མི་ཟ། དཔེར་ན། མིག་
ཟུང་ཀེམ་ཀེམ་དུ་གཡོ། ཞེས་ཁྱད་ཚིག་སྦྱར་ཏེ་བྲིས་ཚེ། མིག་ཟུང་ གི་གཡོ་འགུལ་གྱི་རྣམ་འགྱུར་གསོན་པོ་ཞིག་སེམས་ལ་ཤར་རྒྱུ་ཡོད་ པ་འདི་འདྲའོ། །ཁག་ཅིག་གིས་འདི་ལ་ཞིབ་འབྲིའང་ཟེར།
དང་པོ། ཚིག་རྒྱན་སྤྲས་སྟངས།
གཤམ་གྱི་དཔེར་བརྗོད་ཁག་ལས་ཡི་གེ་སྔོན་པོ་རྣམས་རྩོམ་ཡིག་གི་
ཚིག་རྒྱན་འབྲི་སྟངས་ཀྱི་ཐབས་ལམ་ཡིན་པས། དགེ་རྒན་ཚོས་ཞིབ་ཚགས་ དང་གཟབ་ནན་གྱིས་བཀླགས་ཏེ། གནང་ཐུབ་པ་དགོས། དཔེར་བརྗོད་དང་པོ། ཀ
སྤྱིར་བཏང་གི་ཚིག་སྦྱོར།
ཁ་གསལ་སྒོས་སློབ་ཕྲུག་ལ་ལམ་སྟོན་
བདག་གི་ཨ་མའི་བཞིན་རས་ནི་ཧ་ཅང་
མཛེས་ཤིང་། ངོ་གདོང་གི་མིག་ཟུང་སྙིང་རྗེ་མོ་ཡོད་ལ། ཁ་ཡི་དུང་ སོ་སུམ་ཅུ་གྲལ་འགྲིག་པ་ཡོད་པས། མི་ཚང་མས་ངའི་ཨ་མ་སྙིང་རྗེ་ 33
ཁ།
མོ་འདུག་ཟེར།
རྩོམ་ཡིག་གི་ཚིག་རྒྱན།
བདག་གི་ཨ་མའི་འཛུམ་ཤིག་ཤིག་གི་
བཞིན་རས་ནི་དཀར་གསལ་ཟླ་བ་ལྟར་ཧ་ཅང་མཛེས་ཤིང་།
འོད་
ཀྲིག་ཀྲིག་ཏུ་འཚེ ར ་བའི ་ ངོ ་ གདོ ང ་གི ་ མི ག ་ཟུང་སྙིང་རྗེ ་ མོ ་ ཡོ ད ་ལ། མུ་ཏིག་དོ་ཤལ་སྟར་ལ་བརྒྱུས་པ་ལྟར་དཀར་སངས་སངས་ཀྱི་ཁ་ཡི་
དུང་སོ་སུམ་ཅུ་གྲལ་འགྲིག་པ་དང་། མཐོང་བ་ཙམ་གྱིས་ཡི་གར་འོང་ བ་ཞིག་ཡོད་པས། མི་ཚང་མས་ངའི་ཨ་མ་ནི་སྙིང་རྗེ་མོ་འདུག་ཟེར། ལྟ་བུའོ། །
གོང་གི་དུམ་མཚམས་འདི་གཉིས་ཀྱི་བརྗོད་བྱ་གཅིག་པ་དང་རྗོད་བྱེད་
ཀྱི་ཚིག་ཀྱང་ཧ་ལམ་གཅིག་པ་ཡིན་མོད།
ཁྱད་ཚིག་གིས་བརྒྱན་པ་དང་
མ་བརྒྱན་པའི་ཁྱད་པར་གྱིས་ཚིག་གི་སྙན་ཆ་ལ་མི་འདྲ་བ་ཡོད། གཤམ་གྱི་ དཔེར་བརྗོད་ཀྱང་དེ་བཞིན་ནོ། ། དཔེར་བརྗོད་གཉིས་པ།
ཀ༽ སྤྱིར་བཏང་གི་ཚིག་སྦྱོར། དེ་རིང་གི་གནམ་གཤིས་བཟང་ལ། ཉི་མའི་ འོད་ཟེར་ས་གཞིའི་ངོས་སུ་འཕྲོས།
རྩྭ་རྩི་ཤིང་དང་མེ་ཏོག་རྣམ་པར་
བཞད་ཡོད་པས། སྲང་ལམ་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་
ཚོགས་ཀྱི་ངོ་གདོང་དུའང་འཛུམ་མདངས་རྒྱས་ཡོད་ཚུལ་ལ་བསམ་ན་ དཔྱིད་ཀྱི་དཔལ་མོ་སླེབས་པར་དགའ་བསུ་བྱེད་པ་དང་མཚུངས། 34
ཁ༽ རྩོམ་ཡིག་གི་ཚིག་རྒྱན། དེ་རིང་གི་གནམ་གཤིས་དྭངས་ཤིང་བཟང་ ལ༑
དྲོད་འཇམ་ལྡན་པའི་ཉི་མའི་འོད་ཟེར་དེ་སེར་ལམ་མེར་ཡངས་
ཤིང་རྒྱ་ཆེ་བའི་ས་གཞིའི་ངོས་སུ་འཕྲོས། སྔོ་ལྗང་ལྗང་གི་རྩྭ་རྩི་ཤིང་ དང་དཀར་དམར་ཁྲ་གསུམ་གྱི ་ མེ ་ ཏོ ག ་རྣམ་པར་བཞད་ཡོ ད ་པས།
ཀྱག་ཀྱོ ག་ཆེ་བའི་ སྲང་ལམ་ན་ཡར་འགྲོ་མར་འགྲོ་བྱེ ད་བཞིན་པའི་
མི་ཚོགས་ཀྱི་ངོ་གདོང་དུའང་དགའ་བས་འཛུམ་ཤིག་ཤིག་བྱེད་ཚུལ་ ལ་བསམ་ན་དཔྱིད་ཀྱི་དཔལ་མོ་སླེབས་པར་དགའ་བསུ་བྱེད་པ་དང་ མཚུངས། ལྟ་བུའོོ། །
35
ལེའུ་བཞི་པ། རྩོམ་ཡིག་འབྲི་སྟངས།
༡ རྩོམ་ཡིག་འབྲི་མཁན་ལས་དང་པོ་བའི་སློབ་ཕྲུག་ཅིག་གིས་རྩོམ་ཡིག་ འབྲི་སྐབས། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། གསལ་བཤད་
རྩོ མ ་ཡི ག ་སོ ག ས་ཀྱི ་ སྒྲི ག ་གཞི ་ ལ་བསམ་བློ ་ མ་བཏང་བར་རང་གི ་
སེམས་ལ་གང་ཤར་བ་ཡིག་ཐོག་ཏུ་ཕབ་ཐུབ་པར་འབད་བརྩོན་བྱས་ ན་བཟང་། ཅིའི་ཕྱིར་ཞེ་ན། དེ་དག་ལ་ཚང་དགོས་པའི་ཆ་རྐྱེན་དང་ སྒྲིག་གཞི་ཞིག་ཡོད་པས། མི་འགྲིག་པ་དང་མ་ཚང་བའི་སེམས་ཚོར་ ཞིག་གིས་བཅུན་ཏེ། ཁྱེད་ཀྱི་བསམ་བློའི་སྒོ་མོ་འབྱེད་མི་ཐུབ་པའི་སྒོ་ ལྕགས་རྒྱག་སྲིད།
དེ་བས་སོ་སོའི་བསམ་བློར་ཅི་ཞིག་འཁོར་ན་དེ་
ཉིད་རྩལ་དུ་བཏོན་ཏེ་ཚིག་སྦྱོར་སྙན་པོ་སྒོ་ནས་ཡིག་ཐོག་ཏུ་ཕབ་ཐུབ་ ན་ཆོག་གོ །
༢ འོན་ཏེ། སློབ་ཕྲུག་ཚོའི་བསམ་བློའི་ནང་དུ་རྩོམ་ཡིག་གི་སྐྱ་ཐིག་ཅིག་ གམ་སྒྲོམ་གཞི་ཞིག་ངེས་པར་དུ་བསྒྲིགས་དགོས་ཏེ། རྩོམ་འགོ་ཇི་ལྟར་འཛུགས་རྒྱུ་དང་གཅིག
དཔེར་ན།
ནང་དོན་ཇི་ལྟར་སྟོན་རྒྱུ་
དང་གཉིས། རྩོམ་མཇུག་ཇི་ལྟར་སྡུང་རྒྱུ་གསུམ་ནི་ཁྱེད་ཀྱི་རྩོམ་ཡིག་ ཡག་པོ་ཡོང་བའི་ཐེམ་སྐས་དང་པོ་དེ་ཡིན་པས།
སློབ་ཕྲུག་ཚོས་
སྒྲོམ་གཞི་ཇི་ལྟར་ཡག་པོ་བསྒྲིགས་ཡོད་ན་དེ་ལྟར་དུ་རྩོམ་ཡིག་ལས་ 36
སླ་པོ་སྒོ་ནས་འབྲི་ཐུབ། གཞན་ད་དུང་ཡང་སློབ་ཕྲུག་ཚོས་དོ་སྣང་བྱ་
དགོས་པ་ཞིག་ལ། རྩོམ་འགོ་ཇི་ལྟར་གསོན་ཉམས་ལྡན་པ་ཞིག་དང་ ཉམས་འགྱུར་ལྡན་པ་ཞིག་འབྲི་ཐུབ་ཚེ།
ཁྱེད་ཀྱི་བརྗོད་བྱ་དངོས་དེ་
རང་ཤུགས་ཀྱིས་སྒྱུ་རྩལ་ཕྱུག་ཅིང་གསོན་ཉམས་ལྡན་པ་ཞིག་ཡོང་
ངེས་ཡིན། འོ་ན། རྩོམ་འགོ་ཇི་ལྟར་འཛུགས་དགོས་ཤེ་ན། ཁྱེད་ ཀྱི་སེམས་ཚོར་གྱི་དགའ་སྡུག་གང་རུང་ཇི་བཞིན་བྲིས་ཏེ་རྩོམ་འགོ་
བཙུགས་ཀྱང་ཆོག་ལ། ཡང་། རང་བྱུང་ཁོར་ཡུག་གི་གནས་སྟངས་ སམ་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཉི་མའི་དྲོ་གྲང་སོགས་གང་ མཐོང་བ་དེ་གཞིར་བཞག་གིས་བྲིས་ཀྱང་ཆོག་གོ །
རྩོམ་དཔེ་དང་པོ།
<<བདག་གི་ཨ་མ>>
གུས་པའི་ཨ་མའི་མཚན་ལ་བསྟན་འཛིན་ལྷ་མོ་ཟེར་ཞིང་།
དགུང་ལོ་སོ་ལྔ་དང་ལོ་རྟགས་ལུག་ཡིན། ཤོས་ནི་མོག་མོག་དང་ཐུག་པ་ཡིན་ལ།
མོ་ད་ལོ་
ངའི་ཨ་མའི་ཞལ་ལག་དགའ་
ཚོན་མདོག་དགའ་ཤོས་ནི་ལྗང་
ཁུ་དང་། སྔོན་པོ་ལའང་ཅུང་ཙམ་དགའ་བོ་ཡོད། ངའི་ཨ་མ་ལ་ཁྱད་ཆོས་
དམིགས་བསལ་ཞིག་ཡོད་པ་དེ་ནི་ཞལ་ལག་ཞིམ་པོ་བཟོ་པ་དང་ཞབས་བྲོ་ འཁྲབ་མཁས་པོ་ཡོད་པ་དེ་ཡིན།
ཁོ ་ མོ ས ་ངའི་ ཆེ ད ་དུ་ཞོགས་སྔ་ལངས་དང་དགོང་འཕྱི་ ཉལ་གྱིས་སྐུ་
ལས་བསྐྱོན་མཁན་ཞིག་དང་།
དཀའ་ལས་ཅི་ཙམ་ཁག་རུང་ཞལ་རས་ཀྱི་ 37
འཛུམ་མདངས་དེ་ཉིན་མཚན་མེད་པར་ང་དང་ངའི་ནང་མི་ཚོའི་ཆེད་དུ་མེ་
ཏོག་ལྟར་གྲོལ་མཁན་གྱི་བརྩེ་བའི་ཨ་མ་ཞིག་ཡིན་པས། ང་ཆེན་པོ་ཆགས་ རྗེས་ཨ་མ་ལགས་ལ་དྲིན་ལན་འཇལ་རྒྱུ་ནི་ངའི་མི་ཚེ་འདིའི་དམིགས་ཡུལ་ དང་པོ་དེ་ཡིན་ནོ། །
གོང་གསལ་རྩོམ་ཡིག་འདི་རུ།
རང་གི་ཨ་མའི་དགའ་ཕྱོགས་དང་།
ལས་ཀ་བྱེད་སྟངས་ཞིབ་འབྲི་བྱས་ཡོད་པས། སློབ་ཕྲུག་ཚོར་ཉིན་རེའི་འཚོ་
བའི་ནང་གི་བག་ཆགས་ཟབ་ཤོས་ཀྱི་གནས་ཚུལ་ཡིག་ཐོག་ཏུ་འགོད་ཐབས་ གནང་དུ་འཇུག་རྒྱུ་གལ་ཆེ། རྩོམ་དཔེ་གཉིས་པ།
དགེ་རྒན་རྣམ་པས་སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྐབས་མིང་ཚིག་རེ་
ཟུང་སྤྲད་དེ་ཚིག་སྒྲུབ་བཟོས་ཟེར་བ་ལྟ་བུ་མ་ཡིན་པར།
སྐབས་རེར་ནང་
སྦྱོང་ལ་རྩོམ་ཡིག་གི་ཁ་བྱང་དང་མཐུན་པའི་མིང་ཚིག་ཁ་ཤས་སྤྲད་དེ། དེ་ རྩོམ་ཡིག་ནང་ཡོང་དུ་འཇུག་པར་སྐུལ་རྒྱུ་གལ་ཆེ། དཔེར་ན།
བོད་སྐད་ཡིག ལ་རྒྱ། སེམས་ཤུགས། བརྩོན་འགྲུས། ལྷག་བསམ།
<<ངའི་བརྩེ་བའི་སློབ་གྲྭ>>
ང་རང་འཛིན་གྲྭ་དང་པོ་ནས་བཟུང་སྟེ་སློབ་གྲྭ་འདིར་ཞུགས་པའི་སློབ་
མ་ཆུང་ཆུང་ཞིག་ཡིན་ལ། དུས་ད་ལྟ་ང་རང་འཛིན་རིམ་ལྔ་པའི་ནང་གི་སློབ་ མ་བསམ་ཤེས་ཅན་ཞིག་ཏུ་གྱུར་ཡོད། སློབ་གྲྭ་འདིའི་ཁོར་ཡུག་ནི་ཆེན་པོ་ 38
ཞིག་མེད་ནའང་།
ཕྱི་རོལ་ནས་བལྟས་ཚེ་ཐོག་བརྩེགས་ཅན་གྱི་ཁང་པ་ཁ་
ཤས་ཀྱིས་བསྐོར་ཡོད་པས་བརྗིད་ཉམས་ཀྱི་རྣམ་པ་ཅུང་ཙམ་ཡོད་པ་མ་ཟད། དགེ་རྒན་ཚོས་ཕྱག་ལས་གནང་སྟངས་ཀྱི་སེམས་ཤུགས་དང་། མི་རིགས་
ཀྱི་ལ་རྒྱ། བོད་སྐད་ཡིག་ལ་བཅངས་པའི་དུང་ཞེན་ནི། སློབ་གྲྭ་གཞན་གྱི་ སློབ་དགེ་ཚོར་ཡོང་དཀའ་བའི་ལྷག་བསམ་རྣམ་དག་ཅིག་ཡོད་པའི་རྐྱེན་ གྱིས་ངའི་སློབ་གྲོགས་ཚོར་རང་ཤུགས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ལ་ཞེན་
ཁོག་ཆེ་ཞིང་། དུང་པ་ཟབ་པའི་ཁར་བརྩོན་འགྲུས་ཆེ་བའི་སློབ་མ་ཡ་རབས་ རྐྱང་ཡིན་པས། ངའི་བརྩེ་བའི་སློབ་གྲྭ་དང་བཀའ་དྲིན་ཅན་གྱི་དགེ་སློབ་ཚོར་ ང་ཧ་ཅང་དགའ།
རྩོམ་དཔེ་གསུམ་པ།
<<བོད་པ་ཡིན་ན་བོད་སྐད་གཙང་མ་ཤོད།>>
རྒན་ལགས་རྣམ་པས་སྐབས་རེ ར ་རྩོ མ ་ཡི ག ་ནང་ཡོ ང ་དགོ ས ་པའི ་
བརྗོ ད ་བྱའི ་ ནང་དོ ན ་བང་རི མ ་ལྟར་བཀོ ད ་དེ ་ འབྲི ་ རུ་འཇུག་དགོ ས ་ཏེ ། དཔེར་ན།
ØØ དུམ་མཚམས་དང་པོའི་ནང་དུ་སྤྱིར་སྐད་ཡིག་ཟེར་བ་དེ་ཅི་འདྲ་ཞིག་ ཡིན་པ་ངོས་འཛིན་བྱ་དགོས།
ØØ དུམ་མཚམས་གཉིས་པའི་ནང་དུ་སོ་སོའི་སྐད་ཡིག་འདི་མི་རིགས་དང་ རྒྱལ་ཁབ་ལ་གལ་ཆེ་ཚུལ་འབྲི་དགོས། 39
ØØ དུམ་མཚམས་གསུམ་པའི་ནང་དུ་སྐད་ཡིག་དེ་ཇི་ལྟར་བེད་སྤྱོད་དམ་ སྲུང་སྐྱོབ་བྱེད་པའི་ཐབས་ལམ་འབྲི་དགོས།
ØØ དུམ་མཚམས་བཞི་པའི་ནང་དུ་སོ་སོའི་རེ་སྨོན་དང་འབྲེལ་ནས་རྩོམ་ མཇུག་སྡུད་དགོས།
སྤྱི ར ་རྒྱལ་ཁབ་བམ་མི ་ རི ག ས་གང་འདྲ་ཞི ག ་ཡི ན ་རུང་དེ འི ་ ངོ ་ བོ ་
འཛི ན ་བྱེ ད ་ཀྱི ་ སྐད་དང་ཡི ་ གེ ་ ལ་བརྟེ ན ་ནས་རྒྱལ་ཁབ་དེ འི ་ ཆབ་དཔལ་ རིག་གསུམ་དང་།
ཚན་རྩིས་རྫས་གསུམ་གྱི་མངའ་ཐང་རྒྱ་སྐྱེད་གཏོང་
རྒྱུ་ནི་འཇིག་རྟེན་སྤྱིའི་ཆོས་ཉིད་ཡིན་ལ། སོའི་ཚེ་སྲོག་ངོ་མ་དེ་ཡིན་པས་ན། ལུགས་དེ་ལས་མ་འདས་སོ། །
སྐད་དང་ཡི་གེ་ནི་རྒྱལ་ཁབ་སོ་
ང་ཚོ་བོད་ལ་མཚོན་ནའང་གནས་
ལྷག་པར་དུ་བོ ད ་ཀྱི ་ སྐད་ཡི ག ་འདི ་ མི ་ རི ག ས་འདི འི ་ ཤ་ཁྲག་རུས་
གསུམ་དང་གློ་སྙིང་མཆིན་གསུམ་གྱི་ཚེ་སྲོག་རྒྱས་ས་དེ་ཡིན་པས།
སྐད་
དང་ཡི ་ གེ ་ ལ་བརྟེ ན ་ནས་བོ ད ་ཀྱི ་ ཐུན་མོ ང ་མ་ཡི ན ་པའི ་ ཆོ ས ་དང་རི ག ་ གཞུང་།
གོམས་གཤིས་དང་ལུགས་སྲོལ་ཡོད་པའི་རྒྱལ་ཁབ་ཅིག་གི་
བདག་ཉིད་དུ་གྲུབ་ཅིང་།
ཤར་ནུབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ངོ་
གནོངས་མི་དགོས་པའི་མངའ་ཐང་དང་། ཆབ་སྲིད་ཀྱི་དབུ་འཕང་མཐོ་བའི་ བཙན་པོའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་ཡོད་པ་མ་ཟད།
འཛམ་གླིང་སུམ་
གཉིས་ས་ལ་དབང་བསྒྱུར་ཏེ་བོད་ཅེས་པའི་མིང་གི་སྒྲ་དབྱངས་འདིས་ས་ ཆེན་པོ་འདི་འདར་བར་བྱས་པའི་ལོ་རྒྱུས་ཀྱི་རྩ་བ་འདི། ཁ་སང་དེ་རིང་བོད་
མི་རིགས་ཀྱི་ལུས་སེམས་ལ་དམ་པོ་འབྱར་བའི་སྐད་དང་ཡི་གེས་སྩལ་བའི་ 40
སྙིང་སྟོབས་ཡིན་པས། སྙིང་སྟོབས་འདི་ལྟ་བུ་མི་ཉམས་གོང་འཕེལ་གནང་ རྒྱུ་ནི་གཞོན་རབས་ཚོའི་འོས་འགན་གལ་ཆེ་ཞིག་ཡིན། འོ་ན།
སྒྲུབ་བམ་ཞེ་ན།
ང་ཚོ་གཞོན་རབས་ཚོས་གལ་ཆེ་ཡི་འོས་འགན་འདི་ཇི་ལྟར་ བོད་ཀྱི་ཁ་དཔེ་ལ། སྒྲིག་རང་ཁུར་དང་།
སེམས་རང་
གཅུན། ཟེར་བ་ལྟར། དང་པོ་སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་བོད་སྐད་
གཙང་མ་བསྐྱོན་པར་འབད་བརྩོན་དང་སྒྲིག་ཁྲིམས་བཟོ་དགོས་ལ། དེ་ནས་
ནང་མི་དང་ཚོགས་སྡེ་ལ་བོད་སྐད་བསྐྱོན་པར་སྐུལ་མ་གཏོང་བའམ་ཁོར་ ཡུག་བསྐྲུན་ཏེ།
ཁོང་ཚོར་སེམས་འགུལ་ཐེབས་པའི་བྱ་བཞག་བསྒྲུབས་
དགོས་པ་དང་། རིམ་གྱིས་སྤྱི་ཚོགས་བྱིངས་ཀྱི་མི་མང་ལ་བོད་སྐད་བསྐྱོན་ དགོས་པའི་གཏམ་བཤད་སྤེལ་བའམ།
རྩོམ་ཡིག་འབྲི་བ་སོགས་ཀྱི་ཕྱག་
ལས་འདྲ་མིན་སྣ་ཚོགས་གནང་སྟེ། བོད་ཀྱི་སྐད་དང་ཡི་གེ་འདི་དར་རྒྱས་སུ་ གཏོང་རྒྱུ་ནི། བོད་མི་ཞིག་ཡིན་པའི་ཆ་ནས་བཟློག་ཏུ་མེད་པའི་འོས་འགན་ ཡིན་པས་སོ། །
ངས་འདི་ནས་ང་དང་ན་ཚོད་མཉམ་པའི་སློབ་ཕྲུག་ཚོར་སེམས་ཀྱི་རེ་
སྨོན་ཞིག་ཞུ་འདོད་པ་དེ་ནི།
འུ་ཅག་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་
སྐད་གཙང་མ་བསྐྱོན་རོགས་གནང་ཟེར་བ་དེ་ཡིན་ནོ། །
41
རྩོམ་དཔེ་བཞི་པ།
རྩོམ་ཡིག་གི་འགོ་འཛུགས་སྟངས་དང་། གཞུང་སྲིང་སྟངས། མཇུག་
སྡུད་སྟངས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་ན།
<<བརྗེད་དཀའ་བའི་འདས་དོན་ཞིག>>
༡ རྩོམ་འགོ་འཛུགས་སྟངས།
ངས་ནམ་རྒྱུན་གཅེས་སུ་འོས་པའི་བྱིས་པ་དག་གནམ་ལྡིང་ས་ལྡིང་
གིས་དཔེ་ཁུག་ཆུང་ཆུང་རྒྱབ་ལ་ཁུར་ཏེ། སྐབས།
སློབ་གྲྭར་འགྲོ་བཞིན་པ་མཐོང་
ངའི་ཡིད་ཀྱི་རས་ཡོལ་ངོས་སུ་གཞོན་དུས་ཀྱི་བརྗེད་དཀའ་བའི་
འདས་དོན་ཞིག་ངང་གིས་ཤར་འོ ང་། ༢ བརྗོད་བྱ་དངོས།
ཉིན་ཞིག་གི་བོད་ཡིག་ཚོགས་ཐུན་སྐབས་བོད་དགེ་མཆོག་གིས་ནག་
པང་དུ།
“བོད་པ་ཡིན་ན་བོད་སྐབས་གཙང་མ་བསྐྱོན་རོགས།” ཟེར་བའི་
རྩོམ་བྱང་ཞིག་བྲིས་པ་དང་མཉམ་དུ། དཔེ་མཛོད་དུ་སོང་ནས་འདིའི་ཐོག་ལ་
རྩོམ་ཡིག་ཅིག་འབྲི་དགོས་པའི་བཀའ་གསུང་ཐོས་མ་ཐག ང་ཚོ་ལམ་སང་ དཔེ་མཛོད་ཁང་དུ་ཕྱིན་ཏེ་འབྲི་འགོ་བརྩམས་པ་ཡིན་མོད། འོན་ཀྱང་བསམ་
བློ་ཅི་ལྟར་བཏང་ཡང་། གནད་ལ་འཁེལ་བའི་འོས་འཚམ་གྱི་ཚིག་སྦྱོར་སྙན་ མོ་ཞིག་དང་གནས་ལུགས་རྒྱུ་མཚན་གྱིས་ཕྱུག་པའི་སྐད་ཆ་ཞིག་རྙེད་མ་
སོང་བས། ངས་དཔེ་སྒྲོམ་ནས་དཔེ་དེབ་འགའ་བཏོན་ཏེ། དེ་དག་གི་དཀར་ 42
ཆག་རེ་རེ་བཞིན་སྔོག་བཤེར་བྱེད་སྐབས། དགེ་རྒན་གྱིས་གནང་བའི་རྩོམ་ བྱང་དེ་དང་གཅིག་མཚུངས་ཤིག་མཐོང་སོང་ལ།
མགྱོགས་མྱུར་ངང་རྩོམ་
ཡིག་དེ་འགོ་ནས་མཇུག་བར་དུ་དབུགས་ཐེངས་གཅིག་གིས་བཀླགས་པ་ ཡིན།
རྩོམ་ཡིག་དེའི་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ངའི་ཡིད་སེམས་
དྲངས་སོང་བས།
ངས་རྩོམ་ཡིག་དེ་ཡི་ཚིག་སྦྱོར་ཁ་ཤས་ལ་འགྱུར་བ་
བཏང་སྟེ་རྩོམ་དེབ་ཏུ་བཤུས་རྗེས་རྒན་ལགས་ཀྱི་ཕྱག་ཏུ་ཕུལ་བ་ཡིན།
ཕྱི ་ ཉི ན ་གྱི ་ ཚོ ག ས་ཐུན་སྐབས་རྒན་ལགས་ཀྱི ས ་སློ བ ་ཕྲུག་ཚང་མ་
འཛོམས་པའི་མདུན་དུ། ངའི་རྩོམ་ཡིག་དེ་ཕྱག་ཏུ་བཟུང་ནས། སློབ་ཕྲུག་ ཚོར།
སློབ་གྲོགས་བཀྲ་ཤིས་ཀྱི་རྩོམ་ཡིག་འདི་དགེ་རྒན་ངས་བསམ་
པ་ལས་ལྷག་ཅིག་བྲིས་འདུག་པས།
ང་ཚོས་སློབ་གྲོགས་བཀྲ་ཤིས་ལ་
བསྔགས་བརྗོད་ཀྱི་ཕྱག་ཟུང་རྡེབ་རོགས་གནང་།
ཞེས་གསུངས་བྱུང་བར།
འཛིན་ཁང་ཧྲིལ་པོར་ཐལ་མོ་རྡེབ་སྒྲ་ཡིས་ཁེངས་སོང་ལ།
དེ་དང་བསྟུན་
ནས་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་དང་ངོ་གདོང་ཇེ་དམར་དུ་གྱུར་ཚུལ་
ལ་བསམ་ན། རྩོམ་ཡིག་འདི་ངས་བྲིས་པ་མིན་ཞེས་ངོས་ལེན་བྱེད་ཀྱི་ཡོད་
པ་དང་འདྲ་མོད། འོན་ཀྱང་། ངའི་ཁ་ཡི་སྒོ་མོ་ལས་ཚིག་འབྲུ་གཅིག་ཀྱང་ཕྱི་ ལོགས་སུ་ཐོན་མ་ཐུབ། དེའི་རྗེས་རྒན་ལགས་ཀྱིས་ངའི་རྩོམ་ཡིག་དེ་འཛིན་ ཁང་གི་གྱང་སྦྱར་རྩོམ་སྟེགས་སུ་སྦྱར་ཏེ། སློབ་གྲོགས་ཚོར། འདི་ཀློགས་ ཤིག ཅེས་གསུངས་ནས་འཛིན་ཁང་གི་ཕྱི་ལོགས་སུ་ཕེབས་སོང་།
སློབ་
གྲོགས་ཁ་ཤས་ཀྱིས་རྩོམ་ཡིག་དེ་སྐད་གསང་མཐོན་པོས་ཀློག་བཞིན་འདུག་
ལ༑ འགའ་ཤས་ངའི་འཁྲིས་སུ་ཡོང་སྟེ། མཐེ་བོང་སྒྲེང་ཞོར། ཡག་པོ་བྲིས་ 43
འདུག་ཟེར་བའི་ངོ་བསྟོད་འདྲ་མིན་སྣ་ཚོགས་ཤོད་བཞིན་ཡོད་ནའང་། ངའི་ སེམས་པ་འདིས་བདེ་བོ་ཞིག་དང་སྐྱིད་པོ་ཞིག་ཚོར་བ་ཕར་ཞོག
དེ་ལས་
སེམས་ཁྲལ་ཞིག་དང་ངོ་ཚ་ཞིག་གིས་ཁེངས་ཏེ་སླེབས་སོང་བས། ཉི་མ་དེ་ ཇི་ལྟར་སོང་བའང་མ་ཚོར།
དགོང་དྲོ་ཁྱིམ་དུ་ལོག་རྗེས་ངས་ཨ་ཕ་ལ་དེ་རིང་སློབ་གྲྭ་རུ་བྱུང་བའི་
གནས་ཚུལ་དག་གཅིག་ཀྱང་མ་ལུས་པར་བཤད་དུས། ཨ་ཕས་ང་ལ་མཛུབ་ མོ་ཀེར་ཏེ། “བཀའ་དྲིན་ཆེ་བའི་རང་གི་དགེ་རྒན་དང་སློབ་གྲོགས་ཚོར་མགོ་ སྐོར་བསླུ་བྲིད་བྱས་པ་དེ་སྡིག་པ་ཚབས་ཆེན་རེད།” ཟེར་ནས་གཤེ་གཤེ་རོ་
འདྲ་ཞིག་བཏང་སོང་བས། ངའི་སེམས་ལ་གྲི་བཙུགས་པ་ལྟར་ན་ཟུག་གཏིང་ ནས་ལངས་ཤིང་། དགོང་ཟས་ཀྱང་མ་ཟོས་པར་ཉལ་བ་ཡིན་མོད།
