སྟག་ཕྲུག་ཆུང་ཆུང་།

Page 1

སྟག་ཕྲུག་ཆུང་ཆུང། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས། Little Bagha 1 .indd 1 10/6/16 12:34:04 PM

First edition published in English by Eklavya in 2008

First edition published in Tibetan by Department of Education, CTA in 2016

Printed by Tibetan Cultural & Religious Publication Centre, Delhi

This Children’s story book translation is made possible by the support of the American people through the United States Agency for International Development (USAID). The contents of this book are the sole responsibility of Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.

སྟག་ཕྲུག་ཆུང་ཆུང་། རྩོམ་མཁན། སུ་པུར་ན་སེངྒེ། (Supurna Sinha) བོད་སྒྱུར། སྐལ་བཟང་དོན་གྲུབ། རི་མོ། བསྟན་འཛིན་བསྟན་དར། རྩོམ་སྒྲིག་དང་ཇུས་འགོད། བསོད་ནམས་བཟང་པོ། དཔར་ཐེངས་དང་པོ། ༢༠༡༦
Little Bagha 1 .indd 2 10/6/16 12:34:04 PM
1 ོ། ཉིན་ཞིག་པཱ་ལགས་དང་ཨ་མ་ལགས། གཡང་མཚོ་བཅས་ཀྱིས་སྒེའུ་ཁུང་ནས་ལྡུམ་ར་ལ་ལྟ་ སྐབས། ཞི་མི་ཞིག་ལྡུམ་རའི་ནང་དུ་འཇབ་ནས་ཡོང་བ་མཐོང། ཏོག་ཙམ་རྗེས་པཱ་ལགས་དང་ཨ་ མ་ལགས་ཕྱི་ལ་ཕྱིན་པས། གཡང་མཚོ་གཅིག་པུ་ཞི་མི་ལ་བལྟས་ནས་བསྡད། ཞི་མི་དེ་ནི་སྙིང་རྗེ་པོ་དང་སྤུ་བཟང་ཞིང་ཐིག་རིས་སྟག་དང་འདྲ་པོ་ཡོད། ་དང་ཞ ་མ ི ་ཨ་མ ། Little Bagha 1 .indd 1 10/6/16 12:34:04 PM
2 ཉིན་གུང་ཉི་མ་ཚ་པོ་ཡོད་པས་གཡང་མཚོ་གཉིད་ཤོར་གྲབས་བྱེད་ཀྱི་ཡོད། མོས་ཤིང་ནགས་སྟུག་པོའ་ནང་དུ། སྤུ་མདོག་སེར་ལ་ཐིག་རིས་ནག་པོ་ཡོད་པའི་སྟག་མོ་ཧ་ཅང་ ཆེན་པོ་ཞིག་མཐོང། སྟག་མོས་ངར་སྐད་བསྒྲགས་པས། ཤིང་ནགས་ནང་གི་སྲོག་ཆགས་ཚང་མ་ ཞེད་ཐག་ཆོད་ནས་འདར་སིག་ཤོར། Little Bagha 1 .indd 2 10/6/16 12:34:05 PM
