གངས་ལྗོངས། འདོན་ཐེངས། ༢༦

Page 1


ཁྱི་བག་གྲོ​ོ་

ཤེ​ེས་རི​ིག་ལས་ཁུ​ུངས་ནས་དཔར་འགྲེ​ེམས་ཞུ​ུས་


གངས་ལྗོ​ོངས་བྱི​ིས་པའི​ི་བརྙན་དེ​ེབ་ རྩོམ་སྒྲིག་འགན་འཁུར་བ།

བསོད་ནམས་བཟང་པོ།

རྩོམ་སྒྲིག་པ།

ཆོས་ཉིད་སྒྲོལ་མ།

Published by: Department of Education, CTA Gangchen Kyishong Dharamshala-176215 Distt. Kangra (H.P.) INDIA

རི་མོ་བ།

མགོན་པོ་དོན་གྲུབ།

E-mail: education@tibet.net doe.educouncil@tibet.net

དཔར་ལོ།

༢༠༢༠

ཇུས་འགོད་པ།

ཆོས་ཉིད་སྒྲོལ་མ།

Printed by: Sherig Parkhang Trust E-mail: shepardelhi@gmail.com

Acknowledgement

Financial support from Danish International Development Assistance (DANIDA) through Centre for International Cooperation and Education (CICED)


གནའ་སྔ་མོ་ཞི​ིག་ལ་བག་གྲོ་ཟེ​ེར་བའི​ི་ཁྱི​ི​ི་ཆུང་ཆུང་གཅིག་ཡོ​ོད་། ཁོ​ོའི​ི​ི་ཕ་མ་གཉིས་བོ​ོད་ནས་ཡོ​ོང་བས་ཁོ་ལའང་མི​ིང་དེ​ེ​ེ་ལྟར་བཏགས་།

1


སྤྱིར་ཁྱི​ི་དེ​ེ​ེ་རི​ི​ིགས་གཟུགས་སྟོབས་ཆུང་ཆུང་ཡོད་ན་ཡང་ བག་གྲོ་ནི​ི་གཞན་དང་མི་འདྲ་བར་མགོ་དང་རྐང་ལག་ཆེན་པོ​ོ​ོ་ཡོ​ོ​ོད་།

2


བག་གྲོ་ནི​ི་ས་ཆ་དང་ཅ་ལག་སོགས་ཀྱི​ི་སྐོ​ོ​ོར་ལ་ཤེ​ེས་འདོ​ོད་ཆེ​ེན་པོ​ོ​ོ་ཡོ​ོ​ོད་པའི​ི་ཁྱི​ི​ི་ཞི​ི​ིག་ཡི​ིན་སྟབས་

ཁོས་འབོལ་གདན་གྱི་འོ​ོ​ོག་དང་ ནག་ཁུང་ནང་ལ་ག་རེ་ཡོ​ོ​ོད་མེ​ེད་ཤེ​ེས་འདོ​ོད་ཆེན་པོ​ོ་བྱེ​ེ​ེད་ཀྱི​ི​ི་ཡོ​ོ​ོད་།

3


ཤེལ་སྒོ​ོའི​ི​ི་ནང་གི​ི་ཁྱི​ི​ི་ཆུ​ུང་ཆུ​ུང་དེ་སུ​ུ་རེ​ེད་།

4


ཁོས་ཕྱུ་པའི་སྐ་རགས་དང་བསིལ་ལྷམ་སོགས་དངོས་པོ​ོ་ཁ་ཤས་ལ་ཆ་བསྒྲིག་རྒྱུ་ཡོད་པ་དང་ ཁ་ཤས་ལ་ཆ་བསྒྲིག་རྒྱུ་མེད་དོ​ོན་གང་ཡིན་ཤེ​ེས་འདོ​ོད་ཆེ​ེན་པོ​ོ​ོ་བྱེ​ེ​ེད་ཀྱི​ི​ི་ཡོ​ོ​ོད་།