འོན་
ཀྱང་། གཉིད་གང་ནས་ཁུག སེམས་ཀྱི་དྲན་པའི་ངོས་སུ་ཨ་ཕས་བཏང་བའི་ གཤེ་གཤེ་དང་།
དགེ་སློབ་རྣམས་ཀྱིས་ངོ་བསྟོད་དག་གཅིག་རྗེས་གཉིས་
མཐུད་དུ་ཚེར་མ་བཞིན་ཟུག་སྟེ་སླེབས་སོང་བས། གདུང་དང་བློ་འགྱོད་ཀྱིས་མཚན་བསྐྱལ་བ་ཡིན།
མཚན་གང་བོར་འགྱོད་
ཕྱི་ཉིན་སྔ་མོ་ནས་སློབ་གྲྭར་ཕྱིན་ཏེ་རྩོམ་ཡིག་དཔེ་བཤུས་ཀྱི་དོན་དག་
རྣམས་རྒན་ལགས་སུ་ཞུས་རྗེས། སེམས་ནང་གི་རྡོ་ལོག་ཅིག་ཕྱིར་བཏོན་པ་ ལྟར་བདེ་ལྷང་ལྷང་གི་ཚོར་བ་ཞིག་བཅོས་མིན་དུ་སྐྱེས་ཤིང་། རྒན་ལགས་ ཀྱིས་འཛུམ་མདངས་དང་བཅས།
“ཁྱེད་ཀྱིས་རང་སྐྱོན་ངོས་ལེན་བྱས་པ་
འདི་སློབ་ཕྲུག་ཡ་རབས་ཤིག་གི་སྤྱོད་བཟང་ཡིན་པས། དགེ་རྒན་ང་དགའ་ བོ་བྱུང་སོང་།
མ་གཞི་ནས་ཁྱེད་རང་ལ་རང་བྱུང་གི་རྩོམ་རྩལ་ཞིག་མངའ་ 44
བས་ན།
མུ་མཐུད་དེ་འབྲི་རྩོམ་ཐོག་ལ་འབད་བརྩོན་བྱེད་རྒྱུ་དང་།
ལྷག་
པར་དུ་སློབ་ཕྲུག་ཡ་རབས་གཞུང་དྲང་ཞིག་བྱེད་རྒྱུ་ནི་དེ་ལས་ཀྱང་གལ་ཆེ།” ཞེས་གསུངས་པའི་བཀའ་མོལ་འདིས་ང་ལ་བློ་སྤོབས་ཤིག་དང་ནུས་ཤུགས་ ཤིག་སྩལ་སོང་ལ།
དུས་དེ་ནས་བཟུང་ངས་བྱ་བ་ཅི་ཞིག་བྱས་ཀྱང་གཞུང་
དྲང་དང་ཡ་རབས་ཀྱི་སྒོ་ནས་བྱེད་རྒྱུ་ནི་རྩ་བའི་དམ་བཅའ་ཡིན། ༣ རྩོམ་མཇུག་སྡུད་སྟངས།
དེང་སྐབས་ང་རང་ལས་གནས་སུ་ཞུགས་ཀྱང་།
ཆུང་དུས་ཀྱི་འཚོ་
བའི ་ ཁྲོ ད ་ནས་མྱངས་པའི ་ སློ བ ་གསོ ་ འདི ་ མི ་ ཚེ ་ ཞི ག ་གི ་ རྒྱགས་ཕྱེ ་ རུ་ བརྩིས་ཏེ།
བཟང་སྤྱོད་ལྡན་པའི་མི་ཡ་རབས་ཤིག་བྱེད་རྒྱུ་ནི་ངའི་བྱིས་
དུས་ཀྱི་བརྗེད་དཀའ་བའི་དམ་བཅའ་དེ་ཡིན་པས། བཞིན་པ་ཡིན་ནོ། །
45
འབད་དང་འབད་
ལེའུ་ལྔ་པ། རྩོམ་ཡིག་བཀླགས་པའི་མྱོང་ཚོར་འབྲི་སྟངས།
སྤྱིར་རྩོམ་ཡིག་བཀླགས་པའི་མྱོང་ཚོར་འབྲི་སྟངས་ལ་རིགས་མི་འདྲ་
བ་མང་པོ་ཞིག་ཡོད་མོད།
ངེས་དགོས་པ་ཞིག་ལ།
རྩོམ་ཡིག་དེ་ལུས་
གང་ལ་བརྟེན་ནས་བརྩམས་ཡོད་པ་ངེས་དགོས་པ་དང་གཅིག
རྩོམ་ཡིག་
དེའི་བརྗོད་སྙིང་གཙོ་བོ་གང་དང་ཅི་ཞིག་བཤད་ཀྱི་ཡོད་པ་ངེས་དགོས་པ་ དང་གཉིས།
རྩོམ་ཡིག་དེའི་འགོ་འཛུགས་སྟངས་དང་བར་གྱི་བརྗོད་བྱ་
སྟོན་སྟངས། མཐར་རྩོམ་མཇུག་ཇི་ལྟར་བསྡུས་ཡོད་པ་ངེས་དགོས་པ་དང་ གསུམ།
རྩོམ་ཡིག་དེའི་ནང་གི་བསླབ་བྱའི་རིམ་པའམ།
རྩོམ་པ་པོ་ཁོ་
རང་གིས་བཤད་འདོད་པའི་སྐད་ཆ་གང་ཡིན་པ་དེ་ངེས་དགོས་པ་དང་བཞི།
མཐར་ཀློག་མཁན་རང་ཉིད་ཀྱི་བསམ་ཚུལ་ལམ་རྩོམ་ཡིག་དེ་བཀླགས་རྗེས་ ཀྱི་སེམས་ཚོར་གང་དང་ཅི་ཞིག་སྐྱེས་ཡོད་མིན་གྱི་ཚོར་བ་བྲིས་ཆོག་པ་དང་ ལྔ་བཅས་ཀྱི་བསམ་བློའི་སྒྲོམ་གཞི་ཞིག་ལ་བསམས་ཏེ་བྲིས་ན་ཆོག་གོ ། དཔེར་བརྗོད་དང་པོ།
<<བདག་གི་ཨ་མ།>>
༡ རྩོམ་ཡིག་འདི་ནི་རྩོམ་པ་པོས་རང་གི་ཨ་མའི་སྐོར་བྲིས་འདུག
དེ་
ཡང་ཁོང་གི་ཨ་མའི་དགའ་ཕྱོགས་དང་དགུང་ལོ་ནས་བཟུང་སྟེ་གཅིག་ 46
གཅིག་གཉིས་གཉིས་བྱས་ཏེ་ཨ་མའི་ཁྱད་ཆོས་རྣམས་ཀློག་མཁན་
ང་ཚོའི་མིག་མདུན་དུ་བཤམས་ཅི་ཐུབ་བྱེད་པའི་འབད་བརྩོན་གནང་ འདུག
ལྷག་པར་དུ་རྩོམ་མཇུག་ཏུ་རྩོམ་པ་པོས་རང་གི་ཨ་མའི་དྲིན་
ལན་འཇལ་རྒྱུ་ནི་ཁོང་གི་མི་ཚེའི་ནང་གི་དམིགས་ཡུལ་ཞིག་ཡིན་ཟེར་ བའི་སྐད་ཆ་འདིས་ང་རང་སེམས་འགུལ་ཐེབས་སུ་བཅུག་སོང་།
༢ རྩོམ་ཡིག་འདི་བཀླགས་ནས་ང་ལ་སེམས་ཚོར་གང་ཞིག་བྱུང་སོང་ ཟེར་ན། སྐྱིད་པོ་བྱུང་སོང་། མ་ཟད་སོ་སོའི་བརྩེ་བའི་ཨ་མར་དྲིན་ ལན་འཇལ་དགོས་པའི་སེམས་ཚོར་ཤུགས་ཆེན་པོ་སྐྱེས་སོང་།
དཔེར་བརྗོད་གཉིས་པ།
<<ངའི་བརྩེ་བའི་སློབ་གྲྭ>>
༡ རྩོམ་ཡིག་འདི་ནི་སློབ་མ་ཆུང་ཆུང་ཞིག་གིས་ཁོང་གི་སློབ་གྲྭའི་སྐོར་ བྲིས་འདུག ཁོང་གི་སློབ་གྲྭའི་དགེ་རྒན་ཚོའི་སེམས་ཤུགས་དང་བོད་
སྐད་ཡིག་ལ་བཟུང་བའི་ལ་རྒྱ་བྲིས་འདུག་པས། ངས་རྩོམ་ཡིག་འདི་ བཀླགས་ནས་དགའ་བོ་བྱུང་། གང་ཡིན་ཞེ་ན། ཚིག་གསར་མང་པོ་ ཞིག་ཤེས་སོང་།
༢ གོ་དཀའ་བའི་མིང་ཚིག་རྣམས་ཟུར་འདོན་གྱིས་ཚིག་འགྲེལ། • སེམས་ཤུགས། བློའི་ནུས་ཤུགས་ཀྱི་དོན། • བརྩོན་འགྲུས།
དགེ་བའི་གནས་ལ་སེམས་མངོན་པར་སྤྲོ་བས་ 47
འཇུག་པའི་དོན།
• ལ་རྒྱ། རང་ཕྱོགས་ཀྱི་ཤ་ཞེན་གྱི་དོན། དཔེར་ན། མི་རིགས་ ཀྱི་ལ་རྒྱ་ལྟ་བུའོ། །
• ལྷག་བསམ། སྒེར་སེམས་མེད་པའི་དོན། དཔེར་ན། ཞབས་ འདེགས་ལྷག་བསམ་དཀར་པོས་ཞུས། ལྟ་བུའོ། །
དཔེར་བརྗོད་གསུམ་པ། (རྩོམ་ཡིག་མཇུག་གི་ཟུར་བཀོད་དུ་ཡོད།)
<<ང་དང་ངའི་དམིགས་ཡུལ།>>
༡ འབྲི་སྟངས་ནི།
རྩོམ་ཡིག་འདི་ནི་བུ་མོ་ཆུང་ཆུང་ཞིག་གིས་རང་གི་
དམིགས་ཡུལ་གྱི་སྐོར་བྲིས་འདུག
འབྲི་སྟངས་དེ་ཡང་རྩོམ་པ་པོས་
པའི་འབྲི་ཐབས་སྤྱད་ཡོད་པས་ན།
རྩོམ་ཡིག་འདིའི་ངོ་གདོང་གི་
བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ཡིག་འབྲི་སྟངས་ཏེ།
ཚིགས་བཅད་ཅིག་
གིས་རྩོམ་འགོ་བཙུགས་ཏེ་ཀློག་མཁན་རྣམས་གྱི་མིག་དབང་འགུགས་ མཛེས་ཆ་ཇེ་ཕྱུག་ཏུ་བཏང་བའི་ཚོར་བ་སྟེར་ཐུབ་པས། ཧ་ཅང་སྙིང་རྗེ་པོ་བེད་སྤྱད་འདུག
འབྲི་སྟངས་
༢ བརྗོད་བྱ་ནི། རྩོམ་ཡིག་འདིའི་བརྗོད་བྱའི་ཆ་ནས་བཤད་ན། ང་ཚོས་ ནམ་རྒྱུན་ཁ་ནས་གླེང་བཞིན་པའི་སྐད་ཆ་ཞིག་སྟེ། དམིགས་ཡུལ་ཟེར་
བ་དེ་ཡིན་ལ། དམིགས་ཡུལ་དེ་ཇི་ལྟར་ཟིན་དགོས་པ་དང་། དེ་ཟིན་
རྗེས་ལས་ཀ་ཇི་ལྟར་བསྒྲུབ་དགོས་པའི་བརྒྱུད་རིམ་དེ་སློབ་གསོ་རང་ བཞིན་གྱི་བསམ་བློ་ཞིག་ལ་གཞི་བཅོལ་ཏེ་བྲིས་ཡོད་པས་ན། 48
ཀློག་
བདེ་ཞིང་གོ་སླ་བའི་བརྗོད་བྱ་ཞིག་བདམས་འདུག
༣ ཚོར་སྣང་ནི།
རྩོམ་ཡིག་འདིའི་འགོ་མཇུག་བར་གསུམ་ནས་ཡིད་
དབང་འཕྲོག་པའི་ཚོར་སྣང་ཞིག་སྤྲད་སོང་། ན༑
རྒྱུ་མཚན་གང་ཡིན་ཞེ་
རྩོམ་ཡིག་འདིའི་འགོ་འཛུགས་སྟངས་མ་འདྲ་བ་ཞིག་བེད་སྤྱད་
ཡོད་པ་དང་གཅིག
བརྗོད་བྱ་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་
འགྲེལ་བཤད་གནང་ཡོད་པ་དང་གཉིས། རྩོམ་མཇུག་སེམས་གཏམ་
རང་བཞིན་གྱིས་རྩོམ་པ་པོ་དང་འདྲ་བའི་སློབ་ཕྲུག་ན་མཉམ་ཚོར་སྐུལ་ མའམ་སློབ་གསོ་གནང་ཡོད་པ་དང་བཅས་རྒྱུ་མཚན་གསུམ་གྱི་སྟེང་ ནས་བརྗོད་ཡོད་པས་ན། ཡིད་དབང་འཕྲོག་པའི་ཚོར་སྣང་སྤྲད་སོང་ ཟེར་བ་དེ་ཡིན།
དཔེར་བརྗོད་བཞི་པ། (རྩོམ་ཡིག་མཇུག་གི་ཟུར་བཀོད་དུ་ཡོད།)
<<༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ཟེར་བའི་རྩོམ་ ཡིག་བཀླགས་རྗེས་ཀྱི་མྱོང་ཚོར།>> སྔོན་གླེང་། ༸གོ ང ་ས་མཆོ ག ་གི ་ འཁྲུངས་སྐར་ཉི ན ་མོ ་ ཟེ ར ་བའི ་ རྩོ མ ་ཡི ག ་འདི ་
མཐོང་བ་དང་། འབྲི་སྟངས་ཡིད་ལ་འཇུག་པོ་ཞིག་བྱུང་། འདི་ལ་ཕྲན་དཔྱད་ ཅིག་འབྲི་བསམ་ནའང་ནང་སྦྱོང་མང་དྲགས་པའི་རྐྱེན་གྱིས་དུས་ད་ལྟ་བར་
དུ་ལྷག་སོང་བས། དེ་རིང་གཟའ་ཉི་མའི་དུས་ཚོད་བེད་སྤྱད་དེ་ཀློག་མཁན་ 49
ཚོའི་སྤྱན་སྔར་རྩོམ་ཡིག་འདི་ལ་བསམ་ཚུལ་འགའ་བརྗོད་པར་བྱའོ ། །
དང་པོ། རྩོམ་ཡིག་འདིའི་བརྗོད་སྙིང་དང་རྩོམ་པ་པོའི་སེམས་ཀྱི་དད་པ།
རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་ནི་༸གོང་ས་ཡིད་བཞིན་ནོར་བུའི་
༸སྐུའི་འཁྲུངས་སྐར་ཉིན་མོ་བརྗོད་སྙིང་དུ་བཟུང་སྟེ། རྩོམ་པ་པོ་ཁོ་རང་དང་ འདྲ་བའི་མགོ་ནག་གངས་ཅན་བོད་མི་ཚོས་དད་གུས་དང་དགའ་སེམས་
ཀྱིས་སྒོ་ནས་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་སྟངས་ཀྱི་རྣམ་པ་ཞིག་ ཞིབ་འབྲི་བྱས་ཡོད་ལ།
ཞིབ་འབྲི་བྱེད་སྟངས་དེ་ཡང་སྐྱེ་འགྲོ་མི་ཙམ་མ་
ཟད། རང་བྱུང་ཁམས་ཆེན་པོ་ཉི་མ་དང་རྩྭ་རྩི་ཤིང་ཡན་ཆད་ནས་༸གོང་ས་ མཆོག་གི་འཁྲུངས་སྐར་ཉིན་མོར་དགའ་བའི་རྣམ་འགྱུར་ངོམ་ཡོད་པ་བྲིས་ འདུག་སྟེ།
དེ་རིང་གི་གནམ་གཤིས་འདི་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་དྭངས་
ལ་ཉི་མའི་འོད་ཟེར་འཇམ་པོ་ཞིག་ས་གཞི་ཀུན་ལ་སེར་ལམ་མེར་ཤར་ཡོད་ པ་དང་།
ཤིང་སྡོང་དང་རྩི་ཤིང་གི་ལོ་མའི་སྟེང་དུ་སྔར་ལས་ལྷག་པའི་ལྗང་
མདོག་གིས་ཟིན་ཡོད་ལ།
ཡལ་གའི་རྩེ་མོ་རྣམས་བསིལ་རླུང་རྒྱུ་ཕྱོགས་
དང་བསྟུན་ནས་མཉེ ན ་ཀྱང་ལྕུག་པའི ་ མགོ ་ ལྕོ ག ་ལྡེམ་ལྡེམ་བྱེ ད ་ཚུལ་ལ་ བལྟས་ན། མི་རྣམས་ལ། “མགྱོགས་པོར་ཡར་བཞེངས་ཤོག དེ་རིང་ཉིན་
བཟང་སྐར་བཟང་དང་། ༸གོང་ས་མཆོག་གི་འཁྲུངས་སྐར་རེད།” ཟེར་བ་ དང་ཀུན་ནས་མཚུངས།
ཞེས་སེམས་མེད་རང་བྱུང་ཁམས་ལ་སེམས་ཡོད་ཀྱི་ཚོར་ཤེས་སྦྱར་ 50
ཏེ་བྲིས་ཡོད་པ་འདི་ནི།
རྩོམ་པ་པོ་རང་ཉིད་༸གོང་ས་མཆོག་ལ་དད་
ཤུགས་ཆེ་བའི་ཀུན་སློང་གཙང་མ་ཡོད་པ་རང་བྱུང་ཁམས་ཆེན་པོ་དཔང་ དུ་བཞག་འདུག་པས་ན།
མཐོང་བ་ཙམ་གྱིས་ཀློག་མཁན་ཚོས་ཡིད་དབང་
འགུགས་པའི་ཐབས་ཇུས་དེ་སྤྱད་ཡོད་པས་རྩོམ་ཡིག་ཁྱོན་ཡོངས་ཀྱི་མཛེས་ ཆ་ཇེ་ཕྱུག་ཏུ་བཏང་འདུག
ལྷག་པར་དུ་རྩོམ་པ་པོས་༸གོང་ས་མཆོག་གི་
ཞལ་ངོ་མཇལ་དུས་ཚད་འཇལ་མི་ཐུབ་པའི་དད་པ་ཞིག་དང་དགའ་བ་ཞིག་ རང་བཞིན་གྱིས་ལྡང་ཡོད་དེ།
ངའི ་ སེ མ ས་སུ་སྨྲ་མི ་ ཤེ ས ་པའི ་ བདེ ་ སྐྱིད་ཅི ག ་འཁོ ར ་ནས་ཡོ ང ་
བར་མ་ཟད།
ལམ་སང་ཨ་ཕའི་གཉའ་གོང་ནས་མར་བབས་ཏེ་༸གོང་ས་
མཆོག་ལ་དད་པའི་ཕྱག་གསུམ་འབུལ་དགོས་བསམ་མོད།
འོན་ཀྱང་མི་
ཚོགས་སྟུག་དྲགས་པས་ཕྱག་གསུམ་འཚལ་བའི་གོ་སྐབས་མ་བྱུང་། ཡིན་ ནའང་།
ངས་ལག་གཉིས་ཐལ་མོ་སྦྱར་ཏེ་སེམས་གཏིང་ནས་༸གོང་ས་
མཆོག་ལ། “དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཡིན་པས། མཉེས་པོ་ཡོང་བར་ སྨོན།” ཞེས་འཚམས་འདྲི་ཐུང་ཐུང་ཞིག་ཁུ་སིམ་སིམ་ཞུས་པ་ཡིན།
ཞེས་པའི་ཚིག་དུམ་འདི་ནི་སེམས་པ་གཙང་ཞིང་དྲི་མ་དབེན་པའི་བྱིས་
པ་ཆུང་ཆུང་ཞིག་གི་ལྷག་བསམ་དག་པའི་སེམས་སྒྲ་གཙང་མ་དེ་ཡིན་ལ།
བྱིས་པ་ཁོ་དང་འདྲ་བའི་བོད་མི་ཡོད་དོ་ཅོག་གིས་༸སྐུའི་འཁྲུངས་སྐར་ཉིན་ མོ་འདི་དགའ་བའི་ཉིན་མོ་ཞིག་དང་། སེམས་ཀྱི་ཉིན་མོ་ཞིག་ཡིན་པ་བསྟན་ འདུག་སྟེ། རྩོམ་ཡིག་ཏུ་རྩོམ་པ་པོ་ཁོ་རང་གི་ཨ་མས། དེ་རིང་༸གོང་ས་
མཆོག་གི་འཁྲུངས་སྐར་ཡིན་པས། ང་ཚོས་༸སྐུའི་འཁྲུངས་སྐར་གྱི་ཐུགས་ 51
སྤྲོ་གཏོང་དགོས། ཟེར་བའི་སྐད་ཆ་འདི་ལས་རྟོགས་ཐུབ་པ་ནི་བོད་ཕྱི་ནང་ གི་བོད་མི་ཚོས་ཉིན་མོ་འདི་ལ་ཆོས་བསྒྲུབས་པ་དང་། ཡང་ན། ཐུགས་སྤྲོ་
བཏང་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསུ་བའི་ལུགས་སྲོལ་
ཡག་པོ་འདི་རིག་གཞུང་ཞིག་གི་རྒྱབ་ལྗོངས་བཟུང་ནས་བྲིས་འདུག་པས་ ཡིད་དབང་འཕྲོག་པ་ཞིག་འདུག་གོ །
གཉིས་པ། རྩོམ་ཡིག་འདིའི་སྒྲོམ་གཞི་དང་དེའི་རྒྱབ་ལྗོངས་ལ་ལྟ་བ།
སྤྱི ར ་སྒྲོ མ ་གཞི ་ ནི ་ རྩོ མ ་ཡི ག ་གི ་ ཚེ ་ སྲོ ག ་ལྟར་དེ འི ་ ཕྱོ ག ས་ཡོ ང ས་
ཀྱི་ཁྱད་ཆོས་ངོམ་སའི་གཞི་རྐང་དེ་ཡིན་པ་ཇི་བཞིན།
རྩོམ་པ་པོས་དོན་
གནད་དེ ་ རྩལ་དུ་བཏོ ན ་ནས་སྒྲོ མ ་གཞི ་ ཕུན་སུམ་ཚོ ག ས་པ་ཞི ག ་བཏི ང ་ ཡོད་དེ།
རྩོམ་འགོ་འཛུགས་སྟངས་དམིགས་བསལ་བ་ཞིག་ལ་བརྟེན་
ནས་བརྗོ ད ་བྱ་དངོ ས ་གསལ་སྟོན་གྱི ་ རམ་འདེ ག ས་བྱས་ཡོ ད ་པའི ་ སྒྲོ མ ་ གཞི་བསྒྲིགས་ཡོད་པ་འདིས། རྩོམ་ཡིག་འདིའི་ཁྱད་ཆོས་ཇེ་ཕྱུག་ཏུ་བཏང་ འདུག གཅིག་བྱས་ན། རྩོམ་པ་པོས་ཀློག་མཁན་ཚོར་ཀློག་བདེ་བའི་ཆེད་
དང་། མིག་ཤེས་འགུགས་པའི་ཆེད་དུ་སྒྲོམ་གཞི་འདི་ལྟར་བཟོས་ཡོད་པའི་
ཚོར་སྣང་ཞིག་ཕྲན་གྱིས་རྩོམ་ཡིག་འདི་བཀླགས་ཏེ་རྒྱབ་ལྗོངས་ནས་རྙེད་ པའི་བསམ་བློ་ཡིན།
རྩོམ་མཇུག་སྡུད་སྟངས་ལ་བལྟས་ནའང་དེ་ལྟར་ཡིན་ཏེ།
མི་རིགས་
ཤིག་གི་ལོ་ངོ་སྟོང་ཕྲག་དུ་མར་སེམས་ཀྱི་གཏིང་ཟབ་ས་ན་ཉར་བའི་དད་པ་
ཞེས་པའི་རིག་གཞུང་འདི་རྩོམ་ཡིག་གི་རྒྱབ་ལྗོངས་སུ་བསླངས་ཡོད་པ་ང་ 52
ཚོས་རྩོམ་ཡིག་འདི་ཀློག་པའི་ཚེ་ན་ཤེས་ཐུབ་པ་མ་ཟད། རྩོམ་ཡིག་འདིའི་ སྒྲོམ་གཞི་སྒྲིག་སྟངས་དང་རྩོམ་གྱི་ཁྱད་གཞི་འདིང་སྟངས་སོགས་ནི་ཡིད་ དབང་འཕྲོག་ཅིང་ང་ཚོ ས ་སློ བ ་དགོས ་པའི་མན་ངག་རྐྱང་གིས་གྲུབ་པའི་ རྩོམ་ཡིག་ཅིག་འདུག་གོ།
གསུམ་པ། ཞར་བྱུང་རྩོམ་པ་པོའི་སེམས་ཁམས་དང་འབྲེལ་ནས་མཇུག་སྡུད་པ།
ང་ཚོས་རྩོམ་ཡིག་འདིའི་བརྗོད་སྙིང་དང་སྒྲོམ་གཞི་ལ་བསམ་གཞིག་
རེ་བྱས་ཚེ།
རྩོམ་པ་པོ་ཁོ་རང་གི་སེམས་ཁམས་སུ་བོད་ཀྱི་སྐད་ཡིག་གི་
བག་ཆགས་དང་།
ལ་ཞེན་ཇི་ལྟར་གཏིང་ཟབ་པོ་ཞིག་ཡོད་པ་རྩོམ་ཡིག་
འདིའི་ངོ་གདོང་དེ་ག་རང་ན་གསལ་ཡོད་པས། རྩོམ་ཡིག་ཁྱོན་ཡོངས་ནས་
བརྩེ་སེམས་ཀྱི་སེམས་གཤིས་དྲང་མོ་དེ་ཚིག་སྦྱོར་སྙན་མོ་ལ་སྦྲེལ་ཏེ་ཀློག་
མཁན་ཚོའི་སེམས་རྒྱུད་དུ་གླན་ཅི་ཐུབ་བྱས་ཡོད་པས་ན། བཀླགས་ན་ཀློག་ རིན་ཡོད་པའི་རྩོམ་ཡིག་ཅིག་ཏུ་འཁུམས་སོ། །
53
ལེའུ་དྲུག་པ། བརྩམས་སྒྲུང་འབྲི་སྟངས།
༡ སྤྱིར་བརྩམས་སྒྲུང་འབྲི་བ་ལ་ཆ་རྐྱེན་བཞི་ངེས་པར་དུ་ཚང་དགོས་ཏེ་ མི་སྣ་དང་། བྱུང་རིམ། ཁོར་ཡུག སྒྲིག་གཞི་བཅས་ཀྱི་སྟེང་ནས་ བློས་བསླངས་ཏེ།
སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཡ་ང་བའི་ལས་དོན་
ནམ་རུལ་སུངས་ཀྱི་རྣམ་པ་རྣམས་ཐེར་འདོན་གྱིས་མི་དམངས་བྱིངས་ ཀྱི་བསམ་བློ་ཡར་སྐུལ་བྱ་རྒྱུ་ནི་བརྩམས་སྒྲུང་གི་དགོས་འདུན་གཙོ་ བོ་ཡིན་ལ། བརྩམས་སྒྲུང་ལ་སློབ་གསོ་རིག་པའི་ཆ་ལྡན་དགོས་ཟེར་
བའི་རྒྱུ་མཚན་ཡང་དེ་ན་ཡོད། འོན་ཏེ། སློབ་གྲྭའི་སློབ་ཕྲུག་ཚོས་དེ་ ལྟ་བུའི་བསམ་བློའི་ལས་འགན་ཞིག་ཐེག་མི་ཐུབ་རུང་། མི་སྣའི་བར་ གྱི་སྐད་ཆ་དེར་གསོན་ཉམས་ལྡན་པ་ཞིག་དང་།
མི་རིགས་རང་གི་
སྐད་ཀྱི་གཤིས་ཀ་དང་མི་འགལ་བའི་བསམ་བློའི་སྒྲོམ་གཞི་ཞིག་ངེས་ པར་དུ་ཡོད་དགོས།
༢ སློབ་ཕྲུག་ཚོས་བརྩམས་སྒྲུང་འབྲི་སྐབས་དོ་སྣང་བྱ་དགོས་པ་ཞིག་ལ། བརྩམས་སྒྲུང་མ་བྲིས་སྔོན་ལ་སོ་སོའི་བསམ་བློའི་ནང་དུ་བརྩམས་
སྒྲུང་གི་སྒྲོམ་གཞི་ཞིག་ངེས་པར་དུ་བསྒྲིགས་དགོས། དཔེར་ན། ཅི་ ཞིག་འབྲི་རྒྱུ། ཇི་ལྟར་འབྲི་རྒྱུ། ཅིའི་ཕྱིར་འབྲི་རྒྱུ་ཞེས་པའི་བསམ་ བློ་སྔོན་དུ་བཏང་སྟེ་བརྗོད་བྱ་གང་གི་སྐོར་དང་། 54
བརྗོད་བྱ་དེ་གསལ་
འདོན་བྱ་བའི་ཆེད་མི་སྣ་ཅི་ཙམ་བཞེངས་བསྐྲུན་བྱེད་རྒྱུ།
མི་སྣ་དེ་
དག་ལ་བྱ་བའི་ཁྱད་ཆོས་སམ་གཤིས་ཀའི་ཁྱད་ཆོས་ཅི་དང་གང་ཡོད་
བཀོད་འདོམས་བྱེད་སྟངས་ལ་བསམ་གཞིག་ཡང་ཡང་བྱེད་དགོས་ པ་མ་ཟད། བརྗོད་བྱ་དེ་ཉིད་གསལ་འདོན་གྱི་ཆེད་མི་སྣ་གང་ཞིག་ལ་
སྐད་ཆ་ཅི་ཞིག་བཤད་དུ་འཇུག་རྒྱུའི་སྐྱ་ཐིག་ཅིག་སོ་སོའི་བསམ་བློའི་ བློས་བསླངས་ཏེ་བསྒྲིགས་དགོས་སོ། །
དཔེར་བརྗོད་དང་པོ།
<<བཀྲ་ཤིས་ནི་འགན་ཁུར་ཅན་དུ་ཇི་ལྟར་གྱུར་པ་རེད།>> གུང་གསེང་གི་ཉིན་ཞིག་ལ། བཀྲ་ཤིས་ཀྱིས་རྩེད་ཆས་རྣམས་སྒམ་
ནང་ནས་ཕྱི་བཏོན་ཏེ་རྩེད་མོ་རྩེ་སྐབས།
འཁོར་དམར་ཆུང་དེ་མཐོང་ས་རུ་མེད་པས།
རང་ཉིད་དགའ་ཤོས་ཀྱི་རླངས་
ཁོས་མདུན་ཅོག་འོག་དང་