3 ཤྭ་བ་སེར་སྨུག་ནི་རྩྭ་སྐམ་གྱི་གསེབ་ཏུ་ཡིབ། Little Bagha 1 .indd 3 10/6/16 12:34:05 PM
4 རྨ་བྱ་མཛེས་ལྡན་ནི་གཙང་འགྲམ་གྱི་སྔོ་ལྗང་གི་རྩྭ་གསེབ་ལ་ཡིབ། Little Bagha 1 .indd 4 10/6/16 12:34:06 PM
5 སྤྲེའུ་ཨ་ལི་མ་དང་ཁོའ་གྲོགས་པོ་རྣམས་ཀྱིས་རྩེད་མོ་རྩེ་མཚམས་བཞག་ནས། སྤྲེལ་ཕྲུག་ཆུང་ ཆུང་རྣམས་དམ་པོར་འཇུས་ཏེ་བྱེ་མ་མང་བའི་ཆུ་འགྲམ་དུ་གབ། Little Bagha 1 .indd 5 10/6/16 12:34:06 PM
6 སྟག་མོས་ཤིང་སྡོང་ཞིག་གི་འོག་ལ་འཕྲེད་ཉལ་རྒྱག་ནས་བསྡད། སྟག་ཕྲུག་གིས་མོ་ལ་སྤོབས་པ་ཆེན་པོ་སྐྱེ་ཡི་ཡོད། ཨ་མས་ངར་སྐད་རྒྱག་ཐེངས་གཅིག་ལ་ཤིང་ ནགས་ཁྲོད་ཀྱི་སྲོག་ཆགས་ཚང་མ་ཚབ་ཚུབ་ངང་བྲོས་ཀྱི་ཡོད་པ་ཁོས་ཧ་གོ་ཡི་ཡོད། ཁོ་རང་ཡང་ དེ་འདྲ་བྱེད་འདོད་ཡོད། འོན་ཀྱང་ཨ་མས་དེ་འདྲ་བྱེད་བཅུག་གི་མེད། Little Bagha 1 .indd 6 10/6/16 12:34:07 PM
7 སྟག་མོ་གཉིད་ཁུག་བཞིན་པའི་སྐབས། སྟག་ཕྲུག་ཆུང་ཆུང་ཁུ་སིམ་པོའ་ངང་སྲོག་ཆགས་གཞན་ ལ་ཞེད་སྣང་སྐུལ་བར་ཕྱིན། Little Bagha 1 .indd 7 10/6/16 12:34:07 PM
8 ཡིན་ན་ཡང་སྟག་ཕྲུག་ཆུང་ཆུང་ཤིང་ནགས་ནང་འགྲོ་སྐབས། ཤྭ་བ་སེར་སྨུག་རྩྭ་གསེབ་ནས་མར་ ཐོན་ཡོང་། Little Bagha 1 .indd 8 10/6/16 12:34:08 PM
9 རྨ་བྱ་མཛེས་ལྡན་ནི་སྣང་བ་སྐྱིད་པོའ་ངང་གཙང་ཆུའི་འགྲམ་ལ་ཞབས་བྲོ་འཁྲབ་བཞིན་བསྡད། Little Bagha 1 .indd 9 10/6/16 12:34:09 PM
10 སྤྲེའུ་ཨ་ལི་མ་དང་ཁོའ་གྲོགས་པོ་རྣམས་ཆུ་འགྲམ་ནས་ཚུར་ཡོང་སྟེ། ཤིང་སྡོང་གི་རྩེ་ལ་ཕར་ མཆོངས་ཚུར་མཆོངས་ཀྱིས་རྩེད་མོ་རྩེ་བཞིན་བསྡད། ཁོང་ཚོ་སུས་ཀྱང་སྟག་ཕྲུག་ལ་ཞེད་སྣང་ བྱས་མེད། Little Bagha 1 .indd 10 10/6/16 12:34:09 PM
11 སྟག་ཕྲུག་ཆུང་ཆུང་དེ་སེམས་ཧ་ཅང་སྐྱོ་བས། ཤིང་སྡོང་ཞིག་གི་འོག་ལ་ངུས་ནས་བསྡད། Little Bagha 1 .indd 11 10/6/16 12:34:09 PM