5


ཁང་པའི་ཕྱི​ི​ི་ལ་ཡོ​ོད་པའི​ི་དངོ​ོ​ོས་པོ​ོ​ོ་རྣམས་ཀྱི་སྐོ​ོ​ོར་ལ་ཡང་ཤེས་འདོ​ོད་ཧ་ཅང་ཆེན་པོ​ོ་ཡོ​ོད་།

འོ​ོན་ཀྱང་ཁོ་འདོ​ོགས་ཐག་གིས་བཏགས་ཡོད་སྟབས་ དེ་ཚོ​ོའི​ི​ི་སྐོ​ོ​ོར་ལ་དེ​ེ་ཙམ་ཤེ​ེས་ཀྱི​ི​ི་མེ​ེ​ེད་།

6


འདོགས་ཐག་གི་སྣེ​ེ་གཅི​ིག་སྐེ​ེ་ལུང་ལ་བཏགས་ཡོད་པ་དང་ སྣེ་གཞན་དེ​ེ་བདག་པོ​ོའི​ི​ི་ལག་ཏུ་ཡོད་པས་རང་འདོད་ལྟར་འགྲོ་ཐུབ་ཀྱི་མེ​ེ​ེད་། འོ​ོན་ཀྱང་བག་གྲོས་ཤེ​ེས་འདོ​ོད་ཆེ་ཤོ​ོ​ོས་བྱེ​ེད་ས་ནི​ི་སྔོ​ོ​ོ་ལྗང་གི​ི་ལྡུམ་རའི​ི་ཕྱི​ི​ི་ནས་གྲགས་ཡོང་བའི​ི་སྐད་དེ​ེ་རེ​ེ​ེད་།

7


དེ་ནི​ི​ི་ ཀོ​ོ​ོའག ཀོ​ོའག ཀོ​ོའག ཞེ​ེས་དང་ ཡང་སྐབས་རེ་ ཀའག ཀའག ཀའག ཞེས་པའི​ི་སྐད་སྒྲ་དེ་རེ​ེད་། 8


ཉིན་ཞི​ིག་བདག་པོས་སྒོ​ོ་རྒྱག་རྒྱུ་དང་ཁོ་འདོ​ོགས་རྒྱུ་དྲན་པ་བརྗེད་པས་བག་གྲོ་ཕྱི​ི་ལ་ཐོ​ོན་། 9


ཁོས་ལམ་ཆུང་ཞིག་དེ​ེད་ནས་སྔོ​ོ་ལྗང་གི​ི་ལྡུམ་རའི​ི་མཐར་མ་སླེབས་བར་རྒྱུགས་ ཁོས་ལྡུམ་ར་དེ་བསྐོ​ོར་ནས་འགྲོ་དགོ​ོས་བསམས་ཀྱང་

ཐག་རིང་དྲགས་ནས་བསྐོར་མ་ཐུབ་།

10


ཡང་ཁོས་ལྡུམ་ར་དེའི​ི​ི་སྒང་ནས་མཆོངས་དགོ​ོས་བསམས་ཀྱང་ མཐོ་དྲགས་པས་མཆོངས་མ་ཐུབ་། 11


དེར་བརྟེ​ེན་ བག་གྲོས་རྩྭ་ལྡུམ་གྱི་ར་བའི​ི་གསེ​ེང་ནས་འཛུལ་ཏེ་ ཕྱོ​ོགས་གཞན་དེར་ཐོ​ོ​ོན་། 12


དེར་ཁོ​ོའི​ི​ི་མདུན་དུ​ུ་ངང་པ་དཀར་པོ་གཉི​ིས་ཡ་རེ​ེ་ཡོ​ོ​ོ་རེ​ེ​ེ་བྱས་ནས་ཡོང་བ་དང་ཐུག་ ཀོའག ཀོ​ོའག ཀོ​ོའག 13