ཉལ་ཁྲིའི་འོག་སྟེ་ཕྱོགས་ཡར་མར་གང་སར་བཙལ་ཀྱང་མ་རྙེད་པས། ཁོ་ ཡ་མཚན་པའི་སྒོ་ནས། རླངས་འཁོར་དམར་ཆུང་ག་པར་འགྲོ་བ་ཡིན་ནམ་ སྙམ་ཏེ་སེམས་པ་སྐྱོ་བའི་སྐབས་དེར། རྒྱལ་སྒོའི་དྲིལ་བུས། ཏིང་་་ ཏིང་་་ ཞེས་པའི་ཏིང་སྒྲ་གྲགས་པ་དང་མཉམ་དུ་གྲོགས་མོ་སྒྲོལ་མ་ནང་དུ་འཛུལ་
ནས་སླེབས་སོང་། སྒྲོལ་མས། “བཀྲ་ཤིས་ལགས། ངའི་ནང་ལ་རྩེད་ཆས་ སྣ་ཚོགས་ཡོད་པས།
ངེད་གཉིས་ངའི་ནང་ལ་རྩེད་མོ་རྩེ་རུ་འགྲོ།” ཟེར་
ནས་བཀྲ་ཤིས་ཁྲིད་དེ་མོའི་ནང་དུ་སོང་བ་རེད།
སྒྲོལ་མའི་ནང་ཧ་ཅང་གཙང་མ་དང་རྩེད་ཆས་རྣམས་ཀྱང་ལེགས་པོ་ 55
བྱས་ཏེ་ཉར་ཚགས་བྱས་ཡོད་པས། ཁོ་གཉིས་ཀྱིས་རྩེད་ཆས་རྣམས་ནས་
རེ་རེ་ཕྱི་ལོགས་སུ་བཏོན་ཏེ་མཉམ་དུ་རྩེད་མོ་རྩེས་པ་རེད། བཀྲ་ཤིས་ཀྱིས་
སྒྲོལ་མའི་རྩེད་ཆས་གཙང་མ་དང་། གྲ་དག་རྣམས་ལ་ལྟ་ཞོར་སེམས་ནང་དུ།
“ངས་རང་གི་རྩེད་ཆས་རྣམས་གཙང་མ་དང་བདག་པོ་ཡག་པོ་རྒྱག་གི་མེད་ པ་དེ་འགྲིག་གི་མེད་པའི་ཚོར་བ་ཞིག་བྱུང་བ་རེད།”
ཁོ་གཉིས་རྩེད་མོ་རྩེས་ནས་ཅུང་ཙམ་གྱིས་རྗེས་བཀྲ་ཤིས་ནང་དུ་ལོག་
སྟེ༑ རང་གི་རྩེད་ཆས་རྣམས་གཙང་མ་བཟོས་ནས་རེ་རེ་བཞིན་སྒམ་ནང་དུ་
བླུགས་དུས། ད་གིན་མ་རྙེད་པའི་རླངས་འཁོར་དམར་ཆུང་དེ་ཡང་རྙེད་སོང་
བས། ཁོ་དགའ་ཐག་ཆོད་དེ་རླངས་འཁོར་དམར་ཆུང་བྲང་ཁར་སྦྱར་ཏེ་གད་
མོ་ཤོར་བ་མ་ཟད། སེམས་ནས་ཅ་དངོས་བདག་པོ་བརྒྱབ་ན་ཁེ་ཕན་འདུག་ བསམ་པ་རེད།
ཉིན་དེ་ནས་བཟུང་། བཀྲ་ཤིས་ནི་རང་གི་དངོས་པོ་དང་སློབ་གྲྭའི་སྤྱི་
རྫས་ལ་བདག་པོ་རྒྱག་མཁན་ཞིག་དང་། གྱུར་པ་རེད།
འགན་ཁུར་མཁན་ཅན་ཞིག་ཏུ་
གོང་གི་བྱིས་སྒྲུང་འདི་འབྲི་ཚུལ་ལ་ང་ཚོས་མཉམ་དུ་བལྟ། ༡ ཅི་ཞིག་བྲིས་ཡོད་ཅེ་ན།
བཀྲ་ཤིས་ཀྱིས་གུང་སེང་ཉིན་ལས་ཀ་
༢ ཇི་ལྟར་བྲིས་ཡོད་ཅེ་ན།
བཀྲ་ཤིས་ཀྱི ་ གུང་སེང་ཉིན་གཅིག་
ཅི་ཞིག་བྱས་ཡོད་པའི་སྐོར་བྲིས་ཡོད།
གི་བྱ་བའི་བྱུང་རིམ་རྣམས་གོ་རིམ་ཇི་བཞིན་དུ་བྲིས་ཡོད་དེ། 56
ཐོག་
མ་བཀྲ་ཤིས་ཀྱིས་རྩེད་ཆས་བཙལ་བའི་སྐོར་དང་།
དེ་ནས་སྒྲོལ་མ་
མཉམ་དུ་ཁོ་མོའི་ཁྱིམ་ལ་སོང་ནས་རྩེད་མོ་རྩེ་བ་དང་། སྒྲོལ་མས་རྩེད་ ཆས་ལ་བདག་གཅེས་བྱེད་སྟངས་མཐོང་རྗེས་རང་ཉིད་ཀྱིས་ཀྱང་རྩེད་ ཆས་ལ་བདག་གཅེས་བྱས་པ་དང་འབྲེལ་ཏེ་འགན་ཁུར་ཅན་གྱི་བྱིས་ པ་ཞིག་ཏུ་གྱུར་ཚུལ་གྱི་རྣམ་པ་བྲིས་ཡོད།
༣ ཅིའི་ཕྱིར་བྲིས་པ་ཡིན་ཞེ་ན། སློབ་ཕྲུག་གི་ཁྲོད་དུ་བཀྲ་ཤིས་དང་འདྲ་ བའི་ཅ་དངོས་ལ་བདག་གཅེས་མི་བྱེད་མཁན་མང་བས།
མཐའ་མ་
བཀྲ་ཤིས་སྤྱི་སྒེར་གྱི་དངོས་པོ་ལ་བདག་གཅེས་བྱེད་མཁན་ཞིག་ཏུ་ གྱུར་པ་ལྟར།
བཀྲ་ཤིས་འདྲ་བའི་མི་སྣ་འདིའི་བསམ་བློར་འགྱུར་བ་
འགྲོ་སྟངས་ཀྱི་སྤྱོད་པ་ཡ་རབས་འདི་བྱིས་པ་ཁྱོན་ཡོངས་ཀྱི་བསམ་ བློའི་སློབ་གསོར་འགྱུར་བའི་ཀུན་སློང་གཙོ་བོར་བཟུང་སྟེ་བྲིས་ཡོད།
བརྩམས་སྒྲུང་གི་ནང་དུ་མི་སྣ་གཙོ་ཕལ་སོགས་མང་པོ་ཞིག་ཡོང་ངེས་
ཀྱང་། གོང་གསལ་དོན་ཚན་གསུམ་དེ་གཞི་ལ་བཞག་སྟེ་བལྟས་ན། ཁྱོད་ ཀྱིས་བརྩམས་སྒྲུང་གི་རྗོད་བྱེད་ཚིག་གི་སྦྱོར་བ་དང་། བརྗོད་བྱའི་ནང་དོན། བསྟན་དོན་སྙིང་པོ་རྣམས་ངེས་ཐུབ་པས། ལྟར་དུ་བལྟ་བར་བྱའོ། །
57
བརྩམས་སྒྲུང་གཞན་ལ་ཡང་དེ་
དཔེར་བརྗོད་གཉིས་པ།
<<བསྟན་འཛིན་གྱི་ལག་ཐོགས་ཁ་པར།>>
དེ་རིང་འདུ་འཛོམས་སྐབས་སུ་སློབ་སྤྱི་མཆོག་གིས། “ཁ་སང་དེ་རིང་
སློབ་ཕྲུག་ཁ་ཤས་ཀྱིས་ལག་ཐོགས་ཁ་པར་འཁྱེར་ནས་སློབ་གྲྭར་ཡོང་གི་
ཡོད་པ་གོ་ཐོས་བྱུང་། ངས་འདི་ནས་ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། ལག་ ཐོགས་ཁ་པར་སློབ་གྲྭ་རུ་འཁྱེར་ནས་ཡོང་ཆོག་གི་མེད། གལ་སྲིད་ང་ཚོས་
སློབ་ཕྲུག་སུའི་ལག་ཏུ་ཁ་པར་ཡོད་པ་མཐོང་ཚེ་ཁ་པར་དེ་གཞུང་བཞེས་ གཏོང་གི་ཡིན།”
ཞེས་གསལ་བསྒྲགས་གནང་ཞོར་མིག་ཟུང་གཉིས་ཀྱིས་
ངའི་ཕྱོགས་སུ་གཟིགས་ཀྱིན་ཡོད་པས།
ཧ་ལམ་ངས་ལག་ཐོགས་ཁ་པར་
འཁྱེར་ཡོད་ས་རེད་བསམ་བཞིན་ཡོད་པ་དང་འདྲ།
ཡིན་ནའང་།
ང་ལ་
ལག་ཐོགས་ཁ་པར་མེད་པས། སློབ་སྤྱི་མཆོག་གིས་ང་ལ་གཟིགས་དོན་ཅི་ ཡིན་ནམ་སྙམ་པ་མ་ཟད།
ང་ད་ལྟ་ལོ་བཅུ་གཉིས་སོན་པའི་གཞོན་པ་ཞིག་
ཡིན་མོད། ད་དུང་ལག་ཐོགས་ཁ་པར་ཞིག་ཀྱང་མེད་པས་ཅི་འདྲའི་སྐྱོ་ཨང་
བསམ་ཞོར་ལག་ཐོགས་ཁ་པར་ཡོད་པའི་སློབ་ཕྲུག་ཚོར་ཡིད་སྨོན་འཆོར་བ་ དང་མཉམ་དུ་ཕྲག་དོག་ཀྱང་རང་བཞིན་གྱིས་སྐྱེས་ནས་སླེབས་སོང་།
ཅུང་ཙམ་འགོར་རྗེས། འཛིན་གྲྭའི་དགེ་རྒན་མཆོག་གིས། “ཚང་མས་
དྲན་པ་བརྗེད་ཡོད་ཀྱི་མ་རེད།
སང་ནང་དུ་མ་ཕེབས་རོགས།
དེ་རིང་སློབ་གྲྭ་གྲོལ་རྗེས་ཁྱེད་རང་ཚོ་ལམ་ ཁ་གསབ་སློབ་ཐུན་ཞིག་འཚོགས་དགོས་ 58
པ་དྲན་པ་ན་ཡོད་དམ།” ཞེས་གསུང་སྟབས། ངས་གཞི་ནས་ཨ་མ་ལགས་ ལ་ཞུས་མེད་པ་དྲན་ཏེ་ལམ་སང་སློབ་གྲྭའི་ཁ་པར་གཏོང་ས་རུ་རྒྱུག་ནས་ ཁ་པར་ཞིག་གཏོང་དགོས་བསམ་མོད།
ཁ་པར་གཏོང་མཁན་གྱི་བང་ཧ་
ཅང་རིང་པོ་བསྒྲིགས་འདུག ཁ་པར་གཏོང་ཐུབ་ས་མ་རེད། ད་ཅི་ཞིག་བྱ་ དགོས་སམ། སྐར་མ་ལྔ་ཡི་རྗེས་སུ་འཛིན་གྲྭ་འཚོགས་རྒྱུ་རེད་བསམ་ནས་
དངངས་འཚབ་སྐྱེས་ནས་ཡོད་སྐབས། རྒྱབ་ལོགས་ནས་མི་ཞིག་གིས་ངའི་ ཕྲག་མགོ་རུ་གཞུས་བྱུང་།
ངས་སུ་ཡིན་ནམ་སྙམ་ཏེ་ཁ་ཕྱིར་འཁོར་བ་ན་
བཀྲ་ཤིས་རེད་འདུག ཁོང་གིས། “བང་བསྒྲིགས་ཏེ་དཀའ་ལས་ཁག་རོགས་ རེད། ངའི་མཉམ་དུ་འགྲོ།” ཟེར་ནས་ང་གསོལ་ཚིགས་ཁང་གི་རྒྱབ་ལོགས་ སུ་ཁྲིད་སོང་།
སྐབས་དེར་ཁོས་ཕྱོགས་ཡར་མར་ལ་མིག་ལྟ་ཙམ་བྱེད་པ་
དང་། གྱོན་གོས་ཁུག་མ་ནས་ལག་ཐོགས་ཁ་པར་ཞིག་ཕྱི་ལོགས་སུ་བཏོན་ བྱུང་། ང་ཧང་སངས་ཏེ། “ཁྱེད་ཀྱིས་ལག་ཐོགས་ཁ་པར་སློབ་གྲྭ་རུ་འཁྱེར་ ཡོང་སྟེ་གཞུང་བཞེས་བཏང་ཚེ་ཅི་ཞིག་བྱ་འམ།”
ཟེར་ནས་སྐད་མགོ་མཐོ་
ཙམ་བྱས་ནས་ཤོད་སྐབས། བཀྲ་ཤིས་ཀྱིས་ལམ་སང་། “སྐད་མགོ་དམའ་ མོ་བྱོས།
དེ་ལ་ཧང་སངས་རྒྱུ་ཅི་ཞིག་ཡོད།
ང་ལ་ད་དུང་གཉིས་ཡོད།”
ཅེས་ཟེར་ཞོར་ཁ་པར་གཞན་གཉིས་ཀྱང་ཕྱི་ལོགས་སུ་བཏོན་སོང་། བཀྲ་ཤིས་ཀྱིས་ང་ལ།
དགོས་པ་མིན་ནམ།
“ཁྱེད་ཀྱིས་ཨ་མ་ལགས་ལ་ཁ་པར་གཏོང་
ཁ་པར་འདི་བེད་སྤྱོད་བཏང་ན་འགྲིག” ཟེར་ནས་ཁ་
པར་ངའི་ལག་ཏུ་བཞག་སོང་། ངས་ཨ་མ་ལ་ཁ་པར་བཏང་རྗེས་འཛིན་གྲྭར་ སོང་བ་ཡིན།
59
ནང་དུ་ལོ ག ་རྗེ ས ་ངས་ནམ་རྒྱུན་གྱི ་ གོ མ ས་གཤི ས ་ངན་པ་དེ ་ ཚོ ར ་
འགྱུར་བ་བཏང་སྟེ། ཨ་མས་སྤྲད་པའི་སྔོ་ཚལ་ཚང་མ་ཟོས་པ་མ་ཟད། ད་ དུང་ཨ་མར་ཕོར་བ་བཀྲུ་རོགས་བྱས་པ་ཡིན། ཨ་མས། “དེ་རིང་ཁྱོད་
ཡག་པོ་ཆགས་འདུག སྔོ་ཚལ་ཚང་མ་ཟོས་སོང་བས། ཨ་མ་དགའ་བོ་ བྱུང་།” ཟེར།
ངས། “ཨ་མ་ལགས།
ཁྱེད་ཀྱིས་ང་ལ་ལག་ཐོགས་ཁ་པར་ཞིག་ཉོ་
རོགས་གནང་དང་།” ཞེས་ཞུས་པ་ཡིན། ཨ་མས།
སྐད་ཆ་དྲིས་བྱུང་། ངས།
“ཁྱོད་ལ་ལག་ཐོགས་ཁ་པར་གྱི་ཅི་ཞིག་བྱེད་དམ།” ཞེས་
“གལ་སྲིད་དགེ་རྒན་གྱིས་ང་ལ་ཉེས་པ་བཏང་སྟེ་སློབ་གྲྭ་རུ་
བཀག་པ་ཡིན་ན།
ངས་ཁྱོད་ལ་ལན་སྤྲོད་དགོས་ཀྱི་མ་རེད་དམ།” ཞེས་
ཞུས་ནས་ཨ་མར་ཉམས་ཚོད་བླངས་པ་ཡིན།
ཨ་མས། “འོ་ན། ཁྱེད་ཀྱིས་དགེ་རྒན་གྱི་གསུང་བརྩིས་ཏེ་ཉེས་པ་
མ་ཕོག་པ་བྱེད་དགོས།” ཟེར་བྱུང་བས།
ཧ་ལམ་ཨ་མས་ངའི་བྱ་སྤྱོད་
རྟོགས་ཀྱི་ཡོད་པ་འདྲ། ད་ཐབས་ལམ་གཞན་ཞིག་བཙལ་དགོས་ཀྱི་འདུག་ བསམ་བྱུང་།
གཟའ་ཉི་མའི་ཉིན།
ངས་ཨ་མ་ལ་འབྲི་དེབ་དང་སྙུག་སྒམ་ཉོ་དགོས་
ཟེར་ནས་རྙོག་དྲ་བཤད་དེ་ཨ་མ་དེབ་ཚོང་ཁང་དུ་ཁྲིད་པ་དང་།
ཅ་དངོས་
ཚང་མ་ཉོས་ཚར་རྗེས་གསང་སྤྱོད་དུ་འགྲོ་དགོས་ཟེར་ནས་ཨ་མ་ལ་རྫུན་ 60
བཤད་དེ། ཨ་མས་མི་མཐོང་སར་ཡིབ་སྟེ་བསྡད་པ་ཡིན། ཅུང་ཙམ་འགོར་
རྗེས་ཨ་མས་སྐད་ཅོར་ཆེན་པོའི་ངང་ངའི་མིང་ནས་བོས་ཏེ་སྐད་རྒྱག་བཞིན་ འདུག ཡིན་ནའང་། ང་ད་དུང་ཡིབ་ནས་བསྡད་པ་ཡིན། ཨ་མས་ཁྲོམ་
དཀྱིལ་ནས་ཕྱོགས་གང་སར་ལྟ་ཞོར་ངའི་མིང་ནས་བོས་ཏེ་སྐད་ཅོར་རྒྱག་ བཞིན་འདུག
ངའི་སེམས་སུ་ད་ཐེངས་ངའི་ཐབས་ཤེས་འདི་ལེགས་འགྲུབ་
འབྱུང་ས་རེད་སྙམ་སྟེ་ཡར་ལངས་ནས་ཨ་མའི་འཁྲིས་སུ་བཅར་སྐབས། ཨ་
མས་ང་ལ་འཐམས་ཏེ། “ཁྱོད་གང་དུ་སོང་བ་ཡིན། ཨ་མ་ང་སེམས་ཁྲལ་ གྱིས་སྨྱོ་གྲབས་བྱས་སོང་།” ཟེར་བྱུང་བས།
ངས་ལམ་སང་།
“ཨ་མ་
ལགས། གལ་སྲིད་ང་ལ་ལག་ཐོགས་ཁ་པར་ཞིག་ཡོད་ན། ཨ་མ་ཁྱོད་འདི་ ལྟར་སེམས་ཁྲལ་གནང་དགོས་དོན་མི་འདུག
ལམ་སང་ཁ་པར་བཏང་སྟེ་
ཁྱེད་རང་ག་པ་ཡོད་ཟེར་ན། ངས་ལམ་སང་ང་འདི་ན་ཡོད་ཅེས་ཞུས་ན་ཆོག་ མོད།” ཅེས་ཞུ་དུས། ཨ་མས། “དེ་ཡང་བདེན་པ་རེད།” ཅེས་གསུངས་ཏེ། ང་ལ་ཁ་པར་ཞིག་ཉོས་སོང་།
ཕྱིར་ནང་དུ་ལོག་རྗེས་ཨ་ཕས་ང་ལ་སློབ་གྲྭའི་ནང་དུ་ཁ་པར་འཁྱེར་
མི་ཆོག་པའི་སྒྲིག་ཁྲིམས་བཟོས་ཡོད་སྟབས་ཁྱེར་མི་ཆོག་ཟེར། ཁ་ནས་ཨ་ཕའི་གསུང་ལ་རྩི་ཁུལ་ཞུས་པ་ཡིན་མོད། འཁྱེར་མི་འཁྱེར་དེ་ངའི་ལག་ཏུ་ཡོད་པ་རེད་བསམ།
ངས་ཀྱང་
སེམས་ནས་ཁ་པར་
ཕྱི་ཉིན་སློབ་གྲྭར་འགྲོ་དུས་ངས་ཁ་པར་དཔེ་ཁུག་ཏུ་བཅུག་སྟེ་སློབ་
གྲྭར་སོང་བ་ཡིན།
སློབ་གྲྭ་རུ་མི་མེད་ས་ཁུག་ཀྱོག་ཅིག་ནས་ང་ཚོས་ཁ་
པར་ཕྱི་ལ་བཏོན་ཏེ་སུའི་ཁ་པར་གསར་བ་ཡིན་མིན་དང་། ཁ་པར་ནས་རྩེད་ 61
མོ་ཇི་ལྟར་རྩེས་ཀྱི་ཡོད་མེད་ཀྱི་སྐད་ཆ་བཤད་དེ་འཛིན་གྲྭར་འགྲོ་དགོས་ པའང་དྲན་པ་བརྗེད།
སློབ་གྲྭ་གྲོལ་ཏེ་ནང་དུ་འབྱོར་དུས་ཕ་མ་གཉིས་ཀྱིས་
ང་ལ་གཤེ་གཤེ་བཏང་སོང་།
ཨ་མས། “དེ་རིང་ཁྱོད་གང་ལ་ཕྱིན་པ་ཡིན།
ཁྱོད་ཚོའི་འཛིན་གྲྭའི་
དགེ་རྒན་གྱིས་ཞལ་པར་ཡོང་ནས་ཁྱོད་དེ་རིང་འཛིན་གྲྭར་སླེབས་མི་འདུག་ གསུང་བྱུང་།” ཟེར་བཞིན་ཨ་མ་ངུས་སོང་བས། ངས་ཀྱང་སེམས་ནས་མ་ བཟོད་པར་སྐད་ཆ་དྲང་མོ་བཤད་པ་ཡིན།
དེའི་རྗེས་ཨ་མས་ང་ལ་འཛིན་
གྲྭ་ལ་ཡིབ་མཁན་དེ་བྱིས་པ་ཡག་པོ་ཞིག་གི་བྱེད་སྟངས་མིན་པའི་གནས་ ལུགས་མང་པོ་ཞིག་བཤད་སོང་བས།
ངས་ཀྱང་ཨ་མའི་ཞལ་ལ་ཉན་ཏེ།
ཉིན་དེ་ནས་བཟུང་ཁ་པར་སློབ་གྲྭ་ལ་འཁྱེར་མེད་པ་མ་ཟད།
སློབ་སྦྱོང་ལ་
འབད་བརྩོན་བྱས་ཏེ་ཨ་མའི་ཁ་ལ་ཉན་པའི་བུ་ཆུང་ཡ་རབས་ཤིག་བྱ་བར་ དམ་བཅས་པ་ཡིན།
དཔེར་བརྗོད་གསུམ་པ།
<<བསྟན་འཛིན་དང་ཁོའི་ཁྱི་ཕྲུག་ཆུང་ཆུང་།>>
དེ་རིང་གུང་གསེང་ཡིན་པས།
ངས་དོན་འགྲུབ་དང་མཉམ་དུ་རྩེད་མོ་
རྩེ་དགོས་བསམ་སྟེ་ཁོ་ཚང་གི་སྒོ་ཁར་སླེབས་དུས་གློ་བུར་དུ་ཁྱི་དཀར་པོ་ ཞིག་སྒོ་འགྲམ་ནས། “འབ་་་ འབ་་།”
ཞེས་འབ་བཞིན་མདུན་ཕྱོགས་སུ་
ས་མཆོངས་གནམ་མཆོངས་བྱས་ཏེ་ཡོང་གི་ཡོད་པས།
ང་ཞེད་ཐག་ཆོད་
དེ་སྒོའི་འགྲམ་གྱི་རྡོ་ཅོག་སྒང་ལ་བུད་དེ་རང་ཉིད་ལ་སྲུང་སྐྱོབ་བྱེད་སྐབས། 62
དོན་འགྲུབ་ཀྱིས་སྒོ་ཕྱེས་ཏེ་གད་མོ་ཤོར་བཞིན། “ཝེ། སྐྲག་མི་དགོས། ཁོས་ སོ་རྒྱག་གི་མ་རེད། ཁོའི་མིང་ལ་བསམ་སྐྱིད་ཟེར། ངེད་ཚང་གི་ཁྱི་ཡིན།” ཞེས་ཟེར་བྱུང་བས། ངའི་སེམས་པ་ཅུང་ཙམ་ལྷོད་ལ་བབས་སོང་། དེ་ནས་
ངེད་གསུམ་མཉམ་དུ་རྩེད་མོ་རྩེ་སྐབས་བསམ་སྐྱིད་དངོས་གནས་སྙིང་རྗེ་མོ་ འདུག རྐང་པ་ཐུང་ཐུང་ཞིག་མ་གཏོགས་མེད་ནའང་། སྐེད་པ་རིང་པོ་ཡོད་ པས་ཐོག་ཏུ་ཅ་དངོས་མང་པོ་བཀལ་ཏེ་རྩེད་མོ་སྣ་ཚོགས་རྩེས་པ་ཡིན། གློ་
བུར་དུ་ངའི་གྲོད་ཁོག་ནང་ནས། “ཁྲོག་་་ ཁྲོག་་་” ཅེས་ཟེར་བའི་སྒྲ་གྲགས་ བྱུང་བས། དོན་འགྲུབ་ཀྱིས། “ཁྱེད་རང་གིས་གྲོད་ཁོག་ལྟོགས་ཀྱི་ཡོད་པ་ འདྲ། སང་ཉིན་རྩེད་མོ་རྩེ།” ཞེས་བཤད་བྱུང་བས། ང་ཚོ་སོ་སོའི་ནང་དུ་ ལོག་པ་ཡིན།
ཁྱིམ་དུ་འབྱོར་རྗེས་ཟ་མ་ཟ་ཞོར། “ཨ་མ་ལགས། ང་ལ་ཁྱི་ཕྲུག་ཅིག་
ཉོས་དང་། ངས་ཁྱིམ་ཕྲུག་གཉོར་འདོད་འདུག” ཅེས་ཨ་མ་ལགས་ལ་རེ་བ་ བཏོན་ཀྱང་།
ཨ་མས། “ཁྱེད་རང་འདི་འདྲ་ལེ་ལོ་ཅན་ཞིག་གིས་ཁྱི་ཕྲུག་
ཅིག་ཇི་ལྟར་གཉོར་ཐུབ་བམ། བྱོས་དང་།
དེ་ལས་དང་པོ་སོ་སོར་གཉོར་སྐྱོང་ཡག་པོ་
དེ་གའི་འགྲིག་གི་རེད།” ཟེར་ནས་ངའི་རེ་བ་དེ་བསྒྲུབས་མ་
སོང་། ཨ་མས་ངའི་རེ་བ་མི་བསྒྲུབས་ན་ཨ་ཕས་བསྒྲུབས་ངེས་བསམ་སྟེ་སྒོ་ འགྲམ་དུ་ཨ་ཕ་ལ་བསྒུགས་ནས་བསྡད་པ་ཡིན།
ཨ་ཕ་ལས་ཁུངས་གྲོལ་ཏེ་སྒོ་འགྲམ་དུ་འབྱོར་མ་ཐག
ངས་ངུ་སྐད་
དང་བཅས་ཏེ་ཨ་ཕ་ལ་འཐམས་ཏེ། “ཨ་ཕ་ལགས། ཨ་མས་ང་ལ་ཁྱི་གཉོར་ འཇུག་གི་མི་འདུག” ཟེར་ནས་ངུས་པ་ཡིན། 63
ཨ་ཕས་ང་ངུ་བ་མཐོང་བར་
སེམས་ནས་མ་བཟོད་པར་ངའི་རེ་བ་དེ་བསྒྲུབས་པར་ཁས་ལེན་བྱས་སོང་།
གཟའ་ཉི ་ མའི ་ ཉི ན ་ཕ་མ་གཉི ས ་ཀྱི ས ་ང་ཁྲི ད ་དེ ་ སེ མ ས་ཅན་ཉོ ་ སའི ་
ཚོང་ར་རུ་ཁྱི་ཉོ་བར་ཕྱིན་པ་ཡིན། ཚོང་ར་དེ་ན་ཁྱི་འདྲ་མིན་སྣ་ཚོགས་ཡོད་
མོད། ངའི་སྣང་བ་འགྲོ་བའི་ཁྱི་ཕྲུག་དེའི་ཐོག་ན་སྤུ་མང་པོ་དང་རིང་པོ་ཡོད་ པས། བལྟས་ཚོད་ཀྱི་ཝ་མོ་ཞིག་དང་འདྲ། ཉོ་དགོས་བསམ་ནའང་། རིན་ གོང་ཆེས་དྲགས་ཏེ་ཨ་མས་ཉོས་མ་སོང་། མཐའ་མ་དེར་ཨ་མས། “བསྟན་
འཛིན་ལགས། ཁྱེད་ཀྱིས་གཟིགས་དང་། ཁྱི་ཕྲུག་འདི་ག་འདྲ་འདུག ཆུང་ ཆུང་སྙིང་རྗེ་མོ་ཞིག ཁྱེད་ཀྱིས་བདག་པོ་རྒྱག་བསམ་ནའང་རྒྱག་ཆོག་ཆོག་
ཅིག་རེད། ག་འདྲ་འདུག” ཟེར་ནས་དྲིས་བྱུང་། ངས་ཀྱང་། “འགྲིག་གི་ འདུག” ཞུས་ནས་ལན་བྱིན་པ་ཡིན། དེ་ནས་ང་ཚོས་ཁྱི་ཕྲུག་དེ་ཉོས་ཏེ་ནང་ དུ་ལོག་པ་དང་།
ཨ་ཕས་ཁྱི་ཕྲུག་ཉལ་སའི་ཤིང་གི་ཁང་པ་ཆུང་ཆུང་ཞིག་
བཟོས་ཏེ་ངའི་ཉལ་ཁང་ནང་དུ་བཞག་སོང་།
མཚན་མོ ་ རྟག་པར་ཁྱི་ཕྲུག་དེ ས ་སྐད་བརྒྱབ་ནས་ཁོ ་ རང་གཉི ད ་མི ་
ཁུག་པ་མ་ཟད། ང་ཡང་གཉིད་ཁུག་བཅུག་གི་མི་འདུག ངས་ཁྱི་ཕྲུག་ལ་ གཤེ་གཤེ་ག་ཚོད་བཏང་ཡང་ཁོས་གོ་ཡི་མི་འདུག་པས།
ང་ཁོང་ཁྲོ་ཡིས་
ཤི་སོང་། ཁོང་ཁྲོ་ལངས་པའི་རྐྱེན་གྱིས་ངས་ཁོ་ལ་མིང་ཡང་བཏགས་མེད།
ཉི ན ་ཞི ག ་ཨ་མས་ཁྱི་ཕྲུག་གི ་ གཟུགས་པོ ་ བཀྲུས་ཚར་རྗེ ས ་ང་ལ་
“བསྟན་འཛིན། ཁྱེད་ཀྱི་ཁྱི་ཕྲུག་བཀྲུས་ཚར་སོང་། ཁྱེད་ཀྱིས་ཁོ་ཉི་མའི་ནང་ དུ་བཞག་སྟེ་གཟུགས་པོ་སྐམ་རྗེས་ཕྱིར་ཁྲིད་ཤོག” 64
ཟེར་ནས་བཤད་བྱུང་
བས། ངས་ཁྱི་ཕྲུག་ཉི་མའི་ནང་ལ་བཞག་རྗེས་ཕྱི་ཡོང་ནས་བརྙན་འཕྲིན་ལྟ་ འཕྲོ་དེ་ལ་མཇུག་མཐུད་དེ་བལྟས་པ་ཡིན། ཡུད་ཙམ་འགོར་རྗེས་ངས་གཞི་ ནས་ཁྱི་ཕྲུག་ཕྱི་ལོགས་སུ་བཞག་ཡོད་པ་དྲན་པ་སོས་སོང་།
མགྱོགས་པོ་
སྒོའི་ཕྱི་ལོགས་ལྟ་རུ་འགྲོ་དུས་ཁྱི་ཕྲུག་མཐོང་ས་ན་མི་འདུག ང་བྲེལ་འཚུབ་ ཀྱིས་ཕྱོགས་གང་སར་བཙལ་ཀྱང་མ་མཐོང་། ངའི་སེམས་སུ་གློ་བུར་དུ་དོན་ འགྲུབ་དྲན་ཏེ་ཁོ་ཚང་ལ་སོང་སྟེ། “དོན་འགྲུབ། ཁྱེད་ཀྱིས་ངའི་ཁྱི་ཕྲུག་དེ་
མཐོང་སོང་ངམ།” ཟེར་ནས་ཁོང་ལ་སྐད་ཆ་འདྲི་དུས། ཁོང་གིས། “གཞུང་ ལམ་འཁྲིས་ན་ཁྱེད་ཀྱི་ཁྱི་ཕྲུག་འདྲ་བོ་ཞིག་འདུག ཞིག་མ་ཤེས།
དེ་ཡིན་མིན་གསལ་པོ་
དེ་ལས་ངེད་གཉིས་སོང་ནས་གཅིག་བལྟས་ན་ཤེས་ངེས་
རེད།” ཟེར་བྱུང་བས། ངེད་གཉིས་མགྱོགས་པོ་གཞུང་ལམ་འཁྲིས་སུ་རྒྱུག་ ཤར་བླངས་པ་ཡིན། ཏག་ཏག་ལ་ཁྱི་ཕྲུག་གཞུང་ལམ་དཀྱིལ་ན་དཀར་རིལ་
རིལ་གྱིས་འགྲོ་ཡི་འདུག་པ་མཐོང་མ་ཐག ངས། “ཁྱི་ཕྲུག ཕྱིར་ལོག་ཤོག” ཟེར་ནས་སྐད་རྒྱག་སྐབས།