12 ཉེ་འགྲམ་གྱི་སྟར་སྡོང་ནས་སྟར་ཀ་ཞིག་ས་ལ་ཟགས་པ་དང་། ནགས་བྱི་ཁྲ་རིལ་དེར་སླེབས། ཁོས་སྟག་ཕྲུག་ཆུང་ཆུང་དེ་མཐོང་མ་ཐག་དངངས་ཏེ་སྟར་ཀ་ཡང་དྲན་པ་བརྗེད། Little Bagha 1 .indd 12 10/6/16 12:34:10 PM
13 ནགས་བྱི་ཁྲ་རིལ་གྱིས་ཉེན་ཁ་ལས་ཐར་ཐབས་སུ་བྲེལ་རྟབ་ཀྱིས་ཤིང་སྡོང་སྒང་ལ་འཛེགས། Little Bagha 1 .indd 13 10/6/16 12:34:10 PM
14 སྟག་ཕྲུག་ཆུང་ཆུང་ཧ་ཅང་དགའ་པོ་བྱུང། ཁོས་རྒྱུགས་ཤར་གློད་ནས་ནགས་བྱི་ཁྲ་རིལ་ལ་ཞེད་ སྣང་བསྐུལ་ཚུལ་ཨ་མ་ལ་ལབ་པར་ཕྱིན། Little Bagha 1 .indd 14 10/6/16 12:34:11 PM
15 གཡང་མཚོས་གཉིད་སངས་ཐབས་སུ་མིག་གཉིས་ཕུར་ཕུར་གཏོང་སྐབས། གཉིད་དྭངས་ལ་མ་ དྭངས་ཀྱི་མིག་ལམ་དུ། ལྡུམ་རའི་ཤིང་སྡོང་གི་གྲིབ་སིལ་འོག་ཞི་མི་ཞིག་ཡོད་པ་མཐོང་། Little Bagha 1 .indd 15 10/6/16 12:34:11 PM
སྟག་ཕྲུག་ཆུང་ཆུང་། ཉིན་ཞིག་པཱ་ལགས་དང་ཨ་མ་ལགས། གཡང་མཚོ་བཅས་ཀྱིས་སྒེའུ་ཁུང་ནས་ལྡུམ་ར་ལ་ལྟ་སྐབས། ཞི་ མི་ཞིག་ལྡུམ་རའི་ནང་དུ་འཇབ་ནས་ཡོང་བ་མཐོང། ཏོག་ཙམ་རྗེས་པཱ་ལགས་དང་ཨ་མ་ལགས་ཕྱི་ལ་ཕྱིན་པས། གཡང་མཚོ་གཅིག་པུ་ཞི་མི་ལ་བལྟས་ནས་བསྡད། ཞི་མི་དེ་ནི་སྙིང་རྗེ་པོ་དང་སྤུ་བཟང་ཞིང་ཐིག་རིས་སྟག་དང་འདྲ་པོ་ཡོད། ཉིན་གུང་ཉི་མ་ཚ་པོ་ཡོད་པས་གཡང་མཚོ་གཉིད་ཤོར་གྲབས་བྱེད་ཀྱི་ཡོད། མོས་ཤིང་ནགས་སྟུག་ པོའ་ནང་དུ། སྤུ་མདོག་སེར་ལ་ཐིག་རིས་ནག་པོ་ཡོད་པའི་སྟག་མོ་ཧ་ཅང་ཆེན་པོ་ཞིག་མཐོང། སྟག་མོས་ངར་ སྐད་བསྒྲགས་པས། ཤིང་ནགས་ནང་གི་སྲོག་ཆགས་ཚང་མ་ཞེད་ཐག་ཆོད་ནས་འདར་སིག་ཤོར། ཤྭ་བ་སེར་སྨུག་ནི་རྩྭ་སྐམ་གྱི་གསེབ་ཏུ་ཡིབ། རྨ་བྱ་མཛེས་ལྡན་ནི་གཙང་འགྲམ་གྱི་སྔོ་ལྗང་གི་ རྩྭ་གསེབ་ལ་ཡིབ། སྤྲེའུ་ཨ་ལི་མ་དང་ཁོའ་གྲོགས་པོ་རྣམས་ཀྱིས་རྩེད་མོ་རྩེ་མཚམས་བཞག་ནས། སྤྲེལ་ཕྲུག་ཆུང་ཆུང་རྣམས་དམ་ པོར་འཇུས་ཏེ་བྱེ་མ་མང་བའི་ཆུ་འགྲམ་དུ་གབ། སྟག་མོས་ཤིང་སྡོང་ཞིག་གི་འོག་ལ་འཕྲེད་ཉལ་རྒྱག་ནས་བསྡད། སྟག་ཕྲུག་གིས་མོ་ལ་སྤོབས་པ་ཆེན་པོ་ སྐྱེ་ཡི་ཡོད། ཨ་མས་ངར་སྐད་རྒྱག་ཐེངས་གཅིག་ལ་ཤིང་ནགས་ཁྲོད་ཀྱི་སྲོག་ཆགས་ཚང་མ་ཚབ་ཚུབ་ངང་བྲོས་ ཀྱི་ཡོད་པ་ཁོས་ཧ་གོ་ཡི་ཡོད། Little Bagha 1 .indd 16 10/6/16 12:34:11 PM
ཁོ་རང་ཡང་དེ་འདྲ་བྱེད་འདོད་ཡོད། འོན་ཀྱང་ཨ་མས་དེ་འདྲ་བྱེད་བཅུག་གི་མེད། སྟག་མོ་གཉིད་ཁུག་བཞིན་པའི་སྐབས། སྟག་ཕྲུག་ཆུང་ཆུང་ཁུ་སིམ་པོའ་ངང་སྲོག་ཆགས་གཞན་ལ་ ཞེད་སྣང་སྐུལ་བར་ཕྱིན། ཡིན་ན་ཡང་སྟག་ཕྲུག་ཆུང་ཆུང་ཤིང་ནགས་ནང་འགྲོ་སྐབས། ཤྭ་བ་སེར་སྨུག་རྩྭ་ གསེབ་ནས་མར་ཐོན་ཡོང་། རྨ་བྱ་མཛེས་ལྡན་ནི་སྣང་བ་སྐྱིད་པོའ་ངང་གཙང་ཆུའི་འགྲམ་ལ་ཞབས་བྲོ་འཁྲབ་ བཞིན་བསྡད། སྤྲེའུ་ཨ་ལི་མ་དང་ཁོའ་གྲོགས་པོ་རྣམས་ཆུ་འགྲམ་ནས་ཚུར་ཡོང་སྟེ། ཤིང་སྡོང་གི་རྩེ་ལ་ཕར་ མཆོངས་ཚུར་མཆོངས་ཀྱིས་རྩེད་མོ་རྩེ་བཞིན་བསྡད། ཁོང་ཚོ་སུས་ཀྱང་སྟག་ཕྲུག་ལ་ཞེད་སྣང་ བྱས་མེད། སྟག་ཕྲུག་ཆུང་ཆུང་དེ་སེམས་ཧ་ཅང་སྐྱོ་བས། ཤིང་སྡོང་ཞིག་གི་འོག་ལ་ངུས་ནས་བསྡད། ཉེ་འགྲམ་གྱི་སྟར་སྡོང་ནས་སྟར་ཀ་ཞིག་ས་ལ་ཟགས་པ་དང་། ནགས་བྱི་ཁྲ་རིལ་དེར་སླེབས། ཁོས་སྟག་ ཕྲུག་ཆུང་ཆུང་དེ་མཐོང་མ་ཐག་དངངས་ཏེ་སྟར་ཀ་ཡང་དྲན་པ་བརྗེད། ནགས་བྱི་ཁྲ་རིལ་གྱིས་ཉེན་ཁ་ལས་ ཐར་ཐབས་སུ་བྲེལ་རྟབ་ཀྱིས་ཤིང་སྡོང་སྒང་ལ་འཛེགས། སྟག་ཕྲུག་ཆུང་ཆུང་ཧ་ཅང་དགའ་པོ་བྱུང། ཁོས་རྒྱུགས་ཤར་གློད་ནས་ནགས་བྱི་ཁྲ་རིལ་ལ་ཞེད་སྣང་ བསྐུལ་ཚུལ་ཨ་མ་ལ་ལབ་པར་ཕྱིན། གཡང་མཚོས་གཉིད་སངས་ཐབས་སུ་མིག་གཉིས་ཕུར་ཕུར་གཏོང་སྐབས། གཉིད་དྭངས་ལ་མ་དྭངས་ ཀྱི་མིག་ལམ་དུ། ལྡུམ་རའི་ཤིང་སྡོང་གི་གྲིབ་སིལ་འོག་ཞི་མི་ཞིག་ཡོད་པ་མཐོང་། Little Bagha 1 .indd 17 10/6/16 12:34:12 PM
Little Bagha 1 .indd 18 10/6/16 12:34:12 PM

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.