བག་གྲོས་ འའུ་འའུ​ུ་ ལབ་པ་དང་ ངང་པ་དེ་གཉི​ིས་འཕུར་མ་རྒྱུགས་ཀྱིས་

ཀོ​ོའག ཀོ​ོའག ཀོ​ོའག ཀོ​ོའག ཟེ​ེར་ཞི​ིང་བྲོ​ོ​ོས་ཕྱི​ི​ིན་། 14


བག་གྲོ་ཁོ​ོང་གཉི​ིས་ཀྱི​ི​ི་རྗེ​ེ​ེས་ལ་རྒྱུགས་། 15


གང་འཚམ་ནས་ངང་པ་དེ་གཉི​ིས་སྡོ​ོ​ོང་པོ​ོ​ོའི​ི​ི་འོ​ོ​ོག་གི​ི་ཆུ་གཞོང་འགྲམ་དུ་བསྡད་པས་ བག་གྲོ་ཡང་དེ​ེར་བསྡད་། 16


ངང་པ་གཉིས་ཀྱི​ི​ིས་མཆུ་ཏོ་སེ​ེ​ེར་པོ​ོ​ོས་ཆུ་གཞོང་ནས་དྭངས་ཤིང་གྲང་བའི​ི་ཆུ་དེ​ེར་ཧུབ་ཅི​ིག་བརྒྱབ་པར་ བག་གྲོས་བལྟས་ནས་བསྡད་། 17


ཡང་བསྐྱར་ངང་པ་གཉིས་ཀྱི​ི​ིས་ཆུར་ཧུབ་རིང་ཞི​ི​ིག་བརྒྱབ་པས་ བག་གྲོས་ཅེར་རེ​ེར་བལྟས་ནས་བསྡད་། 18


གློ་བུ​ུར་དུ​ུ་བག་གྲོས་ འའུ་འའུ​ུ་ ཞེས་སྐད་བརྒྱབ་པ་དང་། 19


ངང་པ་གཉིས་ཞེ​ེད་སྣང་སྐྱེས་ཏེ​ེ​ེ་བྲོ​ོ​ོས་ཕྱི​ི​ིན་། 20


དེ་ནས་བག་གྲོས་ཆུ་གཞོང་ནས་ཆུ་བཏུངས་ སྡོ​ོ​ོང་པོ​ོ​ོའི​ི​ི་སྟེ​ེ​ེང་གི​ི​ི་བྱི​ི​ིའུ​ུས་སྐད་སྙན་སྒྲོག་ཅི​ིང་ ལོ​ོ་མའི​ི་བར་ནས་ཉི་འོ​ོ​ོད་སྤང་ཐང་ལ་འཕྲོས་

ངང་པ་དེ་གཉི​ིས་ཕན་ཚུན་ཁ་བརྡ་བྱས་།

21


22


23


ངང་པ་གཅིག་གི​ིས་བག་གྲོ​ོའི​ི​ི་མཇུག་མར་མཆུ་གཙག་བརྒྱབ་།

24


25


བག་གྲོ་སྐད་ངན་ཤོར་བཞི​ིན་ར་སྐོ​ོར་གསེ​ེང་ནས་འཛུལ་ཏེ་།

26


སྔར་གྱི་ལམ་ཆུང་དེ་དེ​ེ​ེད་ནས་དངངས་སྐྲག་ངང་བྲོས་།

27


མགྱོགས་པོ​ོ་ནང་ལ་འཛུལ་ནས་ འབོལ་གདན་གྱི་འོ​ོ​ོག་ལ་ཡི​ིབ་། 28


བག་གྲོ་དེ​ེ​ེར་ཡུན་རིང་གབ་ནས་བསྡད་།

29


དེ་ནས་བཟུང་ཁོས་ས་ཆ་དང་ཅ་ལག་སོགས་ཀྱི​ི་སྐོ​ོ​ོར་ལ་ཤེ​ེས་འདོ​ོ​ོད་གཏན་ནས་བྱེད་ཀྱི​ི​ི་མེ​ེ​ེད་། 30


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.