རྒྱབ་ལོགས་ནས་དོན་འགྲུབ་ཀྱིས། “ཁོ་ལ་
མིང་མེད་དམ། ཁྱེད་ཀྱིས་སྐད་བཏང་རུང་ཁོས་ཐོས་ཐུབ་ཀྱི་མ་རེད། གལ་ སྲིད་ཁོ་ལ་མིང་ཡོད་རུང་གོ་རྒྱུ་མ་རེད།” ཅེས་ཟེར་བྱུང་། སྐབས་ཐོག་དེར་ གཞུང་ལམ་སྟེང་ནས་སྤྱི་སྤྱོད་རླངས་འཁོར་ཆེན་པོ་ཞིག་མདའ་འཕངས་པ་ བཞིན་རྒྱུག་ནས་ཡོང་གི་འདུག
ངས། “ཁྱི་ཕྲུག་སེམས་ཆུང་བྱོས། རླངས་འཁོར་ཡོང་གི་འདུག” ཟེར་
ནས་སྐད་བརྒྱབ་རུང་། སྟབས་མ་ལེགས་པར་ཁྱི་ཕྲུག་རླངས་འཁོར་འོག་ལ་
ཤོར་ཏེ་གཞུང་ལམ་ཧྲིལ་པོར་ཁྲག་དམར་གྱིས་བརྫིས་པས། དོན་འགྲུབ་དང་ 65
ངེད་གཉིས་ཞེད་ཐག་ཆོད་དེ་སྐད་ཆ་ཡང་བཤད་མ་ཐུབ་པར་ཡུད་ཙམ་རིང་ ལུས་སོང་།
དེ་ནས་དོན་འགྲུབ་ཀྱིས་སྒམ་ཆུང་ཆུང་ཞིག་ཁྱེར་ཡོང་སྟེ་ངེད་
གཉིས་ཀྱིས་ཁྱི་ཕྲུག་གི་རོ་དེ་ས་འོག་ཏུ་སྦས་པ་ཡིན།
ནང་དུ་ལོག་རྗེས་ངས་ཁྱི་ཕྲུག་ལ་བྱུང་བའི་དོན་དག་རྣམས་ཨ་མ་ལ་
བཤད་དུས། ཨ་མས། “ཁྱེད་རང་གིས་འགན་ཁུར་ཞིག་གཏན་ནས་ཁུར་གྱི་
མི་འདུག ཚེ་སྲོག་ཅིག་ཁྱེད་ཀྱིས་མེད་པར་བཟོས་པ་རེད། སྡིག་པ་རེད་ཡ། ཨ�་མ་ཎི་པདྨེ་ཧཱུཾཿ” ཟེར་ནས་མ་ནི་ཁ་ཤས་ཤིག་བགྲངས་སོང་བས། ང་དེ་ ལས་ཀྱང་འགྱོད་པ་ཞིག་སྐྱེས་སོང་།
དགོང་མོ་དེར་ཁྱི་ཕྲུག་གི་སྐད་སྒྲ་གྲག་རྒྱུ་མེད་པས།
དུ་གཉིད་ཁུག་ཐུབ་མ་སོང་། བརྒྱབ་ན་ཅི་མ་རུང་སྙམ། དཔེར་བརྗོད་བཞི་པ།
ང་ལྷག་པར་
སེམས་སུ་ཁྱི་ཕྲུག་འདི་ཡོང་ནས་སྐད་ཅིག་
<<བློ་འགྱོད>> གཅིག
དབྱར་ཟླ་བཞི་པའི་ཚ་གདུག་ནི་མེ་རི་འཕྱུར་བ་ལྟར་ཕྱོགས་ཕྱོགས་ན་
ལྡང་བའི་རླུང་བུ་དག་ཀྱང་ཚ་ལམ་ལམ་བྱེད་ཀྱི་ཡོད་པས། ཁོ་ར་ཁོོར་ཡུག་
ཀུན་ལ་སྟོང་ལྷང་ངེར་བསྡད་ཡོད་པའི་ཚོར་སྣང་ཞིག་བཅོས་མིན་དུ་སྟེར།
དུས་ཚིགས་འདི་སླེབས་ཐེངས་རེར་ཁོར་ཡུག་འདིའི་མཛེས་སྡུག་གི་ཁ་དོག་ 66
བལྟས་བལྟས་ལ་རྒས་འགྲོ་ཞིང༌།
མི་རྣམས་ཀྱི་སེམས་ངོར་སྡུག་བསྔལ་
སྣོན་མ་ཞིག་ཀྱང་རང་བཞིན་གྱིས་འཁོར་ནས་ཡོང་གི་ཡོད་པས། ངས་རང་
ཉིད་ཀྱི་ཚོགས་ཐུན་ཁྲིད་ཚར་རྗེས་ཉལ་ཁྲིའི་སྒང་ནས་གན་རྐྱལ་དུ་ལོག་ནས་ བསྡད། ཡུད་ཙམ་གྱི་རྗེས། གློ་བུར་དུ་ “ཐག་་་ ཐག་་་” ཅེས་ངའི་ཉལ་ཁང་གི་ སྒོ་བརྡུང་བའི་སྒྲ་ཞིག་གྲགས་བྱུང་བས། ངས་སུན་སྣང་དང་བཅས་སྒོ་ཕྱེས་ པ་ན།
དེ་ནི་གཞན་མ་ཡིན་པར་ང་ཚོའི་སློབ་གྲྭའི་ཡིག་སྐྱེལ་མཁན་བསྟན་
འཛིན་རེད།
“རྒན་རྡོ་བྷ་ལགས།
འདི་ན་ཁྱོད་ལ་ཡི་གེ་ཞིག་འདུག”
ཅེས་ཤོད་
བཞིན་ཡིག་ཤུབས་དཀར་པོའི་སྟེང་ལ་ཚོན་མདོག་སྔོ་ནག་ཅན་གྱི་ཡིག་འབྲུ་
ཁ་ཤས་བབས་ཡོད་པའི་ཡིག་སྐོགས་དེ་ངའི་ལག་ཏུ་བསྟབས་རྗེས་ཕྱིར་ ལོག་སོང༌།
ངས་ཡང་བསྐྱར་ཡི ག ་སྐོགས་སྟེང་གི ་ ཡི ག ་འབྲུ་རེ ་ རེ ་ ག་ལེ ར ་ཀློ ག ་
དུས་ཏག་ཏག་ངའི་རེད་འདུག་མོད། ས་ཆ་གང་ནས་བསྐུར་བའི་གསལ་ཆ་ མེད་པས་ན།
སུའི་ཡིན་ནམ་སྙམ་པའི་དོགས་པ་ཞིག་དང་མཉམ་དུ་ཡིག་
སྐོགས་དེ་ག་ལེར་ཁ་ཕྱེ་བ་ཡིན།
ངའི་སྙིང་གི་བདག་པོ་རྡོ་བྷ་ལགས།
ཡི་གེ་ཞིག་འབྲི་བསམ་ནའང༌།
སྐད་ཆ་མང་དྲགས་པའི་རྐྱེན་གྱིས་འགོ་གང་ནས་འཛུགས་དགོས་པའང་མ་ ཤེས། གང་ལྟར་ནམ་ཞིག་འཕྲིན་ཡིག་འདི་ཁྱོད་ཀྱི་ལག་ཏུ་འབྱོར་ཚེ། ལས་
ངན་མ་ང་རང་མི ་ འདོ ད ་བཞི ན ་དུ་ཡོ ད ་ཚད་བསྐྱུར་ནས་འགྲོ ་ དགོ ས ་བྱུང་ 67
སོང༌། ང་འདི་ལྟར་སོང་ཚེ། ངས་ཁྱོད་ཀྱི་མདུན་ཐད་ན་ལྷག་པའི་སྐྱ་ཟད་སྔོ་ གཏུགས་ཀྱི་མི་ཚེའི་བཞུད་ལམ་དེ་དང་། ང་དྲན་པའི་སྡུག་སྣང་གི་ལོ་ཟླ་དེ་
དག་ལ་བསམ་བློ་མ་འཁོར་བ་གཏན་ནས་མིན་མོད། དེ་ནི་ངས་ཁྱེད་ཀྱི་མིག་
ཟུང་ཕྲ་མོ་དང་མཉེན་ལྕུག་གི་ལག་ཟུང་འཇམ་པོ་དག་ནམ་ཡང་ངའི་སེམས་
ཁོང་དུ་མི་རྙིང་བའི་ཆེད་དུ་ཡིན། འདི་ལྟར་ལམ་ལ་ཞུགས་དུས་ཆེས་བཟོད་ པར་དཀའ་བ་ནི་འོ ་མ་ལས་དཀར་པའི་ཁྱོད་ཀྱི་བརྩེ་སེམས་དང་།
རྒྱ་གླིང་
ལས་སྙན་པའི་ཁྱོད་ཀྱི་སྙིང་གཏམ་དྲོན་མོ་དེ་དག་རེད། དེ་དག་ལས་ངས་ད་ གཟོད་མིའི་བདེ་སྐྱིད་ཀྱི་འཚོ་གནས་རྙེད་ཅིང༌། བུ་མོ་ཞིག་གི་སེམས་ཚོར་
གྱི་འཚོ་སྣེ་འབུས་སོང་བས། ངས་ཁུ་སིམ་མེར་སེམས་གཏིང་ནས་ཁྱོད་ལ་ ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྡོ་བྷ་ལགས། ནམ་རྒྱུན་མཉམ་འཛོམས་སྐབས་ཀྱི་གླེང་མོལ་དེ་དག་
ལ་ཕྱིར་འདང་རེ་བརྒྱབ་ན།
ཅི་འདྲའི་ཡིད་དུ་འོང་བའི་མིའི་འཚོ་གནས་
ལ་མཁོ་བའི་བདེ་སྐྱིད་ཅིག་རེད་ཨང༌། ད་དུང་ཁྱོད་ཀྱི་མགྲིན་པ་ནས་ཐོན་ དཀའ་ཞིང་། ངས་ཡུན་རིང་ལ་བསྒུགས་པའི་སྐད་ཆ་སྟེ། “ང་ཁྱོད་རང་ལ་
དགའ། དངོས་གནས་ཁྱོད་རང་ལ་དགའ།” ཟེར་བའི་སྐད་ཆ་གསོན་པོ་
འདི་རེད། དུས་སྐབས་དེ་ནས་བཟུང་སྟེ་ངས་ཁ་རོག་གེར་རང་ཉིད་ཀྱི་ལུས་ སེམས་གཙང་མ་དེ་ཁྱོད་ཀྱི་ལག་ཏུ་འཇོག་པའི་དམ་བཅའ་བཞག་པ་ཡིན།
ད་ལྟའང་ཉིན་མོ འི་ཟས་དང་མཚན་མོའི་རྨི་ལམ་དུའང་ཁྱོད་རང་ཁོ་ན་དྲན་ ནས་བསྡད་ཡོད།
རྡོ་བྷ་ལགས། ཁྱོད་ཀྱི་དྲན་སོས་ཀྱིན་ཨེ་འདུག མཐར་ཕྱིན་མཚན་ 68
ཚོ ག ས་སྐབས་ཀྱི ་ དགོ ང ་མོ ་ དེ ར ་ངས་ཁྱེད་ཀྱི ་ གནག་སྣུམ་གྱི ་ སྐྲ་ལོ ་ བཀྲུ་ སྐབས་ཀྱི་རྩེད་དགོད་དེ།
དུས་སྐབས་དེ་དག་ནི་ཅི་འདྲའི་མི་སེམས་
འགུགས་པའི་བདེ་སྐྱིད་ཅིག་རེད་ཨང༌། རྒྱུ་མཚན་དེས་ངས་ད་དུང་ཁྱོད་ཀྱི་ དབུ་སྐྲ་དེ་མུ་མཐུད་ནས་བཀྲུ་འདོད་ཆེ་མོད། ཡིན་ནའང་། གནམ་རྒན་མས་
གོ ་སྐབས་འདི་ སྤྲད་མ་སོང་བས་ཅི་འདྲའི་བསྲན་དཀའ་བའི་ སྡུག་བསྔལ་ ཞིག་རེད་ཨང༌།
ཡི་གེ་བྲིས་ནས་མཚམས་འདིར་སླེབས་དུས།
དངོས་གནས་ཁྱོད་རང་དྲན།
ཁྱོད་རང་ཧ་ཅང་དྲན།
ཁྱོད་རང་དྲན་ནས་སྙིང་ནས་ཟུག་གཟེར་ལྡང་
ཞིང༌། མགྲིན་པ་ནས་དབུགས་སྒོ་འཚང་ནའང༌། ད་བྱ་ཐབས་ཅི་ཞིག་ཡོད།
དེ་བས་ངའི་སྡུག་བསྔལ་ཡོད་ཚད་རང་ཉིད་ཀྱི་བྲང་ཁོག་ནས་ཆུ་ཁོལ་ལྟར་ གདུ་རུ་འཇུག་རྒྱུ་ལས་ཁྱོད་རང་ཡང་སྡུག་བསྔལ་འདི འི ་ གྲས་སུ་འཇུག་
འདོད་མེད་པས་ཡིན། དེ་ནི་ང་ཁྱོད་ལ་དུང་བའི་མཚོན་རྟགས་ཡིན་ལ། ངས་ ཁྱོད་ལ་བཅངས་པའི་བརྩེ་སེམས་ཀྱང་འདི་ཡིན། ཁྱོད་རང་སྐྱིད་ནས་བདེ་པོ་ བསྡད་ན་ང་ལ་དེ་གའི་ཆོག
རྡོ་བྷ་ལགས། ང་ཡང་ཁྱེད་རང་ལ་ཧ་ཅང་དགའ། དངོས་གནས་དགའ།
ཁྱེད་ལ་དགའ་བའི་དབང་གིས་ཡོད་ཚད་གཏིང་བརྗེད་དུ་སོང༌། ཐ་ན་གཉེན་ ཉེ་དང་།
ཕ་མ། ལས་སྣེ་སོགས་ཀྱང་གཏིང་བརྗེད་དུ་སོང༌། དེ་སྔོན་ཁྱོད་
ཀྱིས་ལྷད་མེད་ཀྱི་བརྩེ་སེམས་བཅངས་པ་ནས་བཟུང༌།
འཇིག་རྟེན་འདི་ན་
ང་ལས་སྐྱིད་པོ་ཞིག་སུ་ཡོད་སྙམ་ནས་སེམས་པ་སྐྱིད་ལྷང་ལྷང་གིས་བསྡད་
ནས་ཡོད་ནའང༌། ལས་བསམ་སར་མི་འགྲོ། གསེག་སར་འགྲོ། ཟེར་བ་ 69
ལྟར་ཁོང་ཚོས་འདི་ལྟར་རྒྱུ་དང་དབང་གྲགས་ཀྱི་ཆེད་དུ་ངའི་བདེ་སྐྱིད་ཡོད་ ཚད་བཅོམ་སོང་བས།
ང་དངོས་གནས་སྙིང་ལངས་ནས་བཟོད་ཐབས་མི་
འདུག གཅིག་བྱས་ན། འདི་ཡང་ལས་དབང་ཡིན་སྲིད་མོད། དཀོན་མཆོག་
གིས་ཀྱང་འདི་ལྟར་བུ་མོ་ངའི་རྡོག་སྣེ་ལ་ཚེར་སྡོང་འཛུགས་དགོས་དོན་ཅི་ ཡིན་ནམ། གང་ལྟར་ང་ལམ་ལ་ཆས་སོང༌། ཁྱོད་ཀྱི་འཛུམ་མདངས་དང་ཡོད་ ཚད་རུམ་ནས་ལམ་ལ་ཆས་སོང་བས་དེ་དག་ནི་ངའི་མཐའ་མཇུག་གི་ལམ་ རྒྱགས་ཁོ་ནའོ། །
མཐར་ཁྱོད་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་དང་བཅས་
ཁྱོད་ཀྱི་སྙིང་གི་བདག་མོ་མ་ནས།
ཡི་གེ་ཀློག་ནས་མཚམས་འདིར་སླེབས་དུས། “འདི་ནི་དངོས་གནས་
ཡིན་གྱི་མ་རེད།” ཅེས་ངའི་ངག་ནས་ཤོར་ནའང༌། སེམས་ཀྱི་གཏིང་རིམ་ ནས་ཁོ་མོའི་འཕྲིན་ཡིག་གི་ཚིག་འབྲུ་རྣམས་རྦ་རླབས་ལྟར་ཡར་འཕྱུར་བྱུང་ བས། དེ་མ་ཐག་ཉལ་ཁང་ལ་སྒོ་ལྕགས་བརྒྱབ་སྟེ་ཁོ་མོའི་ཕྱོགས་སུ་བསྐྱོད།
ནམ་རྒྱུན་གཞུང་ལམ་གཡས་གཡོན་ཀུན་ལ་སྔོ་ལྗང་ལྗང་གི་ཁ་དོག་
ཅིག་གིས་ཁེངས་ནས་ཡོད་མོད། དེ་རིང་ངའི་མིག་ལམ་ན་དེ་དག་ནི་སྐྱ་བོ་
མདོག་མེད་ཀྱི་ཤིང་ལོ་སྐམ་པོ་དག་དང་། གཡས་འཁྱོག་གཡོན་འཁྱོག་གི་ ཤིང་སྡོང་སྐམ་པོ་དག་ལས་ཅི་ཡང་མི་སྣང་བ་མ་ཟད། མཚམས་མཚམས་སུ་ རྒྱུ་ཡོང་བའི་རླུང་འཚུབ་རྩུབ་མོ་དག་གི་ཤག་སྒྲ་དེས་ཀྱང་ངའི་ཡིད་སེམས་
གཙེས་པར་བྱས་ཤིང༌། འགྲུལ་སྐྱེལ་རླངས་འཁོར་འདི་ཡང་ས་འབུ་རྐང་མེད་ 70
ལྟར་ག་ལེར་འགུལ་སྐྱོད་བྱེད་ཀྱིན་ཡོད་པའི་ཚོར་སྣང་འདིས་བྲང་གཞུང་ ནས་བྲེལ་འཚུབ་ཀྱི་མེ་སྟག་ཅིག་དང་མཉམ་དུ་ཁོ་མོས་བྲིས་པའི་འཕྲིན་ཡིག་ དེ་ལ་ཡང་བསྐྱར་ཞིབ་ལྟ་ཞིག་བྱས།
ཀྱིན་སྙིང་རླུང་སྟོད་ནས་འཚངས་ཤིང༌།
འཕྲིན་ཡིག་དེ་ལ་བལྟས་ཀྱིན་བལྟས་
སྐབས་རེར་སེམས་འཚབ་ཅིག་
གིས་གཅུན་ནས་ཡོང་བའི་མོད་ལ་ཁོ་མོའི་དཀར་གསལ་གྱི་འཛུམ་མདངས་ དེ་ག་ལེར་ཁོའི་མིག་གི་མེ་ལོང་ངོས་སུ་འཆར་ནས་བསླེབས།
དེ་ནི་ཏག་ཏག་ཕྱི་ལོ་༢༠༠༥ ཟླ་༧ པ་དབྱར་གཞུང་གི་ཉིན་མོ་ཞིག་སྟེ།
གཞི་རིམ་འཛིན་གྲྭ་ནས་ཐོན་ཏེ་མཐོ་སློབ་ཀྱི་སྒོ་ཐེམ་སྙེག་པའི་སྐལ་བཟང་གི་
ཉི་མ་དང་པོ་དེ་ཡིན་། ང་མཐོ་སློབ་ག་གེ་མོ་དེའི་སྒོ་ཐེམ་དུ་གོམ་པ་སྤོས་མ་
ཐག་ངའི་མིག་མདུན་དུ་མངོན་པ་ནི། རས་དཀར་གྱི་འཕྲེད་དར་ཞིག་གི་སྟེང་
ལ༑ “སློབ་གྲོགས་གསར་པ་ཕེབས་པར་དགའ་བསུ་ཞུ།” ཞེས་ཨིན་ཡིག་གི་ ཚིག་འབྲུ་འགའ་བྲིས་ཏེ་ཐུར་དུ་དཔྱངས་འདུག་པ་དེ་རེད། དེའི་མདུན་ཕྱོགས་
སུ་རྒྱ་བོད་འདྲེས་མའི་གཞོན་སྐྱེས་མང་པོས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ འདུག་པས།
བལྟས་ཚོད་ཀྱིས་ང་དང་འདྲ་བར་སློབ་མ་གསར་པའི་འབྱོར་
ཐོ་འགོད་ཀྱིན་པ་ཤེས་ཤིང༌། ངས་ཀྱང་རང་ཉིད་ཀྱི་རྒྱུགས་འབྲས་ཤོག་ལྷེ་
དག་དང་། ངོས་སྦྱོར་ཡི་གེ་རྣམས་ཐོ་འགོད་ཁང་དུ་སྤྲད་དེ་ཐོ་བཀོད་ནས་ཕྱི་
ལོགས་སུ་ཡོང་སྐབས་སྒོ་འགྲམ་ནས་མི་ཞིག་དང་གདོང་ཐུག་བརྒྱབ་བྱུང་། ངའི་ལག་གི་ཤོག་བུ་རྣམས་རླུང་གིས་ཁུར་བ་ལྟར་ས་ལ་འཐོར་བ་དང་། ཁོང་ ཁྲོ་དང་བཅས་ཏེ་མདུན་དུ་བལྟས་པ་ན། དེ་ནི་བབ་ཆགས་ཤིང་གཤིས་འཇམ་
གྱི་བུ་མོ་ཞིག་སྟེ། ཁོ་མོས་དེ་མ་ཐག “དགོངས་པ་མ་འཚོམས།” ཟེར་བ་ 71
དང་མཉམ་དུ་ཐང་གི་ཤོག་བུ་རྣམས་ལམ་སང་ཡར་བསྒྲུགས་ཏེ་ངའི་ལག་ཏུ་ བཞག རྐྱེན་གང་ཞིག་ཡིན་མིན་མི་ཤེས་མོད། ངའི་ཡིད་ཀྱི་ཁོང་ཁྲོ་དེ་ལམ་ སང་ཞི་འཇམ་དུ་གྱུར་པ་མ་ཟད། ཁ་ནས་རང་དབང་མེད་པར། “གལ་ཡོད་མ་
རེད།” ཞེས་ཤོར་ཞིང་། མིག་ཟུང་ཁོ་མོར་ཧྲིག་ནས་ལྷག མོས་སྐད་ཆ་ཚིག་
གཅིག་ཀྱང་མི་བཤད་པར་འཛུམ་ཙམ་བྱས་ནས་ནང་ལོགས་སུ་འགྲོ་ཚུལ་ལ་ བསམས་ན།
ངའི་ངོ་གདོང་ན་ཚ་ལམ་ལམ་གྱི་དམར་མདངས་འཕྱུར་བའི་
ནས་བསླེབས།
ངས་ཀྱང་རང་ཉིད་ཀྱི་ཚ་ལམ་ལམ་གྱི་ངོ་གདོང་ལག་པས་
ཚོར་བ་དང༌། ཤོག་ལྷེ་ལེན་པའི་ལག་ཟུང་གཉིས་ལྕུག་ལྕུག་འདར་གྱིན་པའི་
ཚོར་སྣང་དག་རྟོགས་སོང་བ་མིན་ནམ་སྙམ་པའི་སེམས་ཚོར་ཞིག་གིས་དེད་ རེག་ཞོར་ཉལ་ཁང་ཕྱོགས་སུ་བསྐྱོད་པ་ཡིན།
གཉིས་པ།
“ཝ་ཉལ་ནས་བསྡད་ན། །རྩྭ་རླུང་གིས་འཁུར་ཡོང༌། །”ཟེར་བ་ལྟར་ང་
འཛིན་གྲྭའི་ནང་ལ་ཐོན་མ་ཐག་ལྟ་ཞིབ་ཅིག་བྱས་ནས་མདུན་གྲལ་གྱི་འདུག་
སྟེགས་ཤིག་ལ་སྡོད་དགོས་བསམ་མོད། ངའི་མིག་ལམ་དུ་ཁ་སང་གི་བུ་མོ་
དེ་འདྲ་བ་ཞིག་གཡོན་གྲལ་གྱི་མདུན་ཅོག་གསུམ་པའི་སྟེང་ན་བསྡད་ཡོད་པ་ མཐོང་སོང་བས། ཨེ་ཡིན་ནམ་སྙམ་ནས་ཞིབ་ཀྱིས་ལྟ་བའི་སྐབས་དེར། གློ་
བུར་དུ་འཛིན་ཁང་གི་སྒོ་ཁྲོག་སེ་ཕྱེས་པ་དང་མཉམ་དུ་ཀླད་གཙུག་གི་སྐྲ་
དཀར་ཐར་ཐོར་འགའ་ཁ་ཡི་འགྲམ་དུ་བཙུགས་པ་དང་འདྲ་བའི་བགྲེས་སོང་ ཞིག་གི་ལག་ཏུ་མཐུག་ལ་རྙིང་རལ་དུ་གྱུར་པའི་དཔེ་དེབ་འགའ་བཟུང་ནས་ 72
སླེབས་སོང་བས། ངས་དེ་མ་ཐག་འདུག་སྟེགས་ཤིག་བཙལ་ཏེ་མར་བསྡད་ པ་ཡིན།
བགྲེ ས ་སོ ང ་དེ ས ་དཔེ ་ དེ བ ་རྣམས་མདུན་ཅོ ག ་སྟེང་ལ་བཞག་རྗེ ས །
སྒོར་ལ་ཆེ་ཞིང་གདོང་ཁུག་ན་ཐུར་དུ་ཟགས་ལ་ཁད་ཡོད་པའི་མིག་ཤེལ་ དེ་ཡར་ཅུང་ཙམ་འདེད་ཞོར་དུ་འཛིན་ཁང་ཧྲིལ་པོར་ཞིབ་ལྟ་ཞིག་བྱས་ཏེ་ན་
རེ༑ “ངའི་མིང་ལ་ཁུ་རེ་ཤིན་ནོ་མརཏེ་ཟེར་ཞིང༌། ཁྱོད་ཚོ་དང་མཇལ་བར་
དགའ་པོ་བྱུང་།” ཞེས་ཨིན་བོད་འདྲེས་མའི་ཐོག་ནས་དེ་ལྟར་བཤད་པ་དང་། སློབ་གྲོགས་ཚང་མས་ཐལ་སྒྲ་ཐག་དིར་རེ་བརྡབ་སོང་བས།
བགྲེས་སོང་
གྲོགས་ཚོས་སོ་སོ་ངོ་སྤྲོད་མདོར་བསྡུས་རེ་བྱེད་རོགས༌།”
ཟེར་ནས་ཡང་
དེས་ལག་པ་ཡར་བརྐྱངས་མར་བསྐུམས་འགའ་བྱས་ནས་མུ་མཐུད་དེ་ན་རེ། “དེ་རིང་སློབ་འགོ་ཚུགས་པའི་ཉིན་དང་པོ་དེ་ཡིན་པས་སློབ་ཁྲིད་མེད། སློབ་ བསྐྱར་མིག་ཤེལ་དེ་གདོང་ཁུག་ནས་ཡར་འདེད་ཙམ་བྱས།
དེ་མ་ཐག་གཡས་གྲལ་ནས་འགོ་བཙུགས་ཏེ་སློབ་གྲོགས་ཚོས་སོ་སོ་
ངོ་སྤྲོད་མདོར་བསྡུས་རེ་བྱས་སོང་བས། ངས་བློ་རིག་བསྒྲིམས་ནས་བསྡད་
པ་ཡིན། སྐབས་དེར་ཁོ་མོའི་མིང་ལ་ལྷ་སྒྲོན་ཟེར་གྱིན་པ་གཞི་ནས་རྟོགས་
ཤིང༌། སྙན་པའི་མིང་འདི་དང་ཁོ་མོའི་གཟུགས་བྱད་དག་སྐད་ཅིག་ཙམ་ལ་
ཡང་ངའི་མིག་ནང་ནས་དོར་མ་མྱོང་བའི་ཉིན་ཞག་དེ་དག་ནི་ཇི་འདྲའི་འགྲེལ་ དཀའ་བའི་དུས་ཚོད་ཅིག་རེད་ཨང༌།
སྟོང་བསམ་གྱིས་ཁེངས་པའི་ཉིན་ཞག་མང་པོ་རིམ་གྱིས་འདས་ཤིང་། 73
དེ་རིང་ཡང་བདུན་གཅིག་གི་ཉིན་མཐའ་མ་སྟེ་གཟའ་ཉི་མ་ཡིན་པས་ན། ངས་
རང་ཉིད་གོམས་ཕྱོགས་ཤིག་གིས་བོད་ཡིག་གི་ཀློག་དེབ་ཅིག་བཟུང་ནས་ ལྡུམ་རའི་ནང་དུ་འཆམ་འཆམ་དུ་བསྐྱོད་པའི་སྐབས། ངའི་འཛིན་གྲོགས་ཚོ་ ཡང་དེ་ན་ཡོད་པས་ཤར་མར་ཁོང་ཚོའི་འཁྲིས་སུ་བཅར་བ་ཡིན་མོད།
བློ་
ཡིད་ལས་འདས་པ་ཞིག་ལ་ཁོང་ཚོས་ངའི་ལག་གི་དཔེ་དེབ་དེ་ལ་ལྟ་ཞོར་ ཁ་བརྫེས་བརྫེས་དང་སྣ་སྙེར་སྙེར་བྱེད་ཀྱིན་ཡོད་པ་མ་ཟད༌།
དེའི་གྲས་ཀྱི་
བསོད་ནམས་ཀྱིས་ང་ལ། “ཀླད་པ་ལྗང་ཁུ་རེད། ཁ་སང་དེ་རིང་བོད་ཡིག་
གིས་གྲོད་ཁོག་རྒྱག་གིན་མེད་པ་དེའང་ཤེས་ཀྱིན་མི་འདུག” ཟེར་བའི་ཨིན་ བོད་འདྲེས་མའི་ཚིག་འབྲུ་འདིས་ངའི་གློ་སྙིང་གཉིས་འགད་རྫས་ཀྱིས་གས་ པ་ལྟར་ཚ་བེར་སེ་བཏང་སོང་། ནས་ཡོད་པའི་སྐབས་དེར།
དེ་ལ་ལན་ཅི་ཞིག་འདེབས་དགོས་བསམ་
“དེ་འདྲ་མ་གསུངས། ང་ཚོར་འགན་ཁུར་ཞིག་ཡོད་རེད། ང་ཚོའི་རིག་
གཞུང་” ཞེས་ལྷ་སྒྲོན་གྱི་སྐད་ཆ་བཤད་མ་ཚར་བའི་གོང་ལ་བསོད་ནམས་ ཀྱིས་ཁོ་མོའི་ཚིག་མཚམས་བཅད་དེ་ན་རེ།
“ར་མགོར་བརྒྱབ་ན་ར་རྟིང་
ལ་གནོད་པ་དཔེ་རེད། ང་ཚོ་འགྲོ།” ཟེར་ནས་གཡས་སྐོར་ཅིག་བྱས་ཏེ་
ཕྱིན་སོང་ལ། དེའི་རྗེས་ལ་གྲོགས་པོ་གཞན་རྣམས་ཀྱང་གཅིག་རྗེས་གཉིས་ མཐུད་དུ་ལངས་ནས་བུད་སོང་བས།
ཤུལ་དུ་ང་དང་ལྷ་སྒྲོན་གཉིས་མ་
གཏོགས་མེད་ནའང༌། ངེད་གཉིས་ཀྱི་བར་ལ་གླེང་མོལ་མེད་པར་ཡུད་ཙམ་
ཞིག་ལ་ཁུ་སིམ་མེར་ལུས། སེམས་པ་འདི་བདེ་བོ་རང་མེད་པས་ན། ངས་ བཙན་ཚུགས་ཀྱིས་མགྲིན་པ་འདི་བསང་ཞོར་དུ། “དོན་དངོས་སུ་ང་ལ་ནོར་ 74
འཁྲུལ་ཅི་ཞིག་ཡོད། ཁོང་ཚོ་དང་བོད་ཡིག་གི་བར་ལ་འདི་འདྲའི་ཞེ་འཁོན་
ནག་པོ་ཞིག་ཡོད་པ་འདི་ངས་ཅི་ལྟར་ཤེས། མ་གཞི་ནས་ཁོང་ཚོ་ཡང་བོད་ པ་ཡིན་རྒྱུ་རེད།”
ཅེས་སྐད་ཆ་བཤད་འདོད་ཀྱི་འདུན་པ་སྔོན་དུ་སོང་ནས་
དོན་མེད་ཀྱི་སྐད་ཆ་འདི་ཁོ་མོའི་ཁ་སློང་ཆེད་དུ་སྨྲས་པ་ཡིན། ཁོ་མོས་འཛུམ་ཙམ་བྱེད་ཞོར།
“བོད་པ་ཡིན་དང་ཡིན།
གཙང་མ་
གཙང་རྐྱང་རེད།” ཟེར་ནས་མུ་མཐུད་དུ། “ཁྱོད་ཀྱི་དཔེ་དེབ་དེ་ཅི་རེད། ངས་ བལྟས་ན་འགྲིག་གམ།”
ཞེས་དཀར་འཇམ་གྱི་ལག་པ་ཞིག་ཚུར་བསྲིངས་
བྱུང་བས། ངས་ཀྱང་དེབ་དེ་ཁོ་མོར་བསྟབས་པ་ཡིན།
“འོ་་་། ཤར་དུང་
རི་རེད་འདུག ངས་ཆེས་ཀློག་འདོད་ཆེ་བའི་དཔེ་དེབ་དེ་རེད།” ཟེར་ནས། ལམ་སང་དཀར་ཆག་ནས་ཀློག་འགོ་ཚུགས་སོང༌།
སློབ་འགོ་ཚུགས་ནས་དུས་ཡུན་རིང་པོ་ཞིག་འགོར་ཡང༌།
བར་དུ་ཁོ་མོའི་ངོ་གདོང་ལ་ཞིབ་ལྟ་བྱས་པ་དེ་རིང་ཙམ་ཡིན་པས།
ངས་ད་ ཁོ་མོ་
ནི་དངོས་གནས་བབ་ཆགས་ཤིང་གཤིས་འཇམ་གྱི་བོད་པའི་བུ་མོ་ཞིག་གི་ ཁྱད་ཆོས་ཡོངས་སུ་ཚང་འདུག གནག་ཀྱང་སྣུམ་ལ་ཁེར་བསླས་བྱས་པའི་ སྐྲའི་ལན་བུ་དང་།
དཀར་ཞིང་སྒོར་ལ་བཅོ་ལྔའི་དུང་ཟླ་ལྟར་མཚར་བའི་
ཞལ་རས། ཕྲ་ཞིང་རྩེ་རྣོ་བའི་སྣའི་འོག་རོལ་ན་མུ་ཏིག་ལྟར་འོད་འཚེར་བའི་ དུང་སོ་སུམ་ཅུ་དུས་རྒྱུན་དུ་ཁྲ་ལམ་མེར་མངོན་ཡོད་པ་མ་ཟད། རྒྱགས་ཤ་ དོད་པའི་བྲང་གཞུང་ན་མཁྲང་ཟླུམ་གྱི་འོ་འཛིན་ཟུང་སྟོད་གོས་སྲབ་སྲབ་ཅིག་
གིས་འོག་ན་ཚུར་ཅུང་ཙམ་འབུར་ཡོད་པ་དེས་ཆེད་དུ་ང་འདྲ་བའི་ན་གཞོན་ དག་ལ་སྙད་བསྐོ་བ་དང་འདྲ་བས། ཡུད་ཙམ་ཞིག་ལ་ངའི་མིག་ཟུང་འདི་ཚུར་ 75
བཅུན་མ་ཐུབ་པར་ཧད་ནས་ལུས།
ཁོ་མོས་དཔེ་དེབ་ང་ལ་བསྟབས་ཞོར།
“ད་དཔེ་དེབ་འདི་ཚོ་ཀློག་པའི་གོ་སྐབས་རྫོགས་ཡོད་པ་འདྲ། ཐ་ན་རང་གི་ ཕ་སྐད་ཀྱང་བརྗེད་འགྲོ་བས་དངོས་གནས་ངོ་གནོང་ནི་ཞིག་རེད། འདི་དག་ སེམས་ལ་འཁོར་ན་ངས་ཕ་མ་གཉིས་ལ་འཁང་ར་བྱེད་འདོད།” ཅེས་སྨྲས། “རང་གི་ཕ་མར་འཁང་ར་བྱེད་དགོས་དོན་ག་རེ་ཡིན་ནམ།”
“རྗེས་མ་ལས་ཀ་ཡག་པོ་རག་གི་རེད་ཟེར་ནས་ཁོང་ཚོས་ང་བོད་ཡིག་
སློབ་ཚན་མེད་པའི་ཁོར་ཡུག་འདི་འདྲ་ཞིག་ལ་བཏང་སོང་།” ཞེས་དབུགས་ རིང་ཞིག་བཏང་སོང༌།
ཁོ་མོའི་སྐད་ཆ་འདིས་ངའི་སྙིང་གི་ཁོང་དང་རུས་པའི་གསེང་ནས་ཚ་
ཤར་ཞིག་བརྒྱབ་པ་མ་ཟད།
བོད་པའི་ཕ་མ་དེ་ཚོ་འདི་འདྲའི་ཕུགས་རྒྱང་
མི་མཐོང་མཁན་རྐྱང་ཡིན་པ་འདི་ཅི་ཡིན་ནམ་སྙམ་ཞོར།
རང་ཉིད་ཁོར་
ཡུག་འདི་ལྟ་བུ་ཞིག་ལ་སུས་བཏང་བ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་ རང་བཞིན་གྱི་འཁོར་འོང་ནའང༌།
ཁོ་མོའི་ཡིད་ཀྱི་སུན་སྣང་གི་ཚོར་བ་དེ་
དཀྲོགས་ཕྱིར་ངས་གླེང་མོལ་གྱི་ཁ་ཕྱོགས་གཞན་དུ་བསྒྱུར་བ་ཡིན། “དོ་དགོང་།
རེས་གཟའ་ཉི་མའི་མཚན་ཚོགས་འདུག ཁྱོད་ཡོང་རྒྱུ་
ཡིན་ནམ།” ཟེར་ནས་ཁོ་མོར་བལྟས།
མོས་བསམ་བློ་ཞིག་བཏང་ནས་ཅུང་ཙམ་འགོར་རྗེས་མགོ་ཐུར་དུ་སྒུར་
ཞོར། “ཁྱོད་རང་གིས་མགྲོན་འབོད་བྱེད་ན་ཡོང་གི་ཡིན།” ཞེས་དགོད་ཙམ་ བྱས་ཏེ་དེ་ལྟར་བཤད།
76
“ཡིན་དང་ཡིན། གལ་སྲིད་ཁྱེད་རང་ཡོང་འདོད་ཡོད་ན། ངས་ཚོགས་
ཁང་སྒོ་འགྲམ་དུ་སྒུག་ཆོག”
“ཡ་་་” ཞེས་མཆུ་སྒྲོས་སོ་ཡིས་བཙིར་ཞོར་མགོ་བོ་ནང་དུ་གུག་གུག་
འགའ་བྱས།
“བྱས་ན། ཚིག་ཐོག་ལ་གནས་དགོས།” ཞེས་བཤད་པ་དང་། ཁོ་མོས།
“ཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོག” ཟེར་ནས་ང་ལ་ལག་འཇུ་ཞིག་བྱས་ སོང་བས།
ངའི་ཚོར་སྣང་ལ་ཁོ་མོའི་འཇམ་མཉེན་གྱི་ལག་པ་དེ་ངའི་ལག་
མཐིལ་ན་འབྱར་རྫས་ཀྱིས་སྦྱར་བ་ལྟར་དམ་པོར་བསྡད་ཡོད་པས།
ངའི་
སེམས་པའི་གཏིང་རུམ་ནས་བདེ་སྐྱིད་ཅིག་གིས་ཁེངས་ནས་ཡོང་བ་མ་ཟད། འཇིག་རྟེན་འདི་ང་ལ་དབང་བའི་ཚོར་སྣང་ཞིག་ཀྱང་སྐྱེས། ཁོ་ར་ཁོར་ཡུག་ ཀུན་ནས་རླུང་བུ་བསིལ་མོ་རེ་ལྡང་ཞོར་སྔོ་ལྗང་ལྗང་གི་སྡོང་ལོ་རྣམས་ཀྱིས་ མགོ་ལྕོག་ལྡེམ་ལྡེམ་བྱེད་ཚུལ་ལ་བལྟས་ན།
ངེད་གཉིས་ཀྱི་ལག་ཟུང་གི་
མདུད་པ་ལ་དགའ་བསུ་བྱེད་བཞིན་པ་དང་ཀུན་ནས་མཚུངས།
རེ ས ་གཟའ་ཉི ་ མ་སླེ བ ས་ཐེ ང ས་རེ ར ་སློ བ ་གྲོ ག ས་ཚོ ས ་རང་རང་གི ་
དགའ་ས་ཉེ་ས་རེ་བསྒྲིགས་ཏེ། མཚན་ཚོགས་ཁང་དུ་སྤྲོ་སྣང་ལ་རོལ་བའི་ རྒྱུན་སྲོལ་ཞིག་ཡོད་པས།
དོ་དགོང་སློབ་གླིང་འདིའི་ཁོར་ཡུག་ཧྲིལ་པོ་
ཁུ་སིམ་མེར་གནས་ཡོད་ཚུལ་ལ་བལྟས་ན། ལྷག་མེད་པ་ཤེས་པས།
ཤུལ་དུ་སློབ་མ་གཅིག་ཀྱང་
ངས་ཀྱང་རང་ཉིད་ཀྱི་གྱོན་གོས་གཙང་མ་དེ་གྱོན་
ནས་ཤར་མར་མཚན་ཚོགས་ཁང་དུ་བསྐྱོད་ནས་དེའི་སྒོ་འགྲམ་དུ་ཁོ་མོར་ 77
བསྒུགས་ནས་བསྡད་པ་ཡིན།
མཚན་ཚོགས་ཁང་ནི་ང་ཚོའི་སློབ་གྲྭ་དང་ལེ་དབར་གཅིག་ཙམ་གྱིས་
ཆོད་པའི་གྲོང་ཁྱེར་གྱི་བཞི་མདོ་ཞིག་ན་ཡོད་ལ།
དེ་ཡི་སྒོ་འགྲམ་དང་སྲང་
ལམ་གྱི་གཡས་གཡོན་ན་དཀར་དམར་ཁྲ་གསུམ་གྱི་གློག་སྒྲོན་རྣམས་ནམ་
མཁའི ་ སྐར་ཚོ ག ས་ལྟར་ཁྲ་ལམ་མེ ར ་སྦར་ཡོ ད ་པས་ཉི ན ་དཀར་བཞི ན ་ གསལ་ཐང་ངེར་འདུག
ངས་དེ་གའི་མཚན་ལྗོངས་ལ་མིག་གཡེངས་ཤིག་བྱས་ནས་ཅུང་ཙམ་
འགོར་རྗེས། ཁོ་མོ་གཞི་ནས་སླེབས་སོང༌། ཡིན་ནའང༌། མོ་དང་ཁོ་མོའི་ གྲོགས་མོ་སྒྲོལ་མ།
གཞན་ད་དུང་ཕོ་གསར་གཉིས་དང་མཉམ་དུ་སླེབས་
སོང་བས། ངའི་སེམས་ནས་གློ་བུར་དུ་ཚ་ཤར་ཞིག་བརྒྱབ་པ་དང་མཉམ་དུ་ མོའི་འཁྲིས་སུ་བཅར་བའི་སྤོབས་པ་ཉམས་ཏེ་གྲིབ་ནག་ཅིག་གི་འོག་ནས་ཁོ་ མོར་རྒྱང་ལྟ་བྱས་ནས་བསྡད་པ་ཡིན།
ཁོང་ཚོ་སྒོ་འགྲམ་དུ་སླེབས་མ་ཐག
ལྷ་སྒྲོན་གྱིས་ཕྱོགས་ཡར་མར་
ལ་མིག་ལྟ་ཞིག་བྱེད་ཚུལ་ལ་བལྟས་ན། ཧ་ལམ་མི་ཞིག་འཚོལ་བཞིན་པའི་ བཟོ་ལྟ་ཞིག་ཡོད་ནའང༌། སྒྲོལ་མས་ཁོ་མོའི་ལག་འགོ་རུ་འཇུས་ནས་བཙན་
ཚུགས་ཀྱིས་ནང་ལོགས་སུ་ཁྲིད་སོང་བས། ང་ཡང་ཕྱིར་ཉལ་ཁང་དུ་མི་ལོག་ ཀ་མེད་བྱུང་།
ལམ་བར་དུ་ངའི་སེམས་ནང་ལ་འཆར་སྣང་འདྲ་མིན་ཞིག་གིས་བསྐོར་
ནས་སླེབས་པའི་མོད་ལ། སྙིང་རླུང་སྟོད་ལ་འཚང་བ་དང་ཁ་ནས་རང་དབང་ 78
མེད་པར། “ཡང་སྙིང་ཁོ་མོ་མི་ག་འདྲ་ཞིག་ཡིན་ནམ། མོའི་འགྲམ་གྱི་ཕོ་
གསར་དེ་སུ་ཡིན་ནམ། ང་འདི་ལྟར་ཁོ་མོའི་སྟེང་ལ་ཁོང་ཁྲོ་ཟ་བའི་ཐོབ་ཐང་ ཡོད་དམ།” ཞེས་ངག་ནས་ཆིག་ལབ་ཤོར་བར་མ་ཟད། བསམ་བློ་འདྲ་མིན་
ཞིག་འཁོར་ནས་སླེབས་སོང་བས། ལམ་ཐག་འདི་འདྲ་རིང་པོ་ཞིག་ངས་ཅི་ ལྟར་གོམ་པ་སྤོས་ནས་ཉལ་ཁང་དུ་སླེབས་པའང་མ་ཚོར།
ཕྱི་ཉིན་ང་རང་ག་ལེར་འཛིན་ཁང་དུ་ཕྱིན་པ་ཡིན་ལ།
མོ་ནས་སླེབས་འདུག
ཁོ་མོའང་སྔ་
ངས་ཁོ་མོ་མཐོང་ཡང་མ་མཐོང་ཁུལ་གྱིས་མོའི་རྣམ་
འགྱུར་དེ་དག་སྣང་མེད་དུ་བསྐྱུར་ནས་དཔེ་དེབ་ཅིག་གིས་ཁ་ཕྱེ་བ་ཡིན།
མོ ་ འཛི ན ་ཁང་ནས་ཡར་འགྲོ ་ མར་འགྲོ ་ བྱས་རྗེ ས ་ཐད་ཀར་དུ་ངའི ་
འཁྲིས་སུ་ཡོང་ནས་ན་རེ། “ག་རེ་ཡིན་ཟེར་གྱི་ཡོད། ཁྱེད་རང་ཉིད་ཀྱིས་ བཤད་པའི་སྐད་ཆ་དེ་བརྗེད་སོང་བ་ཨེ་རེད། ལན་ཞིག་བསྐུར་ན་ལོས་ཆོག” ལྟར་ཟེར།
གལ་སྲིད་ཡོང་མི་ཐུབ་ན་
ཅེས་ངོ་གདོང་ཅུང་དམར་པོར་གྱུར་ཏེ་དེ་
“ང་མ་སོང་བ་མིན། མི་ཁ་ཤས་ནི་སྙན་གྲགས་ཆེ་བའི་ཁར། སྐུ་སྲུང་བ་
མང་པོས་བསྐོར་ཡོད་པས། ང་ལྟ་བུའི་མི་ཆུང་ཆུང་དེ་ཚོ་མིག་ནང་དུ་འཇོག་ གི་མི་འདུག” ཅེས་ཤོད་སྐབས།
“ཨ་ལེར། རང་གིས་མཐོང་ཡོད་པ་འདྲ། འོ་ན། ཁྱེད་རང་ནང་ལོགས་
ལ་མི་ཡོང་བ་ག་རེ་ཡིན།”
“སྐུ་སྲུང་བ་དེ་འདྲ་མང་བས། ང་ཇི་ལྟར་ཡོང་དགོས། གལ་སྲིད་ང་ནང་ 79
ལོགས་ལ་ཕྱིན་ན་ཚེ་སྲོག་ཆུང་ཆུང་འདི་ཡང་ཤོར་སྲིད།”
“ཨིན་་་ ཉོབ་པ་ལ། མི་དེ་ཚོ་ང་ལ་འབྲེལ་བ་མེད།” ཟེར་ནས་མགོ་
བོ་ཐུར་དུ་སྒུར་ཞོར་མུ་མཐུད་དེ། “མ་གཞི་ནས་སྒྲོལ་མ་རེད། མོ་ལ་འགྲོ་ རོགས་བྱས་ཟེར་ནས་ཨུ་ཚུགས་བྱས་སོང་བས།
མིན་ཞེས་ལབ་ཤེས་མ་
སོང་། ཡིན་ནའང་་་ ངས་བསམ་པར་མཚན་ཚོགས་ཁང་ནས་ཁྱོད་དང་ཐུག་ རྒྱུ་རེད་བསམ་ཡོད་མོད། ལངས་ནས་ཤི་སོང་།”
གྲིབ་ནག་ཙམ་ཡང་མཐོང་རྒྱུ་མེད་པས་ཁོང་ཁྲོ་
“ཁྱོད་རང་དངོས་གནས་ཁོང་ཁྲོ་ལངས་པ་ཡིན་ནམ” ཟེར་ནས་མོ་ལ་
བལྟས་པ་ཡིན།
“ལངས་དགོས་བྱུང་། ཁ་བཤད་དོན་ལ་མི་གནས་པའི་མི་དེ་ཚོ་ལ་ཁོང་
ཁྲོ་ལངས་ངེས” “འོ་ན།
ངའི་སྙིང་ན་ནས་གས་གྲབས་བྱས་ནའང་།
གཅིག་ཀྱང་མི་འདུག”
“སྡུག་སྦྱོང་རེ ད། སུས་སྙིང་རྗེ ་དགོས །”
བྱས་སོ ང་།
“ཡ་་་ ཡ་་་
སྙིང་རྗེ་མཁན་
ཟེར་ནས་འཛུམ་ཙམ་
ངའི་ནོར་འཁྲུལ་རེད།” ཟེར་ནས་ཁོ་མོའི་ལག་པ་ནས་
འཇུས་ཏེ་ངའི་འགྲམ་ལ་འཐེན་པ་ཡིན།
“བཤད་མི་དགོས། འོ་ན་་་ ཁ་ཡ་མི་བྱེད་པར་སྣང་མེད་དུ་འཇོག་དོན་
ཅི་རེད།” ཟེར་ནས་ངའི་འཁྲིས་ནས་འཕག་འཚག་རྒྱག་གི་འདུག་མོད། ངས་ 80
བཙན་གྱིས་ཁོ་མོའི་མཁུར་ཀོང་ལ་འོ་ཞིག་བྱས་ཏེ།
“ང་རང་ལ་དགའ་ཡི་
འདུག དངོས་གནས་དགའ་ཡི་འདུག” ཅེས་བཤད་སྐབས། ཁོ་མོ་གཞི་ནས་
ཁ་རོག་ཏུ་བསྡད་པ་མ་ཟད། མིག་ཀོང་ནས་མིག་ཆུའི་རྡོག་པོ་འགའ་མཁུར་ ཀོང་ནས་མར་ས་ལ་ཟགས་བྱུང་།
ངས་ཅི ་ ཡི ན ་ཆ་མི་འཚལ་བའི་སྐབས་དེ ར ་མོས་འཇམ་ཤ་དོད་པའི་
མཆུ་སྒྲོས་མིད་མིད་བྱེད་ཞོར་ཁ་ནས། “ངའི་མིག་ཆུ་འདི་ཁྱོད་རང་གི་སྐད་ ཆ་དེའི་ལན་ཡིན།” ཟེར་ནས་ཁོ་མོའི་འགྲམ་སྟེང་གི་མིག་ཆུ་དེ་ཕྱིས།
གསུམ་པ།
མི ་ ལོ ་ གཅི ག ་ནི ་ མི ག ་རྡེ བ ་པ་ཙམ་གྱི ་ དུས་ཡུན་ལྟར་སྐད་ཅི ག ་ལ་
རྫོགས་ཤིང་།
འདས་པའི་དུས་ཚོད་འདི་དག་གི་རིང་ལ་ཤེས་ཡོན་འདི་
སྦྱངས་པ་ཡིན་ཟེར་ནས་སྟོན་རྒྱུ་ཞིག་མེད་ནའང་།
དེ་སྔོན་བོད་སྐད་དང་།
ཨིན་སྐད། ཧིན་སྐད་སོགས་འདྲེས་ནས་སྐད་ཆ་བཤད་པར་འཚེར་སྣང་སྐྱེས་
པའི་ཚོར་སྣང་དེ་ད་ལྟ་མེད་པ་མ་ཟད། དེ་དག་བསྲེས་ནས་བཤད་ན་རང་ཉིད་
ཀྱི་ཁ་ལའང་བདེ་བའི་ཁར། མི་གཞན་གྱིས་ཀྱང་ལམ་སང་ཧ་གོ་འགྲོ་བ་འདི་
ནི་རང་ཉིད་ཡར་རྒྱས་ཀྱི་རྣམ་པ་མིན་ནམ་སྙམ་ནས་དགའ་ཚོར་ཞིག་ཀྱང་ ཡོང་གི་འདུག་མོད། ཡིན་ནའང་། ཡིག་ཚད་སླེབས་ཐེངས་རེར་ཞེད་སྣང་ དང་དངངས་སྐྲག་གིས་ཁེངས་ནས་ཡོང་གི་ཡོད་པས། དེ་རིང་ཡང་གློ་བུར་
དུ་མི་ཞིག་གིས། “ཡིག་རྒྱུགས་གྲུབ་འབྲས་སྦྱར་འདུག” ཟེར་བ་དང་། ངའི་ 81
གློ་སྙིང་གཉིས་ཁ་ནས་ཐོན་ལ་ཁད་བྱས་བྱུང་བས། དངངས་མ་སྐྲག་གིས་ སྦྱར་པང་མདུན་དུ་སོང་བ་ཡིན།
སྟབས་ཡག་ནས་ཡིག་ཚད་འཕྲོད་ཙམ་
བྱུང་འདུག་པས། དགའ་སྤྲོ་ཞིག་སྐྱེས་ནས་ཡོང་ནའང་། ངའི་རྒྱབ་ལོགས་ ནས་རྒྱ་གར་གྱི ་ སློ བ ་ཕྲུག་གཉི ས ་ཁ་བརྡ་བྱས་ནས་བསྡད་ཡོ ད ་པ་དང་། དེའི་གྲས་ཀྱི་གཅིག་ན་རེ།
“ད་ཐེངས་ཀྱང་སྐར་གྲངས་མཐོ་ཤོས་ཚང་མ་
ང་ཚོས་འཁྱེར་འདུག དེ་འདྲའི་སྐྱིད་པ་ལ།” ཟེར་བའི་སྐད་ཆ་འདིས་ངའི་
སེམས་པ་གྲང་ཤུར་ཤུར་དུ་གྱུར་པའི་སྐབས་དེར་གློ་བུར་དུ་ལྷ་སྒྲོན་ངའི་ འཁྲིས་སུ་ཡོང་ནས།
“ཡིག་ཚད་ག་འདྲ་འདུག” “འཕྲོད་ཙམ་འདུག”
“ཡག་པོ་འདུག རྔན་པ་ག་རེ་དགོས་ན་ལབ་རྐྱང་བྱོས་དང་དེ་ལྟར་སྒྲུབ་
ངེས་ཡིན།” ཟེར་ནས་འཛུམ་ཙམ་བྱས།
“ག་རེ་རྔན་པ། དེ་ལས་ཁྱོད་ཀྱི་ཡིག་ཚད་ག་འདྲ་བྱུང་འདུག” “འཕྲོད་འདུག”
“འོ་ན། དོ་དགོང་ས་ཆ་རྙིང་པ་དེ་ལ་ཤོག་དང་ངས་ཁྱོད་ལ་རྔན་པ་ཞིག་
ཡོད།” ཅེས་རྩེད་མོའི་ཚུལ་དུ་བཤད་པ་ཡིན།
“འགྲིག་གི་རེད། སུ་རྗེས་ལུས་ཐེབས་ན་དེ་ལ་ཆད་པ་ཡོད།” ཟེར་
བཞིན་འཛུམ་ཙམ་བསྟན་ནས་བུད་སོང་། 82
ང་རང་ཕྱིར་ཉལ་ཁང་དུ་སླེབས་དུས་སློབ་གྲོགས་ཚོས་ཡིག་ཚད་སྐོར་
གྱི་ལབ་གླེང་རེ་བྱས་ནས་བསྡད་འདུག་པས། ངས་ཉལ་གྲོགས་བསྟན་འཛིན་
ལ་ཡིག་ཚད་ཀྱི་སྐད་ཆ་དྲིས་པས་ན། ཁོས། “འཕྲོད་ཙམ་རེད། ལོ་གཅིག་ གི་རིང་ལ་ཤེས་རིག་ལས་ཁུངས་ནས་ཟས་རིན་རག་སོང་བས་སེམས་ཁྲལ་
མེད།” ཟེར་ནས་ཐ་མ་ཞིག་ལ་མེ་སྒྲོན་འགོ་བརྩམས། ང་ཚོས་འདི་ལྟར་སྐད་ ཆ་སྣ་ཚོགས་ཤིག་བཤད་རྗེས་རིམ་གྱིས་ཉི་འོད་དེ་ག་ལེ་ག་ལེར་ཆུང་ངུར་ འགྲོ་བཞིན་ཡོད་པས། ངས་རང་གི་མཁྲིག་མའི་ཆུ་ཚོད་ལ་ལྟ་ཙམ་བྱས་ནས་ ཁོ་ཚོ་དང་ཁ་གྱེས་ནས་མོ་རང་འཚོལ་དུ་ཕྱིན་པ་ཡིན།
བཞི་པ།
སྟོན་ཟླ་རིང་མོ་ཡུན་གྱིས་འདས་ཏེ་རླུང་དང་བསེར་བུ་ལྡང་བའི་དགུན་
གཞུང་གྲང་མོ་སླེབས་འགོ་ཚུགས་སོང་བས།
ཁོ་ར་ཁོར་ཡུག་ཀུན་ལ་ཚ་
བ་དེ་འདྲ་མེད་ནའང་། དེ་སྔོན་ཡབ་ཡུམ་གཉིས་བོད་ནས་ཆེད་དུ་བུ་ཆུང་ང་
རང་ལ་ལྟ་རུ་ཡོང་སྐབས་ཀྱི་བཀའ་སློབ་དེ་དག་དྲན་ཐེངས་རེར་ངའི་སེམས་
ཁོང་ནས་ཚ་བ་འཕར་ཞིང་། དཔྲལ་ཐོད་ནས་རྔུལ་ཆུ་ཙ་ར་ར་ཐོན་ནས་ཡོང་ གིན་འདུག ཞོར།
ལྷག་པར་དུ་དྲིན་ཆེན་མ་ལོ་དེའི་མིག་ཟུང་ནས་མིག་ཆུ་བཞུར་
“གཅེས་ཕྲུག་གཅིག་པོ། ངེད་ཕ་མ་གཉིས་ཀྱིས་ཁྱོད་རང་ས་མཐའ་
འདི་འདྲ་ཞིག་ལ་བཏང་བ་དེ་རང་གི་ཕ་གཞིས་ཕ་སྐད་སྲུང་བའི་ཆེད་དུ་ཡིན་
མོད། ད་དེ་རིང་ཕ་བུའི་བར་ལའང་སྐད་བསྒྱུར་མེད་ཚེ་གོ་བརྡ་འཕྲོད་དཀའ་
བ་མཐོང་ནས་ཡོང་དུས་ཁྱེད་རང་གཅིག་པོ་ས་མཐའ་འདིར་བཏང་བ་དེ་ངེད་ 83
ཕ་མ་གཉིས་ཀྱི་ནོར་འཁྲུལ་རེད་བསམ་གྱིན་འདུག ད་ངེད་ཕ་མ་གཉིས་ཀྱིས་
ནང་མི་སྤུན་མཆེད་རྣམས་ལ་ཇི་ལྟར་འགྲེལ་བཤད་རྒྱག་དགོས།” ཟེར་བའི་ སྐད་ཆ་འདི་ཡིན་པས།
ནས་ཡོང་བའི་མོད་ལ།
ང་སེམས་གཏིང་ནས་བློ་འགྱོད་ཅིག་གིས་ཁེངས་ དེ་སྔོན་གྱི་ཆུ་ཚོད་དག་ལ་བསམ་བློ་རེ་བཏང་བ་
ཡིན། དངོས་གནས་ང་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་ལ་སོང་མེད་པ་
འདྲ། ངས་དེ་མ་ཐག་མདུན་ཐད་ཀྱི་མེ་ལོང་ངོས་སུ་རང་ཉིད་ལ་ཞིབ་ལྟ་ཞིག་ བྱས་ཚེ། ང་དངོས་གནས་འགྱུར་འདུག དེ་སྔོན་གྱི་མི་དེ་རེད་ཟེར་ན་བྱིས་པ་ སྣབས་ལུག་ཅིག་ཀྱང་རྣར་མི་འགྲོ་བའི་ཚོད་དུ་གདའ་བས། ཨ་ཐང་ཆད་པ་ དང་གོམ་ཁ་འདི་སློབ་གྲྭའི་ཕྱི་རོལ་ཏུ་བསྒྱུར་བ་ཡིན།
ལས་ངན་ལ་ཡུལ་ངན་ཟེར་བ་ལྟར་སྲང་ལམ་གྱི་ཁུག་ཀྱོག་ཅིག་ན་དེ་
སྔོན་མཚན་ཚོགས་སྐབས་སུ་མཐོང་བའི་ཕོ་གསར་དེ་དང་ལྷ་སྒྲོན་གཉིས་ ལངས་བསྡད་འདུག་པས། ངའི་ཡིད་ཀྱི་ན་ཟུག་གཅིག་གི་མགོ་མ་འཇགས་
གོང་ལ། ཡང་ན་ཟུག་གཅིག་བསྣན་སོང་བས། ངའི་ལུས་གཟུགས་ཡོང་ལ་ ཤ་འདར་ཞིག་གིས་གཙེས་ནས་འོང་བྱུང་། དེ་མ་ཐག་ཕྱིར་ཉལ་ཁང་དུ་ལོག་ སྐབས་རྒྱབ་ལོགས་ན་ལྷ་སྒྲོན་གྱིས་ང་སྐད་གཏོང་གིན་འདུག་མོད། ངས་དེ་ ལ་ཁ་ཡ་ཙམ་ཡང་མ་བྱས་པར་ཐད་ཀར་ཉལ་ཁང་དུ་ལོག་པ་ཡིན།
ཕྱི་དྲོ་
དེར་ཡང་མོས་ང་སྐད་གཏོང་གིན་འདུག་མོད། ཡིན་ནའང་། ངའི་ཁོང་ཁྲོ་ད་ དུང་ཞི་མེད་པས་ང་མོ་རང་ལ་ཐུག་ཏུ་མ་སོང་།
འདི་ལྟར་ང་ཁོང་ཁྲོ་ལངས་
ནས་ཉིན་ཞག་གཉིས་རིང་ལ་ཉལ་ཁང་གི་ཕྱི་ལོགས་སུ་མ་སོང་བས། དེ་རིང་
ཁོ་མོའི་གྲོགས་མོ་སྒྲོལ་མ་ངའི་ཉལ་ཁང་གི་འཁྲིས་སུ་ཡོང་ནས་སྐད་བཏང་ 84
སོང་བས། ང་ཡང་ག་ལེར་སོང་བ་ཡིན། སྒྲོལ་མས། “ཁྱོད་ཚོ་ཕོ་གསར་ཚང་
མ་སྙིང་རྗེ་མེད་པའི་འདྲེ་རྒན་རྐྱང་རྐྱང་རེད། ཁྱེད་འདི་ལྟར་བྱས་ན་ལྷ་སྒྲོན་
གྱིས་ཉིན་ཞག་ཇི་ལྟར་བསྐྱལ་ཡོད་པ་ཨེ་ཤེས། ཉིན་མཚན་མེད་པར་ཁྱོད་ཀྱི་ སྟེང་ལ་བསམ་བློ་བཏང་ནས་མིག་ཆུའི་ནང་དུ་ཆུ་ཚོད་སྐྱེལ་གྱིན་ཡོད་པས། དངོས་གནས་སྙིང་རྗེ་དགོས་པ་ཞིག་རེད།” ཅེས་མིག་གཉིས་འབུར་ཚུགས་ ཀྱིས་ང་ལ་ཅེར་བྱུང་བས།
ངས་ཁ་ནས་རང་དབང་མེད་པར། “རྫུན་མ་བཤད། དོན་དག་འདི་ཁྱེད་
ཀྱིས་ཧ་གོ་ནི་མ་རེད།” ཅེས་ལན་བཏབ་པ་ཡིན།
“ཧིན་་་” ཟེར་ནས་སྣ་དགོད་ཅིག་བྱས་རྗེས་མུ་མཐུད་དུ། “ངས་བལྟས་
ན་ཁྱེད་ཀྱིས་ཧ་གོ་ཡི་མི་འདུག བསམ་ཤེས་བྱེད་མི་ཐུབ་ན།
གནས་ཚུལ་དེ་འདྲ་ཆུང་ཆུང་ཞིག་ལའང་
ག་རེ་ཕོ་གསར་ཡིན་ནམ། རྦད་དེ་གནས་
ལུགས་མི་འཚོལ་བའི་སྡར་མ་རེད། བློ་ཁོག་ཡོད་ན། དེ་དུས་ཕོ་གསར་དེ་
དང་གདོང་ཐུག་ནས་སྐད་ཆ་བཤད་ན་འགྲིག་མོད། འདི་ལྟར་གནས་ལུགས་
མེ ད ་པར་མོ ་ ལ་བརྙས་བཅོ ས ་བྱས་ན་སྟག་ཤར་ཞི ག ་གི ་ འཇོ ན ་ཐང་རེ ད ་ བསམ་གྱིན་ཡོད་དམ།” སོང་བས།
ཟེར་ནས་ཁ་བརྫེས་བརྫེས་དང་སྣ་སྙེར་སྙེར་བྱས་
“་་་་་་་་་་་་་་་་” ངས་སྒྲོལ་མ་ལ་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས་
པར་ཅུང་ཙམ་ལུས། སྒྲོལ་མས་མུ་མཐུད་དེ། “སྐད་ཆ་དྲང་མོ་བཤད་ན། ཕོ་
གསར་དེའི་མིང་ལ་སྐལ་བཟང་ཟེར་ཞིང་། གཞུང་གི་ལས་བྱེད་པ་ཞིག་རེད། 85
ཁྱོད་དང་ལྷ་སྒྲོན་ངོ་མ་ཤེས་གོང་ནས་སྐལ་བཟང་གིས་ང་བརྒྱུད་ནས་མོ་ལ་ རེ་བ་མང་པོ་བྱས་པ་རེད། ཡིན་ནའང་། མོས་དེ་ལ་དང་ལེན་བྱས་ཡོད་པ་མ་
རེད། ད་དུང་་་” ཟེར་ནས་ང་ལ་ལྟ་ཞོར་ཚིག་མཚམས་བཅད་སོང་བས། ངས་
དངངས་འཚབ་དང་བཅས། “ཤོད་དང་། ད་དུང་་་ ག་རེ་རེད།” ཟེར་ནས་ མིག་ཟུང་སྒྲོལ་མ་ལ་གཏད་པ་ན།
སྒྲོལ་མས་དབུགས་རིང་ཞིག་འཐེན་ཞོར་དུ། “ཉིན་འགའི་སྔོན་ལ་སྐལ་
བཟང་གི་ཡབ་ཡུམ་གཉིས་ལྷ་སྒྲོན་ཚང་ལ་སོང་ནས་མོ་རང་ཁོང་ཚང་གི་ མནའ་མར་བསླངས་འདུག་ཟེར། གཟབ་གཟབ་བྱས་མ་གཏོགས་མོ་ལ་དགའ་
བོ་བྱེད་མཁན་ཁྱེད་རང་གཅིག་པོ་མ་རེད།” ཟེར་ནས་ཕྱིར་ལོག་སོང་ལ། ང་
ཡང་དེ་མ་ཐག་མོ་འཚོལ་དུ་ཕྱིན་པ་ཡིན། སྟབས་ལེགས་པ་ཞིག་ལ། མོ་ རང་ནམ་རྒྱུན་ངེད་གཉིས་འཛོམས་སའི་ས་ཆ་དེ་ན་བསྡད་འདུག་ལ། ང་རང་
མཐོང་མ་ཐག་མོའི་མིག་ཟུང་ནས་མཆི་མ་ཆར་བ་འབབ་པ་ལྟར་མཁུར་ཀོང་ ནས་མར་ས་ལ་ཟགས་ཤིང་། མིག་རྩ་ཧྲིལ་པོར་དམར་རྐྱང་ཆགས་ཡོད་པས་ དུས་ཚོད་རིང་པོ་ཞིག་ལ་ངུས་པ་ཤེས་ཐུབ། ངས་མིག་གིས་ལྟ་སྟངས་ཤིག་ མིན་ཚེ་མོ་ནམ་རྒྱུན་ལས་ཅུང་སྐམ་པོ་ཆགས་འདུག
ངས་རང་ཉིད་ལ་ལེ་
བདའ་བྱེད་ཞོར་མོའི་འཁྲིས་སུ་བཅར་ཏེ། “འཚིག་པ་མ་ཟ་རོགས། ཚང་མ་
ངའི་ནོར་འཁྲུལ་རེད།” ཟེར་ནས་མོ་ལ་ཤུགས་ཀྱིས་འཐམས་པ་ཡིན། མོས་ ཀྱང་ང་ལ་འཐམ་ཞོར་དུ་ཁ་ནས།
“ངས་ཁྱོད་རང་ཡོང་རྒྱུ་མ་རེད་བསམ་
སོང་།” ཟེར་སྐབས་ངས་མོའི་ངུ་མ་དགོད་ཀྱི་ཁ་དེ་ལག་པས་བཀག་པ་ཡིན།
ཡུད་ཙམ་གྱི་རྗེས་ནས་མོའི་མིག་ཟུང་གིས་ང་ལ་ལྟ་ཞོར་དུ། “ཁ་སང་། ང་་་” 86
“ད་འགྲིག་སོང་། ངས་ཆ་ཚང་ཧ་གོ་སོང་། མི་སུ་ཞིག་གིས་ཀྱང་ངེད་
གཉིས་ཁ་ཁར་གཏོང་མི་ཐུབ།” ཟེར་ནས་བཤད་ནའང་། ངའི་སེམས་གཏིང་ ནས་དངོས་གནས་དངངས་སྐྲག་ཅིག་གིས་ཁེངས་ནས་ཡོང་གི་འདུག་པ་དེ་ མོས་ཧ་ལམ་རྟོགས་ཀྱི་མེད་པ་འདྲ། མོས་དེ་མ་ཐག་ངའི་སྐེ་ལ་འཐམས་ནས་ འོ་ཞིག་བྱས་སོང་།
ལྔ་པ།
འདི ་ ལྟར་མཐོ ་ སློ བ ་ཀྱི ་ མི ་ ལོ ་ གསུམ་གྱི ་ དུས་ཡུན་རི མ ་གྱི ས ་རྫོ ག ས་
ཤིང་། དེ་རིང་ནི་ང་ཚོའི་མཐའ་མཇུག་གི་མཐར་ཕྱིན་མཚན་ཚོགས་ཀྱི་ཉིན་
མོ་ཡིན་པས། སློབ་གླིང་འདིའི་ཁོར་ཡུག་ཀུན་ལ་ཟང་ཟིང་ལང་ལོང་བྱེད་ཀྱིན་ ཡོད་ནའང་། ང་དང་ཁོ་མོ་གཉིས་མཚན་ཚོགས་ར་བ་ལས་ཕྱི་ལོགས་ལ་ཐོན་ ཏེ་མོའི་ཉལ་ཁང་དུ་ཕྱིན་ཏེ། འདས་སོང་གི་ལོ་ཟླ་དང་། མ་འོངས་པའི་མི་ ཚེའི་སྐོར་ལ་ཁ་བརྡ་མང་པོ་ཞིག་བྱས་ནས་ཉིན་གང་བསྡད་པ་ཡིན།
སློབ་མཐར་ཕྱིན་ནས་ཟླ་གཅིག་གི་རྗེས་སུ་མོས་དཔལ་འབྱོར་ལས་
ཁུངས་ནས་ལས་ཀ་བྱེད་འགོ་བརྩམས་ཤིང་།
ངས་ཀྱང་སློབ་ཆུང་ཞིག་གི་
དགེ་རྒན་ཞིག་བྱས་ནས་ད་བར་དུ་ལོ་ངོ་གཅིག་ཙམ་འགོར་སོང་།
དེ་སྔོན་
མོ་ངའི་འཁྲིས་སུ་ཡོང་སྐབས་ངོ་མདངས་དེ་འདྲ་བཟང་རྒྱུ་མེད་པས། ན་ཚ་ འདྲ་བྱུང་མེད་དམ་སྙམ་ནས་མོར་དྲིས་ནའང་། མོས་ང་རང་སྐྱིད་པོ་བདེ་མོ་
ཡིན་པས་སེམས་ཁྲལ་བྱེད་མི་དགོས་ཟེར་བའི་སྐད་ཆ་ལ་རློམ་ནས་དེ་རིང་ 87
བར་དུ་ལྷག་སོང་། དེ་རིང་མོ་ལ་འདིའི་སྐོར་གྱི་སྐད་ཆ་འདྲི་དགོས་བསམས་ ནས་བསྡད་ཡོད་སྐབས།
གློ་བུར་དུ་“ཏིར་་་ ཏིར་་་” ཟེར་བའི་སྒྲ་ཞིག་གིས་ངའི་དྲན་ཤེས་གས་
གཏོར་དུ་བཏང་བྱུང་བས། ངས་དེ་མ་ཐག་ཕྱོགས་ཡར་མར་ལ་མིག་ལྟ་ཞིག་ བྱས་པ་ན། ཏག་ཏག་ང་འགྲོ་སའི་ལས་ཁུངས་དེའི་སྒོ་འགྲམ་དུ་ཐོན་འདུག་
པས། མྱུར་དུ་མོའི་ལས་ཤག་གི་ཕྱོགས་སུ་སོང་བ་ཡིན། མོའི་ལས་ཤག་གི་ སྒོ་འགྲམ་དུ་ནམ་རྒྱུན་དང་མི་འདྲ་བར་མི་མང་པོ་ཞིག་གིས་འཚང་ཁ་ཤིག་
ཤིག་བྱེད་ཀྱིན་འདུག་པས། ཅི་ཞིག་ཡིན་ནམ་སྙམ་ནས་སྒོ་འགྲམ་དུ་སླེབས་ དུས། མོའི་ཉལ་ཁང་ནང་དུ། “ངའི་གཅེས་ཕྲུག” ཟེར་བའི་ངུ་ངག་རྩུབ་མོ་
ཞིག་ངའི་རྣ་བའི་བུ་ག་རུ་ག་ལེར་ཐིམ། ངའི་སྙིང་རླུང་སྟོད་ལ་འཚངས་ཤིང་ དེ་ག་རང་ནས་ས་ལ་འགྱེལ་སོང་བས།
ངའི་ཡིད་ཀྱི་དྲན་ཤེས་ངོས་སུ་ངུ་
ངག་རྩུབ་མོ་དེ་མ་གཏོགས་ཅི་ཡང་ལྷག་མི་འདུག་པས། མཐའ་མཇུག་གི་འཚོ་རྟེན་དུ་གྱུར་སོང་།
བརྩམས་སྒྲུང་འདི་ཇི་ལྟར་བྲིས་ཚུལ་རགས་བཤད།
ངུ་ངག་དེ་ནི་ངའི་
༡ ཅི་ཞིག་བྲིས་ཡོད་ཅེ་ན།
ཕོ་མོ་གཉིས་ཀྱི་བརྩེ་དུང་དང་།
༢ ཇི་ལྟར་བྲིས་ཡོད་ཅེ་ན།
རང་བྱུང་ཁོ ར ་ཡུག་གི ་ སྣང་ཚུལ་ཞི ག ་
སློབ་ཀྱི་འཚོ་བའི་སྐོར།
མཐོ་
དང་མི་སྣ་རྡོ་བྷའི་སེམས་ཀྱི་དཀའ་ངལ་གཉིས་གཞི་གཅིག་ལ་སྦྲེལ་ ཏེ་བརྩམས་སྒྲུང་འདི་འགོ་བཙུགས་ཡོད་པ་དང་། 88
སྒྲུང་གི་བྱུང་རིམ་
དང་སྒྲིག་གཞི་རྙོག་འཛིང་ཅན་མིན་པས་ཁ་གསལ་གོ་བདེ་ཡི་ཐབས་
ལམ་སྤྱད་ཡོད་པ་དང་། འབྲི་སྟངས་ཀྱིས་ཆ་ནས་བལྟས་ནའང་། ལྡོག་
འབྲིའི་ཐབས་ལམ་སྤྱད་དེ་འདས་ཟིན་པའི་བྱ་བ་ཞིག་ཕྱི་དྲན་གྱི་ཚུལ་དུ་ གང་ཟག་དང་པོ་བེད་སྤྱད་དེ་བྲིས་ཡོད།
༣ ཅིའི་ཕྱིར་བྲིས་པ་ཡིན་ཞེ་ན། དེང་སྐབས་ཀྱི་ན་གཞོན་ཚོས་བོད་ཡིག་ དང་བོད་སྐད་ཀྱི་རིན་ཐང་ངོས་མ་ཟིན་པ་དང་། བབ་ཀྱི་སློབ་སྦྱོང་ལ་མི་བརྩོན་པ།
མཐོ་སློབ་ཏུ་སྐབས་
བོད་ཀྱི་རིག་གཞུང་གི་ཞེན་ཁོག་
དང་ལ་རྒྱའི་འདུ་ཤེས་ཞན་དྲགས་པའི་བསམ་བློར་སྐྱོན་བརྗོད། ཡུལ་
སྲོ ལ ་རྙི ང ་པའམ་བག་ཆགས་རྙི ང ་པའི ་ སྤྱི ་ ཚོ ག ས་ཀྱི ་ གོ མ ས་སྲོ ལ ་ རྙིང་པ་ཞིག་ཟུར་གྱི་ཐེར་འདོན་གྱིས་ན་གཞོན་ཚོས་བོད་རང་གི་རིག་ གཞུང་དང་སྐད་ཡིག་ལ་ལར་ཞེན་དགོས་པའི་སློབ་གསོ་འདིའ ོ། །
89
ལེའུ་བདུན་པ། ཚིགས་བཅད་རྩོམ་ཡིག་འབྲི་ཐབས།
༡ སྤྱིར་བོད་ཀྱི་སློབ་གྲྭ་ཁག་ཏུ་ཚིག་ལྷུག་རྩོམ་ཡིག་ངོ་སྤྲོད་མ་བྱས་གོང་ དུ་ཚིགས་བཅད་རྩོམ་ཡིག་འདི་སློབ་ཕྲུག་ཚོར་ངོ་སྤྲོད་དམ་སློབ་ཁྲིད་ བྱ་དགོས་པར་མཐོང་སྟེ། ཚིགས་བཅད་རྩོམ་ཡིག་འདི་བརྡ་དག་སྦྱོང་ བའི་ལམ་ཁ་མྱུར་ཤོས་དང་སླ་ཤོས་དེ་ཡིན་པ་མ་ཟད།
རྩོམ་ཡིག་
འབྲི་སྐབས་ཚིག་སྐྱོན་སྤོང་སྟངས་དང་ཚིག་སྡུད་རྒྱག་སྟངས་སོགས་ ཀྱི་རྩོམ་ཡིག་གི་སྒྱུ་རྩལ་སྣ་ཚོགས་ཤིག་ཚིགས་བཅད་རྩོམ་ཡིག་འདི་
ནས་རྙེད་ཐུབ་པའི་དགོས་པ་ཁྱད་པར་ཅན་མང་བའི་རྒྱུ་མཚན་གྱིས་
སློབ་ཕྲུག་ཚོས་ངེས་པར་དུ་སྦྱངས་དགོས་པ་ཞིག་དང་ཤེས་དགོས་པ་ ཞིག་ཡིན།
༢ དེ་ཡང་སྙན་གཞུང་དག་ཏུ་ཚིགས་བཅད་རྩོམ་ཡིག་འབྲི་སྐབས་དོ་སྣང་ བྱ་དགོས་པ་མང་པོ་ཞིག་གསུངས་ཡོད་ནའང་། སློབ་ཕྲུག་ཚོས་ཚེག་
བར་ཆ་གསུམ་ཅན་གྱི་ཚེག་བར་དྲུག་མའི་ཚིགས་བཅད་དང་། ཚེག་ བར་ཆ་གསུམ་དང་ཡ་གཅིག་ཅན་གྱི་ཚེག་བར་བདུན་ཅན་གྱི་ཚིགས་ བཅད་བྲིས་ཏེ་བྱང་ཆ་ཐོན་ན་རིམ་གྱིས་ཇེ་མང་དུ་བཏང་ན་ཆོག
དེ་
ཡང་དོ་སྣང་བྱ་དགོས་པ་ཞིག་ལ་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ ནང་དུ་ཚིག་འབྲུའི་ཚིག་རྐང་ཚང་མ་ཆ་སྙོམས་དགོས་པ་དང་གཅིག 90
ཀློག་སྐབས་སྒྲ་གདངས་མཉམ་དགོས་པ་དང་གཉིས། ཚིགས་བཅད་ གཅིག་ལ་རྐང་པ་བཞི་ངེས་པར་དུ་ཚང་དགོས་པ་དང་གསུམ་བཅས་ ལ་དོ་སྣང་བྱ་དགོས་ལ།
ཚིགས་བཅད་འབྲི་བའི་ལས་དང་པོ་བ་
རྣམས་ལ་བསམ་བློ ་གཏོང་སའི་གཞི་ལྟ་བུར་ཚིགས་བཅད་དུ་ངེས་
པར་དུ་བེ ད ་སྤྱོ ད ་དགོས ་པའི་མིང་ཚིག་དང་བྱ་ཚིག་ཅི་ རིགས་སྤྲོད་
ཐུབ་ན། སློབ་ཕྲུག་རྣམས་བསམ་བློ་ནག་ཁུང་དུ་མི་ལྷག་པར་བསམ་
བློ་གཏོང་སའི་རྨང་གཞིར་འགྱུར་ངེས། དེ་ནས་རིམ་བཞིན་སློབ་ཕྲུག་ ཚོར་དེ་ལས་ཅུང་ཁག་ཏུ་བཏང་སྟེ།
ཚིག་རྐང་གི་མགོ་མཇུག་ལ་
གསལ་བྱེད་ཀྱི་ཀ་ཁ་ལྟ་བུ་སྡེ་པ་གང་རུང་དང་། མིང་ཚིག་དེ་འདྲ་ངེས་ གཏན་ཡོང་དགོས་པར་བསྐུལ་ན།
བསམ་བློ་ཅུང་ཟད་གཏོང་དགོས་
འཁེལ་བས་ཡར་སྐྱེད་ཡོང་བ་ལ་ཕན་ནུས་འདོན་ཐུབ་བོ། །
དཔེར་བརྗོད་དང་པོ། ཚེག་བར་དྲུག་ཅན།
དཔེར་ན། སློབ་གྲྭ། སློབ་ཕྲུག འདུས། དར། ལྟ་བུ་བེད་སྤྱད་དེ་བྲིས་ན།
དཔེ་སྟོན་སློབ་གྲྭའི་ནང་དུ། །
སློབ་ཕྲུག་མང་པོ་འདུས་ནས། ། ཀ་ཁ་ག་ངའི་བསྟན་པ། །
གཞིས་བྱེས་གཉིས་ལ་དར་སོང་། །
ཞེས་པ་ལྟ་བུར་མཚོན་ན། གོང་གསལ་གྱི་མིང་ཚིག་དང་བྱ་ཚིག་བེད་
སྤྱད་དེ། དཔེ་སྟོན་དང་། སློབ་གྲྭའི་ ནང་དུ། །ཞེས་ཚེག་བར་ཆ་ཅན་གསུམ་ 91
གྱི་ཚེག་བར་དྲུག་ཅན་གྱི་ཚིགས་བཅད་ཡིན་པས། དང་། ཀློག་སྐབས་སྒྲ་གདངས་མཉམ་པ་ཡིན།
ཚིག་རྐང་ཆ་སྙོམ་པོ་
དཔེར་བརྗོད་གཉིས་པ། ཚེག་བར་བདུན་ཅན།
འབད་བརྩོན། ཡ་རབས། འཆམ་འཐུན། འགན་ཁུར།
སློབ་ལ་འབད་བརྩོན་བྱས་དང་གཅིག །
རྒན་བཀུར་ཡ་རབས་གོམས་གཤིས་གཉིས། ། ཆུང་བར་འཆམ་མཐུན་བཟང་སྤྱོད་གསུམ། །
ན་ཆུང་སློབ་མའི་འགན་ཁུར་ཡིན། ། ལྟ་བུའོ། །
དཔེར་བརྗོད་གསུམ་པ། ཚེག་བར་བརྒྱད་ཅན།
སུམ་རྟགས་དག་གསུམ་སྦྱངས་ནས་མཐར་ཕྱིན། ། རྩོམ་ཡིག་འབྲི་དུས་བེད་སྤྱོད་མ་ཤེས། །
ཨ་མས་བཏང་བའི་སློབ་ཡོན་བསམ་ན། །
ཁང་བརྩེགས་གསུམ་ལས་མཐོ་བ་ཡོད་དོ། ། ལྟ་བུའོ། །
དཔེར་བརྗོད་བཞི་པ། ཚེག་བར་དགུ་ཅན།
དཔེར་ན། ཚིགས་བཅད་ཀྱི་མགོར་གསལ་བྱེད་ཀྱི་ཀ་སྡེ་ཡོང་དུ་བཅུག་
སྟེ་ཅུང་ཁག་ཏུ་བཏང་ནས་བྲིས་ན།
ཀྭ་ཡེ་གསོན་དང་བོད་ཀྱི་སོན་རྩ་ཚོ། ། ཁ་ངོ་འཛིན་བྱེད་རང་གི་ཕ་སྐད་འདི། ། 92
ག་ལེར་བརླག་པའི་ཉེན་ཁར་གཏུགས་ཡོད་པས། །
ང་འདྲ་ཡོད་ན་འབད་བརྩོན་བྱེད་རེ་རན། ། ལྟ་བུའོ། །
དཔེར་བརྗོད་ལྔ་པ། ཚེག་བར་བཅུ་ཅན། དཔེར་ན།
ཚིགས་བཅད་ཀྱི་མགོར་བཀྲ་ཤིས་བདེ་ལེགས་ཡོང་དུ་
བཅུག་སྟེ་ཅུང་ཁག་ཏུ་བཏང་ནས་བྲིས་ན།
བཀྲ་ཞིང་མཛེས་པའི་ཁང་བཟང་གྲུ་བཞིའི་ནང་དུ། །
ཤིས་ཚིག་སེམས་ཀྱི་མཛའ་གཞས་སྙན་མོ་བླངས་ཏེ། ། བདེ་ཞིང་སྐྱིད་པོའི་འཚོ་བའི་ལྡུམ་རའི་ནང་དུ། །
ལེགས་པོའི་མཉམ་འགྲོ་མཉམ་འདུག་དམ་བཅའ་བཞག་ཡོད། །
དཔེར་བརྗོད་དྲུག་པ། ཚེག་བར་བཅུ་གཅིག་ཅན།
དཔེར་ན། ཚིགས་བཅད་ཀྱི་མགོར་གསལ་བྱེད་ཅ་སྡེ་ཡོང་དུ་བཅུག་སྟེ་
ཅུང་ཁག་ཏུ་བཏང་ནས་བྲིས་ན།
ཅ་ཅོར་གཏམ་ངན་བཤད་པའི་ལྗགས་རྩེ་དེ་དབེན་ལ། །
ཆ་ལུགས་སྣ་མང་བསྲེས་པའི་གོམས་གཤིས་ནི་མི་འཁྱེར། ། ཇ་ཆང་ཁེ་བཟང་གཉེར་བའི་ཧམ་པ་རང་མེད་པས། །
ཉ་མོ་ལུས་ལས་འཇམ་པའི་གྲོགས་པོ་འདི་མཚར་རོ། ། ལྟ་བུའོ ། ། 93
དཔེར་བརྗོད་བདུན་པ། ཚེག་བར་བཅུ་གསུམ་ཅན། དཔེར་ན།
ནས་བྲིས་ན།
ཚིགས་བཅད་ཀྱི་མགོར་གསལ་བྱེད་ཀ་སྡེ་ཡོང་དུ་བཅུག་
ཀ་དག་དབྱིངས་ནས་བྱོན་པ་འདྲ་བའི་བདག་གི་དགེ་རྒན་ཁྱེད། ། ཁ་ཙམ་མིན་པར་བོད་ཀྱི་སོན་རྩའི་ཤེས་ཡོན་མདུན་ལམ་ཆེད། །
ག་དུས་ཡིན་ཡང་ཁོམ་ལོང་མེད་པར་ཐབས་ལམ་སྣ་ཚོགས་འཐེན། །
ང་ཚོས་དེ་རིང་དགེ་རྒན་ཉིན་མོར་བསྟོད་བསྔགས་སྙན་ཚིག་འབུལ། །
དཔེར་བརྗོད་བརྒྱད་པ། ཚེག་བར་བཅོ་ལྔ་ཅན།
དཔེར་ན། ཚིགས་བཅད་ཀྱི་མགོར་༸གོང་ས་མཆོག་གི་མཚན་བསྟན་
འཛིན་རྒྱ་མཚོ་ཡོང་དུ་བཅུག་ནས་བྲིས་ན།
བསྟན་པ་འཛིན་པའི་སྐྱེས་ཆེན་དབུས་ན་སྟོན་པ་སངས་ རྒྱས་གཉིས་པར་གྲགས། །
འཛིན་སྐྱོང་མཁས་པའི་དབུ་ཁྲིད་གྲས་ནས་ཞི་བདེའི་ དེད་དཔོན་མཚན་སྙན་བཞེས། །
རྒྱ་དང་བོད་མི་གཉིས་ཀར་ཕན་པའི་དབུ་མའི་ལམ་ བཟང་ཟམ་ཆེན་བཙུགས། །
མཚོ་ལྟར་མཛད་འཕྲིན་ས་སྟེང་ཁྱབ་པའི་༸གོང་ས་ མཆོག་ལ་སྙིང་ནས་འདུད། །ལྟ་བུའོ། ། 94
སྤྱིར་བཏང་ཚེག་བར་མང་ཉུང་མི་འདྲ་བའི་རྣམ་གྲངས་མང་པོ་ཡོད་ན་
ཡང་། ཚེག་བར་དྲུག་དང་། བདུན། དགུ་ཅན་ཤུགས་ཆེར་འབྲི་བས། དེ་ གསུམ་ལ་གོམས་ན་ཚེག་བར་མང་དུ་གཏོང་བ་ལ་དཀའ་ངལ་མེད་སྟབས།
གོང་གསལ་ཐབས་ལམ་འདི་སློབ་ཁྲིད་སྐབས་ཚིག་གསར་རིགས་ལ་ཚིག་ སྒྲུབ་བཟོ་སྐབས་བེད་སྤྱད་དེ། སློབ་ཕྲུག་རྣམས་ལ་ཚིགས་བཅད་དང་ཚིག་
ལྷུག་ཡང་ཡང་འབྲི་རུ་བཅུག་ན། གཅིག་ནས་མིང་ཚིག་གི་ནང་དོན་སེམས་ ལ་ངེས་པ་དང་། ཅན་ལྡན།
གཉིས་ནས་ཚིག་གི་སྡེབ་སྦྱོར་སྦྱོང་བ་ཕན་ཐོགས་ངེས་
95
ལེའུ་བརྒྱད་པ། རྩོམ་ཡིག་གི་ཚིག་སྐྱོན་སྤོང་སྟངས།
ཅི་ཞིག་ལ་རྩོམ་ཡིག་གི་ཚིག་སྐྱོན་ཟེར་རམ་ཞེ་ན།
སྤྱིར་ཚིག་སྦྱོར་
གང་དུའང་སྒྲ་དོན་གང་རུང་ཉམས་དང་བྲལ་ཞིང་མི་མཛེས་པར་བྱེད་པའི་ ཚིག་དེ་རྩོམ་ཡིག་གི་ཚིག་སྐྱོན་ཟེར་ཞིང་། དེ་ཡང་སྙན་གཞུང་དུ་སྐྱོན་བཅུ་
ཟེར་ནས་གསུངས་ཡོད་མོད། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཚོར་མཚོན་ན་
སྐད་ཆའི་རྗོད་པ་གཅིག་གི་ནང་དུ་མིང་ཚིག་དང་། ཚིག་ཕྲད་གཅིག་ཡང་དང་ བསྐྱར་དུ་བེད་སྤྱོད་མི་བྱེད་པའི་ཚིག་སྐྱོན་དང་། དངོས་ཡོད་གནས་ཚུལ་དང་ མི་མཐུན་པའི་དོན་སྐྱོན་མི་ཡོང་བར་འབད་བརྩོན་བྱེད་རྒྱུ་དེ་ཡིན། དང་པོ། རྩོམ་ཡིག་གི་ཚིག་སྐྱོན་བྱུང་སྟངས།
༡ སྤྱིར་སློབ་ཕྲུག་ཚོས་བརྡ་སྤྲོད་ཀྱི་ཚིག་ཕྲད་བཅུ་བཞི་ཆ་ཚང་བ་ཞིག་ སྦྱངས་ཟིན་ནའང་།
བེད་སྤྱོད་གཏོང་སྐབས་ནས་དང་ཏེ་སོགས་ཀྱི་
ཚིག་ཕྲད་ཁ་ཤས་ཤིག་མ་གཏོགས་བེད་སྤྱད་ཀྱི་མེད་པས་ན།
སློབ་
ཕྲུག་ཚོས་བྲིས་པའི་རྩོམ་ཡིག་ལ་སྒྲ་ཉམས་པའི་སྐྱོན་ནམ་ཕྲད་སྦྱོར་ སྟངས་སྐད་ཆའི་འགྲོས་མི་མཐུན་པའི་རྩོམ་ཡིག་གང་མང་ཞིག་མཐོང་ རྒྱུ་ཡོད།
རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་དེ་ནི་ཧ་ཅང་ཡིད་
གཟབ་གནང་དགོས་པའི་དོན་གནད་ཅིག་ཡིན། 96
༢ སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་སྐབས་བྱ་ཚིག་ལ་དོ་སྣང་ཞན་དྲགས་ པའི་རྐྱེན་གྱིས་བྱ་ཚིག་གི་བེད་སྤྱོད་དང་ནུས་པ་ལ་བསམ་གཞིག་མི་
བྱེད་པའི་གོམས་གཤིས་ཤིག་ཡོད། དཔེར་ན། བྱ་ཚིག་མང་པོ་ཞིག་ གི་ཚབ་ཏུ་བཏང་དང་། བརྒྱབ་གཅིག་པོ་བེད་སྤྱོད་བྱེད་བཞིན་ཡོད་པ་
འདིས་བྱ་ཚིག་གཞན་མང་པོ་ཞིག་བེད་མེད་ཆགས་ཀྱི་ཡོད་པ་མ་ཟད། ནང་སྒོས་སུ་རྩོམ་ཡིག་གི་གསོན་ཉམས་དོད་སའི་ནུས་པ་ཇེ་ཞན་དུ་ འགྲོ་བར་ཐེ་མི་ཚོམ་པས་ན། གལ་གནད་ཅིག་གོ།
སློབ་ཕྲུག་ཚོས་དོ་སྣང་བྱ་དགོས་པའི་
༣ རྗོད་བྱེད་ཚིག་གི་སྡེབ་སྦྱོར་སྙན་ཡང་། བརྗོད་བྱའི་དོན་དེ་དངོས་ཡོད་ གནས་ཚུལ་དང་མི ན ་མཐུན་པའམ་མེ ད ་པ་ཞི ག ་ལ་དོ ན ་སྐྱོན་ཟེ ར ། དཔེར་ན།
དགུན་གཞུང་རིང་མོར་ཁུ་བྱུག་གི་གསུང་སྐད་སྙན་དབང་
ལ་སོན་དུས། བཀའ་དྲིན་ཅན་གྱི་ཨ་མ་སྙིང་ནས་དྲན་ཞིང་། ངག་ནས་
“ཨ་མ་” ཞེས་ཤོར་ནས་ཐལ། ཞེས་པ་ལྟ་བུ། ཚིག་སྦྱོར་སྙན་ན་ཡང་། དོན་གྱི་དགུན་གཞུང་ཁུ་བྱུག་མེད་པས། འདིས་མཚོན་པའི་དོན་སྐྱོན་ ལ་གཟབ་པ་གལ་ཆེ།
97
གཉིས་པ། རྩོམ་ཡིག་འབྲི་སྐབས་ཕྲད་ཀྱི་སྐྱོན་སྤོང་སྟངས། དཔེར་བརྗོད་དང་པོ། ཚིག་སྐྱོན།
བཅོས་པ།
ང་ཞོགས་པ་སྔ་པོ་ནས་མལ་ནས་ལངས་ནས་ཁྲུས་བྱས་
ནས་ཞོགས་ཇ་ཟོས་ནས་དཔེ་ཁུག་ཁུར་ནས་མགྱོགས་པོ་ བྱས་ནས་སློབ་གྲྭར་བསྐྱོད་པ་ཡིན།
ང་ཞོ ག ས་པ་སྔ་པོ ་ ནས་མལ་ལས་ལངས་ཏེ ་ ཁྲུས་བྱས་ ཤིང་ཞོགས་ཇ་ཟོས་རྗེས་དཔེ་ཁུག་ཁུར་ཏེ་མགྱོགས་པོར་ སློབ་གྲྭར་བསྐྱོད་པ་ཡིན། ལྟ་བུའོ། །
དཔེར་བརྗོད་གཉིས་པ། ཚིག་སྐྱོན། བཅོས་པ།
གཟའ་ཉི ་ མ་ཉི ན ་ཁྲོ མ ་ལ་སོ ང ་སྟེ་ཅ་ལག་ཉོ ས ་ཏེ ་ གྲོ ག ས་ པོར་ཐུག་སྟེ་མཉམ་དུ་ཁ་ལག་ཟོས་ཏེ་ནང་ལ་ལོག་པ་ཡིན།
གཟའ་ཉི་མ་ཉིན་ཁྲོམ་དུ་ཅ་ལག་ཉོ་སྐབས་གྲོགས་པོར་ཐུག་ ནས་མཉམ་དུ་ཁ་ལག་ཟོས་རྗེས་ནང་ལ་ལོག་པ་ཡིན། བུའོ། །
98
ལྟ་
གསུམ་པ། བྱ་ཚིག་གི་སྐྱོན་སྤོང་སྟངས། དཔེར་བརྗོད་དང་པོ།
སློབ་གྭ་རུ་རྟག་པར་ཨ་མ་རྨི་ལམ་བཏང་གི་ཡོད་པ་དང་དེ་ བཞིན་དུ་ཨ་མར་ཡི་གེ་ཡང་བཏང་གི་ཡོད་ལ། ཨ་མས་ཀྱང་
ཚིག་སྐྱོན། ང་ལ་རྔན་པ་ཞིམ་པོ་དང་གྱོན་གོས་གཙང་མ་མང་པོ་བཏང་ གནང་གི་ཡོད་པ་མ་ཟད། ང་ལ་བསླབ་བྱ་བཏང་གི་རེད་ལ། མཚམས་མཚམས་སུ་བཀའ་བཀྱོན་ཡང་བཏང་གི་རེད།
སློབ་གྲྭ་རུ་རྟག་པར་ཨ་མ་རྨི་ལམ་རྨིས་ཀྱི་ཡོད་པ་དང་དེ་ བཅོས་པ།
བཞིན་དུ་ཨ་མར་ཡི་གེ་ཡང་བསྐུར་གྱིན་ཡོད་ལ། ཨ་མས་
ཀྱང་ང་ལ་རྔན་པ་ཞིམ་པོ་དང་གྱོན་གོས་གཙང་མ་མང་པོ་ ༵ ་གནང་གི་ཡོད་པ་མ་ཟད། ང་ལ་བསླབ་བྱ་གནང་གི་ བསྐུར རེད་ལ།
མཚམས་མཚམས་སུ་བཀའ་བཀྱོན་ཡང་ཕེབས་
ཀྱི་རེད། ལྟ་བུའོ། །
དཔེར་བརྗོད་གཉིས་པ།
དེ་རིང་སློབ་གྲྭའི་རྩེད་ཐང་དུ་སྤོ་ལོ་བརྒྱབ་པ་མང་དྲགས་
ཚིག་སྐྱོན།
པའི་རྐྱེན་གྱིས་ངའི་མགོ་བོ་ཡོངས་སུ་ན་ཟུག་བརྒྱབ་སྟེ་ གོམ་པ་རྒྱག་དཀའ་བ་མ་ཟད།
གཡས་གཡོན་ཀུན་ལ་
སྨུག་པ་བརྒྱབ་ཡོད་པ་དང་མྱུར་དུ་ནང་ལ་ལོག་ནས་བག་ ལེབ་བརྒྱབ་སྟེ་ཁ་ལག་ཟོས་པ་ཡིན། 99
དེ ་ རི ང ་སློ བ ་གྲྭའི ་ རྩེ ད ་ཐང་དུ་སྤོ ་ ལོ ་ རྩེ ས ་པ་མང་དྲགས་ བཅོས་པ།
པའི་རྐྱེན་གྱིས་ངའི་མགོ་བོ་ཡོངས་སུ་ན་ཟུག་ལངས་ཏེ་ གོམ་པ་སྤོ་དཀའ་བ་མ་ཟད། གཡས་གཡོན་ཀུན་ལ་སྨུག་
པ་འཐི བ ས་ཡོ ད ་པ་དང་མྱུར་དུ་ནང་ལ་ལོ ག ་ནས་བག་ ལེབ་བསྲེགས་ཏེ་ཁ་ལག་ཟོས་པ་ཡིན།
བཞི་པ། ཚིག་ལྷག་གི་སྐྱོན་སྤོང་སྟངས། དཔེར་བརྗོད་དང་པོ།
ང་ཚོ་སློབ་ཕྲུག་ཅིག་གི་ངོས་ནས་བཤད་ན་དུས་རྟག་ཏུ་
ཚིག་སྐྱོན། སྒྲུང་དེབ་མང་པོ་ཀློག་དགོས་ཀྱི་ཡོད་པ་རེད། བཅོས་པ།
ང་ཚོ་སློབ་ཕྲུག་ཅིག་གི་ངོས་ནས་བཤད་ན་དུས་རྟག་ཏུ་ སྒྲུང་དེབ་མང་པོ་ཀློག་དགོས།
དཔེར་བརྗོད་གཉིས་པ།
སྒྲུང་འདི་བསྟན་འཛིན་གྱིས་ང་ལ་ལབ་པ་རེད། ཁོས་སྒྲུང་
ཚིག་སྐྱོན།
འདི ་ ལབ་དུས་ཧ་ཅང་གི ་ ཉམས་ཆ་དོ ད ་པོ ་ དང་སྒྱུ་རྩལ་ འཛོམས་པོ་ངང་ནས་བཤད་ཀྱི་འདུག
སྐབས་དེར་ངའི་
ལུས་ངག་ཡིད་གསུམ་ཡོངས་རྫོགས་ཚང་མ་ཅིག་ཅར་དུ་ ཕྲོགས་འགྲོ་སོང་བ་རེད། 100
བཅོས་པ།
སྒྲུང་འདི་བསྟན་འཛིན་གྱིས་ང་ལ་ལབ་སོང་།
ཁོས་སྒྲུང་
འདི ་ ལབ་དུས་ཧ་ཅང་གི ་ ཉམས་ཆ་དོ ད ་པོ ་ དང་སྒྱུ་རྩལ་ འཛོམས་པོ་ངང་ནས་བཤད་བྱུང་། སྐབས་དེར་ངའི་ལུས་ ངག་ཡིད་གསུམ་ཡོངས་རྫོགས་ཅིག་ཅར་དུ་ཕྲོགས།
ལྔ་པ། དོན་སྐྱོན་སྤོང་སྟངས།
༡ ཚེ ར ་མ་དང་རྡོ ་ གསེ ག ་གི ས ་ཁེ ང ས་པའི ་ རྩེ ད ་ཐང་དེ ་ ན་སློ བ ་ཕྲུག་ རྣམས་ཀྱིས་རྩེད་མོ་སྣ་ཚོགས་ལ་ཅི་དགར་རྩེས།
༢ འུར་སྒྲ་དང་སྐད་ཅོར་གྱིས་ཁེངས་པའི་འཛིན་ཁང་ན།
རྒན་ལགས་
ཀྱིས་ཞི་འཇམ་ཞིང་བག་ཕེབས་པའི་ངང་སློབ་ཚན་ཁྲིད་ཀྱི་འདུག
ཅེས་པའི་གོང་གསལ་གྱི་ཚིག་སྦྱོར་འདི་གཉིས་ནང་དོན་ནང་འགལ་
དུ་གྱུར་བའམ། འགྱུར་ལ།
དངོས་ཡོད་གནས་ཚུལ་དང་མི་མཐུན་པས་དོན་སྐྱོན་དུ་
སྐབས་རེར་རྩོམ་པ་པོས་ཚིག་བརྗོད་གོང་འོག་བསྡུར་ནས་
བལྟས་ན་སྐྱོན་མེད་པའི་རིགས་ཀྱང་ཡོད་སྲིད་པས། སྐབས་བབ་རྩོམ་པ་ ལ་འཇུག་སྐབས་ཉམས་འཇོག་དགོས་ཤིང་། ཤིག་ཡིན་ནོ། །
101
སྐྱོན་འབྱུང་སླ་བའི་གནས་
ཞར་བྱུང་ཇི་བཞིན་བརྗོད་པའི་རྩོམ་དཔེ་ངོ་སྤྲོད།
༡། སློབ་གྲོགས་ཚོས་འབྲི་རྩལ་ཡར་རྒྱས་གཏོང་བར་ཐབས་ལམ་གཉིས་ མངའ་སྟེ།
གཅིག་ནི་དཔེ་ཀློག་གང་མང་བརྒྱུད་དེ་རྩོམ་ཡིག་འབྲི་
སྟངས་ཀྱི་རྒྱུ་ཆ་འདོར་ལེན་བྱ་རྒྱུ་དེ་ཡིན་པ་དང་། ཅིག་ཤོས་ནི་མཁས་ པ་གཞན་དག་གིས་བྲིས་པའི་རྩོམ་ཡིག་ལ་བལྟས་ཏེ་ལད་འབྲི་བྱེད་ སྟངས་འདི་ཡིན། འདི་གཉིས་ལས་ཕྱི་མ་ནི་སྟབས་བདེ་ཞིང་མགྱོགས་
མྱུར་གྱི་ལམ་ཁ་ཞིག་ཡིན་པས། སློབ་གྲོགས་ཚོར་མཚོན་ན་འབྲི་རྩལ་ ཡར་རྒྱས་གཏོ ང ་བའི ་ ལམ་ཁ་ཡག་ཤོ ས ་དེ ་ ཡི ན ་པས་ལག་ལེ ན ་དུ་ བསྟར་རིགས་སོ། །
༢། རྩོམ་ཡིག་ལད་འབྲི་བྱེད་སྟངས་ནི། རྩོམ་ཡིག་ག་གེ་མོ་ཞིག་བདམས་ ཏེ་དེའི་བརྗོད་བྱའམ་སྒྲོམ་གཞི་གཞིར་བཟུང་སྟེ།
རང་བློས་ལྕོགས་
ཚོད་ཀྱིས་ཚིག་སྦྱོར་སྙན་མོ་བེད་སྤྱད་དེ་རྩོམ་ཡིག་དེ་དང་འདྲ་བོ་འབྲི་
བ་དེ་ཡིན། སློབ་གྲོགས་ཚོས་ལད་འབྲི་བྱེད་སྐབས་ཡིད་གཟབ་གནང་ དགོས་པ་ཞིག་ལ། གཞན་གྱི་རྩོམ་ཡིག་དེའི་ཚིག་ཁ་ཤས་ལ་འགྱུར་བ་ བཏང་སྟེ་ཇི་མ་ཇི་བཞིན་བཤུས་འབྲི་བྱེད་མི་ཆོག དེ་ལྟར་བྱས་ན་རྐུ་
བཤུ་ཡི་ཉེས་པ་ཕོག་ངེས། ཡིན་ནའང་། མིང་ཚིག་ལ་དོན་གཅིག་ པ་དང་མིང་གི་རྣམ་གྲངས་དུ་མ་ཡོད་པས། དཔེར་ན། མེ་ཏོག་པདྨའི་ 102
ཚབ་ཏུ་མིང་གཞན་ལ་ཆུ་སྐྱེས་འབྲི་བ་བཞིན།
དེ་དག་འོས་འཚམ་
གྱིས་བེད་སྤྱད་དེ་དང་པོ་ཚིག་གྲུབ་ལ་འགྱུར་བ་གཏོང་བ་དང་།
དེ་
ནས་རིམ་གྱིས་དུམ་མཚམས་དང་རྩོམ་ཡིག་གི་ཚིག་སྦྱོར་ཧྲིལ་པོ་ལ་ འགྱུར་བ་གཏོང་བར་འབད་བརྩོན་གནང་ཐུབ་ན།
ཁྱེད་ཀྱི་རྩོམ་ཡིག་
ཡར་རྒྱས་ཡོང་བར་ལམ་ཁ་སླ་ཤོས་དང་ཡག་ཤོས་དེ་ཡིན།
དང་པོ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན་དང་ཚང་དགོས་པའི་ཆ་ རྐྱེན་ངོ་སྤྲོད།
༡། ཅི་ཞིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཟེར་ཞེ་ན། “ལྷུག་བརྗོད་དང་ ཞིབ་འབྲིའི་མཚོན་ཐབས་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པ་ དང་།
བསམ་བློའི་བརྩེ་དུང་སྟོན་པའི་རྩོམ་ཡིག་ལ་ཟེར་བ་ཡིན་ཏེ།
གོ་དོན་འདི་ལ་ནང་དོན་གྱི་ཆ་ནས་བལྟས་ན།
ཇི་བཞིན་བརྗོད་པའི་
རྩོམ་ཡིག་ནི་དོན་རྐྱེན་དང་མི་སྣ། ཡུལ་ལྗོངས་དང་དངོས་པོ་འབྲི་བའི་
རྩོམ་ཡིག་ཅིག་ཡིན་པ་དང་། མཚོན་བྱེད་ཐབས་ཀྱི་ཆ་ནས་བལྟས་ན།
ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་ལྷུག་བརྗོད་དང་ཞིབ་འབྲིའི་མཚོན་ ཐབས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་ཅིག་ཡིན་པ་ཤེས་པར་བྱ་ དགོས།” ཟེར་བ་ལྟར་རོ། །
༢། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་གང་དག་
ཡིན་ནམ་ཞེ་ན། མི་སྣ་དང་། དོན་རྐྱེན། དུས་ཚོད། ཡུལ། རྒྱུ་རྐྱེན།
མཇུག་འབྲས་བཅས་ལ་ཇི ་ བཞི ན ་བརྗོ ད ་པའི ་ རྩོ མ ་ཡི ག ་གི ་ གྲུབ་ཆ་ 103
དྲུག་ཅེས་ཟེར་བཞིན་ཡོད་མོད། ཡིན་ནའང་། ཇི་བཞིན་བརྗོད་པའི་ རྩོམ་ཡིག་ཡོད་ཚད་ལ་གྲུབ་ཆ་དྲུག་པོ་ཚང་དགོས་པའི་ངེས་པ་མེད་
དེ༑ རྩོམ་ཡིག་ཁ་ཤས་ལ་གྲུབ་ཆ་འགའ་རེ་མི་གསལ་བའམ། ཡང་ན། བསྡུས་ནས་བྲིས་པའང་ཡོད་པས་སློབ་གྲོགས་ཚོས་སྐབས་བབ་དང་ བསྟུན་ཏེ་ཤེས་དགོས།
གཤམ་དུ་བོད་ནང་གི་སློབ་ཕྲུག་ཚོས་བྲིས་
པའི་རྩོམ་ཡིག་འགའ་ལ་བལྟ་བར་བྱའོ ། །
ཇི་བཞིན་བརྗོད་པའི་རྩོམ་དཔེ་དང་པོ།
ངེད་ཚང་གི་འབྲི་མོ་རོག་ལུ་མ།
ངེད་ཚང་ལ་འབྲི་གཡག་མང་པོ་ཞིག་ཡོད།
དེའི་ནང་ནས་ཆེས་ཡིད་
དུ་འོང་བ་དང་ནོར་རྒྱུད་བཟང་བ་ནི་འབྲི་མོ་རོག་ལུ་མ་རེད། འབྲི་མོ་རོག་ལུ་ མའི་ལུས་ཀྱི་སྤུ་མདོག་རོག་རོག་ཡིན་པས་ཆ་ནས་བཟའ་མི་གང་པོས་རོག་ ལུ་མ་ཞེས་མིང་བཏགས། དེའི་མིག་ཟུང་ནི་ཁྲ་རིལ་རིལ་དུ་འདུག
ཐེངས་ཤིག་ལ། འབྲི་མོ་རོག་ལུ་མ་དང་འབྲི་གཡག་མང་པོས་མཉམ་
དུ་རྩྭ་ཟ་བའི་སྐབས་སུ།
ངས་རི་སྒང་ཞིག་ཏུ་རོག་ལུ་མ་ལ་སྤྱང་ཀི་ཞིག་
གིས་རྨུག་བཞིན་པ་མཐོང་བས། ང་རང་མྱུར་དུ་མར་བརྒྱུགས་ཏེ་སླེབས་ཚེ་ འབྲི་མོ་རོག་ལུ་མར་ཁྲག་དམར་བཞུར་གྱིན་ཡོད།
སྐབས་དེར་ང་ཁོང་ཁྲོ་
ཆེན་པོ་ལངས་ཏེ་ས་ནས་རྡོ་ཞིག་བླངས་ནས་སྤྱང་ཀི་དེ་གཞུས་དགོས་སྙམ་ ནས་ཡར་མར་ལ་བཙལ་ཀྱང་།
སྤྱང་ཀི་སྔ་མོ་ནས་རྒྱང་རིང་དུ་བྲོས་ཟིན། 104
དེ་བས་ང་ལ་ཐབས་གཞན་མེད་པར་འབྲི་མོ་རོག་ལུ་མ་ཁྲིད་ནས་ཕྱིར་རང་ ཁྱིམ་དུ་སོང་བ་ཡིན།
ཨ་མས་རོག་ལུ་མའི་རྨ་ཁར་སྨན་བསྐུས་རྗེས་རྨ་ཁ་སེང་རས་ཤིག་
གིས་དཀྲིས་ཤིང་།
སོགས་ཀྱིས་གསོས།
དེ་ནས་ངེད་ཚང་གི་ར་ནང་ལ་བཀག་ནས་ལོ་ཏོག་
འབྲི་མོ་རོག་ལུ་མས་རང་གིས་ལུས་སྟེང་གི་རྨ་ཁ་
ལྡག་བཞིན་པའི་ཚུལ་ནི་ཆེས་ཉམ་ཐག་པ་ཞིག་རེད་ཨང་།
ཉིན་འགའ་འགོར་རྗེས་རོག་ལུ་མའི་རྨ་ཁ་སོས་སོང་། རེད་ཡ། འབྲི་
མོ་རོག་ལུ་མས་ང་ཚོར་དྲིན་ལན་འཇལ་བ་ལྟར་ཉིན་བཞིན་འོ་མ་ཇེ་མང་ནས་ ཇེ་མང་རེད།
དེ་བས་ང་ལ་དགའ་སྤྲོ་སྐྱེས་ནས་རོག་ལུ་མའི་རྒྱབ་ལ་ལག་
པས་བྱིལ་བྱིལ་ཡང་ཡང་བྱས་པ་ཡིན།
(རྩོམ་ཡིག་འདི་ནི་གངས་རྒྱན་ན་ཆུང་ཚགས་པར་ནས་བདམས་ཤིང་། རྩོམ་པ་པོ་ནི་སི་
ཁྲོན་མཛོད་དགེ་རྫོང་ལོ་རྟ་ཞང་དཀྱིལ་སྙིང་སློབ་གྲྭའི་འཛིན་རིམ་དྲུག་པའི་སློབ་མ་བདེ་མཚོ།)
ཕྲན་དཔྱད།
ང་ཚོས་མཉམ་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་བེད་
སྤྱད་དེ་དཔྱད་ཞིབ་ཅིག་བྱ།
༡ མི་སྣ་ནི། རྩོམ་པ་པོ་དང་འབྲི་མོ་རོག་ལུ་མ། ཨ་མ་བཅས་རེད། ༢ དོན་རྐྱེན་ནི།
༣ དུས་ཚོད་ནི།
འབྲི་མོ་རོག་ལུ་མ་ལ་སྤྱང་ཀི་ཞིག་གིས་རྨུགས་པ།
མཉམ་དུ་རྩྭ་ཟ་སྐབས་ཀྱི་དུས་ཚོད་རེད།
༤ ཡུལ་ནི། རི་སྒང་དང་ར་ནང་རེད། 105
༥ རྒྱུ་རྐྱེན་ནི། འབྲི་མོ་རོག་ལུ་མ་དང་ནོར་མང་པོས་མཉམ་དུ་རྩྭ་ཟ་བའི་ སྐབས་སུ།
འབྲི་མོ་རོག་ལུ་མ་ལ་སྤྱང་ཀི་ཞིག་གིས་རྨུགས་ཏེ་ཁྲག་
དམར་བཞུར་བ་རྒྱུ་རྐྱེན་རེད།
༦ མཇུག་འབྲས་ནི།
ཨ་མས་འབྲི་མོ་རོག་ལུ་མའི་རྨ་ཁར་སྨན་བསྐུས་
རྗེས་རྨ་ཁ་སེང་རས་ཤིག་གིས་དཀྲིས་ཤིང་། ཉིན་འགའ་འགོར་རྗེས་ རོག་ལུ་མའི་རྨ་ཁ་སོས་སོང་།
དེ་ནས་འབྲི་མོ་རོག་ལུ་མས་ང་ཚོར་
དྲིན་ལན་འཇལ་བ་ལྟར་ཉི ན ་བཞི ན ་འོ ་ མ་ཇེ ་ མང་ནས་ཇེ ་ མང་རེ ད ། ཅེས་པ་དེ་རེད།
རྩོམ་ཡིག་འདིའི་བརྗོད་སྙིང་ནི་རྩོམ་པ་པོས་འབྲི་མོ་ཞིག་གཞིར་བཟུང་
སྟེ༑ དེའི་སྤུ་མདོག་དང་། ཁྲ་རིལ་རིལ་གྱི་མིག་ཟུང་ནས་འབྲི་མོ་ཞིག་གི་ ཕྱིའི་རྣམ་པ་གང་ཡིན་པ་དེ་ཇི་བཞིན་དུ་ཀློག་མཁན་ཚོའི་མིག་ཟུང་དུ་བསྟར་ འདུག་པས་ཇི་བཞིན་བརྗོད་པའི་རྩོམ་དཔེ་རུ་འོས་སོ། ། ཇི་བཞིན་བརྗོད་པའི་རྩོམ་དཔེ་གཉིས་པ།
སྒེའུ་ཁུང་ཕྱི་རོལ།
བདག་དམའ་འབྲིང་གཉིས་པའི་སྐབས་ནས་བཟུང་།
ད་ལྟའི་བར་དུ་
སློབ་ཁང་གི་སྒེའུ་ཁུང་འགྲམ་གྱི་སྡོད་སྟེགས་སུ་བསྡད་པ་ཡིན། ལས་འདས་པ་ཞིག་ལ། རེད།
བློ་ཡུལ་
སྡོད་ཡུན་རིང་ན་དེར་ཧ་ཅང་སྡོད་འདོད་པ་ཞིག་
སྒེའུ་ཁུང་དེའི་འགྲམ་དུ་བསྡད་ན་དགེ་རྒན་གྱི་ཁྲོ་གཉེར་ལ་བལྟ་མི་ 106
འདོད་ཚེ། རང་གི་གདོང་སྒེའུ་ཁུང་གི་ཕྱི་རུ་ཕྱོགས་ཏེ། ཕྱི་རོལ་གྱི་བསིལ་ རླུང་གིས་རྒྱ་ལྕང་གི་ལོ་མ་གཡོ་བའི་རྣམ་པར་ལྟ་བ་དང་།
སྡོང་མགོའི་
བྱིའུའི་སྐད་སྙན་ལ་མཉན་ནས་དགེ་རྒན་གྱི་སྡིགས་མོ་ལ་དེ་འདྲའི་དོ་སྣང་མ་ བྱས་ཀྱང་ཆོག་པར་མ་ཟད།
དགེ་རྒན་གྱི་ཁོང་ཁྲོ་ཞི་རྗེས་ད་གཟོད་རང་གི་
ཁ་ཕྱིར་འཁོར་ནས་སློབ་ཁྲིད་ལ་ཉན་ཆོག
ད་ནངས་སྔ་མོའི་སློབ་ཐུན་དང་པོ་ནི་ང་ཧ་ཅང་སྐྲག་པའི་རྫས་འགྱུར་
གྱི་སློབ་ཁྲིད་རེད།
རྫས་འགྱུར་དགེ་རྒན་ནི་ཧ་ཅང་བཙན་པོ་ཞིག་ཡིན་ལ།
ཁོའི་མིག་ཆུང་ཡང་ཧ་ཅང་རྣོན་པོ་ཞིག་ཡིན་ཏེ།
སློབ་ཁང་ནང་དུ་གྲགས་
འགུལ་ཅིག་བྱུང་འཕྲལ་ཁོའི་མིག་རྒྱ་ལས་ཐར་མི་ཐུབ། ང་རང་རྫས་འགྱུར་ གྱི་སློབ་ཐུན་རེ་རེའི་སྐབས་སུ་འབག་སྐུ་ཞིག་དང་འདྲ་བར་འགུལ་བ་ཙམ་
ཡང་བྱེད་མི་ཕོད་པར་དྲང་བོར་བསྡད་པ་ཡིན། སྐབས་དེར་ངའི་རྣམ་འགྱུར་
ལ་བལྟས་ན་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པ་ཡིན་ཡང་། སེམས་སུ་སུན་
སྣང་གི་ཟ་འཕྲུག་ལངས་བཞིན་ཡོད་པས། བསིལ་རླུང་ཞིག་སྒེའུ་ཁུང་ལས་ ལྡང་འོངས་ཚེ། ཕྱི་རོལ་ལ་ལྟ་འདོད་ཀྱི་འདུན་པ་བཟོད་གླགས་མེད་པ་ཞིག་ སྐྱེས་འོང་ཡང་།
དེ་ནི་ངའི་སེམས་ལ་དྲན་ཚུལ་ཙམ་ལས་དངོས་སུ་སྒེའུ་
ཁུང་ཕྱི་རོལ་ལ་ལྟ་བའི་སྤོབས་པ་ནི་མེད།
རྒྱུ་མཚན་ནི་རྫས་འགྱུར་དགེ་
རྒན་གྱིས་ཤེས་ཚེ་བདག་གི་ལས་བཟང་མེད་པ་སྨོས་ཅི་དགོས།
བདག་
གིས་སུན་སྣང་ངང་བསྒུགས་བསྒུགས་པའི་མཐར་རྫས་འགྱུར་སློབ་ཐུན་གྲོལ་ བའི་ཅོང་བརྡ་གྲགས་བྱུང་།
སྒེའུ་ཁུང་གི་ཕྱི་རུ་ཕྱོགས་ཏེ།
དགེ་རྒན་སྒོར་བུད་མ་ཐག་བདག་གི་མགོ་བོ་ མིག་གིས་ནམ་མཁའ་དང་། 107
སྤྲིན་དཀར།
ལྕང་སྡོང་། བསིལ་རླུང་། བྱིའུ་སོགས་ལ་ཅེར་ནས་སེམས་སུ་བདག་ཁྱོད་ ཚོ་དང་ལྷན་དུ་བསྡད་ན་འདོད་པ་ལས། རྡུལ་ཕྲན་དང་། གྱེས་རྡུལ། འདུས་ རྡུལ་གྱི་མཚོན་རྟགས་སོགས་ལ་ངོ་ཤེས་བྱས་ན་མི་འདོད་སྙམ་བྱུང་།
“དགའ་སྤྲོའི་དུས་ཡུན་ནི་ཧ་ཅང་ཐུང་།” ཟེར་བ་བདེན་ཏེ། སློབ་གསེང་
གི ་ངལ་གསོ འི ་ དུས་ཚོ ད ་སྐར་མ་བཅུ་པོ་དེ ་མ་ཐག་ཕར་འདས་ནས་སྐད་
ཡིག་དགེ་རྒན་སློབ་ཁྲིད་ལ་ཕེབས་བྱུང་། ངས་མིག་གིས་སྒོ་སམ་(ནག་པང) སྟེང་ལ་ཅེར་ནས་མི་འདུག་ཀ་མེད་རེད། དགེ་རྒན་གྱིས་དེ་རིང་ང་ཚོས་མིན་
ཙིའི་<<བདག་གི་ཉ་ཤ་ཟ་བར་འདོད>>ཅེས་པའི་སློབ་ཚན་ལ་སློབ་སྦྱོང་བྱེད་ ཅེས་ཟེར། དེར་བདག་གིས་སེམས་ལ། མིན་ཙི་ལགས། ཁྱོད་ཀྱིས་ཉ་ཤ་ བཟའ་འདོད་ན་ཆུ་ནང་ནས་བཟུང་ཆོག་མོད། བྲིས་ནས་ཅི་བྱེད་སྙམ།
དེའི་ཆེད་དུ་རྩོམ་ཡིག་ཅིག་
དགེ་རྒན་གྱིས་ཁྲིད་སྟེགས་སྟེང་ནས་ཁ་ཆུ་ཡེར་
བཞིན་སློབ་ཁྲིད་བྱེད་པ་དང་། བདག་གིས་ཐ་མེ་ཐོམ་མེས་སློབ་ཁྲིད་ལ་ཉན་ བཞིན་མིན་ཙིས་ཉ་ཤ་ཟོས་ཚུལ་ཇི་འདྲ་ཡིན་པའང་མ་ཚོར། གློ་བུར་དུ་དགེ་ རྒན་གྱིས་སློབ་ཚན་དེ་བློ་ལ་འཛིན་དགོས་ཞེས་བརྗོད་མ་ཐག དྲན་པ་ཅུང་ཇེ་གསལ་དུ་གྱུར་པ་དང་།
བདག་གི་
རྩོམ་ཡིག་འདི་འདྲ་རིང་པོ་ཞིག་བློ་
ལ་ཇི་ལྟར་འཛིན་སྙམ་སྟེ་མིན་ཙིའི་སྟེང་ལ་ཁོང་ཁྲོ་ལངས་པ་ཡིན།
སྔ་དྲོའི་ཆེས་མཐའ་མཇུག་གི་སློབ་ཐུན་ནི་ལོ་རྒྱུས་རེད། ཨེ། བོད་ཀྱི་
ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ལོ་རྒྱུས་ཀྱི་ཁྲོད་ན། དོན་རྐྱེན་ཇི་འདྲའི་མང་ པོ་ཞིག་ཡོད་པ་ལ་ཨང་། ངའི་ཀླད་པ་འདི་གློག་ཀླད་མིན་པས། དོན་དག་དེ་ འདྲ་མང་པོ་ཞིག་ཡིད་ལ་འཛིན་ཐུབ་བམ་སྙམ། 108
(རྩོམ་ཡིག་འདི་གངས་རྒྱན་ན་ཆུང་ཚགས་པར་ནས་བདམས།
ཟི་ལིང་།)
མཁའ་འགྲོས་བསྒྱུར།
ཕྲན་དཔྱད།
རྩོ མ ་ཡི ག ་འདི ་ ནི ་ སློ བ ་མ་ཞི ག ་གི ས ་སློ བ ་ཁྲི ད ་ལ་ཉན་སྐབས་ཀྱི ་
སེམས་ཁམས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་རེད་ལ།
སློབ་ཁྲིད་
སྐབས་ཀྱི་ཉོབ་སྣང་དང་འཇིགས་སྣང་རེ་རེ་ནས་གསལ་པོ་བྲིས་ཏེ་སློབ་ཆུང་ སློབ་མ་ཞིག་གི་སེམས་ཀྱི་ཚོར་སྣང་དམར་རྗེན་དུ་བསྟན་འདུག
འདི་ལྟར་
སློབ་ཁྲིད་ལ་ཉོབ་སྣང་དང་འཇིགས་སྣང་སྐྱེས་དགོས་པ་དེ་ནི་དེང་སྐབས་ དགེ་རྒན་ཁ་ཤས་ཀྱི་ཁྲིད་ཐབས་གསར་པ་མིན་པ་དང་སློབ་ཁྲིད་ཀྱི་དམིགས་ ཡུལ་མ་ངེས་པ།
སློབ་མའི་སེམས་ཁམས་ལ་རྒྱུས་ལོན་ཞན་དྲགས་པའི་
རྐྱེན་གྱིས་སློབ་མར་སུན་སྣང་སྐྱེས་ཀྱི་ཡོད་པ་ཇི་བཞིན་རྩོམ་ཡིག་འདིས་ གནད་དོན་འདི་དག་གཙོ་སྙིང་དུ་བཟུང་འདུག་པས་དོན་དངོས་ཀྱི་གནད་
ལ་ཁེལ་འདུག སྒྲིག་གཞིའི་ཆ་ནས་བལྟས་ནའང་། ཇི་བཞིན་བརྗོད་པའི་ རྩོམ་ཡིག་གི་གྲུབ་ཆ་དྲུག་པོ་བྱུང་རིམ་ལྟར་བྲིས་ཡོད་དེ། དང་དགེ་རྒན།”
མི་སྣ། “བདག་
དོན་རྐྱེན། “ང་རང་ཧ་ཅང་སྐྲག་པའི་རྫས་འགྱུར་གྱི་སློབ་
ཐུན་དང་སྐད་ཡིག་སློབ་ཐུན། ལོ་རྒྱུས་སློབ་ཐུན་བཅས་ཡིན།”
དུས་ཚོད།
གཞི་སློབ་ཕྲུག་གི་སེམས་ཁམས་ལ་མི་འཚམ་པ་དང་གཉིས།
ཁྲིད་ཐབས་
“དམའ་འབྲིང་གཉིས་པའི་སྐབས།” ཡུལ། “སློབ་ཁང་གི་སྒེའུ་ཁུང་འགྲམ་ ཡིན།” རྒྱུ་རྐྱེན། “དགེ་རྒན་ཧ་ཅང་བཙན་པོ་ཡོད་པ་དང་གཅིག བསླབ་ གསལ་པོ་མིན་པ་བཅས་རེད།” མཇུག་འབྲས་ཁ་གསལ་མེད་མོད། འོན་ཏེ་ 109
བསླབ་གཞི་རྒྱ་ཆེ་བ་དང་ཁྲིད་ཐབས་སྣ་འཛོམས་མིན་སྟབས། “ངའི་ཀླད་པ་
འདི་གློག་ཀླད་མིན་པས། དོན་དག་འདི་འདྲ་མང་པོ་ཞིག་ཡིད་ལ་འཛིན་ཐུབ་ བམ་སྙམ་”པའི་སེམས་ཀྱི་དཀའ་ངལ་འདི་རྩོམ་ཡིག་འདིའི་མཇུག་འབྲས་སུ་ རྩིས་ན་ཆོག་གོ །
ཇི་བཞིན་བརྗོད་པའི་རྩོམ་དཔེ་གསུམ་པ།
ང་དང་ཕ་བོང་བར་གྱི་གཏམ་རྒྱུད།
ངེད་ཚང་གི་ཁང་པ་རྙིང་པའི་མདུན་ཕྱོགས་ན་ཕ་བོང་ཆུང་ཆུང་ཞིག་
ཡོད་ཅིང་།
དེའི་མཐོ་ཚད་ལ་ས་ངོས་ལས་ཕི་ཁྲུ་གཉིས་ཙམ་ཡོད་པ་དང་
གཟུགས་དབྱིབས་ནི་འབོལ་ཁྲི་ཞིག་དང་ཧ་ཅང་མཚུངས། ཆུང་དུས་སུ་ངས་ ཕ་བོང་དེར་རླངས་འཁོར་ཞེས་བོས་ཤིང་།
ལོ་ལྔ་དྲུག་ཙམ་ནས་ལོ་བཅུ་
གསུམ་བར་དུ་ཕ་བོང་དེ་ནི་ངའི་རྩེད་ཆས་གཅིག་པུ་དེ་ཡིན།
རྒྱུན་དུ་ང་ཁེར་རྐྱང་དུ་སུན་སྣང་སྐྱེ་སྐབས་སྒོ་ཁའི་རླངས་འཁོར་ཏེ་ཕ་
བོང་དེའི་སྟེང་ནས་ལྷ་ས་ལ་འགྲོ་ཁུལ་དང་།
རང་ཉིད་ཁ་ལོ་བ་ཡིན་ཁུལ་
བྱས་ཏེ། གཟུགས་མེད་ཀྱི་མགྲོན་པོ་དག་ལ་ཉེན་ཁ་ཆེ་ཚུལ་དང་། ལམ་མི་
བདེ་བ་སོགས་ཀྱི་གཏམ་ལབ་ཞོར་དུ་རྩེས་ནས་བསྡད་པ་ཡིན། དེ་ལྟར་ཡུན་ རིང་འགོར་བ་ན་ང་དང་ཕ་བོང་བར་ལ་སྨྲ་མི་ཤེས་པའི་བརྩེ་དུང་ཟབ་མོ་ཞིག་ ཆགས་སོང་།
རྟག་ཏུ་བྱིས་པ་གཞན་དག་གིས་རྩེད་ཆས་སྣ་ཚོགས་རྩེ་སྐབས་ང་སྔར་ 110
བཞིན་གྲགས་མེད་འགུལ་མེད་ཀྱི་རླངས་འཁོར་ལ་བསྡད་དེ་ཁ་ནས་ལྡིར་སྒྲ་ དང་བཅས་རྩེ་བ་དང་།
དེ་བཞིན་ངས་བཟའ་མི་གང་པོ་ཁྲིད་ནས་ལྷ་སར་
སོང་བའང་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན།
ངོ་མ་རླངས་འཁོར་ཆུང་
ཆུང་དེས་ངའི་བྱིས་དུས་ཀྱི་ལང་ཚོ་ལ་སྤྲོ་སྐྱིད་ཀྱི་མེ་ཏོག་གཏོར་ཅིང་། སུན་ སྣང་གི་སྨག་རུམ་ལ་དགའ་བདེ་ཡི་འོ ད་སྣང་སྦྱིན་པས།
ཕ་བོང་དེ་ལ་ཧ་
ཅང་དགའ་ཞིང་ནམ་ཡང་འབྲལ་མི་ཕོད་པའི་སྣང་བ་ཞིག་ཀྱང་བཅོས་མིན་དུ་ སྐྱེས་སོང་།
ལོ ་ འགའི ་ རྗེ ས ་སུ་ངེ ད ་ཚང་གི ་ ཁང་པ་གནས་གསར་པ་ཞི ག ་ལ་སྤོ ་
དགོས་བྱུང་།
དེ་དུས་ང་རང་ལོ་བཅུ་གསུམ་ཡིན།
ངས་ཨ་ཕར་མིག་ཆུ་
འདོན་བཞིན་རང་ཉིད་ཕ་བོང་དེ་དང་ཁ་འབྲལ་མི་འདོད་ཚུལ་བཤད་ཀྱང་དེ་ ལ་ལྡོག་ཐབས་མ་རྙེད།
ཉིན་ཞིག ངས་རང་ཁྱིམ་ནས་ལྕགས་ཁེམ་བཟུང་སྟེ་ཕ་བོང་དེའི་རྩ་བ་
སློག་མགོ་རྩོམ་སྐབས། ཨ་མས་ང་ལ “ཁྱོད་ཀྱིས་ཅི་བྱེད་ཀྱི་ཡོད།” ཟེར། ངས་ཨ་མར།
“གལ་ཏེ་ང་འགྲོ་དགོས་ན་རླངས་འཁོར་འདི་ཡང་འཁྱེར་
དགོས། དེ་མིན་ན་ངའང་མི་འགྲོ།” ཞེས་བཤད་པས། ཨ་མས་ལག་ཟུང་ གིས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དུ། “གཅེས་ལོ། ང་ཚོས་ཁྱིམ་གྱི་ཅ་
ལག་རྣམས་བསྐྱལ་ཚར་རྗེས་ཨ་ཕ་དང་ཨ་ཁུ་གཉིས་ཁྱོད་ཀྱི་རླངས་འཁོར་ འདི་ལེན་དུ་ཡོང་ངེས་ཡིན།” ཞེས་སྨྲས་པས། སྐབས་དེར་ངས་ཀྱང་ཨ་མའི་ ཁ་ལ་ཉན་པ་ལས་ཐབས་གཞན་མ་རྙེད།
111
འོན་ཀྱང་། རྐྱེན་ཅི་ཞིག་ལ་ཕྲད་པ་མི་དྲན་མོད། དུས་དེ་ནས་བཟུང་
རྡོའི་རླངས་འཁོར་དེ་ཁང་པ་གསར་པའི་སྒོ་ཁར་སྤོས་མ་ཡོང་བར་མ་ཟད། ང་རང་རླངས་འཁོར་དེ་ལ་ཐེངས་གཅིག་ཀྱང་ཕྲད་མ་མྱོང་ལ།
རྒྱུན་དུ་སློབ་
(རྩོམ་ཡིག་འདི་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་ཤིང་།
རྩོམ་པ་པོ་གཉན་
གྲྭ་གྲོལ་རྗེས་རླངས་འཁོར་གྱི་ཕྱོགས་ལ་འགྲོ་བསམ་ཡང་ཨ་ཕའི་ཁ་རྡུང་ལ་ སྐྲག་ནས་འགྲོ་མ་ནུས། ད་ལྟ་ངས་ཕ་བོང་དེ་འགོག་མེད་དུ་དྲན་འོང་། སྲས་འབྲོག་ཕྲུག མཚོ་སྔོན་ཟི་ལིང་།)
ཕྲན་དཔྱད།
རྩོམ་ཡིག་འདི་ནི་ང་དང་ཕ་བོང་བར་གྱི་གཏམ་རྒྱུད་དེ། ཕ་བོང་དང་ཇི་
ལྟར་འབྲེལ་འདྲིས་བྱེད་སྟངས་ཀྱི་རྣམ་པ་ཇི་བཞིན་དུ་བྲིས་འདུག་ལ།
འབྲི་
སྟངས་ཀྱི ་ ཆ་ནས་བལྟས་ནའང་སྒྲིག་གཞི་ ཞིབ ་ཚགས་ཤིང་གོ ་ རིམ ་ལྡན་ པར་མ་ཟད། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་རེ་རེའི་མཚོན་དོན་ གསལ་ཞིང་།
མཚན་ལྡན་ནོ། །
སློབ་གྲོགས་ཚོས་བལྟས་མ་ཐག་ཏུ་ངེས་འཛིན་སླ་བའི་དགེ་
112
ཟུར་བཀོད། རྩོམ་དཔེ་དང་པོ།
<<ང་དང་ངའི་དམིགས་ཡུལ།>>
འཛམ་གླིང་རྩོམ་རིག་གླིང་གི་སྐྱེད་ཚལ་དུ། །
སྣ་ཚོགས་རྩོམ་རྩལ་མཁས་པའི་རྩོམ་པ་པོ། །
དམིགས་ཡུལ་བཟུང་སྟེ་རྩོམ་ཡིག་འབྲི་རྒྱུ་ནི། ། བུ་མོ་ང་ཡི་མི་ཚེའི་དམ་བཅའ་ཡིན། །
ཞེས་པའི་ཚིགས་བཅད་ཅིག་གིས་སྔོན་བསུས་ཏེ།
གྲོགས་ཚོར་ཞུ་འདོད་པ་ནི།
བའི་སེམས་གཏམ་ཡིན་པས། ཞུ་ལགས།
བརྩེ་བའི་སློབ་
ཉམ་ཆུང་བུ་མོ་ཞིག་གི་བྲང་གཞུང་ན་ལྡང་
ཁྱེད་ཅག་གི་རྣ་ཟུང་ཅུང་ཙམ་གཡོར་བར་
སྤྱིར་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་མི་
ཚེའི་དམིགས་ཡུལ་རེ་ཟིན་རྒྱུ་ནི།
འཇིག་རྟེན་སྤྱིའི་ཆོས་ཉིད་ཡིན་པས་
བཤད་དགོས་པ་ཞིག་མེད་མོད། འོན་ཏེ། དམིགས་ཡུལ་དེ་ཡང་སོ་སོའི་ ཀླད་ཤུགས་དང་།
འཇོན་ནུས་ལ་དཔག་སྟེ་དམིགས་ཡུལ་རེ་གདམ་རྒྱུ་
ནི༑ ལས་ཀ་དེ་ལེགས་འགྲུབ་འབྱུང་བའི་ཆེས་ཐོག་མའི་གཞི་རྟེན་ཡིན་པས། བརྩེ་བའི་སློབ་གྲོགས་ཚོས་སེམས་སུ་ཉར་བར་གནང་རོགས། 113
གང་དྲན་དྲན་དུ་དམིགས་ཡུལ་རེ་བདམས་ཏེ་གཉིད་ཁུག་ནས་བསྡད་
ན་མི་འགྲིག་པས།
གལ་སྲིད་ཁྱེད་ཀྱིས་དམིགས་ཡུལ་ཞིག་བདམས་ཏེ་
གཤིས་ལྡན་དགོས།
དེ་ཡོད་ན་ད་གཟོད་དམིགས་ཡུལ་གང་ཡིན་པ་དེའི་
ལེགས་འགྲུབ་ཡོང་ཆེད། བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནས་སྐྱིད་པོའི་ དུས་ཚོ ད ་མང་པོ ་ ཞི ག ་བློ ས ་གཏོ ང ་བྱེ ད ་དགོ ས ་པའི ་ བློ ་ ཁོ ག ་དང་གོ མ ས་ ལམ་སྣེ་རུ་སྙེག་ཐུབ་པས་ན། དུ༑
གུས་མོས་སོ་སོའི་དམིགས་ཡུལ་དེའི་ཆེད་
ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཔེ་དེབ་གང་མང་ལྟ་ཀློག་
བྱེད་ཀྱིན་ཡོད་པ་མ་ཟད། བཀླགས་ཚར་བའི་དེབ་རྣམས་ལ་མྱོང་ཚོར་རམ་ བཀླགས་ཐོ་བྲིས་ཏེ་རང་གི་འབྲི་རྩལ་ཡར་རྒྱས་སུ་གཏོང་བཞིན་ཡོད།
ཉིན་འདི་དག་གི་ནང་། གུས་མོའི་འབྲི་རྩལ་ཡར་རྒྱས་སུ་ཕྱིན་པའི་ཚོར་
སྣང་ཞིག་རང་ཤུགས་ཀྱིས་འཁོར་ནས་ཡོང་གི་འདུག
རྒྱུ་མཚན་དེའི་ཕྱིར་
བོད་པའི་ཁ་དཔེར། དཀའ་ལས་རྒྱག་ཐུབ་ཚེ། ལེགས་འགྲུབ་མི་ཡོང་བའི་
ལས་ཀ་གཅིག་ཀྱང་མེད། ཟེར་བའི་སྐད་ཆ་འདི་ལ་གུས་མོ་ཡིད་ཆེས་བརྟན་ པོ་ཡོད་པས། བརྩེ་བའི་སློབ་གྲོགས་ཚོས་སོ་སོའི་དམིགས་ཡུལ་གྱི་ཆེད་དུ་ སྐུ་ལས་བསྐྱོན་རོགས་གནང་ཟེར་བ་དེ་ཡིན་ནོ། །
114
རྩོམ་དཔེ་གཉིས་པ།
<<གུས་པར་འོས་པའི་བདག་གི་དགེ་རྒན།>>
མི་སུ་འདྲ་ཞིག་ཡིན་རུང་སློབ་སྦྱོང་གི་དུས་སྐབས་སུ་དགེ་རྒན་འདྲ་
མིན་ཞིག་བསྟེན་མྱོང་ལ།
བསྟེན་མྱོང་བའི་དགེ་རྒན་ཁ་ཤས་ནི་དུས་ཡུན་
ཐུང་ཐུང་ཞིག་གི་ནང་དུ་སེམས་ཀྱི་རས་ཡོལ་ངོས་ནས་ཡལ་འགྲོ། ཁ་ཤས་ ནི་དུས་ཡུན་ཇི་ཙམ་འགོར་ཡང་དྲན་ངོས་ནས་བརྗེད་དཀའ་ཞིང་།
མི་སོ་
སོའི་མི་ཚེའི་བརྒྱུད་རིམ་ནང་ཡང་ཡང་དྲན་དགོས་པའི་དགེ་རྒན་བཀའ་དྲིན་
ཅན་རེ་བྱུང་ཡོད་པ་ཇི་བཞིན། བདག་ལ་མཚོན་ནའང་། བོད་དགེ་བསྟན་ འཛིན་ནི་སེམས་གཏིང་ནས་བརྗེད་དཀའ་ཞིང་། འགྲོ་ས་འདུག་ས་ནས་གླེང་ དགོས་པའི་མི་སྣ་གལ་ཆེན་ཞིག་ཡིན།
དགེ་རྒན་བསྟན་འཛིན་ནི་དགུང་ལོ་༣༥ ལོན་པའི་ཕོ་གསར་དར་མ་
ཞིག་ཡིན་ལ།
སྐུ་གཟུགས་ཅུང་ཙམ་ཐུང་ནའང་དེ་ལ་དཔག་པའི་སྐུ་ཤ་
ཏག་ཏག་ཅིག་ཡོད་པའི་ཁར།
དཀར་ཞིང་རྒྱགས་པའི་ཞལ་རས་ན་སྤྱན་
ཤེལ་དཀར་པོ་ཞིག་གིས་མངོན་པར་བརྒྱན་ཡོད་པ་དང་།
དཔྲལ་ཐོད་ཀྱི་
དབུ་སྐྲ་ཡར་ཅུང་ཟད་སངས་ཏེ་འོད་ཀྲིག་ཀྲིག་བྱེད་ཀྱི་ཡོད་པས། བལྟས་
ཚོད་ཀྱིས་མཁས་པ་ཞིག་གི་ཉམས་འགྱུར་ཡོངས་སུ་ཚང་ཡོད་པས། ངའི་
གྲོ ག ས་མོ ་ ཚོ ས ་ལྐོ ག ་ཏུ་ཁོ ང ་གི ་ མི ང ་འདོ ག ས་ལ་མཁས་དབང་རྫི ག ་པོ ་ ཞེས་འབོད་ཀྱི་ཡོད།
115
གུས་མོས་དགེ་རྒན་ཁོང་ཐོག་མར་ངོ་ཤེས་སྟངས་དེ་ཡང་སྟེས་དབང་
ཞིག་སྟེ། ཕྱི་ལོ་༢༠༡༠ ལོར་ང་རང་སློབ་གྲྭ་འདི་ལ་འབྱོར་བའི་ཉིན་དང་པོའི་ ཞོགས་པའི་འདུ་འཛོམས་ཀྱི་སྐབས་ཤིག་ཡིན། རིམ་བར་མ་དང་། ཞིག་རེད།
སྐད་ཆ་དང་།
སྐབས་དེར་ཁོང་ནི་གཞི་
གོང་མ་གཉིས་ལ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་
ཡིན་ནའང་།
འདུ་འཛོམས་དེར་ཁོང་གི་གསལ་ལ་དག་པའི་
ཉམས་འགྱུར་ལྡན་པའི་ལུས་ཀྱི་རྣམ་འགྱུར་སོགས་ཀྱིས་བུ་
མོ་ངའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོག་ཅིང་།
སེམས་གཏིང་ནས་ང་ལ་
འདི་ལྟ་བུའི་དགེ་རྒན་ཞིག་ག་དུས་རག་གི་ཡོད་ན་སྙམ་པའི་སེམས་ཚོར་
ཞིག་དབང་མེད་དུ་སྐྱེ་རུ་བཅུག་སོང་། ཉིན་མོ་དེ་ནས་བཟུང་དགེ་རྒན་ཁོང་ གི་གཤིས་སྤྱོད་ཀྱི་ཉམས་བཟང་ནི་ངའི་མིག་གིས་འཚོ་ས་ཡིན་ལ། རྣ་བས་
ཉན་ས་ནི་དགེ་རྒན་ཁོང་གི་འཆད་སྟེགས་སྟེང་གི་ཟབ་ཀྱང་རྒྱ་ཆེ་བའི་གཏམ་ བཤད་ཀྱི་བརྗོད་གཞི་དེ་དག་ཡིན།
འདི་ལྟར་བགྲང་བྱ་གསུམ་གྱི་རྗེས་ཏེ། གུས་མོ་གཞི་རིམ་བར་མའི་སློབ་
ཕྲུག་ཅིག་ཏུ་གྱུར་པ་ནས་བཀའ་དྲིན་ཆེ་བའི་དགེ་རྒན་ཁོང་གི་འཛུམ་ཞལ་
འོག་ཏུ་སློབ་ཁྲིད་ལ་དངོས་སུ་ཉན་མཁན་གྱི་སློབ་ཕྲུག་ཅིག་ཏུ་གྱུར་ཅིང་། ལོ་ ཟླ་དུས་ཚོད་དེ་དག་ལ་གུས་མོ་ངས་ད་གཟོད་དགེ་རྒན་ཁོང་གི་བསམ་བློའི་ འཇིག་རྟེན་དུ་ལྗོངས་རྒྱུ་བྱེད་པའི་གོ་སྐབས་ཐོབ་སོང་བས། དད་པ་སྔར་ལས་ཇེ་བརྟན་དུ་གྱུར་པ་མ་ཟད།
ཡིད་ཆེས་དང་
ཁོང་གི་གསུང་བཤད་དེ་དག་
ནི་གུས་མོའི་སེམས་ཀྱི་མེ་ལོང་ངོས་སུ་ད་ལྟའང་གློག་བརྙན་བཞིན་འཆར་ཏེ།
ངའི་འགྲོ་འདུག་སྤྱོད་གསུམ་དང་བློ་རིག་ལ་མདུན་ལམ་སྟོན་མཁན་གྱི་དགེ་ 116
རྒན་ཐོག་མ་དེ་ཡིན་པས།
གུས་འོས་ཀྱི་དགེ་རྒན་ཁོང་ནི་ནམ་ཡང་བརྗེད་
ཐབས་བྲལ་བའི་སེམས་ཀྱི་སྒྲོན་མེ་དེ་ཡིན་ནོ། ། རྩོམ་དཔེ་གསུམ་པ།
<<༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ།>>
༡ རྩོམ་འགོ་འཛུགས་སྟངས།
དེ་རིང་གི་གནམ་གཤིས་འདི་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་དྭངས་
ལ་ཉི་མའི་འོད་ཟེར་འཇམ་པོ་ཞིག་ས་གཞི་ཀུན་ལ་སེར་ལམ་མེར་ཤར་ཡོད་ པ་དང་།
ཤིང་སྡོང་དང་རྩི་ཤིང་གི་ལོ་མའི་སྟེང་དུ་སྔར་ལས་ལྷག་པའི་ལྗང་
མདོག་གིས་ཟིན་ཡོད་ལ། ཡལ་གའི་རྩེ་མོ་རྣམས་བསིལ་རླུང་རྒྱུ་ཕྱོགས་དང་ བསྟུན་ནས་མཉེན་ཀྱང་ལྕུག་པའི་མགོ་ལྕོག་ལྡེམ་ལྡེམ་བྱེད་ཚུལ་ལ་བལྟས་ན།
མི་རྣམས་ལ། “མགྱོགས་པོར་ཡར་བཞེངས་ཤོག དེ་རིང་ཉིན་བཟང་སྐར་
བཟང་དང་། ༸གོང་ས་མཆོག་གི་འཁྲུངས་སྐར་རེད།” ཟེར་བ་དང་ཀུན་ནས་ མཚུངས་པས།
ངས་ལམ་སང་རང་ཉིད་ཆེས་དགའ་བའི་གོས་ཆེན་སེར་
པོའི་གོང་བ་ཅན་གྱི་འོག་འཇུག་ལྗང་ནག་དེ་གྱོན་ཏེ།
ཕ་མ་དང་མཉམ་དུ་
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཁྲུངས་སྐར་བསུ་བར་ཕྱིན་པ་ཡིན། ༢ བརྗོད་བྱ་དངོས།
གཙུག་ལག་ཁང་གི ་ སྒོ ་ ཆེ ན ་གྱི ་ གཡས་གཡོ ན ་ཀུན་ན་རྒྱ་བོ ད ་ཨི ན ་
གསུམ་གྱི་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་འདུག་ལ། 117
ང་ཕ་མ་
དང་མཉམ་དུ་ག་ལེར་མི་ཚོགས་དཀྱིལ་ནས་སྒོ་ཆེན་བརྒལ་ཏེ་ནང་ལོགས་ སུ་འཛུལ་དུས། ཡང་མི་འདུག
མི་ཚོགས་དེ་ལས་ཀྱང་མང་བས་ངའི་རྐང་པ་སྤོ་སའི་ས་
སྐབས་དེར་ཨ་ཕས་ང་ཁོང་གི་གཉའ་གོང་དུ་བཞག་སོང་
བས། ༸གོང་ས་མཆོག་གི་ཞལ་རས་མཇལ་བའི་སྐལ་བ་ལྡན་སོང་ལ། དེ་
མ་ཐག་ངའི་སེམས་སུ་སྨྲ་མི་ཤེས་པའི་བདེ་སྐྱིད་ཅིག་འཁོར་ནས་ཡོང་བར་ མ་ཟད། ལམ་སང་ཨ་ཕའི་གཉའ་གོང་ནས་མར་བབས་ཏེ་༸གོང་ས་མཆོག་ ལ་དད་པའི་ཕྱག་གསུམ་འབུལ་དགོས་བསམ་མོད།
འོན་ཀྱང་མི་ཚོགས་
སྟུག་དྲགས་པས་ཕྱག་གསུམ་འཚལ་བའི་གོ་སྐབས་ཀྱང་མ་བྱུང་། ནའང་།
ཡིན་
ངས་ལག་གཉིས་ཐལ་མོ་སྦྱར་ཏེ་སེམས་གཏིང་ནས་༸གོང་ས་
མཆོག་ལ། “དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཡིན་པས། མཉེས་པོ་ཡོང་བར་
སྨོན།” ཞེས་འཚམས་འདྲི་ཐུང་ཐུང་ཞིག་ཁུ་སིམ་སིམ་ཞུས་པ་ཡིན། བོད་ མི་ཚོས་འཁྲབ་གཞས་སྣ་ཚོགས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་ དགའ་བསུ་ཞུས་པའི་མཛད་སྒོ་གྲུབ་རྗེས།
འཛུམ་གྱིས་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས།
༸གོང་ས་མཆོག་ཞལ་འཛུམ་
ཞལ་ང་ཚོའི་ཕྱོགས་སུ་
གཟིགས་ནས་བཞད་མོ་དང་བཅས་ཕྱག་གཡུག་གཡུག་གནང་བཞིན་ཕེབས་ སོང་བས།
ངའི་སེམས་པ་འདི་ཚ་སོབ་སོབ་དང་དགའ་བའི་མིག་ཆུའང་
ལྷུང་ལ་ཉེ་སྐབས་ཨ་ཕས། “དེ་རིང་ང་ཚོ་བསོད་བདེ་ཆེན་པོ་རེད།
༸སྐུ་
མདུན་གྱིས་མཇལ་ཁ་ཡག་པོ་གནང་སོང་།” ཟེར། ང་ཚོས་གཙུག་ལག་ཁང་ ལ་སྐོར་བ་གསུམ་བྱས་རྗེས་ཁྱིམ་དུ་ལོག་ཇུས་བྱས་པ་ཡིན། 118
༣ རྩོམ་མཇུག་སྡུད་སྟངས།
ང་ཚོ་གླ་འཁོར་ཞིག་ལ་བསྡད་དེ་ནང་ལ་འབྱོར་བ་དང་། ཨ་མས་དེ་
རིང་༸གོང་ས་མཆོག་གི་འཁྲུངས་སྐར་ཡིན་པས། ང་ཚོས་༸སྐུའི་འཁྲུངས་
སྐར་གྱི་ཐུགས་སྤྲོ་གཏོང་དགོས་ཟེར་ནས་ཐབ་ཚང་ནང་དུ་འཛུལ་སོང་ལ། ཨ་ཕ་དང་ངེ ད ་གཉི ས ་ཀྱི ས ་མཆོ ད ་ཁྲི འི ་ སྟེང་དུ་མཆོ ད ་མེ ་ དང་ཡོ ན ་ཆབ་
ཕུལ་བའི་མདུན་ལ་དྲི་བཟང་བདུག་སྤོས་ཤིག་སྦར་ཏེ་ཅུང་ཙམ་འགོར་རྗེས། ཨ་མས་ཟས་ཞིམ་པོ་སྣ་ཁ་མང་པོ་བཟོས་ཏེ་སླེབས་སོང་བས། ངའི་བསམ་
པར་དེ་རིང་ནི་ང་དང་འདྲ་བའི་བོད་མི་ཚང་མའི་སྐྱིད་པའི་ཉི་མ་ཡག་ཤོས་ དེ་ཡིན་པས་ན།
ལམ་བཏབ་པ་ཡིན།
ཉི་མ་འདི་ཡང་ཡང་ཤར་བར་ཤོག་ཅིག་ཟེར་ནས་སྨོན་
119
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། ། དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །
སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས། །
རྩོམ་བསྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག །
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས།