བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
༄༅། །དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ ཟམ་གདོང་རིན་པོ་ཆེ་མཆོག་གི་ཤེས་ཡོན་སྲིད་བྱུས་དང་ འབྲེལ་བའི་གསུང་བཤད་དང་ལམ་སྟོན། །
(དེབ་ཕྲེང་གསུམ་པ།)
ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་བསྒྲིགས་དང་པར་སྐྲུན་ཞུས།
སྤྱི་ཁྱབ་འགན་འཛིན།
ཀུན་དགའ་རྒྱལ་མཚན།
རྩོམ་སྒྲིག་འགན་འཁུར་བ། བསྟན་འཛིན་པདྨ། ཞུ་དག་པ།
ཚེ་དབང་བུ་འཁྲིད། ཀུན་དགའ་རྒྱལ་མཚན།
དགེ་འདུན་དོན་ཡོད།
དེབ་གཟུགས་དང་རྒྱབ་ཤོག་ཇུས་འགོད། པར་སྐྲུན་དང་པོ། ༢༠༡༩
དགེ་འདུན་དོན་ཡོད།
དེབ་གྲངས། ༢༠༠༠
ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ཕྱོགས་བསྒྲིགས་ཞུས། དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། Disclaimer
This book of compiled speeches is made possible by the support of the American People through the United States Agency for International Development (USAID). The contents of this book are the sole responsibility of the Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.
DEPARTMENT OF EDUCATION Central Tibetan Administration
Cable: Phone: Fax: Email: Web:
SHERIG +91-1892-222572/222721 +91-1892-223481 Education@tibet.net www.tcewf.org www.sherig.org/tb
GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA
སྔོན་གླེང་། ༄༅།
།བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནི་ཕྱི་ལོ་
༢༠༠༤ ལོར་བཀའ་ཤག་སྐབས་བཅུ་གཉིས་པས་བོད་མི་མང་སྤྱི་འཐུས་ལྷན་
ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་
ཕུལ་ཏེ། སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གལ་ཆེའི་སྲིད་བྱུས་ཤིག་ཡིན། ཕྱི་ ལོ་ ༢༠༠༥ ནས་བཟུང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་
བྱུས་ཀྱི་དགོངས་དོན་དངོས་སུ་ལག་བསྟར་གྱིས་མེས་དབོན་གཙུག་ལག་
དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། གཞི་རིམ་སློབ་གྲྭའི་འཛིན་སྐྱོང་བ་ དང་དགེ་རྒན་རྣམས་ལ་ཟབ་སྦྱོང་དང་།
ཤེས་ཡོན་སྲིད་བྱུས་དང་མཐུན་
པའི་འོས་སྦྱོང་རིམ་པར་གོ་སྒྲིག་ཞུས། ཕྱི་ལོ་ ༢༠༠༦ ནས་གཞི་རིམ་སློབ་
གྲྭའི་བསླབ་གཞིའི་རྩ་འཛིན་ཁག་གཏན་འབེབས་དང་འབྲེལ་སློབ་དེབ་ རྩོམ་སྒྲིག་ཞུས་དང་ཞུ་མུས་སུ་མཆིས། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་གི་
དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྐབས་ དང་། ཕ་མ་རྣམས་ལ་༸དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདི་
ཉིད་ཀྱི་རྒྱབ་ལྗོངས་དང་། ལག་ལེན་བསྟར་ཕྱོགས། མ་འོངས་པའི་དམིགས་
ཡུལ་དང་རེ ་ བ་སོ ག ས་ཀྱི ་ ཐད་སྤྱི ་ ཡོ ང ས་བཀའ་སློ བ ་ལམ་སྟོ ན ་གསལ་
རྒྱས་གནང་ཡོད་པ་ཁག་ཡིག་ཐོག་ཕབ་བཤུས་བྱས་ཏེ། རྣམས་དང་།
དགེ་ལས་ཕ་མ་
སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་
མཐིལ་ཕྱིན་རྟོགས་པ་དང་། ངེས་པ་བརྙེད་པའི་ཐོག་ནས་ལག་བསྟར་ཡོང་ སླད།
འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་
གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས་
ཁོངས་དེབ་གཟུགས་སུ་པར་སྐྲུན་ཞུས་དང་ཞུ་བཞིན་ཡོད་ལ། ད་ལན་དེབ་ ཕྲེང་གསུམ་པ་པར་སྐྲུན་ཞུ་ཐུབ་པ་བྱུང་སོང་བས།
རང་རིགས་རྒྱ་ཆེ་མང་
ཚོགས་དང་ལྷག་པར་དུ་འབྲེ ལ་ཡོད་དགེ་ལས་ཕ་མ་ཡོངས་ནས་བཀའ་ སློབ་ཀྱི་ནང་དོན་རྣམས་རྟོགས་ཐབས་དང་།
བཙན་བྱོལ་བོད་མིའི་གཞི་
རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་ཡོང་ཐབས་སླད་འབད་ འབུངས་ལྷོད་མེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། ཤེས་རིག་ ལས་ཁུངས་ནས། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༡ ལ།
དཀར་ཆག སྔོན་གླེང་།......................................................................................................... iii ཤེས་ཡོན་གྱི་ངོ་བོ་དང་ངོས་འཛིན།..........................................................................1
ཤེས་ཡོན་སློབ་སྦྱོང་སྤྲད་དེ་མི་ཚེ་དོན་ལྡན་དང་བྱིས་པ་གསོ་སྐྱོང་སྐོར་སྩལ་བའི་བཀའ་སློབ། ................................................................................................................ 72
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ ཡུལ་སྐོར་སྩལ་བའི་བཀའ་སློབ།................................................................... 101
གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་བ་རྣམས་ལ་དགེ་རྒན་གྱི་ལས་འགན་ཐོག་སྩལ་བའི་ བཀའ་སློབ།.............................................................................................. 150
དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་མཛད་སྒོར་སྩལ་བའི་བཀའ་སློབ།... .............................................................................................................. 198
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༄༅། །ཤེས་ཡོན་གྱི་ངོ་བོ་དང་ངོས་འཛིན། ༄༅།
༣
1
།ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་
འཇམ་དཔལ་གྲགས་པ་ལགས་དང་།
ཤེས་རིག་ལས་ཁུངས་ཀྱི་སྐུ་ངོ་དྲུང་
ཆེ་མཆོག ཤེས་ཡོན་འགན་འཛིན་རྣམ་པ། ལས་བྱེད་རྣམ་པ། ཕྱོགས་མཐའ་
ཁག་ནས་ཕེབས་པའི་རྒྱུན་རིང་སློབ་ཁྲིད་གནང་མྱོང་ཡོད་པའི་དགེ་རྒན་ རྣམ་པ།
དགེ་རྒན་འོས་སྦྱོང་ནང་ཞུགས་མཁན་བཅས་ཚང་མར་འཚམས་
འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།
དེ་རིང་འདིར་ཁྱེད་རང་ཚོའི་
ཟབ་སྦྱོང་ཐོག་ཤེས་ཡོན་གྱི་ངོ་བོ་དང་། ངོས་འཛིན། ཤེས་ཡོན་སློབ་སྦྱོང་ སྤྲོད་པའི་དགོས་དམིགས་བཞི། དགེ་རྒན་གྱི་ལས་འགན། གནའ་དེང་ཟུང་
འབྲེལ་གྱི་ཤེས་ཡོན་ལམ་ལུགས་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་ བྱ་རྒྱུར་སྐད་བཏང་གནང་བ་རེད། རྒན་ལགས་རྣམ་པ་ཚོར་ཤེས་ཡོན་སྲིད་
བྱུས་དང་འབྲེལ་བའི་ཐོག་ཟབ་སྦྱོང་ཐེངས་མང་ཕུལ་ཟིན་པ་རེད་ལ། དྷརྨ་
ས་ལ་དང་ཐག་ཉེར་ཡོད་པ་མང་ཆེ་བ་ཞིག་ལ་ང་ཐེངས་མང་པོ་སླེབས་ཡོད་ 1. ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ཉིན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་
མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། གཏན་ཉིན་སློབ་གྲྭ་ཁག་གི་གཞི་ རིམ་བར་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྐབས། ཤེས་ཡོན་གྱི་ངོ་བོ་དང་ངོས་འཛིན་བཅས་ཀྱི་ཐོག་བཀའ་སློབ་སྩལ་བ། 1
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པས། སྔོན་མ་ཞུས་པ་དེ་ཚོ་བསྐྱར་ལྡབ་ཡང་ལྡབ་བྱས་ནས་ཞུ་རྒྱུ་མ་གཏོགས་ ཁྱེད་རང་ཚོས་གསན་མ་མྱོང་བ་དང་།
མ་མཁྱེན་པའི་གསར་པ་ཞུ་རྒྱུ་གང་
ཡང་ཡོད་མ་རེད་བསམ་གྱི་འདུག འོན་ཀྱང་དེ་རིང་ཁ་སང་གི་ལམ་སྲོལ་ལ་
དགོས་མཁོ་ཡོད་པ་ལྟ་བུ་ཞིག་རེད། དགེ་རྒན་ཚོར་དུས་ཡུན་ཐུང་ངུའི་ཟབ་ སྦྱོང་ཞིག་ཡང་ཡང་འབུལ་གྱི་ཡོད་པ་དེ་སྐབས་སློབ་ཚན་གཅིག་པ་དེ་འདྲ་
བསྐྱར་ལྡབ་ཡང་ལྡབ་བྱས་ནས་སླེབས་ཀྱི་ཡོད་སྟབས། སྔོན་ཆད་མ་བྱུང་བ་ ཡང་འདིར་བརྗོད་མེད། །ཅེས་གསུངས་པ་བཞིན་སྔོན་མ་ཁྱེད་རང་ཚོས་མ་
གཟིགས་པ་དང་མ་གསན་པའི་གསར་པ་ཞིག་ཞུ་རྒྱུ་གང་ཡང་ཡོད་མ་རེད་ བསམ་གྱི་ཡོད།
ཤེས་ཡོན་གྱི་ངོ་བོ་དང་།
ཤེས་ཡོན་གྱི་ངོས་འཛིན་གཉིས་ཀ་བོད་མི་
མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་
གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་ཧ་ལམ་ཞིབ་ཚགས་བྱས་ནས་ཡོད་ པས་དེར་གཟིགས་ན།
ཤེས་ཡོན་གྱི་ངོ་བོ་དང་ངོས་འཛིན་གཉིས་ཀའི་གོ་
བ་རགས་པ་ཞིག་ཆགས་ཐུབ་པ་ཡོང་གི་རེད་བསམ་གྱི་ཡོད། ད་ལྟ་ང་ཚོས་ ཤེས་ཡོན་གྱི་ངོ་བོ་དང་། ཤེས་ཡོན་གྱི་ངོས་འཛིན། ཞེས་བཤད་རྒྱུའི་ཤེས་ ཡོན་ཟེར་བའི་ཚིག་འདི་ཨིན་སྐད་ནང་
Education
དང་། ལེགས་སྦྱར་གྱི་
སྐད་ནང་ཤིཀྵཱ་ཟེར་བའི་དོན་ལ་བེད་སྤྱོད་བྱས་ནས་ལབ་ཀྱི་ཡོད་རེད། ༡༩༥༩ གོང་གི་བོད་ཀྱི་སྨྲ་བརྗོད་ཀྱི་སྲོལ་རྙིང་ཁག་ལ་བལྟས་ན། ཤེས་ཡོན་ཟེར་བ་ དེ་
Education
པ་ཡོད་རེད།
གྱི་ཚིག་དོད་ཏག་ཏག་ལ་འགྲོ་ཡི་ཡོད་མེད་ཕལ་ཆེར་དོགས་
Education
གྱི་གོ་དོན་བོད་སྐད་ལ་བསྒྱུར་རྒྱུའི་གོ་སྐབས་དང་། 2
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དགོས་མཁོ་སོགས་གང་ཡང་བྱུང་ཡོད་མ་རེད། ཤིཀྵཱ་ཟེར་བའི་ལེགས་སྦྱར་ གྱི་ཐ་སྙད་དེ་བོད་སྐད་ནང་བསླབ་པ་ལ་བསྒྱུར་ཡོད་རེད།
བསླབ་པ་ཀུན་
གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །ཟེར་བའི་བསླབ་པ་དེ་ ཤིཀྵཱ་རང་གི་དོན་ལ་འཇུག་པ་ཕལ་ཆེར་ལོ་ཙཱ་བ་ཚང་མས་གཅིག་མཚུངས་
བསྒྱུར་བ་མ་གཏོགས། ལོ་ཙཱ་བ་མི་འདྲ་བའི་དབང་གིས་འགྱུར་མི་འདྲ་བ་ཧ་ ལམ་མེད་པ་ལྟ་བུ་རེད།
འན ོ ་ཀྱང་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་ཐོག་མར་འབྱོར་སྐབས་ཨིན་
སྐད་མང་པོ་ཞིག་ཛ་དྲག་གི་ཐོག་ནས་བོད་སྐད་ལ་བེད་སྤྱོད་བྱེད་དགོས་ པའི་དགས ོ ་མཁ་ོ འབྱུང་དུས་
Department
Education
ཟེར་བ་ཤེས་རིག་དང་།
Education
ལ་ཤེས་རིག་ལས་ཁུངས་ཞེས་བསྒྱུར་ཡོད་རེད། སྤྱིར་བཏང་ཤེས་
རིག་ཟེར་བ་དེ་བད ོ ་སྐད་རྙིང་པའི་འགྲོ་སྟངས་ལྟར་བྱས་ན་
Education
དང་།
ཡང་ན་བསླབ་པ་ཟེར་བའི་ཚབ་ལ་འཇུག་པ་དང་། དེ་ལས་གཞན་དུ་མང་ཆེ་
བ་ཡུལ་ཅན་བ་ློ ལ་འཇུག་པ་ཞིག་རེད། བློ་དང་། རིག་པ། ཤེས་པ་གསུམ་དོན་ གཅིག་ཟེར་བ་མཚན་ཉིད་ལས་བཤད་པ་དང་གཅིག་པ་འདྲ་ཞིག་རེད། ཤེས་
པ་དང་རིག་པ་གཉིས་མཉམ་དུ་བསྡོམས་པ་ཡིན་ན་ཤེས་རིག་ཟེར་བ་དེ་ ཆགས་ཀྱི་ཡད ོ ་རེད། ཚིག་དེ་རྒྱུན་འབྱམས་ལ་ཕྱིན་ནས་བཙན་བྱོལ་བོད་མིའི་
བཅའ་ཁྲིམས་ནང་ཤེས་རིག་སྲིད་བྱུས་བཟོ་དགོས་རེད་མ་གཏོགས། ཡན ོ ་སྲིད་བྱུས་བཟ་ོ དགོས་རེད་ཅེས་འཁོད་མེད། བྱུས་དངས ོ ་སུ་གཏན་འབེབས་གནང་སྐབས་
ཤེས་
འོན་ཀྱང་ཤེས་ཡོན་སྲིད་
Education
དང་། ཤིཀྵཱ་གཉིས་
ཀར་བོད་སྐད་ནང་ཤེས་རིག་ཟེར་བ་དེས་ཕྲན་བུ་མ་འདང་པ་ལྟ་བུ་དང་། 3
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གནས་ཚད་མ་ལང ོ ས་པ་ལྟ་བུ་ཚོར་བ་ཡིན་སྟབས། བསླབ་པ་ཟེར་བའི་ཚིག་
དེ་བཞག་ན། དེ་རིང་སང་ཉིན་གྱི་རྒྱུན་སྤྱོད་སྐད་ཆའི་ནང་བརྗོད་བདེ་པོ་དང་
ག་ོ བདེ་པ་ོ ཞིག་ཆགས་ཀྱི་མེད་པར་བརྟེན། ཤེས་ཡོན་ཞེས་པའི་ཚིག་དེ་བེད་
སྤྱོད་བཏང་བ་རེད།
དེ་ནས་བཟུང་ཤེས་ཡོན་སྲིད་བྱུས་ཞེས་པའི་སྐབས་སུ་
ཤེས་ཡན ོ ་ཟེར་བ་དེ་ང་ཚོས་ག་དུས་ཡིན་ནའང་
Education
དང་། ཤིཀྵཱ་ཞེས་
པའི་སྐད་དད ོ ་དུ་བེད་སྤྱོད་གཏོང་གི་ཡོད་རེད། སྤྱིར་བཏང་ཤེས་ཟེར་བ་འདི་
བྱ་བའི་ངོས་ནས་རྟོགས་པ་དང་གོ་བ་ཆགས་པ་གཉིས་ལ་གོ་ཡི་ཡོད་རེད། བྱེད་པ་པའ ོ མ་ཡུལ་ཅན་གྱི་ངོས་ནས་བལྟས་པ་ཡིན་ན། ཤེས་ཟེར་བ་དེར་པ་
གཅིག་སྦྱར་ན། ཤེས་པ་ཟེར་བ་འདི་ཤེས་མཁན་གྱི་གསལ་རིག་གི་ཆ་ལ་གོ་ཡི་ ཡད ོ ་རེད། ཤེས་ཟེར་བ་བྱ་བའི་ངོ་བོ་ཞིག་ཡིན་པས་དེ་གང་འདྲ་ཞིག་ལ་ལབ་
ཀྱི་ཡད ོ ་པ་གཏན་འཁེལ་མ་བྱུང་བ་ཡིན་ན། ཤེས་ཡོན་གྱི་ངོ་བོ་དང་། ཤེས་ཡོན་
གྱི་ངས ོ ་འཛིན་གཉིས་ཀ་ཐག་ཆོད་པོ་དང་གསལ་པོ་ཞིག་ཡོང་ཐུབ་པ་ཁག་པོ་
རེད། དེ་འདྲ་ཡིན་སྟབས་ཤེས་ཟེར་བ་དེ་ནམ་རྒྱུན་ག་པར་ལབ་ཀྱི་ཡོད་རེད་
ཟེར་ན། ཤེས་ཟེར་བ་དེ་མངོན་གྱུར་གྱི་ཡུལ་ཡིན་པས་དོན་སྤྱི་དང་མ་འདྲེས་ པར་རག ྟོ ས་རྒྱུའི་ཤད ོ ་སྟངས་གཅིག་དང་།
དོན་སྤྱི་དང་འདྲེས་ནས་རྟོགས་
རྒྱུའི་ཤད ོ ་སྟངས་བཅས་གཉིས་ཡོད་རེད། དཔེར་ན། གཟུགས་འཛིན་མིག་
ཤེས་ཀྱིས་གཟུགས་ཤེས་ཟེར་དུས་གང་འདྲ་བྱས་ནས་ཤེས་ཀྱི་ཡོད་རེད་ཅེ་ ན༑ ཡུལ་གཟུགས་དང་། ཡུལ་ཅན་རྣམ་ཤེས། རྟེན་དབང་པོ། དེའི་རྟེན་དབང་
རྟེན་ཁག ོ ་པ་བཅས་ཚང་མ་མཉམ་དུ་ཚོགས་དུས་གཟུགས་ཁ་དག ོ ་སན ྔོ ་པ་ོ ལྟ་ བུ་གང་འདྲ་ཞིག་ཡིན་ནའང་། ཁ་དོག་སྔོན་པོ་དེ་མིག་གི་དབང་རྟེན་ཁོག་པ་ ལ་ཤར།
མིག་གི་དབང་རྟེན་ཁོག་པ་ལ་ཤར་བ་དེ་མིག་གི་དབང་པོ་ནང་གི་ 4
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གཟུགས་ཅན་དྭངས་མ་དེ་ལ། གཟུགས་བརྙན་དེས་ཡར་ཕུལ། དེ་ཕུལ་བ་དེ་
རྣམ་པར་ཤེས་པས་དངོས་པོ་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཞིག་དངོས་སུ་
སྐྱེས་པ་ཡིན་པས། དེ་ཡི་སྔོན་འཛིན་མིག་ཤེས་ཀྱིས་དངོས་པོ་ཤེས་ཟེར་དུས།
ཡུལ་དང་། དུས། གཟུགས་བརྙན་ལ་སོགས་པས་བར་དུ་གཅོད་པ་ཁྱོན་ནས་
མེད་པར་ཁ་ཐུག་ཤེས་པ་དང་། མཐོང་བ། འཛིན་གྱི་ཡོད་རེད། ཨིན་སྐད་ལ་ perception
ཟེར་བ་དེ་རེད། མངོན་སུམ་དུ་མཐོང་བ་སྟེ་སཱཀྵཱད། དེ་ཡིས་ཕྱིའི་
ཡུལ་གྱི་རྣམ་པ་དང་། ནང་གི་ཤེས་པའི་རྣམ་པ་གཉིས་ལ་ཁྱད་པར་གང་ཡང་
མེད་པ་དངས ོ ་གནས་དྲང་གནས་ཤེས་ལུགས་ངོ་མ་དེ་རེད། སྔོན་འཛིན་མིག་ ཤེས་སྐྱེས་པའི་རྗེས་ལ་མིག་བཙུམས་པ་ཡིན་ན།
དངོས་པོ་དང་སྔོན་འཛིན་
མིག་ཤེས་གཉིས་ཀྱི་འདོད་བཞིན་འཕྲད་པ་དེ་མེད་པར་ཆགས་ཏེ། ཁོ་གཉིས་
ཀྱི་མངན ོ ་སུམ་དུ་ཐུག་རྒྱུ་དེ་མེད་པ་ཆགས་ཀྱི་ཡོད་རེད། དེ་མེད་པར་ཆགས་
དུས་སན ྔོ ་འཛིན་མིག་ཤེས་ཀྱིས་དངོས་པོ་ཤེས་པ་དེ་རྫོགས་པ་རེད།
དེའི་རྗེས་ལ་སྔོན་འཛིན་རྟོག་པ་ཟེར་བ་དེ་ཡོང་གི་རེད། སྔོན་འཛིན་
རྟོག་པ་ཟེར་བ་དེ་སེམས་ཀྱི་ནང་ལ་ཡོད་པའི་རྣམ་རྟོག་སྟེ་ཨིན་སྐད་ནང་ thought
ཟེར་བ་དེ་རེད། དེ་ཡིས་ག་རེ་འཛིན་གྱི་ཡོད་རེད་ཟེར་ན། དངོས་
པོའི་རྣམ་པ་རང་མཚན་པ་དེ་འཛིན་གྱི་ཡོད་མ་རེད།
སྔོན་འཛིན་མིག་
ཤེས་ལ་ཤར་བའི་དངོས་པོའི་གཟུགས་བརྙན་དེ་དྲན་པའི་ཡུལ་དུ་འགྲོ་དུས་ མཚན་ཉིད་པའི་བརྡ་ཆད་དུ་དོན་སྤྱི་ཟེར་གྱི་རེད།
དོན་སྤྱི་དང་དོན་ངོ་
མ་གཉིས་པོ་དབྱེ་བ་མ་འབྱེད་པར་དངོས་པོ་ངོ་མ་དང་དངོས་པོ་གཟུགས་
བརྙན་གཉིས་པོ་མཉམ་དུ་བསྲེས་ནས།
5
དེ་ལ་དུས་དང་ཕྱོགས་ཀྱི་གནས་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཚུལ་དེ་ཚོ་ཡང་བསྲེས། རྣམ་རྟོག་གིས་ངས་ཁ་སང་མཐོང་སོང་བསམས་པ་ དང་།
དེ་རིང་དྲན་པའི་སྐབས་ལ་ཁ་སང་མཐོང་བའི་དངོས་པོ་དེ་དུས་ཀྱི་
ཆ་ནས་འདས་ཟིན་པས། རྣམ་པའི་ཆ་ནས་དངོས་པོ་དེའི་རྣམ་པར་རྟོག་པ་
ལ་འཆར་གྱི་མེད་ཀྱང་དངོས་པོའི་རྣམ་པ་མིག་ཤེས་ལ་ཤར་བའི་གཟུགས་ བརྙན་དེ་དྲན་དུས་དེ་མཐོང་གི་ཡོད་རེད།
དེ་ནི་རྟོག་པའི་སྒོ་ནས་ཤོད་
འཛིན་མིག་ཤེས་རྒྱུད་ལྡན་གང་ཟག་དེ་ལ།
སྔོན་འཛིན་མིག་ཤེས་ཡོད་
སྟངས་ཤིག་རེད། དེར་བརྟེན་དེ་གཉིས་ཀར་ཤེས་པ་ཞེས་ལབ་ཀྱི་རེད། སྔོན་ བཞི ན ་པའི ་ སྐབས་སུ་ཁྱོ ད ་ཀྱི ས ་དངོ ས ་པོ ་ ཤེ ས ་ཀྱི ་ ཡོ ད ་དམ་ཞེ ས ་ལབ་པ་
ཡིན་ན། ཤེས་ཀྱི་ཡོད། མངོན་སུམ་མཐོང་གི་ཡོད་ཅེས་ལབ་ཀྱི་རེད། དངོས་
པོ་མེད་པའི་ས་ཕྱོགས་ཤིག་ལ་དངོས་པོ་དྲན་པར་ཡོད་པའི་མི་གཅིག་ལ་ ཁྱོད་ཀྱིས་དངོས་པོ་ཤེས་ཀྱི་ཡོད་དམ་ཞེས་ལབ་པ་ཡིན་ན། ཤེས་ཀྱི་ཡོད་ཅེས་
ལབ་ཀྱི་རེད། གང་འདྲ་བྱས་ཏེ་ཤེས་ཀྱི་ཡོད་ཅེས་ལབ་པ་ཡིན་ན། སྐབས་ དེར་དངོས་པོ་མཐོང་རྒྱུ་གང་ཡང་ཡོད་མ་རེད་དེ།
རྣམ་རྟོག་གི་དྲན་ཡུལ་
ནང་དངོས་པོ་དེ་བསྡད་ཡོད་པའི་དབང་གིས་དངོས་པོ་ཤེས་ཀྱི་ཡོད་ཅེས་ ལབ་ཀྱི་ཡོད་རེད། དེ་འདྲ་ཡིན་སྟབས་མངོན་སུམ་དུ་ཤེས་པ་དང་། དོན་སྤྱིའི་ ཚུལ་གྱིས་ཤེས་པ་གཉིས་མངོན་གྱུར་ཡུལ་གྱི་ཤེས་སྟངས་དེ་འདྲ་ཞིག་རེད།
ལྐོག་གྱུར་གྱི་རིགས་རྣམས་རྟགས་ཡང་དག་ལ་བརྟེན་ནས་སྒྲུབ་དགོས། སྒྲ་ མི་རྟག་པ་ལྟ་བུར་མཚོན་ན། སྒྲ་བྱས་པ་ཡིན་པ་རྟོགས། དེ་རྟོགས་པའི་རྗེས་ ལ་བྱས་པ་ཡིན་ན་མི་རྟག་པ་ཡིན་པའི་ཁྱབ་པ་དེ་རྟོགས།
རྟག་པ་ཡིན་ན་
མ་བྱས་པ་ཡིན་དགོས་པའི་ལྡོག་ཁྱབ་དེ་ཡང་རྟོགས། དེའི་རྗེས་ལ་བྱས་པའི་ རྟགས་ཀྱིས་སྒྲ་དེ་མི་རྟག་པ་ཡིན་པ་ཐོག་མར་ངེས། 6
དེ་ལའང་བྱས་པ་ཚད་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མས་ངེས་སྟངས་དང་། དོན་སྤྱིའི་ཚུལ་གྱིས་རྟོགས་པ་གཉིས་རེད། དེ་འདྲ་བ་
དོན་སྤྱིའི་ཚུལ་གྱིས་རྟོགས་པར། དོན་གྱི་མངོན་སུམ་དེ་སྔོན་ལ་བྱས། དོན་ སྤྱིའི་རྟོག་པས་རྟོགས་སྟངས་དེ་རྗེས་ལ་སླེབས་ཀྱི་རེད།
ད་ལྟ་འདིར་མགོ་
མཇུག་ལོག་ནས་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དེ་སྔོན་ལ་ཕྱིན། དེ་ལ་ཡང་
ཡང་སྒོམ་པར་བྱེད་པ་ལ་བརྟེན་ནས་གང་འཚམས་ཤིག་ལ་སྒྲ་མི་རྟག་པ་
མངོན་སུམ་དུ་རྟོགས་པའི་ཡིད་ངེས་ཤིག་སྐྱེ་རྒྱུ་ཡོད་རེད། དེ་འདྲ་བྱེད་དུས་ སྒོམ་སྟོབས་ཀྱིས་སྐྱེས་པ་ཡིན་པ་དང་། དེ་ཡང་སྒྲ་མི་རྟག་པ་དང་མཉམ་དུ་ ཐད་ཀར་འབྲེལ་བ་ཡོད་པ་དང་།
ཐད་ཀར་རྣམ་པ་ཤར་བའི་བློ་ཞིག་གིས་
རྟོགས་པ་ཡིན། དེ་འདྲ་ཡིན་ཙང་མངོན་གྱུར་གྱི་ཡུལ་དེ་ཚོ་སྔོན་ལ་མངོན་ སུམ་དུ་རྟོགས་ནས་རྗེས་སུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་།
ལྐོག་གྱུར་
གྱི་རིགས་དེ་ཚོ་སྔོན་ལ་དོན་སྤྱིའི་ཚུལ་གྱིས་རྟོགས་ནས་རྗེས་ལ་མངོན་སུམ་
དུ་རྟོགས་པ་ལ་སྒོམ་པའི་ནུས་པ་ལ་བརྟེན་པ་སོགས་དེ་འདྲ་བྱེད་དུས་ཤེས་
པ་དང་རྟོག་པ་གཉིས་ཕལ་ཆེར་གཅིག་པ་བརྩིས་པ་ཡིན་ན་འགྲིག་གི་ཡོད་ རེད་བསམ་གྱི་འདུག
སྤྱིར་བཏང་ཆ་ཚང་མ་རྟོགས་པ་ཡིན་ནའང་སྒྲ་མི་རྟག་པ་རྟོགས་པའི་
རྗེས་དཔག་ཚད་མ་མ་སྐྱེས་པ་ཡིན་ནའང་།
སྒྲ་མི་རྟག་པ་ལ་ཡིད་དཔྱོད་
ཙམ་གྱིས་གོ་བ་ཆགས་པའམ་དོན་སྤྱི་ཙམ་གྱིས་གོ་བ་ཆགས་པ་དེ་ལ་ཤེས་
པ་ཡིན་ཟེར་བ་ཞིག་དང་། ཤེས་པ་མ་ཡིན་ཟེར་བ་བཅས་མཁས་པའི་བཞེད་ ཚུལ་མི་འདྲ་བ་ཡོད་སྲིད་པ་རེད། དེ་ཕྲ་ཞིང་ཕྲ་བ་ཞིག་འགྲོ་མི་དགོས་པར་
ད་ལྟ་ང་ཚོའི་བསམ་བློའི་ནང་ངེས་པར་གསལ་པོ་ཡོད་དགོས་པ་དང་། གལ་ 7
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཆེན་པོ་ཞིག་ག་རེ་ཡོད་རེད་ཅེ་ན། ཤེས་པ་ཟེར་བའི་མཚམས་ལྟ་བུ་དེ་ཡག་ པོ་ངོས་འཛིན་བྱེད་དགོས།
ཤེས་པའི་མཚམས་ངོས་མ་བཟུང་བ་ཡིན་ན།
ཤེས་པ་དང་ཁས་ལེན་པ་གཉིས་མཉམ་བསྲེས་གཏོང་བའི་ཉེན་ཁ་ཆེན་པོ་
ཡོད་རེད།
ང་ཚོས་འཛིན་གྲྭའི་ནང་གནས་ཚུལ་མང་པོ་ཞིག་སློབ་སྐབས་
དགེ་རྒན་གྱི་རྗོད་ཚིག་དང་། དེབ་ནང་ལ་བྲིས་པའི་རྗོད་ཚིག་གཉིས་མཐུན་ པ་ལ་བརྟེན་ནས་སོ་སོའི་བསམ་བློའི་ནང་།
དོན་ངོ་མ་མ་ཤེས་པ་ཡིན་
ནའང་། དོན་དེ་བརྗོད་པའི་སྒྲ་དེ་གོ་བ་ལ་བརྟེན་ནས་དེའི་བརྗོད་བྱའི་དོན་
གོ་བ་ཙམ་ཞིག་ཆགས་ཀྱི་ཡོད་རེད། གོ་བ་དེ་ལྟར་ཆགས་པའི་སྐབས་སུ་ང་
ཚོས་དེ་ལ་ཆ་འཇོག་གི་ཡོད་རེད། ཧིནྡཱིའི་སྐད་ལ་ཇཱན་ནཱ་ཟེར་དུས་ཤེས་པ་ ལ་ཟེར་བ་དང་། མཱན་ནཱ་ཟེར་དུས་ཁས་ལེན་པའམ་ཆ་བཞག་པ་ལ་ཟེར་བ་
བཅས་གསལ་པོ་ཞེ་དྲག་ཡོད་རེད། དཔེར་ན། ཕྲུ་གུ་ཆུང་ཆུང་གི་སློབ་དེབ་ དེ་ཚོའི་ནང་འགྲོ་བ་མིའི་ལུས་རྟེན་ཆགས་སྟངས་དེ་ཡང་།
དང་པོ་སྤྲེའུ་
ཆགས་པ་དང་། གང་འཚམས་ནས་རྐང་ལག་བཞི་ས་ལ་བཙུགས་ནས་འགྲོ་ བ༑ དེ་ནས་ཏོག་ཙམ་ཡར་དགྱེ་ནས་འགྲོ་བ། ཕྱི་མ་དེར་ཡར་འདྲོང་པོ་བྱས་
ནས་འགྲོ་བ་བཅས་དུད་འགྲོའི་ལུས་རྟེན་ལས་ཡར་རྒྱས་གོང་འཕེལ་ཕྱིན་
ནས་ཆགས་ཚུལ་དཔེ་རིས་བྲིས་པ་རྣམས་འཛིན་གྲྭའི་ནང་དགེ་རྒན་ཚོས་ སློབ་སྐབས་ད་ག་རང་ཡིན་པ་རེད་བསམས་ནས་ཆ་འཇོག་བྱེད་ཀྱི་ཡོད་
རེད། དེ་ནི་ང་ཚོས་ཤེས་པ་ཟེར་རྒྱུ་དཀའ་ལས་ཁག་པོ་རེད། ལོ་ངོ་སྟོང་ཕྲག་ མང་པོའི་སྔོན་གྱི་བྱུང་བ་ཡིན་པས་ང་ཚོས་མངོན་གྱུར་ནི་མ་རེད། ལྐོག་གྱུར་
གྱི་གནས་ཚུལ་རྟོགས་པའི་དབང་དུ་བྱས་ཀྱང་ཚུལ་གསུམ་ཚང་བའི་རྟགས་ ཡང་དག་ཅིག་ལ་བརྟེན་ནས་རྟོགས་དགོས་པ་རེད། ང་ཚོས་ཆ་འཇོག་དང་ 8
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཡིན་ཤག་ཁོ་ན་སྟེ་ད་ག་རང་ཡིན་པ་རེད་དྲན་ནས་ཆ་བཞག་གི་ཡོད་རེད།
དེ་ལྟ་བུ་ནི་གོ་ཡོད་དམ་ཞེ་ན་གོ་ཡོད་པ་མ་གཏོགས་ཤེས་ཡོད་དམ་ཟེར་ན་
ཤེས་ཡོད་མ་རེད།
གོ་བ་ཟེར་བ་ནི་བློ་ཡིས་གོ་བ་དང་རྣ་བས་གོ་བ་གཉིས་
ཀར་ལབ་ཀྱི་ཡོད་རེད། དེ་ལ་གོ་བ་ཞིག་ཡོད་དམ་ཞེ་ན་གོ་བ་ཡོད་རེད། མི་ ལ་ཕར་སློབ་དགོས་བྱུང་ན་སློབ་ཤེས་སམ་ཟེར་ན་སློབ་ཤེས་ཀྱི་རེད། དཔེར་ ན༑ འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་འདི་འབར་གས་ཆེན་པོ་ཞིག་
གི་གནས་བབ་ལས་བྱུང་བ་རེད་ཟེར་བ་དེ་ང་ཚོས་རྟག་པར་སློབ་ཀྱི་ཡོད་པ་ བཞིན་ཚང་མར་ལབ་རྒྱུ་ཡོད་རེད། འབར་གས་ཆེན་པོ་ (Big Bang) ཟེར་བ་
དེ་གང་འདྲ་བྱས་ནས་བྱུང་འདུག དེ་ཡང་ཚོད་ལྟ་བྱས་ནས་གཅིག་རྙེད་བྱུང་ ཟེར་གྱི་ཡོད་རེད།
རྙེད་བྱུང་ཟེར་བ་ལྟར་ཉེན་ཁ་ཡང་འབྱུང་བ་རེད་ཟེར་
གྱི་ཡོད་རེད། གང་ལྟར་དེ་ནི་ང་ཚོས་ཤེས་པ་མ་རེད། མིས་ལབ་པ་དེ་ལ་ཆ་ བཞག་པ་རེད།
དེ་ལྟ་བུའི་ཆ་བཞག་པའི་གནས་ཚུལ་ཞེ་དྲག་མང་པོ་ཡོད་
རེད། ལྷག་པར་དུ་ཚན་རིག་སྐོར་ལ་ཡིན་ན། ཚན་རིག་གི་སློབ་ཚན་མང་ པོ་ཞིག་གིས་སོ་སོའི་ཚོད་ལྟའི་ཁང་པའི་ནང་ཕྱིན་ནས་ཚོད་ལྟ་བྱས། ཕྲན་ལྟ་བུར་ཆ་མཚོན་ན།
རྡུལ་
རང་ཉིད་ཀྱི་ཚོད་ལྟའི་ཁང་པའི་ནང་རྡུལ་ཕྲན་
དེ་ཚོ་བསྐྱར་ལྡབ་ཡང་ལྡབ་ཀྱིས་དབྱེ་བ་ཕྱེ།
དེ་དག་ག་ཚོད་བར་དུ་དབྱེ་
བ་འབྱེད་ཐུབ་ཀྱི་འདུག་པ་རང་གིས་བལྟས་ནས་ཤེས་པ་དེ་གནས་སྟངས་ ཤིག་རེད།
དེབ་ཀྱི་ནང་དུ་ཡོད་པ་བསླབས་པའི་གནས་སྟངས་དེ་ནི་ཤེས་
པ་གང་ཡང་མ་རེད། དེ་ནི་མིས་ལབ་པར་ཆ་བཞག་པ་ཞིག་རེད། གཅིག་ བྱས་ན་གོ་རྟོགས་ཙམ་ཞིག་ཡོད་སྲིད་ཀྱང་དེ་ནི་རང་གིས་ཤེས་པའི་གནས་
ཚུལ་ལ་འགྲོ་ཡི་མ་རེད། དེར་བརྟེན་ཤེས་པ་ཟེར་བ་མང་ཆེ་བ་ཞིག་རྟོགས་ 9
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པ་ལ་གོ་དགོས་ཀྱི་ཡོད།
གལ་སྲིད་མ་རྟོགས་པ་ཡིན་ནའང་དེ་ལ་ཡིད་
དཔྱོད་ཙམ་གྱི་གོ་བ་ཞིག་ལྷག་ནས།
གང་ལྟར་རང་སྟོབས་ཀྱིས་གནས་དེ་
མཐོང་ནུས་པ་དང་དཔྱོད་ནུས་པ་ཞིག་ཆགས་ན། དེ་ལ་ཤེས་པ་ཞེས་ལབ་ཀྱི་
ཡོད། དེའི་མཉམ་དུ་ཡོན་ཞེས་པ་དེ་ག་རེ་བྱས་ནས་སྦྱར་བ་རེད་ཅེ་ན། ཡོན་ ཞེས་སྦྱར་བ་དེ་ནི་ཤེས་པ་ཚང་མ་ཡོན་ཏན་གྱི་ངོ་བོ་ཡིན་པའི་ཁྱབ་པ་མེད་
ཅིང་། ཤེས་པ་དེ་སྐྱོན་གྱི་ངོ་བོ་ཡིན་པ་ཡང་མང་པོ་ཡོད་རེད། ཕལ་སྐད་ཀྱི་ ནང་ལ་རྐུན་མ་རྐུ་ཤེས་ཀྱི་རེད། སྐྱག་རྫུན་བཤད་ཤེས་ཀྱི་རེད་ཅེས་ལབ་ཀྱི་
རེད། དཔེར་ན༑ ང་ཚོ་ཚང་མས་སྐྱག་རྫུན་བཤད་ཤེས་ཀྱི་རེད་ལ། སྐྱག་རྫུན་ བཤད་པ་ཙམ་དུ་མ་ཟད་བཤད་མཁས་པོ་དེ་འདྲའང་ཡོད་ཀྱི་རེད་བསམ་གྱི་ འདུག ཡིན་ནའང་སྐྱག་རྫུན་བཤད་པ་དེ་ཡོན་ཏན་རེད་དམ་ཞེ་ན། དེ་ནི་ ཡོན་ཏན་གང་ཡང་མིན་པར་སྐྱོན་རེད། ཤེས་རྐྱང་པར་མ་བཞག་པར་བོད་ སྐད་ཀྱི་ཐོག་ནས་ཤེས་ཡོན་ཞེས་མཉམ་དུ་སྦྱར་བ་དེ་ལ་དོན་དག་ཅིག་ཡོད་
རེད་བསམ་གྱི་འདུག དེ་ལྟ་བུའི་ཤེས་ཡོན་དེ་ཡུལ་ལ་བཞག་ནས། སློབ་ ཕྲུག་གི་རྒྱུད་ལ་ཤེས་ཡོན་ཞིག་སྐྲུན་པར་བྱེད་པའམ།
ཤེས་ཡོན་ཞིག་སྤྲོད་
ཐབས་བྱེད་པ་དེ་ལ་ཤེས་ཡོན་སྲིད་བྱུས་ཞེས་ཟེར། སྤྱིར་བཏང་ཤེས་ཡོན་གྱི་ ངོ་བོ་དེ་བློའི་ཁྱད་པར་འདྲ་པོ་ཞིག་རེད། དེ་ལྟ་བུའི་བློའི་ཁྱད་པར་དེ་བསྐྲུན་ པར་ཨིན་སྐད་ཀྱི་
Education
དང་། ལེགས་སྦྱར་སྐད་ཀྱི་ཤིཀྵཱ་ཟེར་བས་ཏག་
ཏག་ཅིག་གོ་བ་ལེན་དགོས་ཀྱི་ཡོད་ན། གནས་སྟངས་དེ་འདྲ་ཞིག་ཐོག་ནས་ གོ་བ་ལེན་དགོས་ཀྱི་ཡོད་རེད་བསམ་གྱི་འདུག
ད་ལྟ་ང་ཚོས་ཤེས་ཡོན་
བསླབས་པ་ཟེར་བ་དེ། བོད་ཀྱི་སྐད་རྙིང་པ་ཟེར་ནའང་མི་འདུག་ ༡༩༥༩ གོང་གི་དེ་ཚོ་ད་ལྟ་རྙིང་པ་ཞེ་དྲག་ཆགས་མེད་པ་དེ་ལ་ང་ཚོས་བསླབ་པ་ 10
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཞེས་ལབ་རྒྱུའི་ཚིག་དེར་དོན་གྱི་ངོ་བོ་ལ་འཇུག་པའི་སྐབས་དང་། བྱ་བ་ལ་ འཇུག་པའི་སྐབས། ཡི་གེའི་དག་ཆ་དང་ཚིག་གཅིག་པ་ཡིན་ནའང་གོ་དོན་ མི་འདྲ་བ་གཉིས་ལ་འཇུག་པ་དེ།
བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་
ཁྱད་དམ་ཁྱད་ཆོས་ཤིག་རེད། དཔེར་ན། བསླབ་པ། བསླབ་པ། ཟ་བ། ཟ་ བ། གྱོན་པ། གྱོན་པ། བཞོན་པ། བཞོན་པ་ཟེར་བ་དེ་ཚོའི་ཡི་གེའི་དག་ཆར་
ཁྱད་པར་གང་ཡང་མེད་ཀྱང་། ཚིག་གཅོད་མཚམས་མི་འདྲ་བའི་ཁྱད་པར་ ཕྲན་བུ་ཞིག་གིས་ཟ་བ་ཞེས་ཟེར་ན་བཟའ་བྱའི་ཟས་ལ་གོ་བ་དང་།
ཟ་བ་
ཞེས་ལབ་ན་དེ་ཟ་བའི་བྱ་བ་བྱེད་པ་ལ་གོ་བ། བཞོན་པ་ཞེས་ལབ་ན་བཞོན་ བྱའི་རྟ་ལ་གོ་བ་དང་།
བཞོན་པ་ཞེས་ལབ་ན་དེ་བཞོན་པའི་བྱ་བ་ལ་གོ་བ།
དེ་བཞིན་བསླབ་པ་དང་བསླབ་པ་གཉིས་པོ་ཡང་དེ་བཞིན་རེད། བསླབ་པ་
ཟེར་བ་དེ་ཤེས་ཡོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ཞིག་ཆགས་ཀྱི་ཡོད་རེད།
བསླབ་པ་ཟེར་བ་ལྟ་བུ་ནི་དགེ་རྒན་གྱིས་དགེ་ཕྲུག་ལ་བསླབ་པ། དགེ་བའི་
བཤེས་གཉེན་གྱིས་སློབ་མ་ལ་བསླབ་པ། སྟོན་པ། གོ་བར་བྱས་པ། ལུང་དུ་ བསྟན་པ།
ཡང་དག་པ་གསལ་བར་བྱས་པ་བཅས་ལ་བསླབ་པ་ཞེས་ལབ་
ཀྱི་ཡོད་རེད། ངའི་རྒྱུད་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ཅེས་ལབ་པ་ཡིན་ ན།
སྐབས་དེའི་མིས་བེད་སྤྱོད་བཏང་བ་དེ་ཚུལ་ཁྲིམས་ཀྱི་མིང་རྐྱང་ཙམ་
ཞིག་རེད།
ངས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་ཀྱི་ཡོད་ཅེས་པའི་ཚིག་
དེ་ཡང་བསྐྱར་ལྡབ་སྐྱོར་བྱས་ཏེ་ལབ་པ་ཡིན་ན། ངས་དེ་སྦྱོང་གི་ཡོད། ངས་ དེར་འབད་བརྩོན་བྱེད་ཀྱི་ཡོད། ངས་དེ་ལ་བློ་སྦྱོང་གི་ཡོད་ཟེར་བའི་དོན་དུ་ གོ་ཡི་ཡོད་པར་བརྟེན་ པ་དང་།
Education
ཟེར་བ་དེ་ཡང་མིང་ཙམ་ཞིག་ལ་འཇུག་
བྱ་བ་ལ་འཇུག་པ་བཅས་སྐབས་གཉིས་ཡོད་སྟབས་དེའི་དབྱེ་བ་ 11
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གཉིས་པོ་གསལ་པོ་ཞིག་མཁྱེན་དགོས་པ་གལ་ཆེན་པོ་རེད།
ཤེ ས ་ཡོ ན ་སྲི ད ་བྱུས་ནང་ཤེ ས ་ཡོ ན ་གྱི ་ གོ ་ བ་དེ ་ ལ་དོ ན ་ཚན་དྲུག་
བཤད་ཡོད་རེད།
དོན་ཚན་དྲུག་ནང་ཤེས་ཡོན་ཟེར་བའི་ཚིག་དེ་ཡོངས་
ཁྱབ་ལ་བེད་སྤྱོད་གཏོང་གི་ཡོད་རེད།
Education
ཡོངས་ཁྱབ་ལ་བེད་སྤྱོད་གཏོང་གི་ཡོད་རེད།
ཟེར་བའི་ཚིག་དེ་ཡང་
དོན་གྱི་ངོ་བོ་གང་འདྲ་ཞིག་
བསྟན་པའི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པའི་གོ་བ་ཡག་པོ་ཞིག་སྐྱེ་བའི་ དོན་དུ་དོན་ཚན་དྲུག་དེ་བཤད་ཀྱི་ཡོད་རེད། ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་ དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་
རྒྱུད་ཀྱི་ཡོན་ཏན་དེ་ལ་ངོས་འཛིན་བྱ་རྒྱུ། ཞེས་ཤེས་ཡོན་གྱི་ངོ་བོ་གང་འདྲ་ ཞིག་གསུང་གི་ཡོད་རེད་ཅེ་ན།
སྤྱིར་བཏང་ཕྱིའི་ཡུལ་ཟེར་དུས་གཟུགས་
སྒྲ་དྲི་རོ་རེག་བྱ་སྟེ་དབང་པོ་ལྔའི་ཡུལ་དུ་གྱུར་པ་ཚང་མར་ཕྱིའི་ཡུལ་ཞེས་ ལབ་ཀྱི་རེད།
དེ་བཞིན་ཡིད་ཀྱི་དབང་པོའི་ཡུལ་དུ་གྱུར་པའི་ཆོས་དེ་ཡང་
ཕྱི་ནང་ག་རེ་ལ་ཕྱེ་ཡོད་ཅེས་ལབ་ཀྱང་འགྲིག་གི་རེད། དེ་ལ་གང་འདྲ་བྱས་ ཏེ་གོ་རྒྱ་གཅོད་དགོས་རེད་ཟེར་ན།
རང་རང་སོ་སོའི་རྒྱུད་ཀྱི་རིག་པའམ་
ཤེ ས ་པ་སྟེ ་ གསལ་རི ག ་གི ་ ཆ་ཙམ་ཡོ ད ་པ་དེ འི ་ ནུས་པ་སད་པའམ་སྨི ན ་ པའམ་རྫོགས་པའི་ཐོག་ནས་གོ་རྒྱ་གཅོད་དགོས་རེད། ཤེས་པའི་ནུས་པ་སད་ པ་ཞེས་པ་གང་འདྲ་ཞིག་ལ་ལབ་ཀྱི་ཡོད་དམ་ཞེ་ན།
ག་རེ་ཡིན་ནམ་སྙམ་
པའི་དོ་སྣང་ཡོང་བ་དང་། དོན་འགྱུར་དང་དོན་མི་འགྱུར་བའི་ཐེ་ཚོམ་ཟ་བ། ཤེས་འདོད་ཀྱི་བློ་སྐྱེ་བའམ་ཨིན་སྐད་ལ་
curiosity
ཟེར་བ་དེ་འདྲ་ཞིག་ལ་
སླེབས་པའི་སྐབས་སུ་ཤེས་པའི་ནུས་པ་སད་ཀྱི་ཡོད། ཤེས་པའི་ནུས་པ་སད་ 12
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
པ་དེ་ཡིས་རྟོགས་བྱའི་ཡུལ་གང་ཡང་རུང་བ་ཞིག་ལ་རྟོག་དཔྱོད་བྱས་ནས། དཔེར་ན། ལམ་སང་ཤེས་མི་ཐུབ་པའི་གནས་སྟངས་དང་། མིག་གིས་མངོན་ སུམ་དུ་མཐོང་མི་ཐུབ་པའི་གནས་སྟངས།
མངོན་གྱུར་ཡིན་ཡང་ཡུལ་དུས་
ཀྱི་ཆ་ནས་ལུང་པ་ཕར་ནང་གི་རི་རྩེར་དུ་བ་ཡོད་པ་མཐོང་སྐབས། ཕ་གིར་
མེ་ཡོད་མེད་གང་ཡིན་ནམ་སྙམ་སྟེ་དོགས་པ་ཟ་བའི་སྐབས་སུ་བློ་ཡི་ནུས་
པ་སད་པ་རེད། དུ་བའི་རྒྱུ་མེ་སྔོན་དུ་མ་སོང་བར་དུ་བ་ཡོང་གི་མ་རེད། མེ་ དང་དུ་བ་གཉིས་རྗེས་སུ་འགྲོ་ཐུབ་པའམ་འབྲེལ་བ་གྲུབ་པའི་རྒྱུ་འབྲས་ཤིག་ རེད། དུ་བ་ཡོད་པས་མེ་ཡོད་དགོས་ཀྱི་རེད་སྙམ་པའི་མཚན་ཉིད་པའི་སྐད་
ཆ་ཤོད་སྟངས་ལྟར་བྱས་ན། དུ་བ་ཡོད་ན་མེ་ཡོད་པའི་ཁྱབ་ཀྱི་རེད་སྙམ་པའི་
ཐག་གཅོད་དེ་འབྱུང་བའམ་ཁྱབ་པ་དེ་སྒྲུབ་པའི་སྐབས་སུ་བློའི་ནུས་པ་དེ་
སྨིན་པ་རེད། རྒྱུ་མཚན་དེའི་དབང་གིས་སྐད་ཅིག་དེ་མ་ཐག་པའི་རྗེས་ལ་མེ་
ཡོད་པ་ཐག་གཅོད་དགོས་རེད་སྙམ་པའི་སྐབས་སུ་བློ་ཡི་ནུས་པ་རྫོགས་པ་ རེད། དེར་བརྟེན་ཤེས་བྱའི་ཡུལ་གང་འདྲ་ཞིག་ལ་སྦྱར་ནའང་ཐོག་མ་དེར་ ཤེས་འདོད་ཞུགས་པ་དང་།
ཤེས་འདོད་ཞུགས་པ་ལ་བརྟེན་ནས་དཔྱད་པ་
ལ་འཇུག་པ། དཔྱད་པ་ལ་འཇུག་པ་ལ་བརྟེན་ནས་གནས་ཚུལ་དེ་གསལ་པོ་
བྱས་ནས་རྟོགས་པ་དེ་འདྲ་ཞིག་བྱུང་བ་ཡིན་ན། ཁོས་ཤེས་པ་རེད་ཅེས་ལབ་
ཀྱི་རེད། དེ་འདྲ་ཡིན་པས་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་
པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ ཞིག་ལ་ཤེས་ཡོན་ཞེས་ཟེར་བ་དང་། ཤེས་ཡོན་གྱི་ངོ་བོའི་དོན་དག་གཅིག་ འདི་རེད།
13
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་ཙམ་ལ་མི་འཛིན་པར།
ཐོས་དོན་ལ་རང་སྟོབས་ཀྱིས་བསམས་པས་ངེས་པ་རྙེད་པ་དང་། པའི་དོན་ལ་ཡང་ཡང་སྒོམ་པ་མཐར་ཕྱིན་པ་བྱས་ཏེ།
བསམས་
གཞན་ལས་ཐོས་པ་
དང་། རང་གིས་དཔྱད་པ། དེ་ལ་ཡང་ཡང་སྒོམ་པ་གསུམ་དང་ལྡན་པ་ཞིག་
ལ་ངོས་འཛིན་བྱེད་དགོས། དེང་རབས་ཀྱི་ཤེས་ཡོན་ངོས་འཛིན་བྱེད་སྟངས་ དང་། ཤར་ཕྱོགས་པ་དང་ལྷག་པར་དུ་ནང་པའི་ཤེས་ཡོན་ངོས་འཛིན་བྱེད་
སྟངས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོའམ་མི་འདྲ་བ་ཆེན་པོ་ཞིག་ཡོད། དེང་རབས་ཀྱི་ཤེས་ཡོན་ངོས་འཛིན་བྱེད་སྐབས་གནས་ཚུལ་གང་ཡང་རུང་
བ་ཞིག་གོ་བརྡ་སྤྲོད་ཐུབ་པའམ། སློབ་སྦྱོང་བྱེད་མཁན་གྱི་མི་དེ་ཡིས་གོ་བ་
རྙེད་པའམ། ཡིག་སྐད་དུ་བརྗོད་ཚེ། དང་པོ་ཐོས་པ་ཡིན་ན་ཐོས་བྱུང་གི་
ཤེས་རབ་དེ་ཉིད་ཤེས་ཡོན་ཡིན་པ་གང་ཞིག་ལ་བསམ་བློ་བཏང་ནས་སྡོད་ པ་བཅས་ཐོས་བྱུང་གི་ཤེས་རབ་ཙམ་གྱིས་འགྲིག་པ་ལྟ་བུ་ཞིག་དང་།
དེ་
ལས་ཕར་བརྒལ་བ་ཡིན་ན་གཞན་དག་གང་ཡང་བྱེད་མི་དགོས་པ་ལྟ་བུ་ བྱེད་ཀྱི་ཡོད་རེད། དེར་བརྟེན་སྲོལ་རྒྱུན་པ་ཚོས་དེང་རབས་ཀྱི་ཤེས་ཡོན་གྱི་
འགྲོ་སྟངས་དེས་ཐོས་པ་བསགས་པ་ཙམ་མ་གཏོགས། བསམ་སྒོམ་གྱི་བྱ་བ་
ལ་འཁྲིད་ཐུབ་ཀྱི་མེད་པའམ་སྤྲོ་བ་སྦྱིན་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་ དམ་དགག་པ་ཤུགས་ཆེ་ཤོས་རྒྱག་གི་ཡོད་རེད། དགེ་ཕྲུག་ལ་ཤེས་ཡོན་སློབ་ སྟངས་དེ་གནས་ཚུལ་གང་ཞིག་ཕར་སྤྲོད་པ་ཙམ་བྱས་པ་ཡིན་ན།
གནས་
ཚུལ་གང་ཡང་རུང་བ་ཞིག་ཀམ་པུ་ཊར་ནང་བཅུག་པ་ལྟ་བུ་ཁྱད་པར་གང་ ཡང་མེད་པ་རེད་སྙམ། བ་ཡོད་ཀྱང་།
དེ་གཉིས་ལ་སེམས་ལྡན་དང་སེམས་མེད་ཀྱི་དབྱེ་
གནས་ཚུལ་གང་ཡང་རུང་བ་ཞིག་ཀམ་པུ་ཊར་ནང་བཅུག་ 14
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
པ་ལྟར་རྗེས་མ་ཚུར་དེ་ག་རང་འདོན་རྒྱུ་ཡོད་པ་ཞིག་རེད། དེ་བཞིན་དགེ་
ཕྲུག་ལ་གནས་ཚུལ་གང་ཞིག་ལབ་བཞག་པའམ་དགེ་ཕྲུག་གིས་གང་ཞིག་ ཐོས་པ་དེར་ཤེས་དང་མ་ཤེས་ཀྱི་སྐད་ཆ་མེད་པར་དེ་ག་རང་ལ་ཆ་བཞག་པ་
ཡིན་ན་འགྲིག་གི་ཡོད། རྗེས་མ་རྒྱུགས་སྤྲོད་གཏོང་དུས་གང་ཐོས་པ་བཞིན་ གཅིག་པ་གཅིག་རྐྱང་བྲིས་པ་ཡིན་ན་ཡིག་རྒྱུགས་ཙམ་འཕྲོད་ཀྱི་ཡོད།
དེ་
ལྟ་བུའི ་ ཐོ ས ་བྱུང་གི ་ཤེ ས ་རབ་དང་བསམ་བློ་དེ ར་ནང་པའི ་ ཆོ ས ་སྐད་ཀྱི ་
ནང་གཞན་ལས་གཡར་བའི་ཤེས་རབ་ཟེར་བ་མ་གཏོགས་རང་གི་ཤེས་རབ་ ཅེས་ཟེར་གྱི་མེད། མངོན་པ་མཛོད་ཀྱི་ཤོད་སྟངས་ལྟར་བྱས་ན། གཞན་ལས་
གཡར་བའི་ཤེས་རབ་ནི་ནོར་བ་དང་། དངོས་གནས། ཐག་ཆོད་པ། ཐག་མི་ ཆོད་པ། དོན་མཐུན་གྱི་བློ། དོན་མཐུན་མ་ཡིན་པའི་བློ་བཅས་གང་ཡང་ཡོང་ སྲིད་པ་རེད་ཅེས་བཤད་པ་ཡིན། དཔེར་ན། སྒྲ་རྟག་པ་རེད་ཟེར་བ་ཐོས།
ཐོས་པ་དེ་ལ་བརྟེན་ནས་སྒྲ་རྟག་པ་ཡིན་པ་རེད་སྙམ་ནས་ཆ་བཞག་པ་ཡིན་ ན༑ དེ་ནི་ལོག་ཤེས་དང་ལོག་རྟོག་ཡིན་པ་ལས་ཤེས་ཡོད་མ་རེད། དེ་འདྲ་
ཡིན་ཙང་རང་གི་ངོས་ནས་བརྟག་དཔྱད་བྱས་ཏེ་དེ་ག་རང་རེད་བཞག་སྙམ་ པའི་ངེས་པ་རྙེད་པའམ་བསམ་བྱུང་གི་ཤེས་རབ་སྐྱེ་བའི་སྐབས་སུ་རང་གི་ ཤེས་རབ་ཅེས་ཟེར། དེ་ནི་གཞན་ལས་གཡར་བའི་ཤེས་རབ་ཆགས་ཀྱི་མེད།
རྗེ་རིན་པོ་ཆེས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་ དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམས་ལས་བྱུང་ བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་ཐུགས་སྨོན་བསྐྱོན་ པའི་དམིགས་ཡུལ་ཡང་དེ་ལྟར་ཡིན་པ་རེད། གང་ཐོས་པའི་དོན་ལ་རིགས་
པ་གསུམ་མམ་བཞིའི་སྒོ་ནས་ཡང་ཡང་བརྟགས་ཤིང་བསམ་བྱུང་གི་བློས་ཐེ་ 15
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཚོམ་ཆོད་ནས་གཏན་ལ་ཕབ་པ་ཞིག་བྱུང་ན་གཞི་ནས་རང་གི་ཤེས་ཡོན་གྱི་
ངོ་བོ་ཆགས་ཀྱི་རེད་ཅེས་གསུངས་པ་རེད། དང་།
ཤེས་ཡོ ན ་ཞེས་པ་ཆོ ས ་རབ་ཏུ་རྣམ་པར་འབྱེ ད ་པའི་ཤེས་རབ་ སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཕན་ཚུན་
ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱེད་དགོས་ ཟེར་བ་དེ་ཕལ་ཆེར་རྒྱ་གར་དང་། ཤར་ཕྱོགས་པ། དེའི་ནང་ནས་ནང་པས་ དམིགས་བསལ་ཤོད་སྟངས་ཤིག་རེད།
ཤེས་རབ་ཟེར་བའི་ཚིག་དེ་མཐོ་པོ་དང་།
ཆོས་རབ་ཏུ་རྣམ་པར་འབྱེད་པའི་ རྫིག་མདོག་ཁ་པོ་འདྲ་ཞིག་ཡོད་
རེད་དེ་དེའི་དོན་དག་ལས་སླ་པོ་ཞེ་དྲག་རེད། བ་དང་།
ཆོས་ཟེར་བ་དེ་ཡུལ་ལ་གོ་
རབ་ཏུ་རྣམ་པར་འབྱེད་པ་ཟེར་བ་ཡུལ་གྱི་སྤུ་རིས་འབྱེད་པར་གོ་
བ་རེད། ཡུལ་གྱི་སྤུ་རིས་འབྱེད་སྟངས་དེ་ལ་རིམ་པ་གཉིས་ཡོད་རེད། ཡུལ་ གྱི་སྤུ་རིས་དང་པོ་གང་འདྲ་བྱས་ཏེ་འབྱེད་ཀྱི་རེད་དམ་ཞེ་ན། ཡུལ་ཇི་ལྟར་
གནས་པ་དེ་ག་རང་ངོ་བོ་ལ་མཐོང་ཐུབ་པ། དཔེར་ན། ཁྲ་འཛིན་མིག་ཤེས་ ལྟ་བུར་ཆ་བཞག་ན།
ཁྲ་འཛིན་མིག་ཤེས་ཀྱིས་དྲངས་པའི་ཁྲ་འཛིན་རྟོག་
པའི་ནང་ལ་སེར་པོ་དང་། སྔོན་པོ། ལྗང་ཁུ། ཁྲ་བོའི་ཚོགས་པ་སོགས་དེའི་ ནང་ལ་ག་ཚོ ད ་ཡོ ད ་པ་དེ ་ དག་ཐམས་ཅད་རབ་བེ ་ རི བ ་བེ ་ མ་ཡི ན ་པར།
དངོས་པོ་དེ་དག་ལས་ཇི་ཙམ་ཞིག་སྔོན་པོ་དང་། ཇི་ཙམ་ལྗང་ཁུ། ཇི་ཙམ་ སེར་པོ། ཇི་ཙམ་དམར་པོ་རེད་སྙམ་པའི་ཡུལ་གྱི་སྤུ་རིས་འབྱེད་ཐུབ་པ་དེར་ རབ་ཏུ་རྣམ་པར་འབྱེད་པ་ཟེར་བ་རེད།
བུམ་འཛིན་མིག་ཤེས་ལྟ་བུར་ཆ་
མཚོན་ན། ལྟོ་ལྡིར་བ་དང་། ཞབས་ཞུམ་པ། ཆུ་སྐྱོར་པ་སོགས་ཀྱི་ཁྱད་ཆོས་ 16
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེ་དག་སྤྱི་སྤོམ་ཙམ་མ་ཡིན་པར་གནས་ཚུལ་རེ་རེ་བཞིན་གསལ་པོ་བྱས་
ནས་དབྱེ་བ་འབྱེད་ཐུབ་པ་དེ་ལ་རྣམ་པར་འབྱེད་པ་ཟེར།
དེ་ནི་བློ་ཡི་བྱ་
བའི་འཇུག་སྒོ་ཆེ་ཤོས་ཤིག་རེད། ང་རང་ཚོའི་བློ་ཡིས་ཡུལ་ལ་འཇུག་སྐབས་
ཡུལ་གྱི་སྤུ་རིས་འབྱེད་ཀྱི་ཡོད་པ་དེ་རྣམ་གཞག་གཅིག་དང་། དེའི་ཐོག་ལ་
ཡུལ་གྱི་སྤུ་རིས་འབྱེད་སྟངས་རིམ་པ་གཉིས་པ་དེ་ག་རེ་ཆགས་ཀྱི་ཡོད་རེད་
ཟེར་ན། ཨིན་སྐད་ཐོག་ Value judgment སྟེ་ཡག་པོ་དང་། སྡུག་ཆགས། བླང་
བར་བྱ་བ། འདོར་བར་བྱ་བ། བྱེད་ཆོག་པ། བྱེད་མི་ཆོག་པ་སོགས་དབྱེ་བ་
འབྱེད་རྒྱུ་དེ་ཡིན་པ་རེད། ཤེས་ཡོན་གྱི་དགོས་དམིགས་སམ། ཤེས་ཡོན་གྱི་
ངོ་བོའམ། ཤེས་ཡོན་གྱི་ངོས་འཛིན་བཤད་པའི་སྐབས་སུ་ཤེས་ཡོན་གྱི་བྱ་བ་ ཆེ་ཤོས་ག་རེ་བྱེད་ཀྱི་ཡོད་དམ་ཞེ་ན། སོ་སོས་བྱེད་དགོས་པ་གང་རེད། བྱེད་ མི་དགོས་པ་གང་རེད། བྱེད་ཆོག་པ་གང་རེད། བྱེད་མི་ཆོག་པ་གང་རེད།
བླང་བར་བྱ་བ་གང་རེད། འདོར་བར་བྱ་བ་གང་རེད། མི་ཚེའི་གནས་སྟངས་ ཡོངས་སུ་རྫོགས་པའམ་མི་ཚེ་གཅིག་གི་ནང་ལུས་ངག་ཡིད་གསུམ་གྱི་བྱ་
བ་གང་འདྲ་ཞིག་ཡིན་ཡང་། གནས་སྐབས་དང་མཐར་ཐུག་གཉིས་ཀྱི་དགེ་
སྐྱོན་ལ་བལྟས་ནས་བླང་དོར་འབྱེད་ཤེས་པ་བཟོ་རྒྱུ་དེ་ཤེས་ཡོན་གྱི་དགོས་ དམིགས་ཡིན་པ་རེད། དེ་འདྲ་ཡིན་ཙང་ཤེས་ཡོན་གྱི་ངོ་བོའི་ནང་དེ་ལྟ་བུའི་
བླང་དོར་འབྱེད་ཤེས་པ་ཞིག་དགོས་ཀྱི་ཡོད། དེ་ཡང་ཐབས་དང་ཤེས་རབ་
གཉིས་ག་དུས་ཡིན་ཡང་མཉམ་དུ་འགྲོ་དགོས་ཟེར་བ་ནི་ནང་པའི་ཐུན་མོང་ མ་ཡིན་པའི་ཤོད་སྟངས་ཤིག་རེད། རབ་ཏུ་རྣམ་པར་འབྱེད་པ་སྟེ་ཕྱིའི་ཡུལ་ ལ་སྤུ་རིས་རྣམ་པར་འབྱེད་པའི་རྗེས་སུ།
རྣམ་པར་འབྱེད་པ་དེ་ལ་བརྟེན་
ནས་ནང་གི་སེམས་རྒྱུད་ཞི་བར་བྱེད་པའི་ཐབས་དང་མཉམ་དུ་འགྲོ་དགོས་ 17
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རེད་མ་གཏོགས།
སེམས་རྒྱུད་རྩུབ་པར་བྱེད་པའི་ཐབས་སམ་སེམས་རྒྱུད་
འཁྲུག་པར་བྱེད་པའི་ཐབས་དང་མཉམ་དུ་ཕྱིན་པ་ཡིན་ན་ཤེས་པ་ཡོད་ཀྱང་ ཡོན་ཏན་མེད་པ་ཆགས་ཀྱི་རེད།
དེར་བརྟེན་སེམས་རྒྱུད་རབ་ཏུ་ཞི་བར་
བྱེད་པའི་ཐབས་དང་། རྣམ་པར་འབྱེད་པའི་ཤེས་རབ་གཉིས་མཉམ་དུ་འགྲོ་
རྒྱུའི་དམིགས་བསལ་བའི་ཡོན་ཏན་ཞིག་ལ་ཤེས་ཡོན་ཟེར་བའི་ངོ་བོ་ཞེས་ གོ་དགོས་རེད་ཟེར་ནས་དོན་ཚན་གསུམ་པ་དེ་དེ་ལྟར་ཤོད་ཀྱི་ཡོད་རེད།
དོན་ཚན་བཞི་པ་ནི་སྤྱི་སྒེར་གྱི་ཚུལ་མིན་གྱི་བྱ་སྤྱོད་བཟང་སྤྱོད་དུ་
སྒྱུར་བྱེད་ཀྱི་ནང་གི་འཕྲུལ་རིག་གཙོ་བོ་བྱེད་པ་ལ་ངོས་འཛིན་བྱ་རྒྱུ་སྟེ། སྤྱི་ ཚོགས་ཀྱི་ནང་དང་།
གང་ཟག་བྱེ་བྲག་པ་ཞིག་ཡིན་ནའང་ཚུལ་མིན་གྱི་
བྱ་བ་བཀག་ནས་བཟང་སྤྱོ ད ་ལ་འགྲོ ་ ཐུབ་པའི ་ ནང་ལོ ག ས་འཕྲུལ་ཆས་
(inner technique)
ལྟ་བུ་ཞིག་ལ་ཤེས་ཡོན་ཞེས་ལབ་ཀྱི་ཡོད། ཤེས་ཡོན་ཡོད་
པའི་མི་ཞིག་ཡིན་ན་བཟང་སྤྱོད་དེ་ཟུར་དུ་སློབ་དགོས་ཀྱི་མེད།
ཤེས་ཡོན་
ཡོད་པའི་མི་ཞིག་གིས་སྤྱོད་པ་མ་རབས་བྱེད་ཀྱི་འདུག་ན་དེ་ནི་ནང་འགལ་ ཏེ་ཤེས་ཡོན་མེད་པ་ཆགས་ཀྱི་ཡོད།
ཤེས་ཡོན་མེད་པའི་མི་ཞིག་ཡིན་ན།
སྤྱོ ད ་པ་བཟང་ངན་གྱི ་ བླང་དོ ར ་འབྱེ ད ་མ་ཤེ ས ་སྟབས་སྤྱོ ད ་པ་ངན་པ་ལ་
འཇུག་གི་ཡོད། སྤྱོད་པ་ངན་པ་དེ་དོར་བྱ་ཡིན་པ་དང་། སྤྱོད་པ་བཟང་པོ་ དེ་བླང་བྱ་ཡིན་པ་དེ་ཤེས་ཡོན་གྱི་ཐོག་ནས་སམ།
ཆོས་རབ་ཏུ་རྣམ་འབྱེད་
དམ། ཤེས་རབ་ཀྱི་ཐོག་ནས་ཤེས་པ་ཡིན་ན་སྤྱོད་པ་བཟང་པོ་རང་བཞིན་གྱི་
ཆགས་ཀྱི་རེད། དེ་ལྟ་བུའི་སྤྱོད་པ་བཟང་པོ་དེ་བཅོས་མ་དང་། འཇིགས་སྐྱོབ། ལེགས་སྨོན་དེ་འདྲ་ཡོང་གི་མ་རེད།
འཇིགས་སྐྱོབ་དང་ལེགས་སྨོན་ཟེར་
18
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དུས་དེ་རིང་སང་ཉིན་མི་མང་པོ་ཞིག་གིས་འཇིགས་སྣང་གི་ཐོག་ནས་བྱེད་ ཀྱི་ཡོད། དཔེར་ན། མི་བསད་ན་བཙོན་ཁང་ནང་འགྲོ་ཡི་ཡོད་པ་དང་། སྲོག་
ཐོག་གི་ཉེས་པ་ཕོག་གི་རེད་བསམ་པ་ལ་བརྟེན་ནས་མི་མི་གསོད་པ་དེ་ནི་
འཇིགས་སྣང་དབང་གིས་བྱེད་ཀྱི་ཡོད་པས་བཟང་སྤྱོད་མ་རེད། བཟང་སྤྱོད་ དེ་ག་དུས་ཆགས་ཀྱི་ཡོད་རེད་ཅེ་ན། མིའི་སྲོག་དེ་རིན་ཐང་ཆེན་པོ་ཡིན་པ་ དང་། རང་གི་སྲོག་དང་མི་གཞན་དག་གི་སྲོག་ལ་ཁྱད་པར་མེད་པ་བདག་ གཞན་མཉམ་པ་ཡིན་པས།
ངས་མི་གཞན་གྱི་སྲོག་བཅད་ན་འགྲིག་གི་མ་
རེད་བསམས་པའི་དབང་གིས་སྲོག་མི་གཅོད་པ་དེ་བཟང་སྤྱོད་རེད། རྣམ་
འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བདག་གཞན་མཉམ་པ་དང་། སྲོག་ཚང་ མ་རྩ་ཆེ་ཆུང་གཅིག་པ་ཡིན་པ་ཤེས་པ་ཡིན་ན།
ཤེས་རབ་དེས་གཞན་གྱི་
སྲོག་ལ་འཚེ་བ་མི་བྱེད་པའི་བཟང་སྤྱོད་དེ་རང་བཞིན་དྲངས་ཡོང་གི་ཡོད་ པས་ལྷན་སྐྱེས་ཀྱི་བཟོ་ལྟ་བུ་མ་གཏོགས་བཅོས་མ་ཆགས་ཀྱི་མེད། ཀྲ�ཥྞམཱུརྟི་
(Krishnamurti)
མཆོག་གིས་
order to flower in goodness
དེ་ནི་
awakening of inner intelligence in
ཞེས་རྟག་པར་གསུངས་པའི་དོན་དག་གཙོ་བོ་
དེ་རེད། ནང་གི་རྣམ་འབྱེད་ཀྱི་ཤེས་རབ་དེ་སད་པ་ཡིན་ན། གང་ཟག་དེས་
བཟང་སྤྱོད་ཟུར་དུ་བསླབ་མི་དགོས་པར་བཟང་སྤྱོད་དེ་མེ་ཏོག་རང་བཞིན་ གྱི་ཤར་བ་ལྟར་ཡོང་རྒྱུ་ཞིག་ལ་ཤེས་ཡོན་
བའི་ལབ་རྒྱུའི་དོན་དག་དེ་ག་རང་རེད།
Education
ཟེར་གྱི་རེད་ཅེས་ཟེར་
ལྔ་པ་དེར་ཤེས་ཡོན་ཞེས་པ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཀྱི་
ཐབས་ལམ་ཙམ་དུ་མི་འཛིན་པར།
རང་གཞན་གཉིས་ཀའི་འཕྲལ་ཕུགས་
19
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཀྱི་ཕན་བདེ་སྒྲུབ་ཐབས་དང་།
ཁྱད་པར་དུ་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་
བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་པ་གསལ་པོ་ རེད། དེ་རིང་སང་ཉིན་མང་ཆེ་བ་ཞིག་གིས་ཤེས་ཡོན་གྱི་ངོ་བོ་དེ་གང་འདྲ་
ཞིག་མཐོང་གི་ཡོད་རེད་ཅེ་ན། ཤེས་ཡོན་དང་མི་ཚེའི་འཚོ་ཐབས་གཉིས་ག་ དུས་ཡིན་ནའང་མཉམ་དུ་བསྲེས་ནས་ལབ་ཀྱི་ཡོད་ཅིང་། ལྷག་པར་དུ་ནུབ་
ཕྱོགས་པའི་བསམ་བློའི་ལྷན་སྐྱེས་ཀྱི་ནང་དེ་ལྟར་ཞུགས་ཡོད། ངས་ ༡༩༦༠ རེ་
གྲངས་ནས་བོད་པའི་སློབ་གྲྭ་ཁག་དང་། རྗེས་སུ་མཐོ་རིམ་སློབ་གྲྭ་སོགས་སུ་ ལས་ཀ་བྱས་ནས་མི་ཚེའི་ནང་གི་མང་ཤོས་ཤིག་ཤེས་ཡོན་སློབ་སྦྱོང་གི་ལས་
དོན་ཐོག་བསྐྱལ་པ་རེད། དེ་དུས་མི་མང་པོའི་མཉམ་དུ་ག་དུས་ཡིན་ནའང་ རྩོད་པ་མང་པོ་རྒྱག་དགོས་པའི་གནས་ཚུལ་ཞིག་ག་རེ་ཡོང་གི་ཡོད་རེད་ཅེ་
ན༑ དེང་རབས་ཀྱི་མི་ཚང་མའི་བསམ་བློའི་ནང་སློབ་སྦྱོང་བྱེད་ས་འདི་ནས་ ཐོན་པ་ཡིན་ན་གཡོག་པོ་རྒྱུག་ས་ག་པར་རག་གི་རེད་ཅེས་ ployment
livelihood/em-
གྱི་དྲི་བ་འདི་ཧ་ལམ་ལྷན་སྐྱེས་ཀྱི་བཟོ་ལྟ་བུའམ་རང་བཞིན་གྱིས་
སླེབས་ཀྱི་ཡོད། དེ་འདྲ་བྱེད་དུས་ཤེས་ཡོན་གྱི་རིན་ཐང་དེ་བརྒྱ་ཆ་ཉིས་བརྒྱ་
སུམ་བརྒྱ་ཙམ་ཞིག་མར་ཕབ་པ་ལྟ་བུ་རེད། ང་ཚོས་གཞི་རིམ་དང་། འབྲིང་ རིམ། མཐོ་རིམ་བཅས་འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་ལོ་བཅུ་གཉིས་ རིང་དུས་ཚོད་བཏང་ནས་སློབ་གྲྭ་འགྲིམས། དེ་རྗེས་བི་ཨེ་ ཨེ་ (M.A.) ཨེམ་ཌི་
(M.D.)
(B.A.)
ཨེམ་
ཨེམ་ཊི་ (M.T.) ལ་སོགས་པ་འཛིན་གྲྭ་བཅུ་
དྲུག་བཅུ་བདུན་བཅོ་བརྒྱད་ལ་སོགས་པ་ག་རེ་ཐོན་ནའང་དེ་ཚོ་ཚང་མའི་ དམིགས་ཡུལ་དེ་གྲོད་ཁོག་བརྒྱང་རྒྱུ་ཁོ་ནའི་དོན་དུ་ཡིན་པ་རེད། གྲོད་ཁོག་ དེ་ཡང་བདག་པོ་བརྒྱབ་ནས་བརྒྱང་རྒྱུ་མིན་པར་གཡོག་པོ་བརྒྱུགས་ནས་ 20
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
བརྒྱང་རྒྱུ་དེ་རེད། མི་གཞན་དག་ཅིག་གིས་ལས་ཀ་བྱས། གཞན་དག་ཅིག་
གིས་ཕོགས་སྤྲད་པའི་ལྟོ་ཟན་པ་བྱས་ནས་བྱེད་རྒྱུ་མ་གཏོགས། སོ་སོས་རང་ དབང་གི་ཐོག་ནས་མི་ཚེ་བསྐྱལ་སྙམ་པའི་བསམ་བློ་གཅིག་ཀྱང་མེད། ལའང་ཁག་ཡོད་མ་རེད།
དེ་
ནུབ་ཕྱོགས་པས་རྒྱ་སྐྱེད་རིང་ལུགས་ཀྱི་ལུང་པ་
མང་པོ ་ ཞི ག ་ལ་དབང་སྒྱུར་བྱེ ད ་སྐབས་ཤེ ས ་ཡོ ན ་གྱི ་ ཐབས་ལམ་ཚང་མ་ ཁྱེད་རང་ཚོ་ཚང་མས་མཁྱེན་གྱི་རེད། མེ་ཀོ་ལེ་
(Macaulay)
ཞུ་བས་རྒྱ་གར་
ནང་ཤེས་ཡོན་གྱི་སྲིད་བྱུས་གང་འདྲ་ཞིག་བཟོས་ཡོད་སྐོར་མེ་ཀོ་ལེའི་སྙན་
ཐོ་ (Macaulay’s minutes) དེ་ཚོ་གཟིགས་དགོས་པ་རེད། དེའི་ནང་ང་ཚོ་ཤར་ ཕྱོགས་པའི་རིག་གནས་དང་།
ཤེས་ཡོན་ལ་ཇི་ཙམ་མཐོང་ཆུང་བྱས་ནས་
བཟོས་ཡོད་པ་དང་། ཁོང་ཚོས་ཤེས་ཡོན་སྤྲོད་པའི་དམིགས་ཡུལ་གང་འདྲ་ ཞིག་བཟུང་ཡོད་པ་རྣམས་མཁྱེན་པ་ཡིན་ན།
ད་ལྟ་ང་རང་ཚོའི་ཤེས་ཡོན་
གྱི་དམིགས་ཡུལ་དེ་མི་འདྲ་བ་ཞིག་ཡིན་པ་རང་བཞིན་གྱིས་རྟོགས་རྒྱུ་ཡོད་ པ་ཞིག་རེད།
དེར་བརྟེན་ཐོག་མར་སློབ་གྲྭར་འཛུལ་བའི་སྐབས་ནས་ངས་
སློབ་སྦྱོང་བྱེད་རྒྱུ་དེ་མི་ཚེ་འདི་ཁོ་ན་སྐྱིད་པོ་ཡོང་བ་དང་། མི་ཚེ་འདི་སྐྱིད་ པོ་ཡོང་རྒྱུ་དེ་ཡང་མི་གཞན་གཡོག་པོ་སྐུལ་མཁན་ཞིག་གི་མདུན་ལ་ལག་
པ་བཟེད་དེ་ཕོགས་ཆེ་ཤོས་ཐོབ་པ་ཁྱེར་ནས་འགྲོ་དུས་ཤེས་ཡོན་གྱི་ངོ་བོ་ དེ་ཉིད་རིན་ཐང་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་པ་ཆགས་ཀྱི་ཡོད་རེད།
དེ་འདྲ་ཡིན་སྟབས་ཤེས་ཡོན་དེ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་ཐབས་ཀྱི་
ཐབས་ལམ་ཙམ་དུ་མི་འཛིན་པར། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་
ཕན་བདེ་སྒྲུབ་ཆེད་དུ་ཡིན་པ་དེ་ད་ལྟ་འདིར་ཞུ་མི་དགོས་པར་ཤེས་ཡོན་གྱི་ དགོས་དམིགས་སྐབས་ཞིབ་ཚགས་བྱས་ནས་ཡོང་མདོག་ཁ་པོ་རེད། 21
ལྷག་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པར་དུ་ཤེས་ཡོན་ཞེས་པ་སྤྱི་ཚོགས་ཀྱི་སྲི་ཞུ་དང་།
དེ་སྒྲུབ་བྱེད་ཀྱི་ཐབས་
ལམ་ཞིག་ལ་ངོས་འཛིན་བྱེད་དགོས་རེད་ཅེས་ཟེར་གྱི་ཡོད་རེད། དོན་དེར་ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་།
མཐའ་
དེའི་རྒྱུ་ངོས་
བཟུང་ཞིང་སྤོང་བ་དང་། འདོད་པའི་བདེ་བ་དང་། དེའི་རྒྱུ་ངོས་བཟུང་ཞིང་ སྒྲུབ་པ། གང་ལྟར་བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཡོད་
པ་ཞིག་ལ་ཤེས་ཡོན་ལབ་ཀྱི་ཡོད་ཅེས་ཤེས་ཡོན་གྱི་ངོ་བོའི་ནང་དོན་ཚན་
དྲུག་པོ་དེ་ལྟར་རེད། དེར་བརྟེན་དོན་ཚན་ལྔ་པོ་ཆ་ཚང་དམིགས་སུ་བཀར་ ནས་མཛུབ་སྟོན་བྱས་པའི་རྗེས་ལ་དོན་ཚན་དྲུག་པ་དེའི་ནང་བསྡོམས་ག་རེ་
རྒྱག་གི་ཡོད་དམ་ཞེ་ན། སྲོག་ཆགས་ཤིག་ཡིན་ཕྱིན་ཆད་བདེ་བ་འདོད་པ་
དང་། སྡུག་བསྔལ་མི་འདོད་པ་དེ་རང་གཤིས་སུ་འགྲུབ་དགོས། རང་གཤིས་ སུ་གྲུབ་པ་དེ་བཅོས་མ་གང་ཡང་མ་ཡིན་པར་སེམས་ཅན་ནམ་སྲོག་ལྡན་གྱི་
གང་ཟག་ཅིག་ཡིན་ཕྱིན་ཆད་རང་བཞིན་གྱི་གཤིས་ལུགས་ལ་ག་རེ་ཡོད་ རེད་དམ་ཞེ་ན། བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་ཡིན་སྟབས།
བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་སྲོག་ལྡན་གྱི་གང་ཟག་
རྣམས་ཀྱི་རང་བཞིན་ནམ་ཆོས་ཉིད་རེད། དེ་ལ་བཟོ་བཅོས་གཏོང་རྒྱུ་དང་ བཟོ་བཅོས་གཏོང་དགོས་པ་གང་ཡང་མེད།
དེ་རིང་སང་ཉིན་མི་ཚང་མས་ཐོབ་ཐང་སྐོར་བཤད་ཀྱི་ཡོད། དེ་ལྟར་
བཤད་ན་བདེ་བ་སྒྲུབ་རྒྱུ་དང་།
སྡུག་བསྔལ་སེལ་རྒྱུ་དེ་སྲོག་ཆགས་ཚང་
མའི་གཞི་རིམ་གྱི་ཐོབ་ཐང་ཡིན་པ་དེར་དྲི་བ་གང་ཡང་ཡོད་མ་རེད། ང་ཚོ་ ཤར་ཕྱོགས་པ་དང་། གནའ་སྔ་མོའི་སྐད་ཆ་ཤོད་སྟངས་ལྟར་བྱས་ན། བདེ་ 22
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
བ་སྒྲུབ་རྒྱུ་དང་སྡུག་བསྔལ་སེལ་རྒྱུ་དེ་སྲོག་ཆགས་ཚང་མའི་གཞི་རིམ་གྱི་
ལས་འགན་རེད། བདེ་བ་སྒྲུབ་དགོས་ལ་སྡུག་བསྔལ་ཡང་སེལ་དགོས། སྡུག་
བསྔལ་དེ་དང་དུ་བླང་བྱ་མ་རེད། བདེ་བ་དེ་དོར་བྱ་མ་རེད། འོ་ན་ཤེས་ཡོན་ གྱི་དགོས་པ་ག་རེ་ཡོད་དམ་ཞེ་ན། གོང་དུ་ཞུས་པ་བཞིན་ཤེས་ཡོན་ཟེར་བ་ དེ་གང་འདྲ་ཞིག་དགོས་པ་དང་། པ་ཡིན་ན།
ཤེས་ཡོན་གྱི་ངོ་བོ་ག་རེ་རེད་ཅེས་དྲིས་
འགྲོ་བ་ཡོངས་ལ་རང་ཆས་སུ་ཡོད་པའམ་ཆོས་ཉིད་དུ་ཡོད་
པའི་བདེ་བ་འདོད་པ་དང་།
སྡུག་བསྔལ་མི་འདོད་པའི་བློ་འདིའི་མངོན་
འདོད་དེ་ལག་ལེན་ལ་འཁེལ་བ་བྱ་རྒྱུའི་ཐབས་ལམ་དེ་ལ་ཤེས་ཡོན་ཞེས་ པ་དང་། ཤེས་ཡོན་མེད་ན་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་གང་ཞིག་ཡིན་ མ་ཤེས་པར་བདེ་བ་དེ་བརླག་གི་ཡོད།
དེ་བཞིན་སྡུག་བསྔལ་མི་འདོད་པ་
ཡིན་ཡང་སྡུག་བསྔལ་གྱི་རྒྱུ་ག་རེ་ཡིན་པ་དང་།
དེ་གང་འདྲ་བྱས་ཏེ་སྤོང་
དགོས་པ་ཤེས་ཀྱི་མེད་སྟབས་སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་རང་
བཞིན་གྱིས་སླེབས་ཡོང་གི་ཡོད་རེད། དེ་འདྲ་ཡིན་སྟབས་སྡུག་བསྔལ་སེལ་
བ་དང་། བདེ་བ་སྒྲུབ་པའི་ཐབས། སྡུག་བསྔལ་གྱི་རྒྱུ་གང་ཞིག་ཡིན་པ། དེ་ དག་ངོ་ཤེས་ནས་ཕར་གཡུག་ཐུབ་པ། བདེ་བའི་རྒྱུ་གང་ཞིག་ཡིན་པ་དེ་དག་ ངོ་ཤེས་པར་བྱས་ནས་དང་དུ་བླངས་ནས་སྒྲུབ་ཐུབ་པ།
དེ་ལྟ་བུའི་དབྱེ་བ་
འབྱེད་རྒྱུའི་ནུས་པ་ཞིག་ལ་ཤེས་ཡོན་ཟེར་གྱི་ཡོད། ཤེས་ཡོན་གྱི་ངོ་བོ་དེ་ད་
ལྟ་ཤེས་ཡོན་སྲིད་བྱུས་ནང་ནས་བཤད་པའི་དོན་ཚན་དྲུག་པོ་དེའི་སྔོན་གྱི་
དོན་ཚན་ལྔ་པོ་དེ་ཤེས་ཡོན་གྱི་ཁྱད་ཆོས་བྱེ་བྲག་པ་དང་།
ལྷག་པར་དུ་དེ་
རིང་སང་ཉིན་ཤེས་ཡོན་གྱི་ངོ་བོ་ལ་འཕྲོས་བཤད་མང་པོ་ཡོད་པ་དེ་ཚོ་སེལ་ རྒྱུའི་ཆེད་དུ། དོན་ཚན་ཁ་ཤས་ལ་དམིགས་སུ་བཀར་བའམ་གཙོ་འདོན་བྱས་ 23
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པ་རེད། ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་
སྨིན་རྫོགས་གསུམ་བྱས་པ་དེ་འདྲ་བའི་ཡོན་ལ་ཤེས་ཡོན་གྱི་ངོ་བོ་ཆགས་ཀྱི་
ཡོད། རྣ་མཆོག་གིས་གོ་བ་ཙམ་ལ་ཚད་འཛིན་མ་བྱས་པར་རང་སྟོབས་ཀྱིས་
དཔྱད་པ་བྱས་ནས་དེའི་དོན་རྣམས་གསལ་པོ་ཧ་གོ་བ་དེ་ལ་ཤེས་ཡོན་གྱི་ ངོ་བོ་ཟེར་གྱི་ཡོད། སྤྱིར་བཏང་ཡུལ་གྱི་གོ་རྒྱ་གཅོད་པའི་ཤེས་རབ་དང་། སོ་
སོའི་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གཉིས་ཕན་ཚུན་ཁ་བྲལ་དུ་
མ་ཕྱིན་པར་མཉམ་དུ་འགྲོ་ཐུབ་པ་ཞིག་ལ་ཤེས་ཡོན་ཟེར་གྱི་ཡོད་རེད།
སྤྱི་
སྒེར་གང་འདྲ་ཞིག་ཡིན་ཡང་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དེ་
ཚོ་བཟང་སྤྱོད་ལ་སྒྱུར་ཐུབ་པའི་ནང་གི་འཕྲུལ་ཆས་ཤིག་ལ་ཤེས་ཡོན་ཟེར་ གྱི་ཡོད།
ཤེས་ཡོན་དེ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་ཐབས་ཙམ་གྱི་ཆེད་
དུ་མ་ཡིན་པར། རང་གཞན་ཚང་མའི་འཕྲལ་ཕུགས་ཀྱི་བདེ་བ་སྒྲུབ་ཐབས་
ལ་ཟེར་གྱི་ཡོད་ཅེས་བཤད་པ་དེ་ཚོ་དེང་རབས་ཀྱི་ལོག་རྟོག་རྣམས་འགོག་ པའི་ཆེད་དུ་དམིགས་སུ་བཀར་ནས་བཤད་པ་ཞིག་རེད། ཕྱིའི་གོ་རྒྱ་གཅོད་ པ་ཙམ་གྱིས་ཤེས་ཡོན་ཡོད་པར་ཁས་ལེན་བྱེད་མཁན་དང་། གྱིས་ཤེས་ཡོན་ཡིན་པར་ཁས་ལེན་བྱེད་མཁན།
ཐོས་པ་ཙམ་
ཡུལ་གྱི་གོ་རྒྱ་གཅོད་པའི་
ཤེས་རབ་དང་། ནང་གི་བསམ་བློ་ཡར་རྒྱས་གཏོང་རྒྱུ་གཉིས་མཉམ་དུ་འགྲོ་ དགོས་ཀྱི་མེད་པར་བསམ་མཁན། ཤེས་ཡོན་འདི་འཕྲལ་གྱི་བདེ་བ་སྒྲུབ་རྒྱུ་
ཙམ་དང་འཚོ་ཐབས་ཙམ་ཡིན་པ་བསམ་མཁན་ཚོའི་ལོག་རྟོག་རྣམས་སེལ་ བའི་ཆེད་དུ་དོན་ཚན་དེ་དག་དམིགས་སུ་བཀར་ནས་བཤད་པ་རེད།
གོང་དུ་ཞུས་པའི་དོན་ཚན་དྲུག་པོ་ཆ་ཚང་བསྡོམས་བརྒྱབ་སྟེ་བཤད་ 24
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ན་ག་རེ་ཆགས་ཀྱི་ཡོད་རེད་དམ་ཞེ་ན། སྲོག་ཆགས་ཀྱི་རང་གཤིས་ལ་བདེ་ བ་འདོད་པ་དང་།
སྡུག་བསྔལ་མི་འདོད་པ་ཡོད་པ་དེ་གཞི་རྩར་བཟུང་
བའི་ཐོག་ནས། དེ་ཡི་བདེ་བ་སྒྲུབ་པའི་ཐབས་དང་། སྡུག་བསྔལ་སེལ་བའི་
ཐབས་ག་རེ་ཡིན་པ་ངོ་ཤེས་པ་དང་། ངོ་ཤེས་པ་ཙམ་དུ་མ་ཟད། དེ་དག་
བླང་དོར་བྱེད་ཐུབ་པའི་ནུས་པ་སྐྲུན་ཐུབ་མཁན་ཞིག་ལ་ཤེས་ཡོན་ཟེར་གྱི་
ཡོད་ཅེས་ཤེས་ཡོན་གྱི་ངོ་བོ་ངོས་འཛིན་སྟངས་ཀྱི་ཐོག་ནས་དེ་འདྲ་ཞིག་
ཐག་བཅད་པ་རེད་བསམ་གྱི་འདུགཤེས་ཡོན་གྱི་ངོ་བོ་ཡག་པོ་ཞིག་ངོ་ཤེས་ ན་ངོས་འཛིན་ཟེར་བ་དེ་ཟུར་དུ་མ་བྱུང་རུང་ཁྱད་པར་གང་ཡང་མེད། ཡིན་ ནའང་།
ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་ངོས་འཛིན་ཟེར་བ་དེ་ཟུར་
དུ་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད་དམ་ཞེ་ན།
དེང་རབས་ཀྱི་ཤེས་
ཡོན་གྱི་ངོས་འཛིན་བྱེད་སྟངས་དང་ལྟ་ཚུལ་དེ་བོད་མི་ཚོར་འདང་གི་མེད་
སྟབས། ཤེས་ཡོན་གྱི་ངོ་བོ་བཤད་པའི་རྗེས་ལ་ཡང་བསྐྱར་ཤེས་ཡོན་གྱི་ངོས་
འཛིན་ཟེར་བའི་ལེ་ཚན་ནམ་ས་བཅད་ཟུར་དུ་ཕྱེ་ནས་བཤད་པ་དེར་དགོས་
པ་ཞིག་ཡོད།
ཤེས་ཡོན་དེ་ངོས་འཛིན་བྱེད་པའི་སྐབས་སུ་གོང་དུ་ཞུས་པ་
བཞིན། སྤྱིར་བཏང་ཤེས་ཡོན་ཟེར་བ་དེ་གང་ཟག་གི་རྒྱུད་ཀྱི་ཡོན་ཏན་ཞིག་
ཡིན་ཡང་གང་ཟག་གི་རྒྱུད་ཀྱི་ཡོན་ཏན་གྱི་འབྱུང་ཁུངས་དེ་རིག་གནས་ ཤིག་ལ་བརྟེན་དགོས་པ་རེད།
རིག་པའི་གནས་གང་ཡང་རུང་བ་ཞིག་ལ་
བརྟེན་ནས་གང་ཟག་དེའི་རྒྱུད་ཀྱི་ཡོན་ཏན་དེ་ཡོང་དགོས་པར་སོང་། དེའི་ འབྱུང་ཁུངས་དེ་རིག་གནས་དེས་ངོས་འཛིན་བྱེད་ཀྱི་ཡོད།
དེ་འདྲ་ཡིན་
སྟབས་དེའི་ནང་དང་པོ་དེར་བོད་པའི་སྲོལ་རྒྱུན་གྱི་ཤེས་ཡོན་ཡིན་ཟེར་བ་
གཅིག་དང་། གཉིས་པ་དེར་དེང་རབས་ཀྱི་ཤེས་ཡོན་ཟེར་བ་གཅིག་བཅས་ 25
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ངོས་འཛིན་བྱེད་སྟངས་དེ་སྡེ་ཚན་གཉིས་ལ་དབྱེ་བ་ཕྱེ་ཡོད་རེད། ང་ཚོ་བོད་ པའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བཤད་ན་སྲོལ་རྒྱུན་དང་།
དེང་
རབས་ཟེར་བ་གཉིས་ལ་འགལ་ཟླ་གང་ཡང་མཐོང་གི་མེད་ལ་མི་བདེ་བ་ གང་ཡང་མེད། ཡིན་ནའང་། ད་ལྟའི་འཇིག་རྟེན་སྤྱི་ཡོངས་ཀྱི་ལྟ་ཚུལ་ཐོག་
ལ་སྲོ ལ ་རྒྱུན་དང་དེ ང་རབས་ཀྱི ་རྣམ་གཞག་གཉི ས་འགལ་ཟླ་ལྟ་བུ་ངོ ས ་ འཛིན་བྱེད་པའམ་མཐོང་གི་ཡོད་ལ་འགལ་ཟླ་ལྟ་བུ་ཆགས་ཀྱི་ཡོད།
རྒན་
ལགས་རྣམ་པ་ཚོའི་ནང་ལ་བདག་ཉིད་ཆེན་པོ་གཱནྡྷཱིས་བརྩམས་པའི་ཧིནྡ་
སྭརཱཇ་ཞེས་པའི་ཕྱག་དེབ་ལྗགས་ཀློག་གནང་མྱོང་མཁན་ཡོད་མེད་མི་ཤེས།
ཤེས་ཡོན་གྱི་ངོས་འཛིན་སྐོར་ལ་སྲོལ་རྒྱུན་དང་དེང་རབས་སྤྱི་ཡོངས་ཀྱི་ ངོས་འཛིན་གསལ་པོ་ཞིག་མཁྱེན་འདོད་ཡོད་པ་ཡིན་ན། ཧིནྡ་སྭརཱཇ་ཞེས་ པའི་ཕྱག་དེབ་ངེས་པར་ལྗགས་ཀློག་གནང་དགོས།
ཧིནྡ་སྭརཱཇ་ཞེས་པའི་
ཕྱག་དེབ་དེ་བདག་ཉིད་ཆེན་པོ་གཱནྡྷཱིས་ཐོག་མར་གུཇ་རཱཏ་
སྐད་ནང་བརྩམས་གནང་བ་རེད།
(Gujarat)
ཡི་
གུཇ་རཱཏ་ཡི་སྐད་ཡིག་ཤེས་མཁན་ང་
ཚོ་བོད་པའི་ནང་དཀོན་པོ་རེད་བསམ་གྱི་འདུགཡིན་ནའང་གཱནྡྷཱི་སྐུ་འཚོ་ བཞུགས་སྐབས་ནས་ཧིནྡཱིའི་སྐད་ནང་བསྒྱུར་ཟིན་པ་ཞིག་རེད་ལ་དེ་ཡག་ ཤོས་ཀྱང་ཡོད་རེད།
དེ་བཞིན་ཨིན་སྐད་སོགས་ཕྱི་རྒྱལ་གྱི་སྐད་ཡིག་མང་
ཆེ་བ་དང་། རྒྱ་གར་གྱི་སྐད་ཡིག་ཚང་མ། བོད་སྐད་ཀྱི་ནང་ལའང་ཡོད་པ་
བཅས་ཕལ་ཆེར་ཧིནྡ་སྭརཱཇ་ཞེས་པ་སྐད་ཡིག་གཞན་དག་ནང་མེད་པ་ཕལ་ ཆེར་ལྷག་ཡོད་མ་རེད་བསམ་གྱི་འདུགབོད་སྐད་ནང་འགྱུར་སྔ་ཕྱི་གཉིས་ ཡོད་ཀྱང་འགྱུར་རྗེས་མ་དེ་ཕྲན་བུ་ཡར་རྒྱས་ཕྱིན་པའི་འགྱུར་ཞིག་ཆགས་ ཡོད་རེད།
གཱནྡྷཱིས་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཆ་ཚང་སྐྱོན་ 26
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མ་གཏོགས་ཡོན་ཏན་མ་རེད་ཅེས་གསུངས་ཏེ་རྒྱུག་པ་ལེབ་རྡུང་བྱས་ནས་ བཀག་གནང་ཡོད།
དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་དགག་པ་
རྒྱག་མཁན་གཱནྡྷཱིའི་སྔོན་ལ་ནུབ་ཕྱོགས་པ་མང་པོ་བྱུང་ཡོད་ལ་གཱནྡྷཱིའི་རྗེས་ ལའང་ཁོང་གི་རྗེས་འཇུག་མང་པོ་ཡོད། དེ་མ་ཡིན་པའི་གང་ལ་གང་འཚམ་
ཡོད་རེད། ཡིན་ནའང་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཏེ་ (Modern) དང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ གཱནྡྷཱིས་དབྱེ་བ་ཕྱེ་ཡོད་རེད།
(civilization)
གཉིས་ལའང་
ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཡིན་
ཕྱིན་ཆད་ལ་སྡུག་ཆགས་ཡིན་པའི་ཁྱབ་པ་དེ་འདྲ་གསུངས་ཡོད་མ་རེད། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ལའང་བླང་བྱ་དང་། ཏན་ཡོད་པ་མང་པོ་ཁས་ལེན་གནང་ཡོད། ཤར་ཕྱོགས་ཀྱི་དབྱེ་བ་མེད་པར་ པ་ཆ་ཚང་གནང་ཡོད།
ཡོན་
ཡིན་ནའང་ནུབ་ཕྱོགས་དང་
(Modern civilization)
ཞེས་པར་དགག་
ཡིན་ནའང་དགག་པ་ག་རེ་བྱས་ནས་གནང་ཡོད་
པ་དེ་ཤེས་དགོས་པ་གལ་ཆེན་པོ་རེད།
ཧིནྡ་སྭརཱཇ་ཡི་ཕྱག་དེབ་དེ་ལྗགས་
ཀློག་གནང་དགོས་རེད་ཅེས་ཞུ་སྐབས་གཅིག་བྱས་ན་ཁ་ཤས་ཀྱིས་ལྗགས་ ཀློག་གནང་མདོག་ཁ་པོ་རེད།
ཡིན་ནའང་ལྗགས་ཀློག་གནང་དུས་གཱནྡྷཱིའི་
གསུངས་པ་དེ་ཁྱོན་ནས་འགྲིག་གི་མི་འདུག
དེ་བདེན་པ་མ་རེད་བསམ་
བསམ་ཞིག་བློ་ལ་ལས་སླ་པོ་བྱས་ནས་ཤར་གྱི་རེད། དེ་དུས་དང་པོའི་མཐོང་ སྣང་དེར་ཆ་མ་བཞག་པར་ཚར་གཉིས་པ་དང་གསུམ་པ་བཀླགས་ཏེ་གཱནྡྷཱིས་
རྒྱུ་མཚན་ག་རེ་བཀོད་འདུག རྒྱུ་མཚན་དེ་ཚོར་ལྗིད་ཁོག་ག་རེ་འདུག རྒྱུ་ མཚན་དེ ་ ཚོ ་ མེ ད ་པར་བཟོ ་ རྒྱུར་སོ ་ སོ འི ་ ངོ ས ་ནས་རྒྱུ་མཚན་ག་རེ ་ འདུག
དེ་འདྲ་བྱས་ནས་བརྟག་དཔྱད་བྱེད་དགོས་མ་གཏོགས་དེ་དག་ལ་བྱབ་མི་ 27
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འདུག་བསམས་ནས་གཡུགས་བཞག་པ་ཡིན་ན་འགྲིག་ཐབས་མེད།
ཧིནྡ་
སྭརཱཇ་གྱི་ཕྱག་དེབ་དེ་ ༡༩༠༩ ལ་བརྩམས་པ་རེད། ༢༠༠༩ ལ་ང་ཚོས་ལོ་བརྒྱ་ འཁོར་བའི་མཛད་སྒོའི་དུས་ཆེན་བྱས་ཡོད་རེད།
གཅིག་བྱས་ན་ཁྱེད་རང་
ཚོས་མཁྱེན་མདོག་ཁ་པོ་རེད། མ་གཞི་དེ་ནི་སྒྲུང་འདྲ་པོ་ཞིག་རེད། ཡིན་ ནའང་དེ་དང་འབྲེལ་བ་ཏོག་ཙམ་ཡོད་རེད་བསམ་གྱི་འདུག ༡༩༣༦།༡༩༣༧
དེ་འདྲ་ཞིག་ལ་གཱནྡྷཱིས་ཇ་ཝཱ་ཧར་ལཱལ་ནེཧརཱུ་ལ་ཕྱག་
ཡིག་ཅིག་གནང་བ་རེད། མཐོང་གི་འདུག
དེའི་ནང་རྒྱ་གར་གྱི་རང་དབང་དེ་ཐག་ཉེ་པོ་
དེ་འདྲ་ཡིན་སྟབས་ང་ཚོས་རྒྱ་གར་གྱི་འཛུགས་སྐྲུན་
གང་འདྲ་བྱས་ཏེ་བྱེད་དགོས་མིན་ཐོག་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་ བསླེབས་འདུག དེ་འདྲ་ཡིན་དུས་ངས་ ༡༩༠༩ ལོར་བྲིས་པའི་ཧིནྡ་སྭརཱཇ་ ཁྱེད་རང་གིས་ཀློག་ཡོད་མདོག་ཁ་པོ་རེད། དེའི་སྐོར་ལ་ཁྱེད་རང་གི་བསམ་ ཚུལ་ག་རེ་ཡོད།
ང་ཚོས་དེའི་ཐོག་སྐད་ཆ་བྱེད་དགོས་འདུག་ཅེས་འཁོད་
པའི་ཕྱག་ཡིག་ཅིག་གནང་བ་རེད། གཱནྡྷཱིས་ག་དུས་ཡིན་ནའང་རང་དབང་
མ་གཏོགས་རང་བཙན་ཞེས་པའི་ཚིག་དེ་ནམ་ཡང་བེད་སྤྱོད་གཏོང་གནང་ གི་མེད། ཁོང་གིས་རང་དབང་ཞེས་དམིགས་བསལ་བེད་སྤྱོད་གནང་བ་དེ་
སྭརཱཇ་ཞེས་པའི་ཚིག་དེ་རེད། སྭརཱཇ་ཟེར་བའི་ཚིག་དེ་ཇི་མ་ཇི་བཞིན་བོད་ སྐད་ལ་བསྒྱུར་པ་ཡིན་ན་སྭ་ཟེར་བ་རང་དང་།
རཱཇ་ཞེས་པ་སྐབས་འདིར་
དབང་སྒྱུར་རམ་དབང་ནུས་ཟེར་བར་འཇུག་པས་སྭརཱཇ་ཞེས་པ་རང་དབང་
རེད། ཡི་གེ་འབྱོར་བའི་ཉིན་མོ་དེ་ག་རང་ལ་ནེཧརཱུས། ཁྱེད་རང་གིས་བྲིས་
པའི་ཧིནྡ་སྭརཱཇ་དེ་ ༡༩༠༩/༡༩༡༠ ངས་བཀླགས་པ་ཡིན། དེ་དུས་ནས་བསམ་ 28
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
བློའི་ནང་དེ་དག་རྩ་བ་ནས་ཡོང་བ་ཞིག་རེད་མི་འདུག་སྙམ་པ་གསལ་པོ་ ཆགས་སོང་། ད་ལྟ་ ༡༩༣༧ སྟེ་ལོ་མང་པོ་ག་ཚོད་ཙམ་ཕྱིན་ཚར་བ་རེད། འཇིག་རྟེན་ག་པ་ནས་ག་པ་བར་དུ་ཕྱིན་ཚར་བ་རེད།
ད་དུང་ཡང་ཧིནྡ་
སྭརཱཇ་ལ་བསམ་བློ་གཏོང་གིན་བསྡད་པ་ཡིན་ན་རྗེས་ལུས་ཐེབས་ཐག་ཆོད་
པ་རེད། བྱས་ཙང་ང་དེ་ལ་མོས་མཐུན་མེད་ཅེས་ཡིག་ལན་བཏང་གནང་བ་ རེད།
ནེཧརཱུ་ལ་ནུབ་ཕྱོགས་པའི་ཤན་ཤུགས་ཆེན་པོ་ཐེབས་པའི་བསམ་བློ་
དྲི་མ་ཅན་ཞིག་མ་གཏོགས་ཁ་ཕྱེ་བཞག་པའི་བསམ་བློ་ཞིག་མེད་ཙང་ཁག་
ཡོད་མ་རེད། དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་འོ ག་ཕྱིན་ཚར་བ་མང་ཆེ་བ་ འདི་དང་འདྲ་པོ་ཞིག་རེད། སྐབས་དེ་དུས་ཀྱི་འགོ་ཁྲིད་ཚོར་བལྟས་པ་ཡིན་
ན༑ རཱ་ཇེནྡྲ་བཱ་བཱུ་ (Rajendra Babu) གཱནྡྷཱི་དང་མཉམ་དུ་ཇི་མ་ཇི་བཞིན་འགྲོ་
མཁན་ཞིག་རེད་མ་གཏོགས་དེ་མིན་མང་ཆེ་བས་གཱནྡྷཱི་མགོ་འཚོས་ཀྱི་མེད། ནེཧརཱུས་ལན་གནང་བ་དེར་གཱནྡྷཱིས་ལམ་སང་།
དེ་འདྲ་ཡིན་ན་ང་གཉིས་
བསམ་ཚུལ་མི་མཐུན་པ་ཡོད་པ་དེ་རྒྱ་གར་མང་ཚོགས་ཀྱིས་ཤེས་དགོས་པ་ གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཁྱེད་རང་གི་བསམ་བློའི་ནང་མ་འབབ་
པའི་གནས་ཚུལ་ཆ་ཚང་བྲིས་ནས་ཧིནྡ་སྭརཱཇ་ལ་དགག་པ་ཡིན་པ་ཞིག་ ཐོངས་ཤོགངས་ཧ་རི་ཇན་ཟེར་བའི་ཚགས་པར་ནང་ཁྱེད་རང་གི་ལན་དང་
གཉིས་ཀ་དགོད་ཀྱི་ཡིན།
རྒྱ་གར་གྱི་མི་མང་ལ་ང་རང་གཉིས་ཀྱི་བསམ་
བློའི་བར་ཁྱད་དེ་ག་ཚོད་ཆེན་པོ་ཡོད་པ་ཤེས་རྒྱུའི་ཐོབ་ཐང་ཡོད་རེད།
དེ་
ལྟར་བཟོ་དགོས་ཀྱི་འདུག་ཅེས་བཀའ་ལན་གནང་སྐབས། ནེཧརཱུ་ཞེད་ཐག་ ཆོད་ནས་ལམ་སང་ཡིག་ལན་མ་བཏང་བར་ཁ་ཐུག་གཱནྡྷཱིའི་ཨཱཤྲམ་
Sabarmati Ashram)
(साबरमती
ལ་སང་ཉིན་རང་ཕེབས་ནས་གཱནྡྷཱི་ལ། དེ་ནི་དེ་འདྲ་མ་ 29
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རེད། དེ་འདྲའི་བསམ་ཚུལ་མི་མཐུན་པ་གཅིག་ཀྱང་མེད། ངས་ཡང་བསྐྱར་ ཧིནྡ་སྭརཱཇ་ལ་སློབ་སྦྱོང་བྱེད་ཀྱི་ཡིན་ཞེས་གང་ལྟར་ཞི་མིས་སྐྱག་པ་བཀབ་
པའི་བཟོ་འདྲ་བྱས་ནས་རྒྱ་གར་མང་ཚོགས་ཀྱིས་ཤེས་རྒྱུའི་གོ་སྐབས་བྱུང་
མེད།
ཡིན་ནའང་རྒྱ་གར་གྱི་འགོ་ཁྲིད་མང་ཆེ་བ་ཞིག་གིས་ཧིནྡ་སྭརཱཇ་ཡི་
གོ་དོན་རྟོགས་ཐུབ་པ་དེ་འདྲ་མེད།
ད་ལྟའི་གནས་སྐབས་ལ་རཱ་ཇཱ་མོ་ཧན་གཱནྡྷཱི་ (Raja Mohan Gandhi) ཞུ་
བ་དེ་གཱནྡྷཱིའི་ཡང་ཚའི་བཟོ་འདྲ་པོ་བུ་རྒྱུད་ཀྱི་ནང་ནས་མི་རབས་གསུམ་པ་
དང་མཁས་པ་ཆེན་པོར་བརྩི་ཡི་ཡོད་ལ་ཕྱག་དེབ་ཀྱང་མང་པོ་བྲིས་ཡོད་ རེད། ང་རང་དང་སྒེར་གྱི་ངོ་ཤེས་ཞེ་དྲག་ཡིན། ཁོང་གིས་གཱནྡྷཱིའི་སྐོར་ལ་
དེབ་ཅིག་བྲིས་ཡོད་རེད། དེའི་ནང་ཧིནྡ་སྭརཱཇ་སྐོར་ལ་འབྲི་སྐབས། ཧིནྡ་ སྭརཱཇ་དེ་དུས་ཚོད་དང་གནས་སྐབས་དང་དགོས་པ་ཁྱད་པར་བ་ཞིག་གི་
དབང་གིས་བྲིས་པ་ཡིན་ཙང་། ཅེས་བྲིས་ཡོད་རེད།
དེ་སྒྲ་ཇི་བཞིན་ཁས་ལེན་རྒྱུ་ཡོད་མ་རེད་
བྱས་ཙང་ངས་ད་ལྟ་འདི་ག་རེ་བྱས་ནས་ཞུ་ཡི་ཡོད་
ཟེར་ན། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Modern Civilization) ཟེར་
བ་དེ་ཡོན་ཏན་སྣེ་གཅིག་མེད་པའམ་བརྒྱ་ཆ་བརྒྱ་སྐྱོན་ཤ་སྟག་རེད་ཅེས་ ཟེར་བའི་སྐད་ཆ་དེ་མི་སུ་ཞིག་གི་ཨ་མཆོག་ལ་འགྲོ་རྒྱུ་དཀའ་ལས་ཁག་པོ་ རེད།
ལྷག་པར་དུ་ང་ཚོའི་ན་གཞོན་ཚོའི་ཨ་མཆོག་ལ་འགྲོ་ཡི་རེད་བསམ་
པའི་རེ་བ་ཁོ་རང་བྱེད་རྒྱུ་ཡོད་མ་རེད། དེ་འདྲ་ཞིག་ཡོད་པ་དང་།
ཡིན་ནའང་གཱནྡྷཱིའི་དགོངས་ཚུལ་
ཁོང་གི་དགོངས་ཚུལ་གྱི་རྗེས་ལ་འགྲོ་མཁན་
གྱི་འཇིག་རྟེན་གྱི་ནང་ན་མཁས་དབང་མང་པོ་ཞིག་ཡོད་པ་དེ་ཡང་ཤེས་ 30
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དགོས་པ་དང་། དགོས་པ་རེད།
༣
དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ག་རེ་ཡོད་པ་དེ་ཡང་ཤེས་
དེ་དག་ཤེས་ན་དེང་རབས་དང་སྲོལ་རྒྱུན་གྱི་འགལ་ཟླ་དེ་
ཡང་གསལ་པོ་ཤེས་ཀྱི་རེད། དེ་གསལ་པོ་ཤེས་ན་དེང་རབས་དང་སྲོལ་རྒྱུན་
གང་ཞིག་འདེམས་ཀྱང་རང་དབང་ཡིན་པ་རེད། ཡིན་ནའང་སོ་སོས་མ་ཤེས་
པར་མི་གཞན་གྱིས་དེང་རབས་ཡག་པོ་རེད་ཅེས་ལབ་པ་ད་ག་རང་ལ་ཆ་ བཞག་ནས་ཕྱིན་ན། བླུན་པོ་ཆུ་སྣ་གར་ཁྲིད་ཟེར་བ་དེ་ཆགས་པ་མ་གཏོགས།
ཤེས་ཡོན་ཡོད་མཁན་གྱི་མི་ཞིག་གིས་བྱེད་སྟངས་ཆགས་མེད་སྟབས་ད་ལྟ་
ཤེས་ཡོན་སྲིད་བྱུས་ཀྱི་ནང་དེང་རབས་དང་སྲོལ་རྒྱུན་ཤེས་ཡོན་གཉིས་ཀྱི་
ངོས་འཛིན་ཙམ་མ་གཏོགས།
ངོས་འཛིན་ཐ་དད་དུ་བྱེད་དགོས་པའི་སྐད་
ཆ་མང་པོ་གང་ཡང་བཤད་མེད། དོན་དམ་མི་སུ་འདྲ་ཞིག་ཡིན་ནའང་རང་
གི་མི་ཚེ་འདི་ཁ་ཕྱོགས་གང་འདྲ་ཞིག་ལ་བཏང་མ་བཏང་དེ་སོ་སོས་འཇིག་ རྟེན་ལྟ་སྟངས་ལ་རག་ལུས་པ་རེད། ཤེས་ཡོན་མེད་མཁན་གྱི་མི་ཞིག་ཡིན་ ན་རྨོངས་དད་ཀྱི་རྗེས་ལ་འགྲོ་རྒྱུ་རེད།
ཤེས་ཡོན་ཡོད་མཁན་གྱི་མི་ཞིག་
ཡིན་ན་རང་གི་མི་ཚེ་དེ་རང་གི་ལྟ་སྟངས་དང་།
འཇིག་རྟེན་གྱི་ལྟ་སྟངས་
ཐོ ག ་ནས་སོ ་ སོ ས ་འཇི ག ་རྟེ ན ་གང་འདྲ་ཞི ག ་མཐོ ང ་གི ་ ཡོ ད ་པ་དེ འི ་ ཐོ ག ་ ནས་སོ་སོའི་མི་ཚེ་སྐྱེལ་སྟངས་དེ་བཟོ་དགོས་པའམ་བསྐྲུན་དགོས་པ་ཞིག་
རེད། དེ་འདྲ་ཡིན་དུས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་ཤེས་དགོས་ པ་གལ་ཆེན་པོ་རེད།
དེར་བརྟེན་དེའི་ནང་ལ་སྲོལ་རྒྱུན་གྱི་སྐོར་ལ་མཆན་ཆུང་ཆུང་ཞིག་
བརྒྱབ་ཡོད།
གང་ཡིན་ཟེར་ན་སྲོལ་རྒྱུན་ཟེར་དུས་གནའ་སྔ་མོ་ནས་བྱེད་ 31
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བཞིན་པ་ཚང་མ་སྲོལ་རྒྱུན་གྱི་ནང་ལ་འགྲོ་ཡི་མེད་དམ་སྙམ་པ་དྲན་སྲིད་ པ་རེད།
དེ་ལྟར་མ་ཡིན་པར་སྲོལ་རྒྱུན་ཟེར་བ་ཨིན་སྐད་ནང་
དང་། ཨིན་སྐད་ཀྱི་ ཟེར་གྱི་ཡོད་རེད།
tradition
ཟེར་བ་དེ་ལེགས་སྦྱར་གྱི་སྐད་ལ་པརཾཔརཱ་
tradition
པརཾཔརཱ་ལ་བོད་སྐད་ནང་སྲོལ་རྒྱུན་ཞེས་ལབ་པ་རེད།
བོད་པའི་སྔོན་མའི་ཡིག་ཆ་ཁ་ཤས་ནང་རྒྱུད་ཅེས་སྔགས་ཀྱི་རྒྱུད་ཟེར་བའི་
ཚིག་དེ་བེད་སྤྱོད་བཏང་བའང་ཡོད། ཡིན་ནའང་། རྒྱུད་ཟེར་ན་སྔགས་ཀྱི་ རྒྱུད་དང་ནོར་བའི་ཉེན་ཁ་ཡོད་སྟབས། རྒྱུད་ཟེར་བའི་ཚིག་དེ་མ་ལབ་པར་
སྲོལ་རྒྱུན་ཟེར་བའི་ཚིག་དེ་ལབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུགགང་
ལྟར་ད་ལྟ་ང་ཚོས་བེད་སྤྱོད་གཏོང་བའི་སྲོལ་རྒྱུན་དེ་ནི་དེང་རབས་ཀྱི་མི་ ཚོས་ཨིན་སྐད་ལ་བཤད་རྒྱུའི་
tradition
ཟེར་བ་དེ་རེད། སྲོལ་རྒྱུན་ཟེར་
བ་དེ་ཆགས་པ་ལ་གང་འདྲ་ཞིག་དགོས་ཀྱི་ཡོད།
སྲོལ་རྒྱུན་ག་རེ་ཡིན་པ་
དེའི་མཚན་ཉིད་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
དེ་མ་ཤེས་ན་
སྲོལ་རྒྱུན་ཡག་པོ་དང་། སྡུག་ཆགས་རེད་སོགས་ག་རེ་ལབ་ཀྱང་ཚིག་ཙམ་
ཆགས་ཀྱི་ཡོད་སྟབས་མཁས་པ་མང་པོས་སྲོལ་རྒྱུན་གྱི་འགྲེལ་བཤད་འདྲ་
མིན་འདྲ་སྣ་ཚོགས་བརྒྱབ་ཡོད་རེད། དཔེར་ན། རྒྱ་གར་ལ་ཆ་བཞག་ན། རྒྱ་ གར་གྱི་ རི ག ས་ཆེ ་ ཆུང་ངམ་མཆོག ་དམན་གྱི ་དབྱེ ་བ་འབྱེ ད ་རྒྱུའི ་ རྩ་བའི ་
བསྟན་བཅོས་མནུསྨྲ�ཏི་ (मनुस्मृति
Manusmriti)
ཟེར་བ་འདྲ་པོ་རེད། དེར་
རྒྱལ་རིགས་དང་། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་པའི་ རིགས་ཟེར་བ་སོགས་ཡོད། མནུསྨྲ�ཏི་ཟེར་བ་དེ་སྲོལ་རྒྱུན་རེད་དམ་མ་རེད།
དེ་འདྲའི་རིགས་དེ་སྲོལ་རྒྱུན་ནང་བརྩི་དགོས་དང་མི་དགོས་ཟེར་བའི་ཐོག་ ལ་རྩོད་པ་ཆེན་པོ་ཡོད། དེ་འདྲ་ཡིན་སྟབས་ང་ཚོས་སྲོལ་རྒྱུན་སྲོལ་རྒྱུན་ག་ 32
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
པར་ལབ་ཀྱི་ཡོད་རེད། དེང་རབས་ག་པར་ལབ་ཀྱི་ཡོད་རེད། དེ་གཉིས་དབྱེ་
བ་ཕྱེ་བ་ཡིན་ན། ད་ལྟ་འདིར་བཤད་རྒྱུའི་ཤེས་ཡོན་གྱི་ངོས་འཛིན་འདི་དོན་ དང་ལྡན་པ་ཞིག་ཆགས་ཀྱི་རེད། ཡིག་ཆུང་འདིའི་ནང་སྐབས་འདིར་སྲོལ་
རྒྱུན་ཞེས་པ་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ པ་ཙམ་མ་ཡིན་པར། འབྱུང་ཁུངས་ཡང་དག་པ་ལས་བྱུང་བ་དང་། བརྒྱུད་ པ་བར་མ་ཆད་པར་གནས་པ།
རིགས་པ་ཡང་དག་པ་ལ་བརྟེན་པ་སྟེ་ཁྱད་
ཆོས་གསུམ་དང་། དུས་དང་གནས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་
ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུད་ཅིག་ལ་གོ་དགོས། ཞེས་སྡོམ་ཆེན་པོ་ཞིག་བརྒྱབ་ཡོད་རེད། འདི་ཐོག་མར་འགྲེལ་བརྗོད་གནང་
མཁན་དེ་ཀུམཱར་སྭམཱི་ Kumar Swami ཞུ་བ་དེ་རེད། ཁོང་ནི་ཐོག་མར་ཤྲཱིལངྐཱ་
ནས་བྱུང་བའི་དངོས་རྫས་རྙིང་པའི་ཕྱག་ལས་གནང་མཁན་དང་།
རྗེས་མ་
ལྟ་གྲུབ་ཀྱི་རྣམ་གཞག་ལ་བརྟེན་ནས་ཀུམཱར་སྭམཱི་ལགས་ཀྱི་གསུང་འབུམ་ སྟེ༑
ཁོང་རང་གིས་བརྩམས་གནང་བའི་ཕྱག་དེབ་ཧ་ལམ་བཅུ་དགུ་ཉི་ཤུ་
ཙམ་ཡོད་རེད། དེའི་ནང་ལ་ཁོང་གིས་ tradition གྱི་མཚན་ཉིད་ལ་རྒྱུན་རིང་
པོ་ཞིག་ནས་གོམས་གཤིས་ལ་འཇགས་པ་ཐམས་ཅད་སྲོལ་རྒྱུན་ནང་ཚུད་
ཀྱི་མ་རེད་ཅེས་གསལ་པོ་གསུངས་འདུག
ང་རང་ཚོ་བོད་པར་ཆ་བཞག་
ན༑ སྔོན་མ་ང་ཚོ་བོད་ལ་སྡོད་སྐབས་ཁྲུས་ཁྱོན་ནས་མི་རྒྱག་པའི་ལམ་སྲོལ་ དང་།
སྣ་ཐ་འཐེན་པའི་རྗེས་ལ་ཕྱུ་པའི་ཕུ་ཐུང་དང་།
གྲྭ་པ་ཡིན་ན་ཤམ་
ཐབས་ཀྱི་འོག་ལ་སྣ་རྟུག་ཕྱིས་ནས་བཞག་རྒྱུ་རྒྱུན་རིང་པོའི་བར་བསྡད་ཡོད། དེ་དང་དེ་འདྲ་བའི་ཡུལ་གོམས་གཤིས་ལུགས་འདྲ་མིན་སྣ་ཚོགས་ཡོད་པ། དེ་ཚོ་ང་ཚོའི་སྲོལ་རྒྱུན་རྩ་བ་ཉིད་ནས་མ་རེད། 33
བོད་ཀྱི་ནང་པའི་ཆོས་ཀྱི་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འགྲེམས་སྟོན་དེ་འདྲ་བྱེད་སྐབས་ཁ་གདངས་མཆེ་བ་གཙིགས་པའི་འབག་ དང་། ཞྭ་ནག རྐང་གླིང་། ཐོད་པ་འཇོག་པ་དེ་ཚོ་དེ་རིང་སང་ཉིན་སྲོལ་རྒྱུན་
གྱི་མཚོན་རྟགས་འདྲ་པོ་ཡིན་པར་བསམ་མཁན་མང་པོ་འདུག དེ་ཚོ་བྱ་བ་
བྱེ་བྲག་པ་གཅིག་གི་ཆེད་དུ་དགོས་མཁོ་ཡོད་པའི་གནས་སྟངས་ཤིག་རེད་ མ་གཏོགས། ང་ཚོའི་སྲོལ་རྒྱུན་རྩ་བ་ཉིད་ནས་མ་རེད། འོ་ན་སྲོལ་རྒྱུན་ཟེར་
བ་དེ་གང་འདྲ་ཞིག་ལ་ལབ་ཀྱི་ཡོད་རེད་ཅེ་ན། ཐོག་མའི་འབྱུང་ཁུངས་དེ་ ཡང་དག་པ་ཞིག་ནས་བྱུང་བ་ཞིག་དང་། ཚད་མའི་སྐྱེས་བུ་ལས་བྱུང་བ་ཞིག
རྒྱུན་མ་ཆད་པ་ཞིག རིགས་པ་ཡང་དག་གིས་སྒྲུབ་པ་ཞིག རིགས་པ་དང་ མི་འགལ་བ་ཞིག ག་དུས་ཡིན་ནའང་འགྲོ་བའི་ཕན་བདེ་སྒྲུབ་པའི་རྒྱུ་རྐྱེན་ ལ་འགྲོ་བ་མ་གཏོགས།
ཕན་བདེ་སྒྲུབ་པར་གནོད་པའི་རྒྱུ་ལ་མི་འགྲོ་བའི་
གནས་ཚུལ་སྡོད་ཐུབ་པ་ཞིག་བཅས་དགོས་པ་རེད། ཚུལ་ཞིག་ཚང་ན་གཞི་ནས་དེ་ལ་སྲོལ་རྒྱུན་
tradition
དེ་འདྲ་བའི་གནས་ ཟེར་བའི་མིང་དེ་
ཐོགས་པ་མ་གཏོགས། དེ་འདྲ་མིན་པར་ལོ་ངོ་སྟོང་ཕྲག་མང་པོ་ནས་དེ་ལྟར་ བྱེད་ཀྱི་ཡོད་རེད་ཅེས་ལབ་པ་ཙམ་གྱིས་སྲོལ་རྒྱུན་ལབ་ཀྱི་མེད།
འཇིག་རྟེན་གྱི་ཆོས་ལུགས་ཡོངས་རྫོགས་ལ་བལྟས་ན། ཚད་མའི་སྐྱེས་
བུས་གསུངས་པའམ་ཚད་མའི་སྐྱེས་བུའི་གསུང་། བཀའ་སྒྱུར་བ་པོའི་བརྒྱུད་
ནས་གསུངས་པ་དེ་གཉིས་ཀྱི་ནང་ལ་འདུ་བ་རེད། དཔེར་ན། ནང་པ་དང་ གཅེར་བུ་པ་ལྟ་བུ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་དང་། གཅེར་བུ་ པའི་སྟོན་པ་དཔའ་བོ་ཆེན་པོ་
(Mahavir)
ཁོང་ཚོས་ཡང་དག་པའི་ལམ་ལ་
བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས། རྣམ་པ་ཐམས་ 34
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་རྗེས་ལ་རང་ཉིད་ཀྱིས་ཇི་ལྟར་གཟིགས་ པ་བཞིན་གསུངས་པ་ཡིན་སྟབས།
ཐོག་མ་དེ་ཚད་མའི་སྐྱེས་བུ་ཞིག་ལས་
བྱུང་བ་རེད། དེ་མིན་ཁ་ཆེ་དང་། ཡེ་ཤུ་ལ་སོགས་པ་མང་པོ་ཞིག་གི་གསུང་
པ་པོ་དེ་འཇིག་རྟེན་གྱི་བྱེད་པ་པོའམ། ཀུན་ཁྱབ་སེམས་ཀྱི་བཟོ་ལྟ་བུ་གཞན་ དག་ཅིག་བྱས།
དེ་ཚོའི་ལན་སྐྱེལ་མཁན་
Masiha/Messenger
ཞིག་གི་
བརྒྱུད་ནས། ཡང་ན་བུ་དེ་འདྲ་ཞིག་གི་བརྒྱུད་ནས་མར་ཡོང་བ་དེ་ཚོ་ཚང་
མའི་འབྱུང་ཁུངས་དེ་ཚད་མའི་སྐྱེས་བུ་ནས་བྱུང་བ་ཞིག་རེད། བློ་ཕལ་པས་
བརྟག་དཔྱད་བྱས་ནས་ཐག་གཅོད་བྱས་པ་ཞིག་མ་ཡིན་པར་ཆོས་ཐམས་
ཅད་ཇི་མ་ཇི་བཞིན་མཐོང་ཐུབ་མཁན་གྱི་བློ་ཁྱད་པར་བ་ཞིག་གི་ངོས་ནས་ གཟིགས་པ་དེ་མར་ཡོང་བ་ཞིག་ལ་ཐོག་མའི་འབྱུང་ཁུངས་ཚད་མའི་སྐྱེས་ བུ་ལས་བྱུང་བ་ཞེས་ཟེར། དེ་འདྲ་ཞིག་ནས་བྱུང་བ་གང་ཞིག་ལ་སྟོན་པ་པོ་ དེ་ནས་རང་གི་བླ་མའི་བར་དུའམ། ཞལ་དང་།
ཡང་ན་རང་ཉིད་ཀྱི་བར་དུ་ཞལ་ནས་
སྙན་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་བར་མ་ཆད་པ་ཞིག་
དགོས་པ་དེ་ཆ་ཤས་ཤིག་རེད། དེ་འདྲ་ཞིག་ཡོད་ཀྱང་རིགས་པས་སྒྲུབ་ཏུ་མི་
ཐུབ་པའམ་རིགས་པ་དང་འགལ་བའི་གྲུབ་མཐའ་ཞིག་ཁས་བླངས་པ་ཡིན་ ན༑ སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བའི་ཕྱིར་རོ། །ཞེས་རྗེ་རིན་པོ་ཆེས་ ཐག་བཅད་ནས་གསུངས་ཡོད། དེ་འདྲ་ཡིན་སྟབས་རིགས་པ་དང་མི་འགལ་
བའམ་རིགས་པ་ཡང་དག་གི་དངོས་པོ་གང་འདྲ་ཞིག་ཡིན་ནའང་། མངོན་ གྱུར་བསྟན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་དང་།
ཅུང་
ཟད་ལྐོག་གྱུར་བསྟན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པ་
མེད་པ།
ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་ 35
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གནོད་པ་མེད་པའི་རིགས་པའི་མདུན་དུ་སྡོད་ཐུབ་པ་དང་།
སྐྱེས་བུའི་
མངོན་འདོད་སྒྲུབ་པའི་ཐབས་སུ་གྱུར་པ་ཞིག་དགོས་པ་གལ་ཆེན་པོ་རེད།
དེ་འདྲ་ཞིག་ལ་ tradition ལབ་ཀྱི་ཡོད་རེད། པརཾཔརཱ་ཟེར་བའི་ཚིག་དེ་ཡག་
པོ་ཞེ་དྲག་རེད། པརཾ་ཞེས་པ་མཐར་ཐུག་ལ་གོ་བ་དང་། པརཱ་ཟེར་བ་མཐར་ ཐུག་དེ་ནས་རྒྱུན་མ་ཆད་པར་ཡོང་བསྡད་པ་ཞིག་ལ་གོ་བས།
དེ་ལྟ་བུའི་
སྲོལ་རྒྱུན་དང་། བརྒྱུད་པ་གང་ཡང་མེད་པ། གང་ཟག་ཕལ་པའི་བསམ་བློ་ བརྒྱུད་ནས་བརྟག་དཔྱད་བྱས་པ། དཔེར་ན། དེ་རིང་སང་ཉིན་ཚན་རིག་སྐོར་ མང་ཆེ་བ་ཞིག་མི་གང་ཞིག་གིས་མངོན་སུམ་དུ་གཟིགས་ནས་གསུངས་པ་
གཅིག་ཀྱང་མེད་པར། ཚོད་ལྟ་ཁང་ཞིག་གི་ནང་འཕྲུལ་ཆས་ཕལ་པ་ཁ་ཤས་
ཤིག་དང་མཉམ་དུ་བློ་ཕལ་པ་ཞིག་གིས་དབང་པོ་ཕལ་པ་ཞིག་ལ་བརྟེན་ ཅིང་གང་ལྟར་སོ་སོའི་མིག་གིས་ག་རེ་མཐོང་ཐུབ་པ་དང་། ཨ་མཆོག་གིས་ ག་རེ་གོ་ཐུབ་པ། ལག་པས་ག་རེ་རེག་ཐུབ་པ། རང་གི་སྒོ་ལྔའི་དབང་པོས་
གང་མཐོང་ཐུབ་པ་ཞིག་ལ་ཆ་བཞག་ནས་འགྲོ་ཡི་ཡོད་སྟབས་ཚན་རིག་གི་
རྣམ་གཞག་ལྟ་བུ་ཡིན་ན་ལོ་རེ་ལོ་རེར་འགྱུར་བ་ཐེབས་པ་དང་།
སྔོན་མ་
བཤད་པ་དེ་མཐར་ཐུག་པའམ་ཡང་དག་པ་མ་ཡིན་པ། ག་དུས་ཡིན་ནའང་ རྒྱུན་མ་ཆད་པར་འགྱུར་བ་འགྲོ་བ་དེས་མཚོན་གྱི་ཡོད།
དེ་ལྟ་བུ་ཞིག་ལ་
དེང་རབས་ཞེས་ལབ་ཀྱི་ཡོད་མ་གཏོགས་ tradition ཞེས་ལབ་ཀྱི་མེད།
སློབ་དཔོན་ཆེན་པོ་ས་རན་ (Prof. Saran) གྱིས་ Novelty, Self-ground-
ing and Violence are synonymous to Modernity
ནས་བསྡོམས་ཤིག་བརྒྱབ་ཡོད།
novelty
36
ཞེས་སྟབས་བདེ་པོ་བྱས་
ཟེར་དུས་སྔོན་མ་དང་མི་འདྲ་བ་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
ཏོག་ཙམ་གསར་པ་འདྲ་ཞིག་དང་།
self grounding
༣
ཟེར་དུས་རྒྱབ་ལོག་ལ་
བརྟེན་ས་གང་ཡང་མི་དགོས་པར་སོ་སོའི་སྒང་ལ་སོ་སོ་ལངས་བསྡད་པའི་ བཟོ་འདྲ་ཞིག་མ་གཏོགས་གཞི་རྩ་གང་ཡང་མེད་པ།
བྱ་བའི་ངོ་བོ་ལ་སྒྲུབ་
སྐབས་འཚེ་བ་ཤ་སྟག་ཡིན་པ་དེ་འདྲ་ཞིག་ལ་དེང་རབས་ཅེས་ལབ་ཀྱི་རེད་ ཅེས་གསུངས་པའི་རྒྱུ་མཚན་དེ་འདྲ་རེད།
བརྒྱུད་རིམ་བྱས་ནས་མ་བྱུང་
ཁུངས་གཙོ་བོ་དེ་གཡུང་དྲུང་བོན་དང་།
དེ་ནས་ནང་པ་སངས་རྒྱས་པ་
བ་ཞིག་ལ་ལབ་ཀྱི་ཡོད་སྟབས་འདིའི་ནང་ལ་བོད་ཀྱི་སྲོལ་རྒྱུན་གྱི་འབྱུང་ གཉིས་པོ་རེད་ཅེས་ངོས་འཛིན་གནང་བ་རེད། དེའི་ནང་ནས་ནང་དོན་རིག་
པའི་གཞི་ལམ་འབྲས་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དེ་སྲོལ་རྒྱུན་གྱི་ཤེས་
ཡོན་གཙོ་ཆེ་བ་དེ་ཡིན་གསུངས་པ་རེད། དེ་དང་མཉམ་དུ་སྒྲ་དང་། ཚད་ མ༑ བཟོ། གསོ་བ་རིག་པ་སོགས་ཀྱི་ཡན་ལག་དང་བཅས་པ་དེ་ཚོ་སྲོལ་རྒྱུན་
ཤེས་ཡོན་གྱི་རིག་གནས་གཞན་པ་དེ་ཚོ་ཡིན། ཤེས་ཡོན་དེ་དག་གི་བརྒྱུད་ ལམ་བོད་ཀྱི་སྐད་ཡིག་ནི། དར་འཕེལ་གྱི་དུས་ཡུན་རིང་ཡང་འགྱུར་འགྲོས་
ཉུང་བ། བརྗོད་དོན་སྟོན་པའི་ནུས་པ་ཆེ་བ། སྐད་ཡིག་གཞན་གྱི་ནང་དུ་
ཡོད་དཀའ་བའི་ཆེས་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་མང་པོའི་བསྟི་ གནས་སུ་གྱུར་པ་མ་ཟད།
བོད་ཀྱི་རིག་གནས་ཀུན་གྱི་ཚད་ནུས་ལྡན་པའི་
གཞི་རྟེན་གཅིག་པུའང་དེ་ཡིན་ཞེས་ཟེར་བ་དེའི་ངོས་འཛིན་ཙམ་ཞིག་རེད།
ཤེས་ཡོན་དང་ཤེས་ཡོན་གྱི་བརྒྱུད་ལམ་གཉིས་པ་ནི། དེང་རབས་ཀྱི་
ཤེས་ཡོན་དེ་སྲོལ་རྒྱུན་གྱི་ཤེས་ཡོན་ལྟར་ཆོས་ལུགས་སམ་གནའ་བོའི་རིག་ གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་པ་མ་ཡིན་པར། 37
ཉེ་བའི་དུས་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རབས་ནང་སྐྱེས་བུ་རང་བཞིན་པ་སྟེ་སྐྱེས་བུ་ཕལ་པས། གཙོ་བོ་མངོན་གྱུར་ ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང་།
རིམ་
པས་གོང་འཕེལ་དང་དར་རྒྱས་ཕྱིན་པ་དེར་དེང་རབས་ཀྱི་ཤེས་ཡོན་ཟེར་ གྱི་ཡོད། གཙོ་ཆེ་བའི་དབང་དུ་བྱས་ན། ཚན་རིག་དང་། དེ་ལས་བྱུང་བའི་ འཕྲུལ་རིག རྩིས་རིག སྤྱི་ཚོགས་དཔལ་འབྱོར་རིག་པ། གསར་འགྱུར་རིག་
པ༑ འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། སྤྱི་ཚོགས་ཚན་རིག་སོགས་
རི ག ་ཚན་གྱི ་ མི ང ་བཏགས་པ་ཕལ་མོ ་ ཆེ ་ དེ ང ་རབས་ཀྱི ་ ཤེ ས ་ཡོ ན ་ནང་ འདུས་པ་ཡིན།
ཤེས་ཡོན་གྱི་ངོ་བོ་དང་། ངོས་འཛིན་གཉིས་ཤེས་ཡོན་སྲིད་བྱུས་ནང་
གང་ཡོད་པ་དེ་འདིར་མདོར་བསྡུས་ཤིག་ངོ་སྤྲོད་ཞུས་པ་ཡིན།
དྲི་བ་དྲིས་
ལན་གྱི ་ དུས་ཚོ ད ་བྱུང་མ་སོ ང ་ཡང་ད་ལྟ་ཚོ ག ས་ཐེ ང ས་གཉི ས ་པའི ་ ནང་ ཚོ ག ས་ཐེ ང ས་དང་པོ ་ དང་གཉི ས ་པ་གཉི ས ་ཀའི ་ སྐོར་ལ་དྲི ་ བ་དྲི ས ་ལན་ བྱས་ན་འགྲིག་གི་མེད་དམ་བསམ་གྱི་འདུག དུས་ཚོད་རེའུ་མིག་ལྟར་བྱས་ ན་འདིར་བར་མཚམས་གཞག་རྒྱུ་རེད་འདུག སྤྱིར་བཏང་སྲོལ་རྒྱུན་དང་།
དེང་རབས་དབར་གྱི་ལྟ་ཚུལ་མི་འདྲ་
བའི་ཁྱད་པར་སྐོར་མདོར་བསྡུས་ཤིག་ཞུས་པ་རེད། དྲི་བ་འདི་གནས་སྟངས་ མང་པོ་ཞིག་དང་འབྲེལ་ཆགས་ཡོད་པ་ཞིག་ཡིན་པས།
གཱནྡྷཱིའི་དགོངས་
ཚུལ་དེ ་ ངེ ས ་པར་དུ་ང་ཚོ ས ་སློ བ ་སྦྱོ ང ་བྱེ ད ་འོས ་པ་ཞི ག ་ཆགས་ཀྱི ་ ཡོ ད ་ རེད་བསམ་གྱི་ཡོད།
དེའི་ཐོག་ནས་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་
ཁྱད་པར་གསལ་པོ་བྱས་ནས་མཁྱེན་ཐུབ་ན། སོ་སོའི་མི་ཚེའི་ནང་སྲོལ་རྒྱུན་ 38
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དང་དེང་རབས་གང་ཞིག་ཡག་པ་ཡོད་མེད་དང་།
༣
ག་རེའི་རྗེས་སུ་འཇུག་
དགོས་མིན། གང་འདྲ་བྱས་ཏེ་འཇུག་དགོས་མིན་བཅས་ཀྱི་རྣམ་དབྱེ་གསལ་
པོ་ཞིག་ཆགས་ཐུབ། དེ་ལྟར་མ་བྱུང་ན་བསམ་བློའི་རང་དབང་ཆ་ཚང་ཤོར་
ནས་དེ་རིང་སང་ཉིན་སྔོན་འགྲོའི་འཛིན་གྲྭ་ནས་གཙུག་ལག་རབ་འབྱམས་ པ་དང་། འབུམ་རམས་པའི་བར་ཧ་ལམ་ལོ་ཉི་ཤུ་ཙམ་ཞིག་རིང་ང་ཚོར་ཤེས་
ཡོན་སློབ་སྦྱོང་གི་མིང་ཐོག་ནས་ཀླད་པ་བཀྲུ་རྒྱུའི་ལས་རིམ་མང་པོ་ཞིག་
འགྲོ་བ་དེའི་ཐོག་ནས།
རང་གི་བསམ་བློའི་རང་དབང་དེ་ཕལ་ཆེར་ཤོར་
བ་མང་པོ་ཡོད་རེད་བསམ་གྱི་ཡོད། ཇིདྡཱུ་ཀྲ�ཥྞ་མཱུརྟི་
(Jiddu Krishnamurti)
ཡིས་ག་དུས་ཡིན་ནའང་དེང་སང་གི་སློབ་སྦྱོང་གི་ལམ་སྲོལ་འདི་ལྟ་བ་སྒྱུར་
ཐབས་
(indoctrination)
དང་། ཀླད་པ་འཁྲུད་ཐབས་
(brainwash)
རེད་མ་
གཏོགས། ཤེས་ཡོན་མ་རེད་ཅེས་གསུང་དགོས་པ་དེར་དགོས་པ་རྒྱུ་མཚན་
མང་པོ་ཡོད་རེད་བསམ་གྱི་ཡོད། གཱནྡྷཱིས་སྲོལ་རྒྱུན་དང་དེང་རབས་གཉིས་ དབྱེ་བ་འབྱེད་སྐབས། དབང་པོ་ལྔས་ཡུལ་རྐྱང་པར་གལ་གནད་སྤྲོད་མཁན་
དེ་དེང་རབས་དང་། དབང་པོ་ལྔས་ཡུལ་དང་། ནང་གི་ཡིད་ཀྱི་རྣམ་པར་
ཤེ ས ་པ་གཉི ས ་ཀར་གལ་གནད་གཅི ག ་པ་སྤྲོ ད ་མཁན་དེ ་ སྲོ ལ ་རྒྱུན་ཞེ ས ་
ཚིག་ཇི་མ་ཇི་བཞིན་ཡིན་གྱི་མ་རེད་དེ། དོན་དག་དེ་འདྲ་ཞིག་གི་ཐོག་ནས་ བསྡོམས་བརྒྱབ་ཡོད།
དེ་བཞིན་རང་ལས་གཞན་གཙོ་ཆེ་བར་འཛིན་པའི་
བསམ་བློའི་འཁྱེར་ཕྱོགས་དེ་སྲོལ་རྒྱུན་གྱི་བསམ་བློ་འཁྱེར་ཕྱོགས་དང་། དེའི་ ནང་ནས་རྒྱ་གར་གྱི་བསམ་བློའི་འཁྱེར་ཕྱོགས་ཡིན་པ་དང་།
གཞན་ལས་
རང་གཙོ་ཆེ་བར་འཛིན་པའི་བསམ་བློའི་འཁྱེར་ཕྱོགས་དེ་དེང་རབས་ཀྱི་
བསམ་བློའི་འཁྱེར་ཕྱོགས་ཡིན་པ་རེད། དེ་བཞིན་སྤྱི་ཚོགས་དང་། གང་ཟག་ 39
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
སྒེར་གཉིས་ལས་སྤྱི་ཚོགས་གལ་ཆེ་བར་འཛིན་པ་དེ་སྲོལ་རྒྱུན་གྱི་བསམ་ བློའི་འཁྱེར་ཕྱོགས་དང་། གང་ཟག་བྱེ་བྲག་པ་གཙོ་ཆེ་བར་འཛིན་པ་དེ་དེང་
རབས་ཀྱི་བསམ་བློའི་འཁྱེར་ཕྱོགས་ཡིན་པའི་བསྡོམས་དེ་འདྲ་ཞིག་བརྒྱབ་
ཡོད་རེད། དེ་ཚོ་གནད་འགག་ཆེན་པོ་རེད་བསམ་གྱི་ཡོད། ཧིནྡ་སྭརཱཇ་ནང་ ཁྲིམས་རྩོད་པ་དང་། སྨན་པ། མེ་འཁོར་གྱི་འགྲུལ་བཞུད་བཅས་ཀྱི་རིགས་
རྣམས་དཔེ་མཚོན་དུ་སྦྱར་ཏེ་ཟུར་འདོན་བྱས་ནས་གསུངས་ཡོད་རེད། དེའི་ ནང་ནས་ངས་འདིར་སྨན་པ་ལྟ་བུར་སྦྱར་ནས་དཔེ་མཚོན་མདོར་བསྡུས་ ཤིག་ཞུས་པ་ཡིན་ན། སྲོལ་རྒྱུན་གྱི་སྨན་པ་ཚོའི་བསམ་བློའི་ནང་སྤྱི་ཚོགས་
ཀྱི་ནང་ནད་པ་མ་ཡོང་བ་དང་། སྤྱི་ཚོགས་ཀྱི་ནང་ནད་པ་ག་ཚོད་ཉུང་ཉུང་ ཡོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད།
སྨན་པའི་ལས་འགན་དང་པོ་དེ་
སྤྱི་ཚོགས་ཀྱི་ནང་ན་ཚ་སྔོན་འགོག་བྱེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་འཕྲོད་ བསྟེན་ཡག་པོ་ཡོང་ཐུབ་པ།
གལ་སྲིད་ན་ཚ་བྱུང་བ་ཡིན་ན་དེ་ལམ་སང་
གསོ་ཐུབ་པའི་དམིགས་ཡུལ་དུ་བཟུང་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་རེད།
སྤྱི་ཚོགས་ཀྱི་ངོས་ནས་སྨན་པའི་ལས་ཀ་བྱེད་མཁན་དེ་སྤྱི་ཚོགས་ཀྱི་དགོས་
མཁོ ་ ཞི ག ་ཡི ན ་པ་མཐོ ང ་ནས་སྨན་པ་དེ འི ་ མི ་ ཚེ འི ་ འགྲོ་ སྟངས་དང་འཚོ ་ ཐབས་བཅས་སྤྱི་ཚོགས་ཀྱི་ངོས་ནས་སྦྱར་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། དེང་རབས་ཀྱི་སྨན་པ་ཚོས་ན་ཚ་ཉུང་དུ་འགྲོ་བ་དང་།
ནད་པ་མེད་
པར་ཆགས་པ་དེ་ཁོ་ཚོའི་དམིགས་ཡུལ་འཛིན་གྱི་མེད། གལ་སྲིད་སྤྱི་ཚོགས་ ཀྱི་ནང་ནད་པ་མེད་ན་སྨན་པ་ལྟོགས་ཤི་ཐེབས་ཀྱི་རེད་ཅེས་ལས་ཀའི་སྐད་
ཆ་སླེབས་ཀྱི་ཡོད་སྟབས་ནད་པ་དེ་ཁོང་ཚོའི་མ་རྩ་རེད། ན་ཚ་གཅིག་དྲག་ 40
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ན་གཞན་པ་ཞིག་ཡོང་བ་དང་། གཞན་པ་ཞིག་དྲག་ན་གསུམ་པ་ཞིག་ཡོང་ བ་བྱས་ནས།
གང་ལྟར་མི་གཅིག་སྨན་པའི་སར་སླེབས་སོང་ན་མི་ཚེ་གང་
པོ་སྨན་པ་བསྟེན་དགོས་པ་དང་།
མི་གཅིག་ཁྲིམས་རྩོད་པའི་སར་སླེབས་
སོང་ན་མི་ཚེ་གང་པོ་ཁྲིམས་རྩོད་པ་བསྟེན་དགོས་པའི་ཐབས་ལམ་བཅས་ ཁོང་ཚོ་དང་འབྲེལ་བ་ཡོད་པ་དེ་འདྲ་བྱས་ཏེ་ཡོང་གི་ཡོད་སྟབས་ན་ཚ་དང་
ནད་པ་མང་དུ་འགྲོ་བ་དེ ་ཁོང་ཚོ འི ་འཚོ ་ཐབས་དང་འབྲེ ལ ་བ་ཡོ ད ་པའི ་ བསམ་ཚུལ་ཡིན་པས། ག་དུས་ཡིན་ནའང་སྤྱི་ཚོགས་ཀྱི་ནང་ནད་པ་གཅིག་
ཀྱང་མེད་ན་སྙམ་པའི་དམིགས་ཡུལ་བཟུང་བའི་བསམ་བློའི་འཁྱེར་སོ་དེ་
དེང་རབས་ཀྱི་ནང་ལ་ཡོང་ཐབས་མེད་པ་རེད་ཅེས་གསུངས་པ་རེད། དེ་ནི་ ངས་དཔེ་མཚོན་ཙམ་ཞིག་དྲངས་པ་ཡིན། སྦྱར་རྒྱུ་ཡོད་པ་ཞིག་རེད།
དེ་མིན་པའི་ག་པར་སྦྱར་ཡང་
ད་ལྟའི་བརྗོད་གཞིའི་ནང་ཤེས་ཡོན་སློབ་སྦྱོང་
སྤྲད་པའི་དགོས་དམིགས་བཞི་ཡོད།
ཤེས་ཡོན་སློབ་སྦྱོང་སྤྲད་པའི་དགོས་
དམིགས་བཞི་ཟེར་བ་དེ་སྤྱིར་བཏང་ནང་པའི་གཞུང་ལུགས་ནང་མང་པོ་ ཡོད་ལ་གཱནྡྷཱིས་ཀྱང་མང་པོ་གསུངས་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་
ལྔ་པ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ཟེར་བའི་ནང་རང་དབང་
དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་ཅེས་དོན་ཚན་བཞི་དམིགས་
སུ་བཀར་ནས་བཤད་ཡོད། སློབ་སྦྱོང་ཐོན་པའི་མི་དེ་གང་འདྲ་ཞིག་དགོས་
ཀྱི་ཡོད་དམ་ཞེ་ན། སློབ་སྦྱོང་ཐོན་པའི་མི་དེ་སློབ་སྦྱོང་ཐོན་པའི་རྒྱུ་མཚན་ ལ་བརྟེན་ནས་བསམ་བློར་རང་དབང་ཡོད་པ་དང་། རང་ལས་གཞན་གཅེས་ པར་བཟུང་ནས་གཞན་ཕན་སྒྲུབ་མཁན། གལ་གནད་ཆེ་བའི་སྲོལ་རྒྱུན་གྱི་ རིག་གནས་དེ་ཚོ་མ་ཉམས་པར་རྒྱུན་འཛིན་བྱེད་ཐུབ་མཁན། 41
དེ་བཞིན་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གནས་ཚུལ་ག་རེའི་ཐོག་ལ་ཡིན་ནའང་དུས་ཀྱི་དགོས་མཁོ་དང་འཚམ་པར་
གསར་གཏོད་བྱེད་ཐུབ་པའི་བསམ་བློའི་ཁྱད་པར་དེ་འདྲ་ཞིག་བསྐྲུན་དགོས་ ཞེས་དོན་ཚན་བཞིའི་ནང་བསྡོམས་བརྒྱབ་ནས་གསུངས་ཡོད། མཁན་དེ་ནི་ཨཱཙཱརྱ་ཝི་ནོ་བཱ་བྷཱ་ཝེ་
(Acharya Vinoba Bhave)
གསུང་
རེད། ཨཱཙཱརྱ་
ཝི་ནོ་བཱ་བྷཱ་ཝེ་ལགས་ཀྱིས་ཧིནྡ་སྭརཱཇ་ཡི་འགྲེལ་པའི་ཚུལ་དུ་རང་དབང་ གི་བསྟན་བཅོས་
(Swarajya Shastra)
ཞེས་པ་ཞིག་བརྩམས་ཡོད། དེ་ནི་རྒྱ་
གར་གྱི་སྔ་རབས་ཀྱི་བསྟན་བཅོས་བཞིན་གོ་ཁག་པོ་ཡོད། དེ་བཞིན་ཝི་ནོ་ བཱ་བྷཱ་ཝེ་ལགས་ནས་ནཨཱི་ཏཱལཱིམ་
ཡོད་རེད།
(Nai Talim)
གྱི་སྐོར་ལ་ཡང་མང་པོ་བྲིས་
དེའི་ནང་ཝི་ནོ་བཱ་བྷཱ་ཝེ་ལགས་ནས་སློབ་སྦྱོང་སྤྲོད་པའི་དགོས་
དམི ག ས་དོ ན ་ཚན་བཞི ་ པོ ་ གཱནྡྷཱི འི ་ དགོ ང ས་པ་ཇི ་ བཞི ན ་ཚུར་བསྡོ མ ས་ བརྒྱབ་སྟེ་གསལ་པོ་བྱས་ནས་བསྡུས་ཡོད།
ཝི་ནོ་བཱ་བྷཱ་ཝེ་ལགས་ནི་དེང་
རབས་དང་སྲོལ་རྒྱུན་གཉིས་ཀའི་གནས་ཚུལ་ཐོག་རླབས་ཆེན་གྱི་མཁས་པ་ ཆེན་པོ་དང་། སྐད་ཡིག་ཀྱང་མང་པོ་མཁྱེན་མཁན། ལྷག་པར་དུ་སཾསྐྲ�ཏའི་ སྐད་ལ་བྱང་ཆུབ་པ། བྱང་ཆུབ་པ།
དེ་བཞིན་ཨིན་ཇི་དང་སྐད་ཡིག་གཞན་དག་ལའང་
ཡི ན ་ནའང་ཁོ ང ་དང་གཱནྡྷཱི ་ གཉི ས ་ཀྱི ་ དབར་ཕྲན་བུའི ་ མི ་ འདྲ་བའི ་
ཁྱད་པར་ག་རེ་ཡོད་ཅེ་ན། ཝི་ནོ་བཱ་བྷཱ་ཝེ་ལགས་དེང་རབས་ཀྱི་ཚན་རིག་ལ་
ཞེ་དྲག་གིས་ཐུགས་སྣང་གནང་མཁན་ཞིག་དང་། དེང་རབས་ཀྱི་ཚན་རིག་
དེ་ཡང་མེད་དུ་མི་རུང་བ་ཞིག་ཡིན་པ། དེང་རབས་ཀྱི་ཚན་རིག་དང་ནང་ དོན་རིག་པ་གཉིས་ནམ་ཞིག་མཉམ་དུ་འཕྲད་ཀྱི་རེད། 42
དེ་གཉིས་འཕྲད་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
པའི་སྐབས་སུ་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཐོག་ནས་དགེ་མཚན་
ཆེན་པོ་ཡོང་རྒྱུ་ཡོད་པ་ཞིག་རེད་ཅེས་རྟག་པར་གསུང་གི་ཡོད་རེད། གཅིག་
བྱས་ན་ཝི་ནོ་བཱ་བྷཱ་ཝེ་ལགས་ཀྱིས་གསུངས་པ་དེ་ཚོ་༸སྐྱབས་མགོན་རིན་ པོ་ཆེའི་ཚན་རིག་པ་དང་བགྲོ་གླེང་གནང་ནས་སེམས་དང་སྲོག་
Life)
(Mind and
གི་ཚོགས་འདུ་ད་ཕན་ཐེངས་ ༢༦ ཙམ་ཚོགས་ཚར་བ་རེད། དེའི་
དབང་གིས་འཇིག་རྟེན་ཁྱོན་ཡོངས་ནང་དེང་རབས་ཀྱི་ཚན་རིག་པ་ཚོས་ལྟ་
སྟངས་དང་འཛིན་སྟངས་གཉིས་ཀའི་ཐོག་འགྱུར་བ་རླབས་ཆེན་ཞིག་ཐེབས་
ཡོད་རེད། འགྱུར་བ་དེ་ཡང་མངོན་གསལ་དོད་པོ་དང་མངོན་གསལ་དོད་པོ་
མེད་པ་གཉིས་ཀྱི་ནང་ནས་ད་དུང་མངོན་གསལ་དོད་པོ་མེད་པ་དེ་ཤུགས་
ཆེ་བ་ཡོད་རེད།
གནས་ཚུལ་དེ་ཚོར་བལྟས་ན་གཅིག་བྱས་ན་ཝི་ནོ་བཱ་བྷཱ་
ཝེ་ལགས་ཀྱིས་གསུངས་པ་དེ་ཚོ་བདེན་པ་ཆགས་སྲིད་པ་རེད་སྙམ་པ་ཡང་ དྲན་ཆོག་པ་ལྟ་བུ་རེད།
དེའི་ནང་གི་ཚིག་ཇི་མ་ཇི་བཞིན་ཞུས་ན། རང་རང་གི་རྣམ་འབྱེད་ཀྱི་
ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ ཉེས་འབྱེད་ནུས་པ་དང་། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་
སྤྱོད་ཀྱི་རང་དབང་ལྡན་པ། རང་དབང་དེའི་ནང་གསེས་ཀྱི་དབྱེ་བ་དང་པོ་
དེ་བསམ་བློ་དང་ཀུན་སྤྱོད་ཀྱི་རང་དབང་སྟེ་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུ་མ་ ཡིན་པ་དེ་རེད། སངས་རྒྱས་ཀྱིས་རྗེས་འཇུག་ཚོར། ལེགས་པར་བརྟགས་ལ་
ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རྩལ་བཏོན་པའམ་ཐག་
བཅད་ནས་གསུངས་ཡོད་རེད། ང་ཚོ་ཐེག་ཆེན་དང་བོད་སྐད་ནང་པཱ་ལིའི་ 43
མདོ་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
(Kalam Sutra)
ཟེར་བ་དེ་སྒྱུར་ཡོད་མ་རེད། པཱ་ལིའི་མདོ་དེའི་ནང་།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་
བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་ མིན། །ཞེས་གསུངས་པ་དེ་རྒྱས་པོ་དང་ཞིབ་ཚགས་བྱས་ནས་གསུངས་ཡོད།
དེ་གཉིས་ཀའི་ནང་། སངས་རྒྱས་ཀྱི་གསུང་ལ་ཡིན་ནའང་། སངས་རྒྱས་རྩ་ ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་གང་ཟག་ ཡིན་པ།
ཁོང་གིས་བདེན་པ་མ་གཏོགས་རྫུན་གསུང་གི་མ་རེད་སྙམ་པའི་
དད་པ་དང་ཡིད་ཆེས་ཀྱི་ཐོག་ནས་སྒྲ་ཇི་བཞིན་དུ་ཁས་བླངས་ན་འགྲིག་ གི་མ་རེད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཞེས་མགར་བ་
མཁས་པས་བསྲེགས་བཅད་བརྡར་གསུམ་གྱི་ཐོག་ནས་གསེར་གྱི་སྤུས་ཀ་
ཡག་ཉེས་བརྟག་དཔྱད་བྱས་པ་བཞིན། སངས་རྒྱས་ཀྱི་གསུང་ལའང་དཔྱད་ པ་གསུམ་གྱི་སྒོ་ནས་བརྟག་དཔྱད་བྱས་ཏེ་དྲང་ངེས་ཀྱི་རྣམ་གཞག་ཕྱེ་བའི་
ཐོག་ནས་བླང་དོར་བྱེད་དགོས་རེད་མ་གཏོགས། སངས་རྒྱས་ཀྱིས་གསུངས་ པ་རེད་ཅེས་དད་པ་ཙམ་བྱས་ན་འགྲིག་གི་མ་རེད། བསླབ་བྱ་གཙོ་བོ་ཞིག་རེད།
ཅེས་གསུངས་པ་འདི་
དེ ར ་བརྟེ ན ་ཤེ ས ་ཡོན ་ལྡན་པའི ་གང་ཟག་དེ ་གང་འདྲ་ཞི ག ་དགོ ས ་
སམ་ཞེ་ན། གཞུང་ཆེན་པོ་ཞིག་ནས་གསུངས་པ་དང་། གང་ཟག་རྩ་ཆེན་ པོ་ཞིག་གིས་གསུངས་པ།
སྲོལ་རྒྱུན་ནང་ཡོད་རེད་ཅེས་ཟེར་བ་ཙམ་གྱིས་
ཡིད་ཆེས་བརྙེས་པ་མ་ཡིན་པར།
སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་
རབ་ཀྱི་ཐོག་ནས་ཐག་གཅོད་བྱེད་ནུས་པའི་བསམ་བརྗོད་ཀྱི་རང་དབང་ 44
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དགོས་པ་དེ། རང་དབང་ཐམས་ཅད་ཀྱི་ནང་ནས་དང་པོ་དེ་རེད་ཅེས་ཟེར་ གྱི་ཡོད།
འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་
པའམ་གཞན་ལ་བཤུ་གཞོག་བྱེད་པ་མ་ཡིན་པར།
རང་གི་འཚོ་བ་སྐྱེལ་
སྟངས་དེ ་ འདོ ད ་རྔམ་དང་དགོ ས ་མཁོ་ གཉི ས ་ཀྱི ་ ནང་ནས་དགོ ས ་མཁོ ར ་ གཞི་རྩར་བརྟེན་པ་ཞིག་དགོས་པ་རེད།
དཔལ་འབྱོར་གྱི་གནས་བབས་འདིའི་ནང་།
དེ་རིང་སང་ཉིན་དེང་རབས་ཀྱི་
འཚོ་བ་སྐྱེལ་སྟངས་དེ་འདོད་
རྔམ་ཙམ་ལ་བརྟེན་པ་མ་གཏོགས་དགོས་མཁོ་ལ་བརྟེན་པ་ཞིག་རྩ་བ་ནས་ མ་རེད། འདོད་རྔམ་མེད་པ་ཡིན་ན་འཚོ་བ་སྐྱེལ་སྟངས་མ་ཤེས་པའི་བཟོ་ལྟ་ བུ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་སྟབས་འཚོ་བའི་རང་དབང་དེ་མེད་པ་
རེད། གང་ཟག་བྱེ་བྲག་པ་ཚོས་སོ་སོའི་དགོས་མཁོ་གང་ཡིན་པ་དང་། དགོས་
མཁོ་མིན་པ་གང་ཡིན་པ་སོ་སོས་ཐག་གཅོད་བྱ་རྒྱུའི་རང་དབང་དེ་བཙོངས་
ཚར་བ་རེད། དེ་ནི་བཟོ་གྲྭའི་བདག་པོ་ཚོས་ཐག་གཅོད་ཀྱི་ཡོད། བཟོ་གྲྭའི་ བདག་པོ་ཚོས་གང་ཟག་བྱེ་བྲག་པ་གཅིག་ལ་ལྷམ་དང་། སྟོད་ཐུང་། ཨུ་སུ་
སོགས་ག་ཚོད་དགོས་ཀྱི་ཡོད་མེད་དང་། གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ དེ་ཚོ་ཚང་མ་ཁོང་ཚོས་ཐག་གཅོད་བྱེད་པ་མ་གཏོགས།
རང་གི་ལུས་ཀྱི་
དགོས་མཁོ་ལ་བརྟེན་ནས་ག་ཚོད་དགོས་ཀྱི་ཡོད་པ་ཐག་གཅོད་རྒྱུའི་ནུས་
པ་དེ་བརླགས་ཚར་བ་རེད།
དགོས་མཁོ་ལས་མང་བའི་མཐུན་རྐྱེན་བསྐྲུན་
རྒྱུའི་འཕྲུལ་ལས་དེ་འགོ་བཙུགས་པ་ནས་བཟུང་། མིའི་བསམ་བློའི་ནང་རང་ ཆས་སུ་ཡོད་པའི་འདོད་རྔམ་དེར་མཚུངས་སྡུར་དང་འགྲན་སྡུར་གྱི་ལམ་
སྲོལ་གྱི་ཐོག་ནས་བཤུ་གཞོག་གཏོང་གི་ཡོད། 45
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གང་ལྟར་མི་གང་འདྲ་ཞིག་ཡིན་ཡང་དགོས་མཁོ་ལ་བག་མེད་ལོངས་
སྤྱོད་བྱེད་མཁན་ཞིག་ཆགས་པ་ཡིན་ན། ཇི་ཙམ་གྱིས་བག་མེད་ལོངས་སྤྱོད་
བྱེད་ཐུབ་པ་དེ་ཙམ་གྱིས་མི་དེ་འཚོ་ཐབས་བཟང་བའམ་ཡར་ཐོན་ཅན་ཡིན་ པར་ངོས་འཛིན་བྱེད་པའི་གོ་སྐབས་ཤིག་བསླེབས་པ་རེད།
ད་ལྟའི་གནས་
སྐབས་འདིར་མི་ཚང་མ་བག་མེད་ལོངས་སྤྱོད་ཀྱི་འཕྲུལ་འཁོར་གྱི་བཟོ་འདྲ་
པོ་བརྩི་ཡི་ཡོད། རང་གིས་འབད་རྩོལ་གྱི་སྒོ་ནས་བསྒྲུབས་པའི་ཐོན་སྐྱེད་ཀྱི་
སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང་དང་། འཚེ་མེད་ ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་ སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་རེད།
རང་དབང་
ཟེར་བ་དེའི་ནང་སོ་སོར་དགོས་པ་གང་རེད། བེད་སྤྱོད་བྱེད་དགོས་པ་གང་ རེད། ལྷག་མ་གང་རེད། བག་མེད་ལོངས་སྤྱོད་ཀྱི་གྲས་ལ་ག་རེ་འགྲོ་ཡི་ཡོད་ པ་དེ་ཚོ་དབྱེ་བ་འབྱེད་ནུས་པའི་བསམ་བློའི་རང་དབང་དང་། རང་དབང་།
འཚོ་བའི་
འཚོ་བ་དེ་རང་རང་སོ་སོས་དཀའ་ལས་བརྒྱབ་པ་ལ་བརྟེན་
ནས་བྱུང་བ་ཞི ག ་མ་གཏོ ག ས་གཞན་བརྟེ ན ་དང་མི ་ ལ་བཤུ་གཞོ ག ་བྱས་ པ་ལ་བརྟེ ན་ནས་བྱུང་བ་མ་ཡིན་པ་བཅས་དེ་ལྟ་བུའི་རང་དབང་གསུམ་ འཛོམས་ན།
གང་ཟག་དེ་ལ་རང་དབང་ཡོད་པ་བརྩི་ཆོག་པ་ཞིག་རེད།
གནད་དོན་གང་འདྲ་ཞིག་གི་ཐོག་ལ་ཡིན་ནའང་རང་དང་གཞན་གཉིས་ མཚུངས་བསྡུར་བྱས་པ་ཡིན་ན།
རང་ལས་གཞན་གཅེས་པར་བཟུང་སྟེ་
གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་ཞབས་ཕྱི་ཞུ་ཐུབ་པའི་གཞན་ ཕན་གྱི་བསམ་བློ་ཞིག་དགོས་པ་རེད།
རང་ལས་གཞན་གཙོ་ཟེར་བ་དེ་
མཚམས་རེར་ང་ཚོའི་སློབ་གྲྭ་ཁག་གི་འབོད་སྒྲའི་ནང་ལ་འཇོག་གི་འདུག 46
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
འབོད་སྒྲ་སྒྲོག་རྒྱུ་སྟབས་བདེ་པོ་རེད།
༣
རང་ལས་གཞན་གཅེས་པར་བཟུང་
རྒྱུ་དེ་དེང་རབས་ཀྱི་སྤྱི་ཚོགས་ནང་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། དེང་རབས་
ཀྱི་སྤྱི་ཚོགས་ནང་མཚུངས་བསྡུར་དང་འགྲན་བསྡུར་དེ་ཆེད་དུ་མངགས་ ནས་སློབ་ཀྱི་ཡོད་པར་བརྟེན།
འགྲན་བསྡུར་ཇི་ཙམ་ཡོད་པ་དེ་ལ་གཞན་
ལས་རང་གཙོ་ཆེ་བ་ཞིག་མ་འབྱུང་ཐབས་མེད་རེད། རང་ཕམ་གཞན་རྒྱལ་ གྱི་དོན་དུ་སུས་ཀྱང་འགྲན་བསྡུར་བྱེད་ཀྱི་མ་རེད། འགྲན་བསྡུར་ཡིན་ཕྱིན་ ཆད་ལ་དེའི་གྲུབ་འབྲས་རང་རྒྱལ་གཞན་ཕམ་བྱེད་རྒྱུ་ཡིན་པ་ངེས་པ་རེད། ད་དུང་དེ་ལ་རང་དབང་དང་དྲང་བདེན་གྱི་ཐོག་ནས་འགྲན་སྡུར་
fair competition)
སྐྱག་རྫུན་རེད།
(free and
ཟེར་བ་ནི་སྐད་ཆ་དང་ཚིག་གང་གི་ཆ་ནས་ཀྱང་རྦད་དེ་
འགྲན་སྡུར་བྱས་ཕྱིན་ཆད་ལ་རང་དབང་ཡོང་ཐབས་མེད་
ལ་དྲང་བདེན་ཡང་ཡང ོ ་ཐབས་མེད། དྲང་བདེན་ཡིན་ན་ཕྱོགས་གཉིས་ཀར་
རྒྱལ་ཁ་འཐོབ་པའི་ག་ོ སྐབས་དེ་ཡད ོ ་དགས ོ ་པ་རེད།
འགྲན་བསྡུར་གྱི་ནང་
ཕྱོགས་གཉིས་ཀར་རྒྱལ་ཁ་འཐབ ོ ་རྒྱུའི་ག་ོ སྐབས་བསྐྲུན་མི་ཐུབ། དེ་བསྐྲུན་ན་ འགྲན་བསྡུར་ཟེར་བའི་ཚིག་དེ་བསྡད་ཀྱི་མ་རེད།
དེར་བརྟེན་དེའི་དབང་
གིས་བསམ་བློ་དང་འཚོ་བའི་རང་དབང་ཡང ོ ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
དེའི་རྗེས་ལ་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ལའང་དྲི་བ་ཆེན་པོ་ཞིག་
སླེབས་ཀྱི་ཡོད་རེད།
བདག་ཉིད་ཆེན་པོ་གཱནྡྷཱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་
དང་མི་རིགས་ཀྱི་སྲུང་སྐྱོབ་ཚང་མ་
(National
Defense)
ཞེས་པ་དེ་ཡང་
དམག་དང་མཚོ ན ་ཆ་ལ་མ་བརྟེ ན ་པར་འཚེ ་ མེ ད ་ཞི ་ བའི ་ ལམ་རྐྱང་པར་
བརྟེན་ནས་སྲུང་སྐྱོབ་བྱེད་ཐུབ་པའི་ལྟ་གྲུབ་ཅིག་གསུང་གི་ཡོད། འོན་ཀྱང་ 47
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དེ་འདྲ་བ་རྒྱལ་ཁབ་གང་གི་ནང་དུའང་ལག་ལེན་བསྟར་ཐུབ་པ་བྱུང་མེད། གལ་སྲིད་རྒྱལ་ཁབ་དང་མི་རིགས་ཀྱི་ས་མཚམས་ཀྱི་ཐོག་ནས་སྲུང་མ་ཐུབ་
ནའང་། རང་རང་སོ་སོའམ་གང་ཟག་བྱེ་བྲག་པའི་རང་དབང་དེ་འཚེ་མེད་
ཞི་བའི་ལམ་ནས་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་དང་། དེང་རབས་ཀྱི་རྦ་རླབས་ ཀྱི་ནང་བརླག་མ་བཅུག་པ་ཞིག་བྱེད་ཐུབ་པ་དགོས་པའི་རང་དབང་དེ་གལ་
ཆེན་པོ་རེད། ཁ་ལག་ཟ་སྟངས་དང་། གོས་ལོག་གྱོན་སྟངས། སྐད་ཆ་ཤོད་ སྟངས།
མི་དང་འབྲེལ་བ་བྱེད་སྟངས་སོགས་གང་གི་ཐོག་ལ་ཡིན་ནའང་
རང་གི་རྣམ་དཔྱོད་ཀྱིས་བླང་བྱ་ཡིན་པ་ཐག་ཆོད་པ་དེ་ཚོ་གསལ་པོ་བཟོ་མ་ ཐུབ་པར་སྡོད་མཁན་ཞེ་དྲག་མང་པོ་ཡོད་རེད། ཚན་རིག་པའི་ནང་ལའང་ དེ་འདྲ་ཞེ་དྲག་མང་པོ་ཡོད་རེད། ཚན་རིག་པ་ཚོའི་བསམ་བློའི་ནང་སྐྱེ་བ་
སྔ་ཕྱི་ཡོད་པ་དང་། ལས་རྒྱུ་འབྲས་ཡོད་པ། ཐར་པ་དང་ཐམས་ཅད་མཁྱེན་
པའི་གོ་འཕང་གི་རྣམ་གཞག་ཡོད་པ་དེ་ཚོ་གསལ་པོ་མཐོང་ཐུབ་མཁན་རེ་ ཟུང་ཡོད་ཀྱང་ཁོང་ཚོས་ལབ་ནུས་ཀྱི་མེད། ལབ་ན་ཁོང་ཚན་རིག་པ་མ་རེད་ ཅེས་ཚན་རིག་པའི་སྤྱི་ཚོགས་ཀྱི་ནང་ནས་འབུད་ཀྱི་རེད་སྙམ་པའི་ཞེད་ སྣང་ཡོད་པ་དང་། དེ་དང་དེ་བཞིན་གྱི་གནས་ཚུལ་མང་པོ་ཞིག་བསམ་བློའི་ ནང་ར་འཕྲོད་པ་ཡིན་ནའང་ཁ་ནས་ལབ་ནུས་ཀྱི་མེད།
དམག་གི་ཐོག་ལ་
འགྲོ་སོང་ཆུང་དུ་གཏོང་དགོས་པ་དང་། དམག་མི་ཉུང་དུ་གཏོང་དགོས་རེད་ ཅེས་ལབ་རྒྱུའི་འདོད་པ་ཡོད་ཀྱང་ཁོང་རྒྱལ་ཁབ་ལ་ཤ་ཞེན་མི་འདུགརྒྱལ་
ཁབ་ཀྱི་སྲུང་སྐྱོབ་ལ་སེམས་ཤུགས་མི་འདུག་ཅེས་ལབ་ཀྱི་རེད་སྙམ་པའི་
འཇིགས་སྣང་གིས་ལབ་ནུས་ཀྱི་ཡོད་མ་རེད། སྤྱིར་བཏང་སྤྱི་ཚོགས་ཀྱི་འགྲོ་ སྟངས་ལ་བལྟས་ནས་འགྲན་སྡུར་མ་བྱེད་ཅེས་ལབ་ན། 48
དེང་རབས་གོང་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མའི་ནང་ལ་ཕྱིན་ནས་ད་དུང་འགྲན་སྡུར་མ་བྱེད་ཅེས་ལབ་པ་ནི་རྦད་དེ་
རྗེས་ལུས་ཐེབས་པ་ཞིག་རེད་འདུག་ཅེས་ལབ་ཀྱི་རེད་སྙམ་པའི་ཞེད་སྣང་ བྱས་ནས་སྡོད་མཁན་མང་པོ་ཡོད་རེད། གཱནྡྷཱིའི་རྗེས་འཇུག་པ་དེ་ཚོའི་ནང་
ལའང་ལྟ་གྲུབ་ཀྱི་ཐོག་ནས་གཱནྡྷཱིས་གང་གསུངས་པ་དེ་ཇི་མ་ཇི་བཞིན་ཡིན་ པ་སོ་སོའི་བསམ་བློའི་ནང་འཁོར་གྱི་ཡོད་ཀྱང་ལག་ལེན་ལ་བསྟར་མ་ནུས་
པ་དང་། ཤོད་མ་ནུས་པའི་མི་དེ་འདྲ་མང་པོ་ཡོད་རེད། ཐེངས་གཅིག་རྒྱ་ གར་རྒྱལ་ཡོངས་ཀྱི་སར་ཝོ་དྱེ་
(Sarvodaya)
ཚོགས་འདུ་ཆེན་པོ་ཞིག་གི་
ནང་མི་རྒན་པ་ཁ་ཤས་ཀྱིས་ང་ཚོས་གནས་ཚུལ་ཚང་མ་ཤེས་ཀྱི་འདུགཡིན་
ནའང་དེང་རབས་ཀྱི་སྤྱི་ཚོགས་ནང་འཚོ་དགོས་དུས་འཚམས་རེ་གནད་ དོན་ཆུང་བ་འགའ་ཤས་བློས་གཏོང་མ་བྱེད་ཐབས་མེད་དེ་འདྲ་ཆགས་ཀྱི་
རེད་ཅེས་གསུངས་པ་རེད། གྱི་ཡོད་རེད།
དེ་འདྲ་བྱས་ནས་བསམ་བློའི་རང་དབང་ཤོར་
སྤྱི་ཚོགས་འདིའི་ནང་འཚོ་དགོས་དུས་ལྐོག་རྔན་ཕྲན་བུ་མ་
སྤྲད་ན་འཚོ་མི་ཐུབ་པ་དང་། སྐྱག་རྫུན་ཕྲན་བུ་མ་བཤད་ན་འཚོ་ཐུབ་ཀྱི་མ་
རེད་སྙམ་པའི་བསམ་ཚུལ་དེ་སླེབས་དུས་བསམ་བློའི་རང་དབང་ཤོར་བའི་ རྟགས་རེད། བྱས་ཙང་ངས་ཁོང་ཚོར། ང་ཚོ་འཚོ་ནས་ཕན་ཐོགས་ག་རེ་ཡོད་ རེད། མ་འཚོ་ཐབས་མེད་ཀྱི་གནས་སྟངས་ག་རེ་ཆགས་པ་རེད། གལ་སྲིད་
ང་ཚོའི་ཡིད་ཆེས་ཡོད་པའི་ལྟ་གྲུབ་ཅིག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་ན་འཚོ་
ནས་དགོས་མཁོ་ག་རེ་ཡོད་རེད། འཚོ་བ་ཁོ་ན་རྩ་ཆེན་པོ་བརྩིས་པ་ཡིན་ན་
འཚོ་བ་དེ་དམིགས་ཡུལ་གང་ཡང་རུང་བ་ཞིག་གི་སྒོ་ནས་འཚོ་དགོས་ཀྱི་
ཡོད་རེད་མ་གཏོགས།
དམིགས་ཡུལ་གང་ཡང་མེད་པར་འཚོ་བ་ཁོ་ན་རྩ་
ཆེན་པོ་ཞིག་ཏུ་བརྩིས་པ་ཡིན་ན་དུད་འགྲོ་དང་མི་ལ་ཁྱད་པར་གང་ཡང་ 49
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བྱུང་མེད་ཅེས་བཤད་པ་ཡིན།
དེ ར ་བརྟེ ན ་དེ ང ་རབས་ཀྱི ་ སྤྱི ་ ཚོ ག ས་ནང་རང་ལས་གཞན་གཅེ ས ་
པར་བཟུང་བའི་གཞན་ཕན་བསྒྲུབ་རྒྱུ་དང་།
འབྱུང་འགྱུར་མི་རབས་ཚོའི་
ཆེད་དུ་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བ།
ས་ཡི་གོང་
བུ་འདིར་ཞི་བདེ་རྒྱུན་གནས་ཐུབ་པ། རང་གི་ཕ་མེས་ནས་བརྒྱུད་པའི་རིག་
གཞུང་བཟང་པོ་རྣམས་རྒྱུན་འཛིན་བྱེད་ནུས་པ། རྒྱུན་འཛིན་ཟེར་བའི་ནང་ རྒྱུན་ (continuity) དང་། མི་ཉམས་རྒྱུད་འཛིན་ (preservation)། ཡུན་གནས་
(sustainability)
བཅས་ཀྱི་ཚིག་གསུམ་ཚུད་ཡོད། ཁོར་ཡུག་དང་ཐོན་ཁུངས་
ལ་ལྟོས་པ་ཡིན་ན་ཨིན་སྐད་ནང་
སོགས་པར་ལྟོས་པ་ཡིན་ན།
sustainability
continuity
དང་
དེ་རེད། རིག་གཞུང་ལ་
preservation
ཟེར་བའི་ཚིག་
དེ་ཚོ་རེད། དེའི་དོན་ལ་ཐོན་ཁུངས་དང་། ཁོར་ཡུག རིག་གཞུང་ལེགས་
བྱང་དང་བཅས་དེ ་ ཚོ ་ རྒྱུན་འཛི ན ་བྱེ ད ་ཐུབ་པའི ་ རྒྱུན་འཛི ན ་གྱི ་ ནུས་པ་ ལ་ཟེར།
འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་དུས་ཀྱི་དགོས་མཁོ་
དང་འཚམས་པ་གཉིས་ཀའི་ཐོག་ནས་ལྟ་བ་དང་། གྲུབ་མཐའ། ལམ་ལུགས། དངོས་པོ། འཕྲུལ་ཆས། ལས་འགུལ་སོགས་གསར་གཏོད་བྱེད་ཐུབ་པའི་ནུས་ པ་སྟེ།
ད་ལྟ་བཀའ་ཤག་སྐབས་བཅུ་བཞི་པའི་ཡོངས་གྲགས་ཀྱི་སྲིད་བྱུས་
ནང་རང་ཁ་རང་གསོ་དང་།
གསར་གཏོད་ཟེར་བ་གཉིས་ཤེས་ཡོན་སྲིད་
བྱུས་ཀྱི་ནང་ལ་ཡོད་པའི་འཚོ་བའི་རང་དབང་དང་། གསར་གཏོད་ཀྱི་ནུས་
པ་གཉིས་ཀ་དེའི་ནང་མཐུན་པ་དང་ཞིབ་པ་བཟོ་འདྲ་ཞིག་ཡོད་རེད། དོན་
ཚན་བཞི ་ པོ ་ རགས་པ་ཙམ་ཞུས་པའི ་ རྗེ ས ་ལ་དོ ན ་ཚན་བཞི ་ ཀའི ་ ཕྱོ ག ས་ 50
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
བསྡོམས་བརྒྱབ་ན་ག་རེ་ཆགས་ཀྱི་ཡོད་རེད་ཅེ་ན། ཤེས་ཡོན་སློབ་སྦྱོང་སྤྲོད་
པའི་དགོས་པ་གཙོ་བོ་བླང་དོར་གྱི་གནས་ལ་མ་རྨོངས་པར་བྱེད་རྒྱུ་དེ་རེད།
ཤེས་ཡོན་རེ་རེ་ཐོབ་པའི་སྐབས་ལ་ག་རེ་ཆགས་ཀྱི་ཡོད་རེད་ཅེ་ན། མི་ཤེས་ པའི་རྨོངས་པ་རེ་སངས་དགོས་ཀྱི་ཡོད། ལས་འབྲས་ལ་རྨོངས་པའི་མ་རིག་ པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ། བརྡ་སྤྲོད་ཀྱི་རྣམ་གཞག་ ལ་རྨོངས་པའི་མ་རིག་པ།
ཚིག་རྒྱན་གྱི་རྣམ་གཞག་ལ་རྨོངས་པའི་མ་རིག་
པ་བཅས་གང་འདྲ་ཞིག་ཡིན་ནའང་གང་ལྟར་སློབ་ཚན་རང་རང་སོ་སོའི་ ངོ་སྐལ་གྱི་མ་རིག་པའམ་མི་ཤེས་པའི་རྨོངས་པ་བསལ་ནས།
དེའི་གནས་
ཚུལ་ཁས་ལེན་པ་དང་ཆ་བཞག་པ་ཙམ་མ་ཡིན་པར་ཐོས་བྱུང་དང་བསམ་ བྱུང་གི་ཤེས་རབ་གཉིས་ཀའི་སྒོ་ནས་ངེས་པ་རྙེད་པའི་ཤེས་པ་ཞིག་བྱུང་ན།
ཤེས་ཡོན་སློབ་སྦྱོང་སྤྲད་པའི་དགོས་མཁོ་དེ་ཚང་བ་དང་། དམིགས་ཡུལ་དེ་ འགྲུབ་ཀྱི་ཡོད།
གོང་དུ་ངས་མདོར་ཙམ་ཞུས་པ་བཞིན་སྲོག་ཆགས་སུ་དང་སུ་འདྲ་
ཞིག་ཡིན་ནའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་གཤིས་
ལུགས་སམ་ཆོས་ཉིད་རེད།
དེ་ལས་གཡོལ་ཐབས་གང་ཡང་ཡོད་མ་རེད།
སྲོག་ཆགས་གྲོག་སྦུར་ཡན་ཆད་དང་།
རྟ་དང་གླང་ཆེན་དང་ཆུ་སྲིན་ལ་
སོགས་པའི་གཟུགས་བོངས་ཆེ་བའི་སྲོག་ཆགས་ལ་སོགས་པའི་སྐྱེ་གནས་
ཐུབ་པའི ་ སྲོ ག ་ཆགས་བཅས་གང་ལྟར་སུ་དང་སུ་འདྲ་ཞི ག ་ཡི ན ་ནའང་།
བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དངོས་པོའི་གནས་ལུགས་ཤིག་
རེད། ཡིན་ནའང་ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་སྟངས་དེ་རྦད་དེ་མགོ་ 51
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མཇུག་ཏག་ཏག་བསློགས་ནས་འགྲོ་ཡི་ཡོད་རེད། སྡུག་བསྔལ་འདོར་འདོད་ སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགབདེ་བ་འདོད་ཀྱང་
གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་དེ་ཞེ་ དྲག་བདེན་པ་རེད།
སྡུག་བསྔལ་འདོར་རྒྱུའི་བསམ་བློའམ་འདོད་པ་ཡོད་
རེད་དེ། སྡུག་བསྔལ་གྱི་རྒྱུ་རང་བཞིན་གྱིས་ཞར་ཞོར་ལ་གསོག་གི་ཡོད་ཙང་
སྡུག་བསྔལ་ལ་རྒྱུག་བསྡད་པའི་བཟོ་འདྲ་ཞིག་ཡོད་རེད། བདེ་བ་འདོད་ཀྱང་ བདེ་བའི་རྒྱུ་སྒྲུབ་པར་མཁས་པ་མེད་པའམ་གཏི་མུག་པ་ཡིན་པས་རང་གི་
བདེ་བ་དེ་སོ་སོའི་དགྲ་ལྟར་བྱས་ནས་རང་ཉིད་ཀྱིས་མེད་པར་བཟོ་ཡི་ཡོད་
རེད་ཅེས་གསུངས་པ་དེས་ག་རེ་མཚོན་གྱི་ཡོད་རེད་ཅེ་ན། བདེ་བའི་རྒྱུ་དང་ སྡུག་བསྔལ་གྱི་རྒྱུ་ལ་རྨོངས་པའི་དབང་གིས་བདེ་བའི་རྒྱུ་སྒྲུབ་མ་ཤེས་པ་ དང་།
སྡུག་བསྔལ་གྱི་རྒྱུ་སྤོང་མ་ཤེས་པའི་དབང་གིས་ག་དུས་ཡིན་ནའང་
སྡུག་བསྔལ་རྒྱུན་མ་ཆད་པར་ཡོང་བ་དང་། བདེ་བ་དཀོན་པ་དང་། བདེ་བ་ ཡོད་ཀྱང་ཡུད་ཙམ་མ་གཏོགས་བདེ་བ་གཏན་དུ་མི་སྡོད་པའི་གནས་སྟངས་
དེ་ཡོང་གི་ཡོད་རེད། ད་དུང་འཕྲོས་བཤད་ཕྲན་བུ་ཞུས་ན། ཤེས་ཡོན་ནི་
སྐྱེས་བུའི་མངོན་འདོད་སྒྲུབ་པའི་ལག་ཆའམ་ཐབས་ལམ་ཞིག་རེད། མི་སུ་
འདྲ་ཞིག་ཡིན་ནའང་རང་གིས་མངོན་པར་འདོད་པའི་བདེ་བ་བསྒྲུབ་རྒྱུ་ དང་། མི་འདོད་པའི་སྡུག་བསྔལ་སྤོང་རྒྱུའི་ཐབས་ལམ་དེ་ཤེས་ཡོན་གྱི་ཐོག་
ནས་བཙལ་དགོས་ཀྱི་ཡོད་རེད། མ་ཤེས་པ་དེ་ཤེས་པར་བྱས། ཤེས་པ་དེ་ ཡོན་ཏན་གྱི་ངོ་བོར་འགྲོ་བ་ཞིག་བྱུང་ན། དེ་ནི་ཏན་ཏན་ཤེས་ཡོན་གྱི་དགོས་ མཁོ་གྲུབ་པ་ཞིག་རེད།
52
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྐྱེས་བུའི་མངོན་འདོད་གང་དང་གང་ཞིག་ཡོད་པ་དེ་ལ་ཤར་ཕྱོགས་
པའི་ལྟ་གྲུབ་མང་ཆེ་བའི་ལྟ་ཚུལ་གཅིག་པ་རེད། རྒྱ་གར་གྱི་སྲོལ་རྒྱུན་ནང་ ཆ་བཞག་ན། གཉིས་དང་།
སྐྱེས་བུའི་མངོན་འདོད་ལ་གནས་སྐབས་ཀྱི་མངོན་འདོད་
མཐར་ཐུག་གི་མངོན་འདོད་གཉིས་བཅས་སྐྱེས་བུའི་མངོན་
འདོད་བཞིར་བགྲང་གི་རེད།
སྐྱེས་བུའི་མངོན་འདོད་བཞི་བགྲང་བའི་
སྐབས་སུ་གནས་སྐབས་ཀྱི་མངོན་འདོད་ནི་ནོར་དང་འདོད་པ་གཉིས་རེད།
འདོད་པ་དེ་འབྲས་བུ་དང་། ནོར་ནི་དེའི་རྒྱུ་ལ་བཞག་པ་རེད། མཐར་ཐུག་
གི་མངོན་འདོད་ནི་ཆོས་དང་ཐར་པ་གཉིས་རེད། ཐར་པ་དེ་འབྲས་བུ་དང་། ཆོས་དེ་རྒྱུ་ལ་བཞག་པ་རེད། དེ་འདྲ་བྱེད་དུས་ཚེ་འདིའི་འཕྲལ་གྱི་མི་ཚེ་དེ་
སྐྱིད་པོ་རྒྱགས་པ་བྱས་ནས་བསྐྱལ་རྒྱུའི་དོན་དུ་གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སུ་སྤྱད་པའི་བདེ་བ་
ཉམས་སུ་མྱོང་བ་དེ་གནས་སྐབས་ཀྱི་མངོན་འདོད་རེད། བདེ་བ་འདོད་པའི་
ནང་ལ་ཡོད་རེད། དེ་བསྒྲུབ་པར་དཔལ་འབྱོར་དང་། ནོར་དགོས་ཀྱི་ཡོད་
སྟབས་ནོར་དེ་གནས་སྐབས་ཀྱི་བདེ་བའི་རྒྱུའི་ངོ་བོར་སྒྲུབ་དགོས་ཀྱི་ཡོད་ རེད།
དེ་ལྟར་སྒྲུབ་པ་ལའང་དམིགས་ཡུལ་དེ་བདེ་བ་ལ་དམིགས་པ་ཞིག་
ཡིན་སྟབས། ནོར་ལྟ་བུ་སྒྲུབ་པའི་སྐབས་སུ་སྡུག་བསྔལ་གྱི་རྒྱུ་ལ་མ་འགྲོ་བ་ ཞིག་དང་། འཚེ་བ་དང་མི་དགེ་བའི་ལམ་ལས་བསྒྲུབས་པ་ཞིག་མ་ཡིན་པའི་ ཡང་དག་པའི་འཚོ་བའི་ནོར་ཞིག་སྒྲུབ་དགོས་ཀྱི་ཡོད་རེད།
དེ་འདྲ་བའི་
ཚེ་འདིའི་བདེ་བ་ཙམ་གྱིས་སྐྱེས་བུའི་མངོན་འདོད་གྲུབ་པ་རེད་དམ་ཞེ་ན།
དེས་སྐྱེས་བུའི་མངོན་འདོད་འགྲུབ་མེད། ནོར་དང་འདོད་པ་ཙམ་གྱིས་བདེ་ བ་ལ་ལོངས་སུ་སྤྱོད་རྒྱུ་དེ་དུད་འགྲོ་དང་ཡི་དྭགས་ལ་སོགས་པ་ལའང་ཡོད། 53
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མིའི་ལུས་རྟེན་ཐོབ་པའི་དབང་གིས་ང་ཚོར་སྐྱེས་བུ་ཟེར་བའི་མིང་
དེ་ཐོགས་པ་རེད།
སྐྱེས་བུའི་སྐད་དོད་དུ་པུརུཥ་ཞེས་ནུས་པ་ལ་འཇུག་
ཅིང་། ང་ཚོར་ནུས་པ་ཁྱད་པར་བ་ཞིག་ཡོད་པ་རེད། ང་ཚོས་གཏན་གྱི་བདེ་
བའམ་རྒྱུན་རིང་པོར་གནས་ཐུབ་པའི་བདེ་བ་དེ་འདྲ་ཞིག་སྒྲུབ་དགོས་ཀྱི་ ཡོད། ཚེ་འདི་སྣང་གི་བདེ་བ་ནི་ཇི་ཙམ་རྒྱུན་རིང་ཡང་མི་ཚེ་གཅིག་གི་རིང་
བསྡད་ནས་མེད་པར་ཆགས་པ་དང་། དངོས་པོ་ཐམས་ཅད་འཇིག་པའི་རང་ བཞིན་ནམ་འགྱུར་བའི་རང་བཞིན་རེད། འགྱུར་བའི་སྐབས་ལ་ཡང་བསྐྱར་
དེ་དག་འགྱུར་བའི་སྡུག་བསྔལ་ཆགས་ཀྱི་རེད། སྡུག་བསྔལ་གསུམ་གྱི་རྣམ་
གཞག་འབྱེད་པའི་སྐབས་སུ་ཟག་བཅས་ཀྱི་ཚོར་བ་བདེ་བ་གང་ཞིག་ཡོད་ པ་དེ་ཚོ་འགྱུར་བའི་སྡུག་བསྔལ་ནང་བརྩི་ཞིང་།
དེའི་དབང་གིས་གཏན་
དུའམ་རྒྱུན་དུ་གནས་ཐུབ་པའི་བདེ་བ་ཞིག་སྒྲུབ་དགོས་ན་ཆོས་ལ་བརྟེན་
དགོས། ཆོས་ལ་བརྟེན་ནས་ཐར་པ་འཐོབ་ཀྱི་ཡོད། ལས་དང་ཉོན་མོངས་ པའི་གཞན་དབང་ལས་ཐར་བའི་ཐར་པ་དེ་ཐོབ་ན་གཏན་གྱི་བདེ་བ་ཐོབ་པ་
དང་། དེ་ལ་ནང་པའི་ཤོད་སྟངས་ལྟར་བྱས་ན། མངོན་མཐོ་དང་ངེས་ལེགས་ བཅས་ཕྲན་བུ་མི་འདྲ་བ་ཡོད།
སྤྱིར་བཏང་སྐྱེས་བུའི་མངོན་འདོད་བཞི་
ཟེར་བ་དེ་རྒྱ་གར་གྱི་ཡོངས་གྲགས་ཤོད་སྟངས་ཤིག་རེད།
དེ་བཞིན་ནང་
པའི་གཞུང་ལུགས་དང་། ཀླུ་སྒྲུབ་ཀྱི་གཞུང་དེ་ཚོའི་ནང་ལའང་ཡོད། ཡིན་
ནའང་ནང་པའི ་ གཞུང་ལུགས་ནང་མངོན ་མཐོ་དང་ངེ ས ་ལེ གས་ཀྱི ་ བདེ ་
བ་ཟེར་བ་དེ་གྲགས་ཆེ་བ་རེད།
མངོན་མཐོ་ཞེས་པ་ཚེ་འདི་དང་སྐྱེ་བ་ཕྱི་
མ་གཉིས་ཀར་ལྷ་མིའི་གོ་འཕང་བསྒྲུབ་རྒྱུ་སྟེ་མངོན་མཐོའི་མངོན་འདོད་ ཟེར་བ་དེ་རེད། ངེས་ལེགས་ཞེས་པ་ཐར་པའམ་ཐམས་ཅད་མཁྱེན་པའི་གོ་ 54
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
འཕང་གང་ཡང་རུང་བ་ཞིག་བསྒྲུབ་རྒྱུ་དེ་ལ་ཟེར་བ་རེད། མངོན་མཐོ་དང་ ངེས་ལེགས་གཉིས་ཀར་བདེ་བ་ཐམས་ཅད་སྒྲུབ་སྟངས་དང་། སྡུག་བསྔལ་ ཐམས་ཅད་སྤོང་སྟངས་ཀྱི་གནས་སྟངས་དེ་བསྡུ་ཡི་ཡོད། གཞན་ཞིག་ནས་བཤད་ན།
དེ་ནས་ཕྱོགས་
ལུས་དབང་དབང་ཤེས་ལ་བརྟེན་པའི་ཚོར་བ་
བདེ་བ་དང་། ཡིད་དབང་རྣམ་ཤེས་ལ་བརྟེན་པའི་ཚོར་བ་བདེ་བ་ཞེས་བདེ་
བ་དེ་ལའང་མི་འདྲ་བ་གཉིས་ཡོད་རེད་ཅེས་༸སྐྱབས་མགོན་རིན་པོ་ཆེས་
ནང་ཆོས་ངོ་སྤྲོད་སོགས་མང་པོ་ཞིག་གི་སྐབས་སུ་དེ་ལྟར་བཀའ་གནང་གི་
འདུག དེར་བརྟེན་རྣམ་ཤེས་འཁོར་བཅས་ཀྱི་ཚོར་བ་བདེ་བ་དང་། དབང་ ཤེས་འཁོར་བཅས་ཀྱི་ཚོར་བ་བདེ་བ་གཉིས་བདེ་བ་ཡིན་པ་གཅིག་མཚུངས་
ཡིན་ཡང་གཏིང་ཟབ་ལོད་དང་རྒྱུན་རིང་ཐུང་གི་ཁྱད་པར་ཡོད། དབང་ཤེས་
འཁོར་བཅས་ལ་བརྟེན་པའི་ཚོར་བ་བདེ་བ་དེ་འདོད་ཡོན་ལས་བྱུང་བའི་
ཚོར་བ་བདེ་བ་དང་།
རྣམ་ཤེས་འཁོར་བཅས་ཀྱི་ཚོར་བ་བདེ་བ་དེ་བསམ་
བློའི་ལྟ་བ་ལས་བྱུང་བའི་ཚོར་བ་བདེ་བ་ཞིག་རེད།
དེར་བརྟེན་དེ་གཉིས་
སྒྲུབ་པའི ་ ཐབས་ཡན་ལག་དང་བཅས་པ་དེ ་ ཚོ ་ ཤེ ས ་ཡོན ་ལ་བརྟེ ན ་ནས་
འཐོབ་དགོས་པ་ཞིག་རེད།
དེར་བརྟེན་ཤེས་ཡོན་གྱི་དམིགས་ཡུལ་བསྡོམས་བརྒྱབ་སྟེ་བཤད་ན།
བདེ་བ་སྒྲུབ་པའི་ཐབས་ལ་མཁས་པ་དང་། སྡུག་བསྔལ་སྤོང་བའི་ཐབས་ལ་ མཁས་པ་ཡོང་རྒྱུའི་གནས་སྟངས་དེ་དགོས་ཀྱི་ཡོད། དེ་དག་ཡོང་བར་བྱེད་
པར་གོང་དུ་ཞུས་པའི་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་
གཏོད་ཀྱི་ནུས་པ་བཅས་དགོས་ཀྱི་ཡོད། དེ་བཞི་པོ་མ་ཚང་ན། མངོན་མཐོ་ 55
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དང་ངེས་ལེགས་ཀྱི་བདེ་བའམ་གནས་སྐབས་དང་མཐར་ཐུག་གཉིས་ཀའི་ བདེ་བ་ཡོངས་སུ་རྫོགས་པ་སྒྲུབ་རྒྱུར་འདང་གི་མེད། བཞིན་པ་ཞིག་གང་འདྲ་བྱས་ཏེ་ཡོང་གི་རེད་ཅེ་ན།
དེ་དག་འདང་ངེས་
གཞན་གྱི་ཤན་ཤུགས་
ཀྱི་འོག་ལ་མ་ཕྱིན་པར་རང་དབང་ཅན་གྱི་ཤེས་རབ་ཅིག་ག་དུས་ཐོབ་ཀྱང་
དེའི་སྐབས་སུ་ཡོང་བ་ཞིག་རེད།
ཕལ་ཆེར་ཤེས་ཡོན་གྱི་དགོས་དམིགས་
བཞི་པོ་བསྡོམས་བརྒྱབ་ནས་དེ་ཙམ་ལ་བཞག་ན་འགྲིག་གི་ཡོད་ཀྱི་རེད་
བསམ་གྱི་འདུག གང་ཡིན་ཞེ་ན། དེ་རིང་ཞོགས་པ་དྲི་བ་དྲིས་ལན་བྱེད་
རྒྱུའི་གོ་སྐབས་བྱུང་མེད། ད་ལྟ་འདི་ལའང་དྲི་བ་འགའ་ཤས་ཡོད་མདོག་ཁ་ པོ་རེད།
ངས་ད་ལྟ་འདིར་མཚམས་བཞག་ནས་དྲི་བ་དྲིས་ལན་བྱ་རྒྱུའི་གོ་
སྐབས་ཤིག་འབུལ་གྱི་ཡིན།
སྔོན་གྱི་བརྗོད་གཞི་དང་ད་ལྟའི་བརྗོད་གཞི་
གང་ལའང་འབྲེལ་བ་ཡོད་པའི་བཀའ་འདྲི་གནང་རྒྱུ་ཡོད་ན་གནང་རོགས་ གནང་། དྲི་བ་མང་པོ་མེད་ན་བསྐྱར་དུ་ད་ལྟའི་བརྗོད་གཞིའི་ཐོག་ལ་ཁ་སྣོན་ རྒྱག་དགོས་པ་ག་རེ་འདུག་ལྟ་ཆོག་གི་རེད་བསམ་གྱི་འདུག
56
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དྲི་བ་དྲིས་ལན།
༣
དྲི་བ། ཇིདྡཱུ་ཀྲ�ཥྞ་མཱུརྟི་ཡི་ལྟ་གྲུབ་དང་ཤེས་ཡོན་སྲིད་བྱུས་གཉིས་ལ་འགལ་བ་ཡོད་ དམ་འདྲ་པོ་ཡོད།
ལན། ཇིདྡཱུ་ཀྲ�ཥྞ་མཱུརྟི་ཡི་ལྟ་གྲུབ་དང་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་གཉིས་ མཐུན་པོ་ཡོད་དམ་ཟེར་ན།
མཐུན་པའི་ཆ་མང་པོ་ཡོད་རེད་ལབ་རྒྱུ་མ་
གཏོགས་བརྒྱ་ཆ་བརྒྱ་ཐམ་པ་མཐུན་པ་ཡོད་རེད་ཅེས་ལབ་ཀྱི་མེད། ཀྲ�ཥྞ་
མཱུརྟི་ཡི་བསམ་ཚུལ་དང་། ད་ལྟའི་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་བསམ་
ཚུལ་གཉིས་དབར་མཐུན་པའི་ཆ་ཞེ་དྲག་མང་པོ་ཡོད་རེད་ལ་མི་མཐུན་
པའི་ཆ་ཡང་ཡོད་སྲིད་པ་རེད།
ཀྲ�ཥྞ་མཱུརྟི་ཡི་རྒྱུན་གཏན་གྱི་ཡོངས་ཁྱབ་
གསལ་བསྒྲགས་གནང་རྒྱུའི་ལྟ་གྲུབ་ནང་སྲོལ་རྒྱུན་ཡོངས་སུ་རྫོགས་པར་ དགག་པ་རྒྱག་གི་ཡོད་རེད།
སྲོལ་རྒྱུན་ཡོངས་སུ་རྫོགས་པར་དགག་
པ་རྒྱག་དུས་ནང་པའི་ ལྟ་གྲུབ་ཀྱང་སྲོལ ་རྒྱུན་ནང་ཚུད་པར་སོ ང་འགལ་
ཟླ་ཆགས་པ་རེད།
ང་ཚོས་རྩ་ཆེན་བརྩི་རྒྱུའི་སྲོལ་རྒྱུན་དེ་ཀྲ�ཥྞ་མཱུརྟི་ཡི་
དགོངས་ཚུལ་ལ་འཆིང་བ་ཞིག་ཆགས་རྒྱུ་མ་གཏོགས་འགྲོལ་བའི་ཐབས་
ལམ་ཞིག་ཆགས་པར་གཟིགས་ཀྱི་མེད། ཡིན་ནའང་ཁོང་གིས་སྲོལ་རྒྱུན་
ཡོངས་རྫོགས་ལ་དགག་པ་བསྐྱོན་པའི་རིགས་པའི་འགྲོས་དེ་ཤེས་ན། ང་ ཚོས་སྲོལ་རྒྱུན་ཉམས་ལེན་བྱེད་སྟངས་ལ་དགག་པ་རྒྱག་གི་ཡོད་པ་མ་
གཏོགས་སྲོལ་རྒྱུན་གྱི་ངོ་བོ་དེར་དགག་པ་རྒྱག་གི་མེད་པ་ཤེས་ཐུབ། ཡིན་ ནའང་ཁོང་གིས་བཀའ་མོལ་གནང་སྟངས་ཀྱི་འགྲོས་ལ་བལྟས་ན། དེ་དབྱེ་ བ་ཕྱེ་ཡི་མེད་པའི་བཟོ་འདྲ་ཞིག་ཡོད་རེད། 57
ཀྲ�ཥྞ་མཱུརྟི་ཡི་གསུང་མང་ཆེ་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བའི་ནང་སྲོལ་རྒྱུན་ཡོངས་སུ་རྫོགས་པར་རྒྱུག་པ་ལེབ་རྡུང་གི་ཐོག་ནས་
དགག་པ་བསྐྱོན་རྒྱུ་སྤྱི་ཡོངས་ཀྱི་སྒྲོམ་གཞི་ལྟ་བུ་རེད།
གཞན་གཅིག་གིས་ Synthesis ཞེས་པ་གསུངས་འདུག་ཅེས་བགྲངས་སོང་
བ་དེ་ངས་ཤེས་མ་སོང་། ངའི་ཤེས་ཚོད་ལ་ཀྲ�ཥྞ་མཱུརྟི་ཡིས་ Synthesis ཡི་
སྐད་ཆ་གཅིག་ཀྱང་ཤོད་ཀྱི་མ་རེད།
Thesis, Antithesis, Synthesis
ཟེར་
བའི་འགྲོ་སྟངས་སམ་གཞུང་ལུགས་ཞིག་ཡོད་རེད། སྐད་ཆ་དེ་མང་ཆེ་ བ་ཀཱལ་མར་ཁེ་སི་(Karl
sis
Marx)
ཡི་ལྟ་གྲུབ་ནང་ཤོད་ཀྱི་ཡོད་རེད།
The-
ཡོངས་སུ་རྫོགས་པ་དེ་ Antithesis ཡིས་རྩ་མེད་བཟོས་པ་དང་། དེ་
ལ་བརྟེན་ནས་
Synthesis
ཞེས་པ་ཞིག་བསྒྲུབ་པ། གང་ལྟར་འགལ་བའི་
ཡོངས་ཁྱབ་ཀྱི་རང་བཞིན་དང་།
འགལ་བའི་ཁྱད་པར་གྱི་རང་བཞིན་
གཉིས་ཀྱི་ཐོག་ནས་གསར་བྱུང་གི་དངོས་པོ་གང་འདྲ་ཞིག་ཡིན་ཡང་འཐབ་ རྩོད་ཀྱི་འབྲས་བུ་ཡིན་པ་ཞིག་མ་གཏོགས།
མཐུན་འགྱུར་གྱི་འབྲས་བུ་
མིན་པ་བཤད་པ་དེ་ཀཱལ་མར་ཁེ་སི་ཡི་བསམ་ཚུལ་གྱི་གཞི་རྩ་འདྲ་པོ་རེད།
བྱས་ཙང་དེའི་ནང་
Synthesis
ཟེར་བའི་སྐད་ཆ་འདྲ་པོ་ཞིག་ཡོང་བ་མ་
གཏོགས། ཀྲ�ཥྞ་མཱུརྟི་ཡིས་ Synthesis ཟེར་བའི་ཚིག་དེ་བེད་སྤྱོད་བཏང་བ་
ངས་དྲན་གྱི་མི་འདུག
ཀྲ�ཥྞ་མཱུརྟི་ཡི་ལྟ་གྲུབ་ཤོད་སྐབས་སྲོལ་རྒྱུན་ཡོངས་སུ་རྫོགས་པར་དགག་
པ་རྒྱག་པ་ལ་སོགས་པའི་གནས་ཚུལ་མང་པོ་ཞིག་ང་ཚོའི་བློ་ཡུལ་དུ་ཤོང་ དཀའ་བ་དང་། ཁས་ལེན་བྱེད་དཀའ་བ། འགྲེལ་བརྗོད་བྱེད་དཀའ་བ་དེ་
འདྲ་མང་པོ་ཡོད། ཡིན་ནའང་ཁོང་གི་སྐུ་ཚེའི་རིང་རྒྱ་གར་དང་། ཡུ་རོབ། 58
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཨ་རི་གསུམ་ཀའི་ནང་ཀྲ�ཥྞ་མཱུརྟི་ཡིས་གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་བྱ་
རྒྱུ་དང་། དམིགས་བསལ་སློབ་སྦྱོང་བྱེད་སའི་སློབ་གྲྭའམ་ལྟེ་གནས་མང་
པོ་བཙུགས་ཡོད། རྒྱ་གར་རྒྱལ་ཡོངས་ནང་ཀྲ�ཥྞམཱུརྟི་ཐེབས་རྩ་ཡིས་འཛིན་ སྐྱོང་བྱས་པའི་སློབ་གྲྭ་བཅུ་གསུམ་བཅུ་བཞི་ཞིག་ཡོད་རེད།
དེ་ཚོ་ཚང་
མའི་ནང་ཕྲན་བུ་མི་འདྲ་བ་མ་གཏོགས་ཁྱོན་ཡོངས་ཀྱི་སྒྲོམ་གཞི་ཆ་ཚང་
གཅིག་པ་འདྲ་པོ་རེད། སློབ་གྲྭ་དེ་ཚོའི་ནང་རྒྱུགས་སྤྲོད་གཏོང་གི་མ་རེད། འཛིན་གྲྭའང་དོ་དམ་པོ་བྱས་ནས་དབྱེ་བ་འབྱེད་ཀྱི་ཡོད་མ་རེད།
འཛིན་
གྲྭ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་ཙམ་གྱི་བར་ཕྲུ་གུ་ཚང་མ་
མཉམ་དུ་བསྡད་ནས་སློབ་སྦྱོང་བྱེད་ཀྱི་རེད། དེ་བཞིན་སློབ་དེབ་ཀྱང་ཡོད་ མ་རེད།
ཡོད་མ་རེད།
སློབ་ཚན་གྱི་སྒྲོམ་གཞི་ཙམ་མ་གཏོགས་འཆར་གཞི་གང་ཡང་
ཡང་ཨ་ཁུ་ཨ་ནེ་ Madam)
དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་བ་བྱེད་སྟངས་དེ་ (Uncle/Aunty)
ལབ་པ་མ་གཏོགས་རྒན་ལགས་
དེ་འདྲ་གང་ཡང་ལབ་ཀྱི་མ་རེད།
(Sir/
གང་ལྟར་ཀྲ�ཥྞ་མཱུརྟི་སློབ་གྲྭ་
དེ་ཚོའི་ནང་གི་སློབ་ཁྲིད་བྱེད་སྟངས་དེ་ཚོ་ང་ཚོའི་ཤེས་ཡོན་སྲིད་བྱུས་
ཀྱི་སྙིང་དོན་དང་མཚུངས་པོ་ཞེ་དྲག་ཡོད་རེད། དྲི་བ་དང་པོ་དེ་འདྲ་ཞིག་
གིས་འགྲིགས་པ་བྱས། སྤྱིར་བཏང་ད་དུང་དེའི་སྐོར་ལ་ཤེས་འདོད་ཡོད་
ན༑ ཀྲ�ཥྞ་མཱུརྟི་སློབ་གྲྭ་དེ་འདྲ་གཟིགས་ན་ཡག་པོ་ཡོད་རེད། དེང་སང་ཁོ་
ཚོས་ཕྱི་ལོགས་ནས་དགེ་རྒན་དང་དེ་འདྲ་བ་སུ་འདྲ་ཞིག་ཡོང་མཁན་ཡོད་
ཀྱང་ཉིན་གྲངས་གསུམ་བཞི་ཙམ་གྱི་སྡོད་ས་དང་ཞལ་ལག་གྲ་སྒྲིག་བྱེད་ཀྱི་ ཡོད་རེད།
59
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དྲི་བ། བཙན་བྱོལ་ནང་གཞན་དབང་སྟབས་བསྟུན་བྱེད་དགོས་པས་སྲིད་བྱུས་དེ་
དག་ཆ་ཚང་ལག་ལེན་ལ་འཁེལ་གྱི་རེད་དམ། རྒྱུགས་སྤྲོད་ལ་གལ་ཆེན་པོ་
མ་བརྩིས་ན་དགེ་རྒན་དང་དགེ་ཕྲུག་གཉིས་ཀའི་བཟང་སྤྱོད་ཀྱི་གནས་ཚད་
འཐུས་ཤོར་འགྲོ་ཡི་མ་རེད་དམ།
ལན། དགེ་རྒན་གྱིས་དགེ་ཕྲུག་ལ་ད་ལྟའི་སློབ་ཁྲིད་བྱེད་སྟངས་ཀྱི་ལམ་སྲོལ་ཆ་ ཚང་ཚད་ལྡན་ཞིག་ལག་བསྟར་ཐུབ་པ་དང་།
དེ་དང་མཉམ་དུ་ཕྱག་ལས་
གནང་དགོས་པ་ཆ་ཚང་ཚད་ལྡན་ཞིག་གནང་ཐུབ་ན།
ད་ལྟའི་ལམ་སྲོལ་
འདིའི་ཐོག་ནས་དམིགས་ཡུལ་བཞི་པོ་དེ་དག་སྒྲུབ་ཐུབ་ཀྱི་རེད་བསམ་
པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ།
དང་པོ་ནས་ཐག་བཅད་ནས་ཞུས་ཀྱང་
འགྲིག་གི་རེད་བསམ་གྱི་འདུགང་ཚོས་ཤེས་ཡོན་སྲིད་བྱུས་དེ་ཁྱོན་ཡོངས་
ཀྱི་ཆ་ནས་དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་ཡིན་ཞེས་ལབ་ཀྱི་ ཡོད་རེད། དང་པོ་དེར་ནུས་པའམ་རྩལ་སྟོན་ས་དེ་དགེ་རྒན་ཚད་ལྡན་ཞིག་
དགོས་པ་རེད།
དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་ཟེར་དུས་དགེ་
རྒན་ཚད་ལྡན་ཞིག་མ་བྱུང་ན། སྲིད་བྱུས་དེ་དག་ལག་བསྟར་ཐུབ་རྒྱུ་མེད་ པ་དང་། སྲིད་བྱུས་དེས་ཚོད་དཔག་བྱས་པའི་གྲུབ་དོན་རྙེད་ཐུབ་ཀྱི་མེད་པ་
ཞིག་ལྟ་ཡི་ཡོད་རེད། ཡིན་ནའང་ཤེས་ཡོན་སྲིད་བྱུས་ཀྱི་ནང་ཚིག་གཞན་ ཞིག་བེད་སྤྱོད་བྱས་ཡོད་པ་དེ་ནི། འཛིན་གྲྭའི་ནང་དངོས་སུ་སློབ་ཁྲིད་བྱེད་
སྐབས་སློབ་ཕྲུག་དབུས་བཞག་གི་ལམ་སྲོལ་ཡིན་ཞེས་ལབ་ཡོད་པ་ཁྱེད་
རང་ཚོས་གཟིགས་ཡོད་ཀྱི་རེད།
ང་ཚོ འི ་ བསམ་བློ འི་ ནང་ནུབ་ཕྱོ ག ས་པའི་ ཤེ ས ་ཡོ ན ་ལམ་སྲོ ལ་གྱི་ ཤན་ 60
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཤུགས་དེ་གཏིང་ཟབ་ཅིག་ཡོད་པའི་དབང་གིས་གཟེངས་བསྟོད་དང་དམའ་
འབེབས། བྱ་དགའ་དང་ཉེས་ཆད་དེ་ཚོ་ཤེས་ཡོན་སློབ་སྦྱོང་གི་ཐབས་
ལམ་ཡག་ཤོས་ཡིན་པར་བརྩི་རྒྱུའི་བག་ཆགས་ཤུགས་ཆེན་པོ་ཞིག་ཡོད་
རེད། སྤྱིར་ནང་པའི་ལྟ་གྲུབ་དང་། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་འདིའི་ ནང་གཟེངས་བསྟོད་དང་དམའ་འབེབས། བྱ་དགའ་དང་ཉེས་ཆད་དེ་ཤེས་
ཡོན་སློབ་སྦྱོང་སྤྲོད་རྒྱུར་འགོག་རྐྱེན་མ་གཏོགས་མཐུན་རྐྱེན་ལ་ཁྱོན་ནས་ འགྲོ་ཡི་མེད་པ་གསལ་པོ་རེད། བྱ་དགའ་དང་ཉེས་ཆད་ལ་བརྟེན་ནས་སློབ་ སྦྱོང་སྤྲོད་རྒྱུ་ནི་བོང་བུར་སློབ་སྦྱོང་སྤྲོད་སྟངས་རེད།
བོ་ནེ་ཙོ་དེ་ཚོར་སློབ་སྦྱོང་སྤྲོད་སྐབས་རྒྱུག་པ་ཞིག་དང་།
དེ་མིན་ཁྱི་དང་ཨ་
བཟའ་རྒྱུ་ཞིག་
འཁྱེར་བ་སོགས་བྱེད་དགོས། ཨ་བོ་ནེ་ཙོ་ལྟ་བུ་ཡིན་ན། སི་པན་ཞིག་སྤྲད།
ཡང་རྒྱུག་པ་ཞིག་གཞུས། སི་པན་ཞིག་སྤྲད། ཡང་རྒྱུག་པ་ཞིག་གཞུས་པ་
སོགས་བྱས་ནས་ཨ་བོ་ནེ་ཙོར་སྐད་སློབ་ཀྱི་ཡོད་རེད། དེ་བཞིན་བོང་བུ་ལྟ་
བུ་ཡིན་ན་རྒྱུག་པ་གཞུ་ཡིན་གཞུ་ཡིན་རྩྭ་སྤྲོད་ཀྱིན་སྤྲོད་ཀྱིན་བྱས་ནས། བྱ་ དགའ་དང་ཉེས་ཆད། གཟེངས་བསྟོད་དང་དམའ་འབེབས་དབང་གིས་འགྲོ་
སྟངས་ཤིག་ཡོད་རེད།
དེར་བརྟེན་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ཟེར་བ་དེ་ཡང་ཐོག་མར་ག་པ་ནས་ བྱུང་བ་རེད་ཟེར་ན།
གཏན་ལ་ཕབ་པའི་སློབ་ཚན་གྱི་འཆར་གཞི་དང་།
གཏན་ལ་ཕབ་པའི་སློབ་དེབ། གཏན་ལ་ཕབ་པའི་འཛིན་གྲྭའི་ནང་གི་སློབ་
གསོ་བཅས་དེ་གསུམ་གྱི་རྗེས་ལ་ཕྲུ་གུས་ཇི་ཙམ་བློ་ལ་བཟུང་འདུག་གམ་
མི་འདུག་བལྟ་རྒྱུའི་དོན་དུ་དྲི་བ་མང་པོ་ཡོད་པའི་རྒྱུགས་སྤྲོད་ཅིག་བཏང་ 61
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ནས་འགྲོ་ཡི་ཡོད་རེད། དེས་སློབ་ཕྲུག་ཚོས་སློབ་དེབ་ག་ཚོད་བློ་ལ་བཟུང་
ཡོད་མེད་ཚོད་དཔག་བྱེད་ཐུབ་ཀྱི་རེད། ཡིན་ནའང་སློབ་ཕྲུག་དེའི་བསམ་ བློའི་གནས་ཚད་དང་། ལྷག་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་
ཇི་ཙམ་གོང་འཕེལ་ཕྱིན་ཡོད་པ། ཇི་ཙམ་ཉམས་རྒུད་ཕྱིན་ཡོད་པ། འཛིན་ གྲྭ་དང་པོའི་ནང་ལ་ཡོད་པའི་བསམ་བློའི་གནས་ཚད་དང་། འཛིན་གྲྭ་དྲུག་ པའི་ནང་ལ་ཡོད་པའི་བསམ་བློའི་གནས་ཚད་གཉིས་ལ་འགྱུར་བ་ག་རེ་
ཕྱིན་ཡོད་པ་དེ་དེང་རབས་ཀྱི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ཐོག་ནས་རྩ་བ་
ཉིད་ནས་ཚོད་དཔག་བྱེད་ཐུབ་ཀྱི་མེད། བྱས་ཙང་རྒྱུགས་སྤྲོད་ཀྱི་ལམ་
སྲོལ་དེ་སློབ་ཕྲུག་གི་ཤེས་རབ་ཀྱི་སྒོ་འབྱེད་རྒྱུ་དང་ཡར་རྒྱས་གཏོང་རྒྱུའི་ ཚབ་ལ་ཤེས་རབ་དེ་སྒྲོམ་གཞི་ལྟ་བུ་ཞིག་གི་ནང་བླུགས་ནས་དེའི་ནུས་པ་
ཆུང་དུ་གཏོང་རྒྱུའི་ཐབས་ལམ་གྱི་བཟོ་འདྲ་པོ་ཆགས་ཀྱི་ཡོད། དེ་འདྲ་ཡིན་
སྟབས་སྤྱིར་བཏང་ནས་རྒྱུགས་སྤྲོད་ཟེར་བ་དེ་དགོས་མཁོ་མེད་པ་ཞིག་
རེད། གང་ལྟར་ལོ་རིམ་གྱི་འཛིན་གྲྭ་སྤོར་གཅོག་བྱ་རྒྱུ་དང་། མཐའ་མའི་ དུས་དེར་ལག་འཁྱེར་དགོས་ཀྱི་ཡོད་སྟབས་གཞུང་གི་སྒྲིག་འཛུགས་ཡོད་
པའི་རྒྱུགས་སྤྲོད་ཅིག་གི་ནང་འགྲོ་དུས་དེའི་འགྲོ་སྟངས་ཤིག་སློབ་དགོས་ ཀྱི་ཡོད། དཔེར་ན། ཀྲ�ཥྞ་མཱུརྟི་སློབ་གྲྭ་དེ་ཚོའི་ནང་སྔོན་འགྲོའི་འཛིན་གྲྭ་
ནས་འཛིན་གྲྭ་བདུན་པའི་བར་དུ་རྒྱུགས་སྤྲོད་ཡོད་མ་རེད། དགེ་རྒན་དང་།
དགེ་ཕྲུག ཕ་མ་བཅས་ཚང་མ་གོ་བསྡུར་བྱས་ནས་འཛིན་གྲྭ་གཉིས་རེ་སྤར་ དགོས་འདུག་གམ།
འཛིན་གྲྭ་གཅིག་གི་ནང་ལོ་གཉིས་འཇོག་དགོས་
འདུག་པ་སོགས་ག་རེ་བྱེད་དགོས་མིན་བལྟས་པ་མ་གཏོགས། དངོས་སུ་ རྒྱུགས་སྤྲོད་ཀྱི་རྣམ་པ་བྱས་ནས་དེ་འདྲ་གང་ཡང་ཡོད་མ་རེད། འཛིན་གྲྭ་ 62
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
བརྒྱད་པ་དང་། བཅུ་པ། བཅུ་གཉིས་སླེབས་དུས་རྒྱལ་ཡོངས་ཀྱི་རྒྱུགས་
སྤྲོད་ཅིག་གཏོང་དགོས་ཀྱི་ཡོད་རེད། དེའི་སྐབས་སུ་སློབ་དེབ་དེ་འདྲ་ཞིག་
ཡོད་རེད། སློབ་ཚན་འདི་འདྲ་ཞིག་རེད། རྒྱུགས་སྤྲོད་གཏོང་སྟངས་ཀྱི་འགྲོ་
སྟངས་དེ་འདྲ་རེད།
རྒྱུགས་ཤོག་འདི་འདྲ་ཞིག་ཡོང་གི་རེད་ཅེས་ངོ་སྤྲོད་
བྱས་པ་མ་གཏོགས། སློབ་ཕྲུག་རང་རང་སོ་སོ་རྒྱུགས་འཕྲོད་དང་མ་འཕྲོད་
གང་འདྲ་ཞིག་ཡིན་རུང་། རྒྱུགས་སྤྲོད་བྱེད་སྟངས་ཀྱི་ཐོག་ལ་དམིགས་སུ་
བཀར་ནས་ཟབ་སྦྱོང་དང་སྦྱོང་བརྡར་དེ་འདྲ་གང་ཡང་སྤྲོད་ཀྱི་ཡོད་མ་རེད། ཡིན་ནའང་སློབ་ཕྲུག་དེ་ཐོན་འགྲོ་ཡི་ཡོད་རེད།
གང་ཡིན་ཞེ་ན་དེབ་བྱེ་
བྲག་པ་ཞིག་བློ་འཛིན་བྱེད་རྒྱུར་འབད་བརྩོན་བྱ་རྒྱུའི་ཚབ་ལ་བསམ་བློའི་
ནུས་པ་གོང་མཐོར་བཏང་ནས་དེབ་མང་པོའི་ནང་དུ་ཡོད་པའི་ནང་དོན་དེ་ ཚོ་རང་སྟོབས་ཀྱིས་ཤེས་ཐུབ་པ་དང་།
བསྐྲུན་པའི་ཐབས་ཤེས་བྱེད་ཀྱི་ཡོད་རེད།
ངེས་པར་བྱེད་ཐུབ་པའི་ནུས་པ་
དེ་འདྲ་ཡིན་སྟབས་ད་ལྟ་གོང་
དུ་ཞུས་པ་བཞིན་ཤེས་ཡོན་གྱི་ལམ་སྲོལ་དེའི་གནད་དོན་ཡོངས་སུ་རྫོགས་ པ་རྟོ ག ས་པའི ་ ཐོ ག ་ནས་དགེ ་ རྒན་གྱི ས ་དེ ་ དག་ལག་ལེ ན ་ཚུལ་བཞི ན ་
བསྟར་ཐུབ་ན་ཞན་ཆ་གང་ཡང་ཡོ ད ་མ་རེ ད ་བསམ་གྱི ་ འདུགལག་ལེ ན ་ ཚུལ་བཞིན་བསྟར་མ་ཐུབ་ན། སྔ་མོའི་ལུགས་སྲོལ་གྱི་དོ་དམ་པོའི་རྒྱུགས་
སྤྲོད་གཏོང་རྒྱུ་མེད་པར་བཟོས་པ་དེ་གྱོང་གུན་ཆགས་ཀྱི་མ་རེད་དམ་ཞེ་ ན༑ གལ་སྲིད་ང་ཚོས་ལམ་སྲོལ་འདིའི་ཐོག་ནས་ཤེས་ཡོན་སྤྲོད་རྒྱུའི་ཚད་
གཞི་བརྒྱ་ཆ་བརྒྱ་མ་ལོང་པའི་ཞན་ཆ་བྱུང་ཡང་། སྔོན་མའི་སྒྲོམ་གཞི་དམ་
པོ་དེ་གློད་བཞག་པ་དེ་མཐར་ཐུག་ལ་ཁེ་ཕན་ཞིག་མ་གཏོགས་གྱོང་གུན་ གང་ཡང་ཡོ ད ་མ་རེ ད ་བསམ་གྱི ་ འདུགཡི ན ་ནའང་དེ ་ ནི ་ ད་ལྟའི ་ ང་ཚོ འི ་ 63
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དཀའ་ངལ་མ་རེད། ད་ལྟའི་ང་ཚོའི་དཀའ་ངལ་ནི་དགེ་རྒན་དང་། ཕྲུ་གུ། ཕ་
མ་གསུམ་ཀའི་བསམ་བློའི་གནས་ཚད་ནང་སྒྲོམ་གཞི་མེད་པའི་སློབ་སྦྱོང་ གི་ལམ་སྲོལ་དེ་འཇུ་ཐུབ་ཀྱི་མེད། དེ་འཇུ་མ་ཐུབ་པའི་དབང་གིས་བསམ་
བློའི་ནང་ཙམ་མ་ཟད་དངོས་སུ་ལག་ལེན་བསྟར་བའི་སྐབས་སུའང་དཀའ་ ངལ་ཡོང་གི་ཡོད་རེད་བསམ་གྱི་འདུག
དྲི་བ། ཤེས་ཡོན་གྱི་ངོ་བོ་གཞིར་བཞག་ཐོག་ང་ཚོ་བོད་པའི་དགེ་རྒན་ཚོར་མཚན་
ཉིད་ཚང་ཡོད་དམ་མེད། དེའི་སྐོར་ལ་རིན་པོ་ཆེའི་དགོངས་ཚུལ་གང་འདྲ་ ཡོད་དམ།
ལན། དྲི་བ་འདིར་ངས་ལན་རྒྱག་ཐུབ་པ་མི་འདུག དེ་ནི་སོ་སོས་ཞིབ་འཇུག་བྱེད་ རྒྱུ་ཞིག་རེད། ཤེས་ཡོན་གྱི་ངོ་བོ་ད་ལྟ་བཤད་པ་ལྟར་བྱས་ན། ད་ལྟའི་དགེ་
རྒན་ཚོར་དེའི་གནས་ཚད་ལོང་གི་ཡོད་རེད་དམ་ལབ་ན།
དེ་ནི་ངས་ཕྱི་
ལོགས་ནས་མིའི་གདོང་ལ་བལྟས་ནས་གནས་ཚད་ལོང་གི་ཡོད་རེད་ལོང་
གི་ཡོད་མ་རེད་ཅེས་ལབ་ཐུབ་པ་མེད། དེ་ལས་རང་བློ་རང་ལ་ལྐོག་ཏུ་མི་
གྱུར་པ་ཡིན་སྟབས་སོ་སོས་དེ་ལོང་གི་འདུག་གམ་མི་འདུག་གཟིགས་པ་
དྲི་བ།
མ་གཏོགས་དྲི་བ་འདྲི་རྒྱུ་ཡོད་མ་རེད་བསམ་གྱི་འདུག
སློབ་སྡེ་མང་པོ་ཞིག་ནས་དགེ་རྒན་མང་པོ་ཞིག་ཟབ་སྦྱོང་འདི་འདྲ་ཞིག་
ལ་ཡོང་གི་ཡོད་རེད་དེ།
མང་ཆེ་བ་ཞིག་སློབ་གྲྭ་སོ་སོའི་ནང་ལོ་གཉིས་
གསུམ་ལས་མ་བཞུགས་པར་ཕྱི་ལ་ཕེབས་ཀྱི་འདུགཐབས་ཤེས་གང་ཡང་ མི་འདུག བོད་ནས་ཕེབས་མཁན་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྲིད་བྱུས་ གསར་པ་དེ་དགོས་ཀྱི་འདུག་བསམ་གྱི་འདུག 64
གང་ལགས་ཟེར་ན་ཁོང་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཚོར་སེམས་ཤུགས་དེ་འདུགགཞིས་ཆགས་ཁག་ནས་ཕེབས་མཁན་ཚོར་
ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་སྤེལ་བ་ཡིན་ན་ཕན་མ་ཐོགས་པའི་བཟོ་ འདྲ་ཞིག་མཐོང་གི་འདུག ཡོད་དམ།
དེའི་ཐོག་ལ་རིན་པོ་ཆེར་དགོངས་ཚུལ་ག་རེ་
ལན། དགེ་རྒན་ཡང་ཡང་འཕོས་འགྲོ་བ་དེ་སློབ་གྲྭའི་ཤེས་ཡོན་གྱི་ཡར་རྒྱས་ལ་
བར་ཆད་དང་གནོ ད ་ཚབས་ཡོ ད ་པ་དངོ ས ་ཡོ ད ་ཀྱི ་ གནས་སྟངས་རེ ད །
ཡིན་ནའང་ད་ལྟ་ང་ཚོས་གཞིས་ལུས་དང་བཙན་བྱོལ་གྱི་སྤྱི་ཚོགས་གཉིས་ ཀའི་ནང་ཞིབ་ཚགས་པོ་གཟིགས་ན། བར་བརྒལ་གྱི་དུས་ཚོད་ངེས་བརྟན་ མེད་པ་ཞིག་གི་ནང་འགྲིམ་གྱི་ཡོད་དུས།
ད་ལྟ་ལས་བྱེད་དང་དགེ་རྒན་
གསར་པའི་ནང་གཞི་ནས་འཛུལ་མཁན་ཡིན་ནའང་འདྲ། ད་ལྟ་གཞི་རིམ་
དང་མཐོ་རིམ་སློབ་གྲྭ་ཁག་ཏུ་ཡོད་མཁན་གྱི་ན་གཞོན་ཚོ་ཡིན་ནའང་འདྲ།
དེ་ཚོ་ཚང་མའི་བསམ་བློའི་ནང་ངེས་བརྟན་མེད་པའི་བློ་ཡི་འགྱུར་བ་ཆེན་ པོ་ཞིག་ཡོད་བསྡད་པ་དེ་དངོས་ཡོད་གནས་ཚུལ་རེད། དེར་གདོང་ལེན་བྱ་
རྒྱུ་ཕྱོགས་གཅིག་ནས་དཀའ་ལས་ཁག་པོ་རེད། ཕྱོགས་གཞན་ཞིག་ནས་
གང་ཟག་སྒེར་མི་རེ་ངོ་རེས་དེའི་ཐོག་ལ་ལྟ་སྟངས་ཤིག་དང་གདོང་ལེན་ བྱ་རྒྱུའི་ཐབས་ལམ་བཙལ་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་
འདུག དེ་ངས་ཚིག་གི་ནང་གསལ་པོ་བྱས་ནས་ཞུ་ཐུབ་ཀྱི་མི་འདུག་ཀྱང་། དེ་འདྲའི་བར་བརྒལ་གྱི་དུས་ཚོད་ནང་འགྲོ་མཁན་གྱི་མི་རིགས་གཞན་མང་
པོའི་གནས་བབས་ལ་ང་ཚོས་གཟིགས་དགོས་པ་ཞིག་རེད་བསམ་གྱི་འདུག
ང་ཚོ་བོད་པའི་སྤྱི་ཚོགས་དང་མཉམ་དུ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ 65
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཚོགས་སྲུང་མཁན་གྱི་ངོས་ནས་དྲང་བདེན་མ་ཡིན་པའི་དཀའ་སྡུག་འཕྲད་ བཞིན་པ་མང་པོ་ཡོད་རེད།
རྒྱ་ནག་རང་གི་གཞི་རིམ་མི་མང་ལ་བལྟས་
ཀྱང་བློ་ཁ་ཁེངས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་སྡོད་མཁན་ བརྒྱ་ཆ་ཞེ་དྲག་ཉུང་ཉུང་རེད།
མང་ཆེ་བ་བཙན་དབང་དང་དྲག་གནོན་ལ་
མ་བཟོད་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད་མཁན་ཤ་སྟག་རེད། ལེ་སི་ཊེན་
(Palestine)
ཨཕ་གཱནི་སྟན།
དང་། ཨི་སི་རེལ།
(Afghanistan)
ཨི་རག
(Israel)
(Iraq)
ཀཤྨཱིར།
པ་
(Kashmir)
དེ་དང་ཕྱོགས་མཚུངས་
ཨཕ་རི་ཁ་ (Africa) དང་། བྱང་ཨཕ་རི་ཁ། (North Africa) དབུས་ཨེ་ཤི་
ཡ༑
(Central Asia)
མང་པོ་ཞིག་གི་ནང་ཆབ་སྲིད་དང་། སྤྱི་ཚོགས་དཔལ་
འབྱོར་གྱི་འགྱུར་འགྲོས་འདྲ་མིན་ཞིག་གི་འོག་ནས་མི་སྤྱི་དང་། ལྷག་པར་
དུ་ན་གཞོན་ཚོའི་བསམ་སྤྱོད་ཀྱི་གནས་བབས་བརྟན་ལྷིང་མེད་པའི་དཀའ་ ངལ་མང་པོ་ཞིག་གི་འོག་ནས་འགྲིམས་བསྡད་པ། འཇིག་རྟེན་ཁྱོན་ཡོངས་
ཀྱི་གནས་སྟངས་བསྡོམས་བརྒྱབ་པའི་དཀྱིལ་ནས་ང་ཚོའི་གནས་སྟངས་
དེ ་ གང་འདྲ་བྱས་ཏེ ་ ངོ ས ་འཛི ན ་ནམ་གདོ ང ་ལེ ན ་བྱེ ད ་དགོ ས ་ཀྱི ་ འདུག་
གཟིགས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ནུབ་ཕྱོགས་ལ་འགྲོ་ རྒྱུར་ཧེབ་ལངས་པའི་བསམ་ཚུལ་དེ་ཡོང་རྒྱུ་བསྡད་པའི་བཅུ་ཕྲག་ཁ་ཤས་ ཀྱི་ནང་བཀག་ཐུབ་པ་ཞིག་དང་། ཉུང་དུ་འགྲོ་བའི་རེ་བ་བྱེད་ཁག་པོ་རེད་
བསམ་གྱི་འདུག
ཡིན་ནའང་ད་ལྟའི་གནས་སྐབས་ལ་འཇིག་རྟེན་ཁྱོན་ཡོངས་ཀྱི་མི་འབོར་
དང་། དཔལ་འབྱོར། ཆབ་སྲིད། སྤྱི་ཚོགས་གཞིའི་འགྱུར་འགྲོས་མངོན་ 66
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གསལ་དོད་པོ་དང་མངོན་གསལ་དོད་པོ་མ་ཡིན་པའི་ཕྱོགས་གཉིས་ཀའི་ ཆ་ནས་འགྱུར་བ་རླབས་ཆེན་ཞིག་འགྲོ་ཡི་ཡོད་རེད། དེ་ཚོ་ཚང་མའི་ནང་
ནས་ད་དུང་ཉེན་ཚབས་ཆེ་ཤོས་དེ་ཁོར་ཡུག་གི་འགྱུར་འགྲོས་རེད། སའི་
གོ་ལའི་ཚ་དྲོད་ལ་བལྟས་ན་ལོ་ས་ཡ་ཁ་ཤས་ཀྱི་ནང་བྱུང་མྱོང་མེད་པའི་ ཚ་དྲོད་ཀྱི་འཕར་ཚབས་ཆེ་ཤོས་ཤིག་འདས་པའི་ལོ་གཅིག་གཉིས་ནང་
ཡོང་བཞིན་པའི་གནས་སྟངས་ཤིག་ར་འཕྲོད་ཀྱི་ཡོད་སྟབས་དེ་འདྲ་བའི་
འཁྲུག་ཆ་དོད་པོའི་ནང་ནས་ང་རང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་
ཆུང་ཆུང་ཞིག་ཡོད་པ་དེ་གང་འདྲ་བྱས་ཏེ་ཆིག་སྒྲིལ་ཐོག་བཞག་ཐུབ་པ་
དང་། གང་འདྲ་བྱས་ཏེ་ལངས་ཕྱོགས་ཡག་པོ་ཞིག་གི་ཐོག་ལ་འཁྲིད་ཐུབ་
རྒྱུ་དེ་ཁྱོན་ཡོངས་ཀྱི་ཐོག་ནས་དགོངས་པ་གཏིང་ཟབ་བཞེས་དགོས་པ་
གལ་ཆེན་པོ་ཆགས་ཡོད་རེད་བསམ་གྱི་འདུག
སྤྱིར་བཏང་ང་ཚོ ས ་ཧོབ ་དེ་ ཁ་ལ་ལྟ་དུས་དབུས་ཀྱི་ སྒྲིག་འཛུགས་སམ་ བཙན་བྱོལ་བོད་གཞུང་ལྟ་བུར་མཚོན་ན། དེའི་འགན་དང་བྱེད་སྒོ་ཆེ་ཤོས་
ཤིག་ཡོད་དགོས་པའི་བཟོ་འདྲ་ཞིག་ཡོད་ཀྱང་། དངོས་ཡོད་གནས་སྟངས་
ཀྱི་ཆ་ནས་མི་རབས་གསར་པའི་བསམ་བློའི་འགྲོ་ཕྱོགས་འཁྲིད་རྒྱུར་དགེ་
རྒན་དང་ཕ་མ་གཉིས་འབྲེལ་བ་ཡོད་པའི་སྡེ་ཚན་ཆེ་བ་ཞིག་ཆགས་ཡོད་
རེད་བསམ་གྱི་འདུག དབུས་ཀྱི་འཛིན་སྐྱོང་གིས་སྲིད་བྱུས་ལམ་སྟོན་ཙམ་
བྱེད་པ་མ་གཏོགས་ཉིན་རེའི་དངོས་ཡོད་གནས་ཚུལ་དེ་ཚོ་དགེ་རྒན་དང་
ཕ་མ་མཉམ་རུབ་ཀྱི་ཐོག་ནས་ཕྲུ་གུའི་བསམ་སྤྱོད་ལ་བཟོ་ལྟ་ཞིག་བཟོ་མ་ ཐུབ་ན། འཛིན་སྐྱོང་དང་སྒྲིག་འཛུགས་ཀྱི་འོག་ནས་ནུས་པ་འཐོན་རྒྱུ་ཁག་ 67
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པོ་རེད་བསམ་གྱི་འདུག ཕྲུ་གུའི་ནང་སློབ་སྦྱོང་ལ་དོ་སྣང་ཡོད་པ་དང་མེད་
པ༑ སྤྱོད་ལམ་ཡག་པོ་ཡོད་པ་དང་མེད་པ། རིག་པ་རྣོ་པོ་དང་རྟུལ་པོ། མི་
སྤྱོད་འཇམ་པོ་དང་རྩུབ་པོ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དེ་ལྡོག་ཏུ་མེད་
པའི་དངོས་པོའི་གཤིས་ལུགས་ཤིག་རེད།
དེ་ཡོང་གི་ཡོད་པ་ཆ་གཞག་
རྒྱུ་རེད། ཞན་ཆ་དེ་ཚོ་གང་འདྲ་བྱས་ཏེ་སེལ་དགོས་ཀྱི་ཡོད་རེད། ལེགས་
ཆ་དེ་ཚོ་གང་འདྲ་བྱས་ཏེ་སྒྲུབ་དགོས་ཀྱི་ཡོད་རེད། དེ་དག་དགེ་རྒན་དང་ ཕ་མ།
ལྷག་པར་དུ་དགེ་རྒན་གྱི་ཐོག་ལ་འགན་ཞིག་སླེབས་དུས་སྔོན་མ་
ཡིན་ན་ཡག་པོ་ཡོད།
ད་ཆ་ཡག་པོ་མི་འདུག་ཅེས་སེམས་ཤུགས་ཆག་
ནས་བསྡད་པས་ཕན་ཐོགས་ཡོད་མ་རེད་བསམ་གྱི་འདུག
དེ་ལས་དགེ་
རྒན་དང་། སློབ་ཕྲུག ཕ་མ་སྒེར་སོ་སོས་སྔོན་མ་ཡག་པོ་ཡོད་པའི་རྒྱུ་རྐྱེན་
ག་རེ་ཆགས་འདུག ད་ལྟ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་ག་རེ་རེད་འདུག དེའི་
ཐོག་ལ་ཞིབ་འཇུག་བྱས་པའི་རྗེས་ལ་ལེགས་པའི་རྒྱུ་རྐྱེན་དེ་ཚོ་བསྒྲུབ་རྒྱུ་
དང་། ཉེས་པའི་རྒྱུ་རྐྱེན་དེ་ཚོ་སྤང་རྒྱུའི་ཐབས་ལམ་བཙལ་དགོས་པ་ཞིག་ རེད་བསམ་གྱི་འདུག
འཛིན་སྐྱོང་དང་སྒྲིག་འཛུགས་དང་འབྲེལ་བ་ཡོད་
པའི་དགོངས་འཆར་དེ་ཚོར་ངས་ལན་ཞུ་ཤེས་ཀྱི་མ་རེད་ལ་ཞུ་དགོས་པ་ གང་ཡང་ཡོད་མ་རེད་བསམ་གྱི་འདུག
དྲི་བ། ང་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་སྲིད་བྱུས་དེ་སློབ་གྲྭ་ཚང་ མའི་ནང་ལག་བསྟར་བྱེད་ཐུབ་ཀྱི་ཡོད་མ་རེད།
ད་ལྟའི་ཤེས་ཡོན་སྤྲོད་
པའི་དམིགས་ཡུལ་ཟེར་བ་དེ་ད་ལྟའི་འཛིན་གྲྭ་བདུན་པའི་སློབ་ཚན་ནང་
ལ་ཡིན་པ་ཡིན་ན། སློབ་ཚན་དང་པོ་རང་ལ་༸རྒྱལ་བ་རིན་པོ་ཆེའི་བཀའ་ 68
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སློབ་དང་ཤེས་ཡོན་སྤྲོད་པའི་དགོས་དམིགས་གཙོ་བོ་ཞེས་པ་དེ་བཞག་ ཡོད། ཤེས་ཡོན་སྤྲོད་པའི་དམིགས་ཡུལ་ཟེར་བ་དེ་ད་ལྟ་ང་ཚོའི་སློབ་གྲྭ་
ཁག་གི་བོད་ཡིག་སློབ་དེབ་ཀྱི་མགོ་ལ་བཞག་པ་ཡིན་ན་སྐྱོན་ཡོད་དམ།
དཔེར་ན། ང་རང་ད་བར་སློབ་གྲྭའི་ནང་ལོ་བཅུ་གཅིག་ཙམ་དགེ་རྒན་བྱས་
པའི་ཉམས་མྱོང་ལ་བལྟས་ན། དགེ་རྒན་ཚོས་ཧ་ལམ་ཤེས་ཡོན་སྤྲོད་པའི་
དམིགས་ཡུལ་དེ་མཁྱེན་གྱི་མི་འདུག ང་ཚོས་སློབ་སྦྱོང་སྤྲོད་པའི་དམིགས་ ཡུལ་དེ་མ་ཤེས་ན། བཟང་སྤྱོད་ཐོག་འཐུས་ཤོར་འགྲོ་ཡི་འདུག་བསམ་གྱི་ འདུགགང་ཡིན་ཟེར་ན། ཤེས་ཡོན་སྤྲོད་པའི་དམིགས་ཡུལ་དེ་མ་ཤེས་ན།
དགེ་རྒན་མང་པོ་ཞིག་གིས་སློབ་ཚན་དེ་མི་ཚེ་སྐྱལ་རྒྱུའི་སྟེང་ལ་ཐབས་
ཤེས་བྱས་པ་ཙམ་མ་གཏོགས་བསམ་བློ་གཞན་མ་འཁོར་བར་ལུས། ཕ་
མས་ཀྱང་ད་ག་རང་བྱས། དགེ་རྒན་གྱིས་ཀྱང་ད་ག་རང་ལབ། ངའི་བསམ་ པར། ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་ལེན་བསྟར་མ་ཐུབ་ཀྱང་། སློབ་
དེབ་ཀྱི་སྒང་ལ་ཤེས་ཡོན་སྤྲོད་པའི་དགོས་དམིགས་དེ་བཞག་ནས་དེའི་ངོ་
སྤྲོད་བྱ་རྒྱུ་དང་། དེ་ནས་༸གོང་ས་མཆོག་གི་བཀའ་སློབ་ཁྲིད་ན་སྐྱོན་གང་ ཡོད་དམ།
ལན། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དམིགས་ཟེར་བ་དེ་སློབ་དེབ་སོ་སོའི་
མགོ་ལ་བརྒྱབ་ན་ཡག་པོ་ཡོད་དམ་ཞེས་པའི་དགོངས་འཆར་གནང་བ་
དེ༑ དེ་རྒྱག་མི་ཆོག་པ་གང་ཡང་ཡོད་མ་རེད། བརྒྱབ་ན་གཅིག་བྱས་ན་
དགེ་མཚན་ཡོད་མདོག་ཁ་པོ་རེད།
ཡིན་ནའང་སློབ་དེབ་ཟེར་བ་དེ་ལོ་
ལྟར་རེ་བཞིན་པར་སྐྲུན་བྱ་རྒྱུའི་གནས་སྟངས་ཤིག་མ་རེད། གསར་པ་དེ་ 69
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འདྲ་པར་སྐྲུན་བྱེད་པའི་སྐབས་སུ་བརྒྱབ་ན་འགྲིག་གི་རེད། དེ་ལྟར་མ་ཡིན་
རུང་སློབ་ཕྲུག་ཚང་མའི་བསམ་བློའི་ནང་དམིགས་ཡུལ་དེ་བརྟག་དཔྱད་
བྱ་རྒྱུའི་ཆེད་དགེ་རྒན་སོ་སོས་སློབ་ཐུབ་ན། སུ་གང་གིས་དགག་བྱ་བྱེད་ མཁན་ཡོད་མདོག་ཁ་པོ་མ་རེད། ནག་པང་ཐོག་ལ་བྲིས་ནས་སློབ་ཕྲུག་ལ་
བཤུ་བཅུག་པ་ཡིན་ནའང་འགྲིག་གི་རེད། དུས་ནས་དུས་སུ་དེའི་ཐོག་ནས་ བཀའ་སློབ་གནང་བ་ཡིན་ནའང་མ་འགྲིག་པ་གང་ཡང་ཡོད་མ་རེད་བསམ་ གྱི་འདུག ད་ལྟ་དགོངས་འཆར་གསུམ་གྱི་མངོན་འདོད་འདྲ་པོ་ག་རེ་མཚོན་
གྱི་ཡོད་རེད་ཅེ་ན། ན་གཞོན་གྱི་སྤྱི་ཚོགས་ཀྱི་ནང་དང་། ལྷག་པར་དུ་སློབ་
གྲྭ་འགྲིམ་བཞིན་པའི་སྤྱི་ཚོགས་ཀྱི་ནང་། དེ་ཡང་དགེ་རྒན་དང་། ཕ་མ།
སློབ་ཕྲུག་གསུམ་ཀའི་བསམ་བློའི་གནས་བབས་ཀྱི་ཐོག་ལ་འགྱུར་བ་རླབས་
ཆེན་ཞིག་འགྲོ་ཡི་ཡོད་པ་དེ་གསལ་པོ་ཆགས་པ་རེད་བསམ་གྱི་ཡོད།
དེ ་ འདྲ་བའི ་ འགྱུར་བ་རླབས་ཆེ ན ་འགྲོ་བའི ་ སྐབས་སུ་གང་འདྲ་བྱས་ཏེ ་ གདོང་ལེན་བྱེད་དགོས་པ་དེ་ཡང་དགེ་རྒན་དང་། ཕ་མ། སྒྲིག་འཛུགས་ ཁྱོན་ཡོངས་ཀྱི་ཕྱོགས་ནས་ཞིབ་འཇུག་གནང་དགོས་པ་ཞིག་རེད། ལྷག་ པར་དུ་དགེ ་ རྒན་སོ ་ སོ འི ་ སྐབས་བབ་ཀྱི ་ མཛད་ཕྱོ ག ས་ཐོ ག ་ངས་དཔེ ་
མཚོན་ལྟ་བུ་ཞིག་ཞུས་ན། སློབ་ཕྲུག་ཚོར་སློབ་ཚན་དང་སློབ་སྦྱོང་གི་ཐོག་
ལ་དོ་སྣང་མི་འདུག་གསུངས་པ་དེ་སྔོན་མ་ཡང་གསུང་མཁན་ཡོད་རེད།
ད་ལྟ་ཡང་གསུང་མཁན་ཡོད་རེད། མ་འོངས་པར་ཡང་གསུང་མཁན་ཡོང་
གི་རེད་བསམ་གྱི་འདུགཡིན་ནའང་སློབ་ཕྲུག་དེ་ཚོ་སྐྱེ་བ་ལེན་པ་ཙམ་ནས་
སློབ་ཚན་དང་སློབ་སྦྱོང་ལ་དོ་སྣང་ཡོད་པ་ཞིག་ཡོང་རྒྱུ་ཁག་པོ་རེད། སྐྱེས་ 70
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྟོབས་ཀྱི་གོམས་པ་ཡོད་པ་དེ་འདྲ་ཡོང་སྲིད་པ་རེད། ཡིན་ནའང་དོ་སྣང་ དེ་སུས་བསྐྲུན་དགོས་རེད། སློབ་ཕྲུག་གི་རྒྱུད་ལ་སྤྲོ་བ་དང་དོ་སྣང་སླེབས་
པའི་ཐབས་ཤེས་དེ་སུས་བྱེད་དགོས་རེད། དྲི་བ་དེ་དགེ་རྒན་སོ་སོས་སོ་ སོར་འདྲི་དགོས་རེད་བསམ་གྱི་འདུག་མ་གཏོགས།
ཕ་མས་བྱེད་ཐུབ་པ་
ཁག་པོ་རེད་ལ་འཛིན་སྐྱོང་གིས་དེ་བས་ཀྱང་བྱེད་ཐུབ་པ་མེད། སློབ་ཕྲུག་
གི་དོ་སྣང་དང་བརྩོན་འགྲུས་གོང་འཕེལ་གཏོང་རྒྱུ་དེ་དགེ་རྒན་རང་གིས་
ཐུན་མོང་མ་ཡིན་པའི་ལས་འགན་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག
ད་ལྟ་ཉི ན ་རྒྱབ་གྱི ་ བརྗོ ད ་གཞི ར ་དགེ ་ རྒན་གྱི ་ ལས་འགན་ཞེ ས ་བཞག་
འདུག་པ་དེ འི ་སྐབས་སུ་ང་ཚོ ་ ཏན་ཏན་བཀའ་བསྡུར་ཡོ ང་མདོ ག་ཁ་པོ ་ རེད། དེ་འདྲ་ཡིན་པས་དགེ་རྒན་གྱི་ལས་དོན་དེ་དེབ་ལ་བལྟ་རྒྱུ་དང་། ཟབ་ སྦྱོང་གི་ནང་ནས་སྒྲུབ་རྒྱུ། སྲིད་བྱུས་ཀྱི་ཕྱག་དཔེའི་ཐོག་ནས་བསྐྲུན་རྒྱུ་ཞེ་ དྲག་ཁག་པོ་རེད། ཉིན་རེ་ཉིན་རེར་སློབ་ཕྲུག་མི་འདྲ་བ་མི་རེ་ངོ་རེར་ལྟོས་
ནས་སྐབས་དང་དུས་དང་སློབ་ཕྲུག་གི་ཁམས་དང་བསམ་པ་དང་བག་ལ་ ཉལ་བ་ཚང་མར་གཟིགས་ནས་ཐབས་ལམ་དང་འབད་བརྩོན་གསར་པ་ མང་པོ་གནང་ཐུབ་དགོས་པ་དང་། གནང་རྒྱུའི་འབད་བརྩོན་གནང་དགོས་
པ་གལ་ཆེན་པོ་རེད་བསམ་གྱི་ཡོད་པ་དེ་ངའི་བསམ་ཚུལ་གྱི་བཟོ་འདྲ་ཞིག་ རེད། །
71
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
༄༅། །ཤེས་ཡོན་སློབ་སྦྱོང་སྤྲད་དེ་མི་ཚེ་དོན་ལྡན་དང་བྱིས་ པ་གསོ་སྐྱོང་སྐོར་སྩལ་བའི་བཀའ་སློབ།
1
༄༅། །དྷརྨ་ས་ལའི་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན། ལས་ བྱེད། སློབ་ཕྲུག་ཡོངས་སུ་རྫོགས་པ་དང་། སཾབྷོ་ཊའི་སྤྱི་ཁྱབ་འགན་འཛིན་
གྱིས་དབུས་པའི་མཛད་གཙོ་རྣམ་པ། ཕ་མའི་ཚོགས་ཆུང་གི་ལས་བྱེད་དང་ མཛད་གཙོ་རྣམ་པ། གཞན་ཡང་སྐུ་མགྲོན་རྣམ་པ་བཅས་ཚང་མར་དེ་རིང་
ཁྱེད་རང་ཚོས་ངའི་སྐྱེས་ཚེས་དགའ་སྟོན་གྱི་མཛད་སྒོ་རྒྱས་པོ་ཞིག་གྲ་སྒྲིག་
གནང་བ་དང་བསྟུན་ནས།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནས་
ཚུལ་ཁ་ཤས་ཞུ་རྒྱུའི་གོ་སྐབས་གནང་བ་དེ་ཡག་པོ་རེད། ལྷག་པར་དུ་སློབ་
ཕྲུག་ཚོས་ཚོར་བ་ཆེན་པོའི་ཐོག་ནས་རྩོམ་འབྲི་བྱེད་རྒྱུ་དང་། ཞབས་གཞས་ འཁྲབ་རྒྱུ། དེ་བཞིན་ཁྱེད་རང་ཚོའི་ནང་གི་བསམ་པའི་འཆར་སྣང་དེ་ཚོ་རི་
མོའི་སྒྱུ་རྩལ་སྣ་ཚོགས་ཀྱི་ལམ་ནས་ཤིས་ཤོག་བཟོས་གནང་བར་དགའ་ཚོར་ 1. ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ ཉིན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་རྟེན་འབྲེལ་གྱི་མཛད་སྒོར་མེས་དབོན་གཙུག་
ལག་དཔེ་སྟོན་སློབ་གྲྭའི་དགེ་སློབ་དང་ཕ་མ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲད་དེ་མི་ཚེ་དོན་
ལྡན་ངང་བསྐྱལ་རྒྱུ་དང་བྱིས་པ་གསོ་སྐྱོང་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་བ། 72
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཆེན་པོ་བྱུང་བས་ཚང་མར་ཡི་རང་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྐྱེས་ ཚེས་ལ་སྲུང་བརྩི་དང་མཛད་སྒོ་གྲ་རྒྱས་པོ་བྱེད་རྒྱུ་དེ་ཚོ་སྔ་རབས་བོད་ཀྱི་
ལམ་སྲོལ་ལ་དེ་ཙམ་མེད། བླ་མ་རྣམ་པ་ཚོས་མཛད་པ་འཕྲིན་ལས་རྒྱ་ཆེན་
པོ་བསྐྱངས་པའི་དུས་ཚེས་དང་བསྟུན་ནས་མཛད་ཆེན་ཚུགས་པ་དཔེར་ ན་༸རྗེ ་ རི ན ་པོ ་ ཆེ ་ ལྟ་བུ་ཡི ན ་ན་༸རྗེ ་ རི ན ་པོ ་ ཆེ འི ་ མཛད་ཆེ ན ་བཞི ་ ལ་
སོགས་པ་དེ་འདྲའི་ཐོག་ནས་དྲན་གསོ་ཞུ་རྒྱུ་དང་། འདས་པའི་ཚེས་གྲངས་ ལ་འདས་མཆོད་བྱེད་རྒྱུ་དེ་ཚོ་སྔོན་མ་ནས་ཡོད། ཡིན་ནའང་ས་ག་ཟླ་བའི་ ཚེས་ ༡༥ འདི་དུས་ཆེན་གསུམ་འཛོམས་ཞེས་སངས་རྒྱས་སྐུ་བལྟམས་པ་
དང་། མངོན་པར་རྫོགས་པ་སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་
ཆེན་གསུམ་ག་མཉམ་དུ་བརྩིས་ནས་འཁྲུངས་ཚེས་ལྟ་བུར་སྲུང་བརྩི་ཞུ་ཡི་ རེད། ཕྱི་ལོ་ ༡༩༥༩ བར་དུ་བོད་མི་ཚོས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་
གྱི་འཁྲུངས་ཚེས་དེ་བོད་ཟླ་ ༥ ཚེས་ ༥ ཉིན་འཆར་ཅན་སྲུང་བརྩི་ཞུས་པ་ དང་།
དེར་བོད་ལུགས་ལ་འཁྲུངས་ཚེས་མ་ཡིན་པར་འཁྲུངས་ལྷ་དབྱར་
གསོལ་ཞེས་ཞུ་ཡི་ཡོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། བཅུ་ བཞི་པ་གཉིས་ཀའི་འཁྲུངས་ཚེས་དུས་ཚོད་གཅིག་ལ་འཁེལ་བ་རེད། བོད་ ཟླ་ ༥ ཚེས་ ༥ དེ་གྲངས་ཀའི་ཆ་ནས་ལྔ་ཉིས་བརྩེགས་བྱེད་དུས་སྤྱིར་སྟངས་
གྲངས་ཀ་ལྔ་པོ་དེ་སངས་རྒྱས་ཀྱི་སའི་རྣམ་གཞག་ལྟར་ན། ༸རྒྱལ་བ་རིགས་
ལྔ་དང་། མ་དག་པའི་གནས་སྐབས་ལ་བྱས་ན་ཕུང་པོ་ལྔ། གཞི་འབྱུང་བ་ ལ་སྦྱར་ན་འབྱུང་བ་ལྔ་བཅས་མཚོན་གྱི་ཡོད་སྟབས།
གྲངས་ཀ་ལྔ་དེ་ཆོས་
དང་འཇིག་རྟེན་གཉིས་ཀའི་ཐོག་གལ་ཆེ་བའི་གྲངས་ཀ་ཞིག་བརྩི་ཡི་ཡོད་ ལ༑ ལྔ་ཉིས་བརྩེགས་ཡིན་ན་དེ་བས་ཀྱང་ཕུན་སུམ་ཚོགས་པའི་རྣམ་གཞག་ 73
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཆགས་ཀྱི་ཡོད་པས། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། བཅུ་བཞི་
པ་གཉིས་ཀ་བོད་ཟླ་ ༥ ཚེས་ ༥ ལ་སྐུ་བལྟམས་པར་བརྟེན། ༸རྒྱལ་དབང་ སྐུ་ཕྲེ ང ་གཉི ས ་ཀྱི ་ འཁྲུངས་ལྷ་དབྱར་གསོ ལ ་དེ ་ དུས་གཅི ག ་ལ་འཁེ ལ ་གྱི ་
ཡོད།
༸སྐྱབས་མགོན་རིན་པོ་ཆེའི་འཁྲུངས་ལྷ་དེ་དག་ལྷ་སའི་སྐྱིད་ཆུའི་
འགྲམ་ནས་མར་ཙམ་ཡོང་པའི་ལོ་ལྟར་སྨོན་ལམ་ཆེན་མོའི་སྐབས་རྡོ་རགས་ རྒྱག་རྒྱུའི ་ ས་མཚམས་མ་སླེ བ ས་ཙམ་ལ་འཁྲུངས་ལྷའི ་ རྟེ ན ་ཁང་དེ ་ ཡོ ད ་
པ་དང་།
འཁྲུངས་ལྷའི་རྟེན་ཁང་དེར་རྒྱུན་ལྡན་ནས་རྣམ་རྒྱལ་གྲྭ་ཚང་གི་
དཀོན་གཉེར་ལ་སོགས་པ་ཡོད།
འཁྲུངས་ལྷ་དབྱར་གསོལ་ཉིན་རྩེ་ལའང་
འཁྲུངས་ལྷའི་གཟབ་གསོལ་གནང་བ་དང་།
འཁྲུངས་ལྷའི་རྟེན་ཁང་ཡོད་
སར་ཡང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་མང་པོ་ཕེབས་ནས་གཟབ་གསོལ་རྒྱས་ པ་ཞིག་གནང་གི་རེད། ༡༩༥༩ ལོར་ང་ཚོ་སྐྱབས་བཅོལ་ལ་འབྱོར་བའི་རྗེས་
སུ་༸སྐྱབས་མགོན་རིན་པོ་ཆེ་བོད་ཟླ་ ༥ ཚེས་ ༥ ཉིན་འཁྲུངས་པའི་ ༡༩༣༥ ལོའི་ཚེས་གྲངས་བརྩི་དུས་ཕྱི་ཟླ་ ༧ ཚེས་ ༦ ལ་འཁེལ་གྱི་ཡོད་སྟབས། ཕལ་ ཆེར་ ༡༩༥༩ ལོ་ནས་བཟུང་ཚེས་ ༥ ལ་འཁྲུངས་ལྷ་དབྱར་གསོལ་གྱི་ཚབ་
ཏུ་ཕྱི་རྒྱལ་ནང་བཞིན་འཁྲུངས་སྐར་དུས་ཆེན་དང་འཁྲུངས་ཚེས་ཞེས་སྲུང་ བརྩི་ཞུ་འགོ་བཙུགས་པ་རེད་བསམ་གྱི་འདུག
ང་ཚོ་མི་ས་མ་རིར་ཡོད་
སྐབས་༸སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོ་མདོར་བསྡུས་ ཤིག་གནང་བ་རེད། དེ་ནས་བཟུང་རྒྱལ་སྤྱིའི་ནང་སྟབས་བདེའི་ཆེད་ ༡༩༣༥ ལོའི་བོད་ཟླ་ ༥ ཚེས་ ༥ ཉིན་ཕྱི་ཟླ་ ༧ ཚེས་ ༦ འཁེལ་གྱི་ཡོད་པ་གཞིར་ བཟུང་ད་ལྟ་ཚེས་གྲངས་དེ་ག་རང་ལ་གནང་གི་ཡོད་རེད།
དེ་ཡང་རྒྱལ་
སྤྱིའི་འགྲོ་སྟངས་དང་བསྟུན་ནས་ང་ཚོས་མཛད་སྒོ་གསར་པ་ཞིག་བསྐྲུན་པ་ 74
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
རེད་མ་གཏོགས། དེ་སྔོན་ད་ལྟ་ནང་བཞིན་འཁྲུངས་ཚེས་དང་འཁྲུངས་སྐར་
གྱི་མཛད་སྒོ་ཞུ་བའི་ལམ་སྲོལ་མེད། ཡིན་ནའང་རང་ཉིད་དང་། རང་གི་ཕ་ མ་སྤུན་ཉེ།
རང་གི་དགེ་རྒན་བླ་མ་ལ་སོགས་པའི་འཁྲུངས་ཚེས་སྲུང་བརྩི་
གྲངས་དང་།
ལོ་གསར་སླེབས་པའི་སྐབས་སུ་ཚེ་དེ་རྫོགས་འགྲོ་ཡི་ཡོད་པ་
ཞུས་པར་དགེ་མ་གཏོགས་སྐྱོན་ཡོད་ཀྱི་མ་རེད། དོན་ངོ་མར་སྐྱེས་པའི་ཚེས་ དྲན་གསོ་གཏོང་དགོས་པའི་བཟོ་འདྲ་པོ་རེད། ལོ་རེ་ལོ་རེར་ཚེ་རྫོགས་འགྲོ་ དུས་དགའ་སྟོན་བྱེད་རྒྱུའི་རྒྱུ་མཚན་གང་ཡང་ཡོད་མ་རེད།
ཡིན་ནའང་
འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་གནས་ཚུལ་མང་པོ་ཞིག་རང་རང་སོ་སོས་
སྒྲོ་བཏགས་ནས་དགའ་སྟོན་བྱེད་རྒྱུའི་རྒྱུ་མཚན་ཞིག་བཙལ་གྱི་ཡོད་པར་ སོང་། ལོ་གསར་གྱི་སྐབས་ལའང་ང་ཚོས་དགའ་སྟོན་གྲ་རྒྱས་པོ་བྱེད་ཀྱི་ཡོད་
རེད། དོན་དངོས་སོ་སོའི་མི་ཚེའི་ནང་ནས་ཉིན་གྲངས་ ༣༦༥ སྟེ་ལོ་གཅིག་
རྫོགས་ནས་མི་ཚེ་དེ་ཐུང་དུ་ཕྱིན་པའི་གནས་སྐབས་ཤིག་རེད། དེར་དགའ་
སྟོན་བྱེད་རྒྱུའི་རྣམ་གཞག་ཅི་གང་ཡང་ཆགས་ཀྱི་མེད། ཡིན་ནའང་གསར་ དུ་ཡོང་བའི་ལོ་དེ་ཕུན་སུམ་ཚོགས་པ་ཞིག་ཡོང་བའི་ཆེད་དུ་དམིགས་ནས་
དགའ་སྟོན་དང་རྟེན་འབྲེལ་བྱེད་རྒྱུ་དང་། ལྷག་པར་དུ་བོད་པ་རྟེན་འབྲེལ་ བརྩི་རྒྱུར་ཞེ་དྲག་དགའ་པོ་ཡོད་སྟབས།
ང་ཚོའི་ངག་རྒྱུན་གྱི་ནང་དུའང་
བོད་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་ཞེས་རྟེན་འབྲེལ་ཡག་སྡུག་མང་པོ་
བརྩི་རྒྱུའི་སྲོལ་ཞིག་བོད་པའི་སྔ་རབས་ཀྱི་ཡུལ་གོམས་གཤིས་ལུགས་ནང་ ཡོད་པ་ཞིག་རེད།
དེ་རིང་གི་དུས་སྟོན་འདི་སྲུང་བརྩི་ཞུ་རྒྱུར་སློབ་ཕྲུག་
ཚོས་རྩོམ་འབྲི་རྒྱུ་དང་། ཞབས་གཞས་རྒྱག་རྒྱུ། རོལ་ཆ་གཏོང་རྒྱུ་ལ་སོགས་ པ་དཀའ་ལས་མང་པོ་བརྒྱབ་ནས་སྦྱངས་འདུག 75
སྤྱིར་བཏང་རྒྱུན་ལྡན་གྱི་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
སློ བ ་གྲྭའི ་ སློབ ་སྦྱོ ང ་བྱེ ད ་རྒྱུའི ་ ཆ་ཤས་ཤི ག ་ཆགས་ཀྱི ་ ཡོ ད ་ཀྱང་མི ང ་འདྲ་ ཞིག་བཏགས་ནས་ཆ་རྐྱེན་ཞིག་བསྐྲུན་ན། དེའི་དབང་གིས་ཕྲན་བུ་ཛ་དྲག་ གི ་ ཐོ ག ་ནས་སྦྱོ ང ་བརྡར་དང་སློ བ ་སྟོ ན ་ལ་སོ ག ས་པ་བྱེ ད ་རྒྱུའི ་ གོ ་ སྐབས་
ཡོང་གི་ཡོད་པས་སྐྱོན་གང་ཡང་མི་འདུག་བསམ་གྱི་འདུག་མ་གཏོགས། ང་
རང་སྒེ ར ་གྱི ་ ངོ ས ་ནས་རྒྱས་སྤྲོ ས ་དང་མཛད་སྒོ ་ བྱེ ད ་རྒྱུར་དགའ་པོ ་ མེ ད ་
མཁན་ཞིག་ཡིན།
ངས་གོང་དུ་ཞུས་པ་བཞིན་དགའ་སྟོན་བྱས་ན་དགའ་
སྟོ ན ་བྱས་པ་ཙམ་མ་གཏོ ག ས་དེ ས ་ཆོ ས ་དང་འཇི ག ་རྟེ ན ་གང་གི ་ ཆ་ནས་
བལྟས་ཀྱང་གྲུབ་འབྲས་རྡོག་རྡོག་གང་ཡང་བསྟན་རྒྱུ་མེད། སྤྱིར་བཏང་རྟེན་
འབྲེལ་བྱེད་རྒྱུ་དེ་སེམས་ཀྱི་ཚོར་བ་མངོན་པར་གསལ་བར་བྱེད་པའི་བརྒྱུད་ ལམ་ཞིག་ཡིན་པས། དེར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ཡ་རབས་ཀྱི་ ལམ་སྲོལ་ལྟ་བུ་ཡིན་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་དང་འབྲེལ་བའི་སྐོར།
ཤེ ས ་ཡོ ན ་སྲི ད ་བྱུས་ཀྱི ་ སྐོར་ལ་ཚང་མས་མཁྱེ ན ་གྱི ་ ཡོ ད ་ངེ ས ་ཀྱང་
བསྐྱར་ལྡབ་ཡང་ལྡབ་བྱས་ཏེ་མང་པོ་ཞིག་བཤད་བསྡད་ན་དགོས་པ་གང་ ཡང་ཡོད་མ་རེད་བསམ་གྱི་འདུག སྲིད་བྱུས་གང་འདྲ་ཞིག་ཡིན་ནའང་བརྒྱ་
ཆ་བརྒྱ་ཐམ་པ་ལག་ལེན་ལ་འཁེལ་ཐུབ་དང་མ་ཐུབ་ཟེར་བ་ནི་ཕྱི་ནང་གི་ ཆ་རྐྱེན་མང་པོ་ཞིག་ལ་རག་ལུས་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཀྱི་མགོ་དེར་བཀའ་ཤག་གི་ 76
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
ཆེད་བརྗོད་ཅིག་ཡོད། ལ་འབེབས་རྒྱུ་དང་།
༣
དེའི་ནང་ཤེས་ཡོན་སྲིད་བྱུས་དེ་འདྲ་ཞིག་གཏན་
ཡིག་ཐོག་ལ་འགོད་རྒྱུ་དེ་བྱུང་རབས་ལ་འགན་ཁུར་
བའི་དོན་དག་ཙམ་ཞིག་མ་གཏོགས།
དེའི་ནང་ཡོད་པའི་ནང་དོན་ཡོངས་
སུ་རྫོགས་པ་ཇི་མ་ཇི་བཞིན་ལག་ལེན་ལ་བསྟར་ཐུབ་ཀྱི་ཡོད་མེད་ཅེས་པ་
ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་ལ་རག་ལུས་པར་བརྟེན། བཅད་ནས་ལབ་ཐུབ་རྒྱུ་ཡོད་མ་རེད་ཅེས་བྲིས་ཡོད་རེད།
ང་ཚོས་ཐག་
བྱུང་རབས་ལ་
འགན་ཁུར་ཞེས་པ་དེའང་ད་ལྟའི་ཆར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་
པའི་ངོས་འཛིན་དེ་རྩ་བརླག་ཏུ་འགྲོ་རྒྱུའི་ཛ་དྲག་གི་གནས་བབས་ཤིག་ལ་ སླེབས་ཡོད། བོད་ཅེས་པ་རྒྱལ་སྤྱིའི་ནང་རླབས་ཆེན་གྱི་ལག་རྗེས་དང་ངོས་
འཛིན་ཡོད་པའི་མི་རིགས་ཤིག་གི་གཞི་རྩའི་ངོས་འཛིན་དེ་བརླག་འགྲོ་བའི་
ཉེན་ཁ་བྱུང་བའི་སྐབས་སུ།
དེ་མ་བརླག་པ་བྱེད་རྒྱུར་ཐབས་ཤེས་ཡོད་རྒུ་
རྩལ་སྤྲུག་གིས་མ་ལན་མ་འགྱོད་པའི་ཐབས་ཤེས་ཤིག་མ་བྱས་པ་ཡིན་ན། ད་ ལྟའི་གནས་སྐབས་ཀྱི་མི་རབས་ཚོས་འབྱུང་འགྱུར་གྱི་བྱུང་རབས་ལ་འགན་ མ་འཁུར་བའི་བཟོ་འདྲ་པོ་ཆགས་ཀྱི་ཡོད་རེད།
ཐབས་ཤེས་ཡོད་རྒུ་རྩལ་
སྤྲུག་བྱས་པའི་རྗེས་སུ་ཐབས་ཤེས་ཐོན་དང་མ་ཐོན་ཟེར་བ་དེ་ཕྱོགས་གཞན་
མང་པོ་ཞིག་ལ་རག་ལུས་པ་རེད་མ་གཏོགས་ད་ལྟའི་མི་རབས་ཀྱིས་ད་ལྟ་ང་
ཚོས་ཐབས་ཤེས་འདོན་གྱི་ཡིན་ཞེས་གདམ་ག་བྱེད་ཐུབ་པ་མེད་ལ། འབྱུང་ འགྱུར་མི་རབས་ཚོས་ཀྱང་དེ་ཁྱེད་ཚོས་ཐབས་ཤེས་འདོན་དགོས་རེད་ཅེས་
ལབ་ཐུབ་པ་མེད། ཐབས་ཤེས་ཐོན་དང་མ་ཐོན་དེ་གོང་ཞུས་བཞིན་ཕྱི་ནང་ གི་གནས་ཚུལ་མང་པོ་ཞིག་ལ་རག་ལུས་ཀྱི་ཡོད།
དེ་འདྲ་ཡིན་སྟབས་ད་
ལྟའི་གནས་སྐབས་ལ་རྒྱལ་སྤྱི་དང་རྒྱལ་ནང་བཙན་བྱོལ་བོད་མིའི་གནས་ 77
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བབ་ཚང་མ་ཕྱོགས་བསྡོམས་བརྒྱབ་ནས་ལྟ་སྐབས། བོད་མི་རིགས་ཀྱི་དོན་
དམ་པའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་དེ་གྲོས་ཚོགས་
ནས་གཏན་ལ་ཕབ་པའི་སྲིད་བྱུས་དེ་ཡིན་པའི་ཁུལ་རེད། ཡིན་ནའང་དུས་ ཚོད་འགྱུར་བ་འགྲོ་བཞིན་ཡོད། རྒྱལ་སྤྱི་དང་། རྒྱལ་ནང་། བཙན་བྱོལ་སྤྱི་ ཚོགས་གསུམ་གྱི་གནས་སྟངས་ཀྱང་འགྱུར་བ་འགྲོ་བཞིན་ཡོད་སྟབས།
ད་
ལྟའི ་ གཏན་ལ་ཕབ་པའི ་ སྲི ད ་བྱུས་དེ ་ ག་དུས་ཡི ན ་ནའང་འགྱུར་བ་མེ ད ་ པར་གཅིག་གྱུར་བྱེད་ཐུབ་ཀྱི་རེད་ཟེར་རྒྱུ་ཞེ་དྲག་ཁག་པོ་རེད། དེར་བརྟེན་
སྲིད་བྱུས་ད་ག་རང་གི་ཆ་རྐྱེན་ནང་དགོས་མཁོ་བྱུང་བའི་སྐབས་སུ་འགྱུར་ བ་གཏོང་དགོས་པ་དང་བསྐྱར་ཞིབ་བྱེད་དགོས་བྱུང་ཡང་དེའི་བྱེད་སྟངས་ ཀྱི་ལམ་དེ་བཏོད་ནས་བཞག་ཡོད་སྟབས། གནས་ཚུལ་གང་འདྲ་ཞིག་ཡིན་
ཡང་གཡུང་དྲུང་གི་ཆོས་ལྟ་བུ་རྟག་བརྟན་འགྱུར་མེད་ཅིག་ལ་ངོས་འཛིན་ བྱེད་རྒྱུ་མེད།
སྤྱིར་བཏང་ནས་ཤེས་ཡོན་སྲིད་བྱུས་ཞེས་པ་དེ་སློབ་ཚན་སློབ་སྟངས་
དང་། རྒྱུགས་སྤྲོད་གཏོང་སྟངས། འཛིན་གྲྭ་འཚོག་སྟངས། དགེ་རྒན་མང་ ཉུང་ལ་སོགས་པ་གཙོ་བོ་མིན་པར་དེ་ཚོ་སྐབས་དང་དུས་ལ་བསྟུན་ནས་
འདྲ་མིན་སྣ་ཚོགས་འགྲོ་རྒྱུ་ཡོད། སློབ་དེབ་ཡོད་ཀྱང་འགྲིག་ལ། སློབ་དེབ་ མེད་ཀྱང་འགྲིག
སློབ་དེབ་ལ་འགྱུར་བ་བཏང་ཡང་འགྲིག
སློབ་ཚན་ལྔ་
དང་བཅུ་ག་ཚོད་བཞག་ཀྱང་འགྲིག་པ་དང་། ཡང་ན་སློབ་ཚན་གཉིས་དང་ གསུམ་ནང་འཐུས་པ་བྱས་ཀྱང་འགྲིག་གི་ཡོད། དེ་ཚོ་དུས་དང་འཚམས་པའི་ འགྱུར་བ་འགྲོ་རྒྱུ་ཞིག་རེད།
ཡིན་ནའང་སྲིད་བྱུས་ཞེས་པ་ག་རེའི་ཐོག་ལ་ 78
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
རྩ་ཆེན་པོ་བརྩི་ཡི་ཡོད་རེད་ཅེ་ན། སློབ་སྦྱོང་གི་དམིགས་ཡུལ་དང་ཐབས་ ལམ་གཉིས་པོ་གལ་ཆེ་ཤོས་ཆགས་ཀྱི་ཡོད།
ན་གཞོན་ཚོར་སློབ་སྦྱོང་སྤྲོད་
པའི་སྐབས་སུ་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་སློབ་སྦྱོང་སྤྲོད་ཀྱི་
ཡོད་རེད།
སློབ་སྦྱོང་གི་དམིགས་ཡུལ་དེ་གསལ་པོ་ཞིག་མེད་པ་ཡིན་ན།
སློབ་སྦྱོང་སྤྲོད་རྒྱུའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་ཡོངས་སུ་རྫོགས་པ་མུན་ ནག་མདའ་འཕེན་གྱི་བཟོ་ལྟ་བུ་ཆགས་ཀྱི་རེད།
དེ་འདྲ་ཡིན་སྟབས་བྱ་བ་
གང་དང་གང་ཡིན་ཡང་དགོས་དམིགས་གསལ་པོ་ཡོད་དགོས་པ་གཅིག་ གྱུར་ཡིན་སྟབས། ཤེས་ཡོན་སྲིད་བྱུས་ཞེས་པ་དེའང་ཤེས་ཡོན་གྱི་དམིགས་
ཡུལ་དང་དགོས་པ་གང་འདྲ་ཞིག་ལ་བཟུང་གི་ཡོད་རེད། ང་ཚོས་རྟག་པར་
ཤེས་ཡོན་སྲིད་བྱུས་ཀྱི་སྐད་ཆ་ཤོད་སྐབས་ང་ཚོའི་གནས་ཚང་རྒྱ་གར་གྱི་ ནང་ ༡༨༣༠ སོ་གྲངས་ཀྱི་ནང་རྒྱ་གར་ལ་བཙན་དབང་གིས་དབང་སྒྱུར་བྱེད་
མཁན་ཨིན་ཇི་གཞུང་གིས་ཆེད་མངགས་ཆེད་མཁས་མི་སྣ་ཚོར་ཤེས་ཡོན་ སྲིད་བྱུས་བཟོ་རུ་བཅུག དེ་བཟོ་མཁན་དེ་ལོཌ་མེ་ཀོ་ལེ་ཞུ་བ་དེ་རེད། མེ་ཀོ་ ལེ་རྗེས་སུ་བོད་ལ་འགྲོ་ཐབས་བྱས་ཀྱང་འགྲོ་རྒྱུ་བྱུང་མེད། ཁོང་གིས་རྒྱ་གར་
གྱི ་ ཐོ ག ་ལ་ཨི ན ་ཇི ་ གཞུང་གི ས ་དབང་སྒྱུར་དེ ་ འགྱུར་བ་མེ ད ་པར་བརྟན་ པོ་གནས་ཐུབ་པའི་དམིགས་ཡུལ་བཟུང་ཡོད།
དེ་བརྟན་པོ་གནས་དགོས་
སྟབས་རྒྱ་གར་རང་གི་ཤེས་ཡོན་གྱི་ལམ་སྲོལ་དང་། ལྷག་པར་དུ་རྒྱ་གར་མི་
རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོས་འཛིན་གྱི་གཞི་རྩ་དེ་དག་རྩ་གཏོར་ གཏོང་མ་ཐུབ་ན་ཨིན་ཇིའི་དབང་སྒྱུར་བརྟན་པོ་གནས་ཐུབ་ཀྱི་མེད།
དེ་
ལ་བརྟེན་ནས་ད་ལྟ་རྒྱ་གར་ནང་བེད་སྤྱོད་བྱེད་བཞིན་པའི་ཤེས་ཡོན་སྲིད་
བྱུས་དེས་རྒྱ་གར་གྱི་མི་དེ་ཚོ་སློབ་སྦྱོང་ཐོན་པའི་རྗེས་སུ་པགས་པ་དེ་དཀར་ 79
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པོ་ཆགས་རྒྱུ་མེད་པ་མ་གཏོགས།
ནང་གི་བསམ་བློ་གཏོང་སྟངས་ཡོངས་
སུ་རྫོགས་པ་ཨིན་ཇིའི་མི་དང་གཅིག་པ་ཆགས་ནས་རྒྱ་གར་གྱི་དྲི་མ་ཁ་རྒྱུ་ མེད་པའི་དམིགས་ཡུལ་བཟུང་བ་རེད། དམིགས་ཡུལ་བཟུང་བ་ནང་བཞིན་ གྲུབ་འབྲས་ཀྱང་ཆེན་པོ་ཐོན་ཡོད། རྒྱལ་ཁབ་གཞན་དང་མི་རིགས་གཞན་
པའི་ཐོག་ཁྲིམས་མཐུན་མ་ཡིན་པའི་དབང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ དང་གཞུང་གང་འདྲ་ཞིག་ཡིན་ནའང་རང་ཉིད་ཀྱིས་དབང་སྒྱུར་བྱ་ཡུལ་
གྱི་ཡུལ་ལུང་དེ་ཚོ་ཤོར་བར་མི་བྱེད་པ་དང་། ཁོང་ཚོ་སོ་སོའི་དབང་སྒྱུར་གྱི་ འོག་ནས་ཟུར་དུ་མ་ཐོན་པར་བྱེད་རྒྱུ་རྩ་ཆེན་པོ་བརྩི་ཡི་ཡོད། དེ་རིང་སང་
ཉིན་ཆབ་སྲིད་ཀྱི་བསམ་བློ་གཏོང་སྟངས་ལྟར་བྱས་ན་དེ་བས་ཀྱང་རྩ་ཆེ་བ་ བརྩི་ཡི་རེད།
རྒྱ་ནག་ལྟ་བུར་མཚོན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་
འོག་ལ་ཡོད་པའི་ས་ཁྱོན་དང་མི་རིགས་གང་འདྲ་ཞིག་ཡིན་ནའང་། དེ་རྒྱ་
ནག་གི་དབང་སྒྱུར་འོག་བརྟན་པོ་བསྡད་ཐུབ་དགོས་རྒྱུ་དེ་ཁོང་ཚོའི་ཆབ་ སྲིད་ཀྱི་དམིགས་ཡུལ་གཙོ་བོ་ཞིག་རེད། རྒྱལ་ཁབ་ལ་ཤ་ཞེན་ཁྱོན་ནས་མེད་
མཁན་ཞིག་མཐོང་བ་དེར་ཁ་བྲལ་བ་ཞེས་ཧ་ཅང་ཐབས་རྡུགས་བརྩི་བ་རེད།
དེ་འདྲ་ཡིན་སྟབས་ག་དུས་ཡིན་ནའང་ཁ་འབྲལ་འདོད་མེད་པར་སྐྱབས་ གསུམ་ཀུན་འདུས་རང་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་འོག་ཏུ་བསྡད་རྒྱུའི་བསམ་བློ་ཡོད་པ་དེ་ལ་རྒྱལ་ཞེན་ཅན་དང་།
དེ་ལྟ་
བུ་བསྡད་རྒྱུའི་བསམ་བློ་མེད་པ་ཞིག་ལ་རྒྱལ་ཞེན་མེད་པའམ་རྒྱལ་ཁབ་ལ་
ངོ་ལོག་རྒྱག་མཁན་ཞེས་ཐ་ཆད་ཅིག་ལ་བརྩི་ཡི་ཡོད། དེ་འདྲ་ཡིན་སྟབས་ 80
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གྲངས་ཉུང་མི་རིགས་མང་པོ་ཡོད་པའི་ནང་ནས་སོག་པོ་དང་། བོད་པ། ཡུ་
གུར་གསུམ་ནི་གྲངས་ཉུང་མི་རིགས་ངོས་འཛིན་གསལ་ཤོས་ཡོད་མཁན་
ཞིག་རེད། དེའི་ནང་ནས་བོད་པ་དེ་བྱུང་རབས་དང་། སྐད་ཡིག ཆོས་དང་
རིག་གཞུང་ལེགས་བྱང་གང་གི་ཆ་ནས་ཀྱང་ངོས་འཛིན་གསལ་ཤོས་དང་
འབུར་དུ་དོད་ཤོས་ཤིག་ཡིན་སྟབས།
བོད་དེ་རྒྱ་ནག་ནས་ཁ་བྲལ་མི་འགྲོ་
བའི་དོན་དུ་བོད་ཀྱི་ངོས་འཛིན་མེད་པ་བཟོ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཁོ་
རང་ཚོ་དབང་སྒྱུར་བྱེད་མཁན་ཚོའི་བསམ་བློའི་ནང་ལ་གསལ་པོ་ཞེ་དྲག་ རེད། མའོ་ཙེ་ཏུང་གིས་ཐོག་མར་དབང་སྒྱུར་བྱེད་སྐབས་ལོ་ཉི་ཤུ་རྩ་གྲངས་
ཤིག་གི་རིང་བོད་རིགས་ཀྱི་ནང་ལ་བོད་ཞེན་བྱེད་མཁན་ལྷག་གི་མ་རེད་ སྙམ་པའི་རེ་བ་བརྒྱབ་ཡོད་རེད། དེང་རབས་ཀྱི་སློབ་སྦྱོང་དང་གུང་ཁྲན་གྱི་
ལྟ་བ་བསླབས་ན་ཚང་མ་འགྱུར་གྱི་རེད་དྲན་ཡོད། རྗེས་མ་ལོ་ཉི་ཤུ་རྩ་གྲངས་ འདས་པའི་རྗེས་སུ་མངོན་གསལ་དོད་པོ་ག་རེ་ཆགས་ཡོད་ཅེ་ན།
བོད་
རིགས་ཀྱི་ནང་ནས་གུང་ཁྲན་ཡག་པོ་ཞིག་ཆགས་ཡོད་ཀྱང་བོད་མི་རིགས་ ཀྱི་ལར་ཞེན་དང་། ངོས་འཛིན་དེ་མེད་པ་བཟོ་ཐུབ་ཀྱི་མེད་པ་གསལ་པོ་ཤེས་ པ་རེད། དེ་ཤེས་པའི་རྗེས་ལ་བོད་པ་ཚོར་སློབ་སྦྱོང་སྤྲད་དེ་དགོས་མཁོ་དེ་ ཙམ་མེད་པ་མཐོང་ནས་ནང་ཆོས་དང་རིག་གཞུང་དེ་ཐབས་ལམ་གཞན་
ཞིག་ཡིན་པ་ངོས་འཛིན་གསལ་པོ་ཆགས་པ་དང་། དེའི་ནང་ནས་སྐད་ཡིག་ དེ་གཞི་རྩ་ཆེན་པོ་ཞིག་ཆགས་ཡོད། དེ་རྩ་མེད་གཏོང་རྒྱུར་འཆར་གཞི་ལྡན་
པའི་སྲིད་བྱུས་མང་པོ་ལག་བསྟར་བྱས་པ་རེད། ཡིན་ནའང་བོད་ནང་བཙན་ འོག་ཏུ་ཡོད་པའི་བོད་མི་དེ་ཚོ་ཧ་ཅང་གཟི་བརྗིད་དང་། སྙིང་སྟོབས། རླབས་
ཆེན་ཡིན་པ་དེའི་དབང་གིས་ཁོང་ཚོའི་སྲོག་ལ་ཉེན་ཁ་ཡོད་ཀྱང་རང་གི་ 81
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
སྐད་ཡིག་དང་། ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུར་འཛེམས་ཟོན་བྱེད་ཀྱི་མེད།
ཡིན་ནའང་བཙན་བྱོལ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཕྲན་བུ་
སྐྱིད་དྲགས་པའི་དབང་གིས།
རང་གི་སྐད་ཡིག་དང་མི་རིགས་ཀྱི་ངོས་
འཛིན་བོད་ནང་བཙན་དབང་གི་ཐོག་ནས་རྩ་མེད་གཏོང་བཞིན་པ་དེ་ཚོ་ གཞིས་ལུས་བོད་མི་ཚོས་སྲོག་དང་བསྡོས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་
མཐོང་གིན་མཐོང་གིན་ང་རང་ཚོས་དགའ་པོའི་ངང་ནས་བློས་གཏོང་བྱེད་ ཀྱི་ཡོད།
དགའ་པོའི་ངང་ནས་བློས་གཏོང་བྱེད་ཅེས་པ་བསམ་བློའི་འཁྱེར་
ཕྱོགས་ཤིག་གི་ཐོག་ལ་སོ་སོའི་སྐད་ཡིག་དང་ལེགས་བྱང་དེ་གལ་ཆེན་པོ་མ་
ཡིན་པ་དང་། མི་ཚེའི་ནང་ལ་ཕན་ཐོགས་ཞེ་དྲག་མེད་པ། ང་རང་ཚོའི་སྐད་ ཡིག་དང་ལེགས་བྱང་དེ་རྗེས་ལུས་ཐེབས་པའི་རྣམ་པ་ཞིག་ཡོད་པ།
དུས་
རབས་ཉེར་གཅིག་པའི་ནང་འཇིག་རྟེན་ཁྱོན་ཡོངས་དང་མཉམ་དུ་དཔུང་ པ་མཉམ་གཤིབ་བྱས་ཏེ་འགྲོ་དགོས་ཀྱི་ཡོད་ན་ཕྱི་རྒྱལ་གཞན་གྱི་སྐད་ཡིག་ དང་སློབ་ཚན་དེ་ཚོ་ངེས་པར་དུ་སྦྱངས་ན་མ་གཏོགས། བོད་པའི་ཆོས་དང་
རིག་གཞུང་གིས་འདང་གི་མེད་པའི་བསམ་ཚུལ་ཞིག་ཡོང་གི་ཡོད། བསམ་
ཚུལ་དེ་ཡང་དག་པ་མིན་ཡང་བོད་པ་དང་། ཕྱོགས་གཞན་ཚང་མའི་ནང་དེ་ འདྲའི་བསམ་ཚུལ་ཞིག་སླེབས་ཀྱི་ཡོད། ཡིན་ནའང་དཔལ་འབྱོར་གྱི་མཐུན་ རྐྱེན་མེད་མཁན་ཚོས་སོ་སོའི་ཕྲུ་གུ་རྒྱ་གར་གྱི་སློབ་གྲྭ་ཆེན་པོ་དེ་ཚོའི་ནང་
གཏང་རྒྱུའི་དཔལ་འབྱོར་འདང་གི་མེད་སྟབས་བོད་ཡིག་སློབ་ས་ཞིག་གི་ ནང་མ་བཏང་རང་བཏང་ཆགས་ཀྱི་ཡོད་རེད།
དཔལ་འབྱོར་ཡོད་མཁན་ཚོས་རང་གི་ཕྲུ་གུ་བོད་ཀྱི་སྐད་ཡིག་དང་ 82
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ལེ ག ས་བྱང་དང་འབྲེ ལ ་བ་ཁྱོ ན ་ནས་མེ ད ་པའི ་ སློ བ ་གྲྭ་ཁག་ལ་གཏོ ང ་རྒྱུ་ དེས་གང་མཚོན་གྱི་ཡོད་དམ་ཞེ་ན། ང་ཚོའི་སྐད་ཡིག་དང་ལེགས་བྱང་གིས་
མ་འོངས་པའི་ཕྲུ་གུའི་མདུན་ལམ་ལ་ཕན་ཐོགས་མེད་པ་ཞིག་དང་། ཕྲུ་གུའི་
མདུན་ལམ་དེ ་ ཁོ་ རང་གི ་ མི ་ ཚེ ་ སྐྱེ ལ ་རྒྱུ་ཁོ་ ན་མ་གཏོ ག ས་བོ ད ་རྒྱལ་ཁབ་
དང་མི་རིགས་ལ་འགན་འཁྲི་གང་ཡང་མེད་པ་ལྟ་བུའི་བསམ་ཚུལ་ཞིག་ ཁྱེར་ནས་འགྲོ་ཡི་ཡོད་པ་དེ་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་རེད།
སྤྱི ་ ཚོ ག ས་ཀྱི ་ དཀའ་ངལ་དེ ་ འདྲ་ཞི ག ་གདོ ང ་ལེ ན ་བྱེ ད ་རྒྱུར་སྲི ད ་
བྱུས་ཤིག་ཡོད་པ་ཡིན་ན་སྲིད་བྱུས་དེའི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་
ཚོག ས་ཡོངས་སུ་རྫོ ག ས་པའི ་བསམ་བློའི ་གནས་ཚད་ལ་འགྱུར་བ་བཏང་ མ་ཐུབ་ཀྱང་།
རྣམ་དཔྱོད་ཡོད་མཁན་མི་ཉུང་བ་ཞིག་གི་གནས་ཚད་དང་
བསམ་ཕྱོགས་ལ་འགྱུར་བ་གཏོང་ཐུབ་རྒྱུ་ཞིག་དང་།
ལྷག་པར་དུའང་བོད་
མིའི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཁག་གི་ནང་
རང་གི་དགོས་མཁོ་དང་འཚམས་པའི་སྲིད་བྱུས་ཤིག་ལག་བསྟར་ཐུབ་ན། བཙན་བྱོལ་བོད་ཕྲུག་གི་ནང་ནས་བརྒྱ་ཆ་མི་ཉུང་བ་ཞིག་བོད་པ་རང་བཟོ་
ཐུབ་པ་དང་། མ་འོངས་པར་བོད་མིའི་ངོས་འཛིན་མ་བརླག་པ་ཞིག རྗེས་མ་
སོ་སོའི་ཕ་ཡུལ་ལ་ལོག་ཐུབ་པ་ཞིག་བྱུང་ཡང་། སྐད་སྒྱུར་ཁྲིད་ནས་འགྲོ་མི་
དགོས་པ་བཟོ་རྒྱུའི་དམིགས་ཡུལ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དོན་དག་སྙིང་
པོ་རེད། སྤྱིར་བཏང་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་ཞིབ་ཚགས་བྱས་
ཏེ་མང་པོ་བཤད་ཡོད་རེད་དེ། སྙིང་བསྡུས་ཞུས་ན་རྗེས་མ་བོད་ལ་ལོག་རྒྱུའི་
གོ་སྐབས་བྱུང་སྐབས་གཞིས་ལུས་བོད་མི་ཚོ་དང་ཐད་ཀར་འབྲེལ་བ་བྱེད་ 83
ཐུབ་པ་དང་།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བོད་པའི་མ་འོངས་པའི་མི་རབས་དེ་ཚོ་བོད་མི་རང་བྱས་ཏེ་
སྡོད་ཐུབ་པ་བཟོ་རྒྱུ་དེ་རེད། དེ་འདྲ་བྱུང་བ་ཡིན་ན་བོད་ཀྱི་རྩ་དོན་གྱི་ལས་
དོན་ཞིག་བྱེད་དགོས་བྱུང་རུང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བཟོ་འདྲ་ ཞིག་བྱེད་མ་དགོས་པར།
འདུ་ཤེས་དང་ངོ་བོ་གཉིས་ཀའི་ཐོག་ནས་སོ་སོ་
བོད་མི་རང་ཡིན་པ་བྱེད་ཐུབ་པ་ཞིག་བྱུང་ན་དེ་ལ་ལྟ་བཟོ་ཞིག་ཡོད་རེད།
དེ་མིན་སྐྱེས་ས་འབྱུང་ཁུངས་ཀྱི་ཆ་ནས་བོད་མི་ཡིན་ཡང་ཤེས་ཡོན་སློབ་ གསོ་དང་གཤིས་སྤྱོད་ཀྱི་ཆ་ནས་བོད་མི་མིན་པ་ཞིག་ཆགས་ན།
བོད་ཀྱི་
རྩ་དོན་གྱི་ཐོག་ལས་ཀ་ཞིག་བྱས་ཀྱང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བཟོ་
འདྲ་ཆགས་ཀྱི་རེད་མ་གཏོགས། བོད་རིགས་རང་གི་དོན་དག་ལ་བྱས་པའི་
བཟོ་འདྲ་ཆགས་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་སྟབས་ཤེས་ཡོན་སྲིད་བྱུས་ཀྱི་ དམིགས་ཡུལ་དེ་བོད་ཕྲུག་དེ་དག་མ་འང ོ ས་པར་བོད་པ་ཞིག་ཆགས་རྒྱུའི་
དམིགས་ཡུལ་བཟུང་བ་དང་། དེའི་དོན་དག་ལ་ཐབས་ལམ་གང་དང་གང་ ཞིག་ཡོད་པ་དེ་ཚོ་གསལ་སྟོན་བྱས་ཡོད་རེད་བསམ་གྱི་ཡོད།
དེར་བརྟེན་
སློབ་ཕྲུག་ཚོའི་ངོས་ནས་བལྟས་ཀྱང་སྟབས་བདེ་པོ་ཞེ་དྲག་རེད། ཤེས་ཡོན་
སྲི ད ་བྱུས་དེ ་ ཕ་མ་དང་སློ བ ་ཕྲུག་གང་གི ་ ཐོ ག ་ལའང་བཙན་ཤུགས་ཀྱི ་ ཐོག་ནས་འགན་བཀལ་བ་དང་། ལག་བསྟར་ཐུབ་རྒྱུ་མེད་པར་ཚང་མ་རང་
དབང་རེད། སློབ་གྲྭ་ག་པར་བཏང་མ་བཏང་དང་། སློབ་སྦྱོང་གང་འདྲ་ཞིག་ བྱེད་མ་བྱེད་རང་དབང་རེད། ཡིན་ནའང་། རང་དབང་གི་གནས་བབ་དེའི་ འོག་ནས་གོང་དུ་ཞུས་པ་བཞིན་བྱུང་རབས་ལ་འགན་འཁྱེར་དགོས་རེད་
ཟེར་དུས།
ཕ་མ་དང་སློབ་ཕྲུག་གཉིས་ཀའི་ངོས་ནས་གནས་ཚུལ་གསལ་
པོ་མ་ཤེས་པར་ལུས་ན།
དེ་བྱུང་རབས་ལ་འགན་མ་འཁྱེར་བ་ཞིག་ཆགས་ 84
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཀྱི་ཡོད་པས་སློབ་ཕྲུག་དང་ཕ་མ་གཉིས་ཀར་བོད་མི་ཚད་ལྡན་ཞིག་དང་། བོད་མིའི་ངོས་འཛིན་མ་བརླག་པ་ཞིག་བཟོ་རྒྱུའི་འདོད་པ་ཡོད་ན་ཤེས་ཡོན་
སྲིད་བྱུས་འདི་འདྲ་ཞིག་ཡོད་རེད་ཅེས་ཁྱེད་རང་ཚོའི་མདུན་ལ་གདམ་ཁའི་
བཟོ་འདྲ་ཞིག་སྤྲད་པ་རེད། དེར་བརྟེན་སློབ་ཕྲུག་ཚོས་རྗེས་མ་རང་གི་མི་ཚེ་
གང་འདྲ་ཞིག་སྐྱེལ་རྒྱུ་ཡིན་པ་དང་། སོ་སོའི་ངོས་འཛིན་གང་འདྲ་ཞིག་གི་ ཐོག་ནས་འགྲོ་རྒྱུ་ཡིན་པ་དེ་ད་ལྟ་ནས་གསལ་པོ་མཁྱེན་དགོས།
དེ་གསལ་
པོ་མཁྱེན་པའི་ཐོག་ནས་སོ་སོའི་སློབ་སྦྱོང་གི་ལམ་ཕྱོགས་གཏན་འཁེལ་བྱུང་
ན༑ ང་ཚོ་བོད་ཀྱི་གཏམ་དཔེར། དཀྱུ་ས་གཞན་དུ་བསྟན། རྟ་གཞན་དུ་རྒྱུག ཟེར་བ་ལྟ་བུ་རྟ་རྒྱུག་སའི་ས་ཆ་གཞན་ཞིག་ཏུ་བཟོས་ཀྱང་།
དངོས་སུ་རྟ་
རྒྱུག་སྐབས་གཞན་ཞིག་ལ་རྒྱུག་ཕྱིན་པ་ལྟ་བུ་མ་ཡིན་པར། གང་དུ་དཀྱུ་ས་ བསྟན་པ་དེའི་ཐོག་ལ་རྟ་རྒྱུག་ཐུབ་ན་མི་ཚེ་དེ་ཚད་ལྡན་ཞིག་ཡོང་རྒྱུའི་རེ་
བ་ཡོད་པས། བོད་པ་ཚད་ལྡན་ཞིག་དང་། ང་ཚོའི་མི་རབས་གོང་མ་ཚོས་ སྲོག་ལས་གཅེས་པར་བཟུང་ནས་བདག་གཅེས་གནང་བའི་བོད་ཀྱི་གཏིང་
ཟབ་ཀྱི ་ ཆོ ས ་དང་རི ག ་པའི ་ གཞུང་ལུགས་དེ ་ ཚོ ་ འཇི ག ་རྟེ ན ་འགྲོ ་ བ་མི ་ རིགས་སྤྱི་ཡོངས་ཀྱི་དོན་དུ་མཉམ་སྤྱོད་བྱེད་རྒྱུའི་ནུས་པ་ཡོད་པའི་བོད་མི་
ཞིག་ཆགས་རྒྱུའི་འདོད་པ་ཡོད་དམ། ཡང་ན། སྐྱེས་ས་འབྱུང་ཁུངས་བོད་
པ་ཡི ན ་ཡང་སློ བ ་སྦྱོ ང ་དང་གཤི ས ་སྤྱོ ད ་ཀྱི ་ ཆ་ནས་ནུབ་ཕྱོ ག ས་པ་ཞི ག ་
བྱེད་རྒྱུའི་འདོད་པ་ཡོད། དེ་ནི་སོ་སོས་གདམ་ཁ་བྱེད་རྒྱུ་རེད། ནུབ་ཕྱོགས་
པ་ཞིག་བྱེད་རྒྱུའི་འདོད་པ་ཡོད་ཀྱང་། ནུབ་ཕྱོགས་པ་ཡག་པོ་ཞིག་ཆགས་
ཐུབ་པའི་དངོས་ཡོད་གནས་ཚུལ་མཁྱེན་དགོས་རེད། འན ོ ་ཀྱང་དེའི་རྩི་དེ་
བོད་མི་རིགས་ལ་མེད། ག་ཚོད་བྱས་ཀྱང་གང་ལྟར་ལད་ཟློས་བྱེད་མཁན་ 85
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཞིག་མ་གཏོགས་དངོས་པོའི་གཤིས་ལུགས་ཀྱི་ནུབ་ཕྱོགས་པ་ཞིག་ཆགས་
རྒྱུ་ཁག་པོ་རེད།
གཱནྡྷཱིས་ལོན་ཌོན་ལ་བཞུགས་དུས་གོས་གྱོན་སྟངས་དང་།
སྐྲ་འཇོག་
སྟངས། སྐད་ཆ་ཤོད་སྟངས་ཚང་མ་སྦྱངས་ནས་ཨིན་ཇི་ནང་བཞིན་ཆགས་ རྒྱུའི་ཐབས་ཤེས་ཞེ་དྲག་གནང་འདུག
ཡིན་ནའང་པགས་པའི་ཚོས་གཞི་
འགྱུར་རྒྱུ་མེད་སྟབས་བརྒྱ་ཆ་བརྒྱ་ཨིན་ཇི་ཆགས་ཐུབ་རྒྱུ་མིན་པ་དེ་ལོ་ཤས་ ཀྱི་རྗེས་ལ་མ་གཏོགས་ངོས་འཛིན་གནང་ཐུབ་མི་འདུག (Aurobindo
Ghosh)
ཨར་བིནྡ་གྷོཥ་
ལྟ་བུ་ཡང་རྒྱ་གར་གྱི་དྲི་མ་མེད་པ་བཟོ་རྒྱུའི་ཆེད་ཕྲུ་
གུ་མ་འབྱར་གྱི་སྐབས་ནས་ཨིན་ཇིའི་མ་མ་ཚོ་དང་མཉམ་དུ་བཞག་ནས་
ལོ་བདུན་ལོན་དུས་ལོན་ཌོན་ལ་བཏང་སྟེ་ལོ་ཉི་ཤུ་རྩ་ལྔ་བར་ཨིན་ཡུལ་དུ་ བཞུགས་ནས་ཨིན་ཇི་ཆ་ཚང་བ་བཟོ་རྒྱུའི་འབད་བརྩོན་བྱས་ཀྱང་མ་གྲུབ་ པ་རེད། དེ་ལྟར་མ་ཐུབ་སྟབས་རྒྱ་གར་ལ་ཚུར་ལོག་སྟེ་ལོ་ཉི་ཤུ་རྩ་ལྔའི་རྗེས་
ལ་གཞི་ནས་རྒྱ་གར་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སོགས་པ་སྦྱང་དགོས་ བྱུང་བ་རེད།
ཁོང་ནི་བངྒཱལ་བ་ཡིན་ཡང་ལོ་ཉི་ཤུ་རྩ་ལྔའི་བར་སོ་སོའི་མ་
སྐད་དང་རྒྱ་གར་གྱི་སྐད་ཡིག་ཚིག་གཅིག་ཤེས་ཀྱི་ཡོད་མ་རེད། དེར་བརྟེན་
ང་རང་ཚོ་ཡང་བརྒྱ་ཆ་བརྒྱ་ནུབ་ཕྱོགས་པ་ཆགས་རྒྱུའི་རེ་བ་བྱས་ཀྱང་སྡོད་ ས་ཙམ་སྤོས་ཐུབ་རུང་རེ་བ་དེ་སྟོང་ཟད་ལ་འགྲོ་རྒྱུ་མ་གཏོགས་འགྲུབ་ཐུབ་ རྒྱུ་ཁག་པོ་རེད། ང་ཚོ་ནི་སོ་སོའི་ལུང་པ་ལ་བསྡད་མེད་སྟབས་རྒྱ་གར་དང་།
ནུབ་ཕྱོགས་སོགས་ག་པར་ཕྱིན་ཀྱང་མི་གཞན་གྱི་ལུང་པ་རེད། ཡིན་ནའང་ བོད་པའི་ངོས་འཛིན་དེ་བརླགས་ཚར་བའི་རྗེས་སུ་ངོས་འཛིན་མེད་པ་ཞིག་ 86
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
ཆགས་ཀྱི་རེད་མ་གཏོགས།
༣
ངོས་འཛིན་གསར་པ་ཞིག་རག་རྒྱུའི་གནས་
བབས་དེ་མེད་ཅེས་ཐག་བཅད་ནས་ལབ་ཐུབ་པའི་བཟོ་འདྲ་ཞིག་རེད། དེའི་ རྒྱབ་ཏུ་གནས་ཚུལ་ཞེ་དྲག་མང་པོ་ཡོད་ཀྱང་དེ་དག་ཆ་ཚང་ང་ཚོ་འདིར་
བཤད་རྒྱུའི་གོ་སྐབས་ཡོད་མ་རེད། མདོར་ན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་
དམིགས་ནི་བོད་ཕྲུག་རྣམས་བོད་པ་ཚད་ལྡན་ཞིག་བཟོ་རྒྱུའི་ཆེད་གཏན་ལ་ ཕབ་པའི་སྲིད་བྱུས་ཤིག་རེད། དེར་བརྟེན་ཕ་མ་དང་བོད་ཕྲུག་གཉིས་ཀས་
གདམ་ང་གང་ཞིག་བྱེད་དགོས་རེད་ཅེ་ན། འཚར་ལོངས་བྱུང་བའི་རྗེས་ལ་
བོད་མི་ཚད་ལྡན་ཞིག་ཡོང་བའི་དམིགས་ཡུལ་བཟུང་ངམ། ཡང་ན། འཚར་
ལོངས་བྱུང་བའི ་རྗེས་ལ་བོད་པ་དང་ནུབ་ཕྱོག ས་པ་གང་ཡང་མ་ཡི ན་པ་
ངོས་འཛིན་ཁྱོན་ནས་མེད་པའི་མི་ཕུང་གསུམ་པ་ཞིག་ཆགས་རྒྱུ་རེད།
མི་
ཕུང་གསུམ་པ་ཞེས་པ་བོད་སྐད་ལ་ཁ་ཚ་ར་ཟེར་གྱི་ཡོད་རེད། ཁ་ཚ་ར་ཟེར་ བ་དེ་ཁཅྕར་ཞེས་པའི་ཚིག་ནས་ཟུར་ཆག་པ་ཞིག་རེད། དེའི་དོན་ནི་རིགས་
གཅིག་ལ་ངོས་འཛིན་བྱེད་རྒྱུ་མེད་པ་རིགས་གཉིས་པའམ་རིགས་འདྲེས་ པ་ཞིག་ལ་ཟེར་གྱི་ཡོད། པའི་སོན་
དེ་རིང་སང་ཉིན་སྟོན་ཐོག་ལའང་རིགས་འདྲེས་
(Genetically modified seed)
ཟེར་བ་དེ་འདྲ་མང་པོ་ཡོད། རིགས་
འདྲེས་པའི་སོན་ནས་ངོས་འཛིན་ཡོད་པའི་སྟོན་ཐོག་དང་། གཟུགས་པོ་ལ་ ཕན་པའི་སྟོན་ཐོག་ཅིག་ཀྱང་རག་གི་མེད། དེའི་བཟོ་འདྲ་ཞིག་ཆགས་རྒྱུའི་
ཉེན་ཁ་ཡོད་སྟབས་ཆུང་དུས་ནས་གདམ་ང་མ་ནོར་བ་བྱེད་རྒྱུ་གལ་ཆེན་པོ་
རེད་བསམ་གྱི་འདུག
87
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མི་ཚེ་སྐྱིད་པོ་དང་དོན་ལྡན་ངང་བསྐྱལ་རྒྱུའི་སྐོར།
ད་ལྟ་ཁྱེད་རང་ཚོ་དཔེ་སྟོན་སློབ་གྲྭའི་ནང་ནས་སློབ་ཕྲུག་ཁ་ཤས་ལོ་
མཐའ་མ་བྱས་ཏེ་ཐོན་གྲབས་ཡོད་སྟབས། སློབ་གྲྭ་གཞན་གྱི་ནང་འབྲིང་རིམ་ དང་། མཐོ་རིམ། ཆེས་མཐོའི་སློབ་སྦྱོང་ལ་སོགས་པ་རིམ་པས་བྱེད་མདོག་
ཁ་པོ་རེད། གང་ལྟར་སློབ་སྦྱོང་བྱས་པའི་མཐའ་མ་དེར་སོ་སོའི་མི་ཚེ་ཡག་
པོ་ཞིག་བསྐྱལ་དགོས་རྒྱུ་བཤད་མི་དགོས་པ་རེད། མི་ཚེ་ཡག་པོ་དང་སྐྱིད་
པོ་ཞིག་བསྐྱལ་རྒྱུར་དེ་རིང་ངས་བསྡོམས་བརྒྱབ་ནས་ཞུས་ན། ཁྱེད་རང་ཚོ་ རྗེས་མ་སློབ་སྦྱོང་མཐར་སྐྱེལ་བའི་སྐབས་དང་།
མཐར་བསྐྱལ་ཚར་བའི་
རྗེས་སུ་སོ་སོའི་མི་ཚེའི་མདུན་ལམ་གང་འདྲ་ཞིག་ལ་ཞུགས་ཀྱང་དེ་སྐབས་
ཐོབས་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག མི་ཚེ་སྐྱིད་པོ་བྱས་ནས་བསྐྱལ་ རྒྱུ་དང་། མི་ཚེ་དོན་དང་ལྡན་པ་བྱས་ནས་བསྐྱལ་རྒྱུ་ཞེས་པའི་གནས་ཚུལ་
གཉིས་ཕྲན་བུ་ལོགས་ཀ་རེད། མི་ཚེ་སྐྱིད་པོ་བྱས་ནས་སྐྱེལ་མཁན་ཚང་མའི་ མི་ཚེ་དོན་དང་ལྡན་པ་བྱས་ཏེ་བསྐྱལ་བའི་ངེས་པ་གང་ཡང་མེད།
མི་ཚེ་
སྐྱིད་པོ་བྱས་ནས་འཁྱོལ་ཐུབ་པའི་དོན་དུ་ཆ་རྐྱེན་གསུམ་མེད་དུ་མི་རུང་བ་
རེད། ཆ་རྐྱེན་གསུམ་ནི། གཟུགས་གཞི་བདེ་ཐང་ཡོད་དགོས་པ་དང་། བསམ་ བློ་བདེ་ཐང་ཡོད་དགོས་པ།
འཚོ་ཐབས་ཡང་དག་པ་ཞིག་ཡོད་དགོས་པ་
བཅས་རེད། ཆ་རྐྱེན་གསུམ་ག་སོ་སོའི་ལག་པར་ཡོད་རེད། གནས་ཚུལ་ཡག་
པོ་མཁྱེན་ན་ཆ་རྐྱེན་གསུམ་པོ་སྒྲུབ་མི་ཐུབ་པའི་གནས་སྟངས་མེད་པར་ཚང་ མ་བསྒྲུབ་ཐུབ་པ་ཞིག་རེད། གཟུགས་པོ་བདེ་ཐང་མེད་ན་གཞན་པ་ཚང་མ་ བེད་མེད་ཆགས་པ་རེད། དེར་བརྟེན་གཟུགས་པོ་བདེ་ཐང་ཡོང་ཆེད་ཆུང་ 88
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དུས་ནས་གཟུགས་པོའི་འཚར་ལོངས་དེ་ཚད་དང་ལྡན་པ་དགོས་པ་དང་།
དེ་ཡང་གཙོ་བོ་རང་རང་སོ་སོའི་གཟུགས་གཞི་ལ་སོ་སོར་ཚོར་སྣང་སྐྱེན་པོ་
ཡོད་དགོས་པ་གལ་ཆེན་པོ་རེད། དེ་རིང་སང་ཉིན་མི་མང་པོ་ཞིག་སོ་སོའི་ གཟུགས་གཞིའི་དོན་དུ་སོ་སོར་ཚོར་སྣང་སྐྱེན་པོ་མེད་པ་དང་།
གཟུགས་
གཞི་བདེ་ཐང་ཡོང་བའི་དོན་དུ་ཐབས་ལམ་གང་དང་གང་ཞིག་བྱེད་དགོས་ པ་མ་ཤེས་པ་དེ་འདྲ་མང་པོ་ཡོད་སྟབས།
རང་གི་གཟུགས་གཞིའི་དོན་དུ་
རང་ལ་ཚོར་སྣང་སྐྱེན་པོ་ཡོད་དགོས་པ་དང་།
ག་དུས་ཡིན་ནའང་རང་
བཞིན་འབྱུང་བའི་གནས་བབ་དང་བསྟུན་ཏེ་སྡོད་དགོས་པ་དང་།
ཁོར་
ཡུག་དང་། བཟའ་བཏུང་། སྨན་གྱི་འཕྲོད་བསྟེན། ལུས་རྩལ་ལ་སོགས་པ་ནི་ གཟུགས་གཞི་བདེ་ཐང་ཡོང་བའམ་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་མེད་དུ་མི་
རུང་བ་ཞིག་རེད། དེ་ཚོ་ཚང་མའི་ནང་ནས་སྲོལ་རྒྱུན་གྱི་འཕྲོད་བསྟེན་སྐོར་
ལ་དོ་སྣང་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཞེ་ན། དེང་ རབས་ཀྱི་འཕྲོད་བསྟེན་དེ་ཁྲོམ་རའམ་ཚོང་ཞིག་རེད། དེང་རབས་ཀྱི་སྨན་
པ་ཚོས་སྤྱི་ཚོགས་ཀྱི་ནང་ནད་པ་མེད་པ་བཟོ་རྒྱུའི་དམིགས་ཡུལ་བཟུང་གི་ མེད། ན་ཚ་དེ་ཁོང་ཚོའི་མ་རྩ་ལྟ་བུ་རེད། ན་ཚ་མེད་ན་སྨན་པ་ལྟོགས་ཤི་ ཐེབས་ཀྱི་རེད་ཟེར་གྱི་རེད། སྲོལ་རྒྱུན་གྱི་སྨན་པ་ཚོས་སྤྱི་ཚོགས་ནང་ནད་
པ་མེད་པར་གཞག་རྒྱུ་དེ་དམིགས་ཡུལ་དང་པོ་རེད། བྱས་ཙང་ང་ཚོ་བོད་ཀྱི་ སྨན་གཞུང་ནང་། མི་ན་བ་དང་ན་ན་གསོ་བར་བྱ་བའི་ཐབས། ཞེས་སྔོན་ལ་ མི་ན་བའི་ཐབས་བསྟན་ཡོད་པས། སྲོལ་རྒྱུན་གྱི་འཕྲོད་བསྟེན་བྱེད་སྟངས་ སྐོར་དང་།
ལྷག་པར་དུ་རང་གི་གཟུགས་གཞིའི་འཕྲོད་བསྟེན་ལ་སོ་སོའི་
ཚོར་བ་སྐྱེན་པོ་ཡོད་པའམ།
རང་གི་གཟུགས་ཁམས་དེ་རང་གིས་ངོ་ཤེས་ 89
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པར་བྱས་པའི་ཐོག་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་ གལ་ཆེན་པོ་རེད།
གཟུགས་པོ་བདེ་ཐང་ཡོད་ཀྱང་བསམ་བློ་བདེ་ཐང་སྟེ། སྨྱོན་པ་མིན་པ་
ལ་ཟེར་བ་མིན་པར་བསམ་བློའི་རང་དབང་ཡོད་པ་ཞིག་དང་། སྣ་ཐག་རང་ མགོར་དཀྲིས་པ་ཞིག་དགོས་ཀྱི་ཡོད་རེད།
སྣ་ཐག་རང་མགོར་དཀྲིས་པ་
ཟེར་དུས། དཔེར་ན། ང་ཚོ་བོད་པས་གཡག་དང་མཛོ་དེ་འདྲར་སྣ་ཁུང་ལ་ ཐག་པ་བཏགས་ནས་འཁྲིད་ཀྱི་ཡོད་རེད། སྣ་ཐག་དེ་གཞན་གྱི་ལག་ཏུ་ཡོད་
ན་སོ་སོ་གང་དུ་འགྲོ་དགོས་བསམ་པ་དེར་འགྲོ་ཐུབ་རྒྱུ་ཁག་པོ་རེད། སྣ་ཐག་ དེ་སོ་སོའི་མགོ་ལ་དཀྲིས་ཡོད་ན་སོ་སོ་གང་དུ་འགྲོ་ནའང་འགྲོ་ཆོག་ཆོག་ ཡོད་རེད།
རྣམ་དཔྱོད་ཀྱི་ཐོག་ནས་དཔྱད་པ་བྱས་ཏེ་སོ་སོ་ལ་འོས་པ་གང་
རེད། ལེགས་པ་གང་རེད། མི་ལེགས་པ་གང་ཡིན། ཆོས་སྐད་དུ་བཤད་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་
རབ་ཟེར་དུས་བླང་དོར་གྱི་བྱ་བ་གང་ཡིན། བྱེད་རུང་བ་དང་མི་རུང་བ་གང་ ཡིན། སོ་སོ་ལ་ཕན་པ་དང་མི་ཕན་པ་གང་ཡིན། སྤྱི་ཚོགས་ལ་ཕན་པ་གང་ དང་མི་ཕན་པ་གང་ཡིན་པ་སོགས་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་བརྟག་ དཔྱད་བྱས་ཏེ་དབྱེ་བ་འབྱེད་ཤེས་པ་དང་།
རང་དབང་ཅན་གྱི་བསམ་བློ་
དགོས་པ་གལ་ཆེན་པོ་རེད། དེ་མ་གཏོགས་དེ་རིང་སང་ཉིན་མི་ཚོའི་བསམ་
བློའི་རང་དབང་དེ་གོ་ལ་གཅིག་གྱུར་གྱི་ལམ་སྲོལ་གྱི་ཐོག་ནས་འཕྲོག་ཟིན་ པ་རེད།
བསམ་བློའི་རང་དབང་འཕྲོག་ཟིན་པའི་དབང་གིས་མི་ཕལ་ཆེ་
བས་མི་གཞན་གྱིས་གང་ལབ་པར་ཆ་བཞག་ནས་འགྲོ་རྒྱུ་རེད། 90
མི་གཞན་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དག་ཚོས་ཀྱང་གཟུགས་མཐོང་རླུང་འཕྲིན་དང་། གསར་འགྱུར་བརྒྱུད་ལམ།
སྤྱི་ཚོགས་ཀྱི་ཧེབ་དེ་ཚོའི་ཐོག་ལ་ཕྱིན་ནས་ཐག་གཅོད་བྱས་པ་མ་གཏོགས།
རང་རང་སོ་སོའི་བསམ་བློའམ་རྣམ་དཔྱོད་བེད་སྤྱོད་བཏང་ནས་ཐག་གཅོད་ མི་བྱེད་པའི་གཤིས་ཀ་ཞིག་དུས་རབས་ཉེར་གཅིག་པའི་ནང་ཤུགས་ཆེན་
པོ་ཆགས་ཡོད། ལྷག་པར་དུ་གོ་ལ་གཅིག་གྱུར་གྱི་འོག་ཏུ་ཕྱིན་པའི་མི་ཚོའི་
བསམ་བློའི་རང་དབང་ཆ་ཚང་བརླགས་ཟིན་པ་རེད། གཞན་པ་ཕར་བཞག་
ནས་རང་གི་དགོས་མཁོ་གང་ཡིན་པ་དེ་ཡང་རང་གིས་ཐག་གཅོད་བྱེ ད་ ཤེས་ཀྱི་མེད།
སོ་སོས་ཁ་ལག་གང་བཟས་པ་དེ་གཟུགས་པོར་འཇུ་ཐུབ་པ་
དང་།
གང་བཏུངས་པ་དེ་གཟུགས་པོར་མི་གནོད་པ་དེ་ཙམ་ཡང་ཤེས་ཀྱི་
པ༑
ཡང་མིན་ན་གསར་ཤོག་གི་དྲིལ་བསྒྲགས་དེ་ཚོ་བཀླགས་ནས་ཐག་
མེད། ཚང་མ་གཟུགས་མཐོང་རླུང་འཕྲིན་ལ་བལྟས་པའམ་རླུང་འཕྲིན་ཉན་ བཅད་པ་མ་གཏོགས། རང་གི་གནས་ཚུལ་རང་གིས་མ་ཤེས་པ་དང་། རང་
ངོ་རང་གིས་མ་ཤེས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས་བསམ་བློའི་ རང་དབང་ཚད་ལྡན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།
གཟུགས་པོ ་ བདེ ་ ཐང་དང་བསམ་བློ འི ་ རང་དབང་བྱུང་ན་མི ་ ཚེ འི ་
མདུན་ལམ་བརྒྱ་ཆ་ལྔ་བཅུ་ཐམ་པ་འགྲིག་བསྡད་ཡོད་རེད།
དེའི་ཐོག་ལ་
མི ་ སུ་དང་སུ་ཡི ན ་ཡང་འཚོ ་ བ་བསྐྱལ་དགོ ས ་པས་འཚོ ་ ཐབས་དེ ་ ཚད་
དང་ལྡན་པ་ཞིག་དགོས། སངས་རྒྱས་ཀྱི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ ནང་ལ་ཡང་དག་པའི་འཚོ་བ་དང་།
ཡང་དག་པའི་ལས་ཀྱི་མཐའ་གཉིས་
གསུངས་པ་དེ་མི་ཚེ་སྐྱེལ་རྒྱུའི་དོན་དུ་རེད། 91
ཡང་དག་པའི་འཚོ་བ་ཟེར་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ན༑ རང་གི་འཚོ་ཐབས་དེ་དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བ་དང་མ་
འབྲེལ་བ་དང་། ཁོར་ཡུག་ལ་གནོད་སྐྱོན་མི་བྱེད་པ། མཚམས་རེ་ཁེ་བཟང་ ཆེན་པོ་དང་།
མཚམས་རེ་གྱོང་གུན་ཆེན་པོ་རག་རྒྱུ་བཅས་བརྟན་པོ་མེད་
པ་དེ་འདྲ་མ་ཡིན་པ།
རྒྱུན་གནས་ཐུབ་པའི་འཚོ་ཐབས་ཤིག་བྱུང་ན་དེ་ནི་
ཡང་དག་པའི་འཚོ་བའམ་འཚོ་ཐབས་ཡག་ཤོས་ཤིག་ཆགས་ཀྱི་ཡོད། བདག་ ཉིད་ཆེན་པོ་གཱནྡྷཱིའི་དགོངས་པ་ལྟར་བྱས་ན། ཐབས་ཡག་ཤོས་རེད་གསུངས་ཡོད་ཀྱང་།
སོ་ནམ་ལ་བརྟེན་པ་དེ་འཚོ་
ང་ཚོ་ལུང་པ་མེད་པར་སྐྱབས་
བཅོལ་ལ་བསྡད་ཡོད་དུས་མི་ཚང་མ་འཚོ་ཐབས་སོ་ནམ་ལ་བརྟེན་ཐུབ་རྒྱུ་
ཞེ་དྲག་ཁག་པོ་རེད།
འཚོ་ཐབས་སོ་ནམ་ལ་བརྟེན་རྒྱུའི་ཆེད་ང་ཚོ་སྐྱབས་
བཅོལ་ལ་འབྱོར་ནས་སོ་ནམ་གཞིས་ཆགས་མང་པོ་བཙུགས་ཡོད་ཀྱང་། ད་
ཆ་སོ་ནམ་གཞིས་ཆགས་དེ་དག་རིམ་པས་སྟོངས་འགྲོ་ཡི་ཡོད། འཚོ་ཐབས་ སོ་ནམ་ལ་བརྟེན་པ་ཞིག་མ་བྱུང་རུང་དེ་ལས་གཞན་པའི་འཚོ་ཐབས་གང་
འདྲ་ཞིག་བཙལ་ཡང་འཚེ་བ་མེད་པ་དང་། ཁོར་ཡུག་ལ་མི་གནོད་པ། རྒྱུན་
གནས་ཐུབ་པ་དེ་གསུམ་འཚོ་ཐབས་གཏན་འབེབས་བྱ་རྒྱུའི་དོན་དུ་ཉེ་བར་ མཁོ་བའི་ལྟ་སྟངས་ཤིག་རེད།
དེང་རབས་ཀྱི་མི་ཚོས་གཡོག་པོ་རྒྱུག་རྒྱུ་ཁོ་
ནའི་བསམ་བློ་གཏོང་གི་ཡོད། སློབ་སྦྱོང་ཐོན་ནས་གཡོག་པོ་ག་པར་རག་གི་
རེད་ཅེས་བརྗོད་རྒྱུ་དེ་ཤེས་རིག་འཛིན་སྐྱོང་བྱེད་མཁན་ཚང་མས་སྐད་ཆ་ འདྲི་རྒྱུ་ཞིག་ཆགས་ཡོད། ཡིན་ནའང་། གཡོག་པོ་རྒྱུག་རྒྱུ་དང་བདག་པོ་བྱེད་
རྒྱུ་གཉིས་གདམ་དགོས་བྱུང་ན་རང་གི་ཁ་དེ་རང་གིས་གསོས་ནས་བདག་ པོ་བྱེད་རྒྱུ་བྱུང་ན་ཡག་པོ་ཡོད་རེད། དཔེར་ན། ང་ཚོ་བཙན་བྱོལ་གྱི་གནས་ བབས་ལ་ཆ་བཞག་ན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བོད་མིའི་སྒྲིག་ 92
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
འཛུགས་ཁག་དང་། དེ་དག་ལ་ཕན་པའི་གླ་ཡོད་ཀྱི་ལས་ཀ་གང་ཞིག་བྱས་ ཀྱང་དེ་ནི་གཡོག་པོ་རྒྱུག་པའི་བཟོ་འདྲ་ཞིག་མ་རེད།
རང་གི་ཕོགས་ཐོབ་
ཁོ་ནའི་ཆེད་དུ་འབྲེལ་བ་ཁྱོན་ནས་མེད་པའི་ལས་དོན་ཞིག་གི་ཐོག་གཡོག་ པོ་རྒྱུག་བསྡད་ན་དེའི་འཚོ་ཐབས་དེའང་ཡང་དག་པ་ཞིག་ཆགས་ཀྱི་མེད་ སྟབས།
རང་གི་ཁ་དེ་རང་གིས་གསོ་ཐུབ་པའི་འཚོ་ཐབས་ཚད་ལྡན་ཞིག་
བརྟེན་རྒྱུའི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། དེ་འདྲ་ ཞིག་བྱུང་བ་ཡིན་ན་མི་ཚེ་དེ་སྐྱིད་པོའི་ངང་ནས་སྐྱེལ་ཐུབ།
མི་ཚེ་དོན་དང་ལྡན་པ་ཞིག་དགོས་ཀྱི་ཡོད་ན་ད་ལྟ་གོང་དུ་ཞུས་པའི་
ཆ་རྐྱེན་གསུམ་པོའི་ཐོག ནང་དོན་རིག་པའི་བསམ་ཚུལ་
spirituality
ཞིག་
དགོས། spirituality ཞེས་པ་ནང་དོན་རིག་པའི་གོ་དོན་ཏག་ཏག་ཆགས་མིན་
མི་ཤེས་ཀྱང་དེ་རིང་ཁ་སང་ཚིག་དེ་བེད་སྤྱོད་གཏོང་གི་ཡོད། ལེགས་སྦྱར་
གྱི་སྐད་ལ་ཨཱདྷྱཱཏྨིཀ་ཞེས་པ་དེ་རེད། གང་ལྟར་བསམ་བློ་ཁ་ཕྱི་བལྟས་ཁོ་ན་ མ་ཡིན་པར་ཁ་ནང་བལྟས་བྱས་ནས་ང་ཞེས་པ་དེ་སུ་རེད་འདུག ནམ་རྒྱུན་ ཧོབ་དེ་ཁ་ལ་ཁྱེད་རང་སུ་ཡིན་ལབ་ན།
གློ་བུར་བའི་ལན་ལ་ང་བློ་བཟང་
ཡིན། བསྟན་འཛིན་ཡིན། བསོད་ནམས་ཡིན་ཞེས་སོ་སོའི་མིང་བོས་ནས་ ལན་རྒྱག་གི་རེད།
མིང་དེ་རྗེས་ལ་བཏགས་པ་ཞིག་རེད་མ་གཏོགས་གང་
ཟག་བྱེ་བྲག་པ་དེ་མ་རེད། སྐྱེ་བ་ལེན་མཁན་དང་། ཚེ་འདིའི་འཚོ་ཐབས་ བྱེད་མཁན། རྗེས་མ་འཆི་མཁན། ཤི་ནས་ཡང་བསྐྱར་སྐྱེ་བ་ལེན་མཁན། ཤི་ ནས་ཡང་བསྐྱར་སྐྱེ་བ་ལེན་པའི་བསམ་བློ་མ་བཏང་རུང་སྐྱེས་ནས་མ་ཤི་
བར་དུ་འགྲོ་མཁན་གྱི་གང་ཟག་དེ་སུ་རེད། དེའི་དགོས་མཁོ་གང་རེད། དེའི་ 93
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ལས་འགན་གང་ཡིན་པ་དེ་ཚོའི་ཐོག་ལ་བློ་ཁ་ནང་དུ་ཕྱོགས་ནས་རང་ངོ་ ཤེས་པའི་ཐབས་ཤེས་བྱེད་རྒྱུ་དེར་ནང་དོན་རིག་པའམ་ཆོས་ཞེས་ལབ་ཀྱང་
འགྲིག་གི་ཡོད།
ཆོས་མེད་རིང་ལུགས་པའམ་ཆོས་ཁས་ལེན་གྱི་མིན་ཟེར་
མཁན་ཞིག་ཡིན་རུང་ཁ་ནང་དུ་ཕྱོགས་ནས་རང་ངོ་ཤེས་པའི་ཐབས་ཤེས་
བྱེད་རྒྱུ་ཡོང་སྲིད་པ་ཞིག་རེད། དེ་ཡང་མཉམ་དུ་བྱུང་ན་རང་གི་རྣམ་དཔྱོད་
ཀྱི་ཐོག་ནས་ཆོས་ལུགས་གང་ཡང་རུང་བ་ཞིག་གི་རྗེས་འཇུག་བྱས་དང་མ་ བྱས། གང་ལྟར་དྲན་པ་དང་ཤེས་བཞིན་གྱི་ཐོག་ནས་རང་ངོ་རང་གིས་ཤེས་
པ་བྱས་ནས་རང་གི ་ མ་འོང ས་པའི ་ མདུན་ལམ་དེ ་ གང་འདྲ་ཞི ག ་དགོ ས ་
ཀྱི་ཡོད་པ་རྩད་ཆོད་པ་ཞིག་བྱུང་ན། ཚང་བ་ཞེས་ཟེར་གྱི་ཡོད།
དེ་ལ་ནང་དོན་རིག་པའི་ཡན་ལག་
དེ་འདྲ་ཞིག་བྱུང་ན་མི་ལ་སྐྱེ་བ་ལེན་པ་དེ་དོན་
གོ་ཆོད་པ་དང་། དོན་དང་ལྡན་པ། ཆུད་ཟོས་སུ་མ་སོང་བ་ཞིག་ཆགས་ཀྱི་ ཡོད། དེར་བརྟེན་ཁྱེད་རང་ཚོ་རིམ་པས་མཐོ་རིམ་སློབ་གྲྭ་དང་། གཙུག་ལག་ སློབ་ཁང་དེ་ཚོ་འགྲིམས་པའི་རྗེས་ལ་མདུན་ལམ་ཞིག་བཙལ་ཏེ་མི་ཚེ་ཞིག་
བསྐྱལ་དགོས་རེད། མི་ཚེ་དེ་བསྐྱལ་རྒྱུའི་དོན་དུ་ཆ་རྐྱེན་བཞི་པོ་ད་ལྟ་ལོ་ན་ ཆུང་དུས་སློབ་གྲྭ་ལ་ཡོད་དུས་ནས་སྒྲུབ་དགོས་པ་ཞིག་རེད།
ད་ལྟ་ལོ་ན་ཆུང་དུས་ནས་གཟུགས་གཞི་བདེ་ཐང་ཡོང་རྒྱུའི་རྨང་གཞི་
ཡག་པོ་མ་བཞག་ན། ལོ་ན་རྒས་པའི་མཚམས་སུ་བསྐྱར་དུ་བཟོ་བཅོས་རྒྱག་ ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད།
བསམ་བློའི་རང་དབང་ཞེས་པ་དེ་ཡང་སྔོན་
འགྲོའི་སློབ་གྲྭ་ནས་འགོ་འཛུགས་དགོས་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་ ཀྱི་སྙིང་དོན་ནང་ལའང་སྲིད་བྱུས་འདིའི་འག ོ ་ནས་སློབ་སྦྱོང་ཐོན་པའི་མི་ 94
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེ་ཚོ་བསམ་བློའི་རང་དབང་ཡོད་པ་ཞིག་མ་གཏོགས་བླུན་པོ་ཆུ་སྣ་གར་ འཁྲིད་ལྟ་བུ་མིན་པ་སྟེ།
མི་གཞན་ཞིག་གིས་ཡས་རེད་ཟེར་ན་ཡས་དང་།
མས་རེད་ཟེར་ན་མས་ཡིན་པར་ཆ་བཞག་པ་དང་། གང་ལྟར་གསར་འགྱུར་ བརྒྱུད་ལམ་དང་གཟུགས་མཐོང་བརྙན་འཕྲིན་སོགས་ལ་བལྟས་ནས་བསམ་
བློ་ག་པར་འཁྲིད་འཁྲིད་ཅིག་མིན་པར་བློ་ཆུང་དུས་ནས་བཟོ་རྒྱུ་དེ་ཤེས་
ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་རེད།
གནད་དོན་གང་ཞིག་ཡིན་ཡང་སོ་
སོས་མ་ཤེས་བར་དུ་ཆ་མ་བཞག་པར་འགྲོ་རྒྱུའི་གཤིས་ཀ་བཟོ་རྒྱུ་དེ་སྔོན་མ་ ཡང་སྐད་ཆ་བྱུང་བ་རེད། དེ་བཞིན་གནས་ཚུལ་ཤེས་ན་ཤེས་པ་རང་དགོས་
པ་དང་། མ་ཤེས་ན་མ་ཤེས་པ་དེ་ཧ་གོ་དགོས་ཀྱི་ཡོད་རེད། དེ་རིང་སང་ཉིན་ སློ བ ་གྲྭ་འགྲི མ ་མཁན་མང་པོ་ ཞི ག ་གི ས ་མ་ཤེ ས ་ཀྱང་ཤེ ས ་ཀྱི ་ ཡོ ད ་བསམ་
པ་དྲན་མཁན་ཞེ་དྲག་མང་པོ་ཡོད་རེད། ཁོང་ཚོས་དེབ་ཀྱི་ནང་ལ་ཡོད་པ་ དང་། འཛིན་གྲྭའི་ནང་ལ་བསླབས་པ་དེ་ཡིན་ཤག་ཤག་གམ་ཆ་བཞག་ནས་
དེ་དག་ཤེས་ཀྱི་ཡོད་དྲན་གྱི་ཡོད་རེད། བྱས་ཙང་ཤེས་པ་དེ་ཤེས་པ་བྱས། མ་ ཤེས་པ་དེ་ཚོ་ཤེས་རྒྱུའི་ཐབས་ཤེས་བྱས་པ་མ་གཏོགས། དེབ་དང་དགེ་རྒན་
གྱིས་ལབ་པ་ཙམ་ལ་ཆ་བཞག་ནས་རང་གིས་མ་ཤེས་བཞིན་དུ་ཤེས་ཀྱི་ཡོད་ བསམ་པའི་བསམ་ཚུལ་དེ་དོར་ན།
རྗེས་སུ་སློབ་གྲྭ་ཐོན་དུས་རང་དབང་
ཡོད་པའི་བསམ་བློ་ཞིག་དང་བསམ་བློའི་ཚད་དེ་ཡག་པོ་ཞིག་ལོང་གི་རེད། དེ ་ མི ན ་བསམ་བློའི ་ ཚད་ལོང་རྒྱུའི ་ ཚབ་ཏུ་བསམ་བློ་ དེ ་ ཀམ་པུ་ཊར་ནང་
བཞིན་ཆགས་ཀྱི་རེད། དགེ་རྒན་དང་། དེབ། འཛིན་གྲྭའི་ནང་ག་ཚོད་བླུགས་ པ་དེ་ཚོ་གང་འཚམས་རྗེས་འཛིན་གྲྭ་ནས་མར་དོན་དུས་གདོན་རྒྱུ་ཡོད་པ་
བྱས་ན་མ་གཏོགས། ཀམ་པུ་ཊར་ཁོ་རང་གི་བསམ་བློ་བཏང་ནས་ཡར་རྒྱས་ 95
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བྱེད་རྒྱུ་དང་དཔྱད་པ་བྱེད་རྒྱུར་འགྱུར་བ་གཏོང་རྒྱུ་གང་ཡང་ཡོད་མ་རེད། ཡར་གང་བླུགས་པ་དང་།
མར་ག་རེ་བཏོན་པ་དེའི་བཟོ་འདྲ་ཆགས་ན་མི་
དང་འཕྲུལ་ཆས་གཉིས་ལ་ཁྱད་པར་མེད་པ་ཆགས་པ་རེད། དེར་བརྟེན་ད་ ལྟ་ནས་རང་གིས་གང་ཤེས་པ་དེ་ངོ་ཤེས་པ་ཞིག་དང་།
རང་གིས་གང་མ་
བློའི་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཡོང་གི་མ་རེད།
དེ་རིང་སང་ཉིན་
ཤེས་པ་དེ་ཡང་ངོ་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱུང་ན་བསམ་
དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་དེའི་འོག་ནས་སློབ་སྦྱོང་གང་འཚམས་ ཤིག་སླེབས་སོང་ན། ད་ངས་ཆ་ཚང་ཤེས་སོང་སྙམ་པའི་འདུ་ཤེས་ཁྱེར་ནས་
བསམ་བློ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་མང་པོ་ཡོང་དང་ཡོང་བཞིན་པ་ རེད། དེ་འདྲ་མི་ཡོང་བའི་དོན་དུ་ཤེས་པ་དང་ཆ་བཞག་པ་གཉིས་ངེས་པར་
དུ་དབྱེ་བ་འབྱེད་ཤེས་དགོས། ཤེས་པ་ཡིན་ན་འགོ་ནས་མཇུག་བར་དུ་སྦྱོར་ དངོས་མཇུག་གསུམ་གྱི་གནས་ཚུལ་ཡོངས་སུ་རྫོགས་པ་ངོ་ཤེས་ཐུབ་པ་ཞིག་
དགོས་པ་གལ་ཆེན་པོ་རེད།
དེ་འདྲ་ཞིག་བྱུང་ན་སློབ་སྦྱོང་ཐོན་པ་ཞེས་
ལབ་ཆོག་པ་རེད། དེ་འདྲ་ཞིག་མ་བྱུང་ན་དེབ་དང་དགེ་རྒན་གྱིས་བསླབས་
པ་དེ་ཚོར་ཆ་བཞག་ནས་རྒྱུགས་སྤྲོད་ཀྱི་ལག་འཁྱེར་མཐོ་པོ་གང་འདྲ་ཞིག་
ཐོན་ཡང་མི་དེ་སློབ་སྦྱོང་ཐོན་པའི་གནས་བབ་ལ་བརྩི་རྒྱུ་མེད་པ་རེད། ད་ ལྟ་ངས་སློབ་ཕྲུག་ཚོར་ཆེད་དུ་དམིགས་ནས་མི་ཚེ་སྐྱིད་པོ་ཞིག་བསྐྱལ་རྒྱུར་
ཆ་རྐྱེན་གསུམ་དགོས་པ་དང་། མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུར་ཆ་ རྐྱེན་བཞི་དགོས་པ་རྣམས་འགོ་སྨྲོས་ཙམ་ཞིག་ཞུས་པ་རེད།
དེའི་ཐོག་ལ་
ཁྱེད་རང་ཚོས་ཞིབ་ཚགས་ངང་ནས་ཞིབ་འཇུག་བྱས་ཏེ་ཕྱིན་ན། དོན་དག་ རེ་རེ་ལའང་ཉིན་གྲངས་མང་པོ་སློབ་སྦྱོང་བྱ་རྒྱུའི་གནས་སྟངས་ཡོད་རེད། 96
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེའི་ནང་གནས་ཚུལ་མང་པོ་བསྡོམས་ཡོད་པས་ཁྱེད་རང་ཚོས་དགོངས་པ་ བཞེས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
ངས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུར་ནང་དོན་རིག་པ་དགོས་
ཞེས་ཞུས་པ་དེ་དང་མཉམ་དུ་ད་ལྟ་འགོ་འཛུགས་བྱ་རྒྱུའི་མི་རིགས་ཀྱི་ངོས་
འཛིན་དང་། གང་ཟག་སྒེར་གྱི་ངོས་འཛིན་ཞེས་པ་ལྟ་བུ་རེད། མི་རིགས་ཀྱི་ ངོས་འཛིན་དེ་མ་ཉམས་པར་སྡོད་ཐུབ་ན་མི་རིགས་དེ་གནས་པ་དང་།
མི་
རིགས་ཀྱི་ངོས་འཛིན་དེ་ཉམས་ཆག་སོང་ན་མི་རིགས་དེ་བརླག་གི་རེད།
དེ་འདྲ་ཡིན་སྟབས་གཱནྡྷཱིས་གསུངས་པའི་སྭརཱཇ་ཞེས་པའི་དོན་ནི། རང་གི་ གནས་བབ་རང་གིས་ཤེས་པ་ཞིག་དང་། རང་གི་གནས་བབ་རང་གིས་ཤེས་
པའི་ཐོག་ནས་རང་གི་མི་ཚེའི་མདུན་ལམ་དེ་རང་གི་ལག་པར་ཡོད་པ་ཞིག་ དགོས་པ་ཡིན་སྟབས། དེའི་ཐོག་ལ་བསམ་གཞིག་དང་བརྟག་དཔྱད་བྱེད་རྒྱུ་
གལ་ཆེན་པོ་རེད། ངས་ད་ལྟ་ཞུས་པ་དེ་ཚོ་ཁྱེད་རང་ཚོས་དཔྱད་པ་བྱེད་རྒྱུའི་
དོན་དུ་ཞུ་ཡི་ཡོད་མ་གཏོགས་ཆ་བཞག་རྒྱུའི་དོན་དུ་ཞུ་ཡི་མེད། སངས་རྒྱས་ ཀྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་ བའི་གསེར་བཞིན་དུ། བྱ་ཡི་གུས་ཕྱིར་མིན།
།ལེགས་པར་བརྟགས་ལ་ང་ཡི་བཀའ།
།བླང་བར་
།ཞེས་ཁོང་གིས་གང་གསུངས་པ་དེར་སངས་རྒྱས་ལ་
གུས་ཞབས་དང་དད་པ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱིས་ གསུངས་པ་དེ་ག་རང་ལ་ཆ་བཞག་ནས་ཕྱིན་ན།
དེ་ནི་ཆ་བཞག་པ་རེད་
མ་གཏོགས་ཤེས་པ་མིན་སྟབས། ཆ་བཞག་རྒྱུའི་དོན་དུ་མིན་ཞེས་གསལ་པོ་
བྱས་ནས་བཀའ་གནང་ཡོད་པ་ལྟར་ཁྱེད་རང་ཚོས་ད་ལྟ་ནས་གསལ་པོ་བཟོ་ 97
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དགོས། སངས་རྒྱས་ཀྱི་གསུང་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་ན། མི་སུ་ དང་སུས་གང་ཞིག་ལབ་ཀྱང་དེ་ལ་ཁྱེད་རང་ཚོའི་བསམ་བློའི་རང་དབང་
དང་། རྒྱུ་མཚན་དང་ལྡན་པ། རིགས་པ་བཞིའི་ནུས་པ་ཡོད་པའི་ཐོག་ནས་ བརྟག་དཔྱད་བྱས་ཏེ་རྗེས་མ་རང་གིས་ཤེས་པ་ཞིག་བཟོ་རྒྱུ་གལ་གནད་ཆེན་ པོ་ཡིན་པས་དེའི་དོན་དུ་ངས་ཞུ་བཞིན་ཡོད།
བྱིས་པ་གསོ་སྐྱོང་དང་འབྲེལ་བའི་སྐོར།
ཕྲུ་གུའི་ཤེས་ཡོན་དང་གཤིས་སྤྱོད་དེ་སློབ་གྲྭ་ནས་འགོ་མི་འཛུགས་
པར་ནང་ནས་འགོ་འཛུགས་ཀྱི་ཡོད། ཕྲུ་གུའི་དགེ་རྒན་དང་པོ་དེ་ཕ་མ་རེད་
ཅེས་དེང་རབས་པ་ཚོའི་ངག་སྐད་ལ་ཤོད་རྒྱུན་ཡོད་སྟབས། དེ་རིང་འདིར་
ཕ་མའི ་ ལྷན་ཚོ ག ས་ཡོ ད ་པར་བརྟེ ན ་བོ ད ་རི ག ས་ཕ་མ་ཚོ ས ་ཕྲུ་གུ་སྔོ ན ་
འགྲོའི་སློབ་གྲྭར་མ་བཏང་གོང་ནང་ལ་གསོ་སྐྱོང་བྱེད་སྟངས་དེ་སྔོན་མ་བོད་ དུ་ཡིན་ན་ཡུལ་སྲོལ་བཟང་པོ་ཞེ་དྲག་མང་པོ་ཡོད་རེད། དེ་རིང་སང་ཉིན་
ང་ཚོ་བཙན་བྱོལ་ལ་གྱར་བའི་རྗེས་ལ་བོད་ཀྱི་གནའ་རབས་ཀྱི་ཡུལ་སྲོལ་ མང་ཆེ་བ་བརླགས་ཟིན་པ་རེད། གལ་སྲིད་ཁ་ཤས་ཤེས་ཀྱི་ཡོད་ཀྱང་ཡུལ་
དུས་གནས་སྐབས་དབང་གིས་ལག་བསྟར་མི་ཐུབ་པ་མང་པོ་ཡོད་སྟབས་ཕྲུ་ གུ་སློབ་ལོ་མ་སོན་པའམ་ཁ་གྲག་ཤེས་མ་ཤེས་ཀྱི་བར་ལ་ནང་གི་གསོ་སྐྱོང་
བྱེད་སྟངས་དང་།
ནང་གི་སློབ་སྦྱོང་སྤྲོད་སྟངས་དེ་རྗེས་མ་སློབ་གྲྭའི་ནང་
སླེབས་སྐབས་སློབ་སྦྱོང་གང་འདྲ་བྱས་དང་མ་བྱས་ཀྱི་གཞི་རྩ་ལྟ་བུ་བཞག་ གི་ཡོད་པར་བརྟེན།
ཕ་མ་ཆོས་ལ་དད་པ་ཡོད་མཁན་ཚོས་ཕྲུ་གུ་སྐྱེ་བའི་ 98
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྐབས་ནས་ཤེས་རབ་སློབ་སྤེལ་གྱི་ཐབས་ཤེས་བྱ་རྒྱུ་དང་། ལྕེའི་སྟེང་ལ་ཧྲཱིཿ་ དང་། ཧྲཱིཿ་ལ་སོགས་པའི་ལེགས་བྲིས་འབྲི་རྒྱུ་དེ་འདྲ་སྔོན་མ་༸གོང་ས་སྐུ་
ཕྲེང་བཅུ་གསུམ་པའི་སྐབས་ནས་བོད་རྒྱ་ཁྱབ་ལ་བྱིས་པ་གསོ་སྐྱོང་གི་སྐོར་
ལ་སློབ་སྟོན་མང་པོ་གནང་འདུག་པས།
བོད་ཀྱི་སྨན་རྩིས་ཁང་ནས་བྱིས་
པ་ཐོག་མར་སྐྱེ་བའི་སྐབས་སུ་ཤེས་རབ་སློབ་སྤེལ་གྱི་བྱ་བ་བྱེད་སྟངས་ཀྱི་
ཡོ་བྱད་དེ་ཚོ་ཡང་རིན་མེད་ལ་འགྲེམས་སྤེལ་གནང་བ་དེ་འདྲ་བྱུང་འདུག འདི་གའི་སྨན་རྩིས་ཁང་གིས་ཀྱང་གཅིག་བྱས་ན་དེ་ལྟར་ཕྱག་ལེན་གནང་ ཐུབ་ཡོད་རེད་བསམ་གྱི་འདུག
ཨ་མ་སྦྲུམ་མ་ཡི ན ་པའི ་ སྐབས་སུ་ཨ་མས་ཤེ ས ་རབ་སློ བ ་སྤེ ལ ་གྱི ་
གཟུངས་སྔགས་ཨ་ར་པ་ཙ་དང་།
མ་ཎི་ལ་སོགས་པ་བཏོན་ནས་ཆོས་ཀྱི་སྒྲ་
ཡང་ཡང་ཐས ོ ་པ་བྱ་རྒྱུ་དང་། གཙང་སྦྲ་བྱེད་རྒྱུ། དེ་རྗེས་ཕྲུ་གུ་སྐྱེས་ནས་ཁ་
མ་གྲག་བར་དུ་འཕད ྲོ ་བསྟེན་གྱི་གནས་སྟངས་མང་པོ་བྱ་རྒྱུ། ཕྲུ་གུ་ཕྲན་བུ་ཁ་ གྲག་རྗེས་ཕྱིའི་གནས་སྟངས་ལ་ཞིབ་འཇུག་བྱ་རྒྱུའི་གནས་ཚུལ་བྱུང་སྐབས་
ཕྲུ་གུའི་དྲི་བ་དེ་ཚོར་ཕ་མ་སྤུན་མཆེད་སུ་ཡིན་ཡང་དྲི་བ་མ་བཀག་པར་ལན་ འདེབས་བྱ་རྒྱུ།
ད་དུང་དྲི་བ་འདྲི་རྒྱུར་བློ་སྟོབས་སྤེལ་རྒྱུ་ལ་སོགས་པ་དང་།
ལྷག་པར་དུ་སབ ློ ་གྲྭའི་ནང་ཚུད་རྗེས་ཕ་མ་དང་། ཕྲུ་གུ། དགེ་རྒན་གསུམ་གྱི་ བར་ག་ོ བསྡུར་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ། གཅིག་གིས་གཅིག་ལ་དཀའ་
ངལ་བཤད་རེས་བྱ་རྒྱུ་དེ་ཚོ་ཕྲུ་གུ་གསོ་སྐྱོང་གི་རིམ་པ་གལ་གནད་ཆེན་པོ་ རེད། དགེ་རྒན་དང་། ཕ་མ། ཕྲུ་གུ་གསུམ་གྱིས་ཕྲུ་གུའི་སློབ་སྦྱོང་གི་དོན་དུ་
བཀའ་བསྡུར་ཞིབ་ཚགས་མ་བྱུང་བར་ལུས་ན། དེས་ཕྲུ་གུའི་ཤེས་ཡོན་གྱི་ཡར་ 99
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྒྱས་ལ་གནད ོ ་སྐྱོན་ཆེན་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་དགེ་རྒན་དང་། ཕ་
མ༑ ཕྲུ་གུ་གསུམ་ག་དུས་ཡིན་ནའང་ཕྲུ་གུའི་སློབ་སྦྱོང་གི་མཐུན་རྐྱེན་གྱི་དོན་
དུ་གནས་ཚུལ་ག་ོ བསྡུར་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་དང་ཡང་ཡང་ཐུག་ འཕྲད་བྱེད་རྒྱུ་དེ་ཚོ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད།
དགེ་རྒན་གྱི་
ངས ོ ་ནས་ཀྱང་ནང་གི་གནས་བབ་ལ་གཟིགས་རྒྱུ་དང་། ཕ་མའི་གནས་ཚུལ་
གྱི་ཐོག་ལ་མ་འདང་བ་ཡོད་པ་དེ་ཚོ་ངོ་སྤྲོད་གནང་རྒྱུ་ཞེ་དྲག་གལ་ཆེན་པོ་ རེད། ཁ་སང་ཉིན་ཤས་སྔོན་ཤེས་ཡོན་ལྷན་ཚོགས་ནང་དགོངས་འཆར་གནང་
མཁན་མང་ཆེ་བས་ནང་གི་གནས་སྟངས་ཀྱི་གནས་ཚད་ཡག་པོ་མེད་པའི་ དབང་གིས་ཕྲུ་གུ་སན ྔོ ་འགྲོའི་སློབ་གྲྭ་དང་། དེ་བཞིན་ཕྲུ་གུ་དམའ་རིམ་སློབ་
གྲྭའི་ནང་སླེབས་དུས་དཀའ་ངལ་མང་པོ་ཡོད་པའི་གནས་ཚུལ་གསུང་མཁན་ མང་པ་ོ འདུག དེ་ཚོ་ཆ་ཚང་ཉིན་གཅིག་གཉིས་ནང་སངས་རྒྱུའི་ཐབས་ཤེས་
བྱ་རྒྱུ་ཞེ་དྲག་ཁག་པ་ོ རེད། ད་ལྟ་དཔེ་སྟོན་སློབ་གྲྭའི་ནང་ཕ་མའི་ལྷན་ཚོགས་ ཡད ོ ་པ་དེ་ཡག་པ་ོ ཞེ་དྲག་རེད་བསམ་གྱི་འདུག ཕ་མའི་ལྷན་ཚོགས་དེ་སྤྱིར་
བཏང་མཛད་ས་ྒོ གྲ་སྒྲིག་བྱ་རྒྱུ་དང་། མཐུན་འགྱུར་སྦྱར་རྒྱུ་ཙམ་མ་ཡིན། ཕྲུ་ གུའི་ཤེས་ཡན ོ ་ཡར་རྒྱས་གཏོང་རྒྱུའི་གནས་སྟངས་དང་།
ལྷག་པར་དུ་དགེ་
རྒན་ས་ོ སས ོ ་ཕྲུ་གུར་དངོས་སུ་འབྲེལ་བ་བྱེད་སྐབས་ཕ་མས་མཁྱེན་དགས ོ ་པ་
དང་། ཕ་མས་རག ོ ས་སྐྱོར་བྱེད་དགོས་པའི་གནས་སྟངས་གང་ཡོད་པ་དེ་དགེ་
རྒན་དང་ཕ་མ་གཉིས་གོ་བསྡུར་ཡང་ཡང་གནང་སྟེ་ལྷན་འཛོམས་བྱེད་ཐུབ་
ན་ཐུགས་ཕན་གས་ོ ཡི་རེད་བསམ་གྱི་འདུག
དེ་རིང་འདིར་ཕེབས་པ་དང་།
མཛད་སྒོ་གྲ་རྒྱས་གནང་བ་ཚང་མར་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། །།
100
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
༄༅། །ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ སྐོར་སྩལ་བའི་བཀའ་སློབ།
༄༅།
1
།བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེས་དབུས་
པའི་མཛད་གཙོ་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་སྤྱི་ དང་། དགེ་ཆེ། དགེ་རྒན་རྣམ་པ་བཅས་ཚང་མར། ད་ལམ་ཤེས་རིག་ཚོགས་
ཆེན་སྐབས་དྲུག་པའི་ཐོག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ བྱུས་ཀྱི་དགོས་པ་དང་།
དམིགས་ཡུལ་སྐོར་ལ་ངོ་སྤྲོད་ཞུ་དགོས་རེད་ཅེས་
བཀའ་ཕེབས་བྱུང་ཡང་དེའི་ཐོག་ལ་དམིགས་བསལ་གསར་པ་ཞུ་རྒྱུ་གང་ ཡང་མེད།
ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆའི་ནང་སྤྱིར་ཤེས་ཡོན་གྱི་དགོས་
པ་དང་། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ། དེ་བཞིན་ཤེས་ཡོན་གྱི་ དམིགས་ཡུལ་བཞི་བཅས་གསལ་པོ་ཞེ་དྲག་ཡོད།
ཡིག་ཆ་དེ་ལྗགས་ཀློག་
1. ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ ཉིན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་
ནས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ བཞི་དང་འབྲེལ་བའི་སློབ་ཁྲིད་དང་།
འབྲེལ་ཡོད་རྣམ་པས་ལག་བསྟར་གནད་སྨིན་ཡོང་
ཐབས་སྐོར་གསུང་བཤད་དང་། བཀའ་འདྲི་བཀའ་ལན། 101
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གནང་ན་མ་མཁྱེན་པ་དང་། ཡང་བསྐྱར་དེར་འགྲེལ་བཤད་རྒྱག་དགོས་པ་ ལྟ་བུ་མེད།
ཡིན་ནའང་ད་དུང་དེ་ཚོའི་ཐོག་ཐུགས་དོགས་མ་ཆོད་པ་དང་།
དོགས་གཅོད་གནང་དགོས་པ་དེ་འདྲ་ཡོད་ན། དྲི་བ་དྲིས་ལན་གྱི་སྐབས་སུ་ གནང་ཆོག་གི་རེད།
སྤྱིར་བཏང་བསླབ་པ་དང་། སློབ་གསོ། ཤེས་ཡོན་ཟེར་བ་ནི་འགྲོ་བ་
མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་གསལ་པོ་རེད།
འགྲོ་བ་
མི་དེ་དུད་འགྲོ་སོགས་འགྲོ་བ་གཞན་ལས་དབྱེ་བ་འབྱེད་རྒྱུའི་ཁྱད་ཆོས་ཁྱད་
པར་བ་ཞིག་ཡོད་པ་དེ་ནི་སྨྲ་བརྗོད་ཀྱི་སྐད་དང་རྣམ་འབྱེད་ཀྱི་ཤེས་རབ་ གཉིས་རེད།
སྨྲ་བརྗོད་ཀྱི་སྐད་ཡིག་དེ་ནང་གི་རྣམ་རྟོག་གིས་དྲངས་པའི་
ལུས་ངག་གི་རྣམ་རིག་ཅིག་ཆགས་ཀྱི་ཡོད།
དེ་ལྟ་བུའི་ལུས་ངག་གི་རྣམ་
རིག་ཡོང་བའི་རྒྱབ་ལྗོངས་ལ་དངོས་པོའི་གནས་ལ་དཔྱད་ཞིབ་དང་བླང་
དོར་འབྱེད་པའི་བློ་གྲོས་སམ་ཤེས་རབ་ཀྱི་ནུས་པ་ཞིག་ཡོད་པ་དེ་ནི། མི་དེ་ ཕྱུགས་ལས་བྱེ་བྲག་འབྱེད་པའི་ཁྱད་ཆོས་གཉིས་དེ་རེད། དེའི་དབང་གིས་ མིའི་སྤྱི་ཚོགས་རིམ་བཞིན་ཡར་རྒྱས་ཕྱིན་པའམ། ཡང་ན་བསྐལ་པ་རྫོགས་
ལྡན་ནས་མར་འགྲིབ་པ་བཅས་གང་ལྟར་ཡང་མིའི་སྤྱི་ཚོགས་ནང་རིག་པའི་ གནས་དང་། བཟོ་ཡི་གནས་སོགས་རྣམ་གྲངས་མང་པོ་ཞིག་ཡོང་བ་དང་། དེ་
དང་ཕྱོགས་མཚུངས་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་ཧ་ཅང་
ཕྱུག་པོ་ཡིན་པ་ཙམ་མ་ཟད། མིའི་ལུས་རྟེན་འདི་ལ་བརྟེན་ནས་སྐྱེ་བ་གཏན་
གྱི་འདུན་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ན་སྒྲུབ་ ནུས་པའི་གནས་བབས་ཆ་ཚང་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་ཡོང་ 102
གི་ཡོད་རེད།
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མྱུ་གུ་སྐྱེ་བ་དང་། སྡོང་པོ་འཚར་བ། མེ་ཏོག་ལ་འབྲས་བུ་སྨིན་པར་ཆུ་
ལུད་དྲོད་གཤེར་དང་མཚུངས་པའི་མཐུན་རྐྱེན་མང་པོ་ཞིག་འཛོམས་དགོས་ ཀྱི་ཡོད་པ་བཞིན།
འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་རྣམ་འབྱེད་ཀྱི་ཤེས་
རབ་ཀྱི ་ ས་བོ ན ་དེ ་ ལ་ཐོ ས ་བསམ་བྱ་རྒྱུ་ནི ་ མཐུན་རྐྱེན་མེ ད ་དུ་མི ་ རུང་བ་ དང་མཐུན་རྐྱེན་དང་པོ་དེ་ཆགས་ཀྱི་ཡོད་རེད། ཐོས་བསམ་ཟེར་བ་དེ་དགེ་ རྒན་གྱིས་བསླབས་པ་དང་།
རང་གིས་སྦྱོང་བར་བྱེད་པ་གཉིས་ཚོགས་ཀྱི་
ཐོག་ནས་སློབ་སྦྱོང་ཞེས་པའི་ཚིག་དེ་བྱུང་བ་རེད། གཞན་གྱིས་བསླབས་པ་ དང་། གསུང་རབ་ནས་ཐོས་པ། དེ་ལ་བརྟེན་ནས་རང་གིས་སྦྱོང་བརྡར་བྱས་ ཏེ་ཉམས་ཐོག་ལ་འབེབས་པར་བྱེད་པའི་མཐུན་རྐྱེན་གྱི་གྲོགས་བྱེད་ཀྱི་ཡོད།
མཐུན་རྐྱེན་དེ་མཐུན་ཕྱོགས་ལ་བྱུང་ན་འགྲོ་བ་མིའི་རྣམ་འབྱེད་ཀྱི་ཤེས་རབ་ དེ་ལས་སླ་པོའི་ཐོག་ནས་ཡར་རྒྱས་འགྲོ་ཡང་། མཐུན་རྐྱེན་དེ་མཐུན་ཕྱོགས་ སུ་མ་སོང་བར་འགལ་རྐྱེན་གྱི་ངོ་བོར་སོང་ན། མིའི་རྣམ་དཔྱོད་གོང་མཐོར་
འགྲོ་བ་དང་། ཡར་རྒྱས་འགྲོ་བར་འགོག་རྐྱེན་བྱེད་པ་ཙམ་མ་ཟད། ཤེས་རབ་ འཆལ་བའི་ཕྱོགས་སུ་འཁྲིད་རྒྱུ་ལས་སླ་པོ་རེད། དེར་བརྟེན་མཐུན་རྐྱེན་སྦྱོར་ སྟངས་ཀྱི་ཐབས་ལམ་དང་། ཡན་ལག་གམ་ལག་ཆ་དེ་ལ་དེང་སྐབས་ཤེས་
ཡོན་ནམ་སློབ་གསོ་ཟེར་གྱི་ཡོད་ཀྱང་སྔོན་མ་ང་ཚོས་བསླབ་པ་ཞེས་ལབ་
ཀྱི་ཡོད། གང་ལྟར་ཡང་སྒྲོམ་གཞི་དེའི་ནང་ཚུད་ཡོད་རེད། མིའི་རྣམ་འབྱེད་ ཀྱི་ཤེས་རབ་ཡར་རྒྱས་འགྲོ་སྟངས་དེ་རང་བྱུང་གི་གནས་བབ་དང་མཐུན་པ་
ཞིག་བྱུང་ན་དེ་ནི་མཐུན་རྐྱེན་ལ་གྱུར་པ་དང་། མིའི་རྣམ་འབྱེད་ཀྱི་ཤེས་རབ་ 103
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཡར་རྒྱས་འགྲོ་སྟངས་དེ་རང་བྱུང་གི་གནས་བབ་དང་མ་མཐུན་པར་བཅོས་ མའི་ངོ་བོར་ཕྱིན་ན་དེ་ནི་འགལ་རྐྱེན་ལ་གྱུར་པ་རེད། བར་སྐབས་ཤིག་ནས་
སློབ་སྦྱོང་གི་མིང་ཐོག་ནས་མིའི་ཤེས་རབ་ཀྱི་རང་དབང་འཕྲོག་རྒྱུའི་ཐབས་ ལམ་མང་པོ་ཞིག་ཆེད་དུ་གཉེར་ནས་བསྐྲུན་ཡོད་པ་མ་ཟད། ཐབས་ལམ་དེ་
དག་བེད་སྤྱོད་བཏང་ནས་ད་ལྟའི་གནས་སྐབས་སུ་འགྲོ་བ་མིའི་སྤྱི་ཚོགས་
ནང་རང་གི་བསམ་སྤྱོད་ཀྱི་ནུས་པ་དེ་རང་དབང་གི་ཐོག་ནས་ཡར་རྒྱས་མི་
འགྲོ་བ་ཙམ་དུ་མ་ཟད། དེ་ཚོ་ཚང་མ་པར་ཀོང་ལྟ་བུ་ཞིག་གི་ནང་དུ་བླུགས་ ནས་གཅིག་པ་གཅིག་རྐྱང་དང་། རང་དབང་མེད་པ་བཟོ་རྒྱུའི་གནས་ཚུལ་ དེ་ཁྱབ་ཆེན་པོ་ཞེ་དྲག་བྱུང་ཡོད་པ་ང་ཚོས་མངོན་སུམ་དུ་གཟིགས་པ་འདི་
རེད།
སྲོ ལ ་རྒྱུན་གྱི ་ སློ བ ་གསོ ་ གང་འདྲ་ཞི ག ་ཡི ན ་ནའང་སློ བ ་གསོ ་ ལེ ན ་
མཁན་གང་ཟག་དེའི་ཁམས་དང་། བསམ་པ། བག་ཆགས། ནུས་པ་དེ་དག་
ལ་ཞིབ་འཇུག་བྱས་ནས་དེ་དང་མཚུངས་པ་ཞིག་དང་། དེའི་ཕྱོགས་མཐུན་ ལ་འཁྲིད་རྒྱུའི་འབད་བརྩོན་བྱེད་པ་དང་། དེང་རབས་ཀྱི་སློབ་གསོའི་ནང་
ཐོག་མ་ཉིད་ནས་སློབ་སྦྱོང་ཐོན་པའི་གྲུབ་འབྲས་གང་འདྲ་ཞིག་དགོས་ཀྱི་
ཡོད་པ་དེ་སློབ་སྦྱོང་བྱེད་མཁན་ལ་མ་ལྟོས་པར་སློབ་སྦྱོང་སྤྲོད་མཁན་གྱི་
དགོས་མཁོ་རང་གི་ཐོག་ནས་ཆ་འཇོག་བྱས་ནས་འགྲོ་བའི་དབང་གིས། ད་ ལྟའི་ཆར་འགྲོ་བ་མིའི་སྤྱི་ཚོགས་འདི་བཅོས་མའི་འགྲོ་བ་མིའི་སྤྱི་ཚོགས་
ཤིག་མ་གཏོགས།
རང་བཞིན་དུ་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་མེད་
པར་ཆགས་པའི་གནས་སྟངས་ལ་གྱར་ཡོད། 104
དེའི་གནས་བབ་ངོས་འཛིན་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གསལ་པོ་བྱས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་
ནང་ཤེས་ཡོན་གྱི་དགོས་པ་དང་། ཤེས་ཡོན་སྤྲོད་པའི་དམིགས་ཡུལ། ཤེས་ ཡོན་གྱི་ངོས་འཛིན་སོགས་གསལ་པོ་བྱས་ནས་སྟོན་ཐབས་ཞུས་ཡོད།
སངས་རྒྱས་ཀྱིས་གདུལ་བྱར་ཆོས་གསུངས་པའི་སྐབས་སུ་གཅིག་གྱུར་
ཞིག་གཏན་ནས་མེད། ལོ་བཞི་བཅུ་ཙམ་གྱི་རིང་རྒྱ་གར་ནང་ས་གནས་མང་
པོར་ཕེབས་ནས་ཆེད་དུ་བྱ་བའི་གདུལ་བྱ་འབུམ་ཕྲག་མང་པོར་ཆོས་ཀྱི་རྣམ་ གྲངས་ཧ་ཅང་མང་པོ་གསུངས་ཡོད།
ནང་པའི་བཤད་སྟངས་ལྟར་བྱས་ན།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་དང་། དེ་དག་གི་ནང་ ལ་སྐབས་རེ་ཡོད་གསུངས་པ་དེ་སྐབས་རེ་མེད་ཅེས་དང་།
སྐབས་རེ་མེད་
གསུངས་པ་དེ་སྐབས་རེ་ཡོད་ཅེས་དང་། དེ་བཞིན་སྐབས་རེ་ཡིན་གསུངས་ པ་དེ་སྐབས་རེ་མ་ཡིན་ཞེས་དང་། སྐབས་རེ་མ་ཡིན་གསུངས་པ་དེ་སྐབས་ རེ་ཡིན་ཞེས་མི་མཐུན་པ་ཤ་སྟག་གསུངས་ཡོད།
དེ་འདྲ་ཡིན་སྟབས་སྟོན་
པ་གང་ཟག་གཅིག་གི་ཆོས་ཀྱི་རྣམ་གྲངས་མི་མཐུན་པ་མང་པོ་ཡོང་བ་དེ།
སྟོན་པས་ཐུགས་དྲན་མ་སོས་པ་རེད་དམ། ཡང་ན། གང་འདྲ་བྱས་ནས་མི་ མཐུན་པ་ཆགས་པ་རེད་ཅེ་ན། གདུལ་བྱའི་ཁམས་དང་བསམ་པ་མི་འདྲ་བ་ ཤ་སྟག་ཡིན་པ་དེའི་དབང་གིས་གདུལ་བྱའི་ཁམས་དང་བསམ་པ་གང་ཞིག་
ཡོད་པ་དེ་དང་མཐུན་པ་ཞིག་གསུངས་པ་མ་གཏོགས། སངས་རྒྱས་རང་ཉིད་ ཀྱི་དགོངས་པ་དང་གཟིགས་ཚུལ་གང་ཡིན་པ་དེ་གདུལ་བྱའི་བློ་ཁ་མཐོ་
དམན་ཡོངས་རྫོགས་ལ་གསུངས་ཡོད་མ་རེད། དེ་ལྟར་གསུངས་ན་དོན་དང་
མཐུན་པ་ཡོང་གི་མེད། དེའི་རྒྱུ་མཚན་གང་རེད་ཅེ་ན། གང་ཟག་བྱེ་བྲག་ 105
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པའི་ཁམས་དང་། མོས་པ། བསམ་པ། ལྷག་པར་དུ་དེའི་གཤིས་རྒྱུད་ཡར་རྒྱས་
འགྲོ་ཕྱོགས་ཀྱི་ནུས་པ་དེར་ངོས་འཛིན་མ་གནང་བ་དང་རིན་ཐང་མ་སྤྲད་པ་ ཡིན་ན། སངས་རྒྱས་ཉིད་ཀྱི་དགོངས་པ་ལྟར་གསུངས་པ་དེས་གང་ཟག་དེ་ ཡར་རྒྱས་འགྲོ་ཐུབ་ཀྱི་ཡོད་མ་རེད།
ཚེ་འདིའི་མངོན་མཐོ་སྒྲུབ་པའི་ཐབས་དང་།
སྐྱེ་བ་གཏན་གྱི་མངོན་
མཐ་ོ སྒྲུབ་པའི་ཐབས་བཅས་གང་ཞིག་ཡིན་རུང་། རང་གི་ནུས་པ་མ་མཐུན་པ་
དང་། རང་གི་ཁམས་དང་མ་མཐུན་པའི་གནས་ཚུལ་ཞིག་གི་ཐོག་ནས་ཡར་ རྒྱས་འགྲོ་རྒྱུ་མེད་པ་དེ་གསལ་པོ་ཞེ་དྲག་རེད། དེང་རབས་ཀྱི་ཤེས་ཡོན་ལམ་ སལ ྲོ ་ནང་དེའི་ལྟ་ཕྱོགས་ཆ་ཚང་མེད་པར་ཆགས་སྟབས།
མི་ལ་མིའི་འདུ་
ཤེས་མི་འཛིན་པར་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་གང་འདྲ་ཞིག་བཟོ་ནའང་ བཟ་ོ ཆོག་པའི་བཟོ་གྲྭའི་ནང་གི་རྒྱུ་ཆ་རགས་པ་ (raw material) ལྟ་བུར་ངོས་
འཛིན་བྱེད་ཀྱི་ཡོད། མིའི་ནུས་ཤུགས་
(human resource)
དེ་སློབ་གྲྭའི་ནང་
སྐྲུན་པའམ་གོང་སྤེལ་བྱེད་ཀྱི་ཡོད་རེད། སློབ་སྦྱོང་བྱེད་ས་ཐོན་དུས་གང་འདྲ་
ཞིག་དགོས་ཀྱི་ཡོད་པ་དེ་ཁྲོམ་ར་དང་། བཟོ་གྲྭའི་བདག་པོ། གཞུང་གི་དབང་
འཛིན་པ་བཅས་ཀྱིས་དང་པོ་ནས་ཐག་གཅོད་བྱེད་ཀྱི་ཡོད་རེད།
གཞུང་གི་དབང་འཛིན་པ་ཚོར་གཞུང་གི་ལས་བྱེད་གང་འདྲ་ཞིག་
དགོས་ཀྱི་ཡོད་པ་དང་།
བཟོ་གྲྭའི་བདག་པོ་ཚོར་བཟོ་གྲྭའི་ནང་ལས་བྱེད་
གང་འདྲ་ཞིག་དགོས་ཀྱི་ཡོད་པ།
རྒྱལ་སྤྱིའི་རྣམ་པ་ཅན་གྱི་ཚོང་བདག་དེ་
ཚོར་ཁོ་རང་ཚོར་ཚོང་ཕྲུག་གང་འདྲ་ཞིག་དགོས་ཀྱི་ཡོད་པ། དེ་ལ་གཞིར་
བཞག་ནས་ཤེས་ཡོན་སློབ་ཁང་གི་སྡེ་ཚན་ཁག་གི་ནང་མིའི་རྒྱུ་ཆ་རགས་ 106
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
པ་དེ་དག་ཁོང་ཚོས་ཐོན་སྐྱེད་བྱས་ནས་ཁྲོམ་རའི་ནང་ཏག་ཏག་འགྲོ་ཐུབ་ པ་ཞིག་བཟོ་བཞིན་ཡོད་རེད། དེའི་དབང་གིས་མིའི་བསམ་བློའི་རང་དབང་ ཆ་ཚང་འཕྲོག་པ་རེད་ལ།
བསམ་བློའི་ཡར་རྒྱས་འགྲོ་ཕྱོགས་ཀྱི་ནུས་པ་
གང་ཡོད་པ་དེ་རྩིས་མེད་བཏང་བ་རེད། མི་དེ་རྒྱུ་ཆ་རགས་པ་ཞིག་ལ་ངོས་
འཛིན་བྱས་པ་དེ་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་ལ་བརྡལ་བཤིག་ཆེ་ ཤོས་ཤིག་ཡིན་པར་བརྩི་ཆོག་པ་རེད།
འོ ན ་ཀྱང་དེ ང ་སྐབས་དེ འི ་ བསམ་ཚུལ་རྩ་བ་ནས་མེ ད ་པར་མི ་
དང་། ལྕགས་ཀྱིས་བཟོས་པའི་མི་གཟུགས་འཕྲུལ་ཆས་སམ་ ཊར་གཉིས་ལ་ཁྱད་པར་རྩ་བ་ནས་མཐོང་གི་མེད།
མི་གཟུགས་འཕྲུལ་ཆས་ལྟ་བུ་ཡིན་ན།
པ་དེ་རྗེས་མ་མར་འདོན་རྒྱུ་ཡོད་པ་དང་།
robot
ཀམ་པུ་
ལྕགས་ཀྱིས་བཟོས་པའི་
དེ་ལ་ལས་འཆར་གང་ཞིག་བླུགས་
ཀམ་པུ་ཊར་ནང་ལའང་ཡར་ག་
རེ་བླུགས་པ་དེ་མར་འདོན་རྒྱུ་ཡོད་པ་ཞིག་རེད། དེ་མ་གཏོགས་མི་གཟུགས་
འཕྲུལ་ཆས་དང་ཀམ་པུ་ཊར་གྱི་རང་དབང་ལ་བསམ་བློ་གཏོང་དགོས་པ་
དང་། དེ་ལ་ཁམས་དང་། མོས་པ། བསམ་པའི་སྐད་ཆ་གང་ཡང་མེད། མི་ལ་
ཁམས་དང་། མོས་པ། བསམ་པའི་ཁྱད་པར་ཡོད་པ་དང་། མི་ཚང་མ་གང་ཟག་ བྱེ་བྲག་པའམ་སྒེར་ཞིག་ཡིན་པའི་ཆ་ནས་དམིགས་བསལ་བ་ཞིག་ཡིན།
སའི་གོ་ལ་འདིའི་སྟེང་མི་ག་ཚོད་ཡོད་པ་དེ་ཚོའི་ངོ་གདོང་ལྟ་བུར་
མཚོན་ན་ཡང་།
དབྱེ་བ་གཏན་ནས་འབྱེད་རྒྱུ་མེད་པའི་གཅིག་པ་གཅིག་
རྐྱང་ཞིག་མཐོང་རྒྱུ་མེད། ཉི་མ་དང་ཟླ་བ་ཞེས་མིང་ཁག་ཁག་ཡོད་པའི་མཚེ་
མ་དེ་འདྲ་ཡིན་ནའང་རྒྱང་ནས་བལྟས་ན་འདྲ་པོ་ཡོད་ཀྱང་། འཁྲིས་ནས་ལྟ་ 107
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དུས་ཁྱད་པར་ཕྲན་བུ་ཡོད་པས་ཁོང་གཉིས་ལོགས་སུ་ངོ་ཤེས་རྒྱུ་ཡོད།
ངོ་
གདོང་ཆུང་ཆུང་ཞིག་ལས་མེད་ཀྱང་དེ་ལ་མི་འདྲ་བ་ཡོང་དགོས་དོན་ནི།
གང་ཟག་རྣམས་སྒེར་དང་། བྱེ་བྲག་པ་ཞིག་ཡིན་པ་གསལ་པོ་མཚོན་གྱི་ཡོད།
དེ་ཚོ་ཚང་མ་ལྕགས་སམ་ས་ལྟར་གཅིག་གྱུར་བྱས་ནས་པར་ཀོང་གཅིག་གི་
ནང་བླུགས་ཏེ་གཅིག་པ་འདོན་རྒྱུའི་ཐབས་ཤེས་བྱས་པ་དེ་ནི་ཤེས་ཡོན་གྱི་ ལམ་སྲོལ་ཡང་དག་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། དེ་བཞིན་དགེ་རྒན་
ཚོའི་ངོས་ནས་སློབ་ཚན་དང་ལག་རྩལ་གང་འདྲ་ཞིག་ཡིན་རུང་། མི་སུ་ལ་
བསླབས་ཀྱང་གཅིག་པ་ཤེས་ཐུབ་པའི་ནུས་པ་ཡོད་པ་ཞིག་དང་། བྱེད་ཐུབ་ པའི་བསམ་ཚུལ་ཁྱེར་ནས་ཕྱིན་ན་དེ་མངོན་པའི་ང་རྒྱལ་ཟེར་བ་ཆགས་པ་
རེད། ཇི་ཙམ་ཤེས་མ་ཤེས་དང་། ཇི་ཙམ་ལག་རྩལ་ཐོན་དང་མ་ཐོན་དེ་གང་
ཟག་སོ་སོའི་རང་བཞིན་གྱི་ནུས་པ་ལ་རག་ལུས་པ་རེད་མ་གཏོགས། ཚང་མ་ ལམ་སྟོན་བྱེད་མཁན་དེའི་འདོད་པ་ཡོད་པ་བཞིན་ཏག་ཏག་འགྲོ་བའི་ངེས་
པ་མེད་པས། ཕྱོགས་གཉིས་ཀའི་གནས་སྟངས་དེ་མཐོང་དགོས་པ་དང་ཤེས་ དགོས་པ་ཞིག་རེད།
ཕྱོ ག ས་གཉི ས ་ཀའི ་ གནས་སྟངས་དེ ་ མ་ཤེ ས ་པར་བརྟེ ན ་ད་ལྟའི ་
གནས་སྐབས་སུ་རང་དབང་དང་། འདྲ་མཉམ། དྲང་བདེན་ཟེར་བ་རྣམས་
དེང་རབས་ཀྱི་སྤྱི་ཚོགས་ནང་ཁ་ནས་བཤད་རྒྱུའི་འབོད་ཚིག་ཅིག་ཆགས་
ཡོད།
ལྷག་པར་དུ་ཕ་རན་སིར་གསར་བརྗེ་བྱུང་བ་ནས་བཟུང་རང་དབང་
དང་། དྲང་བདེན། འདྲ་མཉམ། མཉམ་འབྲེལ་ཟེར་བའི་ཚིག་དེ་ཚོ་འཇིག་
རྟེན་ཡོངས་ཁྱབ་ཏུ་ཚང་མས་རྒྱུན་གཏན་བེད་སྤྱོད་གཏོང་རྒྱུ་དང་འབོད་སྒྲ་ 108
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྒྲོག་རྒྱུའི་བཟོ་ལྟ་བུ་ཆགས་པ་རེད། ཡིན་ནའང་སྤྱིར་དེང་རབས་དང་། ལྷག་
པར་དུ་ཤེས་ཡོན་དང་འབྲེལ་བའི་དེང་རབས་ཀྱི་ལམ་སྲོལ་འདིའི་ཐོག་ཚིག་ བཞི་པོ་འདི་དག་ཆེད་དུ་གཉེར་ནས་རྩ་མེད་གཏོང་མཁན་ལྟ་བུ་བྱུང་བ་
རེད། དེང་རབས་ཀྱི་སྤྱི་ཚོགས་ནང་ཕྱེད་ཀ་རང་དབང་འཕྲོག་མཁན་གྱི་སྡེ་
ཚན་ནང་ཡོད་པ་དང་། ཕྱེད་ཀ་རང་དབང་ཤོར་མཁན་གྱི་སྡེ་ཚན་ནང་ཡོད།
རང་དབང་ཆ་ཚང་འཕྲོག་དུས་འདྲ་མཉམ་གྱི་གཞི་རྩ་བརླག་པའམ་ཡོང་ རྒྱུ་མེད་པ་ལྟ་བུ་རེད།
འདྲ་མཉམ་གྱི་གཞི་རྩ་བརླགས་པའི་རྗེས་ལ་ཕྱོགས་
གཅིག་དབང་སྒྱུར་བ་པོ་དང་།
ཕྱོགས་གཅིག་དབང་བསྒྱུར་བྱ་ཆགས་པས།
དྲང་བདེན་ཟེར་བ་ཚིག་ཙམ་མ་གཏོགས་དྲང་བདེན་ངོ་མ་ཡོང་རྒྱུ་མེད་པ་
རེད། དྲང་བདེན་ཡོང་རྒྱུ་མེད་པའི་རྗེས་ལ་མཉམ་འབྲེལ་དང་མཉམ་མཐུན་
ཟེར་བའང་ཡོང་རྒྱུ་མེད་པ་གསལ་པོ་རེད། མཐུན་སྒྲིལ་དང་མཉམ་རུབ་ཟེར་ བ་འགྲན་སྡུར་མེད་ས་ཞིག་ལ་ཡོང་སྲིད་པ་མ་གཏོགས།
འགྲན་སྡུར་ཡོད་
ས་ཞིག་ལ་མཉམ་རུབ་དང་མཐུན་སྒྲིལ་གཉིས་ཀ་ཡོང་ཐབས་མེད་པ་རེད།
འགྲན་སྡུར་ཟེར་བ་རང་རྒྱལ་གཞན་ཕམ་གྱི་དམིགས་ཡུལ་བཟུང་ནས་བྱེད་ དགོས་པ་དང་། མཉམ་རུབ་ཟེར་བ་གཅིག་རྒྱལ་གཅིག་ཕམ་གྱི་སྐད་ཆ་མེད་
པར་གཉིས་ཀ་གཅིག་གྱུར་གྱི་ཐོག་ནས་བྱ་བ་ཞིག་ལ་མཉམ་རུབ་ཀྱི་ཐོག་ ནས་བྱེད་རྒྱུ་དེ་རེད། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནི་མཉམ་རུབ་ཞེས་
པ་རྩ་མེད་གཏོང་མཁན་གལ་ཆེ་ཤོས་དང་། གཙོ་ཆེ་ཤོས། ཤུགས་ཆེ་ཤོས་ ཤིག་རེད།
སྤྱིར་བཏང་རྒྱབ་ལྗོངས་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་
སྲོལ་ཡོད་ཀྱང་། དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་སྲོལ་ནང་རང་དབང་
མེད་པ་དང་། འདྲ་མཉམ་མེད་པ། དྲང་བདེན་མེད་པ། མཉམ་རུབ་མེད་པ་ 109
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བཅས་བཟོ་པའི་ལག་ཆ་ལྟ་བུ་དེ་ཤེས་ཡོན་གྱི་ལམ་སྲོལ་ཆགས་ཡོད།
དེ་
ང་ཚོས་གསལ་པོ་བྱས་ནས་གཟིགས་མ་ཐུབ་ན། བཙན་བྱོལ་བོད་མིའི་ཤེས་
ཡོན་སྲིད་བྱུས་ཀྱི་ནང་དོན་དེ་དག་གཏིང་ཟབ་པོ་བྱས་ནས་ར་འཕྲོད་རྒྱུར་ དཀའ་ངལ་ཡོད་རེད།
བརྒྱ་ཕྲག་ཉེར་གཅིག་པའི་ད་ལྟའི་སྤྱི་ཚོགས་འདི་དེང་རབས་གོང་
མའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Post-modern Civilization) ནང་སྡོད་མཁན་
གྱི་སྤྱི་ཚོགས་ཡིན་ཞེས་ལབ་ཀྱི་ཡོད་རེད། དེང་རབས་གོང་མའི་རྗེས་ལ་གང་ དུ་འགྲོ་གྲབས་ཡོད་མེད་ཧ་གོ་ཡི་མེད་པ་རེད། དེང་རབས་གོང་མའི་རྗེས་ལ་
འགྲོ་ས་ཤིག་ཡོད་ན་རྩ་མེད་ཤུལ་མེད་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཟེར་བ་
དེ་ཡིན་གྱི་རེད་བསམ་གྱི་འདུག མར་ཊིན་ལུ་ཐར་ཀིང་ (Martin Luther King) གི་གཏམ་བཤད་ཅིག་གི་ནང་། ང་ཚོས་འཚེ་བ་དང་འཚེ་བ་མེད་པའི་དབར་ ལ་གདམ་ཀ་བྱེད་རྒྱུའི་གོ་སྐབས་ཤོར་ཟིན་པ་རེད།
ད་ཆ་ང་ཚོར་གདམ་ང་
གཉིས་རང་ཡོད་པ་དེ་ནི། འཚེ་བ་མེད་པ་དང་། རྩ་མེད་ཤུལ་མེད་གདམ་རྒྱུ་ དེ་རེད།
The choice is not between violence and nonviolence but between
nonviolence and nonexistence
ཅེས་གསུངས་ཡོད་པ་དེ་ངས་དངོས་ཡོད་
གནས་ཚུལ་དང་མཐུན་པ་ཞིག་རེད་བསམ་གྱི་ཡོད། འཚེ་བ་མེད་པར་ཕྱིན་
ན་གཅིག་བྱས་ན་ལྷག་སྲིད་པ་རེད། འཚེ་བའི་ནང་ཕྱིན་ན་ལྷག་རྒྱུ་གང་ཡང་ ཡོད་མ་རེད། ད་ལྟའི་གནས་སྐབས་སམ་དེང་རབས་གོང་མའི་གནས་སྐབས་
ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་། ཆབ་སྲིད་ཀྱི་ལམ་སྲོལ། དཔལ་འབྱོར་ གྱི་ལམ་སྲོལ། ཤེས་ཡོན་གྱི་ལམ་སྲོལ་གང་འདྲ་ཞིག་ཡིན་ནའང་འགྲོ་བ་མི་ 110
ཙམ་མ་ཟད།
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སའི་གོ་ལ་འདིའི་ཐོག་གི་སྲོག་ཆགས་ཡོངས་སུ་རྫོགས་པའི་
རྟེན་གཞི་ས་དང་བཅས་པ་ཐམས་ཅད་རྩ་མེད་ཤུལ་མེད་གཏོང་རྒྱུའི་ཕྱོགས་
སུ་ཤུགས་ཆེན་པོ་དང་མགྱོགས་ཚད་མཐོ་པོ་བྱས་ནས་འགྲོ་བཞིན་ཡོད་པ་ མ་གཏོགས།
མི་རྣམས་རྒྱུན་གནས་ཐུབ་པའི་བསམ་ཚུལ་ཞིག་གང་དུའང་
མེད། རྒྱུ་མཚན་དེ་འདྲའི་དབང་གིས་ད་ལྟ་ནས་ལོ་ ༡༠༥ ཡི་གོང་དུ་བདག་
ཉིད་ཆེན་པོ་གཱནྡྷཱིས་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ཟེར་བ་དེ་ཧིནྡུའི་
ཚིག་གི་ཐོག་ནས་བཤད་ན་སྙིགས་མ་ལྔ་བདོའི་སྤྱི་ཚོགས་ཀྱི་དཔལ་ཡོན་
དང་།
ཁ་ཆེའི་ཚིག་གི་ཐོག་ནས་བཤད་ན་བདུད་ཀྱི་སྤྱི་ཚོགས་ཀྱི་དཔལ་
ཡོ ན ་རེ ད ་ཅེ ས ་ཚི ག ་ཐག་ཆོ ད ་པོ ས ་གསུངས་དགོ ས ་པའི ་ གནས་ཚུལ་དེ ་ དངོས་ཡོད་རང་རེད། དེ་དག་ཇི་ལྟ་བ་བཞིན་དུ་གཟིགས་ནས་གསུངས་པ་
ཞིག་རེད་མ་གཏོགས་སྒྲོ་བཏགས་དང་ཕྱོགས་ལྷུང་གི་བཀའ་མོལ་ཞིག་རྩ་བ་
ནས་མ་རེད། ད་ལྟ་ལོ་ ༡༠༥ ཡི་རྗེས་ལ་བསྐྱར་ལྡབ་བྱས་ནས་ལྟ་དུས་གསལ་
པོ་བྱས་ནས་ར་འཕྲོད་ཀྱི་ཡོད་སྟབས། ང་ཚོས་ཤེས་ཡོན་སྲིད་བྱུས་ནང་ཤེས་ ཡོན་གྱི་དམིགས་ཡུལ་དེར་རང་དབང་དང་པོར་འཇོག་དགོས་དོན་ནི། རང་ དབང་མེ ད ་ན་བདེ་བ་མེ ད་པའམ་རང་བཞི ན ་དུ་གནས་ཀྱི ་ མེ ད ་པ་དང་། རང་བཞིན་དུ་མི་གནས་པའི་མི་ཞིག་གིས་རང་དང་། གཞན། སྤྱི་ཚོགས། མི་ རིགས་ཀྱི་དོན་དག་བཅས་གང་ཡང་སྒྲུབ་ཐུབ་ཀྱི་མ་རེད། དེར་བརྟེན་མི་དེ་
མིའི་ངོ་བོར་སྒྲུབ་པར་བྱེད་པ་ལ་ཁོ་པར་དགོས་ངེས་ཀྱི་རང་དབང་དེ་ངེས་
པར་དགོས་ཀྱི་ཡོད་རེད། རང་དབང་མེད་ན་ག་ཚོད་དགོས་དང་མི་དགོས་
ཟེར་ནའང་ཞེད་སྣང་དང་། འདོད་རྔམ་གྱི་འོག་ལས་ཀ་བྱེད་དགོས་པས། རེ་
དོགས་གཉིས་པོ་གང་རུང་མེད་པའི་ཤེས་པ་རང་བཞིན་པའི་ལས་ཀ་བྱེད་ 111
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྒྱུའི་གོ་སྐབས་དེ་ཤོར་ཟིན་པ་རེད།
དེ་འདྲ་ཞིག་མ་བྱས་ན་གོང་རིམ་གྱིས་
བཀའ་བཀྱོན་དང་ཆད་པ་ཕོག་པ་དང་། གོ་གནས་ཤོར་བ། གླ་ཆ་ཤོར་གྱི་ རེད་སྙམ་པའི་ཞེད་སྣང་གི་འོག་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེ་མིན་ན་
ངས་ལས་ཀ་དེ་འདྲ་ཞིག་བྱས་ན་ཁེ་བཟང་དང་། གོ་གནས། དངུལ་རག་གི་ རེད་བསམ་གྱི་ཡོད་རེད།
དེ་མ་གཏོགས་བྱ་བ་གང་འདྲ་ཞིག་ཡིན་ནའང་
འཕྲལ་དང་ཕུགས་སུ་རང་དང་། གཞན། སྤྱི་ཚོགས། སེམས་ཅན་སྤྱི་ཡོངས་ ལ་ག་རེས་ཕན་གྱི་རེད། ག་རེས་གནོད་ཀྱི་ཡོད་པ་དེའི་ཐོག་བསམ་བློ་གཏོང་
རྒྱུའི་རང་དབང་ཤོར་ཚར་བ་རེད། དེ་འདྲ་ཡིན་སྟབས་ཤེས་ཡོན་བསྐྲུན་པའི་ རྗེས་ལ་ཤེས་ཡོན་ཡོད་པའི་མི་ཞིག་ཡིན་ན་རང་དབང་ཡོད་པ་ཞིག་དགོས་
པ་བཤད་མི་དགོས་པ་རེད།
རང་དབང་དེ་ཡང་ནང་གསེས་ཀྱི ་ གནས་བབ་གསུམ་ལ་བགོ ་
བཤའ་བརྒྱབ་སྟེ་འདིའི་ནང་བཤད་ཡོད། ཁུངས་ནི་བསམ་བློའི་རང་དབང་རེད།
རང་དབང་ཐམས་ཅད་ཀྱི་འབྱུང་ བསམ་བློའི་རང་དབང་མེད་ན་
རང་དབང་གཞན་དག་ཚང་མ་ཕན་ཐོགས་མེད་ལ་ཡོང་ཐབས་ཀྱང་མེད། བསམ་བློའི་རང་དབང་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་ནི་རྒྱུ་
མཚན་བསམ་བློ་བཏང་བའི་ཐོག་ནས་ཤེས་དགོས་པ་དེ་རེད། ཨིན་སྐད་ལ་ rationality
ཟེར་བ་རེད། དེར་བརྟེན་རྒྱུ་མཚན་ལ་བསམ་བློ་གཏོང་མ་ཤེས་
ན་ག་རེ་བྱས་པ་ཡིན་ནའང་རྨོངས་ཞེན་གྱི་ཐོག་ནས་བྱེད་རྒྱུ་ཞིག་ཆགས་ ཀྱི་རེད།
རྒྱུ་མཚན་ལ་བསམ་བློ་གཏོང་ཤེས་ན་བསམ་བློའི་རང་དབང་གི་
འགོ་ཐོག་མ་ཞིག་མངོན་གྱི་ཡོད་རེད།
112
བསམ་བློའི་རང་དབང་ཡོད་ན་རྒྱུ་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མཚན་ལ་བསམ་བློ་གཏོང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུར་ཡར་རྒྱས་འགྲོ་ཡི་
ཡོད་སྟབས་དེ་གཉིས་གཅིག་ཕན་གཅིག་གྲོགས་ཆགས་ཀྱི་ཡོད་རེད། མིས་
བཤད་པ་དེ་ལ་ཆ་མ་བཞག་པར་ཐོག་མར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་
གཏོང་རྒྱུ་དང་། དེ་ནས་སོ་སོས་བརྟག་དཔྱད་བྱེད་དགོས་རེད། སངས་རྒྱས་
ཀྱིས་རང་གི་གདུལ་བྱ་ཡོངས་སུ་རྫོགས་པར་ངས་ལབ་པར་ཆ་མ་བཞག་པར་
སོ་སོའི་ངོས་ནས་བརྟག་དཔྱད་བྱེད་དགོས་གསུངས་པ་དེ་ཧ་ཅང་གནད་ འགག་ཆེན་པོ་རེད།
སྤྱིར་བཏང་གོང་དུ་ཞུས་པ་བཞིན་སངས་རྒྱས་ཀྱིས་
གང་ཞིག་གསུངས་ཀྱང་གདུལ་བྱའི་ཁམས་དང་། མོས་པ། བསམ་པ་དང་ མཚུངས་པ་བྱས་ནས་གསུང་གི་ཡོད་ཀྱང་། གསུངས་པའི་རྗེས་སུ། ལེགས་
པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ང་ལ་ གུས་ཞབས་དང་དད་པ་ཡོད་པའི་རྒྱུ་མཚན་གྱིས་ངས་གང་བཤད་པ་དེར་
ཆ་བཞག་དགོས་ཞེས་རྩ་བ་ཉིད་ནས་མ་གསུངས་པར། ཆ་བཞག་པ་ཡིན་ན་
འགྲིག་གི་མ་རེད་ཅེས་ཚིག་གི་བདག་པོས་ཚིགས་སུ་བཅད་དེ་དོ་ནན་བྱས་
ནས་གསལ་པོ་གསུངས་ཡོད་རེད།
དེ་རིང་སང་ཉིན་སློབ་སྦྱོང་བྱེད་དུས་བརྒྱ་ཆ་ ༨༠ ཆ་བཞག་ནས་འགྲོ་
བ་མ་གཏོགས།
ཤེས་རྒྱུར་ཐབས་ཤེས་བྱེད་ཀྱི་མེད་པས་དངོས་སུ་ཤེས་ཀྱི་
ཡོད་མ་རེད། དེབ་ཀྱི་ནང་ལ་གང་བྲིས་པ་དང་དགེ་རྒན་གྱིས་གང་བསླབས་ པ་དེ་ཡིན་ཤག་བྱས་ཏེ།
ཤེས་ཀྱི་ཡོད་དམ་ཞེས་དྲིས་ན་ཤེས་ཀྱི་ཡོད་ཅེས་
ལབ་ཀྱི་རེད། གང་འདྲ་བྱས་ཏེ་ཤེས་ཀྱི་ཡོད་ཅེས་དྲིས་ན། རྒན་ལགས་ཀྱིས་ གསུང་གི་འདུག
དེབ་ཀྱི་ནང་དུ་བྲིས་འདུག 113
མཁས་པ་གང་ཞིག་གིས་
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བརྟག་དཔྱད་བྱས་ནས་རྙེད་པ་རེད་ཟེར་གྱི་རེད།
གཞན་དག་ཅིག་གིས་
བརྟག་དཔྱད་བྱས་ནས་རྙེད་པ་དེས་རང་ལ་ག་རེ་ཕན་གྱི་རེད།
བརྟག་དཔྱད་བྱས་ནས་དཔྱད་སྟོབས་ཀྱིས་རྙེད་པ་གཅིག་བྱུང་ན།
རང་གིས་ དེ་དུས་
གཞི་ནས་རང་གིས་ཤེས་པ་ཆགས་པས་ཤེས་པ་ཞེས་པའི་ཐ་སྙད་འཇུག་གི་
རེད། དེར་བརྟེན་བརྟག་དཔྱད་བྱེད་ཤེས་པ་ཙམ་དུ་མ་ཟད། རང་གིས་ཤེས་ དང་མ་ཤེས་ཀྱི་རྒྱུགས་སྤྲོད་ལེན་ཐུབ་པ་དེའང་སོ་སོས་བྱེད་ཐུབ་དགོས་པ་ མ་གཏོགས། ད་ལྟ་མི་མང་པོ་ཞིག་གི་བསམ་བློའི་ནང་རང་གིས་མ་ཤེས་པ་
དེ་ཡང་རང་ཉིད་ཀྱིས་ཤེས་སོང་དྲན་བསྡད་པ་དེ་ནི་བསམ་བློའི་རང་དབང་ གི་བར་ཆད་ཆེ་ཤོས་ཤིག་རེད། ལྟ་གྲུབ་སྨྲ་བ་སོ་ཀྲེཊ་སེ་
པ་སྐད་གྲགས་ཆེ་ཤོས་རེད།
Socrates
ལ་ཁྱེད་རང་ལུང་པ་འདིའི་མཁས་
ཅེས་ལྷ་ཡིས་ལུང་བསྟན་རྒྱག་པའི་སྐབས་སུ་
སོ་ཀྲེཊ་སེ་ལ་སེམས་ཁྲལ་ཞེ་དྲག་བྱུང་བ་རེད། ལྷ་དེས་ལུང་བསྟན་རྫུན་མ་
བརྒྱབ་འདུག ཡང་མིན་ན་ལྷ་དེ་རྫུན་མ་རེད། ངས་གང་ཡང་ཤེས་ཀྱི་མེད་
ཀྱང་ང་མཁས་པ་ཆེ་ཤོས་རེད་ཟེར་བ་གང་འདྲ་ཡིན་ནམ་ཞེས་སྐད་ཆ་འདྲི་ བར་ཕྱིན་པ་རེད། མཐའ་མ་དེར་ཕལ་ཆེར་ལྷ་ཡིས་སྐྱག་རྫུན་བཤད་ཡོད་ས་
མ་རེད། གང་ལ་ཟེར་ན་སོ་ཀྲེཊ་སེ་ཡིས། ངས་དོན་དག་གཅིག་ཡང་དག་ པ་ཤེས་ཀྱི་ཡོད། དེ་ནི་ངས་གང་ཡང་ཤེས་ཀྱི་མེད་པ་དེ་རེད་
true wisdom is in knowing I know nothing)
(The only
ཅེས་གསུངས་ཡོད། ཁོང་ཚོ་
ཚང་མས་རང་ཉིད་ཀྱིས་མ་ཤེས་པ་དེ་ཤེས་ཀྱི་མི་འདུགརང་ཉིད་ཀྱིས་མ་
ཤེས་པ་ཤེས་མཁན་གཅིག་པུ་དེ་ང་རེད་འདུག ཅེས་པ་དེ་ནི་སོ་ཀྲེཊ་སེ་ཡི་ 114
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ལུང་སྐད་གྲགས་ཆེ་ཤོས་ཤིག་རེད། དེར་བརྟེན་སོ་ཀྲེཊ་སེ་ནང་བཞིན་རང་
གིས་མ་ཤེས་པ་དེ་རང་གིས་ཤེས་པར་བྱ་རྒྱུའི་བསམ་བློའི་རང་དབང་དང་།
བརྟག་དཔྱད་བྱེད་རྒྱུའི་ནུས་པ་དེ་མེད་ན་ཡོང་རྒྱུ་ཁག་པོ་རེད།
དེ་རིང་སང་ཉིན་ང་ཚོ་བརྒྱ་ཆ་ ༨༠ ཐམ་པའམ་གཅིག་བྱས་ན་དེ་ལས་
མང་བས་ཆོས་ཕྱོགས་དང་། ཚན་རིག སྐད་ཡིག་བཅས་རིག་གནས་གང་
འདྲ་ཞིག་ལ་ཡིན་ནའང་མང་པོ་ཞིག་ལ་ཆ་བཞག་ནས་འགྲོ་བ་མ་གཏོགས་
དོན་དམ་པར་ཤེས་ཀྱི་ཡོད་མ་རེད། ཡིན་ནའང་ཤེས་ཀྱི་མེད་པ་དེ་ཤེས་ཀྱི་ མེད་པ་ག་དུས་ཡོང་གི་རེད་ཟེར་ན། རིགས་པའི་ལམ་གྱི་རིགས་པ་གསུམ་
མམ་བཞི་གང་ཡང་རུང་བ་ཞིག་གི་ཐོག་ནས་བརྟག་དཔྱད་བྱེད་རྒྱུའི་ནུས་པ་
དང་བརྟག་དཔྱད་བྱེད་སྟངས་གང་འཚམས་ཤེས་ན་གཞི་ནས་ཡོང་བ་ཞིག་
རེད། བསམ་བློའི་རང་དབང་བྱུང་ན། དེའི་རྗེས་ལ་འཚོ་བའི་རང་དབང་ དང་། སྲུང་སྐྱོབ་ཀྱི་རང་དབང་། སྤྱོད་པའི་རང་དབང་བཅས་རང་བཞིན་ གྱིས་ཡོང་ཐུབ་པས། ངས་ནམ་རྒྱུན་རིག་གནས་མང་ཆེ་བ་ཞིག་གིས་རྨོངས་ དད་སྐྲུན་བཞིན་ཡོད་པ་དང་། ལྷག་པར་དུ་ཆོས་དང་ཚན་རིག་གཉིས་ཀྱིས་
སྤྱི་ཚོགས་ནང་རྨོངས་དད་ཤུགས་ཆེན་པོ་སྐྲུན་གྱི་ཡོད་པ་ཞུ་བཞིན་ཡོད།
ཆོས་ལ་བརྟེན་ནས་རྨོངས་དད་མང་པོ་སྤེལ་བ་ཡོད་རེད་ལ། དུས་ལ་བབས་
སྐབས་ཆོས་བསྣུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་ཆོས་ལ་བརྟེན་པའི་རྨོངས་ དད་ལ་བརྟེན་ནས་བྱུང་བ་རེད།
དེ་བཞིན་ཚན་རིག་ལ་བརྟེན་ནས་ཚན་
རིག་གིས་བསྐྲུན་པའི་རྨོངས་དད་མང་པོ་ཡོད་རེད་ལ།
དེའི་དབང་གིས་
ཚན་རིག་གི་དགོས་པ་དང་ནུས་པ་གཉིས་ཀ་ཉམས་འགྲོ་བའང་ཡོད་རེད། 115
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྨོངས་དད་མི་ཡོང་བ་ག་དུས་ཆགས་ཀྱི་རེད་ཟེར་ན། ཇི་སྲིད་རང་ཉིད་ལ་
དཔྱད་པ་བྱེད་རྒྱུའི་རང་དབང་དང་ནུས་པ་གཉིས་ཡོད་པ་དེ་དུས་རྨོངས་
དད་མེད་པ་ཆགས་ཀྱི་རེད་མ་གཏོགས་དེ་གཉིས་མེད་ན་ཡོང་ཐབས་མེད་
པ་རེད། བསམ་བློའི་རྟོག་དཔྱོད་དང་བླང་དོར་འབྱེད་ཤེས་པའི་རང་དབང་ ཞིག་ཡོད་ཀྱང་།
མི་ཞེས་པ་དེ་འཚོ་ཐབས་ལ་བརྟེན་དགོས་པ་ཞིག་ཡིན་
པས། འཚེ་བ་མེད་པའི་ལམ་ནས་བསྒྲུབ་རྒྱུའི་རང་དབང་དང་ཤེས་ཡོན་ཞིག་
མེད་ན་འཚོ་ཐབས་ཀྱི་དབང་གིས་བསམ་བློའི་རང་དབང་ཡང་ཤོར་བཞིན་ པ་རེད།
དེ་རིང་སང་ཉིན་འཚོ་ཐབས་མང་ཆེ་བ་གཞན་གྱི་རོགས་རམ་ལ་
བརྟེན་དགོས་པའི་གཞན་བརྟེན་ཞིག་རེད། ང་ཚོ་བོད་པ་ལྟ་བུར་ཆ་བཞག་ན།
འདས་པའི་ལོ་ལྔ་བཅུ་ང་གྲངས་
ཤིག་གི་རིང་ལ་གཞན་བརྟེན་ཁོ་ན་བྱས་ནས་སྡོད་ཀྱི་ཡོད་རེད།
སོ་སོས་
འཇོན་ཚོད་དཔག་ཚོད་ཀྱིས་དཔལ་འབྱོར་ཨའུ་ཙམ་ཆགས་པ་ཡིན་ནའང་།
ད་དུང་མི་གཞན་ནས་རོགས་རམ་ལེན་རྒྱུ་རག་ན་ལེན་རྐྱང་མ་གཏོགས། ད་
ཆ་ང་ལ་དགོས་ཀྱི་མེད་སྙམ་པའི་བསམ་ཚུལ་དེ་ཡོང་ཁག་པོ་ཡོད་རེད། རང་
གི ་ ནང་ལ་སོ ་ སོ ས ་འདུ་འགོ ད ་བྱས་པའི ་ དཔལ་འབྱོ ར ་གྱི ་ ཐོ ག ་ནས་རྒྱས་
སྤྲོས་གང་ལ་གང་འཚམས་བྱེད་རྒྱུ་ཡོད་མཁན་དེ་ཚོའང་། རོགས་རམ་ལེན་ རྒྱུར་འཚེར་སྣང་དང་ངོ་ཚ་མེད་པར་རག་ན་ལེན་རྐྱང་བྱེད་པ་དེ་ནི་གཞན་
བརྟེན་གྱི་བསམ་བློ་རེད། དེ་ལྟ་བུའི་གཞན་བརྟེན་གྱི་བསམ་བློ་མེད་པ་ཡིན་
ནའང་རང་གི་དཔལ་འབྱོར་དེ་རང་གི་ལུས་ཀྱི་དཀའ་སྤྱད་ཀྱི་ཐོག་ནས་མ་
བསྐྲུན་པར་ཚོང་པ་དང་། བཟོ་གྲྭའི་བདག་པོ། དཔལ་འབྱོར་འདུ་འགོད་བྱེད་ 116
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
མཁན་བཅས་གཞན་ལ་བཤུ་གཞོག་བཏང་ནས་ཁེ་བཟང་ལེན་རྒྱུ་དེ་ལས་ སླ་པོ་རེད།
དེང་རབས་ཀྱི་ཁྲོམ་རའི་ལམ་ལུགས་ལ་ཧ་ལམ་བཤུ་གཞོག་མ་
བཏང་བར་དཔལ་འབྱོར་འདུ་འགོད་བྱེད་མི་ཤེས་པ་ལྟ་བུ་བྱུང་བས། གཞན་ ནས་རོགས་རམ་ལེན་དགོས་པ་དང་གཞན་ལ་བཤུ་གཞོག་བཏང་ནས་འཚོ་
དགོས་པ་ཡིན་ཕྱིན་ཆད་ལ། འཚོ་བའི་རང་དབང་སྟེ་ཨཱ་ཇཱི་ཝི་ཀཱ་སྭརཱཇ་མ་ ཐོབ་པ་རེད།
ཨཱ་ཇཱི་ཝི་ཀཱ་སྭརཱཇ་ཞེས་པ་སངས་རྒྱས་ཀྱིས་ཆོས་འཁོར་དང་
པོའི་ནང་གསུངས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་ དག་པའི་འཚོ་བ་ཞེས་པ་དེ་རེད།
ཡང་དག་པའི་འཚོ་བ་ཞེས་པ་གཞན་
གནོད་གཞི་དང་བཅས་པ་ལས་ལྡོག་པའི་འཚོ་བ་སྟེ། གཞན་ལ་བཤུ་གཞོག་ བྱས་པ་མ་ཡིན་པ།
གཞན་ལ་ལག་པ་བཟེད་པ་མ་ཡིན་པའི་འཚོ་བ་རང་
དབང་ཞིག་དགོས་ཀྱི་ཡོད་རེད།
དེ་གཉིས་ཀ་བྱུང་བ་ཡིན་ནའང་ད་དུང་
རང་དབང་ཤོར་རྒྱུའི་ལམ་ཁ་གཅིག་ཡོད་པ་དེ་ནི་སྲུང་སྐྱོབ་ཟེར་བ་དེ་རེད།
རང་གིས་རང་ཉིད་སྲུང་སྐྱོབ་བྱེད་རྒྱུ་དང་། རང་གིས་རང་གི་ཁོར་ཡུག་སྲུང་
སྐྱོབ་བྱེད་རྒྱུ། རང་གི་མི་རིགས་སྲུང་སྐྱོབ་བྱེད་རྒྱུ། རང་གི་རྒྱལ་ཁབ་སྲུང་ སྐྱོབ་བྱེད་རྒྱུ་བཅས་རེད།
དེ་རིང་སང་ཉིན་སྲུང་སྐྱོབ་ཅེས་པའི་ཚིག་དེའི་
རྗེས་ལ་འཚེ་བ་དང་དྲང་བདེན་མ་ཡིན་པའི་ལས་དོན་མང་པོ་ཞིག་འགྲོ་
བཞིན་ཡོད། དཔེར་ན། རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས་སྲུང་སྐྱོབ་ཅེས་ པའི་རྒྱབ་ལྗོངས་སུ་རྡུལ་ཕྲན་མཚོན་ཆའམ། དེ་མ་ཡིན་པའི་མི་སྟོང་ཕྲག་ཁྲི་
ཕྲག་མང་པོ་སྡེབ་གཅིག་ལ་གསོད་ནུས་པའི་མཚོན་ཆའི་རིགས་རྣམས་བེད་ སྤྱོད་བྱེད་ཀྱི་ཡོད་རེད།
117
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
སྲུང་སྐྱོབ་ཅེས་པའི་ཚིག་དེའི་ནང་ནས་འཚེ་མེད་ཞི་བའི་ལམ་ནས་
རང་གིས་རང་ཉིད་སྐྱོབ་ཐུབ་པ་ཞིག་མ་བྱུང་གི་བར་དུ་ག་དུས་ཡིན་ནའང་ སྲུང་སྐྱོབ་ཀྱི་འོག་ལ་སྡོད་དགོས་བྱུང་ན། གཅིག་མེད་པ་ཆགས་པ་རེད།
མི་དེའི་གཞི་རིམ་གྱི་རང་དབང་
རང་གི་ལུས་དང་སྲོག་དང་ལོངས་སྤྱོད་དེ་
དག་ག་དུས་ཡིན་ནའང་ཉེན་ཁ་ (threat perception) ཤ་སྟག་གི་འོག་ལ་སྡོད་
དགོས་པ་ནི། ཐོག་མའི་འབྱུང་ཁུངས་ཡག་པོ་མེད་པའི་དབང་གིས་བྱུང་བ་ ཞིག་རེད།
དེ་འདྲ་ཡིན་སྟབས་བསམ་སྤྱོད་ཀྱི་རང་དབང་དང་འཚོ་བའི་
རང་དབང་ཡག་པོ་ཞིག་ཡོད་ན།
སྲུང་སྐྱོབ་དེ་འཚེ་བ་ལ་བརྟེན་དགོས་པ་
ནམ་ཡང་ཆགས་ཀྱི་མ་རེད། རང་གིས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པ་ཡོང་ རྒྱུ་ཡོད་སྟབས།
དེ་ལྟ་བུའི་སྲུང་སྐྱོབ་ཀྱི་རང་དབང་དེ་ཡང་ཤེས་ཡོན་གྱི་
དམིགས་ཡུལ་ལ་ངེས་པར་འཁྱེར་དགོས་པ་ཞིག་ཆགས་ཡོད།
རང་དབང་
ཡོད་པའི་མི་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་ཡིན་པའི་ཆ་
ནས་བསེ་རུ་ལྟ་བུ་གཅིག་པུར་བསྡད་ནས་མི་ཚེ་སྐྱེལ་བའི་སྲོག་ཆགས་ཤིག་ ཆགས་ཀྱི་མ་རེད། སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་པའི་རྒྱུ་མཚན་གྱིས་ངེས་
པར་དུ་རང་ལས་གཞན་གཙོ ་ ཆེ ་ བ་བྱེ ད ་དགོ ས ་པ་དེ ་ སྤྱི ་ ཚོ ག ས་ཀྱི ་ སྲོ ག ་ ཆགས་ཡིན་པའི་རང་བཞིན་དང་པོ་དེ་རེད།
རང་ལས་གཞན་གཙོ་ཆེ་བ་
མ་བྱས་ན། ག་དུས་ཡིན་ནའང་མཛའ་བརྩེ་དང་། ཆིག་སྒྲིལ། མཐུན་ལམ་ ཟེར་བ་ཡོང་རྒྱུ་མེད། རང་གཙོ་ཆེ་བ་བྱས་ན་གཞན་ཡལ་བར་འདོར་དགོས།
གཞན་ཡལ་བར་དོར་བའི་རྗེས་སུ་གཞན་ལ་ང་ཚོས་རེ་བ་རྒྱག་རྒྱུ་ལྷག་མེད་ པ་རེད། རང་ལས་གཞན་གཙོ་ཆེ་བ་བྱས་ན་ལྟ་ཅི་དེ་ལྟར་མ་ཡིན་རུང་ཉུང་
མཐར་རང་གཞན་མཉམ་པ་ཞི ག ་བྱུང་ན་ང་ཚོ ས ་གཞན་ལ་རེ ་ བ་བརྒྱབ་ 118
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཆོག་པ་རེད། རང་གཞན་མཉམ་པ་ཞིག་མ་བྱུང་ན་སྤྱི་ཚོགས་ཀྱི་འཚོ་བ་དེ་
ཞི་མཐུན་མཉམ་གནས་ཀྱི ་ཐོག ་ནས་སྐྱེ ལ་མི ་ཐུབ་པ་ཆགས་ཀྱི ་ཡོ ད ་པས། བསམ་སྤྱོད་ཀྱི་རང་དབང་ཡོད་ན། གཞན་ཕན་དེ་རང་བཞིན་གྱིས་ཡོང་ཐུབ་ པ་ཞིག་རེད།
ཡིན་ནའང་དེ་ནི་དམིགས་སུ་བཀར་ནས་ཟུར་དུ་བཏོན་པ་
ཞིག་རེད། རང་དབང་དང་གཞན་ཕན་གྱི་བསམ་ཚུལ་ཡོད་ཀྱང་རྒྱུན་འཛིན་
གྱི་བསམ་ཚུལ་ཞིག་མེད་ན་མི་དེ་མི་ཚད་ལྡན་ཞིག་ཆགས་ཀྱི་མེད་པ་རེད། རྒྱུན་འཛིན་གྱི་བསམ་ཚུལ་ཟེར་བ་དེ་ནི་རིག་གནས་དང་། དཔལ་འབྱོར་གྱི་ ཐོན་ཁུངས། ཕྱི་ནང་གི་དངོས་པོ་སོགས་གང་འདྲ་ཞིག་ཡིན་ནའང་དེ་འབྱུང་
འགྱུར་མི་རབས་ཀྱི་སྐལ་བའི་ནང་ལ་ཡོད་པ་ངོས་འཛིན་ཐུབ་དགོས། སོ་སོ་ རང་ཉིད་ཀྱི་ལག་རྩལ་ལམ་རིག་གནས་ཤིག་ཤེས་ཀྱི་ཡོད་ན། མི་དེའི་རིག་
གནས་ནི་མི་རབས་ནས་མི་རབས་བརྒྱུད་དེ་ཡོང་བའི་རིག་གནས་ཤིག་རེད་ མ་གཏོགས།
རང་གི་མི་ཚེའི་ནང་གསར་པ་བཟོས་པའི་རིག་གནས་ཤིག་
ཆགས་ཀྱི་མ་རེད།
དེར་བརྟེན་རིག་གནས་དེ་བྱུང་བ་ནས་བཟུང་གཅིག་
ནས་གཅིག་ལ་རྩིས་སྤྲད་དེ་ཡོང་བ་བཞིན།
ང་ཚོས་ཀྱང་རིག་གནས་དང་
ལག་རྩལ་གང་འདྲ་ཞིག་ཡིན་ནའང་གཞན་ལ་རྩིས་སྤྲོད་བྱེད་མ་ཐུབ་པར་
རང་ཉི ད ་ཤི ་ བའི ་ སྐབས་སུ་མཉམ་དུ་རྫོ ག ས་ན་རི ག ་གནས་དེ ་ ཤེ ས ་པའི ་ གོ་མ་ཆོད་པའམ་ང་ཚོའི་ལས་འགན་མ་སྒྲུབ་པ་ཆགས་ཀྱི་ཡོད་རེད།
ལྷག་
པར་དུ་རིག་གནས་ཤེས་མཁན་མི་རྣམས་ལ་བཀའ་དྲིན་ལོག་འཇལ་ལྟ་བུ་ ཆགས་པ་རེད། རང་བཞིན་ཐོན་སྐྱེད་ལྟ་བུར་ཆ་བཞག་ཀྱང་། ཡོང་རྒྱུ་བསྡད་ པའི་མི་རབས་ཚང་མའི་ཐོབ་ཐང་དང་སྐལ་བ་ཚང་མ་ཐོན་སྐྱེད་དེའི་ནང་
ལ་ཡོད་པ་མ་གཏོགས་ང་ཚོའི་མི་ཚེའི་ནང་ལ་བེད་སྤྱོད་བཏང་ནས་རྫོགས་ 119
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བཅུག་རྒྱུ་ཞིག་མ་རེད།
ད་ལྟའི་དཔལ་འབྱོར་ལམ་ལུགས་དེའི་ནང་ལ་མི་
ཚོས་ག་རེ་བཤད་ཀྱི་ཡོད་རེད་ཅེ་ན། འབྱུང་འགྱུར་གྱི་བསམ་བློ་ཁྱོན་ནས་མ་ བཏང་བར་ད་ལྟ་སའི་འོག་དང་། སའི་སྟེང་། ཆུའི་ནང་སོགས་ག་པར་ཡོད་
ཀྱང་ཚང་མ་བསྔོགས་ནས་རྩ་མེད་གཏོང་རྒྱུའི་བསམ་ཚུལ་མ་གཏོགས།
ང་
ཚོ་ཤི་བའི་རྗེས་ཀྱི་མི་རབས་ཚོར་དགོས་ཀྱི་རེད་བསམ་པའི་བསམ་ཚུལ་ ཁྱོན་ནས་མེད་པ་ནི་རྒྱུན་འཛིན་གྱི་བསམ་པ་མེད་པ་དེ་རེད། ཡང་དག་པའི་སྲོལ་རྒྱུན་དང་།
ཡང་དག་པའི་ཐོན་ཁུངས་གང་འདྲ་
ཞིག་ཡིན་ནའང་རང་གིས་བེད་སྤྱོད་བྱས་པ་དང་ཆབས་ཅིག་དེ་མ་བརླག་
པར་རྒྱུན་འཛིན་བྱེད་རྒྱུའི་བསམ་ཚུལ་ཡོད་དགོས་པ་གལ་ཆེན་པོ་རེད། དེ་ དང་ཕྱོགས་མཚུངས་འགྲོ་བ་མིའི་ཐུན་མོང་མ་ཡིན་པའམ་དམིགས་བསལ་
གྱི་ཁྱད་ཆོས་ནི་རིག་པའི་གནས་གང་དག་ཡོད་པ་དེ་དག་ཡར་རྒྱས་གཏོང་ རྒྱུ་དང་། གསར་གཏོད་བྱེད་རྒྱུ་དེ་རེད། ད་ལྟ་ཕན་ཆད་ལ་རིག་གནས་རྣམ་
གྲངས་མང་པོ ་ ཞི ག ་ཡོ ད ་པ་དེ ་ དག་ཀྱང་རི མ ་པས་གསར་གཏོ ད ་ཀྱི ་ རྣམ་
པ་ལ་བརྟེན་ནས་བྱུང་བ་ཞིག་རེད།
ཡར་རྒྱས་ཆ་ཚང་ཕྱིན་ཟིན་པའི་རིག་
གནས་ཤིག་ཡིན་ནའང་དེའི་ཐོག་ལ་གསར་གཏོད་ཀྱི་རྣམ་པ་ཡོང་རྒྱུ་ཡོད།
སྒྱུ་རྩལ་དང་། བཟོ་སྐྲུན། བཟོ་ཡི་གནས་སོགས་ཚང་མའི་ནང་ལ་དུས་ནས་ དུས་སུ་གསར་གཏོད་ཀྱི་རྣམ་པ་ཞིག་མེད་ན།
དེ་ནི་རྒྱུན་འཛིན་གྱི་འགལ་
ཟླར་འགྲོ་སྲིད་པ་རེད། ནག་པོ་ཡིན་པ་གང་ཞིག་ནག་པོ་གཅིག་པ་འགྲོ་རྐྱང་ བྱས་པ་ལ་རྒྱུན་འཛིན་ཟེར་གྱི་མེད།
རྒྱུན་འཛིན་དེ་འགྱུར་བ་དང་ཡར་རྒྱས་ཀྱི་འགྲོས་དང་མཉམ་དུ་ཕྱིན་ 120
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ན་ཧ་ཅང་ཡག་པོ་ཡོང་གི་རེད། དུས་ནས་དུས་སུ་ཐབས་ལམ་མི་འདྲ་བ་དང་
གནས་ཚུལ་མི་འདྲ་བ་བཟོ་དགོས་པའི་གནས་སྟངས་དེ་དེ་རིང་སང་ཉིན་ང་ ཚོར་གསར་པ་བྱུང་བ་ཞིག་མ་རེད། གནའ་སྔ་མོ་ནས་དེའི་དགོས་མཁོ་ཡོད་ པ་ཚང་མས་མཁྱེན་གྱི་ཡོད་རེད། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་
ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་ གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་
བར་ཤོག །ཅེས་གསུངས་དགོས་དོན་ཡང་། སངས་རྒྱས་ཀྱི་བསྟན་པ་དང་
མཇལ་བའི་ཐབས་འདྲ་པོ་ཞིག་ཡིན་ནའང་སངས་རྒྱས་རང་གིས་གསུངས་ པའི་ཐབས་དེ་ག་རང་ལ་ད་ལྟའང་བསྡད་ན། ཐབས་གཞན་དག་ག་རེ་ཡོད་ དམ་སྙམ་པའི་བསམ་བློ་གཏོང་དགོས་པ་དང་། ཉིན་མཚན་འདའ་དགོས་པ་མེད་པ་རེད།
དེའི་རྣམ་པར་དཔྱོད་པས་
དེའི་རྣམ་པར་དཔྱོད་པས་ཉིན་
མཚན་འདའ་དགོས་པ་ག་རེ་བྱས་ནས་རེད་ཅེ་ན། དུས་ནས་དུས་སུ་བསྟན་
པ་འཕེ ལ ་བ་དང་འཛི ན ་པའི ་ ཐབས་དེ འ ང་དུས་དང་མཐུན་པའི ་ གསར་ གཏོད་ཀྱི་རྣམ་པ་ཞིག་མ་བྱུང་ན་ལྡེང་གི་མེད་པས། གསར་གཏོད་གང་འདྲ་ ཞིག་བྱེད་དགོས་ཀྱི་འདུག་པ་དེར་བསམ་བློ་བཏང་ནས་ཉིན་མཚན་འདའ་
དགོས་པ་རེད། ཉིན་མོའི་གུང་དང་མཚན་མོ་ནམ་ཡིན་ལ་བསམ་བློ་བཏང་ སྟེ་ཐབས་གསར་པ་ག་རེ་འདུག་ལྟ་དགོས་པ་གལ་ཆེན་པོ་རེད། དེ་ནི་འགྲོ་ བ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
དེར་བརྟེན་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་
ཀྱི ་ ནུས་པ་བཞི ་ ཆ་ཚང་བ་ཞི ག ་སློ བ ་སྦྱོ ང ་ཐོ ན ་པའི ་ མི ་ གཅི ག ་གི ་ གཤི ས ་ 121
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྒྱུད་ལ་འཇགས་ན། སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ཚང་གི་ཡོད་སྟབས།
ཐོག་མར་སློབ་ཚན་འཆར་གཞི་སྒྲིག་པའི་སྐབས་དང་། འཛིན་གྲྭའི་ནང་ལ་ སློབ་ཁྲིད་བྱེད་པའི་སྐབས།
ཕྲུ་གུ་གསོ་སྐྱོང་བྱེད་པའི་སྐབས་ནས་ཕ་མའི་
ལས་འགན་གྱི་ནང་ནས་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་པོ་གསལ་ པོ་ཞིག་ཡོད་ན།
རེད་བསམ་གྱི་འདུག
ཏན་ཏན་ཤེས་ཡོན་གྱི་དགོས་པ་ཡོད་པ་ཞིག་ཆགས་ཀྱི་
དེ་མིན་ཤེས་ཡོན་ཐོན་པའི་མི་ཞིག་ལ་བཟང་སྤྱོད་
དང་ཡ་རབས་བྱེད་སྟངས་ཟུར་དུ་སློབ་དགོས་ན། དེ་ནི་ཕྱི་ལོགས་ནས་གོས་
གཡོགས་པའི་བཟོ་འདྲ་ཞིག་མ་གཏོགས་མི་དེའི་རང་བཞིན་གྱི་ཁམས་དང་
འདྲེས་པ་ཞིག་ཡོང་ཁག་པོ་རེད།
མི་དེའི་རང་བཞིན་གྱི་གཤིས་ཀ་དང་
འདྲེས་པའི་བཟང་སྤྱོད་དེ་ཡང་རང་དབང་དང་གཞན་ཕན་གྱི་བསམ་ཚུལ་ ཐོག་ནས་ཡོང་དགོས་པ་རེད།
རང་དབང་དང་གཞན་ཕན་གྱི་བསམ་ཚུལ་
ཡོད་ན་བཟང་སྤྱོད་ཟུར་དུ་བསླབ་མི་དགོས་པ་ཡིན།
དེ་ལྟ་བུའི་དམིགས་ཡུལ་བཞི་པོ་བསྒྲུབ་པའི་ཆེད་དུ། དགེ་རྒན་ཚོས་
ཐབས་ལམ་ག་རེ་བསྟེན་དགོས་རེད་ཅེ་ན། སྲོལ་རྒྱུན་ནང་ཐབས་ལམ་མང་
པོ་གསུངས་པའི་ནང་ནས་གལ་ཆེ་ཤོས་དེ་བསྡུ་བའི་དངོས་པོ་བཞིའི་ནང་
ནས་དོན་མཐུན་པ་དང་། དོན་སྤྱོད་པ་གཉིས་ཆགས་ཡོད། ཕྲུ་གུ་ལ་རང་ དབང་ཡོད་པའི་སློབ་སྦྱོང་ཞིག་སྤྲད་དགོས་ན། དགེ་རྒན་རང་ཉིད་ཀྱི་བསམ་ བློའི་རང་དབང་ཡོད་པ་ཞིག་དགོས་པ་རེད། པ་སྤྲད་དགོས་ན།
ཕྲུ་གུ་ལ་གཞན་ཕན་གྱི་ནུས་
དགེ་རྒན་རང་ཉིད་ལྷག་བསམ་རྣམ་དག་གི་ཐོག་ནས་
རང་ལས་གཞན་གཙོ་ཆེ་བ་བྱེད་མཁན་ཞིག་དགོས་པ་རེད། དེ་བཞིན་དགེ་ 122
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
རྒན་རང་ཉིད་ཀྱི་མི་ཚེའི་ནང་སྲུང་སྐྱོབ་དང་དམིགས་ཡུལ་གཞན་རྣམས་ མ་བསྒྲུབས་པ་ཞིག་ལ་སློབ་ཕྲུག་ལ་དེ་དགོས་ཀྱི་རེད་ཅེས་ལབ་ན་རྣ་བར་
མི་འགྲོ་བའི་སྐད་ཆ་ཆགས་ཀྱི་ཡོད་སྟབས། དོན་མཐུན་པ་དང་དོན་སྤྱོད་པ་
ཞེས་གསུངས་པའི་སྐབས་སུ་གང་གཞན་ལ་བརྡ་སྤྲོད་རྒྱུ་དེ་རང་གི་ཉམས་ ལེན་ལ་ཡོད་པ་དང་། གང་གཞན་ལ་བརྡ་སྤྲོད་པ་དེ་དང་མཐུན་པ་རང་གི་
མི་ཚེ་སྐྱེལ་སྟངས་ལ་ཡོད་པ་དེ་འདྲ་ཞིག་མ་བྱུང་བ་དང་། ཡོན་ཏན་དེ་དགེ་
རྒན་གྱི་སེམས་རྒྱུད་ལ་མ་འཇགས་ན། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་ གིས་ཕྱུག །ཅེས་གསུངས་པ་ལྟར་ཡོན་ཏན་ལྷག་སྟངས་དེ་ཡང་། རང་ཉིད་
ཀྱིས་གང་ཞིག་གཙོ་འདོན་བྱེད་པའི་ཡོན་ཏན་དེའི་ནང་ལ་སྨིན་པ་ཞིག་མ་ བྱུང་ན། བུམ་པ་སྟོང་པ་ནས་བུམ་པ་གཞན་ཞིག་གི་ནང་ལ་བླུག་རྒྱུ་ལྷག་གི་ མེད་པ་ལྟ་བུ་ཆགས་ཀྱི་ཡོད་རེད།
དེ ར ་བརྟེ ན ་དོ ན ་མཐུན་པ་དང་དོ ན ་སྤྱོ ད ་པའི ་ གནས་སྟངས་དེ ་ ཆ་
ཤས་ལེན་རྒྱུ་དང་། རྒྱུན་དུ་སློབ་ཕྲུག་དང་འདྲིས་གཤིབ་གནང་བའི་སྐབས་
སུ་ཐོག་མར་སློབ་ཕྲུག་གི་སེམས་ཞུམ་པ་མེད་པ་བཟོ་རྒྱུ་སྟེ། སེམས་མི་འགོང་ བ་ཉིད་དང་ནི། །ཞེས་པ་ལྟར་དང་། དེའི་རྗེས་ལ་སློབ་ཚན་གང་ཡིན་པ་དེ་
བསླབ་རྒྱུ་སྟེ། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཅེས་པ་དང་། བསླབས་པའི་
རྗེས་ལ་དགེ་ཕྲུག་དེའི་སེམས་ལ་དོགས་པ་དང་དཀའ་ངལ་ཡོད་ན། དེ་ཚོ་
འཛིན་གྲྭའི་ནང་ལ་སློབ་ཚན་བསླབས་པ་ཙམ་གྱིས་འཐུས་པ་མ་གཟིགས་ པར།
ག་དུས་ཡིན་ནའང་དེ་འཛིན་སྐྱོང་གི་དཀའ་ངལ་ཟེར་བ་དེའི་མི་
མཐུན་ཕྱོགས་དགོས་པ་རེད། དེ་གསུམ་པོ་ཆ་ཚང་ཞིག་གནང་ཐུབ་ན། རྣམ་ 123
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པ་ཀུན་ཏུ་ཡོངས་འཛིན་ཉིད། །ཅེས་དེ་དུས་དགེ་རྒན་གྱི་མཚན་ཉིད་ཚང་བ་ ཞིག་ཆགས་ཐུབ་པའི་རེ་བ་ཡོད་རེད།
དུས་ཚོ ད ་ཀྱི ་ རེ འུ ་མི ག ་ལྟར་བྱས་ན་ཕྲན་བུ་བརྒལ་བ་ལྟ་བུ་ཆགས་
སོང་ཡང་།
ངས་སློབ་སྦྱོང་གི་དམིགས་ཡུལ་བཞིའི་རྣམ་གཞག་དང་།
དམིགས་ཡུལ་བཞི་པོ་སྒྲུབ་པའི་ཤེས་ཡོན་སློབ་སྦྱོང་ཞིག་སྤྲད་རྒྱུའི་དོན་དུ།
དོན་མཐུན་པ་དང་། དོན་སྤྱོད་པ། སེམས་མི་འགོང་བ། སློབ་ཚན་སྤྲོད་རྒྱུ། དེའི་རྒྱབ་ལྗོངས་ཀྱི་མི་མཐུན་ཕྱོགས་བོར་རྒྱུ་བཅས་དོན་ཚན་ལྔ་པོ་དེ་དགེ་
རྒན་ཚོས་ཆ་ཚང་ཕྱག་ལེན་དུ་བསྟར་ཐུབ་པ་ཡིན་ན། ཏན་ཏན་ང་ཚོས་ཤེས་
ཡོན་སྲིད་བྱུས་ནང་དམིགས་ཡུལ་བཞག་པ་བཞིན་འགྲུབ་ཐུབ་པའི་གནས་ བབས་ཡོད་པ་མ་ཟད། རེ་བའང་བསྐྱོན་ཆོག་གི་རེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
124
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དྲི་བ་དྲིས་ལན།
༣
དྲི་བ་དང་པོ། ཤེས་ཡོན་སྲིད་བྱུས་གསར་པའི་དམིགས་ཡུལ་ནང་གསར་གཏོད་ ཅེས་པ་གལ་ཆེར་བཟུང་ཡོད།
གསར་གཏོད་ནི་སློབ་མའི་བསམ་བློ་དང་
འགངས་ཧ་ཅང་ཆེན་པོ་རེད།
འོན་ཀྱང་དེ་ལྟ་བུའི་གསར་གཏོད་ཀྱི་ལྟ་
འཚོ ་ གནས་ཀྱི ་ རང་དབང་ལོ ང ས་སུ་སྤྱོ ད ་པར་ཡང་མེ ད ་དུ་མི ་ རུང་བ་ ཞིག་ཡིན་སྟབས།
གསར་གཏོད་ཀྱི་ལྟ་གྲུབ་ལག་ལེན་བསྟར་རྒྱུ་ནི་གལ་
གྲུབ་ཅིག་སྤྱི་ཚོགས་ནང་ལག་བསྟར་བྱ་རྒྱུར་འགོག་རྐྱེན་མི་ཉུང་བ་ཞིག་ འཕྲད་བཞིན་ཡོད་པས། རང་དབང་དང་གསར་གཏོད་ཀྱི་ལྟ་གྲུབ་ལག་ལེན་ བསྟར་སའི་ཁོར་ཡུག་ཅིག་ཇི་ལྟར་བསྐྲུན་དགོས་སམ།
དྲི་བ་གཉིས་པ། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ད་བར་གཞན་དབང་ སྟབས་བསྟུན་འོག་གནས་དགོས་སྟབས། སློབ་གྲྭ་དེ་ཚོའི་ནང་ཤེས་ཡོན་ སྲིད་བྱུས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་ཆེན་པོ་བྱུང་ཡོད།
མ་འོངས་
པར་བོད་སློབ་འཛིན་ཚོགས་རྩིས་བླངས་པའི་རྗེས་སུ་སློབ་གྲྭ་དེ་ཚོའི་ནང་
ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་ཀྱི་ཡོད་མེད་དང་། བོད་ཀྱི་སྐད་
ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་ཕྱོགས་སོགས་ཀྱི་ཐད་བཀའ་སློབ་ ལམ་སྟོན་ཞིག་གནང་རོགས་ཞུ་རྒྱུ་ཡིན།
ལན། དྲི་བ་དང་པོ་དང་གཉིས་པ་གཉིས་ཀ་སྤྱིར་བཏང་འདྲ་པོ་རེད། ད་ལྟའི་ཁོར་ ཡུག་དང་སྤྱི་ཚོགས་ཀྱི་ནང་གནས་ཚུལ་དེ་ཚོ་ཁག་པོ་ཡོད་པ་དང་།
དེ་
དག་ཁག་པོ་མེད་པ་བཟོ་རྒྱུའི་ཐབས་ལམ་ག་རེ་ཡོད་རེད་ཟེར་བ་ནི་གོང་དུ་
ཞུས་པ་དང་འདྲ་པོ་རེད། དེ་ལ་སྒྱུ་མ་མཁན་གྱིས་ཅ་ལག་ལྟ་བུ་ལམ་སང་ 125
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འགྱུར་བ་གཏོང་རྒྱུའི་ཐབས་ལམ་ཞིག་ང་ལ་བཤད་རྒྱུ་མེད། གང་ལྟར་ཤེས་
ཡོན་སྲིད་བྱུས་དེ་ནི་ཐབས་ལམ་ཚང་མ་ཡོད་པའི་ལམ་སྟོན་གྱི་སྒྲོམ་གཞི་
ལྟ་བུ་ཡིན་པའི་ཁུལ་རེད། དེའི་བརྒྱ་ཆ་འགའ་རེ་ཙམ་ལག་ལེན་ལ་བསྟར་
ཐུབ་པ་ཡིན་ནའང་དེའི་ཚོད་ཀྱི་གྲུབ་འབྲས་བརྒྱ་ཆ་འགའ་རེ་ཙམ་འཐོན་གྱི་ རེད། བརྒྱ་ཆ་བརྒྱ་ཐམ་པ་ལག་བསྟར་ཐུབ་ན། གྲུབ་འབྲས་དེའང་བརྒྱ་ཆ་
བརྒྱ་ཐམ་པ་ཐོན་མདོག་ཁ་པོ་རེད། ལམ་སྲོལ་གང་འདྲ་ཞིག་ཡིན་ཡང་བརྒྱ་ ཆ་བརྒྱ་ཐམ་པ་ལག་ལེན་ལ་བསྟར་ཐུབ་པ་ཟེར་བ་ཡོང་ཁག་པོ་རེད། བརྒྱ་ ཆ་མང་བ་ཞིག་ལག་ལེན་ལ་འཁེལ་ཐུབ་ན་གྲུབ་འབྲས་མང་བ་ཐོན་པ་དང་།
བརྒྱ་ཆ་ཉུང་བ་ཞིག་ལག་ལེན་ལ་འཁེལ་ན་དེ་དང་དེ་བཞིན་གྱི་གྲུབ་འབྲས་ ཀྱང་ཉུང་བ་ཞིག་ཡོང་གི་རེད། གཞན་དབང་སྟབས་བསྟུན་མི་དགོས་པའི་ གནས་བབས་ལ་སླེབས་དུས། བསྟར་རྒྱུའི་འདུན་པ་ཡོད་ན།
ང་རང་ཚོར་སྲིད་བྱུས་ཤིག་ལག་ལེན་ལ་
དེའི་གཞི་རྩ་ལྟ་བུར་བོད་མི་མང་སྤྱི་འཐུས་
ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡོད་རེད།
གཞན་དབང་སྟབས་བསྟུན་མི་དགོས་པ་ཙམ་གྱིས་བརྒྱ་ཆ་བརྒྱ་ཐམ་པ་
སྲི ད ་བྱུས་དེ ་ ལག་བསྟར་བྱེ ད ་ཆོ ག ་ཆོ ག ་ཅི ག ་ཆགས་ཀྱི ་ རེ ད ་དམ་ལབ་ ན༑ དེ་ཡང་ག་ཚོད་ཙམ་ལག་བསྟར་ཐུབ་མིན་ཕྱོགས་མང་པོ་ཞིག་ལ་བལྟ་
དགོས། ཤེས་ཡོན་སྲིད་བྱུས་ལག་བསྟར་ཐུབ་དང་མི་ཐུབ་ཟེར་བ་དེ་འཛིན་
སྐྱོང་ལས་གཙོ་ཆེ་བ་དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་ལ་རག་ལུས་ པ་རེད། དགེ་རྒན་གྱི་མངོན་འདོད་དང་སློབ་ཕྲུག་གི་མངོན་འདོད་གཉིས་ཆ་
མཉམ་པ་ཞིག་བྱུང་བ་ཡིན་ན། ཕ་མའི་མངོན་འདོད་མ་མཚུངས་ཀྱང་ཉེན་
ཁ་ཆུང་བ་རེད། ཕ་མ་དང་དགེ་ཕྲུག་གི་མངོན་འདོད་གཉིས་གཅིག་པ་དང་། 126
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེའི་ཁ་གཏད་དགེ་རྒན་གཅིག་པུས་གཅོག་དགོས་བྱུང་ན་དཀའ་ལས་ཁག་ པོ་རེད།
དགེ་རྒན་དང་སློབ་ཕྲུག་གཉིས་ཕྱོགས་གཅིག་ཏུ་ཆགས་ནས་
མཉམ་རུབ་ཐོག་ཕ་མར་ཁ་གཏད་གཅོག་པའི་སྐབས་སུ་སྟབས་བདེ་བ་
ཡོད་རེད།
དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་གྱི་ནང་ནས་དགེ་རྒན་དེ་གལ་ཆེ་
ཤོས་ཆགས་ཀྱི་ཡོད། དགེ་རྒན་ཚད་ལྡན་ཞིག་དང་། ལྷག་པར་དུ་ཤེས་
ཡོ ན ་སྲིད ་བྱུས་འདི་ ལྟ་བུ་ཞིག ་ལག་ལེན ་བསྟར་བར་འོས ་ཆོ ས ་ཆ་ཚང་
ཚང་བའི་དགེ་རྒན་འདང་ངེས་བཞིན་པ་བྱུང་བའི་ཉིན་མོ་དེར་དགེ་རྒན་ གྱིས་སློབ་ཕྲུག་ཁ་ལོ་བསྒྱུར་ཐུབ་པ་ཡིན་ན།
ཕྲུ་གུས་ཕ་མ་ཁ་ལོ་བསྒྱུར་
ཐུབ་ཀྱི་རེད་བསམ་གྱི་འདུག ད་ལྟའི་གནས་བབ་ལ་དགེ་རྒན་ཚོས་ཤེས་
ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུའི་འདུན་པ་ཡོད་ཀྱང་། སློབ་ཕྲུག་གིས་ འདུན་པ་དེ་དང་མཐུན་པ་ཞིག་མི་འགྲོ་བ་ནི་སློབ་ཕྲུག་ཚོའི་ནང་གི་ཁོར་
ཡུག་དང་། ཕ་མས་ལམ་སྟོན་བྱེད་སྟངས་ཀྱི་ཐོག་ནས་འགོག་རྐྱེན་འཕྲད་
པ་མང་པོ་ཡོད་རེད། དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་པོ་འདུན་པ་
གཅིག་གྱུར་བྱུང་བ་ཡིན་ན། མང་གཙོའི་སྤྱི་ཚོགས་ནང་འཛིན་སྐྱོང་གི་བྱེད་
སྟངས་འགྲིག་དང་མ་འགྲིག་ཟེར་བ་མེད་པར་དེ་དང་མཉམ་དུ་འགྲོ་དགོས་ པའི་གནས་སྟངས་ཤིག་ཆགས་པ་མ་གཏོགས།
འཛིན་སྐྱོང་གིས་ཕྱིར་
འཐེན་རྒྱག་པ་དང་འགོག་རྐྱེན་བྱེད་རྒྱུའི་གནས་སྟངས་ཞེ་དྲག་ཡོང་གི་མ་
རེད་བསམ་གྱི་འདུག
དེར་བརྟེན་དྲི་བ་དང་པོ་དང་གཉིས་པའི་ལན་ཕྱོགས་བསྡོམས་ལྟ་བུ་ཞུས་ 127
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ན༑ ཡང་དག་པའི་ཤེས་ཡོན་ཞིག་ཡོང་བར་ཤེས་ཡོན་སྲིད་བྱུས་བཟང་པོ་
ཞིག་ལག་ལེན་བསྟར་དགོས་ཀྱི་ཡོད་རེད། སྲིད་བྱུས་དེ་ལག་ལེན་བསྟར་ རྒྱུའི་ལག་ཆ་དང་པོ་དགེ་རྒན་རེད།
དགེ་རྒན་གྱིས་སྲིད་བྱུས་མཁྱེན་པ་
དང་། སྲིད་བྱུས་ལ་ཡིད་ཆེས་ཡོད་པ། སྲིད་བྱུས་ལག་ལེན་བསྟར་རྒྱུའི་ ནུས་པ་ཡོད་པ་ཞིག་བྱུང་བ་ཡིན་ན།
དགེ་རྒན་གྱིས་སློབ་ཕྲུག་དང་ཕ་མ་
གཉིས་ཁ་ལོ་བསྒྱུར་ཐུབ་པ་ཡིན། དེ་ནས་གལ་ཆེ་ཤོས་གཉིས་པ་དེ་སློབ་ ཕྲུག་རེད།
སློབ་ཕྲུག་དེ་ལམ་གང་འདྲ་ཞིག་ལ་འཁྲིད་དང་མ་འཁྲིད་དེ་
དགེ་རྒན་དང་ཕ་མ་གཉིས་ལ་རག་ལུས་པ་རེད། སྐབས་རེ་དགེ་རྒན་གྱི་
ནུས་པས་མ་ལྡེང་བའི་དབང་གིས་ཕ་མའི་ནུས་པ་ཤུགས་ཆེ་རུ་འགྲོ་བ་དེ་
འདྲ་མཐོང་གི་ཡོད་རེད། ན༑
ཡིན་ནའང་དགེ་རྒན་ཚད་དང་ལྡན་པ་ཞིག་བྱུང་
ཕྲུ་གུ་དང་ཕ་མ་གཉིས་ཀ་ཁ་ལོ་བསྒྱུར་ཐུབ་ཀྱི་རེད་བསམ་གྱི་འདུག
ཀྲ�ཥྞ་མཱུརྟིའི་སློབ་གྲྭ་ཁག་གི་ནང་དགེ་རྒན་དང་ཕ་མ་གཉིས་ཟླ་རེར་ཕྲུ་གུ་
དང་མཉམ་དུའམ་ཕྲུ་གུ་མེ ད ་པའི ་ ཐོ ག ་ནས་ཚོ ག ས་འདུ་ཐེ ང ས་རེ ་ ངེ ས ་
ཅན་འཚོགས་ཐུབ་པ་བྱེད་ཀྱི་ཡོད་རེད། ང་ཚོའི་སློབ་གྲྭ་ཁག་གི་ནང་དགེ་ རྒན་དང་ཕ་མའི་ཚོགས་འདུ་ཟླ་རེ་འཆར་ཅན་ཡོད་རེད། དེ་ལྟར་འཚོགས་
དགོས་དུས་ཟླ་བ་གཅིག་གི་ནང་འཛིན་གྲྭར་ཡོད་པའི་ཕྲུ་གུ་ཡོངས་རྫོགས་
ཀྱི་ཕ་མ་ཚོ་དགེ་རྒན་དང་ལྷན་དུ་ཐེངས་རེ་འཚོགས་ནས་གོ་བསྡུར་བྱེད་ རྒྱུ་དང་། ཡང་ན་ཕྲུ་གུ་མེད་པར་དགེ་རྒན་དང་ཕ་མ་རྐྱང་པའི་ཐོག་ནས་གོ་ བསྡུར་བྱེད་རྒྱུ་ཐེངས་རེ་ཡོང་གི་ཡོད།
དེའི་ཐོག་ནས་དཀའ་ངལ་མང་པོ་
སེལ་ཐུབ་པ་དང་། གནས་ཚུལ་མང་པོ་ཡར་རྒྱས་འགྲོ་ཐུབ་པ་ཡོང་བསྡད་ པ་ང་རང་གི་ཉམས་མྱོང་གི་ཐོག་ནས་མཐོང་བྱུང་། 128
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དྲི་བ་གསུམ་པ། རྒྱ་གར་ནང་ཨིན་ཇིས་བཟོས་པའི་ཤེས་ཡོན་ལམ་སྲོལ་ཡུན་ རིང་ལག་བསྟར་བྱས་པའི་དབང་གིས་དེང་སྐབས་དཀའ་ངལ་སྣ་ཚོགས་
འཕྲད་བཞིན་ཡོད། ང་ཚོའི་སློབ་གྲྭ་ཁག་གི་ནང་ལམ་སྲོལ་འདི་བཞིན་ལག་ བསྟར་བྱེད་ཀྱི་ཡོད་པས།
མ་འོངས་པར་ལམ་སྲོལ་འདིས་བོད་མིའི་སྤྱི་
ཚོགས་ལ་ཕན་གནོད་གང་འདྲ་འབྱུང་གི་ཡོད་དམ།
དེ་བཞིན་མ་འོངས་པར་བོད་ཀྱི་བདེན་མཐའ་གསལ་མཚམས་ཆབ་སྲིད་
དང་། དཔལ་འབྱོར། རིག་གནས་སོགས་ཀྱི་འཛིན་སྐྱོང་སྤེལ་གསུམ་བོད་
པ་རང་གིས་རང་རྐྱ་འཕེར་བ་བྱེད་དགོས་ཀྱི་ཡོད་རེད།
ད་ལྟའི་ཆར་ང་
ཚོས་རིག་གསར་ཤེས་བྱ་རྣམས་ཨིན་སྐད་ཐོག་ནས་སྦྱོང་གི་ཡོད་ཀྱང་།
མ་འོངས་པར་སློབ་ཁྲིད་ཀྱི་བརྒྱུད་ལམ་དེ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་
ཁོར་ཡུག་ཆེ་རུ་གཏོང་བ་དང་། རང་རྐྱ་འཕེར་བ་བྱེད་པར་རིག་གསར་གྱི་ ཤེས་བྱ་རྣམས་བོད་ཀྱི་སྐད་ཡིག་ཐོག་དགོས་སམ་མི་དགོས།
ལན། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་དེས་མ་འོ ངས་པར་བོད་པར་ཕན་གནོད་ ག་རེ་འབྱུང་གི་རེད་ཟེར་བ་དང་།
སློབ་སྦྱོང་གི་བརྒྱུད་ལམ་དེ་རང་སྐད་
ནས་བྱེད་དགོས་པ་གལ་ཆེན་པོ་རེད་དམ།
ཞེས་བཀའ་འདྲི་གནང་བ་
རེད། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་གྱིས་རྒྱ་གར་བ་ཁོང་རང་ཚོར་དྲི་བ་
གཏོང་མཁན་གྱིས་འགྲེལ་བརྗོད་གནང་བ་བཞིན་ཕན་གནོད་གང་ཞིག་བྱུང་ ཡོད་མེད་ཧ་ཅང་གསལ་པོ་རེད།
དེ་བཞིན་བོད་པ་ཚོར་ཕན་གནོད་གང་
ཞིག་བྱུང་ཡོད་མེད་ད་ལྟ་ཕན་ཆད་ཀྱི་ལོ་ལྔ་བཅུ་ང་གྲངས་ཤིག་གི་རིང་ལ་
རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་སྒྲོམ་གཞིའི་ནང་སློབ་སྦྱོང་སྤྲད་ནས་ཕྱིན་ 129
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
སྟབས། དེའི་ཡག་ཉེས་གང་ཞིག་བྱུང་ཡོད་པ་ང་རང་ཚོའི་མདུན་ལ་ཡོད་ རེད།
རྒྱ་གར་ལ་སྐྱོན་བྱུང་བ་ནང་བཞིན་ང་ཚོ་བོད་པར་སྐྱོན་བྱེད་ཐུབ་
པ་ཕལ་ཆེར་བྱུང་ཡོད་མ་རེད་བསམ་གྱི་འདུག དེ་ནི་ང་ཚོར་གནས་ཚུལ་ གཞན་ཞིག་གི་ཐོག་ནས་བསྐྱབས་པ་རེད། རྒྱ་གར་ཆབ་སྲིད་ཀྱི་རང་བཙན་
ཐོབ་དུས་དེའི་ཁོར་ཡུག་བློ་ཁ་ཁེངས་པ་ཞིག་བྱུང་ཡོད་མ་རེད།
བདག་ཉི ད ་ཆེ ན ་པོ ་ གཱནྡྷཱི ས ་རང་སྐྱོ ང ་གི ་ གནས་བབས་གང་འདྲ་ཞི ག ་ དགོངས་པ་བཞེས་པ་དེའི་བརྒྱ་ཆ་ཉུང་ཤས་ཤིག་མ་གཏོགས་རྒྱ་གར་ཆབ་
སྲིད་ཀྱི་རང་བཙན་ནང་ལ་རག་ཡོད་མ་རེད། ལྷག་པར་དུ་གཱནྡྷཱིས་དགོངས་
པ་བཞེས་པའི་ཤེས་ཡོན་གསར་པའི་ལམ་སྲོལ་ནཨཱི་ཏཱལཱིམ་ཞེས་པ་གཱནྡྷཱི་
གང་ཉིད་ཀྱིས་རྒྱ་གར་གྱི་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་མཐའ་མ་ དང་ཡག་ཤོས་དེ་ཡིན་ཞེས་གསུངས་ཡོད།
ཡིན་ནའང་དེ་ནི་རྒྱ་གར་བ་
ཚོས་གང་དུ་ཡང་ལག་ལེན་ལ་མ་བསྟར་བ་རེད། རྒྱ་གར་ཆབ་སྲིད་ཀྱི་རང་
བཙན་ཐོབ་ནས་འདས་པའི་ལོ་དྲུག་ཅུ་རེ་གྲངས་ཤིག་གི་རིང་ལ་འགྱུར་བ་
གཅིག་ཀྱང་མ་ཕྱིན་པ་དེ་ནི་ཤེས་ཡོན་གྱི་ལམ་སྲོལ་རེད་ཅེས་ལབ་ཀྱང་ ཕལ་ཆེར་འགྲིག་གི་ཡོད་རེད། རཱདྷཱ་ཀྲ�ཥྞ་ལྷན་ཚོགས་
Commission)
(Radha Krishna
ནས་མར་བརྩིས་པའི་ཨཱཅཱརྱ་རཱམ་མཱུརྟི་ལྷན་ཚོགས་ (Acha-
rya Ramamurti Commission) བར་དུ་ཤེས་ཡོན་གྱི་ཐོག་ལ་ཚོགས་ཆུང་
བདུན་བརྒྱད་ཙམ་བཙུགས་ཡོད་རེད། དེའི་ནང་ནས་སྐད་གྲགས་ཆེ་ཤོས་ རཱདྷཱ་ཀྲ�ཥྞ་དང་ཀོ་ཋཱ་རཱི་ཚོགས་ཆུང་
(Kothari Commission) གཉིས་རེད།
དེ་ཚོ་ཚང་མའི་ནང་ལ་བྱུག་པ་འདྲ་པོ་བརྒྱབ་པ་མ་གཏོགས། རྩ་བའི་ཐོག་ 130
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ནས་འགྱུར་བ་གང་ཡང་མ་བཏང་སྟབས་ད་ལྟའི་གནས་བབས་འདི་ཆགས་
ཡོད།
དེ ་ དང་མཉམ་དུ་དྲི་བ་དེ འི ་ ཆ་ཤས་ལ་སློ བ ་སྦྱོ ང ་གི ་ བརྒྱུད་ལམ་དེ ་ སྐད་ ཡིག་གང་འདྲ་ཞིག་གི་ནང་ལ་ཡག་གི་རེད།
རང་གི་ཕ་སྐད་ཀྱི་ཐོག་ནས་
བྱེད་དགོས་རེད་དམ་གསུངས་པ་དེ་ད་ལྟའི་གནས་སྐབས་ལ་དྲི་བ་འདྲི་ རྒྱུ་ལྷག་ཡོད་མ་རེད།
སློབ་སྦྱོང་གི་བརྒྱུད་ལམ་འདི་རང་གི་ཕ་སྐད་ལས་
ལྷག་པ་མེད་པ་དེ་སྲོལ་རྒྱུན་པ་ཚོས་འདོད་ཀྱི་ཡོད་པ་མ་ཟད། དེང་རབས་
པའི་ཤེས་ཡོན་པ་ཚོས་ཀྱང་དེ་ག་རང་ཁས་ལེན་བྱེད་ཀྱི་ཡོད། སྔ་མ་ཨིན་
ཇིའི་འོག་ལ་ལོ་མང་བསྡད་པའི་རྒྱ་གར་ལྟ་བུའི་ནང་ད་དུང་ཡང་ཤེས་ཡོན་
གྱི་བརྒྱུད་ལམ་ཨིན་ཇིའི་སྐད་ལ་སོགས་པའི་ཐོག་ནས་བྱས་པ་ཁ་ཤས་
ལྷག་ཡོད་པ་མ་གཏོགས།
ཡར་ཐོན་ཆེན་པོ་ཕྱིན་པའི་རྒྱལ་ཁབ་ག་པར་
བལྟས་ཀྱང་ཤེས་ཡོན་གྱི་བརྒྱུད་ལམ་དེ་རང་སྐད་ཐོག་བྱས་པ་མ་གཏོགས་ སྐད་ཡིག་གཞན་པའི་ཐོག་བྱས་པ་ཧ་ལམ་མེད་པ་ལྟ་བུ་རེད།
ལར་ནས་
མི་རིགས་ཀྱི་དབྱེ་བ་ཟེར་བ་སྐད་ཡིག་གི་ཐོག་ནས་འབྱེད་པ་མ་གཏོགས་ གཞན་དག་གང་ཡང་མེད་པས། མི་རིགས་ཤིག་ལ་ངོས་འཛིན་བྱེད་དགོས་
ན་མི་རིགས་དེ་ག་རང་གི་སྐད་ཡིག་གཙོ་བོར་བྱེད་དགོས་པ་དང་། སློབ་ སྦྱོ ང ་གི ་ བརྒྱུད་ལམ་ཡང་རང་སྐད་ཀྱི ་ ཐོ ག ་ནས་བྱེ ད ་དགོ ས ་པ་གལ་ཆེ ་
ཤོས་རེད། སྐད་དང་བསམ་བློ་གཉིས་མཉམ་དུ་འགྲོ་དགོས། ང་ཚོ་མཚན་
ཉིད་པའི་ཤོད་སྟངས་ལྟར་བྱས་ན། སྒྲ་དང་རྟོག་པ་ཟེར་གྱི་རེད། སྒྲ་དང་ རྟོག་པ་གཉིས་གཅིག་ཕན་གཅིག་བརྟེན་རེད། སྒྲའམ་སྐད་དེ་མི་རིགས་ 131
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གཞན་ཞིག་གི་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱས་ན། བོད་པའི་རིགས་རྒྱུད་ ལ་སྐྱེས་པ་ཡིན་ནའང་ཁོའི་ལུས་ཀྱི་གྲུབ་ཆ་དེ་བོད་པའི་ཤ་ཁྲག་ལས་གྲུབ་
པ་ཞིག་ཆགས་ཀྱང་། སེམས་ཀྱི་གྲུབ་ཆ་དེ་བོད་པའི་སེམས་ལས་གྲུབ་པ་
ཞིག་ཆགས་མེད། དེར་བརྟེན་སྤྱིར་སློབ་སྦྱོང་གི་བརྒྱུད་ལམ་དང་། ལྷག་ པར་དུ་དམའ་རིམ་དང་གཞི་རིམ་གྱི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་བརྒྱུད་
ལམ་དེ་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་དགོས་པ་བཤད་མི་དགོས་པ་རེད།
གལ་སྲི ད ་ང་ཚོ ས ་དགོ ས ་པ་དང་དམི ག ས་ཡུལ་གཉི ས ་ཤེ ས ་ཡོ ན ་སྲི ད ་
བྱུས་ནང་ཡོད་པ་བཞིན་བསྒྲུབ་དགོས་ཡོད་ན།
སློབ་སྦྱོང་གི་བརྒྱུད་ལམ་
དེ་བོད་ཀྱི་སྐད་ཡིག་ཐོག་མ་བྱས་ན་དེ་དག་ཆ་ཚང་འགྲུབ་ཐབས་མེད་པ་ གསལ་པོ་རེད་བསམ་གྱི་འདུག
དྲི་བ་བཞི་པ།
འཛིན་སྐྱོང་གིས་ལས་དོན་གང་འདྲ་ཞིག་གི་ཐོག་ནས་ཤེས་
ཡོ ན ་སྤྲོད་པའི ་ དགོ ས ་དམི ག ས་བཞི ་ སྒྲུབ་དགོ ས ་སྐོ ར ་བཀའ་སློ བ ་ལམ་ སྟོན་ཞིག་གནང་རོགས།
ལན། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་བཤད་པའི་དགོས་པ་དང་དམིགས་ཡུལ་དེ་ ཚོ་འགྲུབ་པར་འཛིན་སྐྱོང་གི་ངོས་ནས་ག་རེ་བྱེད་དགོས་རེད་ཅེས་བཀའ་ འདྲི་གནང་སོང་།
སྤྱིར་བཏང་བྱས་ན་ཤེས་ཡོན་ལམ་སྲོལ་གྱི་ནང་གལ་
གནད་ཆུང་ཤོས་འཛིན་སྐྱོང་རེད། དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་
རྡོག་གཅིག་ཏུ་བསྒྲིལ་ན་འཛིན་སྐྱོང་གིས་མཐུན་རྐྱེན་སྦྱར་རྒྱུ་ཡིན་སྟབས་
དངུལ་འདྲ་ཞིག་བཀག་ན་མ་གཏོགས་གཞན་དག་ཞེ་དྲག་བྱེད་ཐབས་ཡོད་
མ་རེད། དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་རྡོག་མ་བསྒྲིལ་བ་ཡིན་ 132
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
ནའང་འཛིན་སྐྱོང་གིས་བྱེད་ཐབས་མེད་པས།
༣
འཛིན་སྐྱོང་ཞེས་པ་ཤེས་
ཡོན་ལམ་སྲོལ་ཐོག་རང་དབང་དགོས་ཟེར་བ་སྲོལ་རྒྱུན་དང་དེང་རབས་ གཉིས་ཀས་བཤད་ཀྱི་ཡོད་རེད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་ནང་
ལ་ཡིན་ནའང་སོ་སོའི་རང་དབང་དེ་བེད་སྤྱོད་བཏང་བ་མ་གཏོགས་འཛིན་
སྐྱོང་གིས་ལམ་སྟོན་ཞེ་དྲག་བྱེད་ས་ཡོད་མ་རེད། གཙུག་ལག་སློབ་གཉེར་ ཁང་ལ་སོགས་པ་དེ་འདྲ་ཁ་ཤས་ཀྱི་ནང་ཉེ་བའི་རིགས་བདག་བསྐོ་རྒྱུ་ལྟ་
བུར་ཇུས་གཏོགས་བྱེད་པ་མ་གཏོགས།
ནང་གི་རང་དབང་གི་རང་བྱུང་
གནས་བབ་དེ་གང་ལ་གང་འཚམས་ཡོད་པ་ཞིག་རེད། འོ་ན་དཀའ་ངལ་ག་ པར་སླེབས་ཀྱི་རེད་ཅེ་ན། འཛིན་སྐྱོང་གི་ཕྱོགས་ལ་དགོས་པའི་ཆབ་སྲིད་
ཀྱི་ཆོད་སེམས་ (political will) ཟེར་བ་དེ་རེད། འཛིན་སྐྱོང་གི་ནང་ལ་སྡོད་
མཁན་གྱི་མི་དེའི་བསམ་བློའི་ནང་ག་རེ་ཡིན་མིན་ལ་མ་ལྟོས་པར་ཤེས་
ཡོན་གྱི་སྲིད་བྱུས་དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ལ། བསྟར་གྱི་ཡིན་
བསམས་པའི་ཆབ་སྲིད་ཀྱི་ཆོད་སེམས་མེད་ན་གཡས་གཡོན་ལ་འཐུས་ ཤོར་འགྲོ་སྲིད་པ་རེད།
ཆབ་སྲིད་ཀྱི་ཆོད་སེམས་ཡོད་ན་དེ་གས་འགྲིག་
པ་རེད། གང་ལྟར་ཤེས་ཡོན་ཡག་པོ་ཡོང་དགོས་པ་དང་། ཤེས་ཡོན་སྲིད་
བྱུས་ལག་ལེན་བསྟར་རྒྱུར་འབྲེལ་བ་ཆུང་ཤོས་དེ་འཛིན་སྐྱོང་ལ་ཡོད་རེད།
འཛིན་སྐྱོང་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་རྒྱུ་དང་།
སྒྲིག་འཛུགས་
ཀྱི་རྣམ་གཞག་བཤད་རྒྱུ་མ་གཏོགས་དངོས་སུ་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་
སྤྲོད་རྒྱུར་འཛིན་སྐྱོང་ལ་དེ་ཙམ་བྱེད་རྒྱུ་མེད་པ་རེད། འཛིན་སྐྱོང་གི་བསམ་
བློའི་ནང་རང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ལ་རང་ཉིད་ཀྱིས་ཡིད་ ཆེས་མེད་པ་དང་།
དེ་ལག་ལེན་ལ་མ་བསྟར་ཐབས་མེད་ཡིན་བསམས་ 133
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པའི་ཆོད་སེམས་བརྟན་པོ་ཞིག་མེད་ན། འཛིན་སྐྱོང་དང་། ཕ་མ། སློབ་ཕྲུག་
བཅས་གང་ས་ནས་རིང་ཐུང་ཕྲན་བུ་ཤོར་རྒྱུའི་དཀའ་ངལ་འཕྲད་སྲིད་པ་ རེད། དཀའ་ངལ་དེ་ལྟར་འཕྲད་རུང་ད་དུང་དགེ་རྒན་གྱི་ཆོད་སེམས་བརྟན་
པོ་ཡོད་ན་འཛིན་སྐྱོང་གིས་ཞེ་དྲག་གནོད་སྐྱེལ་མི་ཐུབ། འཛིན་སྐྱོང་གིས་
ཕན་འདོགས་རྒྱུ་དང་གནོད་སྐྱེལ་རྒྱུ་གཉིས་ཀར་མཐའ་མཚམས་འདྲ་པོ་ ཡོད་པས་དེ་ལས་བརྒལ་ནས་འགྲོ་ས་མེད་པ་ལྟ་བུ་རེད། དགེ་རྒན་ཐེབས་
ཆག་ཅིག་བྱུང་ན་གནོད་ཆེན་པོ་བསྐྱལ་གྱི་རེད། ཕ་མ་སྡུག་ཅག་ཅིག་བྱུང་ ན་དེ་བས་གནོད་ཆེ་བ་བསྐྱལ་གྱི་རེད། དེ་བཞིན་ཕྲུ་གུ་ཆུང་ཆུང་གི་སྐབས་
སུ་ཕ་མ་དང་དགེ་རྒན་གྱིས་ཕྲན་བུ་བཟོ་ཐུབ་པའི་རེ་བ་དང་གོ་སྐབས་ཡོད་
རེད། ཕྲུ་གུ་ཡར་ལོངས་ནས་ཧྲེང་གཅིག་ལ་ཧྲེང་སོང་ན་དགེ་རྒན་དང་ཕ་ མས་བྱེད་མི་ཐུབ་པ་ཡོང་སྲིད།
དེའི་གནས་སྐབས་སུ་ད་དུང་དགེ་རྒན་
ཚད་དང་ལྡན་པ་ཞིག་བྱུང་ན། དགེ་རྒན་གྱིས་ཕྲུ་གུ་འཇུན་ཐུབ་པའི་གནས་ སྟངས་མང་པོ་མཐོང་རྒྱུ་ཡོད་པ་ཞིག་རེད།
དྲི་བ་ལྔ་པ།
ང་ཚོའི་སྤྱི་ཚོགས་ནང་སློབ་གསོ་ཉུང་དྲགས་ཀྱི་འདུག་ཅེས་
ཡང་ཡང་གླེང་བཞིན་འདུག་ཀྱང་། སློབ་གསོར་ངོས་འཛིན་བྱེད་སྟངས་ནི་
ལྟོ་གོས་འཚོལ་བྱེད་ཙམ་ཡིན་འདུག་པ་དེ་ནི་ལམ་ནོར་དུ་ཤོར་བ་ལྟ་བུ་
མཐོང་གི་འདུག སློབ་གསོར་ངོས་འཛིན་བྱེད་སྟངས་ནོར་བ་དེས་བོད་མི་ ཚད་ལྡན་དང་།
བཟོ་ངེས་འདུག་ན།
རོགས་གནང་།
མི་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་ཁྱད་པར་ཆེན་པོ་
དེའི་ཐད་རིན་པོ་ཆེའི་དགོངས་ཚུལ་ཇི་ཡོད་གསུང་ 134
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ལན། དེ་རིང་ཁ་སང་གི་སྤྱི་ཚོགས་ནང་སློབ་གསོ་མང་དྲགས་པ་དང་ཉུང་དྲགས་ པའི་བཀའ་འདྲི་གནང་སོང་། དྲི་བ་འདི་ངས་ཡག་པོ་ཞིག་མགོ་འཚོས་མ་ སོང་། སྤྱིར་བཏང་སྤྱི་ཚོགས་ཀྱི་ནང་རྒྱུན་ལྡན་གྱི་སྒྲོམ་གཞི་ཡོད་པ་དང་།
སྒྲོམ་གཞི་མེད་པའི་ཤེས་ཡོན་སློབ་གསོའི་ལས་རིམ་དེ་ག་དུས་ཡིན་ནའང་
དགོས་པ་ཞིག་རེད།
བོད་པའི་སྤྱི་ཚོགས་ཀྱི་ནང་ལ་གཅིག་བྱས་ན་ཉུང་
དྲགས་པའི་སྐྱོན་ཡོད་རེད་བསམ་གྱི་འདུག བོད་ཡིག་དང་ཨིན་ཇི་གཉིས་
ལ་གདམ་ཀ་བྱེད་རྒྱུའི་བསམ་ཚུལ་ཡོད་ན། དེ་ནི་ཕ་མ་དང་། དགེ་རྒན། དགེ་ཕྲུག་སུ་ཞིག་ཡིན་ནའང་ནོར་བ་རེད་བསམ་གྱི་ཡོད། ཐོག་མ་དེར་ཕ་
མ་དང་ཕྲུ་གུ་གཉིས་བོད་པའི་མི་རིགས་ལ་སྐྱེས་ཚར་བའི་རྗེས་ལ་མི་དེའི་
མི་ཚེའི་མདུན་ལམ་གང་འདྲ་ཞིག་བསྐྱལ་མིན་བསམ་བློའི་ནང་ཡོད་དགོས་ པ་གལ་ཆེན་པོ་རེད། མི་དེ་བོད་པ་ཞིག་བཟོས་ནས་མི་ཚེ་སྐྱེལ་བཅུག་གི་ རེད་དམ།
ཨིན་ཇི་ཞིག་བཟོས་ནས་མི་ཚེ་སྐྱེལ་བཅུག་རྒྱུའི་ཐབས་ཤེས་
གང་ཞིག་བྱས་ཀྱང་སོ་སོའི་རང་དབང་རེད། ཡིན་ནའང་ཨིན་ཇི་བཟོ་ཐུབ་ རྒྱུ་ཁག་པོ་རེད།
ཨིན་ཇིའི་སྐད་ག་ཚོད་བསླབས་ཀྱང་ཨིན་ཇི་ཆགས་མི་
སྲིད་པ་ལྟ་བུ་ཞིག་རེད།
དེའི་ཚོད་ལྟ་རྒྱ་གར་ལ་གནའ་སྔ་མོ་ནས་བྱས་
ཚར་བ་རེད། རྒྱ་གར་གྱི་ནང་ལ་སྔ་མོ་ནས་ཚང་མ་ཨིན་ཇི་བཟོ་རྒྱུའི་འདུན་ པ་ཞེ་དྲག་ཡོད་རེད། ཨརབིནྡ་གྷོཥ་ཞུ་བ་རྗེས་ལ་གྲུབ་ཐོབ་དང་མཁས་པ་
གཉིས་ཀ་ཆགས་པ་རེད། ལྷག་པར་དུ་ལྟ་གྲུབ་ཀྱི་ཐོག་ནས་ཞེ་དྲག་གཏིང་
ཟབ་པོའི་རྩོམ་ཡིག་འབྲི་གནང་མཁན་ཞིག་རེད། ཨརབིནྡ་གྷོཥ་ཡི་ལྟ་གྲུབ་
དེ་ཚོ་དུས་འཁོར་ནས་བཤད་པའི་ལྟ་གྲུབ་དང་འདྲ་པོ་དང་ཧ་ཅང་ཐག་ཉེ་པོ་
ཡོད་རེད། ཁོང་གི་ཕ་མ་རྒྱུ་ནོར་ཆེན་པོ་ཡིན་སྟབས་ཨརབིནྡ་གྷོཥ་ལ་རྒྱ་ 135
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གར་གྱི་ཤན་ཁྱོན་ནས་མ་ཞུགས་པའི་ཨིན་ཇི་རང་བཟོ་རྒྱུའི་འབད་བརྩོན་
བྱས་ནས་ཕྲུ་གུ་སྐྱེས་པ་དང་མ་མ་དེ་ཚོ་ཨིན་ཇིའི་སྐྱེ་དམན་བཞག་པ་མ་
གཏོགས་བངྒཱ་ལཱིའི་སྐྱེ་དམན་དེ་འདྲ་འཁྲིས་ལ་འཁོར་འཇུག་གི་མེད། ནང་
ལ་བངྒཱ་ལཱིའི་སྐད་ཚིག་གཅིག་མ་བརྒྱབ་པར་མ་མ་ཚོས་ཨིན་སྐད་ཐོ ག་
ནས་གསོ་སྐྱོང་བྱས་ཏེ་ལོ་བདུན་གྱི་ཐོག་ལོན་ཌོན་ལ་བཏང་ནས་ལོ་ཉི་ཤུ་
རྩ་དྲུག་རྩ་བདུན་བར་ལོན་ཌོན་ལ་བཞུགས་པ་དང་། ཚུར་ལོག་དུས་ལེགས་
སྦྱར་དང་རྒྱ་གར་གྱི་སྐད་གཞན་རྣམས་ལྟ་ཅི་སོ་སོའི་ཕ་སྐད་ཚིག་གཅིག་
ཤེས་ཀྱི་ཡོད་མ་རེད། ཡིན་ནའང་ཁོང་རྒྱ་གར་ལ་ཚུར་ལོག་རྗེས་ཐོག་མར་
རྒྱ་གར་རང་གི་རིག་པའི་གཞུང་ལུགས་ནང་ལྟ་གྲུབ་རྣམ་གཞག་གི་གཞུང་
གང་དང་གང་ཞི ག ་ཡོ ད ་མེ ད ་བཙལ་ནས་ལེ ག ས་སྦྱར་གྱི ་ སྐད་སོ ག ས་ སྦྱངས་པ་རེད།
རྗེས་མ་རྒྱ་གར་རང་བཙན་ལེན་མཁན་གྱི་སྲིད་དོན་པ་
དང་། སྟོན་པ་ཆེན་པོ་ཞིག་ཀྱང་ཆགས་ཡོད་པ་བཅས་སྐད་བསླབས་ནས་
མི་དེ་གཞན་ཞིག་བཟོ་ཐབས་མེད་པ་རེད། ཨིན་སྐད་ཤེས་ན་འཚོ་ཐབས་
འཁྱོལ་བའི་བསམ་ཚུལ་དེ་ཡང་ཧ་ཅང་ཡང་དག་པ་ཞིག་མ་རེད། ཨིན་སྐད་ ཤེས་ན་འཚོ་ཐབས་ཡག་ག་རག་པ་དང་། ཨིན་སྐད་མ་ཤེས་ན་འཚོ་ཐབས་
སྡུག་ཏུ་འགྲོ་བའི་གནས་སྟངས་ཤིག་ཡོད་མ་རེད། རྒྱ་གར་དང་བོད་པའི་
མི་ཚོའི་བསམ་བློའི་ནང་ཨིན་སྐད་དེ་རྒྱལ་སྤྱིའི་སྐད་ཡིན་པ་ལྟ་བུར་ངོས་
འཛིན་བྱེད་ཀྱི་འདུག
བསམ་ཚུལ་དེ་བོད་རིགས་ནང་ལ་ཤུགས་ཆེན་པོ་
འདུག་ཀྱང་། དེ་ནི་དངོས་ཡོད་གནས་ཚུལ་མ་རེད། ཨིན་སྐད་དེ་རྒྱལ་ཁབ་
བཞི་དང་ཕྱེད་ཀའི་ནང་ལ་མ་གཏོགས་བེད་སྤྱོད་བྱེད་ཀྱི་ཡོད་མ་རེད། རྒྱལ་
ཁབ་བཞི་པོ་དེའང་མི་འབོར་ཆེ་བའི་རྒྱལ་ཁབ་དེ་འདྲ་གང་ཡང་མིན་པར། 136
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ལྷོ་ཕྱོགས་སུ་ནིའུ་ཛི་ལེནྜ་དང་། ཨོ་སོ་ཊོ་ལི་ཡ་གཉིས་དང་། ནུབ་ཕྱོགས་ སུ་ཡུ་རོབ་ནང་ཨིན་ཡུལ་དང་། ཕར་ཕྱོགས་ལ་ཨ་རི་དང་ཁེ་ན་ཌའི་ཕྱེད་
ཀ་ལ་མ་གཏོགས་རྒྱལ་ཁབ་གཞན་གང་ལའང་ཨིན་ཇིའི་སྐད་བེད་སྤྱོད་ བྱེད་ཀྱི་ཡོད་མ་རེད། ནུབ་ཕྱོགས་ལ་ཡིན་ནའང་ཨིན་ཇིའི་ཁྱིམ་མཚེས་ལ་ ཡོད་པའི་རྒྱལ་ཁབ་ག་པར་ཕྱིན་ཀྱང་ཨིན་སྐད་ཕན་ཐོགས་མི་འདུག
ཨི་
ཊ་ལི་ལ་ཕྱིན་ན་ཨིན་སྐད་ཤེས་ཀྱང་རྒྱག་གི་མ་རེད། ཇར་མན་ལ་ཕྱིན་ན་ ཨིན་སྐད་ཤེས་མཁན་ལ་ཡ་བྱེད་མཁན་རག་གི་མ་རེད། ཕ་རན་སིར་ཕྱིན་ ན་ཨིན་སྐད་བརྒྱབ་པ་དང་ལམ་སང་གདོང་གཤིས་ལོག་འགྲོ་ཡི་འདུག་པ་
བཅས་གང་ལྟར་ག་པར་ཕྱིན་ཀྱང་ཨིན་སྐད་བརྒྱབ་ས་ཡོད་མ་རེད།
སྤྱིར་བཏང་རྒྱལ་སྤྱིའི་ནང་སི་པན་ནིཤ་དང་ཨིན་ཇི་གཉིས་ལས་སི་པན་ ནིཤ་བེད་སྤྱོད་གཏོང་མཁན་མི་འབོར་གྱི་ཆ་ནས་མང་བ་ཡོད་རེད།
དེར་
བརྟེན་ག་པར་ཕྱིན་ནའང་ཨིན་ཇིས་གོ་ཆོད་ཀྱི་རེད་སྙམ་པའི་བསམ་ཚུལ་ དེ་ནོར་བ་རེད། ད་ལྟ་ངས་གདམ་ཀ་ཡོད་མེད་ཟེར་བ་དེ་ནི། ཨིན་ཇི་བསླབ་
དགོས་ཀྱི་རེད་ལ། བོད་ཡིག་བསླབ་དགོས་ཀྱི་མ་རེད་ཟེར་བ་དང་། བོད་
ཡི ག ་བསླབ་དགོ ས ་ཀྱི ་ རེ ད ་ལ་ཨི ན ་ཇི ་ བསླབ་མི ་ དགོ ས ་ཟེ ར ་བ་དེ ་ ཡང་ འགྲིག་གི་ཡོད་མ་རེད། ཡོད་མ་རེད།
ཨིན་ཇི་བསླབས་ནས་བོད་ཡིག་སློབ་མི་ཐུབ་པ་
དེ་བཞིན་བོད་ཡིག་སློབ་བཞིན་དུ་ཨིན་ཇི་སྐད་ཡིག་གི་ངོ་
བོར་སྦྱངས་པ་ཡིན་ནའང་སྦྱང་ཆོག་གི་ཡོད་སྟབས།
བོད་ཡིག་དང་ཨིན་
ཇི་གཉིས་མཉམ་དུ་འགྲོ་རྒྱུ་མེད་པའི་བསམ་བློ་བཏང་བ་ཡིན་ན་བསམ་
བློ་ཁོ་རང་སྐྱོན་ཅན་ཞིག་ཆགས་ཀྱི་ཡོད་རེད། ཨིན་ཇི་སློབ་འདོད་ཡོད་ན་ 137
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བསླབས་ཀྱང་འགྲིག་གི་རེད།
ཡིན་ནའང་ག་རེ་བྱས་ནས་རང་སྐད་དོར་
རྒྱུའི་བསམ་བློ་གཏོང་གི་ཡོད་རེད། རང་སྐད་ཀྱི་ཐོག་ནས་མ་འོངས་པར་ འཚོ་ཐབས་ཤིག་རག་ཀྱང་རུང་མ་རག་ཀྱང་རུང་། ཙམ་གྱིས་དམན་པའི་འདུ་ཤེས་བཟུང་གི་ཡོད་ན།
རང་གི་རིགས་ལ་དེ་
འཕོ་བ་གྲོང་འཇུག་མ་
ཤེ ས ་པ་མ་གཏོ ག ས་ཤེ ས ་ན་གཟུགས་པོ ་ དེ འ ང་བརྗེ ་ པོ ་ རྒྱག་དགོ ས ་པ་ ཆགས་ཀྱི་རེད།
བརྗེ་པོ་རྒྱག་མི་ཐུབ་པ་དེ་ལོཌ་མེ་ཀོ་ལེ་ཡིས་ཀྱང་ཁས་
ལེན་བྱེད་ཀྱི་ཡོད་རེད།
རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་
བྱེད་མཁན་ལོཌ་མེ་ཀོ་ལེ་ཡིས་པགས་པ་དེ་ནག་པོ་བྱས་པ་མ་གཏོགས་ བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། སྟངས་ཚང་མ་ཨིན་ཇི་བཟོ་འདོད་ཡོད་རེད།
ཀུན་སྤྱོད་འཁྱེར་
ལོཌ་མེ་ཀོ་ལེ་ཞུ་བ་དེ་གླང་
པོ་ཆེ་བཅུ་ལ་གསེར་སོགས་ཅ་ལག་མང་པོ་བཀལ་ནས་བོད་ལ་འགྲོ་རྒྱུའི་
ཐབས་ཤེས་བྱས་འདུག་ཀྱང་འགྲོ་ཐུབ་མི་འདུག
ཁོང་གིས་པགས་པའི་
ཚོན་མདོག་སྒྱུར་ཐུབ་ཀྱི་མ་རེད་མ་གཏོགས། གཞན་དག་ཚང་མ་བསྒྱུར་ གྱི་ཡིན་བསམས་པའི་བསམ་ཚུལ་ཞིག་ཡོད་པ་དེ་ནི་ད་གིན་སྔོན་གྱི་དྲི་བ་
ཞིག་གི་ནང་ལ་ཡོད་པ་བཞིན་མངོན་པའི་ང་རྒྱལ་རེད།
མི་ཚད་ལྡན་དང་།
བོད་མི་ཚད་ལྡན་བཟོ་རྒྱུ་གཉིས་ལ་གདམ་ཀ་བྱེད་
ཐབས་ཡོད་མ་རེད། བོད་མི་ཚད་ལྡན་ཞིག་ཆགས་ན་མི་ཚད་ལྡན་ཆགས་ རྒྱུ་ངེས་པ་རེད། བོད་པ་ཞིག་བོད་མི་ཚད་ལྡན་མ་ཆགས་པ་དེ་ནི་མི་ཚད་
ལྡན་ཆགས་ཐབས་མེད་པ་རེད། བོད་པ་མིན་པ་ཞིག་ཡིན་ན། མི་ཚད་ལྡན་
ཆགས་ཀྱང་བོད་མི་ཚད་ལྡན་མི་ཆགས་པ་ཡོང་གི་རེད། བོད་མི་ཞིག་ཡིན་ 138
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཕྱིན་ཆད་ལ་མི་ཚད་ལྡན་ཞིག་ཆགས་རྒྱུའི་སྔོན་ལ་བོད་མི་ཚད་ལྡན་ཞིག་ ཆགས་དགོས་པ་མ་གཏོགས་རྒྱ་མི་ཚད་ལྡན་དང་ཨིན་ཇི་བ་ཚད་ལྡན་དེ་ བོད་མི་ཆགས་མི་ཐུབ་སྟབས།
མི་ཚད་ལྡན་ཆགས་པ་དང་བོད་མི་ཚད་
ལྡན་ཆགས་པ་གཉིས་གཅིག་པ་ཡིན་པས། དེ་གཉིས་ལ་སྐད་དང་། མི་ ཚད་ལྡན་ཆགས་རྒྱུ་གཉིས་ཀར་གདམ་ཀ་བྱེད་ཐབས་ཡོད་མ་རེད།
དྲི་བ་དྲུག་པ།
སྤྱིར་རང་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཆ་ཚང་
བ་དང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་
ནང་ཞིབ་ལྟ་བྱེད་སྐབས་གནད་དོན་ཁ་ཤས་མ་ཚང་བ་ལྟ་བུ་འདུག དཔེར་ ན༑
ཤེས་ཡོན་སྲིད་བྱུས་ནང་སློབ་དེབ་གཏན་འབེབས་བྱེད་སྟངས་ཐད་
ལམ་སྟོན་མེད་པ་དང་།
ཤེས་ཡོན་གྱི་ལམ་སྲོལ་ནང་སྲོལ་རྒྱུན་གྱི་ཤེས་
ཡོན་ལམ་སྲོལ་དང་མཐུན་པ་ཞེས་པ་མ་གཏོགས་ཞིབ་ཕྲ་མེད་པ།
ཡིག་
རྒྱུགས་ཀྱི་ལམ་སྲོལ་གསར་པ་ཞིག་བཟོ་རྒྱུ་མ་གཏོགས་དམིགས་བསལ་ ལམ་སྟོན་མེད་པ། ཤེས་ཡོན་གྱི་སྒྲོམ་གཞི་ཞིབ་ཕྲ་མེད་པ། སློབ་ཚན་ཞིབ་
གསལ་མེད་པ། སློབ་དེབ་རྩོམ་སྒྲིག་བྱེད་སྟངས་གསལ་ཁ་མེད་པ། དེ་ བཞིན་ཤེས་ཡོན་སྲིད་བྱུས་ནང་དགེ་རྒན་གལ་ཆེ་ཡིན་སྐོར་དོན་ཚན་མང་
པོ་བཀོད་འདུག་པས། དེ་ལྟ་བུའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་གོང་ དགེ་རྒན་གསོ་སྐྱོང་བྱ་རྒྱུ་གལ་ཆེ་ཡིན་པས།
དེའི་སྐོར་ལམ་སྟོན་དང་།
ལས་འཆར་གྱི་ཚད་གཞི་གང་ཡིན་གསུང་རོགས་གནང་ཞུ་རྒྱུ་ཡིན།
ལན། དྲི་བ་འདི འི ་ ནང་ཤེ ས ་ཡོ ན ་སྲི ད ་བྱུས་ནང་ཆ་མ་ཚང་བ་མང་པོ ་ འདུག་ གསུངས་པ་རེད།
སྲིད་བྱུས་གང་འདྲ་ཞིག་ཡིན་ནའང་དེའི་ནང་ལ་ཆ་མ་ 139
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཚང་བ་ཡོང་རྒྱུ་དེ་དངོས་པོའི་གཤིས་ལུགས་རེད།
བརྒྱ་ཆ་བརྒྱ་ཐམ་པ་
ཆ་ཚང་བར་བརྒྱད་སྟོང་པ་དང་འབུམ་ལྟ་བུ་བྲིས་ཀྱང་ད་དུང་ཁ་ཤས་ལྷག་
གི་རེད། སྤྱིར་བཏང་སྲིད་བྱུས་ཟེར་བ་དེ་ལམ་སྟོན་ལྟ་བུ་རེད། སྲིད་བྱུས་
དང་ལག་དེབ་གཉིས་ལ་ཁྱད་པར་ཡོད་རེད། དགེ་རྒན་གྱི་ལག་དེབ་ཡིན་
ན་གང་འཚམས་ཞིབ་ཚགས་པོ་བྱེད་དགོས་རེད། སྲིད་བྱུས་ནི་སྤྱི་ཡོངས་ ཀྱི་འགྲོ་སྟངས་དང་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བཤད་པ་ཞིག་ ལ་ཟེར་བ་རེད།
ད་ལྟ་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་ནང་འཛིན་གྲྭའི་
ནང་དམིགས་སུ་བཀར་ནས་བསླབ་རྒྱུའི་སློབ་དེབ་ཀྱི་ཐོག་ལ་གལ་གནད་ ཆེན་པོ་མ་བརྩིས་པར་སློབ་དེབ་མེད་ཀྱང་འགྲིགས་པ་ལྟ་བུ་བརྩིས་ཡོད་ རེད།
སྲོལ་རྒྱུན་གྱི་ཤེས་ཡོན་ནང་རིག་པའི་གནས་གང་འདྲ་ཞིག་ཡིན་
ནའང་སོ་སོས་གཞུང་ལུགས་འདྲ་སྦྱངས་པ་མ་གཏོགས་རིག་པའི་གནས་
དེ་ཚོ་ནས་འདི་འཛིན་གྲྭའི་ནང་བསླབ་རྒྱུའི་སློབ་དེབ་ཡིན་ཞེས་ཟུར་དུ་བཟོ་ རྒྱུའི་ལམ་སྲོལ་དེ་མེད་ལ་བཟོ་དགོས་པའང་གཟིགས་མེད། སློབ་དེབ་ཟུར་
དུ་བཟོ་རྒྱུ་དེ་ལོཌ་མེ་ཀོ་ལེ་ལྟ་བུའི་ཤེས་ཡོན་སྲིད་བྱུས་ཀྱི་ནང་གལ་ཆེན་ པོ་ཆགས་ཡོད། གང་ཡིན་ཞེ་ན། དེའི་ནང་རིག་པའི་གཞུང་ལུགས་ཚང་
མ་སླེ བ ས་ཐུབ་ཀྱི ་ མེ ད ་ཀྱང་ཀླད་པ་བཀྲུ་རྒྱུའི ་ ཆེ ད ་དུ་མང་པོ ་ ཞི ག ་བླུག་ དགོས་པ་དང་། ལྷག་པར་དུ་རྒྱུགས་སྤྲོད་གཏོང་རྒྱུའི་ལམ་སྲོལ་ཞིག་ཡོད་
རེད། རྒྱུགས་སྤྲོད་གཏོང་རྒྱུའི་ལམ་སྲོལ་གྱི་འོག་ལ་སློབ་དེབ་ཟུར་དུ་མེད་ ན་མ་འགྲིགས་པ་ལྟ་བུ་ཆགས་ཀྱི་ཡོད་རེད།
རིག་གནས་གང་འདྲ་ཞིག་
བསླབས་ཀྱང་སོ་སོའི་རིག་པའི་གཞུང་ལུགས་ལ་སྦྱངས་པ་མ་གཏོགས། དེ་ནས་ཚུར་འཛིན་གྲྭའི་ནང་ལ་བསླབ་རྒྱུ་ཡིན་ཞེས་སློབ་དེབ་ཅིག་ཟུར་ 140
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དུ་བཟོ་རྒྱུའི་ལམ་སྲོལ་དེ་གལ་ཆེན་པོ་བརྩི་ཡི་མ་རེད། ཨིན་ཇིས་བཟོས་ པ་དེའི་ནང་ལ་གལ་ཆེན་པོ་བརྩི་ཡི་རེད།
NCERT
ལྟ་བུའི་སློབ་ཚན་དང་
སློབ་དེབ་དེ་དག་དོ་ནན་བྱས་ནས་མ་བཟོས་ན། ཁོང་ཚོའི་དམིགས་ཡུལ་ འགྲུབ་ཀྱི་མེད་སྟབས།
ང་ཚོས་སློབ་དེབ་སྐོར་ལ་གང་ཡང་བཤད་མེད།
ནཨཱི་ཏཱལཱིམ་སློབ་གྲྭ་ཁག་དང་། ཀྲ�ཥྞམཱུརྟིའི་སློབ་གྲྭ་ཁག ཨརབིནྡ་ཡི་སློབ་ གྲྭ་ཁག་གི་ནང་སློབ་དེབ་ཟུར་དུ་མེད།
དཔེ་མཛོད་ཁང་གི་ནང་ལ་སློབ་
དེབ་མང་པོ་བཞག་ཡོད་ཀྱང་འཛིན་གྲྭའི་ནང་ལ་སློབ་དེབ་གཅིག་ཀྱང་བེད་ སྤྱོད་གཏོང་གི་ཡོད་མ་རེད། ཀྲ�ཥྞམཱུརྟིའི་སློབ་གྲྭའི་རྒྱ་གར་རྒྱལ་ཡོངས་ཀྱི་
རྒྱུགས་སྤྲོད་གཏོང་དགོས་པའི་འཛིན་གྲྭ་བརྒྱད་པ་དང་། བཅུ་པ། བཅུ་
གཉིས་དེ་ཚོ་ལའང་འཛིན་གྲྭའི་ནང་ལ་སློབ་དེབ་སློབ་ཀྱི་མེད།
སློབ་དེབ་
དེ་ཚོ་དཔེ་མཛོད་ཁང་ནང་བཞག་ནས་ཕྲུ་གུ་ཚོས་དེ་ངའི་སློབ་དེབ་རེད་
བསམས་པ་ཙམ་མ་གཏོགས། འཛིན་གྲྭའི་ནང་སློབ་དེབ་མེད་པར་སློབ་ཀྱི་ ཡོད་སྟབས་ཤེས་ཡོན་གྱི་རྒྱ་ཁྱོན་ཞེ་དྲག་གུ་ཡངས་པོ་ཡོད་རེད།
ང་ཚོ་
བོད་ཀྱི་ཆོས་ཕྱོགས་ཀྱི་གཏམ་དཔེའམ་བཀའ་གདམས་པ་གོང་མ་ཚོའི་
གསུང་རྒྱུན་ནང་། གདམས་ངག་ལ་ནང་བྱན་ཆུབ་པར་བྱ་བར། པོ་ཏི་མཛོ་ ཁལ་ཙམ་པར་བྱ་བ་བྱེད་པ་ཞིག་དགོས་པ་མ་གཏོགས། བམ་དུམ་ལག་རྩེ་
ཙམ་པ་ཞིག་སྟོན་པ་ཙུག སྦེད་པ་ཙུག་བྱས་པས་གང་ཡང་མ་ཤེས། སྟོན་པ་ ཙུག སྦེད་པ་ཙུག་ཟེར་བ་འཕན་པོའི་སྐད་རེད། བཀའ་གདམས་པ་གོང་མ་
ཚོས། དེབ་ཆུང་ཆུང་ལག་མཐིལ་ཙམ་ཞིག་འཁྱེར་ཡོང་ནས་མཚམས་རེ་
སྟོན་ཙམ་བྱེད་པ་དང་མཚམས་རེ་སྦེད་ཙམ་བྱས་ནས་གང་ཡང་ས་ཆོད་ཀྱི་ མ་རེད། གདམས་ངག་རྣམས་ནང་བྱན་ཆུབ་པ་ཟེར་བ་དེ་པོ་ཏི་མཛོ་ཁལ་ 141
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཙམ་པ་ལ།
བཀའ་འགྱུར་བསྟན་འགྱུར་དེ་ཚོ་མཛོ་ཁལ་ཙམ་པ་གླང་པོ་
ཆེ་ལ་འགེལ་འོས་པའི་གཞུང་ཆེན་མོར་སློབ་སྦྱོང་བྱེད་མཁན་དེ་འདྲ་ཞིག་ དགོས་ཀྱི་རེད་ཅེས་གསུངས་ཡོད། དེར་བརྟེན་ཤེས་ཡོན་སྲིད་བྱུས་ནང་
སློབ་དེབ་སྐོར་ལ་རྩལ་དུ་བཏོན་ནས་བསམ་བཞིན་དུ་བཞག་མེད། ཇི་སྲིད་ ཀྱི་བར་དུ་ཞེས། སྔོན་ལ་གཅིག་གིས་བེད་སྤྱོད་བྱས་པ་བཞིན་གཞན་དབང་
སྟབས་བསྟུན་བྱེད་དགོས་པ་དེ་སྲིད་ཀྱི་བར་དུ་སློབ་དེབ་བསྡད་མདོག་ཁ་
པོ་རེད། དེ་མ་གཏོགས་རང་དབང་ཆ་ཚང་བྱུང་ན་སློབ་དེབ་ཀྱི་ཚབ་ལ་ཐད་
ཀར་གཞུང་ཆེན་མོའི་དཔེ་ཆ་དེ་ཚོར་བལྟས་ན། འགྲིག་པ་ཙམ་མམ་ཡང་
ན་ལུང་འདྲེན་ཙམ་མ་གཏོགས་ཟུར་དུ་མི་དགོས་པ་བྱས་ཀྱང་འགྲིག་པ་
འདྲ་པོ་ཡོད་རེད།
དགེ་རྒན་ལ་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ། སྟངས།
དགེ་རྒན་འདེམས་
དགེ་རྒན་ལ་ཆེ་མཐོང་སྤྲོད་ཕྱོགས་ཚང་མ་འདིའི་ནང་གསལ་པོ་
ཡོད་རེད། དེ་ཚོ་ཚང་མ་ཉིན་གཅིག་ལ་ལག་ལེན་བསྟར་ཐུབ་པའི་གནས་
བབས་ཤིག་མ་རེད། ཡིན་ནའང་དེའི་ནང་ལ་ཁོར་ཡུག་སྐྲུན་རྒྱུ་དང་། ཆེ་ མཐོང་སྤྲོད་རྒྱུ།
དཔལ་འབྱོར་གྱི་མཐུན་རྐྱེན་སྤྲོད་རྒྱུ་བཅས་ཀྱི་ལམ་སྟོན་
ཡོད་པ་དེ་ཚོ་འཛིན་སྐྱོང་ལ་ཞེ་དྲག་རག་ལུས་ཡོད་པ་མ་ཟད། སྤྱི་ཚོགས་ ལའང་རག་ལུས་ཡོད་པས།
དེ་ཚོ་ཕུགས་རྒྱང་རིང་པོའི་ཐོག་ལ་ལག་
ལེན་བསྟར་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། སྤྱིར་བཏང་ནས་ སྒྲོམ་གཞི་ཟེར་བ་ཡོད་པ་དང་མེད་པ་ཅི་རིགས་ཡོད་རེད།
ཡིན་ནའང་ད་
ལྟའི་གཞི་རིམ་སློབ་སྦྱོང་དེ་ཚོ་སྒྲོམ་གཞི་མེད་པ་ཞིག་གིས་འགྲིག་གི་མེད་ 142
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྟབས། ང་ཚོ་རྒྱ་གར་ནང་བསྡད་ནས་རྒྱ་གར་གྱི་སྤྱི་ཡོངས་ཀྱི་འགྲོ་སྟངས་
ཐོག་ནས་འགྲོ་སྐབས་རྒྱ་གར་གྱི་སྒྲོམ་གཞི་འདི་མ་ལེན་རང་ལེན་རེད། རྒྱ་ གར་གྱི་སྒྲོམ་གཞི་འདི་སྤྱིར་དབྱེ་བ་གཉིས་ཡོད་པས། ལོ་ཚད་དང་། འཛིན་
གྲྭའི་འགྲོ་སྟངས།
རྒྱུགས་སྤྲོད་གཏོང་སྟངས་དེ་ཚོ་སྒྲོམ་གཞི་འདིའི་ཐོག་
ནས་འགྲོ་བཞིན་ཡོད་རེད།
དྲི་བ་བདུན་པ། རིན ་པོ ་ ཆེ ས ་དགེ ་ རྒན་གང་ཞི ག ་གི ས ་བསླབ་གཞི འ མ་སློ བ ་ ཚན་ཞི ག ་སློ བ ་མ་ཚང་མས་གཅི ག ་མཚུངས་སུ་ཤེ ས ་ཐབས་བྱེ ད ་པ་ནི ་
མངོན་པའི་ང་རྒྱལ་རེད་ཅེས་གསུངས་སོང་།
སྟངས་གང་འདྲ་རེད།
དེ་མངོན་པའི་ང་རྒྱལ་ཡིན་
ཤེས་ཡོན་སྲིད་བྱུས་འདི་བཞིན་གྲོས་ཚོགས་ནས་གཏན་འབེབས་གནང་
བའི ་ སྲི ད ་བྱུས་ཤི ག ་ཡི ན ་སྟབས་རང་རེ འི ་ སློ བ ་གྲྭ་ཡོ ང ས་ཀྱི ས ་འོ་ཆུ་
གཅིག་འདྲེས་ལྟ་བུའི་ལག་བསྟར་བྱ་དགོས་པ་ཡིན་རུང་། དེ་ལྟར་བྱེད་ཀྱི་ མེད་པས། འོ་ཆུ་གཅིག་འདྲེས་ཀྱི་ལག་བསྟར་ཡོང་ཐབས་སྐོར་ལ་བཀའ་ སློབ་ཅིག་སྩལ་གནང་ཡོང་བ་ཞུ་རྒྱུ་ཡིན།
ལན། ང་རྒྱལ་དང་།
ཡོད་རེད་ཟེར་ན།
མངོན་པའི་ང་རྒྱལ་ཟེར་བའི་ཐ་སྙད་དབར་ཁྱད་པར་ག་རེ་ ང་རྒྱལ་ཟེར་བ་སོ་སོར་མེད་པ་ཤེས་བཞིན་དུ་ཡོད་
བསམ་པའི་ང་རྒྱལ་བྱས་པ་ཞིག་དང་།
སོས་མ་ཤེས་པར་ངས་འདི་ཐུབ་ཀྱི་རེད།
མངོན་པའི་ང་རྒྱལ་ཟེར་བ་སོ་ འདི་འཇོན་གྱི་རེད་བསམས་
པའི་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོད་པའི་ཐོག་ནས་ང་རྒྱལ་བྱས་པ་ ཞིག་ལ་མངོན་པའི་ང་རྒྱལ་ཟེར་བ་རེད། དགྲ་བཅོམ་པའི་གོ་འཕང་མ་ཐོབ་ 143
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཀྱང་དགྲ་བཅོམ་པའི་གོ་འཕང་ཐོབ་སོང་སྙམ་ནས་ཡིད་ཆེས་བྱས་ཏེ་སྡོད་ མཁན་ཞིག་གིས་ང་དགྲ་བཅོམ་པ་ཡིན་ཞེས་ལབ་པ་ཡིན་ན། དེ་ནི་མངོན་ པའི་ང་རྒྱལ་ཡིན་པས་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་ཡོང་གི་མེད།
སོ་
སོའི་ངོས་ནས་སློབ་ཕྲུག་དེ་ཚོ་གང་ཞིག་བཟོ་ཐུབ་མིན་མི་ཤེས་ཀྱང་ངས་ ཁོང་ཚོ་གང་འདྲ་བཟོས་བཟོས་ཡིན། བཟོ་ཐུབ་ཀྱི་རེད་མདོག་མདོག་བྱས་
པའམ་བཟོ་ཐུབ་ཀྱི་རེད་བསམས་པའི་སེམས་གཏིང་ནས་ཡིད་ཆེས་ཡོད་ མཁན་ཞིག་ཡིན་ན་དེ་ནི་མངོན་པའི་ང་རྒྱལ་རེད།
དྲི་བ་བརྒྱད་པ། རིན་པོ་ཆེས་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་གནང་སྐབས་ཤེས་
ཡོན་གྱི་དགོས་དམིགས་བཞི་སོགས་དོན་ཚན་དང་པོ་ནས་དྲུག་པ་བར་ གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
འོན་ཀྱང་སྤྱི་ཚོགས་ནང་ཤེས་
ཡོན་སྲིད་བྱུས་ལག་བསྟར་བྱེད་མིན་དེ་འཛིན་རིམ་བཞི་པ་ནས་ཨིན་ཡིག་
སློབ་མིན་གྱི་ཚད་ཙམ་ལ་ངོས་འཛིན་བྱེད་ཀྱི་འདུག ཤེས་ཡོན་གྱི་དགོས་
དམིགས་བཞི་གཙོ་བོར་བཟུང་བའི་ཐོག་ནས་དེ་སྒྲུབ་ཐབས་ཀྱི་ཐབས་ལམ་
དང་སྒྲོམ་གཞི་འདྲ་མིན་སྤྱོད་ཆོག་པ་ཞིག་རེད་དམ། ཡང་ན་སྲིད་བྱུས་ནང་
འཁོད་པའི་ཐབས་ལམ་དེ་རང་ལ་གཞིར་འཛིན་དགོས་སམ།
སློབ་གྲྭ་ནི་ཚོགས་པ་ཆུང་ངུ་ཞིག་དང་།
སྤྱི་ཚོགས་ནི་དེ་ལས་ཆེ་བའི་
ཚོགས་སྡེ་ཞིག་ཡིན་སྟབས། སྤྱི་ཚོགས་ཀྱིས་སློབ་གྲྭར་འགྱུར་བ་གཏོང་བ་
མ་གཏོགས་སློབ་གྲྭས་སྤྱི་ཚོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་
དགེ་རྒན་གྱིས་གསུངས་མྱོང་། དེས་སྐབས་རེ་ལས་དོན་སྒྲུབ་པའི་སྐབས་
སུ་ཐེ ་ ཚོ མ ་དང་འགོ ག ་རྐྱེ ན ་བཟོ ་ ཡི ་ འདུག་ན་དེ འི ་ ཐད་བཀའ་སློ བ ་ཅི ག ་ 144
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
གནང་རོགས།
༣
ལན། ཤེས་ཡོན་སྲིད་བྱུས་ལག་ལེན་ལ་བསྟར་མི་བསྟར་གྱི་མཚམས་འདི་གང་ འདྲ་ཞིག་ནས་གཟུང་དགོས་ཞེས་པའི་དྲི་བ་དེར་ལན་རྒྱག་ཁག་པོ་རེད། དེ་ ལ་ལྟ་ཚུལ་དང་ལྟ་སའི་ལམ་ཁ་འདྲ་མིན་སྣ་ཚོགས་ཡོང་སྲིད་པས། ཤེས་ ཡོན་གྱི་དགོས་པ་དང་། ཤེས་ཡོན་གྱི་ངོ་བོ། ཤེས་ཡོན་གྱི་ངོས་འཛིན།
ཤེས་ཡོན་གྱི་དམིགས་ཡུལ་དེ་དག་སྐབས་དང་སྦྱར་ནས་ཤེས་ཡོན་སྲིད་
བྱུས་ཀྱི ་ ནང་ལ་ཡོ ད ་པ་ཇི ་ མ་ཇི ་ བཞི ན ་ལག་ལེ ན ་ལ་བསྟར་གྱི ་ ཡོ ད ་ན།
འོག་ལ་ཡོད་པའི་སྒྲོམ་གཞི་དང་སློབ་ཚན་སོགས་མི་འདྲ་བ་ཆགས་ཀྱང་
སྐྱོན་རྩ་བ་ནས་ཡོད་མ་རེད་བསམ་གྱི་འདུག སྒྲོམ་གཞི་དང་། སློབ་ཚན།
སློབ་དེབ་ཟེར་བ་དེ་ཚོ་ག་དུས་ཡིན་ནའང་འགྱུར་བ་འགྲོ་རྒྱུ་ཞིག་རེད། འོན་ ཀྱང་གོང་དུ་ཞུས་པའི་སློབ་སྦྱོང་གི་ངོས་འཛིན་དང་། སློབ་སྦྱོང་གི་དམིགས་ ཡུལ། སློབ་སྦྱོང་གི་དགོས་པ། ལྷག་པར་དུ་བོད་མིའི་སློབ་སྦྱོང་གི་དགོས་
པ་དང་། དམིགས་ཡུལ་བཞི་ཞེས་པ་རྣམས་སྲིད་བྱུས་འདིའི་ནང་དོན་སྙིང་ པོ་རེད། གང་ལྟར་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་ད་ལྟ་
འདིར་མེད་པའི་ཐབས་ལམ་གསར་པ་ཞིག་ལག་ལེན་བསྟར་ཡང་འགྲིག་
གི་ཡོད་རེད།
སྔོན་འགྲོའི་སློབ་གྲྭ་ནས་སྐད་ཡིག་གཞན་པ་བསླབ་ཀྱི་རེད་དམ་འཛིན་གྲྭ་
བཞི ་པ་ནས་སྐད་ཡིག ་གཞན་པ་བསླབ་ཀྱི་ རེ ད་ཅེ ས ་པའི ་ དྲི་བ་དེ ་ ཤེ ས ་ ཡོན་གྱི་དགོས་དམིགས་བཞི་དང་འབྲེལ་བ་ཆེན་པོ་ཡོད་རེད།
འཛིན་གྲྭ་
བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་པ་མ་བསླབ་པའི་རྒྱབ་ལྗོངས་ག་ 145
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རེ་ཡོད་རེད་ཟེར་ན། ཕྲུ་གུས་རང་གི་སྐད་ཡིག་གི་ཐོག་ལ་བསམ་ཐུབ་པ་
དང་བཤད་ཐུབ་པ་ཞིག་མ་ཆགས་ཀྱི་བར་དུ་སྐད་ཡིག་གཞན་པ་ངོ་སྤྲོད་ མི་བྱེད་པ་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད། གང་ལ་ཞེ་ན། བསམ་བློ་དེ་
རང་སྐད་དམ་ཕ་སྐད་ཀྱི་ཐོག་ནས་གཏོང་མཁན་གྱི་ཕྲུ་གུ་ཞིག་བཟོ་དགོས་
ཀྱི་ཡོད་རེད། འདིའི་གནས་སྟངས་དེ་སྲོལ་རྒྱུན་རྐྱང་པར་མིན་པར། དེང་
རབས་ཀྱི་ཤེས་ཡོན་ལམ་སྲོལ་ཐོག་ལ་ཉམས་ཞིབ་བྱེད་མཁན་ཚོས་ཀྱང་ གཅིག་པ་ངོས་འཛིན་བྱེད་ཀྱི་ཡོད་རེད།
ལོ་ཁ་ཤས་ཀྱི་སྔོན་ནུབ་ཕྱོགས་
པའི་མཁས་པ་ཚོའི་བསམ་ཚུལ་ལ། ལོ་ཆུང་བའི་སྐབས་དང་། ལྷག་པར་
དུ་ལོ་བདུན་གྱི་གོང་ལ་སྐད་ཡིག་མང་པོ་སྦྱོང་རྒྱུའི་ནུས་པ་དེ་ཆེ་བ་ཡོད་
པར་བརྟེན། སྔོན་འགྲོའི་འཛིན་གྲྭ་ནས་སྐད་ཡིག་གང་མང་བསླབ་དགོས་
པ་དང་ཤེས་ཐུབ་པའི་ནུས་པ་ཡོད་པའི་བསམ་ཚུལ་དེ་ཡོད་རེད། ད་ལྟའི་ ཆར་ནུབ་ཕྱོགས་པ་ཚོས་ཆུང་དུས་ནས་སྐད་ཡིག་མང་པོ་བསླབས་ན་ཕན་
ཐོགས་མི་འདུག ཆུང་དུས་ནས་ཡིན་གཅིག་མིན་གཅིག་རང་སྐད་ཀྱི་ཐོག་
ལ་བསླབས་ན་ཕན་ཐོགས་ཆེ་བ་འདུག་ཅེས་བསམ་ཚུལ་འགྱུར་བ་ཕྱིན་
ཚར་བ་རེད། ང་ཚོས་ཕ་སྐད་དང་། ཁོང་ཚོས་མ་སྐད་ཟེར་གྱི་རེད། ཁ་
སང་ཡང་དེའི་ཐོག་ལ་དྲི་བ་འགོད་མཁན་བྱུང་བས་ཆུང་དུས་ཕ་སྐད་ཐོག་
ནས་སློབ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། འཛིན་གྲྭ་བཞི་པའི་
གོང་ནས་སྐད་ཡིག་གཞན་དག་མང་པོ་སློབ་པ་དང་། སྐད་ཡིག་གཞན་
དག་མང་པོ་བེད་སྤྱོད་གཏོང་བའི་ཁོར་ཡུག་གི་ནང་ལ་སྡོད་མཁན་སློབ་ ཕྲུག་ཅིག་གིས་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་ལ་ཡོད་པའི་དགོས་པ་དང་
དམིགས་ཡུལ་དེ་དག་སྒྲུབ་ཐུབ་མིན་ཐེ་ཚོམ་རེད། རང་སྐད་ལ་བྱང་ཆུབ་པ་ 146
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཟེར་དུས་བརྡ་སྤྲོད་ཀྱི་རྣམ་གཞག་ཚང་མ་ཤེས་པ་ཟེར་གྱི་མེད་ཀྱང་། རྒྱུན་ ལྡན་ནས་ང་ཚོས་སྐད་ཆ་ག་རེ་བཤད་ཀྱང་དེ་རང་སྐད་ཀྱི་ཐོག་ནས་བཤད་ པ་དང་།
རང་སྐད་ཀྱི་ཐོག་ནས་བསམ་བློ་གཏོང་ཐུབ་པ་ཞིག་ལ་ཟེར་གྱི་
ཡོད། ལོ་ན་ཆུང་བའི་ནང་ལ་གཟིགས་ན་ཁ་ཤས་ཀྱིས་རང་སྐད་ཐོག་ནས་ ཤོད་དུས་འཚེར་སྣང་བྱེད་པ་དང་།
ཨིན་ཇིའམ་སྐད་གཞན་གྱི་ཐོག་ནས་
ཤོད་དུས་འཚེར་སྣང་ཆུང་བ་བྱེད་པ་དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན།
བསམ་བློའི་ (psychic) ནང་ལ་སྐྱོན་ཞིག་ཞུགས་ཡོད་སྟབས། བསམ་བློ་ དེ་བོད་སྐད་ཐོག་ནས་བཏང་སྟེ། སྐད་ཡིག་གཞན་གྱི་ཐོག་ལ་སྐད་ཆ་ཤོད་
སྐབས་སྐད་བསྒྱུར་ནས་ཤོད་མཁན་བྱུང་ན་མི་དེ་བོད་པ་རང་ཆགས་ཀྱི་ ཡོད་རེད།
བསམ་བློ་དེ་སྐད་ཡིག་གཞན་པ་ཞིག་གི་ཐོག་ནས་བཏང་སྟེ་
སྐད་ཆ་ཤོད་དུས་བོད་སྐད་ཐོག་ལ་ཤོད་མཁན་ཞིག་ཡིན་ནའང་།
ཁོས་
བོད་སྐད་ཤེས་ཀྱི་ཡོད་པ་མ་གཏོགས་མི་དེའི་ཀླད་པ་བོད་པ་ཆགས་མེད།
སྒྲ་དང་རྟོག་པ་གཉིས་ཀྱི་འགྲོ་སྟངས་དེ་གཞན་པ་ཞིག་གི་ཐོག་ནས་འགྲོ་ བཞིན་ཡོད་པ་དེའི་དབང་གིས་འཛིན་གྲྭ་བཞི་པའི་གོང་ལ་སྐད་ཡིག་གཞན་ པ་འགོ་བཙུགས་དང་མ་བཙུགས་ཟེར་བ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་
དམིགས་དེ་ཚོ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པས་ངེས་པར་དུ་ང་ཚོས་
ཤེས་དགོས་པ་ཡིན།
སྤྱི་ཚོགས་ཀྱིས་སློབ་གྲྭ་འགྱུར་བ་གཏོང་ཐུབ་པ་མ་གཏོགས་སློབ་གྲྭས་སྤྱི་
ཚོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཟེར་བ་དེ་ང་ཚོས་ཆོས་ཚིག་ བེད་སྤྱོད་བྱས་ན། ལེ་ལོ་བཞིའི་ནང་ནས་བདག་ཉིད་ལ་བརྙས་པའི་ལེ་ལོ་ 147
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཟེར་བ་དེ་རེད། སོ་སོར་བློ་ཁོག་མེད་པ་རེད། དངོས་གནས་བྱས་ན། ཤེས་
ཡོན་གྱི་བསྟི་གནས་དེས་སྤྱི་ཚོགས་ལ་ཤེས་ཡོན་གྱི་སྒོ་ནས་ཕར་འགྱུར་
བ་གཏོ ང ་དགོ ས ་པ་མ་གཏོ ག ས་སྤྱི ་ ཚོ ག ས་ཀྱི ས ་ཤེ ས ་ཡོ ན ་ཐག་གཅོ ད ་
བྱེད་ཀྱི་མ་རེད།
སྤྱི་ཚོགས་ཀྱིས་ཤེས་ཡོན་ཐག་གཅོད་བྱེད་པའི་ལམ་
ཁ་ཞིག་ལ་སླེབས་སོང་ན།
མེ་ཀོ་ལེ་ཡི་བསམ་དོན་གྲུབ་པ་མ་གཏོགས་
གཞན་དག་སུ་གཅིག་གི་བསམ་དོན་འགྲུབ་ཡོད་མ་རེད། སློབ་གྲྭའི་ངོས་
ནས་སྤྱི་ཚོགས་གློ་བུར་འགྱུར་བ་གཏོང་ཟེར་བ་དཀའ་ལས་ཁག་པོ་ཡིན་ ནའང་ཐབས་ཤེས་བྱེད་དགོས་པ་རེད། བོད་པའི་མ་འོ ངས་པའི་སོན་རྩ་དེ་
སློབ་ཕྲུག་ཚོ་ཡིན་ཞེས་ང་ཚོས་རྟག་པར་ལབ་ཀྱི་ཡོད་རེད། མ་འོངས་བོད་
ཀྱི་སོན་རྩ་ཞེས་པ་དེ་རྒྱ་གར་ལ་སླེབས་པའི་རྗེས་ཀྱི་ཚིག་གསར་པ་ཞིག་ རེད། སོན་རྩ་དེ་ང་ཚོས་བཟོ་ཐུབ་ཀྱི་མ་རེད། སྤྱི་ཚོགས་ཀྱིས་བཟོ་ཡི་རེད་
ལབ་ན། དགེ་རྒན་དང་། འཛིན་སྐྱོང་། ཕ་མ་ཚང་མས་སོ་སོའི་ལས་འགན་
བྱེད་མ་ཐུབ་པའི་གནས་སྟངས་ཤིག་ལ་ཆ་བཞག་ནས་འགྲོ་མཁན་འདྲ་པོ་
ཆགས་པ་རེད།
སྤྱི་ཚོགས་གང་འདྲ་ཞིག་ཡོང་དང་མི་ཡོང་དེ་ཤེས་ཡོན་གྱིས་བྱེད་ཀྱི་རེད། ཤེས་ཡོན་དེ་ང་ཚོས་འདི་ནས་སློབ་ཀྱི་ཡོད་བསམས་པའི་སོ་སོར་གདེང་ ཚོད་དགོས་པ་གལ་ཆེན་པོ་རེད།
ད་ལྟ་སློབ་གྲྭས་སྤྱི་ཚོགས་འགྱུར་བ་
གཏོང་ཐུབ་ཀྱི་མ་རེད་ཅེས་སྤྱིར་བཏང་བཤད་པ་དེ་ཚོ་དེ་རིང་སང་ཉིན་གྱི་ དགེ་རྒན་འོས་སྦྱོང་གི་ནང་ལ་སྐད་ཆ་དེ་ཡོང་གི་ཡོད།
ད་ལྟ་བྱེད་བཞིན་
པའི་དགེ་རྒན་འོས་སྦྱོང་ཚང་མ་མེ་ཀོ་ལེ་ཡིས་བཟོས་པ་དེ་ནས་ཡོང་བ་ཤ་ 148
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྟག་རེད། དེ་འདྲ་ཡིན་སྟབས་གནས་ཚུལ་མང་པོའི་ཐོག་ལ་ཕྲུ་གུ་དེ་འདམ་ བག་ནང་བཞིན་དང་། དགེ་རྒན་དེ་རྫ་མཁན་ནང་བཞིན་རེད་ཅེས་པའི་དཔེ་ མཚོན་དེ་དགེ་རྒན་འོས་སྦྱོང་སྐབས་རྟག་པར་ལབ་ཀྱི་རེད། འདམ་བག་དེ་སྒོར་སྒོར་བཟོས་ཀྱང་འགྲིག་གི་རེད་ལ།
དེར་བརྟེན་
ཕོར་བ་བཟོས་
ཀྱང་འགྲིག་གི་རེད་ཅེས་གང་ལྟར་ག་རེ་བཟོས་བཟོས་རེད་ལབ་ཀྱི་ཡོད།
ངས་གོང་དུ་ཞུས་པ་བཞིན་ཕྲུ་གུ་དེ་རྒྱུ་ཆ་རེད་མ་གཏོགས་བཟོ་རྒྱུ་ཚང་
མ་དགེ་རྒན་གྱི་ལག་ཏུ་ཡོད་པས་ག་རེ་བཟོས་བཟོས་རེད་བསམས་པའི་
བསམ་ཚུལ་དེ་ཚོ་ཚང་མ་གནའ་སྔ་མོའི་བསམ་ཚུལ་རྙིང་པ་ཤ་སྟག་རེད་
མ་གཏོགས། དེ་ད་ལྟ་ང་ཚོས་བཟོས་པ་ཞིག་མ་རེད། གང་ལྟར་ང་ཚོས་
སྤྱི་ཚོགས་ལ་འགྱུར་བ་གཏོང་མ་ཐུབ་ཀྱང་སྤྱི་ཚོགས་ཀྱི་ནང་ནོར་འཁྲུལ་
ཡོད་པ་དེ་ཚོ་སྟོན་རྒྱུའི་ཐབས་ཤེས་བྱས་ནས་སྡོད་དགོས་པ་གལ་ཆེན་པོ་ རེད། ཀྲ�ཥྞམཱུརྟིས། ཆུ་རྒྱུན་གྱི་ལྡོག་ཕྱོགས་ལ་རྐྱལ་རྒྱག་ཐུབ་ཀྱི་མེད་ན། རྐྱལ་རྒྱག་དགོས་མ་རེད། ཕྱི་ལ་ཐོན་ཤོག་
(step out)
ཅེས་པའི་དཔེ་ཞིག་
བཞག་ཡོད་རེད། བྱུང་ན་ཆུ་རྒྱུན་གྱི་ལྡོག་ཕྱོགས་ལ་བསྐྱལ་རྒྱུ་དང་། སྐྱེལ་
ཐུབ་ཀྱི་མི་འདུག་ན་ཕྱི་ལོགས་ལ་ཐོན་ནས་འགྲོ་རྒྱུ་རེད། ཕྱི་ལོགས་ལ་ཐོན་ རྒྱུར་རང་དབང་ཡོད་བཞིན་དུ་ཆུ་ཤུགས་ཆེན་པོ་འདུག་ཅེས་དེ་གར་བསྡད་
ན་འཁྱེར་འགྲོ་སྟབས་ཡར་ལྡོག་ནས་རྐྱལ་རྒྱག་མ་ཐུབ་པ་ཡིན་ནའང་ཕར་
ཐོན་རྒྱུའི་འབད་བརྩོན་ངེས་པར་བྱེད་དགོས་ཀྱི་རེད་བསམ་གྱི་འདུག །
149
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
༄༅། །གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་བ་རྣམས་ལ་ དགེ་རྒན་གྱི་ལས་འགན་ཐོག་སྩལ་བའི་བཀའ་སློབ།
1
༄༅། །ཤེས་རིག་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་། ཕྱོགས་མཐའ་ ཁག་ནས་ཕེབས་པའི་གཞི་རིམ་འག ོ ་མའི་དགེ་རྒན་རྣམ་པ་ཁྱེད་རང་ཚོར་
དེ་རིང་འདིར་ཟབ་སྦྱོང་གི་གོ་སྐབས་དང་བསྟུན་བཀའ་མོལ་གནང་རྒྱུ་བྱུང་ བར་དགའ་པོ་བྱུང་། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།
སྤྱིར་བཏང་དགེ་རྒན་ཞེས་པ་དེ་སྲོལ་རྒྱུན་དང་དེང་རབས། ཆོས་དང་
ཆབ་སྲིད་གཉིས་ཀའི་ཐོག་གལ་འགངས་ཆེན་པོ་བརྩི་བ་དེ་ལས་ཀྱི་སྣེ་མོ་ བ་དང་། དམིགས་བསལ་ཆེད་ལས་ཀྱི་ངོ་བོ་ཅན་གྱི་སྡེ་ཚན་ཞིག་ཆགས་ཀྱི་
ཡོད། བཙལ་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལྟ་བུར་ཆ་མཚོན་ན། སྲིད་
བྱུས་ཀྱི་རང་བཞིན་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་སྲིད་བྱུས་
ཤིག་ཡིན་ཞེས་འཁོད་ཡོད། དགེ་རྒན་དབུས་སུ་བཞག་པ་དང་། དགེ་ཕྲུག་ 1. ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༠ ཉིན། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་
མཆོག་གིས་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་གྱི་གལ་གནད་ཟབ་སྦྱོང་ སྐབས། དགེ་རྒན་གྱི་ལས་འགན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། བཀའ་
འདྲི་བཀའ་ལན།
150
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དབུས་སུ་བཞག་པ་ཞེས་པའི་ཐ་སྙད་དེ་སྲོལ་རྒྱུན་གྱི་ཐ་སྙད་མིན་པར་དེང་ རབས་ཀྱི་ཐ་སྙད་ཅིག་རེད།
དེང་རབས་ཀྱི་ཐ་སྙད་དེའི་ནང་ལ་སྲིད་བྱུས་
དང་ལམ་སྲོལ་གང་འདྲ་ཞིག་བཟོས་ཀྱང་དེའི་ལྟེ་བའམ་འབྱུང་ཁུངས་ལྟ་བུ་
དེ་དམིགས་བསལ་གང་ཟག་བྲེ་བྲག་པའམ་དངོས་པོ་བྲེ་བྲག་པ་གཅིག་ལ་
ངོས་བཟུང་ནས་དེའི་མཐའ་སྐོར་དུ་སྲིད་བྱུས་སྐྲུན་སྐབས་གཞི་རིམ་གྱི་ལྟ་
གྲུབ་ཀྱི་ངོས་ནས་འགྲོ་སྟངས་མི་འདྲ་བ་དང་། མཐའ་མའི་འབབ་ས་མི་འདྲ་ བ་ཞིག་ཏན་ཏན་ཡོང་གི་རེད།
ནུབ་ཕྱོགས་པའི་དེང་རབས་ཀྱི་ཤེས་ཡོན་སྲིད་བྱུས་མང་ཆེ་བ་དགེ་
ཕྲུག་དབུས་སུ་བཞག་པའི་སྲིད་བྱུས་དང་ཐབས་ལམ་ཡིན་ཞེས་གསུང་གི་
ཡོད། དེའི་དབང་གིས་དགེ་རྒན་གྱི་གལ་གནད་དང་། ལྷག་པར་དུའང་དགེ་
རྒན་གྱི་སློབ་སྟོན་གྱི་ཐབས་ལམ་ཐོག་དགེ་ཕྲུག་གིས་དགེ་རྒན་གར་འཁྲིད་ ལྟ་བུ་མ་གཏོགས་དགེ་རྒན་གྱིས་དགེ་ཕྲུག་གར་འཁྲིད་ལྟ་བུ་མ་ཡིན་པར་ ལམ་ཕྱོགས་གང་འདྲ་ཞིག་ལ་འགྲོ་དང་མ་འགྲོ་དེ་དགེ་ཕྲུག་སོ་སོའི་ཁམས་
དང་། བསམ་པ། བག་ལ་ཉལ། མངོན་འདོད་བཅས་ཀྱི་དབང་གིས་འགྲོ་བ་ ཞིག་ཆགས་ཀྱི་ཡོད་སྟབས། ཤེས་ཡོན་གྱི་ངོ་བོ་དང་། ཤེས་ཡོན་གྱི་དགོས་པ།
ཤེས་ཡོན་གྱི་དམིགས་ཡུལ། ཤེས་ཡོན་གྱི་ཐབས་ལམ་བཅས་ཚང་མའི་ནང་ སྲོལ་རྒྱུན་དང་མི་འདྲ་བ་ཞིག་དང་།
ལྷག་པར་དུ་ང་ཚོའི་བོད་མི་མང་སྤྱི་
འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ གྱི་ཤེས་ཡོན་སྲིད་བྱུས་དང་བསྡུར་ན་མི་འདྲ་བ་ཆེན་པོ་ཡོད།
ཡིན་ནའང་
ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་ལ་ 151
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཉམས་ཞིབ་གཏིང་ཟབ་དང་། ཐོས་བསམ། དཔྱད་གླེང་གནང་མཁན་ཉུང་ ཉུང་ལྟ་བུ་ཡིན་སྟབས། ཕྱི་ལོགས་ཀྱི་མི་ཚོས་མཐོང་ཚུལ་ལ་ཤེས་ཡོན་སྲིད་
བྱུས་ཀྱི་དགོངས་དོན་གཙོ་ཆེ་བ་དེ་དག་དགེ་རྒན་དང་། དགེ་ཕྲུག ལས་
བྱེད་ཚང་མས་ཞེ་དྲག་མཁྱེན་གྱི་མེད་པའི་བཟོ་འདྲ་ཞིག་ཡོད་ལ། ངས་ཀྱང་ དེ་འདྲ་ཞིག་མཐོང་སོང་། ལོ་སྔོན་མའི་ནང་རྒྱ་གར་གྱི་ཆེད་ལས་པ་ཁ་ཤས་
ཀྱི ས ་ཤེ ས ་ཡོ ན ་སྲི ད ་བྱུས་ལག་ལེ ན ་བསྟར་ཕྱོག ས་ཀྱི ་ སྐོར་ལ་བསྐྱར་ཞི བ་ བྱེད་རྒྱུར་ཤེས་རིག་ལས་ཁུངས་ཀྱིས་བཀོད་མངགས་གནང་འདུག
དེའི་
སྐབས་ང་རང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་གནས་མ་འཁྱུར་
གྱི་གོང་ཙམ་ལ་ཡིན་པས་ཚོགས་འདུ་མཐའ་མ་དེའི་ནང་ཁོང་ཚོས་བསྐྱར་ ཞིབ་གནང་བའི་གྲུབ་དོན་གྱི་སྙན་ཐོ་བཀྲམས་པ་ངས་མཇལ་བྱུང་།
དེའི་
ནང་ཤེས་ཡོན་སྲིད་བྱུས་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ད་ལྟ་དགེ་ཕྲུག་ དང་།
དགེ་རྒན།
ལས་བྱེད་ཚང་མས་ཞིབ་ཚགས་རྟོགས་མེད་པའི་རྣམ་
འགྱུར་གསལ་པོ་འདུག་ཅེས་བཀོད་འདུག ཐུགས་ཁག་ཡོད་མ་རེད། སྤྱིར་
བཏང་ནས་ཕུགས་རྒྱང་རིང་པོའི་དམིགས་ཚད་ཡོད་པའི་བྱ་བ་གང་ཞིག་གི་
བྱེད་ཕྱོགས་དང་། ཐབས་ལམ་གྱི་ཇུས་ཤིག་འདིང་བའི་སྐབས་ཁ་ཚ་དགོས་
གཏུགས་ད་ལྟ་ལམ་སང་ཚོར་སྣང་ཆེན་པོ་ཡོང་རྒྱུ་དང་། སེམས་སྐུལ་ཐེབས་
རྒྱུའི་གནས་སྟངས་མེད་པ་དེ་འདྲ་ཡོང་སྲིད་པ་རེད་བསམ་གྱི་ཡོད། དེ་རིང་
སང་ཉིན་མི་མང་པོ་ཞིག་གིས་སྟབས་བདེ་པོ་ཞིག་གི་ཐོག་ནས་ཤེས་ཡོན་ སྲིད་བྱུས་འགྲེལ་བརྗོད་བྱེད་ཀྱི་འདུག
སྔོན་འགྲོའི་སློབ་གྲྭ་ནས་ཨིན་ཇི་
གཙོ་བོར་གྱུར་པའི་སྐད་ཡིག་མང་པོ་སྡེབ་གཅིག་ལ་སྦྱོང་རྒྱུ་དེ་ད་ལྟའི་ཤེས་
ཡོན་སྲིད་བྱུས་དང་མི་འདྲ་བ་ལྟ་བུ་ཞིག་དང་། 152
ཤེས་ཡོན་སྲིད་བྱུས་ཟེར་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དུས་འཛིན ་གྲྭ་བཞི་པ་ནས་མ་གཏོག ས་སྐད་ཡི ག ་གཞན་པ་སློ བ་རྒྱུ་མེ ད ་ པའི་ཁྱད་པར་ཙམ་ཞིག་ཤེས་ཡོན་སྲིད་བྱུས་ཀྱི་རྣམ་གཞག་ཡིན་པ་ལྟ་བུའི་
དགོངས་པ་བཞེས་མཁན་དང་བཀའ་མོལ་གནང་མཁན་དེ་འདྲ་ཡོང་གི་ འདུག དེ་ནི་ཤེས་ཡོན་སྲིད་བྱུས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་དགོངས་དོན་མང་
པོའི་ནང་ནས་གནད་དོན་བྲེ་བྲག་པ་ཞིག་ཟུར་འདོན་བྱས་ནས་གཟིགས་
པ་ཙམ་མ་གཏོགས་ཁྱོན་ཡོངས་ཀྱི་སྒྲོམ་གཞིའི་གནས་སྟངས་མ་རྟོགས་པའི་
བཟོ་འདྲ་ཞིག་རེད།
ཤེ ས ་ཡོ ན ་སྲི ད ་བྱུས་ལ་བསྟོ ད ་ར་བཏང་ནས་ཉམས་ལེ ན ་བྱེ ད ་རྒྱུའི ་
ཐུགས་འདོད་ཡོད་མཁན་ཞིག་ཡིན་ནའང་འདྲ།
ཤེས་ཡོན་སྲིད་བྱུས་ལ་
དགག་པ་བརྒྱབ་ནས་ལག་ལེན་བསྟར་རྒྱུ་ཡོད་མ་རེད་གསུང་མཁན་ཞིག་
ཡིན་ནའང་འདྲ།
སྔོན་ལ་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་ཆ་ཚང་
མཁྱེན་དགོས་པ་དོ་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་ལྟར་མ་མཁྱེན་
པར་དགག་པ་རྒྱག་པ་དང་། བསྟོད་ར་གཏོང་བ་གང་ཞིག་བྱས་ཀྱང་གཉིས་ ཀ་དོན་མེད་ལྟ་བུ་ཆགས་ཀྱི་རེད། དེ་འདྲ་ཡིན་སྟབས་ཤེས་ཡོན་སྲིད་བྱུས་ ཉམས་ལེན་གནང་འདོད་དང་།
སྤང་འདོད་ཡོད་པ་གང་ཞིག་ཡིན་ཡང་
གང་ལྟར་དེའི་གནད་དོན་ཡོངས་སུ་རྫོགས་པའམ། ཁྱོན་ཡོངས་ཀྱི་སྒྲོམ་གཞི་ དང་ལྟ་གྲུབ་ཀྱི་རྣམ་གཞག ལྷག་དོན་དེའི་མཐའ་མའི་ས་མཚམས་དེ་དག་ ཞིབ་ཚགས་ཤིག་དང་། ལས་རིམ་སོ་སོའི་ནང་ལས་རིམ་དེ་འདྲ་ཞིག་བཞག་
དགོ ས ་པའི ་ རྒྱབ་ལྗོ ང ས་ཀྱི ་ རྒྱུ་མཚན་དང་ལྟ་གྲུབ་གང་ཡི ན ་པ་དེ ་ དག་ གསལ་པོ་བྱས་ཏེ་དཔྱད་ཞིབ་དང་། མཁྱེན་རྟོགས་གནང་དགོས་པ་དོ་གལ་ 153
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཆེན་པོ་རེད་བསམ་གྱི་ཡོད།
སྲོལ་རྒྱུན་གྱི་ངོས་ནས་བལྟས་ན།
དགེ་རྒན་དེ་བདེ་ལེགས་ཐམས་
ཅད་ཀྱི་རྩ་བ་ལྟ་བུར་བརྩི་བ་དང་། དེང་རབས་ཀྱི་ངོས་ནས་བལྟས་ན། དགེ་
རྒན་དེ་རྒྱལ་ཁབ་དང་མི་རིགས་ཤིག་གི་འབྱུང་འགྱུར་གྱི་མདུན་ལམ་གང་ འདྲ་ཞི ག ་ཏུ་འགྲོ ་ མི ན ་ཁ་ལོ་སྒྱུར་མཁན་གྱི ་ཁ་ལོ་པ་ལྟ་བུ་ཞི ག་ཡི ན ་པར་
ཆ་འཇོག་བྱེད་ཀྱི་ཡོད། དཔེར་ན། མི་རབས་ཤིག་གི་ཤེས་ཡོན་གྱི་གནས་ སྟངས་ཡག་པོ་མ་བྱུང་ན།
བྱུང་བ་རིག་པ་ཤོད་མཁན་ཚོས་མ་འོ ངས་པར་
དེའི་འགན་གཙོ་བོ་སྐབས་དེ་དུས་ཀྱི་དགེ་རྒན་ཚོའི་ཐོག་ལ་དཀྲི་རྒྱུ་ཞིག་ དང་།
དགེ་རྒན་ཚོས་རང་རང་གི་ལས་དུས་ཀྱི་སྐབས་སུ་མི་རིགས་དང་
རྒྱལ་ཁབ་ཀྱི་བྱུང་རབས་ལ་འགན་འཁུར་བའི་ཐོག་ནས་ཕྱག་ལས་མ་གནང་
བའི་ཉེས་འཛུགས་ཤིག་ཡོང་རྒྱུའི་གཞི་རྩ་ཏན་ཏན་ཡོད་རེད། དཔེར་ན། ད་
ལྟའི་མི་རབས་ཀྱི་ནང་ནས་མི་ཁ་ཤས་ཤིག་གི་བསམ་ཚུལ་ལ། ཕྱི་ལོ་ ༡༩༥༡ ལོར་བོད་རྒྱ་མིའི་བཙན་འོག་ཏུ་འགྲོ་དགོས་པ་དང་། ༡༩༥༩ ལོར་༸གོང་ས་
༸སྐྱབས་མགོན་ཆེན་པོས་དབུས་པའི་བོད་གཞུང་དང་། མི་དམངས་མང་པོ་ ཞིག་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དང་། དེ་ནས་བཟུང་ད་ཕན་ལོ་
དྲུག་ཅུ་རེ་གྲངས་ཤིག་གི་རིང་བོད་ཕྱི་ནང་ལ་ཡོད་པའི་བོད་མི་ཚང་མ་རྒྱ་ དམར་གྱི་བཙན་གནོན་འོག་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་ངལ་ དང་། བོད་མི་རིགས་དང་རྒྱལ་ཁབ་དེ་ཉིད་ཆགས་འཇིག་གི་གནས་ལ་གྱར་
དགོས་པ་དེ་ང་ཚོའི་མི་རབས་གོང་མ་ཚོའི་སྐབས་སུ་སྤྱིར་ཤེས་ཡོན་དང་།
ལྷག་པར་དུ་དེང་རབས་ཀྱི་ཤེས་ཡོན་ལ་དོ་སྣང་འདང་ངེས་བཞིན་པ་དང་། 154
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཚད་ལྡན་ཞིག་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད་ཅེས་བསམ་
མཁན་དང་གསུང་མཁན་མང་པོ་ཡོད། དེའི་ནང་ལ་བདེན་པ་ཇི་ཙམ་ཡོད་ མེད་དཔྱད་གཞི་རེད། ངས་ཁོང་ཚོས་ལབ་པ་དེ་བདེན་པ་རེད་ཅེས་བསམ་
གྱི་མེད་ཀྱང་དེ་འདྲའི་བསམ་ཚུལ་དང་ཤོད་ཚུལ་ཞིག་ཡོད་པ་དེ་ད་ལྟའི་ རྒན་ལགས་རྣམ་པ་ཚོས་གསན་པའམ་མཁྱེན་རྟོགས་བྱུང་ཡོད་ངེས། འདྲའི་བསམ་ཚུལ་ཡོད་པ་དེ་ངས་གསལ་པོ་བྱས་ཏེ་མཐོང་བྱུང་།
དེ་
སྤྱིར་བཏང་བྱས་ན་ ༡༩༤༩ ལོར་རྒྱ་ནག་མི་སེར་རྒྱལ་ཁབ་མགོ་རྟིང་
སློག་པ་རེད། དེའི་སྐབས་ཀྱི་རྒྱ་ནག་གི་འགོ་ཁྲིད་སྐད་གྲགས་ཅན་དེ་ཚོ་ཐེ་ ཝན་དུ་བྲོས་ཏེ་གབ་ནས་སྡོད་དགོས་བྱུང་བ་དང་།
དམར་པོའི་ཆབ་སྲིད་ཀྱིས་དབང་སྒྱུར་བྱས་པ་རེད།
རྒྱ་ནག་ཡོངས་རྫོགས་
དེའི་སྐབས་སུའང་རྒྱ་
ནག་གི་མང་ཚོགས་ནང་དེང་རབས་ཀྱི་ཤེས་ཡོན་གྱིས་མ་འདང་བའི་གནས་ སྟངས་ཆགས་ཀྱི་ཡོད་མ་རེད།
བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་། བརྒྱ་ཕྲག་ཉི་ཤུ་པའི་འགོ་སྟོད་
དུ་འཇིག་རྟེན་ཁྱོན་ཡོངས་ལ་དམག་ཆེན་གཉིས་འཐབ་རྩོད་བྱས་པ་སོགས་
འཕར་སྦུག་མང་པོ་ཞེ་དྲག་བྱུང་བ་རེད། དེ་ཚོ་ཚང་མའི་ཐོག་བལྟས་ན་རྒྱལ་
ཁབ་དང་མི་རིགས་ཁ་ཤས་ལ་རྒྱལ་ཁ་ཐོབ་པ་དང་། ཁ་ཤས་ལ་ཕམ་ཁ་བྱུང་
བ༑ ཁ་ཤས་ཀྱིས་མགོ་བཏགས་ཞུ་དགོས་བྱུང་བ། ཁ་ཤས་ནི་ངོ་ཚ་ཁ་སྐྱེངས་ འོག་སྡོད་དགོས་བྱུང་བ་རེད།
སྐབས་དེ་དུས་ཀྱི་གནས་སྐབས་དེ་ཚོ་ཚང་
མར་གཟིགས་ན་དེང་རབས་ཀྱི་ཤེས་ཡོན་ཡོད་མཁན་དང་།
མེད་མཁན་
མང་པོ་ཡོད་རེད། འདས་པའི་ལོ་ཤས་ནང་འཇིག་རྟེན་ཁྱོན་ཡོངས་ལ་སྟོབས་ 155
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཤུགས་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་ནང་ནས་གཅིག་དེ་ཨུ་རུ་སུ་སྤྱི་མཐུན་
རྒྱལ་ཁབ་རེད། དེ་ཡང་ཉིན་ཁ་ཤས་ནང་ཁ་འཐོར་ལ་ཕྱིན་པ་རེད། དེ་དུས་
ཀྱང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མང་ཚོགས་ཀྱི་ནང་དེང་
རབས་ཀྱི་ཤེས་ཡོན་གྱིས་མ་འདང་པའམ་མེད་པ་དེ་འདྲ་རྩ་བ་ནས་མ་རེད། དེ་འདྲ་ཡིན་སྟབས་ང་ཚོའི་ད་ལྟའི་གནས་བབ་དེ་ང་ཚོའི་མི་རབས་གོང་མ་ ཚོའི་སྐབས་ལ་དེང་རབས་ཀྱི་ཤེས་ཡོན་གྱིས་མ་འདང་པ་དང་། ཆོས་ལ་དོ་
སྣང་ཆེ་དྲགས་པའི་དབང་གིས་བྱུང་བ་རེད་ཅེས་བསམ་ཚུལ་དང་བརྗོད་ ཚུལ་ཡོད་པ་དེ་དག་ཞིབ་འཇུག་བྱེད་དགོས་པ་ཞིག་རེད།
ཡིན་ནའང་ད་
ལྟའི་བསམ་ཚུལ་དེ་འདྲ་ཞིག་ཡོད་པ་ནང་བཞིན་ད་ལྟ་ནས་བརྩིས་པའི་ལོ་ དྲུག་ཅུ་དང་། བདུན་ཅུ། བརྒྱ་ཙམ་གྱི་རྗེས་ང་རང་ཚོའི་མི་རབས་འདི་རྫོགས་ སྐབས་སུ་དེ་དུས་ཀྱི་མི་རབས་ཚོས་ཕྱིར་བལྟས་བསློགས་ཏེ་ལྟ་སྐབས།
ད་
ལྟའི་ཤེས་ཡོན་གྱི་འགོ་ཁྲིད་བྱེད་མཁན་ལས་ཀྱི་སྣེ་མོ་བ་ཚོས་འགྲིགས་དང་ མ་འགྲིགས་པའི་གནད་དོན་གྱི་ཐོག་ལ་བསྐྱར་ཞིབ་ཡོང་རྒྱུ་ཡིན་པ་བཤད་ མི་དགོས་པ་རེད།
དེ་བསྐྱར་ཞིབ་བྱེད་སྐབས་ད་ལྟའི་དགེ་རྒན་ཚོས་མི་
རིགས་དང་བྱུང་རབས་ལ་འགན་འཁུར་སྟངས་དེ་ཚད་ལྡན་ཞིག་བྱུང་མེད་
ན༑ ང་ཚོའི་མི་ཚེའི་རིང་ལ་རང་རང་སོ་སོའི་སྣང་བ་དག་ནས་ལྷག་བསམ་
རྣམ་དག་བྱས་པ་ཡིན། དཀའ་ལས་ཞེ་དྲག་བརྒྱབ་པ་ཡིན། བློས་བཏང་ཞེ་ དྲག་བྱས་པ་ཡིན་བསམས་ཀྱང་། ལོ་རྒྱུས་དང་བྱུང་རབས་ཀྱིས་ཕྱིར་བལྟས་ སློག་པའི་སྐབས་སུ་ང་ཚོས་བྱེད་སྤྱོད་དེ་རྗེས་སུ་ཡི་རང་དང་།
བསྔགས་
བརྗོད་བྱེད་རྒྱུའི་གཞི་རྩ་མེད་པར་ཚང་མས་དམོད་པ་བོར་རྒྱུའི་གཞི་རྩ་ཞིག་ ཆགས་པ་ཡིན་ན་ཕངས་པོ་ཞེ་དྲག་རེད།
156
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེ་འདྲ་ཡིན་སྟབས་ད་ལྟའི་གནས་སྐབས་ཀྱི་དགེ་རྒན་གྱི་སྤྱི་ཚོགས་
སྤྱི་དང་། ལྷག་པར་དུ་གཞི་རིམ་འོག་མའི་དགེ་རྒན་གྱི་སྤྱི་ཚོགས་ཞེས་པ་དེ་
བས་ཀྱང་གལ་གནད་ཆེན་པོ་རེད། གཞི་རིམ་བར་མ་དང་གོང་མར་སླེབས་
སྐབས་སློབ་ཕྲུག་དེ་ཚོའི་རྨང་གཞིའི་འགྲོ་སྟངས་གང་འཚམས་ཤིག་གཏན་ འཁེལ་བ་རེད། གཞི་རིམ་བར་མ་དང་། གཞི་རིམ་གོང་མའི་དགེ་རྒན་ཚོས་
སློབ་ཚན་བསླབ་རྒྱུར་དཀའ་ངལ་ཞེ་དྲག་མེད་དུས་མང་པོ་བསླབ་ཐུབ་ཀྱི་ རེད་བསམ་གྱི་འདུག
གཞི་རིམ་འོག་མའི་ནང་སློབ་ཚན་བསླབ་རྒྱུར་ཡང་
སྐད་ཡིག་དང་སློབ་ཚན་གྱི་ཆེད་དུ་དགོས་མཁོ་ཡོད་པའི་ཤེས་ཡོན་འདང་
ངེས་བཞིན་པ་མེད་ན། གཞི་རིམ་བར་མ་དང་གཞི་རིམ་གོང་མར་སློབ་ཚན་
སློབ་མཁན་ཚོར་ཡང་དཀའ་ངལ་ཡོང་གི་རེད། སློབ་ཚན་ལས་གཞན་པའི་
གང་ཟག་དེ་མ་འོངས་པར་སོ་སོ་བོད་པ་ཡིན་བསམ་པ་དང་། བོད་རྒྱལ་ཁབ་
དང་བོད་མི་རིགས།
བོད་པའི་སྤྱི་ཚོགས་ལ་འགན་ཞིག་ཡོད་བསམ་པའི་
བསམ་ཚུལ་ཡོད་པ། ཡ་རབས་སྤྱོད་བཟང་ལྡན་པའི་བོད་མི་ཚད་ལྡན་ཞིག་
ཡོང་དང་མ་ཡོང་བཅས་ཀྱི་ཐོག་མའི་ས་བོན་ལྟ་བུ་དེ་གཞི་རིམ་འག ོ ་མ་ནས་
བཞག་ཟིན་པ་དགོས་ཀྱི་ཡོད་རེད། གཞི་རིམ་འོག་མ་ནས་བཞག་པའི་རྨང་
གཞི་དེ་གཞི་རིམ་བར་མ་དང་གཞི་རིམ་གོང་མའི་དགེ་རྒན་དང་། སློབ་ཕྲུག་ གཉིས་ཀའི་ངོས་ནས་བཟོ་བཅོས་གཏོང་རྒྱུ་ཁག་པོ་ཡོད་རེད།
དེར་བརྟེན་
གཞི་རིམ་འོག་མའི་དགེ་རྒན་ཞེས་པ་དེ་དམིགས་བསལ་གྱི་དོ་གལ་ཆེན་
པོ་ཆགས་ཡོད་རེད། དེ་འདྲ་སོང་ཙང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་
བྱུས་ཀྱི་ནང་དུའང་གཞི་རིམ་འོག་མའི་དགེ་རྒན་ཚོའི་ཤེས་ཡོན་གནས་ཚད་ ཀྱི་ཆ་ནས་ཀྱང་གཞི་རིམ་གོང་མའི་དགེ་རྒན་གྱི་ཤེས་ཡོན་གནས་ཚད་དང་ 157
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མཉམ་པ་དགོས་པ་དང་། དེ་བཞིན་མཐུན་རྐྱེན་གྱི་ཆ་ནས་ཀྱང་གཅིག་གྱུར་
དགོས་པ། ལྷག་པར་དུ་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འོག་མའི་འཛིན་ གྲྭའི་དགེ་རྒན་གྱི་ནང་སྐྱེས་པ་དང་བུད་མེད་གཉིས་ཀྱི་ནང་ནས་བུད་མེད་
བྱུང་ན་ཁྱད་དུ་འཕགས་པ་ཡིན་པ་བཀོད་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མང་ པོ་ཡོད་པ་དེ་དག་ཚང་མའི་དགོངས་པར་མངའ་གསལ་རེད། ངས་དེ་དག་ དྲན་གསོའི་ཆེད་དུ་ཞུས་པ་ཡིན།
དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་དགེ་རྒན་བྱེད་པར་དགེ་རྒན་
འོས་སྦྱོང་ཟེར་བ་ཐོན་དགོས་ཀྱི་ཡོད། དགེ་རྒན་འོས་སྦྱོང་དེ་ཡང་རྒྱལ་ཁབ་
དང་མི་རིགས་འདྲ་མིན་ནང་བྱེད་སྟངས་ཕྲན་བུ་མི་འདྲ་བ་དང་། དུས་ཡུན་ རིང་ཐུང་ཅི་རིགས་ཡོད།
ང་ཚོའི་གནས་ཚང་རྒྱ་གར་ལྟ་བུར་ཆ་མཚོན་ན།
དགེ་རྒན་འོས་སྦྱོང་དེ་དུས་ཡུན་ཟླ་བ་དགུ་ལས་མི་ཉུང་བ་ཞིག་དང་།
དེ་
མིན་ན་དམའ་རིམ་གྱི་དགེ་རྒན་འོ ས་སྦྱོང་བྱས་ནས་དུས་ཡུན་དེ་ལས་ཉུང་
བ་སོགས་ལག་འཁྱེར་འདྲ་མིན་སྣ་ཚོགས་སྤྲད་ནས་འགྲོ་རྒྱུ་ཞིག་ཡོད་རེད།
དགེ་རྒན་འོས་སྦྱོང་གི་སློབ་ཚན་ནང་བསླབས་པའི་གནས་ཚུལ་མང་ཆེ་བ་ ང་ཚོ་རྒྱ་གར་དང་བོད་པའི་ནང་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་ནང་མེད་པ་ ཞིག་གསར་དུ་གང་ཡང་བསླབ་རྒྱུ་མེད།
ང་ཚོའི་རིག་པའི་གཞུང་ལུགས་
ནང་ཡོད་པ་ཞིག་ལ་ཐ་སྙད་ཕྲན་བུའི་མི་འདྲ་བ་དང་།
ཡང་ན་ལག་ལེན་
བྱེད་སྟངས་མི་འདྲ་བ་ཞིག་གི་ཐོག་ནས་བཤད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་ ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་དང་། ཕྱི་ལོ་ ༡༩༦༠ རེ་གྲངས་
ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་ 158
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གཞུང་གིས་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་གལ་གནད་ཆེ་ཤོས་
གཟི ག ས་ནས་སློ བ ་གྲྭ་ཁག་གསར་འཛུགས་གནང་རྒྱུར་ཐུགས་སྣང་ཆེ ན ་ པོས་ཕྱག་ལས་མང་པོ་གནང་ཡོད་རེད།
སྐབས་དེ་དུས་གཞི་རིམ་གྱི་ཕྱག་
ལས་གནང་ཕྱོགས་དང་། སྲིད་བྱུས་འདིང་ཕྱོགས་དེ་ཚོ་དེ་རིང་སང་ཉིན་ལྟ་
སྐབས་ཧ་ལས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་རྒྱ་གར་ལ་ སླེབས་ནས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཀྱི་ངོས་ནས་དགོན་པ་
དང་ལྷ་ཁང་གང་ཡང་བསྐྲུན་མེད། དཔལ་འབྱོར་དང་མིའི་མཐུན་རྐྱེན་ཡོད་ པ་ཆ་ཚང་བོད་མིའི་འཚོ་ཐབས་གཞིས་ཆགས་ཁག་དང་། གཞོན་ཚོའི་ཤེས་ཡོན་ཐོག་སྤུངས་པ་རེད།
ལྷག་པར་དུ་ན་
དེ ་ ལ་བརྟེ ན ་ནས་ད་ལྟ་ང་ཚོ འི ་ བཙན་བྱོ ལ ་གྱི ་ སྤྱི ་ ཚོ ག ས་ནང་ན་
གཞོན་ལང་ཚོ་གསར་དུ་ལོན་པ་དེ་ཚོ་ཡིག་རྨོངས་མེད་པ་དང་། ཤེས་ཡོན་
སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའམ་མེད་པ་ཆགས་མེད་པ་དེ་བཙན་བྱོལ་ སྤྱི་ཚོགས་ནང་གི་གཟེངས་སུ་ཐོན་པའམ་སྤོབས་པ་བྱེད་འས ོ ་པའི་གནས་ བབ་ཅིག་རེད་བསམ་གྱི་ཡོད། གཅིག་ཀྱང་མེད།
དེ་དུས་ང་ཚོར་དགེ་རྒན་འོས་སྦྱོང་ཐོན་པ་
དགེ་རྒན་ན་གཞོན་དེ་ཚོ་ཛ་དྲག་བཙན་ཐབས་སུ་དགེ་
རྒན་འས ོ ་སྦྱོང་གི་སྡེ་ཚན་ཁ་ཤས་ནང་རེ་གཉིས་བཏང་ནས་དགེ་རྒན་འོ ས་
སྦྱོང་བྱེད་རྒྱུ་དང་། སློབ་དེབ་བཟོ་རྒྱུ་ལ་སོགས་པ་གནང་བ་རེད། དེ་རྗེས་ཛེ་
སྨད་རིན་པོ་ཆེ་དམ་པ་དེའི་དབུ་ཁྲིད་འག ོ ་དྷརྨ་ས་ལར་དགེ་རྒན་འོས་སྦྱོང་
གི་སབ ློ ་གྲྭ་ཟུར་འཛུགས་ཀྱིས། བཙན་བྱོལ་བོད་མིའི་གནས་སྡོད་ཚང་མ་ནས་ སྐད་ཡིག་ཕྲན་བུ་ཤེས་པ་ཚོའི་ནང་ནས་འདེམས་སྒྲུག་བསྡུ་སྐོང་བྱས་ཏེ། དགེ་ 159
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྒན་འས ོ ་སྦྱོང་གི་སློབ་གྲྭ་གསར་དུ་བཙུགས་ཏེ་ཁེ་ན་ཌ་ནས་ཕེབས་པའི་སྐུ་ སྐྱེས་མ་ཇུ་ཌི་ལགས་
(Ms.Judy Pullen)
ཞུ་བ་ཁོང་གི་དྲུང་ནས་དགེ་རྒན་
འོས་སྦྱོང་གི་སློབ་ཚན་བཟོ་རྒྱུ་དང་། སློབ་ཚན་གཞིར་བཟུང་དགེ་རྒན་འོས་
སྦྱོང་སྤྲད་རྒྱུའི་ལས་རིམ་འགོ་བཙུགས་པ་རེད།
ཇུ་ཌི་ལགས་ནི་དེང་རབས་ཀྱི་དགེ་རྒན་འོས་སྦྱོང་ཐོན་པའི་མཁས་
དབང་ཞིག་རེད། དེ་སྐབས་དེང་རབས་ཀྱི་དགེ་རྒན་འོས་སྦྱོང་ཐོན་པ་ཚོས་
སློབ་ཚན་རེ་རེ་འགྲེལ་བརྗོད་གནང་སྐབས་དང་པོ་ཧོབ་དེ་ཁ་ལ་ལྟ་སྐབས་ ཞེ་དྲག་ཡག་པོ་འདུག་བསམ་པ་ཞིག་དང་།
ཉིན་གཉིས་གསུམ་སོང་རྗེས་
ང་ཚོ འི ་ རི ག ་པའི ་ གཞུང་ལུགས་ལ་ཡོད ་པ་དེ ་ རང་མ་གཏོ ག ས་གསར་པ་
གང་ཡང་མི་འདུག་སྙམ་པའི་ཚོར་སྣང་དེ་འདྲ་ག་དུས་ཡིན་ནའང་ཡོང་གི་
ཡོད་རེད། ཡིན་ནའང་། དེས་ང་ཚོར་ཕན་ཐོགས་གང་བྱུང་བ་རེད་ཅེ་ན། ང་ རང་ཚོའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ལ་ཡོད་པའི་ཤེས་ཡོན་དང་
ཐབས་ལམ་དེ་ཚོ་དེ་རིང་སང་ཉིན་མིང་དེ་འདྲ་ཞིག་བཏགས་ཀྱི་ཡོད་རེད།
བེད་སྤྱོད་དེ་འདྲ་ཞིག་གཏོང་གི་ཡོད་རེད་སྙམ་པའི་ར་འཕྲོད་ལྟ་བུ་ཞིག་ ཡོང་བ་མ་གཏོགས། སྔར་མ་ཤེས་པའམ་གོ་མ་མྱོང་བ་ཞིག་ང་ཚོས་ཧ་ལམ་གོ་
རྒྱུ་མེད་པའི་བཟོ་འདྲ་ཞིག་རེད། དེའི་ཐོག་ནས་ང་ཚོའི་སྲོལ་རྒྱུན་ཤེས་ཡོན་ གྱི་རིན་ཐང་དེ་བསྐྱར་དུ་ར་འཕྲོད་རྒྱུའི་ཚོར་སྣང་སྐབས་དེ་དུས་བྱུང་སོང་།
དེ་རིང་འདིར་ཤེས་རིག་ལས་ཁུངས་ཀྱིས་ངས་ཁྱེད་རང་ཚོར་ཡོངས་
འཛི ན ་སྐོར་གྱི ་ བརྗོ ད ་གཞི འི ་ ཐོ ག ་གཏམ་བཤད་བྱེ ད ་དགོ ས ་ཞེ ས ་བྲི ས ་
གནང་འདུག
དེ་ཡང་གཅིག་བྱས་ན་ངས་ཟབ་སྦྱོང་སྔོན་མ་དེ་ཚོའི་ནང་ 160
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཡོངས་འཛིན་སྐོར་ལ་མདོར་བསྡུས་ཞུས་ཡོད་རེད། སྔོན་མའི་ཟབ་སྦྱོང་ཁ་
ཤས་ནང་ཕྱག་དཔེ་གཟིགས་མྱོང་ཡོད་པའི་དགེ་བཤེས་དེ་འདྲའང་འདུག་
སྟབས་ངས་ཡོངས་འཛིན་སྐོར་ལ་བཤད་པ་ཡིན།
ལྷག་པར་དུ་ནུབ་ཕྱོགས་
བསྟར་བྱེད་རྒྱུ་དང་རྩོམ་ཡིག་ཁ་ཤས་བྲིས་འདུག
དེའི་དབང་གིས་གཅིག་
པའི་མཁས་པ་ཁ་ཤས་ཀྱིས་ངས་བཤད་པ་དེ་ཚོའི་སྐོར་ལ་ཁོ་རང་ཚོས་ལག་
བྱས་ན་ཤེས་རིག་ལས་ཁུངས་ཀྱིས་ཡོངས་འཛིན་ཞེས་པ་གལ་ཆེན་པོ་རེད་
དགོངས་ཡོད་ཀྱི་རེད་བསམ་གྱི་འདུག
རྒྱ་གར་ནང་བཏགས་པའི་ཁཱ་ཀཱི་
ཞེས་པའི་རས་དེ་ཚོ་འདིར་སྡོད་དུས་རིན་གོང་ཆུང་ཆུང་ཞེ་དྲག་རེད་དེ།
ཕྱི་ལ་བཏང་ནས་བཙེམས་ཏེ་ཚུར་སླེབས་དུས་རིན་གོང་ཆེན་པོ་ཆགས་ཀྱི་ ཡོད་རེད།
དེ་བཞིན་ང་ཚོའི་སྐད་ཆ་དེ་ཡང་འདིར་རིན་ཐང་ཞེ་དྲག་མེད་
ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཨ་རིའི་མཁས་པ་ཚོས་བསྟོད་ བསྔགས་ཤིག་བཏང་ན། དེ་དངོས་གནས་གཅིག་ཡིན་པ་རེད་དྲན་ནས་ཚང་ མས་ཁས་ལེན་གྱི་ཡོད་པ་རེད། ཡོད་རེད།
གཅིག་བྱས་ན་དེ་འདྲ་ཡིན་པའི་ཉེན་ཁ་
གང་ལྟར་ཡོ ང ས་འཛི ན ་ཞེ ས ་པའི ་ ཚི ག ་དེ ་ ༸རྗེ ་ བཙུན་བྱམས་པ་
མགོན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་
གྱི་འགྲེལ་པར་བརྩམས་པའི་བྱམས་ཆོས་སྡེ་ལྔའི་ནང་ནས། དངོས་པོ་བརྒྱད་
དང་དོ ན ་བདུན་ཅུའི ་ རྣམ་གཞག་ཆ་ཚང་སྟོ ན ་པའི ་ མངོ ན ་རྟོ ག ས་རྒྱན་ སྐབས་དང་པོ་སྦྱོར་ལམ་གྱི་སྐབས་གསུངས་ཡོད་རེད།
དེ་སྐབས་གཙོ་བོ་
བྱང་སེམས་སྦྱོར་ལམ་པ་དེ་ཉན་ཐོས་སྦྱོར་ལམ་པ་དང་རང་རྒྱལ་སྦྱོར་ལམ་ 161
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པ་ལས་ཁྱད་པར་དུ་འཕགས་ཚུལ་ཁ་ཤས་གསུངས་པའི་ནང་ནས་ཕྱི་ནང་ གི ་ ཡོ ང ས་འཛི ན ་སྒོ ་ ནས་ཁྱད་པར་དུ་འཕགས་པ་ཞེ ས ་པ་དེ ་ བརྗོ ད ་གཞི ་ དང་འབྲེལ་བ་ཡོང་སྟངས་དེ་འདྲ་རེད།
ཡིན་ནའང་རྗེས་མ་ང་ཚོ་བོད་ལ་
ཡོངས་འཛིན་ཞེས་པའི་ཚིག་དེ་རྒྱུན་སྤྱོད་ཀྱི་སྐད་ཡིག་ནང་། ༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོངས་འཛིན་དང་།
༸གོང་ས་
བླ་མ་གང་ཞིག་གི་
ཡོངས་འཛིན་ཞེས་པ་སོགས་བླ་ཆེན་རྣམ་པའི་དགེ་རྒན་ལ་ཡོངས་འཛིན་
ཞེས་ཞུ་བ་མ་གཏོགས། གྲྭ་པ་གྲྭ་རྐྱང་གི་དགེ་རྒན་ལ་ཡོངས་འཛིན་ཞེས་མ་ ཞུས་སྟབས།
ཚིག་དེ་བེད་སྤྱོད་གཏོང་སྟངས་གཞན་ཞིག་ཆགས་པ་རེད།
ཡིན་ནའང་ང་ཚོས་ངེས་པར་མཁྱེན་དགོས་པ་ཞིག་ལ་བོད་སྐད་ནང་གུ་རུ་ ཞེས་པའི་ཚིག་དེ་བླ་མ་དང་།
ཀལྱཱན་མིཏྲ་ཞེས་པ་དགེ་བའི་བཤེས་གཉེན།
པརི་གྲཧཎ་ཞེས་པའི་ཚིག་དེ་ཡོངས་འཛིན་ལ་བསྒྱུར་ཡོད་སྟབས།
ནང་པ་
དང་ཕྱི་རོལ་པའི་ཐ་སྙད་སྦྱོར་སྟངས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།
དཔེར་ན།
བླ་མ་ཞེས་པའི་ཚིག་དེ་སྔགས་ཀྱི་སྐབས་སུ་བེད་སྤྱོད་མང་བ་
བཏང་བ་མ་གཏོགས།
ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་དགེ་བའི་
བཤེས་གཉེན་ཞེས་པའི་ཚིག་དེ་བེད་སྤྱོད་མང་བ་བཏང་ཡོད།
བོད་སྐད་
ནང་གྲོ ག ས་པོ ་ དང་བཤེ ས ་གཉེ ན ་ཞེ ས ་པའི ་ཚིག ་གཉི ས ་སྤྱི ར ་བཏང་དོ ན ་ གཅིག་མིང་གི་རྣམ་གྲངས་ཡིན་ཡང་ཀལྱཱན་མིཏྲ་བླ་མ་ལ་གོ་བའི་སྐབས་ སུ་དགེ་བའི་བཤེས་གཉེན་ཞེས་བསྒྱུར་བ་དང་།
བླ་མ་མ་ཡིན་པའི་གྲོགས་
པོར་གོ་བའི་སྐབས་སུ་གྲོགས་པོར་བསྒྱུར་ནས་དགེ་བའི་གྲོགས་པོ་ཞེས་མིཏྲ་
ཞེས་པའི་ཚིག་གཅིག་ལའང་བོད་སྐད་ནང་ཐ་སྙད་མི་འདྲ་བ་གཉིས་སྦྱོར་ གྱི་ཡོད། དེ་བཞིན་ཡོངས་འཛིན་ཞེས་པའི་ཚིག་དེ་བློ་གསལ་གླིང་གི་ཡིག་ 162
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཆ་གཞིར་བཟུང་བྱས་ན། བླ་མ་ཡིན་ན་ཡོངས་འཛིན་ཡིན་པའི་མ་ཁྱབ་ཅེས་
བླ་མ་ཡིན་ཚད་ཡོངས་འཛིན་ཆགས་ཀྱི་མེད། དཔེར་ན། ཡོངས་འཛིན་ལ་ བླ་མ་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན། ཚིགས་བཅད་གཅིག་ཙམ་ཉན་ པ་ལ། །གང་གིས་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་བླངས་ནས། །རྨེ་ ཤ་ཅན་དུ་སྐྱེ་བར་འགྱུར།
།ཞེས་གསུངས་པ་ལྟར་ཆོས་ལྟ་བུ་ཚིགས་བཅད་
གཅིག་ཡན་ཆད་ཉན་ས་དེར་བླ་མ་ཞེས་པའི་ཐ་སྙད་འཇུག་གི་རེད། ཡོངས་ འཛིན་ཞེས་པ་དེ་དགེ་ཕྲུག་གི་ཚེ་འདི་ཕྱི་གཉིས་ཀྱི་མདུན་ལམ་ཡོངས་སུ་
རྫོགས་པར་གྲོགས་དང་ལམ་སྟོན་བྱེད་མཁན་ཞིག་ལ་ལབ་པ་མ་གཏོགས།
ཚིགས་བཅད་གཅིག་གཉིས་ཤིག་སློབས་མཁན་ལ་བླ་མའི་ཐ་སྙད་ཐོགས་ ཀྱང་ཡོངས་འཛིན་ཞེས་པའི་ཐ་སྙད་ཐོགས་ཀྱི་མ་རེད།
ཡོངས་ཞེས་པ་ཐམས་ཅད་དང་། འཛིན་ཞེས་པ་བཟུང་བའམ་བཏེགས་
པ་དེ་འདྲ་ཞིག་ལ་གོ་ཡི་རེད།
བཟུང་བ་ལ་གོ་ཡི་རེད།
ཟ་ལའང་གོ་ཡི་
རེད། དཔེར་ན། གྲ་ཞེས་པ་དེ་བོད་སྐད་དུ་བཟུང་འཛིན་གཉིས་ཀ་ལ་གོ་
བ་དང་། ཟ་ཞེས་པ་དེ་བེད་སྤྱོད་གཏོང་གི་འདུག གང་ལྟར་ཨིན་སྐད་དུ་
uphold
དང་། ཆོས་ཀྱི་སྐད་དོད་དུ་དྷརྨ་གསུངས་པ་བཞིན་འདི་ཡང་ཡོངས་
སུ་བཏེགས་པའམ་ཡོངས་སུ་བཟུང་བའམ་ཡོངས་སུ་འཛིན་པ་དེ་འདྲ་ཞིག་
གི་གོ་དོན་ཡིན་སྟབས། དེའི་གོ་སྟངས་ལ་ཞེ་དྲག་ཁྱད་པར་ཡོད་རེད། ནང་ པ་ལས་ཕྱི་རོལ་པའི་ལྟ་གྲུབ་ཀྱི་ནང་གུ་རུ་མ་གཏོགས་ཀལྱཱན་མིཏྲ་ཞེས་པའི་
ཚིག་དེ་དགེ་རྒན་དང་བླ་མ་གཉིས་ལ་བེད་སྤྱོད་གཅིག་ཀྱང་བཏང་ཡོད་
མ་རེད། གང་ཡིན་ཞེ་ན། ཁོང་ཚོས་བླ་མ་ཞེས་པ་ཡིན་གཅིག་མིན་གཉིས་ 163
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མཐོ་པོ་ཞིག་དང་། དགེ་རྒན་དང་དགེ་ཕྲུག་གཉིས་དབར་ཁྱད་པར་ཡོད་པ་ ཞིག་ལ་གོ་ཡི་ཡོད་རེད།
ནང་པས་དགེ་བའི་བཤེས་གཉེན་ཞེས་པའི་ཚིག་
དེ་དམིགས་བསལ་བེད་སྤྱོད་གཏོང་དགོས་དོན་ནི། དགེ་ཕྲུག་གི་ངོས་ནས་
དགེ་རྒན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་དགོས་ཀྱང་། དགེ་རྒན་
གྱི་ངོས་ནས་འདྲ་མཉམ་བྱས་ཏེ་གྲོགས་པོའི་འདུ་ཤེས་མ་གཏོགས་གྲལ་རིམ་
མཐོ་དམན་ཡོད་པའི་འདུ་ཤེས་མེད་པ་དགོས་པ་དེ་ཚིག་གིས་སྟོན་གྱི་ཡོད་ སྟབས། དེའི་གནས་སྟངས་དེ་དམིགས་བསལ་བ་ཞིག་དང་ཁྱད་པར་བ་ཞིག་
རེད། གྲུབ་མཐའ་འདྲ་མིན་སྣ་ཚོགས་ནང་བླ་མ་དང་དགེ་རྒན་ལ་དགེ་བའི་
བཤེས་གཉེན་དང་། དགེ་བའི་གྲོགས་པོ། ཀལྱཱཎ་མིཏྲ་ཞེས་པའི་ཚིག་དེ་བེད་ སྤྱོད་བཏང་བ་ཕལ་ཆེར་ནང་པའི་ཐུན་མོང་མིན་པའི་འགྲོ་སྟངས་ཤིག་རེད།
དེ་བཞིན་ཡོངས་འཛིན་ཞེས་པ་ནང་པའི་ཐ་སྙད་ནང་ནས་ཀྱང་ཕ་
རོལ་ཏུ་ཕྱིན་པའི་ཐེག་པའི་ཐ་སྙད་ལ་མ་གཏོགས་ཐེག་དམན་གྱི་ཐ་སྙད་ལ་
ཡད ོ ་མ་རེད། ཇི་སྐད་དུ་མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ ལ་སག ོ ས། །ང་ོ བ་ོ ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་
བ༑ ༑རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་པ་ལྟར་རེད། ཚིགས་
སུ་བཅད་པ་འདིར་འཕགས་པ་གལ ྲོ ་སྡེ་དང་སབ ློ ་དཔན ོ ་སེངྒེ་བཟང་པ་ོ གཉིས་ ཀྱི་འགྲེལ་པ་རྒྱག་སྟངས་ལ་རྩོད་པ་ཕྲན་བུ་ཡོད་ཀྱང་། འདིར་ཞུ་དགོས་པའི་
འབྲེལ་བ་གང་ཡང་ཆགས་ཀྱི་མི་འདུག་པས་ཞུ་མི་དགོས་པ་བྱེད་ཀྱི་ཡིན། གང་ལྟར་ཡོངས་འཛིན་གྱི་ལས་འགན་གསུམ་པོ་དེའི་ནང་གསལ་པོ་བྱས་
ཏེ་གསུངས་ཡོད་རེད། དེའི་ནང་ནས་དང་པོ་དེ་གང་རེད་ཅེ་ན། སེམས་ 164
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
མི་འགོང་བ་ཉིད་ལ་སོགས།
༣
།ཞེས་པའི་སྐབས་ཀྱི་སེམས་མི་འགོང་བ་ནི་
སེམས་མི་ཞུམ་པར་བྱེད་པ་དང་། སེམས་སྐྲག་པ་མེད་པར་བྱེད་པ། སེམས་
འཇིགས་པ་ལས་གྲོལ་བར་བྱེད་པ་སོགས་དེ་ཚོ་ཚང་མར་སེམས་མི་འགོང་
པ་ཞེས་གསུང་གི་ཡོད་སྟབས། ཡོངས་འཛིན་གྱི་ལས་འགན་དང་པོ་ནི། རང་
གི ས ་ཡོ ང ས་སུ་གཟུང་བྱའི ་ དགེ ་ ཕྲུག་དེ འི ་ བསམ་བློ འི ་ ནང་སློ བ ་ཚན་ལ་
སོགས་པ་ཤེས་བྱའི་གནས་གང་འདྲ་ཞིག་གི་ཐོག་ལ་ཡིན་ནའང་སེམས་མི་ ཞུམ་པའམ་སེམས་ཀྱི་ནང་ལ་འཇིགས་པ་མེད་པ་བཟོ་རྒྱུ་དང་།
སློབ་ཚན་
མ་བསླབས་གོང་སློབ་ཚན་དེའི་ཐོག་སེམས་སྤྲོ་སྣང་ཡོང་ཐབས་བཟོ་དགོས་
པ་གལ་ཆེན་པོ་རེད། ང་ཚོ་བོད་པའི་དགེ་རྒན་དང་། ཤེས་ཡོན་གྱི་བྱ་བ་ལ་
ཐེ་གཏོགས་ཡོད་པའི་སྤྱི་ཚོགས་ཀྱི་ནང་ལོ་མང་པོའི་གོང་ནས་སྐད་ཆ་ཞིག་
ཡོངས་གྲགས་བཤད་ཀྱི་ཡོད་པ་དེ་ནི། སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་
དམའ་རུ་འགྲོ་ཡི་འདུག ཤེས་ཡོན་ཡག་པོ་ཡོང་གི་མི་འདུག འཛིན་གྲྭ་བཅུ་ གཉིས་ཐོན་པ་ཚོས་ཀྱང་སྙན་ཞུ་ཞིག་འབྲི་ཤེས་ཀྱི་མི་འདུག ཀློག་ཤེས་ཀྱི་མི་ འདུག་ཟེར་བ་ལྟ་བུའི་གནས་ཚུལ་མང་པོ་ཡོང་གི་ཡོད་རེད།
ཤེས་རིག་ལས་ཁུངས་ཀྱི་ཚོགས་འདུ་ནམ་ཞིག་ཚོགས་ཀྱང་ཤེས་ཡོན་
གནས་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་རེད། ཤེས་ཡོན་གནས་ཚད་དེའི་ ཐོག་ལ་རྟག་པར་བློ་ཁ་མ་ཁེངས་པ་ཞིག་ཡོད་པས།
བློ་ཁ་ཁེངས་པ་བཟོ་
རྒྱུའི་ཐབས་ལམ་ཞིག་བཙལ་དགོས་ཡོད་པ་ཡོངས་གྲགས་རེད།
ང་ལ་ཆ་
བཞག་ན། ཤེས་རིག་ཚོགས་ཆེན་སྐབས་དང་པོ་ནས་ཡོད་རེད། ཤེས་རིག་
ཚོགས་ཆེན་སྐབས་དང་པོ་དང་གཉིས་པའི་སྐབས་སུ་༸སྐྱབས་མགོན་རིན་ 165
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
པོ་ཆེ་དབུ་བཞུགས་ཐོག་ཉིན་བསྟུད་ནས་འཚོགས་ཀྱི་ཡོད།
དེ་ཚོའི་གྲོས་
གཞི་དང་། བགྲོ་གླེང་། གྲོས་ཆོད་དེ་ཚོའི་ནང་གཟིགས་པ་དང་། དེ་མིན་ སྤྱིར་བཏང་སྤྱི་ཚོགས་ཀྱི་ནང་སྐད་ཆ་གང་ཡོད་གསན་ན།
དགེ་རྒན་གྱིས་
ཡག་པོ་མ་བྱས་པའི་དབང་གིས་ཤེས་ཡོན་གནས་ཚད་ཉམས་པ་རེད། ཤེས་
རིག་ལས་ཁུངས་ཀྱིས་བྱེད་སྟངས་མ་འགྲིགས་པའི་དབང་གིས་ཤེས་ཡོན་ གནས་ཚད་ཉམས་པ་རེད།
ཕ་མ་ཚོས་ཡག་པོ་མ་བྱས་པའི་དབང་གིས་
ཤེས་ཡོན་གནས་ཚད་ཉམས་པ་རེད། གྲངས་དང་།
ལྷག་པར་དུ་དུས་ཕྱིས་དགུ་བཅུ་གོ་
ཉིས་སྟོང་གི་གཡས་གཡོན་ནས་དགེ་རྒན་མང་ཆེ་བས་ཕ་མ་
ཚོ ་ དཔལ་འབྱོ ར ་ཡག་པོ ་ ཆགས་ནས་ཕྲུ་གུར་དངུལ་མང་པོ ་ བསྐུར་བའི ་ དབང་གིས་ཕྲུ་གུ་འཕྲོ་བརླག་ཏུ་འགྲོ་ཡི་འདུག ལག་ཐོགས་ཁ་པར་སོགས་ ཉར་བའི་རྐྱེན་གྱིས་སློབ་སྦྱོང་ལ་དོ་སྣང་ཡོང་གི་མི་འདུག
གང་ལྟར་དགེ་
རྒན་གྱིས་མ་འགྲིགས་པ་དང་། འཛིན་སྐྱོང་གིས་མ་འགྲིགས་པ། སློབ་ཕྲུག་ གིས་མ་འགྲིགས་པ། ཕ་མས་མ་འགྲིགས་པ། སྤྱི་ཚོགས་ཀྱིས་མ་འགྲིགས་པ་
བཅས་ཚང་མས་ཕར་ཁག་ཚུར་དཀྲི་མང་པོ་བྱེད་ཀྱི་ཡོད་རེད། ཕ་མ་ལ་དྲིས་
ན་དགེ་རྒན་དང་། འཛིན་སྐྱོང་ལ་ཁག་མང་བ་དཀྲི་བ་དང་། དགེ་རྒན་དང་ འཛིན་སྐྱོང་ལ་དྲིས་ན་ཕ་མ་ལ་ཁག་མང་བ་དཀྲི། གཉིས་ཀ་འཛོམས་ན་སྤྱི་ ཚོགས་ལ་ཁག་མང་བ་དཀྲི།
ཡང་ན་དེ་རིང་སང་ཉིན་གྱི་དུས་ཚོད་ཅེས་
དུས་རབས་ལའང་ཁག་དཀྲི་བྱེད་པ་སོགས་སྐད་ཆ་མང་པོ་བཤད་རྒྱུ་ཡོད་
རེད། ལྷག་པར་དུ་དགེ་རྒན་གྱི་སྤྱི་ཚོགས་ལ་དྲིས་ན་ན་ཕ་མས་ཕྲུ་གུའི་སློབ་
སྦྱོང་ཐོག་ལ་དོ་སྣང་ཡག་པོ་བྱེད་ཀྱི་མི་འདུག ཕ་མས་ཕྲུ་གུའི་སློབ་སྦྱོང་གི་
དམིགས་ཡུལ་འཇོག་སྟངས་ལ་དཔལ་འབྱོར་འདུ་འགོད་ཁོ་ནའི་བསམ་བློ་ 166
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
གཏོང་གི་འདུག ཕ་མས་ཕྲུ་གུ་གཅེས་ལང་ལ་གཏོང་གི་འདུག ཕྲུ་གུས་སློབ་ སྦྱོང་ལ་དོ་སྣང་བྱེད་ཀྱི་མི་འདུག་ཟེར་བ་སོགས་བཤད་པ་དང་། ང་ལ་དགེ་
རྒན་དེ་འདྲ་མཇལ་དུས་དགེ་རྒན་མང་ཆེ་བ་ཞིག་གིས། དེ་རིང་སང་ཉིན་ཕྲུ་
གུ་ཚོས་སློབ་སྦྱོང་ལ་དོ་སྣང་ཁྱོན་ནས་བྱེད་ཀྱི་མི་འདུག་ཅེས་འུ་ཐུག་མདོག་ ཁ་པོ་བྱས་ཏེ་གསུང་མཁན་བྱུང་མྱོང་།
ཕྲུ་གུ་ཨ་མའི་ཁོག་པ་ནས་སྐྱེ་དུས་ནས་སློབ་སྦྱོང་ལ་དོ་སྣང་ཡོད་པ་
ཞིག་ཡོང་མི་སྲིད།
ཕྲུ་གུས་སློབ་སྦྱོང་ལ་དོ་སྣང་ཡོང་རྒྱུ་དེ་ཕ་མ་དང་དགེ་
རྒན་གཉིས་ཀྱིས་མཉམ་རུབ་ཐོག་མི་ཚེ་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་ཆབས་
ཅིག ་བསམ་བློ ་ འཁྱེ ར་སྟངས་བཅས་ཚང་མར་ཐབས་ལམ་ཞི ག་སྤྲད་ནས་ སློབ་སྦྱོང་ལ་དོོ་སྣང་ཡོང་བ་ཞིག་བཟོ་དགོས། དཔེར་ན། ད་ལྟ་དེང་རབས་ ཀྱི་འཕྲུལ་ཆས་ལ་ཕྲུ་གུས་དོ་སྣང་མང་པོ་ག་རེ་བྱས་ནས་བྱེད་ཀྱི་ཡོད་རེད།
iPad
དང་། ཀམ་པུ་ཊར། ལག་འཁྱེར་རྩིས་འཕྲུལ། ཊེབ་ལེཊ། ལག་ཐོགས་
ཁ་པར་སོགས་ག་རེ་ཡིན་ནའང་དེ་ཚོ་བེད་སྤྱོད་གཏོང་སྟངས་ལས་སླ་པོ་ བྱས་ནས་ཤེས་རྒྱུ་དང་།
དེ་ཚོ་བེད་སྤྱོད་བྱེད་རྒྱུར་མགོ་བོ་འཁོར་ནས་སྡོད་
པ་དེ་སློབ་ཕྲུག་ཁོ་རང་སྐྱེས་པའི་སྐབས་ནས་རང་བཞིན་དེ་འདྲ་ཞིག་ཡོད་
རེད་དམ། ཡང་ན། དེ་ཕྱི་ནང་གི་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་རེད་
དམ། འདས་པའི་ལོ་ཉིས་བརྒྱ་ཡས་མས་ནང་འཇིག་རྟེན་ཐོག་འགྱུར་བ་ཆེན་ པོ་ཞིག་ཕྱིན་པ་དེ་ཚང་མས་མཁྱེན་གྱི་ཡོད་རེད།
དེ་ནུབ་ཕྱོགས་པའི་ཤོད་
སྟངས་ལྟ་བུ་བྱས་ན། དུས་རབས་འདི་འདྲ་ཞིག་དང་། དུས་རབས་དེ་འདྲ་
ཞིག་ཅེས་མང་པོ་བཤད་རྒྱུ་ཡོད་རེད། དེ་ཚོ་ང་ཚོར་མི་དགོས་པ་བྱས་ནས་ 167
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རགས་པ་ཙམ་ཞིག་བྱས་ན། ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་དང་། བཅུ་དགུ། ཉི་
ཤུའི་ནང་འཇིག་རྟེན་ནང་འགྱུར་བ་ཤུགས་ཆེ་ཤོས་དེ་དཔལ་འབྱོར་གྱི་ལམ་ སྲོལ་དང་དཔལ་འབྱོར་གྱི་གནས་བབ་ཐོག་ཕྱིན་པ་རེད།
འགྱུར་བ་འགྲོ་
སྟངས་དེ ་ ཡང་གནའ་བོའི ་དུས་ཚོ ད་ལ་མི ་སོ་སོའི ་དངོ ས ་ཡོ ད ་ཀྱི ་ དགོ ས ་ མཁོ་གང་ཡོད་པ་ལྟར་འདང་ངེས་བཞིན་པའི་དངོས་ཆས་བཟོ་སྐྲུན་བྱེད་ པའི་ནུས་པ་ཡོད་རེད། དངོས་ཆས་ཚང་མ་ལག་པས་བཟོ་སྐྲུན་བྱེད་ཀྱི་ཡོད།
དཔེར་ན། མི་བདུན་བརྒྱ་ཡོད་པའི་གྲོང་གསེབ་ཅིག་ལ་ཆ་བཞག་ན། གྲོང་ གསེབ་དེའི་ནང་ལྷམ་བཟོ་མཁན་དང་། ཚེམ་བུ་འཚེམ་མཁན། སྐྲ་གཞར་ མཁན། ཞིང་ལས་བྱེད་མཁན། མགར་བ་བྱེད་མཁན། སྨན་པ་བྱེད་མཁན། ཆོས་ཤོད་མཁན།
ཆོ་ག་གཏོང་མཁན་སོགས་གྲོང་གསེབ་དེའི་ནང་ཁོ་རང་
ཚོའི་མི་ཚེའི་དགོས་མཁོ་ཡོད་པ་ཆ་ཚང་ཡོད་རེད། དེ་ལ་བརྟེན་ནས་ལྷམ་ བཟོ་མཁན་ལྟ་བུར་ཆ་བཞག་ན།
གྲོང་གསེབ་དེའི་སྤྱི་ཚོགས་ཀྱི་མི་བདུན་
བརྒྱའི་ལྷམ་འདང་ངེས་བཞིན་པ་བཟོ་ཐུབ་པ་དང་། བཟོས་པའི་རྗེས་ལ་ཁོ་
པའི་ལྷམ་དེར་རིན་གོང་ཡག་པོ་རག་རྒྱུའི་ཆེད་ལྷམ་མཁྲེགས་པོ་ཡོད་པས་
ལོ་ལྔ་དང་། བཅུ་འདང་གི་རེད་སོགས་བརྗོད་ཀྱི་ཡོད། དེ་རིང་སང་ཉིན་ལྷམ་ དེ་ཚོ་ཟླ་བ་ཁ་ཤས་ཀྱི་ནང་བརྗེ་དགོས་པས་ལོ་ལྔ་དང་བཅུ་འདང་རྒྱུའི་ལྷམ་
སུ་ཞིག་གིས་ཀྱང་ཉོ་ཡི་མ་རེད།
དེ་འདྲ་ཡིན་སྟབས་སྤྱི་ཚོགས་ནང་ཁྲོམ་
རའི་བསམ་ཚུལ་དེ་མེད། ཁ་ལག་དང་། གོས་སོགས་ཡིན་ཡང་འདང་ངེས་ བཞིན་པ་ཡོད་པ་དང་། ཚེམ་བུ་བ་ཞིག་ཡིན་ཡང་གྲོང་གསེབ་དེའི་མི་ཚང་
མའི་གོས་འཚེམ་རྒྱུར་ལྕོགས་ཐག་ཆོད་ཡོད་རེད། ཕྱོགས་གཅིག་ནས་དགོས་ མཁོ་ལས་ལྷག་པའི་དངོས་པོའི་ཐོན་སྐྱེད་མི་བྱེད་པ་དང་། 168
ཕྱོགས་གཞན་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ནས་ལས་མེད་ལ་ལུས་པ་རེད་ཅེས་ཟེར་རྒྱུ་མེད། པ་ཕ་ཚེམ་བུ་བ་ཡིན་ན་ཕྲུ་ གུ་ཚེམ་བུ་བ་དང་། པ་ཕ་ཤིང་བཟོ་བ་ཡིན་ན་ཕྲུ་གུ་ཤིང་བཟོ་བ། པ་ཕ་གྲུ་
གཟིངས་ནང་འགྲོ་མཁན་ཡིན་ན་ཕྲུ་གུ་གྲུ་གཟིངས་ནང་འགྲོ་མཁན་ཆགས་ པ་བཅས་རང་བཞིན་གྱིས་ཕ་རྒྱུད་བུ་རྒྱུད་ཀྱི་ལས་ཀ་བཟུང་ནས་འགྲོ་དུས་ དེ་རིང་སང་ཉིན་གྱི་ཚིག་ལས་མེད་དུ་ལུས་པ་ཞེས་པ་དེ་ཡོད་མ་རེད།
དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས་ཚན་རིག་དང་འཕྲུལ་
ཆས་ཡར་རྒྱས་ཕྱིན་པའི་དབང་གིས་གནས་ཚུལ་མང་པོ་ཞིག་འཁོར་ལོའི་
ཐོག་ནས་བཟོ་སྐྲུན་བྱ་རྒྱུའི་གནས་བབ་དེ་སླེབས་དུས། དགོས་མཁོ་ལས་ཧ་ཅང་མང་བ་ཞིག་ཆགས་པ་རེད།
མིའི་སྤྱི་ཚོགས་ཀྱི་
གྲོང་གསེབ་ཅིག་གི་
ནང་མི་བདུན་བརྒྱའི་ལྷམ་དགོས་ཀྱི་ཡོད་ན་མི་བདུན་སྟོང་གིས་བེད་སྤྱོད་
གཏོང་བའི་ལྷམ་བཟོ་ཐུབ་པའི་ནུས་པ་དེ་སླེབས་པ་རེད། དགོས་མཁོ་ལས་ མང་བའི ་ ཐོ ན ་སྐྱེ ད ་བྱེ ད ་རྒྱུའི ་ གནས་བབས་དེ ་ སླེ བ ས་དུས་ཐོ ན ་སྐྱེ ད ་དེ ་
ག་པར་གཏོང་དགོས་པ་དང་།
ག་པར་བེད་སྤྱོད་བྱེད་དགོས་པ་སོགས་ཀྱི་
དོན་དུ་ཉམས་ཞིབ་བྱས་ཏེ། དམིགས་བསལ་ཁྲོམ་རའི་ཉམས་ཞིབ་ research)
(market
ཞེས་པ་དེ་ཉམས་ཞིབ་བྱེད་སྟངས་ཀྱི་ནང་ནས་གལ་གནད་ཆེ་བ་
དང་། དེ་བྱེད་སྟངས་ལའང་ཐུན་མོང་མ་ཡིན་པའི་ཐབས་ལམ་མང་པོ་ཡོད་ པ་དེ་རིང་ཁ་སང་བཤད་རྒྱུ་ཡོད་པ་རེད།
དེ་ལྟར་ཉམས་ཞིབ་བྱེད་སྐབས་
མི འི ་ བསམ་བློ འི ་ ནང་རང་རང་སོ ་ སོ ར ་དགོ ས ་མཁོ ་ གང་ཡོ ད ་པ་དེ ར ་མ་
བལྟས་པར་མི་གཞན་ལ་ག་རེ་འདུག མི་གཞན་ལ་གང་ཡོད་པ་དེ་ང་ལའང་
དགོས་ཀྱི་འདུག་སྙམ་པའི་མཚུངས་བསྡུར་དང་འགྲན་བསྡུར་སོགས་འདོད་ 169
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
རྔམ་ཆེ་རུ་གཏོང་རྒྱུའི་ཐབས་ལམ་མམ་བསམ་ཚུལ་དེ་ཁོང་ཚོར་རྙེད་པ་རེད། དེ་རྗེས་ཁྲོམ་རའི་ལམ་སྲོལ་
སྤྱོད་ཀྱི་ལམ་སྲོལ་
(market economy)
(consumerism)
དང་། བག་མེད་ལོངས་
ཞེས་པའི་གནས་སྟངས་དེ་བྱུང་བ་རེད།
སྔོན་མ་ཡིན་ན་ང་ཚོ་བེད་སྤྱོད་གཏོང་མཁན་དེ་རེད། དེ་རིང་སང་ཉིན་ང་
ཚོ་བེད་སྤྱོད་གཏོང་མཁན་ཆགས་ཡོད་མ་རེད། ང་ཚོ་རྩ་མེད་གཏོང་མཁན་
ཆགས་ཡོད་རེད། (consume) ཟེར་བ་མེའི་ནང་དུ་སྤར་བ་ཡིན་ན་མེས་ con-
sume
བྱས་པ་རེད་ཟེར་གྱི་རེད། ག་ཚོད་རྩ་མེད་བཏང་བ་དེ་ཙམ་གྱིས་སྤྱི་
ཚོགས་ནང་ཡག་ག་བརྩིས་ཀྱི་ཡོད་རེད། ལུགས་དང་།
བག་མེད་ལོངས་སྤྱོད་ཀྱི་རིང་
ཁྲོམ་རའི་རིང་ལུགས་དར་བ་ནས་བཟུང་མི་སོ་སོའི་རང་གི་
དགོས་མཁོ་གང་ཡིན་པ་རང་གིས་ཤེས་རྒྱུའི་ནུས་པ་དེ་བཟོ་གྲྭའི་བདག་པོ་
ཚོས་ཕྲོགས་པ་རེད། དྲིལ་བསྒྲགས་དང་ཀླད་པ་བཀྲུ་རྒྱུའི་ལས་རིམ་གྱི་ནང་
ནས་སོ་སོའི་དགོས་མཁོ་གང་ཡིན་པ་དེ་བཟོ་གྲྭའི་བདག་པོ་ཚོས་ཁྱེད་རང་ ལ་འདི་དང་འདི་དགོས་ཀྱི་རེད་ཅེས་བཀའ་གཏང་གི་རེད།
ལྷམ་གཅིག་
གིས་མི་འགྲིག་པར་ཞོགས་པ་འཆམ་འཆམ་ལ་འགྲོ་དུས་ལྷམ་འདི་འདྲ་ཞིག་
གྱོན་དགོས།
ཉིན་གུང་ལས་ཁུངས་ལ་འགྲོ་དུས་ལྷམ་འདི་འདྲ་ཞིག་གྱོན་
དགོས། དགོང་དྲོ་རྩེད་མོ་རྩེད་དུས་ལྷམ་འདི་འདྲ་ཞིག་གྱོན་དགོས། ཁྲུས་ རྒྱག་དུས་ལྷམ་འདི་འདྲ་ཞིག་གྱོན་དགོས། འདི་དག་ནི་ཁྱེད་རང་གི་མེད་དུ་
མི་རུང་བའི་ལྷམ་ཡིན་པས་ངེས་པར་དུ་ཉོ་དགོས་ཞེས་བཀའ་གཏོང་དུས་
གཞན་པ་ཚོའི་བསམ་བློའི་ནང་དངོས་གནས་དེ་འདྲ་ཡིན་པ་རེད་དྲན་ནས། ཞོགས་པ་འཆམ་འཆམ་ལ་འགྲོ་དུས་རས་ཀྱི་ལྷམ་དཀར་པོ་ཞིག་གྱོན། ལས་ ཁུངས་ལ་འགྲོ་དུས་ཀོ་བའི་ལྷམ་འོད་བརྒྱབ་པ་ཞིག་གྱོན། 170
རྐང་རྩེད་པོ་ལོ་
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དང་བྱ་སྒྲོ་སོགས་རྩེད་མོ་རྩེ་དུས་ལྷམ་མི་འདྲ་བ་མི་འདྲ་བ་གྱོན་དགོས་ཀྱི་
ཡོད། དེར་བརྟེན་ཇ་ཡ་ལ་ལི་ཐཱ་
(Jayalalithaa)
ལགས་ལ་ལྷམ་སྟོང་ཕྲག་ཁ་
ཤས་ཡོད་རེད་ཅེས་ལབ་ཀྱི་འདུག དེ་ནི་ཁག་ཡོད་མ་རེད། ལྷམ་བཟོ་སྐྲུན་ བྱེ ད ་མཁན་ཚོ ས ་མི འི ་ ཀླད་པ་རྦད་དེ ་ བཀྲུས་སྟབས་དེ ་ ཚོ ་ ཚང་མ་དགོ ས ་ མཁོ་ཡིན་པའི་གནས་ཚུལ་བསམ་གྱི་ཡོད་རེད། དེའི་དབང་གིས་འཇིག་རྟེན་
ཁྱོན་ཡོངས་ལ་མ་རྩའི་རིང་ལུགས་ཞེས་པ་དེ་བྱུང་བ་རེད། མ་རྩའི་བདག་པོ་
ཚོས་འཕྲུལ་ལས་ལ་བརྟེན་པའི་བཟོ་གྲྭ་ནས་ཐོན་སྐྱེད་མང་པོ་བསྐྲུན། ཐོན་ སྐྱེད་དེ་དག་གི་ཁེ་བཟང་དེ་བཟོ་པ་ཚོར་མ་རག་པར་མ་རྩའི་བདག་པོ་རྐྱང་ རྐྱང་ལ་འགྲོ་བའི་དབང་གིས་བཟོ་པའི་གྲལ་རིམ་དང་། ཞིང་པའི་གྲལ་རིམ་ ལ་བཤུ་གཞོག་ཚད་མེད་ཅིག་བཏང་།
ཞིང་པ་ཡིན་ཡང་ས་བདག་དེ་ཚོས་
ཁེ ་ བཟང་རྣམས་འཁྱེ ར ་ཕྱི ན ་པ་མ་གཏོ ག ས་དངོ ས ་སུ་དཀའ་ལས་བརྒྱབ་ སྟེ་སོ་ནམ་བྱེད་མཁན་ཚོར་ཁེ་བཟང་དེ་དག་མ་རག་པ་དང་།
བཟོ་གྲྭའི་
བདག་པོ་ཚོས་ཀྱང་བཟོ་གྲྭའི་ནང་ཁེ་བཟང་བརྒྱ་འགྱུར་སྟོང་འགྱུར་ཡོད་པ་
དེ་དག་ལས་བཟོ་པ་ཚོར་ལྟོགས་ཤི་མ་ཐེབས་ཙམ་གྱི་གླ་ཕོགས་ཤིག་སྤྲད་ དེ་ཁེ་བཟང་ཚང་མ་མ་རྩའི་བདག་པོས་འཁྱེར་བར་བརྟེན། ཞིང་པའི་གྲལ་
རིམ་དང་བཟོ་པའི་གྲལ་རིམ་ལ་བཟོད་པར་དཀའ་བའི་བཤུ་གཞོག་བྱུང་ བ་རེད། བཤུ་གཞོག་དེའི་ཁ་གཏད་དང་ངོ་རྒོལ་བྱེད་རྒྱུར་གུང་ཁྲན་གྱི་རིང་ ལུགས་བྱུང་བ་རེད། གུང་ཁྲན་རིང་ལུགས་ཀྱི་སྲོལ་གཏོད་པ་པོ་ཀཱལ་མར་ཁེ་ སི་རེད་དེས་སྲོལ་གཏོད་པའི་སྤྱི་ཚོགས་རིང་ལུགས་སམ་མ་རྩ་རིང་ལུགས་
དེ་ནི་རིག་པའི་གཞུང་ལུགས་ཆེ་ཤོས་ཤིག་རེད། ཐོག་མར་བྱས་ན་པོད་བཅུ་ གཅིག་གམ་བཅུ་གཉིས་བཅས་དེབ་ཞེ་དྲག་མང་པོ་ཡོད་རེད་དེ་དེང་སང་ 171
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དེའི་དོན་གནད་རྣམས་དེབ་གཉིས་གསུམ་ནང་རུབ་རུབ་བཟོས་ནས་འདུག དེའི་ནང་ཆ་ཚང་བཤད་རྒྱུ་གང་རེད་ཅེ་ན། རིན་ཐང་ལྷག་པ་དེ་ཞིང་པ་དང་ བཟོ་པ་ཚོར་ (surplus value must be equally distributed) འགྲོ་དགོས་རེད་ ཅེས་བཤད་ཡོད་རེད།
དེའི་དོན་ནི་ཞིང་པ་དང་བཟོ་པ་སྟེ་དངོས་སུ་ཐོན་
སྐྱེད་བཟོ་མཁན་ཚོར་ཁེ་བཟང་ལྷག་མ་དེ་དག་རག་དགོས་ཀྱི་རེད་ཅེས་ ཟེར་བ་རེད། དེའི་དབང་གིས་མ་རྩའི་རིང་ལུགས་ཀྱི་རྗེས་སུ་འབྲངས་པའི་ བཤུ་གཞོག་གཏོང་མཁན་གྱི་སྡེ་ཚན་གཅིག་དང་།
དེ་ལ་ཁ་གཏད་གཅོག་
མཁན་སྤྱི་ཚོགས་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་ཕྱོགས་ལ་འགྲོ་ མཁན་གྱི་སྡེ་ཚན་གཅིག་བཅས་ཨ་མི་རི་ཀའི་ཕྱོགས་གཏོགས་དང་།
ཨུ་རུ་
སུའི་ཕྱོགས་གཏོགས་ཞེས་འཇིག་རྟེན་ཁྱོན་ཡོངས་སྡེ་ཚན་གཉིས་ལ་ཁ་ཕྱེ་ ནས་སོང་བའི་དབང་གིས་དམག་ཆེན་གཉིས་བྱུང་བ་རེད། ནས་ང་ཚོ་བོད་དང་། རྒྱ་ནག་ཀྱང་ཤོར་བ་རེད།
དེ་ལ་བརྟེན་
ནུབ་ཕྱོ ག ས་པ་ཚོ ས ་མཚམས་རེ ་ ང་ལ་ག་རེ ་ བྱས་ནས་བོ ད ་རྒྱ་མི ས ་
དབང་སྒྱུར་བྱས་པ་རེད་ཅེས་སྐད་ཆ་འདྲི་ཡི་འདུག དེའི་ལན་ལ་ངས་ནུབ་
ཕྱོགས་སུ་མ་རྩའི་རིང་ལུགས་དར་བའི་དབང་གིས་བོད་རྒྱ་མིའི་འོག་ཏུ་ཕྱིན་ པ་རེད་ཅེས་ཁ་ཐུག་ལབ་ཀྱི་ཡོད།
ཁོང་ཚོས་ནུབ་ཕྱོགས་ལ་མ་རྩའི་རིང་
ལུགས་དར་བ་དང་། བོད་རྒྱ་འོག་ཏུ་ཤོར་བར་འབྲེལ་བ་གང་ཡོད་དམ་ཞེས་
ཟེར་གྱི་འདུག འབྲེལ་བ་ཞེ་དྲག་ཡོད་རེད། བོད་དེ་ཁྱིམ་མཚེས་སྟོབས་ཆེན་ རྒྱལ་ཁབ་རྒྱ་ནག་དང་། ཨུ་རུ་སུ། སོག་པོ། རྒྱ་གར་བཅས་སྲིད་པ་ཆགས་པ་
ནས་མཉམ་དུ་ཡོད་པ་མ་གཏོགས་དུས་རབས་ཉི་ཤུ་པའི་ནང་བོད་དེ་གསར་ 172
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དུ་སླེབས་པ་ཞིག་མ་རེད། འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་བྱུང་རབས་
ལ་ཕྱི་བལྟས་བསློགས་ན་བརྒྱ་ཕྲག་བཅུ་གསུམ་པའི་ནང་ལོ་ཉི་ཤུ་རྩ་གྲངས་ རིང་བོད་སོག་པོའི་འོག་ཏུ་བསྡད་པ་མ་གཏོགས། བོད་ཡོངས་སུ་རྫོགས་པ་དེ་ རྒྱལ་ཁབ་གཞན་སུ་ཡི་དབང་འག ོ ་ཏུ་འགྲོ་མྱོང་མེད་པར་ག་དུས་ཡིན་ཡང་ མངའ་དབང་ཅན་གྱི་རྒྱལ་ཁབ་གཙང་མ་ཞིག་བྱས་ཏེ་བསྡད་པ་རེད།
རྒྱ་
ནག་དམར་པོའི་ལམ་སྲོལ་དེ་ ༡༩༤༩ ལོར་ཆགས་པ་རེད། ༡༩༥༡ ལོར་ང་ཚོ་ བོད་ཤོར་བ་རེད། ༡༩༤༩།༡༩༥༠།༡༩༥༡ བཅས་ལོ་གསུམ་གྱི་ནང་བོད་རྒྱ་མིའི་ བཙན་འོག་ལ་ཚུད་ཚར་བ་རེད། ཨུ་རུ་སུ་དམར་པོ་ཆགས་པའི་དབང་གིས་
རྒྱ་ནག་དམར་པོ་ཆགས་པ་རེད།
རྒྱ་མིའི་དམར་ཤོག་དེ་ཨུ་རུ་སུས་ཕྲུ་གུ་
གསོས་པ་བཞིན་གསོས་ནས་རྒྱ་ནག་ཏུ་བཏང་བ་ཞིག་རེད། ཨུ་རུ་སུ་དམར་ པོ་ཆགས་དགོས་དོན་ནི་ནུབ་ཕྱོགས་ལ་མ་རྩའི་རིང་ལུགས་དར་བའི་དབང་
གིས་རེད། ནུབ་ཕྱོགས་ལ་མ་རྩའི་རིང་ལུགས་དར་མེད་ན་དམར་པོའི་རིང་
ལུགས་ཡོང་རྒྱུའི་གཞི་རྩ་མེད་སྟབས། རྒྱུ་མ་ཕུ་འདེད་ཀྱི་ཐོག་ནས་བལྟས་ན་ བོད་རྒྱ་འོག་ཏུ་ཤོར་བའི་འགན་ཆ་ཚང་ནུབ་ཕྱོགས་པའི་མ་རྩའི་རིང་ལུགས་
དང་། ཁྲོམ་རའི་རིང་ལུགས། བག་མེད་ལོངས་སྤྱོད་རིང་ལུགས་བཅས་ལ་ ཐུག་ཡོད་རེད། དེར་འགྱུར་བ་མ་ཕྱིན་བར་དུ་བོད་ཀྱི་གནས་བབ་དེ་ག་དུས་
ཡིན་ནའང་བཟང་དུ་འགྲོ་རྒྱུའི་གནས་བབ་ཅིག་ཡོང་རྒྱུ་ཁག་པོ་རེད་དྲན་གྱི་ འདུག ༸སྐྱབས་མགོན་རིན་པོ་ཆེ་ཡིས་ཀྱང་བོད་པའི་དཀའ་རྙོག་དེ་ནི་བོད་ མི་ས་ཡ་དྲུག་སྒེར་གྱི་དཀའ་ངལ་ཞིག་མིན་པར།
འཇིག་རྟེན་ཁྱོན་ཡོངས་
དང་འགྲོ་བ་མིའི་སྤྱི་ཚོགས་ཡོངས་སུ་རྫོགས་པར་གཏིང་ཟབ་པོའི་དཀའ་ རྙོག་ཅིག་ཡོད་པའི་མཚོན་རྟགས་སམ་ནད་རྟགས་ལྟ་བུ་རེད་ཅེས་ཡང་ཡང་ 173
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གསུངས་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད།
དེ་ནི་ང་ཚོ་བོད་མི་ས་
ཡ་དྲུག་གི་བྱེད་སྟངས་ནོར་བ་དང་སྒེར་གྱི་བསོད་ནམས་དམན་པ་དེ་འདྲ་ གང་ཡང་ཆགས་ཀྱི་ཡོད་མ་རེད། འཇིག་རྟེན་ཁྱོན་ཡོངས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་ཐོག་ནས་ང་ཚོའི་གནས་ ཚུལ་དེ་བྱུང་བ་ཞིག་རེད།
དེ་འདྲ་ཡིན་སྟབས་ངས་ག་རེ་ཞུ་ཡི་ཡོད་ཅེ་ན། ཁྲོམ་རའི་རིང་ལུགས་
ཀྱི་མི་ཚོའི་ཕྲུ་གུའི་བསམ་བློའི་ནང་ཁོ་རང་ཚོའི་བཙོང་རྒྱུའི་དངོས་པོ་བྱེ་
བྲག་པ་ཞིག་གི་ཐོག་དེ་ཙམ་གྱིས་དོ་སྣང་བྱེད་རྒྱུའི་ཐབས་ལམ་སྐྲུན་ཐུབ་ཀྱི་ ཡོད་ན། དགེ་རྒན་ཞིག་གིས་ཆུ་ཚོད་ཉི་ཤུ་རྩ་བཞི་སློབ་ཕྲུག་དང་མཉམ་དུ་
བསྡད་ནས་སློབ་སྦྱོང་ཐོག་ལ་དོ་སྣང་སྤྲོད་མི་ཐུབ་པ་དེ་མི་སྲིད་པའི་བཟོ་ འདྲ་ཞིག་རེད། དེ་སྤྲོད་ཐུབ་ཀྱི་མི་འདུག་ཟེར་ན་འབད་བརྩོན་མ་བྱས་པ་མ་
གཏོགས་འབད་བརྩོན་བྱས་ན་མི་ཐུབ་པ་མེད་པ་གསལ་པོ་བྱས་ཏེ་ར་འཕྲོད་
ཀྱི་རེད་བསམ་གྱི་འདུག དེར་བརྟེན་ཕྲུ་གུས་དོ་སྣང་བྱེད་ཀྱི་མི་འདུག་གསུང་
རྒྱུའི་ཚབ་ལ་དྲང་པོ་དྲང་གཞག་བྱས་ཏེ་གསུངས་ན་ངས་ཕྲུ་གུ་སློབ་སྦྱོང་ཐོག་ ལ་ད་ོ སྣང་སླེབས་པ་བཟོ་རྒྱུར་ཐབས་ཤེས་ཐུབ་མ་སོང་།
དེར་ག་རེ་བྱེད་རྒྱུ་
ཡད ོ ་རེད་ཅེས་གསུང་དགོས་པ་ཞིག་རེད། ཕྲུ་གུས་དོ་སྣང་བྱེད་ཀྱི་མེད་པ་དེ་ ག་རང་ལ་བཞག་ན་རྫོགས་སོང་བ་རེད་བྱེད་རྒྱུ་གང་ཡང་མི་འདུག
སློབ་སྦྱོང་ལ་དོ་སྣང་མེད་པ་དེ་དོ་སྣང་ཡོད་པ་བཟོ་རྒྱུ་ཡོངས་འཛིན་
གྱི་ལས་འགན་དང་པོ་རེད། སེམས་མི་འགོང་པ་ཉིད་དང་ནི། །ཞེས་པ་ལྟར་
དོ་སྣང་མེད་པ་དེ་དོ་སྣང་ཡོད་པ་དང་། སེམས་ཞུམ་པ་དེ་མི་ཞུམ་པ། སེམས་ 174
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྐྲག་པ་དེ་མི་སྐྲག་པར་བཟོ་རྒྱུ། ལྷག་པར་དུ་ཕྱི་བཤོལ་གྱི་ལེ་ལོ་དང་། སྒྱིད་ ལུག་པའི་ལེ་ལོ།
བྱ་བ་ངན་ཞེན་གྱི་ལེ་ལོ།
བདག་ཉིད་ལ་བརྙས་པའི་ལེ་
ལོ་བཅས་ལེ་ལོ་རྣམ་པ་བཞི་གསུངས་པའི་ནང་ནས་ལེ་ལོ་རྣམ་པ་བཞིའི་
གཉེན་པོ་བསྟེན་སྟངས་རིག་པའི་གཞུང་ལུགས་ནང་ཡོད་རེད།
དེ་ཚོའི་
ཐབས་ལམ་གྱི ་ ཐོ ག ་ནས་ཕྲུ་གུའི ་ དོ ་ སྣང་སླེ བ ས་རྒྱུའི ་ ཐབས་ཤེ ས ་གནང་ དགོས་པ་རེད། དཔེར་ན། བྱ་བ་ངན་ཞེན་གྱི་ལེ་ལོ་ལྟ་བུར་མཚོན་ན། གློག་
བརྙན་བལྟ་རྒྱུ་དང་། གཟུགས་མཐོང་རླུང་འཕྲིན་བལྟ་རྒྱུ། ཀམ་པུ་ཊར་ནང་ རྩེད་མོ་རྩེ་རྒྱུ་དེ་དག་བྱ་བ་ངན་པ་ཡིན་པ་དང་། དེ་ལྟ་བུའི་བྱ་བ་ངན་པར་ ཞེན་ཆགས་བྱེད་པ་དེར་བྱ་བ་ངན་ཞེན་གྱི་ལེ་ལོ་ཟེར།
ཕྱི་བཤོལ་གྱི་ལེ་ལོ་
ཞེས་པ་སང་གནངས་བྱས་ཀྱང་འགྲིག་གི་རེད། རྗེས་མ་བྱས་ཀྱང་འགྲིག་གི་ རེད་ཅེས་རྦུད་རྒྱག་བཏང་ནས་འགྲོ་རྒྱུ་དེ་རེད།
སྒྱིད་ལུག་པའི་ལེ་ལོ་ཞེས་
པ་སྒྱིད་ལ་ངན་པོ་བྱས་ཏེ་གཡུགས་ཤོག་ཏོག་ཙམ་ངལ་གསོ་རྒྱག་གི་ཡིན་
སོགས་གསུང་རྒྱུའི་བཟོ་འདྲ་རེད།
དེའི་ནང་ནས་སྡུག་ཤོས་དེ་བདག་ཉིད་
ལ་བརྙས་པའི་ལེ་ལོ་སྟེ་ངས་འདི་ཐུབ་ཀྱི་མ་རེད།
དེབ་འདི་ཞེ་དྲག་མཐུག་
པོ་འདུག དཀའ་ལས་ཞེ་དྲག་ཁག་པོ་འདུག ངས་ཡོང་ས་མ་རེད་བསམས་པ་ དེ་རེད། དེ་ལྟ་བུའི་བསམ་ཚུལ་དེ་མེད་པ་བཟོས་ནས་དོ་སྣང་སླེབས་ཐབས་ གནང་རྒྱུ་དེ་སེམས་མི་འགོང་པ་བྱེད་རྒྱུ་དང་པོ་དེ་རེད།
སེམས་མི་འགོང་པ་བྱས་ནས་ཐབས་ཤེས་བྱེད་རྒྱུའི་བསམ་ཚུལ་ཞིག་
སླེབས་པའི་སྐབས་སུ། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཅེས་ངོ་བོ་ཉིད་མེད་
ཅེས་པ་སློབ་ཚན་གང་ཞིག་ཡིན་ཡང་དེ་དག་བསླབ་དགོས་ཀྱི་ཡོད་རེད་ 175
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
མ་གཏོགས། དེ་ལས་རིམ་གཉིས་པ་བྱས་ནས་དེ་དགེ་རྒན་གྱིས་འཛིན་གྲྭའི་
ནང་བསླབ་ཀྱི་རེད། གཅིག་བྱས་ན་འཛིན་གྲྭའི་ཕྱི་ལོགས་ལའང་བསླབ་ཀྱི་ ཡོད་ཀྱི་རེད། སློབ་ཚན་དེ་ཇི་ལྟར་སློབ་དགོས་ཀྱི་ཡོད་པ། སློབ་པའི་སྐབས་
སུ་དགེ ་ཕྲུག་གི ས ་བསམ་བློའི ་ནང་འཇུག་ཆེ ་ཤོས་ཀྱི ་ ཐབས་དང་སྒྱུ་རྩལ་ གང་འདུག་བཙལ་ཏེ་བསླབ་རྒྱུ་དེ་རེད། གསུམ་པ་དེ་ནི། དེ་ཡི་མི་མཐུན་ ཕྱོགས་བོར་བ། །ཞེས་པ་བསླབས་པའི་རྗེས་སུ་ཕྲུ་གུས་ལམ་སང་ཤེས་མདོག་
ཁ་པོ་མ་རེད། ཤེས་པ་ཡིན་ཡང་ཚང་མ་ཐེ་ཚོམ་ཆོད་རྒྱུ་ཡོང་གི་མ་རེད། དེ་
བཞིན་སློབ་སྦྱོང་བྱེད་པའི་སྐབས་སུའང་དཀའ་ངལ་གྱི་གནས་ཚུལ་མང་པོ་
ཞིག་ཡོང་སྲིད་པ་རེད།
དེ་ཚོ་ཚང་མར་རེ་རེ་བཞིན་ངོས་བཟུང་ནས་ངས་
འཛིན་གྲྭའི་ནང་བསླབས་ཚར་བ་ཡིན།
སང་ཉིན་ཁྱེད་རང་རྒྱུགས་འཕྲོད་
དང་མ་འཕྲོད་ཇི་ལྟར་རུང་ཞེས་གཡུགས་བཞག་པ་ཡིན་ན།
དགེ་རྒན་གྱི་
ལས་འགན་ནམ་ཡོངས་འཛིན་གྱི་ལས་འགན་ཆ་ཚང་བ་མ་བསྒྲུབས་པ་རེད་ བསམ་གྱི་འདུག
ཡོངས་འཛིན་གྱི་ལས་འགན་ནང་བསླབས་པའི་རྗེས་སུ་
དཀའ་ངལ་གང་དང་གང་ཞིག་འཕྲད་པ་དེ་ཚོ་ཚང་མར་གདོང་ལེན་བྱེད་ རྒྱུའི་ཐབས་ཤེས་གནང་དགོས་པ་དེ་མེད་དུ་མི་རུང་བའི་གནས་སྟངས་ཤིག་ ཆགས་ཀྱི་ཡོད་རེད།
ངས་བསྐྱར་ཞིབ་བྱས་ཏེ་ཞུས་ན།
སྣང་བསྐྲུན་རྒྱུ་དང་།
ཐོག་མ་དེར་དོ་སྣང་མེད་པ་ལ་དོ་
གཉིས་པ་སློབ་ཚན་གང་ཞིག་ཡིན་ཡང་ཡག་པོ་བྱས་
ཏེ་བསླབ་རྒྱུ་དེ་ལས་འགན་གཉིས་པ་རེད། བསླབས་པའི་རྗེས་སུ་ཕྲུ་གུས་དེ་
དག་སློབ་སྦྱོང་བྱེད་པའི་སྐབས་སུ་ཤེས་རྒྱུར་དཀའ་ངལ་གང་ཞིག་འཕྲད་པ་ 176
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེ་ཚོ་ངོས་བཟུང་ནས་དཀའ་ངལ་དེ་ཚོ་སེལ་ཐབས་བྱེད་རྒྱུ། མངོན་རྟོགས་ རྒྱན་གྱི་ནང་སྦྱོར་ལམ་གྱི་རྗེས་ལ་རིགས་སླེབས་ཀྱི་རེད། རིགས་ཀྱི་སྐབས་སུ། དེ་ཡི་མི་མཐུན་ཕྱོགས་བོར་བ། །ཞེས་པའི་འགྲེལ་བཤད་དེ་གསལ་པོ་བྱས་ཏེ་
ཡོང་གི་ཡོད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་འཐོབ་རྒྱུའི་ས་ བོན་ཡོད་པ་དང་། རང་བཞིན་གནས་རིགས་དང་རྒྱན་གྱུར་གྱི་རིགས་ཡོད་
ན༑ ག་རེ་བྱས་ནས་སེམས་ཅན་རྣམས་སངས་རྒྱས་ཐུབ་ཀྱི་ཡོད་མ་རེད། དེ་ ལ་རིགས་ཀྱི་སྐྱོན་བཞི་ཞེས་པ་ཞིག་གསུང་གི་ཡོད་རེད། བ༑
རིགས་ཀྱི་སྐྱོན་བཞི་གསུངས་པ་དེ།
དེ་ཡི་མི་མཐུན་ཕྱོགས་བོར་
༑ཞེས་མི་མཐུན་ཕྱོགས་བོར་བའི་ནང་གང་དང་གང་ཡོད་པ་བསྡོམས་
བརྒྱབ་ན། དང་པོ་དེ་ཉོན་མོངས་མང་བ་ཞེས་པ་དེ་རེད། ཉོན་མོངས་མང་བ་ ཞེས་པ་དེ་དེ་རིང་སང་ཉིན་ཕྱི་གླིང་པའི་ལབ་སྟངས་ལྟར་བྱས་ན་
emotion
negative
ཞེས་པ་དེ་རེད། འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ།
ཁོང་ཁྲོ་ལ་སོགས་པ་རྣམས་བཟང་པོ་མ་ཡིན་པའི་ཉོན་མོངས་པའི་སེམས་ཀྱི་
ཚོར་བ་མང་པོ་ཡོང་བ་དེ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་། ཞེ་ སྡང་གི་གཉེན་པོ་བྱམས་པ།
རྟག་འཛིན་གྱི་གཉེན་པོ་མི་རྟག་པ་ལ་སོགས་
པ་སོ ་ སོ འི ་ ཉོ ན ་མོ ངས་གང་ཞི ག ་མངོན ་དུ་གྱུར་པ་མང་བ་ཡོ ད ་ཀྱང་དེ འི ་
གཉེན་པོ་བསྟེན་རྒྱུ་དང་། གཉིས་པ་གྲོགས་ངན་པ་ཞེས་པ་དེ་རེད། གྲོགས་ ངན་པ་ཞེས་པ་སྤྱིར་བཏང་སྤྱི་ཚོགས་ཀྱི་གནས་སྟངས་དང་།
ལྷག་པར་དུ་
སོ་སོས་ནམ་རྒྱུན་ནས་འབྲེལ་བ་བྱེད་ཡུལ་སློབ་ཕྲུག་སོགས་གང་ཞིག་ཡིན་ ནའང་དེ་ཚོ་བཟང་ཕྱོགས་ལ་འཁྲིད་མཁན་གྱི་གྲོགས་དང་། ངན་ཕྱོགས་ལ་ 177
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འཁྲིད་མཁན་གྱི་གྲོགས་བཅས་སྣ་ཚོགས་ཡོང་སྲིད་པས། ཡོངས་འཛིན་གྱི་ ལས་འགན་ནང་གང་ཡོད་རེད་ཅེ་ན། གྲོགས་ངན་པ་དང་མི་འཕྲད་པ་བྱས་ ཏེ་གྲོགས་བཟང་པོ་དང་འགྲོགས་འཇུག་རྒྱུའི་ཐབས་ཤེས་བྱེད་རྒྱུ་དེ་དེ་ཡི་ མི་མཐུན་ཕྱོགས་བོར་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།
གསུམ་
པ་ཕོངས་པ་ཞེས་པ་དེ་རེད། དེ་ནི་བཟའ་རྒྱུ་འཐུང་རྒྱུ་ལ་སོགས་པའི་མཐུན་ རྐྱེན་མ་འཛོམས་པ་སྣ་ཚོགས་ཡོང་སྲིད་པ་རེད།
མ་འཛོམས་པ་ནི་དེ་རིང་སང་ཉིན་ཉུང་ཉུང་རེད།
དེ་ལྟ་བུའི་མཐུན་རྐྱེན་
ཡིན་ནའང་སློབ་ཚན་
བྱེ་བྲག་པ་ཞིག་ལ་དམིགས་བསལ་གྱི་སློབ་སྦྱོང་བྱེད་རྒྱུའི་འདོད་པ་ཡོད་ ཀྱང་། དེའི་མཐུན་རྐྱེན་མ་འཛོམས་པ་དང་། དེབ་མ་རག་པ། དགེ་རྒན་མ་
རག་པ། ས་མིག་མ་རག་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་རེད། དེ་ ལྟ་བུའི་ཕོངས་པའི་གནས་ཚུལ་དེ་སེལ་ཐབས་བྱས་པ་དེ་རེད། གཞན་གྱི་དབང་དུ་གྱུར་པ་སྟེ།
བཞི་པ་ནི་
དེ་རིང་སང་ཉིན་གྱི་གནས་ཚུལ་སྡུག་ཤོས་
ཤིག་རེད། ད་ལྟའི་མི་རབས་གསར་པ་ཚོས་འབ་སུ་ཁྱོན་ནས་མ་འདུས་པ་དེ་
གང་རེད་ཅེ་ན། རང་རང་གིས་རང་དབང་གི་བསམ་བློ་བཏང་ནས་རང་ཐག་
རང་གིས་གཅོད་རྒྱུའི་ནུས་པ་བརླག་ཚར་བའམ་འཕྲོག་ཚར་བ་རེད། སོ་སོས་ རང་དབང་གི་ཐོག་ནས་ཐག་གཅོད་བྱས་ན་ཁྲོམ་ར་གནས་མི་ཐུབ། དཔེར་ ན༑ ང་ལ་ལྷམ་ཆ་གཅིག་ཡོད་ན་དེས་ལོ་གཅིག་འདང་གི་རེད་བསམ་པའི་
རང་དབང་གིས་ཐག་གཅོད་བྱེད་ཐུབ་ན་གཞན་དག་དེ་ཉོ་བར་འགྲོ་ཡི་མ་
རེད། དེ་བཞིན་ཁ་ལག་ཅིག་ཡིན་ནའང་ངའི་གཟུགས་པོར་འདི་འཕྲོད་ཀྱི་
ཡོད། འདི་ཙམ་བཟའ་དགོས་ཡོད་སོགས་གཟུགས་པོར་འཕྲོད་ངེས་བཞིན་
བཟའ་བསམ་པའི ་ རང་ཐག་རང་གི ས ་གཅོ ད ་རྒྱུའི ་ བསམ་བློ ་ ཞི ག ་ཡོ ད ་ 178
ན༑
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དྲིལ་བསྒྲགས་སོགས་གང་ཞིག་བྱས་ཀྱང་ཁོ་པས་དེའི་ནང་འགྲོ་ཡི་མ་
རེད། དེ་རིང་སང་ཉིན་བཟའ་རྒྱུ་དང་། འཐུང་རྒྱུ་མང་ཆེ་བ་ཞིག་གཟུགས་
མཐོང་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་དྲིལ་བསྒྲགས་བྱེད་ཀྱི་ཡོད་རེད།
གཞན་ལྟ་ཅི་སྨན་དང་བཅས་པ་ཚང་མ་དྲིལ་བསྒྲགས་རང་གི་ཐོག་ལ་ཕྱིན་
ནས་དེ་རིང་ཁ་སང་རྒྱ་གར་ལ་ཆ་མཚོན་ན་ལྷའི་སྐུ་འདི་འདྲ་ཞིག་ཉར་ན་ ཁྱེད་རང་རྒྱུ་ཆེན་པོ་ཆགས་ཀྱི་རེད།
སྲུང་བ་དེ་འདྲ་ཞིག་བཏགས་ན་ཁྱེད་
རང་བརྡབ་ཀྱི་མ་རེད་ཟེར་བ་སོགས་ཚང་མ་དྲིལ་བསྒྲགས་ནང་ཡོང་བཞིན་
འདུག
དྲིལ་བསྒྲགས་དེའི་དབང་གིས་རང་དབང་གི་བསམ་བློ་དེ་མེད་པ་
ཆགས་ཀྱི་ཡོད། དེར་བརྟེན་ཉོན་མོངས་མང་བའི་མི་མཐུན་པའི་ཕྱོགས་ལས་
ཇི་ལྟར་ལྡོག་དགོས་པ་དང་། གྲོགས་ངན་པའི་མི་མཐུན་པའི་ཕྱོགས་ནས་ཇི་ ལྟར་ལྡོག་དགོས་པ། མཐུན་རྐྱེན་གྱིས་ཕོངས་པའི་མི་མཐུན་པའི་ཕྱོགས་ལས་ ཇི་ལྟར་ལྡོག་དགོས་པ།
རང་དབང་བྲལ་བའི་བསམ་བློའི་མི་མཐུན་ཕྱོགས་
ལས་རང་གི་དགོས་མཁོ་དང་། ལེགས་ཉེས་ཀྱི་གནས་སྟངས་དེ་རང་གི་རྣམ་ འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་ཐག་གཅོད་བྱེད་ཐུབ་པ།
ཤེས་ཡོན་སྲིད་
བྱུས་ཀྱི་ནང་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་གྱི་དགོས་དམིགས་ཀྱི་ནང་ རང་དབང་དེ་ཞེ་དྲག་རྩལ་དུ་བཏོན་ནས་བྲིས་ཡོད་རེད། ང་ཚོའི་ཁ་ནས་བོད་ལ་རང་དབང་དང་།
རང་བཙན་དགོས་ཞེས་
བཤད་ཀྱི ་ ཡོ ད ་ཀྱང་སོ ་ སོ ་ རང་ཉི ད ་གང་འདྲ་བྱས་ཏེ ་ རང་དབང་བཞག་
དགོས་པ་དེ་སུས་ཀྱང་བསམ་བློ་གཏོང་གི་མི་འདུག རང་གི་རང་དབང་ཤོར་ ཚར་བའི་རྗེས་སུ་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་རྩོད་ཀྱི་ཡིན་ཟེར་ 179
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བ་སྐྱག་རྫུན་རེད།
སྔོན་ལ་སོ་སོ་རང་དབང་ཡོད་པ་ཞིག་ཡིན་ན་རང་གི་
བྱུང་རབས་རང་གིས་ཤེས་པ་དང་། རང་གི་རིག་པའི་གཞུང་ལུགས་ལ་རང་ གིས་དོ་སྣང་ཡོད་པ། རང་གི་གནས་བབ་དེ་རང་གིས་ཐག་གཅོད་བྱེད་ཐུབ་
པ་སོགས་བྱུང་ན། དེ་ནས་ངས་རྒྱལ་ཁབ་དང་མི་རིགས་ལ་རང་དབང་སྒྲུབ་ ཀྱི་ཡིན་ཞེས་ལབ་ན་རྣ་བར་འགྲོ་རྒྱུ་ཞིག་ཡོད་རེད།
དེ་ལྟར་མིན་པར་སོ་
སོ་བརྒྱ་ཆ་བརྒྱ་ཁྲོམ་རའི་འག ོ ་གཞན་དབང་དུ་ཕྱིན་པའི་མི་ཞིག་གིས་རང་
དབང་ཞེས་ལབ་པ་དེ་མིང་ཙམ་གྱི་རང་དབང་རེད་མ་གཏོགས་དོན་ལ་རང་ དབང་སྒྲུབ་རྒྱུའི་ཐབས་ཤེས་རྩ་བ་ནས་མེད་པ་རེད། བྱེད།
སེམས་མི་འགོང་བ་ཉིད་ལ་སོགས།
།དེ་ཡི་མི་མཐུན་ཕྱོགས་བོར་བ།
།ངོ་བོ་ཉིད་མེད་སོགས་སྟོན་
།རྣམ་པ་ཀུན་ཏུ་ཡོངས་འཛིན་
ཡིན། །ཞེས་པ་ལྟར་ཐོག་མར་བསམ་བློའི་ནང་དོ་སྣང་བསྐྲུན་རྒྱུ། དེའི་རྗེས་ སུ་སློབ་ཚན་ཡང་དག་པར་བསླབ་རྒྱུ། བསླབས་པའི་རྗེས་སུ་མི་མཐུན་པའི་ ཕྱོགས་ལས་སྲུང་རྒྱུ། དེ་དག་གསུམ་པོ་ཆ་ཚང་བ་ཞིག་གནང་ན་དགེ་རྒན་
ཙམ་དུ་མ་ཟད་ཡོངས་འཛིན་ཞེས་པ་ཆགས་ཀྱི་ཡོད་རེད། ད་དུས་ཚོད་ཀྱི་ཆ་ ནས་འདིར་མཚམས་འཇོག་ཞུ་ཡི་ཡིན། སྐར་མ་བཞི་བཅུ་དྲི་བ་དྲིས་ལན་བྱ་
རྒྱུའི་གོ་སྐབས་དགོས་ཀྱི་ཡོད་གསུངས་སོང་། ད་ལྟ་དུས་ཚོད་ཀྱི་ཆ་ནས་སྐར་
མ་སུམ་ཅུ་ལས་མ་ལྷག་པ་ལྟ་བུ་ཞིག་འདུག ཡིན་ནའང་ང་ཚོས་སྐར་མ་བཞི་ བཅུ་དྲི་བ་དྲིས་ལན་ལ་གཏང་ཐུབ་ཀྱི་རེད་བསམ་གྱི་འདུག་པས་བཀའ་འདྲི་
གང་ཞིག་གནང་རྒྱུ་ཡོད་ཀྱང་གསུང་རོགས་གནང་། ཐུགས་རྗེ་ཆེ། 180
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དྲི་བ་དྲིས་ལན།
༣
དྲི་བ་དང་པོ། རིན་པོ་ཆེར་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་ཚོགས་བཅར་
བ་ཚང་མའི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ངའི་དྲི་བ་ནི་ད་ལྟ་རིན་པོ་ཆེས་སོ་སོ་རང་ཉིད་ལ་རང་དབང་མེད་པ་ཡིན་ན་ རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཟེར་བ་ཁག་པོ་ཡིན་ཚུལ་གསུངས་
སོང་།
དེའི་གོང་དུ་རིན་པོ་ཆེས་བོད་ཤོར་བ་དེའང་ཁ་ཤས་ཀྱིས་བོད་ལ་
དེང་དུས་ཀྱི་ཤེས་ཡོན་མེད་པས་ཡིན་པའི་དགོངས་ཚུལ་ཡོད་ངེས་ཀྱང་དེ་
ལྟར་ཡིན་སྲིད་པ་དང་མི་སྲིད་པ་གཉིས་ཀ་ཡོད་རེད་གསུངས་སོང་། ང་ཚོ་ བཙན་བྱོལ་ལ་སླེབས་ནས་མི་ལོ་དྲུག་ཅུར་ཉེ་བ་ཞིག་འགྲོ་ཡི་ཡོད་པ་དེའི་
རིང་ལ་དེང་དུས་ཀྱི་ཤེས་ཡོན་གྱིས་ཁ་སྐོང་བྱེད་ཐུབ་ཡོད་དམ་མེད། གཞི་ རིམ་འོག་མའི་སློབ་ཚན་རྣམས་ད་ལྟ་ང་ཚོ་བོད་པའི་སྐད་ཡིག་ཐོག་ཡོད་ ཀྱང་། གཞི་རིམ་གོང་མའི་སློབ་ཚན་ཚང་མ་ཕྱིའི་སྐད་ཡིག་ཐོག་ཡོད་དུས་
ཕྱིའི་སྐད་ཡིག་གི་བྲན་གཡོག་ཆགས་ཡོད་དམ་མེད། བྲན་གཡོན་ཆགས་
ཡོད་ན་ང་ཚོར་རང་དབང་མེད་པ་གསལ་པོ་ཡིན་པ་དེའི་ཐོག་རིན་པོ་ཆེའི་ ལན།
དགོངས་ཚུལ་གང་ཡོད་དམ།
ཕྱི་རྒྱལ་གྱི་སྐད་ཡིག་གི་བྲན་གཡོག་ཏུ་ཚུད་དང་མ་ཚུད་དེ་གང་ཟག་རང་
རང་སོ་སོར་རག་ལུས་པ་ཞིག་རེད་མ་གཏོགས།
སྤྱི་ཡོངས་ཀྱི་སྒྲོམ་
གཞིའི་ཐོག་ནས་དེ་ཙམ་གྱིས་ཁྱད་པར་ཡོད་མ་རེད་བསམ་གྱི་འདུག
ང་
ཚོ་བཙན་བྱོལ་བའི་གནས་བབས་དེ་ལོ་ལྔ་བཅུ་ང་ལྔའམ་ང་དྲུག་གི་བྱུང་
བ་ལ་ཕྱི་བལྟས་བསློགས་ན། ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་ 181
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
འབྱོར་སྐབས།
ང་ཚོར་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་ཚང་བའི་
འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་སློབ་སྦྱོང་ཞིག་དགོས་ཀྱི་ཡོད་རེད་
ཅེས་དེའི་ཐོག་འབད་བརྩོན་གནང་བ་རེད། ཡིན་ནའང་ ༡༩༥༩ ལོར་ང་
ཚོས་བོད་མི་ན་གཞོན་ཚོར་གཞི་རིམ་སློབ་གྲྭ་བཙུགས་པའི་སྐབས་སུ་ཕྱི་ རྒྱལ་གྱི་སྐད་ཡིག་ལ་མ་བརྟེན་པར། བོད་སྐད་རང་གི་ཐོག་ནས་སློབ་ཚན་
ཚང་མ་བསླབ་ཐུབ་པའི་ནུས་པ་དང་མཐུན་རྐྱེན་རྩ་བ་ནས་མེད་སྟབས། སྐབས་དེར་ང་ཚོས་ཕྱི་རྒྱལ་གྱི་སྐད་ཡིག་ལ་མ་བརྟེན་རང་བརྟེན་ཆགས་
ཡོད། སློབ་སྦྱོང་གི་བརྒྱུད་ལམ་གྱི་སྐད་ཡིག་དེ་རྒྱ་གར་གྱི་ཡུལ་སྐད་ལས་
ཨིན་ཇི་བྱས་ན་ཡག་གི་རེད་ཅེས་སྲིད་བློན་ནེཧརཱུས་དགོངས་འཆར་ཕུལ་
བ་བཞིན།
བོད་མི་སྐྱབས་བཅོལ་བའི་སློབ་གྲྭ་ཚང་མའི་ནང་རྒྱ་གར་གྱི་
ཡུལ་སྐད་ཕར་བཞག་ནས་ཨིན་ཇིའི་སྐད་ཡིག་དེ་ང་རང་ཚོའི་སློབ་སྦྱོང་
གི་བརྒྱུད་ལམ་ལ་བདམས་པ་རེད། དེ་ལས་གཞན་པ་ཞིག་སྐབས་དེ་དུས་ བྱེད་རྒྱུ་མེད་པ་ཞེ་དྲག་གསལ་པོ་རེད།
ཡིན་ནའང་སྐབས་དེ་དུས་ནས་
ང་ཚོར་ནང་འགལ་མང་པོ་ཡོད་པའི་ཚོར་སྣང་དང་ཉམས་མྱོང་བྱུང་ཡོད།
དཔེར་ན། ༡༩༦༡ ལོའི་ལོ་མཇུག་ནས་ང་གཞི་རིམ་སློབ་གྲྭའི་དགེ་རྒན་ ཆགས་པ་རེད། དེ་དུས་ང་ཚོའི་སློབ་སྦྱོང་གི་བརྒྱུད་ལམ་དེ་ཨིན་ཇིའི་སྐད་ ཡིག་དང་། བོད་ཡིག་མ་གཏོགས་དེ་མིན་གྱི་སློབ་ཚན་སློབ་མཁན་གྱི་དགེ་
རྒན་ཚང་མ་རྒྱ་གར་བ་རེད། རྒྱ་གར་བའི་དགེ་རྒན་མང་ཆེ་བས་ཨིན་སྐད་
ཀྱི་བརྒྱུད་ལམ་ནས་སློབ་འཁྲིད་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་རེད།
ཁོང་ཚོ་སློབ་གྲྭ་འགྲིམས་ནས་ཡོང་དུས་སོ་སོའི་ས་ཁུལ་གང་ནས་ཡིན་པ་
དེའི་སྐད་སྦྱོང་གི་ཡོད་རེད། དཔེར་ན། ཀ་ཎ་ཌཱ་ཡིན་ན་ཀ་ཎ་ཌཱའི་སྐད་ནས་ 182
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྦྱངས་པ་རེད། ཡུ་པི་བི་ཧཱར་བ་ཡིན་ན་ཧིནྡཱི་ནས་སྦྱངས་པ་ཤ་སྟག་རེད། དེས་ང་ཚོར་དཀའ་ངལ་ཡོད་པ་ཞེ་དྲག་གསལ་པོ་ཆགས་པ་རེད།
ཡིན་
ནའང་དེའི་སྐབས་ང་ཚོར་སྤོབས་པ་བྱེད་འོས་པའི་གནས་ཚུལ་ཞིག་ག་
རེ་ཡོད་རེད་ཅེ་ན།
བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་དེ་ཚོ་སློབ་
ཚན་གལ་ཆེ་བ་ཞིག་གི་ངོ་བོར་བསླབ་རྒྱུ་སྐབས་དེ་དུས་ནས་འགོ་ཚུགས་
པ་རེད། དེའི་དབང་གིས་ང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་སྐད་ཡིག་གཞན་གྱི་ དབང་སྒྱུར་འོག་མ་ཚུད་པའི་ཐབས་ལམ་བྱས་པ་རེད།
དེ་ནས་བདུན་ཅུ་
དོན་གྲངས་དང་བརྒྱད་ཅུ་གྱ་གྲངས་ཏེ་ལོ་གང་འཚམས་ཕྱིན་པའི་རྗེས་སུ་ ད་ཆ་ང་རང་ཚོར་མཐུན་རྐྱེན་འཛོམས་ཀྱི་འདུག་སྟབས། ང་ཚོའི་སློབ་སྦྱོང་
གི་བརྒྱུད་ལམ་དེ་བོད་སྐད་ལ་བསྒྱུར་དགོས་ཀྱི་འདུག་ཅེས་དང་། བསྒྱུར་ རྒྱུ་ཡོད་མ་རེད། བསྒྱུར་ཐུབ་ཀྱི་མ་རེད་ཟེར་བ་བཅས་བསམ་ཚུལ་མི་འདྲ་ བ་གསུམ་བྱུང་བ་རེད།
བསམ་ཚུལ་མི་འདྲ་བ་གསུམ་གྱི་ནང་ནས་ད་ལྟ་
བར་དུ་ང་ཚོས་བསྒྱུར་ཐུབ་ཡོད་མ་རེད། ཡིན་ནའང་ཤེས་ཡོན་སྲིད་བྱུས་
དེ་ལམ་ལྷོང་བྱུང་ནས་མ་འོངས་པར་ལག་བསྟར་ཐུབ་པའི་དབང་དུ་བཏང་
ན༑
སློབ་སྦྱོང་གི་བརྒྱུད་ལམ་དེ་བོད་སྐད་ལ་བྱས་ནས་གཞི་རིམ་གྱི་སློབ་
ཚན་ཡོངས་རྫོགས་བོད་པའི་སྐད་ཡིག་གི་ཐོག་ནས་བསླབ་ཐུབ་པ་དང་།
ཕྱི་རྒྱལ་གྱི་སྐད་ཡིག་གཅིག་གཉིས་གསུམ་ག་ཚོད་བསླབས་ནའང་དེ་དག་ སྐད་ཡིག་རང་གི་ངོ་བོའི་ཐོག་ནས་ཟུར་སྦྱོང་བྱས་ཏེ་བསླབ་རྒྱུ་མ་གཏོགས།
སློ བ ་ཚན་གྱི ་ བརྒྱུད་ལམ་ཐོ ག ་ནས་བསླབ་མི ་ དགོ ས ་པ་ཤེ ས ་ཡོ ན ་སྲི ད ་ བྱུས་ནང་ཡོད་རེད། ཡིན་ནའང་དེ་དུས་ཇི་ཙམ་ཞིག་ལ་ལག་བསྟར་ཐུབ་ཀྱི་ ཡོད་པ་དེ་ད་ལྟ་ལབ་རྒྱུ་ཁག་པོ་རེད། ཁ་ཤས་ཀྱིས་སློབ་དེབ་ཀྱིས་འདང་ 183
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གི་མ་རེད་དགོངས་སྲིད་ཀྱང་སློབ་དེབ་ཀྱིས་འདང་པ་བཟོ་རྒྱུ་ལས་སླ་པོ་ རེད།
ཡིན་ནའང་སློབ་དེབ་ལས་སློབ་ཚན་ཚང་མ་བོད་སྐད་ཀྱི་བརྒྱུད་
ལམ་ཐོ ག ་ནས་བསླབ་ཐུབ་པའི ་ དགེ ་ རྒན་གྱི ས ་འདང་རྒྱུ་དེ ་ བས་དཀའ་ ངལ་ཆེ་བ་ཆགས་ཡོད་རེད་བསམ་གྱི་འདུག
གནས་བབ་རེད།
དེ་ནི་ང་ཚོ་བཙན་བྱོལ་གྱི་
བོད་ནང་གི་གནས་བབ་ལ་ཆ་བཞག་ན་དེ་བས་ཀྱང་སྐྱོ་བ་ཞིག་རེད།
ད་
ལྟའི ་ རྒྱ་ནག་མི ་ མང་སྤྱི ་ མཐུན་རྒྱལ་ཁབ་ཀྱི ་ འགོ ་ ཁྲི ད ་ཚོ འི ་ བསམ་བློ འི ་
ནང་། བོད་ཀྱི་སྐད་ཡིག་དང་བོད་ཀྱི་ལེགས་བྱང་རྩ་མེད་མ་ཕྱིན་གྱི་བར་དུ་
བོད་པའི་སྤྱི་ཚོགས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་སིམ་རྒྱུ་ཧ་
ལམ་དཀའ་ལས་ཁག་པོ་རེད་བསམ་གྱི་ཡོད་རེད། ཆོས་དང་རིག་གཞུང་
དེ་ཁ་བྲལ་གྱི་གཞི་རྩ་ཡིན་པ་དང་། སྐད་ཡིག་ཀྱང་ཁ་བྲལ་གྱི་གཞི་རྩ་ཡིན་ པ་ཞིག་བསམ་བློ་གཏོང་བཞིན་ཡོད་པ་དང་།
ད་ལྟ་ནུབ་ཕྱོགས་ལ་ཡོད་
པའི་རྒྱ་མི་ཁ་ཤས་ཀྱིས་བར་ལམ་རྩོམ་མང་པོ་བྲིས་འདུག་པ་གཅིག་བྱས་
ན་ཁྱེད་རང་ཚོས་ཐུགས་སྣང་བྱུང་ཡོད་ཀྱི་རེད། རྒྱ་ནག་གི་འདས་པའི་བྱུང་
རབས་ནས་བཟུང་སྐད་ཡིག་གི་གཉའ་གནོན་གྱི་ལམ་སྲོལ་ག་དུས་དར་བ་ རེད། ད་ལྟ་གང་འདྲ་བྱེད་ཀྱི་ཡོད་རེད། ད་ལྟ་ནས་བརྩིས་པའི་ལོ་བརྒྱའི་
རྗེས་སུ་བོད་ཀྱི་ནང་ཆོས་དང་སྐད་ཡིག་རྩ་བརླག་ཏུ་མ་ཕྱིན་ཡང་ད་ལྟའི་ གནས་སྐབས་ལ་ཡོད་པའི་ གལ་གནད་དེ་ མེད་པ་ཆགས་རྒྱུ་ཡིན ་པ་ཞེ ་
དྲག་གསལ་པོ་རེད་ཅེས་ཁོང་ཚོས་ཚོད་དཔག་བྱེད་ཀྱི་འདུག་སྟབས། བོད་ ཀྱི་ནང་ལ་ཡོད་པའི་བོད་མི་ཚོའི་གནས་བབ་ཀྱི་ཐོག་ལ་ང་ཚོར་སེམས་ 184
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཁྲལ་ཆེ་བ་ཡོད་རེད། ད་ལྟ་ཁྱེད་རང་གི་སྐད་ཡིག་གཞན་པའི་བྲན་གཡོག་
ལ་འགྲོ་ཡི་རེད་དམ་མ་རེད་ཅེས་པའི་དྲི་བ་དེར་བོད་ནང་སྐད་ཡིག་གཞན་ གྱི་བྲན་གཡོག་ལ་བཙན་དབང་གིས་འཇུག་རྒྱུའི་འབད་བརྩོན་འགྲོ་བཞིན་
པ་དེ་གསལ་པོ་མཐོང་བཞིན་པ་རེད།
དེ་དག་མཚམས་བཅད་ཐུབ་ཀྱི་
ཡོད་མེད་ཚོད་དཔག་བྱེད་རྒྱུ་ཁག་པོ་རེད། རང་དབང་ལུང་པའི་ནང་ཡོད་ པའི་མི་དེ་ཚོའི་ནང་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ནུབ་ཕྱོགས་ཀྱི་
རྒྱལ་ཁབ་ཁག་ནང་ཁ་འཐོར་དུ་ཡོད་པའི་མི་དེ་ཚོའི་བུ་ཕྲུག་ཚོས་རང་གི་ ཕ་སྐད་རྩ་བ་ནས་མ་ཤེས་པ་ཡོང་མི་སྲིད་པ་མིན་པ་དེ་ཧ་ཅང་གསལ་པོ་
རེད། ཡིན་ནའང་སོ་སོར་དོན་གཉེར་ཡོད་པའམ། གང་ཟག་རང་རང་སོ་
སོའི་ཕ་མ་དང་། ཕྲུ་གུའི་འབད་བརྩོན་གྱི་བསམ་ཚུལ་ཡོད་ན། སྐད་ཡིག་ གཞན་གྱི་བྲན་གཡོག་ལ་མ་ཚུད་པར་བསྡད་ཐུབ་པའི་ཐབས་ཤེས་ཡོད་ པ་གསལ་པོ་རེད།
དྲི་བ་གཉིས་པ། ངས་རིན་པོ་ཆེར་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་
དང་འཚམས་འདྲི་ཞུ་རྒྱུ་ཡིན། གོང་དུ་རིན་པོ་ཆེའི་བཀའ་སློབ་ནང་། ཐོག་
མར་བཙན་བྱོལ་དུ་དགེ་རྒན་འོས་སྦྱོང་འཚོག་སྐབས་དེང་དུས་ཀྱི་མཁས་ དབང་ཚོས་གསུངས་པ་དེ་ཚོ།
ཧོབ་དེ་ཁ་ལ་གཟིགས་དུས་འདི་ཡང་
གསར་པ་ཞིག་རེད་འདུག དེ་ཡང་གསར་པ་ཞིག་རེད་འདུག་སོགས་མང་
པོ་ཞིག་ཡོང་གི་འདུག འོན་ཀྱང་ཉིན་གཉིས་ཙམ་རྗེས་འདི་ཡང་སྲོལ་རྒྱུན་ ནང་འདུག དེ་ཡང་སྲོལ་རྒྱུན་ནང་འདུག་ཅེས་ར་འཕྲོད་རྒྱུའི་ཚོར་སྣང་བྱུང་ གསུངས་སོང་།
དེར་བརྟེན་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་དབར་ 185
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཁྱད་པར་ག་རེ་ཡོད་དམ།
ལན། སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་དབར་གྱི་ཁྱད་པར་དེ་ཤེས་ ཡོན་སྲིད་བྱུས་ཡག་པོ་ཞིག་ཀློག་གནང་ན།
དེའི་ནང་གང་འཚམས་ཞིབ་
ཚགས་བྱས་ཏེ་འཁོད་ཡོད་རེད། དེ་ཞིབ་ཕྲ་བཤད་དགོས་བྱུང་ན་སྐར་མ་
ཁ་ཤས་ནང་རྫོགས་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། སྲོལ་རྒྱུན་དང་
དེང་རབས་ཞེས་པ་ག་རེ་ལ་ལབ་ཀྱི་ཡོད་པ་དེ་གཉིས་ཀྱི་མཚན་ཉིད་ཤེས་ དགོས་པས་ཏོག་ཙམ་རྙོག་དྲ་ཚ་པོ་རེད། དཔེར་ན། ད་ལྟ་ང་ཚོས་སྲོལ་ རྒྱུན་ཟེར་བ་ཨིན་ཇིའི་སྐད་ལ་ tradition དང་། དེང་རབས་ཞེས་པ་
ern/modernity
ཨིན་སྐད་ནང་ རེད།
mod-
ཞེས་པའི་ཚབ་ལ་བེད་སྤྱོད་གཏོང་གི་ཡོད་པས། བྱས་ཙང་
modernity
contemporary
པ་གང་ཡང་མེད།
དང་།
contemporary
གང་ཡིན་པ་དེ་
contemporary
modernity
ཡིན་པ་
གཉིས་རྦད་དེ་ཐ་དད་
ཡིན་དགོས་པའི་ཁྱབ་
modernity
མ་ཡིན་པ་ཡོད་
རེད། modernity ཞེས་པའི་ཚིག་དེའི་དོན་བཤད་རྒྱུ་ཏོག་ཙམ་རྙོག་དྲ་ཚ་པོ་
རེད། མཁས་དབང་སརཎ་གྱིས་ is synonymous to modernity
Novelty, self grounding and violence
ཞེས་ཚིག་བཞིའི་ནང་བསྡོམས་བརྒྱབ་ནས་
གསུངས་ཡོད་པ་ལྟར་བྱས་ན་སྟབས་བདེ་པོ་ཡོད་རེད། སྔོན་མ་དཔེ་ལྟ་ས་མེད་པ་གསར་པ་ཞིག་དང་།
novelty
self grounding
ཞེས་པ་ ཞེས་པ་
རྐང་པ་གཞག་ས་གང་ཡང་མེད་པ་སོ་སོའི་མགོ་དང་མཇིང་པའི་སྒང་དུ་
ལངས་པའི་བཟོ་འདྲ་པོ་དང་། འཚེ་བ་ violence བཅས་དེ་གསུམ་འཛོམས་ སོང་ན་modernity དང་དོན་གཅིག་རེད་ཅེས་གསུང་གི་ཡོད་རེད། 186
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
སྲོལ་རྒྱུན་ཞེས་པ་དེའང་སིངྒ་ལའི་མཁས་དབང་ཀུམཱར་སྭམཱི་ཡིས་འགྲེལ་
བཤད་ཞིབ་ཚགས་བྱས་ཏེ་བསྐྱོན་པ་དེ་ཡག་ཤོས་འདྲ་པོ་རེད། སྲོལ་རྒྱུན་ གྱི་རྣམ་གཞག་དེ་ཚོ་མཁས་དབང་ན་སཱལ་
(Prof. Nasal)
དབང་སརཎ་གིས་ཞིབ་ཚགས་བྱས་ཏེ་གསུངས་ཡོད་རེད།
དང་། མཁས་
གང་ལྟར་
ལམ་དང་ལུགས་སྲོ ལ ་ལམ་འགྲོ་སྟངས་འདྲ་པོ ་ ཞི ག ་ལོ ་ བརྒྱ་ཕྲག་མང་ པོའི་རིང་བསྡད་ཀྱང་དེ་སྲོལ་རྒྱུན་ཡིན་པའི་ངེས་པ་མེད།
A custom or a
system perpetuated for thousand years does not necessarily become a tradition.
དེ་ཚོའི་ནང་ལུགས་སྲོལ་ངན་པ་ཡང་མང་པོ་ཡོད་རེད་ལ་དེ་
དག་མེད་པ་བཟོ་དགོས་པའི་གནས་སྟངས་མང་པོ་ཡོད་རེད།
སྲོལ་རྒྱུན་
ཞེས་པ་ག་པར་ལབ་ཀྱི་ཡོད་པ་དེ་ཕལ་ཆེར་ཤེས་ཡོན་སྲིད་བྱུས་ནང་ཡོད་ རེད་བསམ་གྱི་འདུག ཚད་མའི་སྐྱེས་བུ་ལས་བྱུང་བ་དང་། བར་མ་ཆད་ པའི་བརྒྱུད་རིམ་དང་ལྡན་པ།
རིགས་པའི་ཐོག་ནས་གཏན་ལ་འབེབས་
ནུས་པ་བཅས་གནས་ཚུལ་དེ་གསུམ་ཚང་ན་དེ་ལ་སྲོལ་རྒྱུན་ཟེར་གྱི་རེད་
ཅེས་བརྗོད། དཔེར་ན། ནང་པའི་སྲོལ་རྒྱུན་གང་འདྲ་ཞིག་ལ་ཟེར་གྱི་རེད་ ཅེ་ན།
པ་དང་།
ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་
སངས་རྒྱས་ནས་བཟུང་རང་གི་དྲིན་ཅན་རྩ་བའི་བླ་མའི་བར་དུ་
བརྒྱུད་པ་བར་མ་ཆད་པར་ཡོད་པ། སོ་སོའི་རིག་པའི་རྩལ་དང་རྒྱུ་མཚན་
གྱི་ཐོག་ནས་གཏན་ལ་འབེབས་ཐུབ་མཁན་དེ་འདྲ་ཞིག་བྱུང་ན་དེ་ལ་སྲོལ་ རྒྱུན་ཞེས་བརྗོད་པ་རེད། ཁྱེད་རང་གི་དྲི་བ་དེང་རབས་ཀྱི་ཤེས་ཡོན་དང་
སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་དབར་ཁྱད་པར་ག་རེ་ཡོད་རེད་ཅེས་པའི་
ལན་དེ ་ ངས་རྡོག་རྡོག་ཞུས་ན་ཏོ ག ་ཙམ་གོ ་ བདེ ་ པོ ་ ཆགས་ཀྱི ་ མ་རེ ད ་ 187
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བསམ་གྱི་འདུག དེར་བརྟེན་སྲོལ་རྒྱུན་ག་པར་ལབ་ཀྱི་ཡོད་པ་དང་། དེང་
རབས་ག་པར་ལབ་ཀྱི ་ ཡོ ད ་པ་དེ འི ་ གནས་ཚུལ་མདོ ར ་བསྡུས་ཤི ག ་མ་ གཏོགས་ཞིབ་ཚགས་གང་ཡང་བྱུང་མ་སོང་།
དེང་རབས་ཀྱི་ཤེས་ཡོན་
དེ་གནས་ཚུལ་ངོ་སྤྲོད་ཙམ་ཞིག་རེད་མ་གཏོགས་སོ་སོས་ངེས་པར་ཤེས་ དགོས་པ་དང་མྱོང་དགོས་པ་ཡོད་མ་རེད།
compilation of information
passing over information,
དེ་ལ་ education ཞེས་ལབ་ཀྱི་ཡོད་རེད།
ང་ཚོའི་བསླབ་པ་ཞེས་བརྗོད་དུས་གནས་ཚུལ་ཐོས་པ་ཙམ་གྱིས་མི་འགྲིག་
པར་ཤེས་དགོས་པ་དང་ཉམས་སུ་མྱོང་དགོས་ཀྱི་ཡོད།
ཤེས་པ་དང་ཆ་
བཞག་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སངས་རྒྱས་ཀྱིས། བསྲེགས་ བཅད་བརྡར་བའི་གསེར་བཞིན་དུ།
།ལེགས་པར་བརྟགས་ལ་ང་ཡི་
བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ངས་གང་བཤད་པ་དེ་ཁྱེད་
རང་གིས་མགར་བས་གསེར་ལ་བརྟག་དཔྱད་བྱས་པ་ནང་བཞིན་དཔྱད་
པ་གསུམ་གྱི་རིགས་པའི་ལམ་ནས་བརྟག་དཔྱད་བྱས་ཏེ། པར་ཁས་ལེན།
ཡིན་ན་ཡིན་
མ་ཡིན་ན་མ་ཡིན་པར་ཁས་ལེན་པ་མ་གཏོགས་སངས་
རྒྱས་ཀྱི ས ་གསུངས་པ་རེ ད ་ཅེ ས ་སངས་རྒྱས་ལ་གུས་ཞབས་ཡོ ད ་པའི ་
རྒྱུ་མཚན་གྱིས་དེ་ལ་ཆ་བཞག་ནས་འགྲོ་དགོས་མ་རེད་གསུངས་པ་དེ་ གནད་འགག་ཞེ་དྲག་ཆེན་པོ་རེད།
དེར་བརྟེན་མ་ཤེས་བར་དུ་ཆ་བཞག་
ནས་བསྡད་རྒྱུ་དེ་སྲོལ་རྒྱུན་གྱི་ཤེས་ཡོན་ལ་མེད། ཤེས་མ་དགོས་པར་ཆ་
བཞག་ནས་འགྲོ་རྒྱུ་དེ་དེང་དུས་གྱི་ཤེས་ཡོན་རེད། དཔེར་ན། འཇིག་རྟེན་
འདི་འབར་གས་ཆེན་པོ་ཞིག་བྱས་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ 188
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
རྟེན་གྱི་ཁམས་དེ་གྲུབ་པ་རེད་ཅེས་བཤད་ཀྱི་ཡོད་ལ། བཤད་པ་ནང་བཞིན་ ང་ཚོས་ཆ་བཞག་ནས་འགྲོ་ཡི་ཡོད་རེད།
ང་ཚོའི་རིགས་དེ་ཐོག་མར་
སྤྲ་དང་སྤྲེའུ་ནས་བྱུང་བ་རེད་ཅེས་ལབ་ཀྱི་ཡོད་པ་ལྟར་ང་ཚོ་རང་གིས་
བརྟག་དཔྱད་བྱེད་མ་དགོས་པར་ཡིན་ཤག་བྱས་ཏེ་ཆ་བཞག་ནས་འགྲོ་ ཡི་ཡོད་རེད།
རྨོངས་དད་ཅེས་པ་ཧ་མ་གོ་བར་ཡིན་ཤག་བྱས་ཏེ་ཆ་
བཞག་ནས་དེ་རང་ཡིན་དྲན་པ་ལ་ཟེར་གྱི་ཡོད་རེད། རྨོངས་དད་དེ་ཆོས་ ཀྱིས་མང་པོ་སྤེལ་ཡོད་ལ། དེང་རབས་ཀྱི་ཚན་རིག་གིས་དེ་ལས་མང་བ་
སྤེལ་ཡོད་རེད།
བྷོ་པཱལ་ (Bhopal) ས་གནས་ལ་མིའི་སྐོར་གྱི་འགྲེམས་སྟོན་ཁང་ (museum
of man)
ཟེར་བ་ཞིག་ཡོད་རེད། འགྲེམས་སྟོན་ཁང་དེའི་དབུ་ཁྲིད་ཀྱིས་
ང་དེར་ལྟ་སྐོར་ལ་འཁྲིད་སྐབས་ཐོག་མར་མི་དེ་ཚོ་རྐང་ལག་བཞི་ས་ལ་ བཙུགས་ནས་འགྲོ་ཡི་ཡོད་རེད། གང་འཚམས་ཤིག་ནས་ཕྲན་བུ་ལངས།
དེ་ནས་ཡར་ཆ་ཚང་ལངས་ནས་ད་ལྟ་མི་ཆགས་པ་རེད་ཅེས་འགྲེལ་བཤད་ རྒྱག་དུས།
ངས་ཁྱེད་རང་གིས་དེ་སྐོར་གང་འདྲ་བྱས་ཏེ་ཤེས་སོང་ཞེས་
དྲིས་པ་ཡིན། དེ་དག་དེབ་ཀྱི་ནང་ལ་ཡོད་རེད། ཌར་ཝིན་
Darwin
གྱིས་
ཆ་ཚང་ཞིབ་འཇུག་བྱས་པ་རེད་ཅེས་གསུང་གི་འདུག ཌར་ཝིན་གྱིས་ཞིབ་
འཇུག་བྱས་པ་དེ་ཁྱེད་རང་གིས་ར་འཕྲོད་སོང་ངམ་ཞེས་དྲིས་པ་ཡིན་ཏེ། ཞིབ་འཇུག་བྱེད་དགོས་ཡས་ཡོད་མ་རེད།
ཌར་ཝིན་གྱིས་ཆ་ཚང་ཞིབ་
འཇུག་བྱས་ཚར་བ་རེད་གསུང་གི་འདུག འོ་ན་ད་ལྟ་ཡོད་པའི་སྤྲེའུ་དེ་ཚོས་
སྡིག་པ་ག་རེ་བསགས་ནས་མི་མ་ཆགས་པ་རེད་ཅེས་དྲིས་པ་ཡིན། སྤྲེའུ་ 189
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
དེ ་ ཚོ ་ ཡར་རྒྱས་ཕྱི ན ་ནས་མི ་ ཆགས་པའམ་སྤྲེའུའི ་ གཟུགས་བབས་ཀྱི ་ གནས་སྟངས་དེ་ལ་མིའི་བར་དུ་འགྲོ་རྒྱུའི་ནུས་པ་ཞིག་ཡོད་ན། དེ་ནི་སྤྲེའུ་
ཡོངས་རྫོགས་ལ་ཡོད་དགོས་པ་ཞིག་རེད་མ་གཏོགས་ཁ་ཤས་ལ་ཡོད་
ཆོག་པ་དང་། ཁ་ཤས་ལ་ཡོད་མི་ཆོག་པ། ད་ལྟའི་སྤྲེའུ་དེ་ཚོ་མི་མ་ཆགས་
པའི་རྒྱུ་མཚན་འདི་རེད་ཟེར་བ་ཞིག་ཚན་རིག་པས་བཤད་ཡོད་དམ་ཞེས་ དྲིས་པར།
ལབ་སོང་།
དེའི་ཐོག་བསམ་བློ་བཏང་ཡོད་མ་རེད་ལ་ངས་ཤེས་ཀྱི་མེད་
དེ་ལྟ་བུ་ང་ཚོ་ཚང་མས་ཆ་བཞག་ནས་འགྲོ་ཡི་ཡོད་པ་དང་།
དེབ་ནང་ག་རེ་བྲིས་པ་དགེ་རྒན་གྱིས་བཀའ་གང་བཏང་གི་བཟོ་ལྟ་བུ་དེ་ནི་
དེང་རབས་ཀྱི་ཤེས་ཡོན་གྱི་སློབ་སྦྱོང་སྤྲོད་སྟངས་རེད། དེར་བརྟེན་ཐོས་པ་
ཙམ་གྱི་སློབ་སྦྱོང་དེ་ནི་ཐོས་བྱུང་གི་ཤེས་རབ་རེད། ཐོས་བྱུང་གི་ཤེས་རབ་
ནི་ང་ཚོ་སྲོལ་རྒྱུན་ནང་རང་གི་ཤེས་རབ་མིན་པར་གཡར་བའི་ཤེས་རབ་ རེད་ཅེས་གསུང་གི་ཡོད་རེད། ཐོས་བྱུང་གི་ཤེས་རབ་དེ་རང་གི་ཐོས་པའི་
དོན་ལ་བསམ་དགོས་པ་དང་། སྒོམ་དགོས་པ། གང་ཐོས་པའང་། ཇི་ལྟར་ ཐོས་པའི་དོན་ལ་རིགས་པ་བཞིས།
ཉིན་དང་མཚན་དུ་ཚུལ་བཞིན་རབ་
བརྟགས་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡིས། །རྣམ་ དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས་པ་བཞིན་དགེ་རྒན་
གྱིས་གང་བསླབས་པ་དེ་ལ་རིགས་པ་བཞི་ཡི་སྒོ་ནས་བརྟག་དཔྱད་བྱེད་
པ་དང་། དེའི་ནང་ནས་འཐད་སྒྲུབ་ཀྱི་རིགས་པ་དང་། དངོས་སྟོབས་ཀྱི་
རིགས་པའི་སྒོ་ནས་བརྟག་དཔྱད་བྱས་ཏེ་ཡིན་པ་དང་མིན་པ་རང་གིས་ངོ་
འཕྲོད་པ་བྱས་ཏེ་ཤེས་པར་བྱས། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེས།
བསམ་བྱུང་གི་ཤེས་རབ་སྐྱེས་ན་དེ་ནི་རང་གི་ཤེས་རབ་དེ་ཆགས་ཀྱི་ཡོད་ 190
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
པ་བཅས་ཁྱད་པར་རགས་པ་ཙམ་ཞུ་ན་འདི་འདྲ་ཞིག་རེད།
དྲི་བ་གསུམ་པ།
༣
ཐོག་མར་ལུང་རིགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་
༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་སྒོ་གསུམ་གུས་པ་ཆེན་པོས་འཚམས་
འདྲི་ཞུ་རྒྱུ་ཡིན།
དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་བའི་
བཤེས་གཉེན་ཚང་མར་འཚམས་འདྲི་ཞུ་ཡི་ཡོད།
ངས་དགེ་རྒན་གྱི་ཆེ་
མཐོང་སྐོར་ལ་བཀའ་འདྲི་ཞུ་འདོད་བྱུང་། དེང་སང་༸སྐྱབས་མགོན་རིན་པོ་
ཆེས་དབུས་པའི་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་མང་དག་ཅིག་གིས་
དགེ་རྒན་དེ་རྩ་ཆེན་པོ་ཞེ་དྲག་རེད་ཅེས་ཡོངས་གྲགས་གསུང་གི་འདུག ཡིན་ནའང་སློབ་གྲྭ་སོ་སོའི་ཁོར་ཡུག་དང་། དགེ་རྒན་རང་གི་ནོར་འཁྲུལ་ ཡིན་མིན་གསལ་པོ་ཤེས་ཀྱི་མི་འདུག་ཀྱང་། དགེ་རྒན་ཚོར་གུས་ཞབས་
དང་བརྩི་མཐོང་ཇེ་ཆུང་ཇེ་ཆུང་དུ་འགྲོ་ཡི་ཡོད་པའི་ཚོར་སྣང་བྱུང་། སློབ་ ཕྲུག་ཚོར་མ་འོངས་པར་ཁྱེད་རང་དགེ་རྒན་བྱེད་ཀྱི་ཡིན་ནམ་ཞེས་འདྲི་
དུས།
ང་དགེ་རྒན་བྱེད་ཀྱི་མིན་ཞེས་ཕྲུ་གུས་སེམས་ཁམས་ནང་ལའང་
དགེ་རྒན་ཞེས་པ་དེ་གནས་ཚད་དམའ་རུ་དམའ་རུ་འགྲོ་བཞིན་འདུག དེའི་
འཐུས་ཤོར་གཙོ་བོ་གང་གིས་འགྲོ་ཡི་ཡོད་པ་རིན་པོ་ཆེས་གསུང་རོགས་
གནང་ཞུ་རྒྱུ་ཡིན།
ལན། དྲི་བ་འདིར་ལན་རྒྱག་ཁག་པོ་མིན་ནམ་བསམ་གྱི་འདུག དགེ་རྒན་ལ་མཐོང་ མེད་པ་དེ་ག་རེ་བྱས་ནས་ཆགས་པ་རེད།
དགེ་རྒན་ལ་ཐོག་མར་དགེ་
ཕྲུག་གི་ས་ནས་མཐོང་ཡོང་དགོས་ཀྱི་ཡོད་རེད། དགེ་རྒན་དང་དགེ་ཕྲུག་
དབར་སྡོང་པོ་བཀོད་པའི་མདོ་ནས་གསུངས་པའི་སེམས་དགུའི་བསྟེན་ 191
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཚུལ་ལ་སོགས་པ་ནང་པའི་རིག་པའི་གཞུང་ལུགས་ནས་བཤད་པ་ནང་
བཞིན་གྱི་འབྲེལ་བ་ཞིག་ཆགས་པ་ཡིན་ན་ཆེ་མཐོང་རང་བཞིན་གྱིས་ཡོང་
གི་རེད།
ཡིན་ནའང་ད་ལྟའི་གནས་སྐབས་ལ་དགེ་རྒན་ལ་ཆེ་མཐོང་ཡོང་
གི་མི་འདུག་གསུངས་པ་དེ་ནི་གསར་པ་ཞིག་གང་ཡང་མིན་པར།
ལོ་ངོ་
སུམ་ཅུ་སོ་གྲངས་སྔོན་ནས་ཡོད་པ་ཞིག་དང་། དྲི་བ་དེའི་ལན་ད་བར་སྒྲིག་ འཛུགས་དང་། སྤྱི་ཚོགས་ཀྱི་སྒོ་ནས་རྒྱོབ་མ་ཐུབ་པར་ལུས་པ་ཞིག་རེད།
སྔོན་མ་ང་ཚོ་སྒྲིག་འཛུགས་ནང་ཡོད་དུས་དགེ་རྒན་གྱི་ཆེ་མཐོང་སྐོར་ལ་ བཞུགས་སྒར་ནང་གི་མཛད་སྒོའི་སྐབས་དང་།
༸སྐྱབས་མགོན་རིན་པོ་
ཆེའི་མཇལ་ཁ་ཞུ་དུས་བང་སྒྲིག་སྟངས་དེར་རྙོག་དྲ་ཞེ་དྲག་ཡོད་རེད། དགེ་
རྒན་རྣམས་གཞུང་ཞབས་ཚང་མའི ་ མཇུག་དེ ར ་བང་སྒྲི ག ་དགོ ས ་སམ། གཞུང་ཞབས་ཚོའི་སྔོན་ལ་བང་སྒྲིག་དགོས་སམ། གཞུང་ཞབས་ཀྱི་གནས་ རིམ་བྲེ་བྲག་པ་ཞིག་ནས་བང་སྒྲིག་དགོས་སམ་ཞེས། གྲལ་རིམ་དང་བང་
སྒྲིག་སྟངས་ཀྱི་ཐད་ལའང་ཆེ་མཐོང་གི་ཁྱད་པར་ཆེན་པོ་ཞིག་བོད་པའི་སྤྱི་ ཚོགས་ཀྱི་ནང་སྐད་ཆ་ཡོད་མུས་རེད། དགེ་རྒན་དེ་དག་དྲུང་ཆེའི་སྔོན་ལ་
འགྲོ་དགོས་རེད་ཟེར་ན་དྲུང་ཆེ་ཚོའི་རྣ་བར་འགྲོ་ཡི་ཡོད་མེད་གང་ཤེས། དགེ་རྒན་ཚོ་དྲུང་ཆེའི་རྗེས་སུ་འགྲོ་དགོས་རེད་ཟེར་ན་ད་ལྟའི་དྲུང་ཆེ་དེ་
ཚོ་སྔོན་མ་ང་ཚོའི་སློབ་ཕྲུག་རེད་ཅེས་ལབ་ཀྱི་རེད།
དེ་འདྲ་ཡིན་སྟབས་
གནས་སྟངས་དེ ་ ནི ་ སྤྱི ་ ཚོ ག ས་ཚན་རི ག ་དང་སྒྲི ག ་འཛུགས་ཚན་རི ག ་
ཐོག་ནས་བརྟག་དཔྱད་བྱས་ནས་ལན་རྒྱག་རྒྱུར་དཀའ་ལས་ཁག་པོ་རེད་ བསམ་གྱི་འདུག
192
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེང་རབས་ཀྱི་ཤེས་ཡོན་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་ལ་ཁྱད་པར་
གང་ཡོ ད ་རེ ད ་ཅེ ས ་བཀའ་འདྲི་གནང་བ་དེ ་ ལ་ད་ལྟའི ་ དྲི་བ་དང་མཉམ་ དུ་ལན་བརྒྱབ་ན་བསམ་བློའི་འདུ་ཤེས་མི་འདྲ་བ་ཞིག་ཡོད་རེད།
སྲོལ་
རྒྱུན་གྱི་ནང་དགེ་རྒན་ཚོར་ཕོགས་སྤྲད་ནས་དགེ་ཕྲུག་ལ་བསླབ་ཀྱི་ཡོད་ མ་རེད།
དགེ་ཕྲུག་ཚོས་དགེ་རྒན་ལ་གསོལ་བ་ཞབས་ཏོག་དང་སྐུ་ཡོན་
དེ་འདྲ་རྒྱ་གར་ལ་ཡིན་ན་གུ་རཱུ་དཀྵི་ཎ་ཟེར་བ་དེ་འདྲ་འབུལ་བའི་ལུགས་
སྲོལ་ཡོད་རེད་མ་གཏོགས།
ཟླ་རེར་ཕོགས་སྤྲད་ནས་ཕོགས་རིམ་ཡོད་
པ་དང་། ཐོབ་ཐང་གི་མཐུན་རྐྱེན་མང་པོ་ཡོད་པ། རྒས་ཡོལ་འགྲོ་རྒྱུ་དང་ རྒས་ཕོགས་ཡོད་པ་སོགས་མང་པོ་ཞིག་མེད་སྟབས། དེ་ཚོ་དང་འབྲེལ་བ་
ཆགས་དུས་དགེ་ཕྲུག་གི་བསམ་བློའི་འདུ་ཤེས་ནང་ག་རེ་ཡོད་རེད་ཅེ་ན།
ང་ཚོའི་སློབ་ཡོན་བསྡུ་ཆ་བརྒྱབ་པ་དེའི་ནང་ནས་ཁོང་ཚོར་ཕོགས་སྤྲད་ཀྱི་ ཡོད་རེད། གང་ལྟར་ཕོགས་སྤྲོད་མཁན་དེ་སྦྱིན་བདག་དང་། ཕོགས་ལེན་
མཁན་དེ་གཡོག་པོ་ཡིན་པ་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད། བཟོ་གྲྭའི་ བདག་པོ་ཞིག་གིས་མི་ཞིག་ལ་ཕོགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་དང་།
ཕོགས་ཆེ་ཆུང་ལ་མ་ལྟོས་པར་བཟོ་གྲྭའི་བདག་པོ་དེའི་གཡོག་པོ་ཡིན་པ་
རང་བཞིན་གྱི་བསམ་བློའི་ནང་སླེབས་རྒྱུ་ཞིག་རེད།
ལྷག་པར་དུ་ཕོགས་
ཆེ་ཆུང་གི་ཐོག་ནས་གནས་རིམ་གྱི་བསམ་བློ་ཡོད་རེད། མི་ཞིག་ཐུག་པ་
དང་ཁྱེད་རང་ལ་ཕོགས་ག་ཚོད་ཡོད། སོ་སོ་ལས་ཕོགས་ཆེ་བ་ཡིན་ན་ཁོ་ པ་ང་ལས་གནས་རིམ་ཆེ་བ་རེད་འདུག
སོ་སོ་ལས་ཕོགས་ཆུང་བ་ཡིན་
ན་ཁོ་པ་ང་ལས་གནས་རིམ་ཆུང་བ་རེད་འདུག་བཅས་གནས་རིམ་དེ་ཡོན་
ཏན་གྱི་ཆ་ནས་མ་བརྩིས་པར་ཕོགས་རིམ་གྱི་ཆ་ནས་བརྩི་རྒྱུའི་བསམ་ 193
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
བློའི་འདུ་ཤེས་ཤིག་ཡོད་རེད།
དེར་བརྟེན་ཇི་སྲིད་སློབ་ཕྲུག་གི་བསམ་
བློའི་འདུ་ཤེས་ནང་དགེ་རྒན་དེ་དག་བོད་པའི་སྔ་མོའི་སྐད་ལ་ལྟོ་ཟན་པ་
ཞེས་ཟེར་ཞིང་། གང་ལྟར་ལས་ཀ་ཞིག་བྱས་པའི་ཚབ་ལ་གླ་ཆ་ཞིག་སྤྲོད་ དུས། མེ་འཁོར་འབབ་ཚུགས་ཀྱི་ནང་དོ་པོ་དབོར་མཁན་ཚོས་དོ་པོ་དབོར་
ནས་གླ་ཆ་ལེན་གྱི་ཡོད་རེད། དོ་པོ་དབོར་འཇུག་མཁན་ཚོས་ངས་ཁོ་པར་
གླ་ཆ་སྤྲོད་ཀྱི་ཡོད་བསམ་གྱི་ཡོད་རེད། དོ་པོ་འཁྱེར་མཁན་དེས་ཀྱང་ངས་
གླ་ཆའི་དོན་དུ་ཁྱེར་བ་ཡིན་བསམ་པ་ཞིག་མ་གཏོགས་དེ་ལ་གུས་ཞབས་
ཡོང་རྒྱུའི་གཞི་རྩ་མེད་སྟབས་ཇི་སྲིད་ཀྱི་བར་དུ་ད་ལྟའི་སྒྲོམ་གཞི་འདིའི་ ནང་ལྟོ་ཟན་པའམ་ཕོགས་ལེན་མཁན་
(salaried service) བྱས་པའི་རིང་
ལ་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་ཡོངས་འཛིན་གྱི་འདུ་ཤེས་ལ་
བརྟེན་ནས་ཆེ་མཐོང་ཡོང་རྒྱུ་དེ་སྒྲིག་འཛུགས་དང་། སྤྱི་ཚོགས། སློབ་ཕྲུག་
སོགས་གང་ཐད་ནས་ང་ཚོས་རེ་འདུན་བྱས་ཀྱང་དེ་དག་ཆ་ཚང་ཡོང་རྒྱུ་
ཁག་པོ་རེད་བསམ་གྱི་འདུག སྲོལ་རྒྱུན་ལ་ཕར་ལོག་ནས་དགེ་རྒན་གྱིས་
དགེ་ཕྲུག་ལ་ཆོས་སྦྱིན་ཉོན་མོངས་ཅན་མིན་ནམ་གསུངས་པ་ནང་བཞིན་
གཞན་དོན་འབའ་ཞིག་གི་ཆེད་དུ་སློབ་སྦྱོང་སྤྲོད་མཁན་ནི་སྒྲིག་འཛུགས་
དང་དངོས་ཡོད་གནས་སྟངས་གཉིས་ཀའི་ཐོག་ནས་ཡོང་རྒྱུ་ཁག་པོ་རེད།
བསྡོམས་བརྒྱབ་ནས་ཞུས་ན།
དགེ་རྒན་སོ་སོའི་ངོས་ནས་དགེ་རྒན་གྱི་
འོས་ཆོས་ཚང་བའི་ཐབས་ཤེས་བྱས་པ་མ་གཏོགས། སྤྱི་ཚོགས་དང་སྒྲིག་
འཛུགས་ཀྱི་ནང་ནས་ཆེ་མཐོང་ཞིག་ཡོད་ན་ངས་དགེ་རྒན་གྱི་འོས་ཆོས་དེ་
ཚང་དགོས་པ་བྱེད་པ་དང་། ཆེ་མཐོང་ཞིག་མེད་ན་ངས་དགེ་རྒན་གྱི་འོས་ 194
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
ཆོས་དེ་ཚང་དཀའ་བ་ཡོང་རྒྱུ་དེ་འདྲའི་འདུ་ཤེས་དེ་མ་བཟུང་ན་ལེགས་
སྙམ། དགེ་རྒན་ཚོས་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ནང་ཆེ་མཐོང་ཡོང་ རྒྱུའི་རེ་བ་དེ་བློས་བཏང་མ་བྱས་ན། རེ་བ་དེ་ཡོངས་སུ་རྫོགས་པ་ཁེངས་
རྒྱུ་ད་ལྟའི་གནས་སྐབས་ལ་ཧ་ཅང་ཁག་པོ་རེད། རེ་བ་དེ་མ་ཁེངས་ན་ག་ དུས་ཡིན་ནའང་འདོད་པ་མ་ཁེངས་པའི་བསམ་ཚུལ་དེ་སྡོད་ཀྱི་རེད།
དེ་
ལྟར་བསྡད་པ་ཡིན་ན། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཞེས་ པ་ལྟར་དགེ་རྒན་གྱི་འོས་ཆོས་ཡོངས་སུ་རྫོགས་པ་ཞིག་ཚང་རྒྱུ་དཀའ་ ལས་ཁག་ཏུ་འགྲོ་ཡི་རེད། དེར་བརྟེན་ཆེ་མཐོང་སྐོར་གྱི་དྲི་བ་དེ་ངས་གོང་ དུ་ཞུས་པ་བཞིན་ལན་རྒྱག་རྒྱུ་ཁག་པོ་རེད།
དེའི་ལན་ལ་སྒུག་མ་བསྡད་
པར་དགེ་རྒན་ཡང་དག་པ་ཞིག་གནང་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་ བ་ཡིན་ན་སྟབས་བདེ་ཡི་རེད་བསམ་གྱི་འདུག
དྲི་བ་བཞི་པ། ཐོག་མར་རིན་པོ་ཆེར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རིན་པོ་ ཆེ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་བསྐྱོན་
མཁན་ཐོག་མ་དེ་ཡིན་སྟབས།
རིན་པོ་ཆེས་ཟིན་བྲིས་བསྐྱོན་སྐབས་ལོ་
ཇི་ཙམ་ཞིག་ལ་ལག་ལེན་འཐུས་ཚང་ཞིག་བསྟར་ཐུབ་པའི་དམིགས་ཚད་
བཟུང་ཡོད་དམ་ཞེས་ཞུ་རྒྱུ་ཡིན།
ལན། ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ངས་བརྒྱབ་པ་མ་རེད། ཟིན་བྲིས་ཚོགས་ ཆུང་སྔ་ཕྱི་བྱས་ཏེ་ཚང་མས་ཕ་རུབ་བུ་རུབ་བྱས་ཏེ་ཟིན་བྲིས་བརྒྱབ་པ་ ཞིག་རེད། ཡོད་རེད།
དེའི་ནང་བསམ་ཚུལ་ལ་སོགས་པ་ནི་ཞལ་འདེབས་མང་པོ་
ལྷག་པར་དུའང་ཤེས་ཡོན་སྲིད་བྱུས་ཀྱི་དེབ་ནང་གཟིགས་ན་ 195
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ཟིན་བྲིས་རིམ་པ་ཇི་ཙམ་བརྒྱབ་པ་དང་།
དགེ་རྒན་ཚོགས་འདུ་ཇི་ལྟར་
འཚོགས་པ། རྒྱལ་སྤྱིའི་ཆེད་ལས་མི་སྣ་ཇི་ཙམ་འཛོམས་པ། རྒྱ་གར་གྱི་
ཆེད་ལས་མི་སྣ་ཇི་ཙམ་འཛོམས་པ་བཅས་ཀྱི་བྱུང་རིམ་གསལ་པོ་ཡོད་ བསམ་གྱི་འདུག
དེ་དུས་ང་ཚོས་ལོ་དེ་འདྲ་ཞིག་གི་ནང་ལག་བསྟར་ཐུབ་
ཀྱི་རེད་བསམ་པའི་དམིགས་ཚད་བཟུང་ཐུབ་མེད། སྤྱི་འཐུས་ལྷན་ཚོགས་ ཀྱིས་གཏན་ལ་ཕབ་པ་རེད། གཏན་ལ་འབེབས་སྐབས་ཀྱང་འགོ་འཛུགས་
ནམ་ཞིག་བྱེད་ཀྱི་རེད་ཅེས་བྲིས་ཡོད་པ་མ་གཏོགས་དེ་དག་ཡོངས་སུ་
རྫོ ག ས་པ་ལག་བསྟར་ཐུབ་པའི ་ དམི ག ས་ཚད་བཟུང་དགོ ས ་ཞེ ས ་བྲི ས ་
མེད། དེ་ནི་ཚོད་དཔག་བྱེད་ཁག་པོ་ཞིག་རེད། ཚོད་དཔག་བྱེད་དཀའ་བའི་
རྒྱུ་མཚན་ཡང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་རྒྱུར་སློབ་དེབ་ཀྱིས་
མ་འདང་ན་སློབ་དེབ་འབྲི་ཆོག་གི་རེད། དཔར་རྒྱག་ཆོག་གི་རེད། མཐུན་
རྐྱེན་གྱིས་མ་འདང་ན་དེ་རིང་སང་ཉིན་ང་ཚོ་བོད་པ་ཚོས་མཐུན་རྐྱེན་སློང་ རྒྱུར་ཞེ་དྲག་མཁས་པོ་ཆགས་ཡོད་པས། རང་མེད་གཞན་འཚོལ་བྱས་ཏེ་ མཐུན་རྐྱེན་སློང་ཆོག་གི་རེད།
ཕྱིའི་མཐུན་རྐྱེན་གང་འདྲ་ཞིག་ཡིན་ཡང་
སྒྲུབ་ཐུབ་ཀྱང་དེའི་ནང་ནས་གལ་གནད་ཆེ་ཤོས་དེ་དགེ་རྒན་དབུས་སུ་ བཞག་པའི་སྲིད་བྱུས་ཤིག་ཡིན་པར་སོང་། ཤེས་ཡོན་སྲིད་བྱུས་ཆ་ཚང་ ལག་བསྟར་གནང་ཐུབ་པའི ་ དགེ ་ རྒན་ཚད་ལྡན་ཚང་འཛོ མ ས་ག་དུས་
ཡོང་གི་རེད།
དེ་ཚོ་ཚོད་དཔག་བྱེད་རྒྱུ་ཁག་པོ་བྱེད་ཀྱི་རེད།
དེ་དག་
ཚོད་དཔག་བྱེད་རྒྱུ་དཀའ་ལས་ཁག་པོ་ཇི་ཙམ་ཡིན་པ། དཔེར་ན། དཔེ་
སྟོན་སློབ་གྲྭར་གཟིགས་ན་ད་ཆ་ལོ་ངོ་བཅུ་ཡས་མས་ཤིག་འགྲོ་ཡི་ཡོད་
རེད། དེའི་ནང་དགེ་རྒན་ཇི་ཙམ་བརྗེ་པོ་བརྒྱབ་འདུག ལོ་གྲངས་མང་ཤོས་ 196
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དེ་ཡང་ལོ་བརྒྱད་དགུ་ཙམ་བཞུགས་ཡོད་ཀྱི་རེད།
༣
དེ་མིན་ལོ་ངོ་གཉིས་
གསུམ་བཞི་ཙམ་ནང་ལམ་སང་བརྗེ་པོ་ཐེབས་འགྲོ་ཡི་ཡོད་རེད།
དགེ་
རྒན་ཞིག་ལ་སྦྱོང་བརྡར་དང་ལམ་སྟོན་ཕུལ་ནས་ཤེས་ཡོན་སྲིད་བྱུས་ལག་
བསྟར་བྱེད་རྒྱུའི་ནུས་པ་གང་ཙམ་སླེབས་པའི་སྐབས་སུ་གཤོག་པ་འདྲ་ ཞིག་ཐོགས་ནས་འཕུར་འགྲོ་ཡི་རེད། དེར་བརྟེན་དགེ་རྒན་གྱི་མཐུན་རྐྱེན་
འཛོམས་པ་དེ་ལོ་འདི་འདྲ་ཞིག་གི་ནང་ཡོང་གི་རེད་ཅེས་མཚམས་ཚིགས་
གཅོད་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད།
ཡིན་ནའང་སྒྲིག་འཛུགས་ཀྱི་གནས་
སྟངས་ཟུར་དུ་བཞག་ནས་དགེ་རྒན་སོ་སོའི་ངོས་ནས་དགོངས་པ་བཞེས་ པ་ཡིན་ན་ཐུགས་སྟབས་བདེ་བ་ཡོད་རེད་བསམ་གྱི་འདུག
དགེ་རྒན་སོ་
སོས་ངས་ང་རང་གི་འཛིན་གྲྭའི་ནང་སློབ་པའི་སྐབས་སུ་ཤེས་ཡོན་སྲིད་
བྱུས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་ཞིག་བསླབ་རྒྱུའི་གོ་སྐབས་
དེ་ག་དུས་ནས་འགོ་འཛུགས་ཐུབ་ས་རེད།
དེའི་དོན་དུ་ང་རང་གིས་ཇི་
ལྟར་གོ་སྒྲིག་བྱེད་དགོས་སམ། མ་འདང་བ་དང་འདང་བ་གང་འདུག ངས་
ལོ་གསུམ་དང་། ལོ་གཉིས། ཟླ་བ་གཅིག་གི་ནང་ཤེས་ཡོན་སྲིད་བྱུས་
དང་མཐུན་པ་ཞིག་ང་རང་གི་འཛིན་གྲྭའི་ནང་བསླབ་ཐུབ་ས་རེད་བསམ་
པ་ཞིག་བྱུང་ན་དེ་སོ་སོའི་དམིགས་ཚད་དེ་ཆགས་ཀྱི་རེད། དེ་མིན་བཙན་
བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཡོངས་སུ་རྫོགས་པའི་ནང་དུས་ཚོད་དེ་ འདྲ་ཞིག་ནས་ལག་བསྟར་ཐུབ་ཀྱི་རེད་ཅེས་དམིགས་ཚད་གཟུང་རྒྱུ་ཁག་ པོ་རེད། གལ་ཏེ་བཟུང་བ་ཡིན་ནའང་ལག་ལེན་ལ་འཁེལ་རྒྱུ་ཁག་པོ་རེད་ བསམ་གྱི་འདུག །
197
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
༄༅། །དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་ བའི་མཛད་སྒོར་སྩལ་བའི་བཀའ་སློབ།
༄༅།
1
།ཁྱབ་བདག་འཁོར་ལོའི་མགོན་པོ་༸གོང་ས་༸སྐྱབས་མགོན་རྒྱལ་
བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ ཕྱག་སྔོན་དུ་བཏང་སྟེ། པ་རྣམ་པ་དང་།
དེ་རིང་འདིར་འདུས་པའི་སྐྱབས་ཡུལ་དགེ་འདུན་
བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་
ཆེས་མཐོའི་མཛད་གཙོ་རྣམ་པ། སཾབྷོ་ཊ་དང་དཔེ་སྟོན་སློབ་གྲྭའི་ལས་ཀྱི་སྣེ་
མོར་གཏོགས་པ་རྣམ་པ། སློབ་ཕྲུག་རྣམ་པ། གཞན་ཡང་ཕྱོགས་མཐའ་ཁག་ ནས་འདུས་པའི་སྐུ་མགྲོན་རྣམ་པ་བཅས་ཚང་མར། ཐོག་མར་དེ་རིང་མེས་
དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་ དུས་ཆེན་འདིའི་ཐོག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་
སུ་༸ཞབས་སོར་འཁོད་པའི་སྐལ་བཟང་གི་དགའ་སྟོན་འདིར་འཚམས་འདྲི་
དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
1. ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་
བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག ༸སྐྱབས་རྗེ་སློབ་
དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྩལ་བའི་བཀའ་སློབ། 198
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
དེ ་ རི ང ་འདི ར ་གཏམ་བཤད་ཞུ་རྒྱུའི ་ གོ ་ སྐབས་ཐུང་ངུ་ཞི ག ་ཐོ བ ་པ་
འདིའི་ཐོག་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག འོན་ཀྱང་ང་རང་སྒེར་
དང་འབྲེལ་བ་ཡོད་པའི་དགོངས་སེལ་དང་། གསལ་བཤད། མཐོང་ཚུལ་ བཅས་ཞུ་རྒྱུ་ཡིན། ཐོག་མར་དགོངས་སེལ་ཞུ་རྒྱུ་ནི། བར་ལམ་ཕྱི་ནང་གི་མི་ སྣ་ཁག་དང་། ལྷག་པར་དཔེ་སྟོན་སློབ་གྲྭར་ཉམས་ཞིབ་ཆེད་ཕེབས་མཁན་ རྒྱ་གར་གྱི་མཁས་པ་རེ་འགས།
ཁྱེད་རང་བཀའ་ཤག་ལ་ཡོད་སྐབས་དཔེ་
སྟོན་སློབ་གྲྭ་འདིའི་ཁང་པའི་གནས་སྟངས་སྐྱོ་པོ་དང་། རྩེད་ཐང་ཡང་མེད་ པའི་ས་ཆ་ཧ་ཅང་གུ་དོག་པོ་ཞིག་ནང་གང་འདྲ་བྱས་ཏེ་བཙུགས་པ་རེད། དེ་ ནི་ནོར་འཁྲུལ་ཆེན་པོ་རེད་ཅེས་བརྗོད་མཁན་བྱུང་།
ད་ལྟ་ཕྱི་བལྟས་སློག་
སྐབས་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་འདུག སྐབས་དེ་དུས་འཕྲལ་ དུ་ཐོབ་ཐུབ་པའི་ས་ཁང་སྟོང་པ་འདི་མ་གཏོགས་མེད་པ་དང་།
གཞན་ནས་ས་གནས་དྷརྨ་ས་ལར་འགོ་འཛུགས་བྱེད་ཐུབ་པ་ཡིན་ན།
ཕྱོགས་
ང་
རང་དང་། ཕྱག་སྦྲེལ་ཤེས་རིག་བཀའ་བློན། གཞན་ཡང་དྷ་སར་ཡོད་པའི་
མཁས་དབང་ཚོས་ཡང་ཡང་གཟིགས་རྟོག་གནང་རྒྱུར་ཁྱད་པར་ཞིག་ཡོང་
གི་རེད་བསམས་ནས་བཙུགས་པ་རེད།
སྐབས་དེར་དཔེ་སྟོན་སློབ་གྲྭར་
འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ཉུང་ཤས་ལས་ཡོད་མ་རེད།
ཁྲལ་ལྟ་
བུར་ཕྱོགས་མཐའ་ཁག་ནས་འཁྲིད་ཡོང་བའི་སློབ་ཕྲུག་ཉུང་ངུ་ཞིག་ལས་ འགོ ་ བཙུགས་པ་ཡི ན ་སྟབས་ས་ཁུལ་དེ ་ འགྲི ག ས་པ་ལྟ་བུ་མཐོ ང ་བ་རེ ད །
བར་ལམ་ནས་དཔེ་སྟོན་སློབ་གྲྭར་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ཇེ་ མང་དུ་གྱུར་པར་སོང་ད་ལྟའི་ཆར་གུ་དོག་པོ་ཆགས་ཡོད་ཚོད་འདུག དེར་
བརྟེན་སྐབས་དེའི་འཛིན་སྐྱོང་གི་ངོས་ནས་ཕུགས་རྒྱང་རིང་པོར་བསམ་བློ་ 199
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གཏང་མ་ཐུབ་པའི་སྐྱོན་ཆ་བྱུང་བ་ངོས་ལེན་ཞུས་པའི་ཐོག་ནས་དགོངས་ སེལ་ཞུ་རྒྱུ་ཡིན།
གསལ་བཤད་ཞུ་རྒྱུ་ནི། བོད་པའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་
ཤེས་ཡོན་སྲིད་བྱུས་འདི་ངས་བཟོས་པ་ལྟ་བུར་དགོངས་ཀྱི་ཡོད་འདུག ཁྱེད་ རང་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དང་།
ཁྱེད་རང་གིས་བརྩམས་
པའི་ཤེས་ཡོན་སྲིད་བྱུས་ཞེས་འབྲི་མཁན་དང་གསུང་མཁན་མང་པོ་ཡོང་གི་
འདུག
ང་ཚོའི་བཀའ་ཤག་གི་སྐབས་སུ་ཤེས་ཡོན་སྲིད་བྱུས་འགོ་འཛུགས་
བྱས་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ཤེས་ཡོན་སྲིད་བྱུས་དེ་ངས་
བཟོས་པ་མིན་པ་ངེས་པར་དུ་མཁྱེན་དགོས། དཔེར་ན། རྒྱ་གར་ནང་ཌོག་ ཊར་བི་ཨར་ཨཱམྦེཌ་ཀར་
(Dr. B.R. Ambedkar)
མཆོག་ལ་རྒྱ་གར་རྩ་ཁྲིམས་
ཀྱི་རྩོམ་པ་པོ་ཞེས་བརྗོད་སྐབས། ཨཱམྦེཌ་ཀར་མཆོག་གིས་རྒྱ་གར་རྩ་ཁྲིམས་ ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་བ་རེད་མ་གཏོགས།
རྩ་
ཁྲི མས་བཟོ་མཁན་མིན་པའི་ཆ་ནས་ཁོང་གིས་གྲོས་ཚོགས་ནང་ང་ལ་རྩ་ ཁྲིམས་རྩོམ་པ་པོ་རེད་ཅེས་གསུངས་པ་ཐོས་སྐབས་ང་རང་ངོ་ཚ་ནས་རྔུལ་
ཆུ་ཐོན་གྱི་འདུག་ཅེས་གསུངས་མྱོང་བྱུང་འདུག
དེ་བཞིན་ཤེས་ཡོན་སྲིད་
བྱུས་དེ ་ ཡང་ང་ཚོ འི ་ བཀའ་ཤག་གི ་ སྐབས་སུ་འགོ་ འཛུགས་བྱས་པ་ཞི ག ་ རེད་མ་གཏོགས།
ངས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ནང་ཐེ་
གཏོགས་གང་ཡང་བྱས་མེད།
ཤེ ས ་ཡོ ན ་སྲིད ་བྱུས་འདི འི ་ཐོག ་མའི ་བསམ་བློ འི ་ ས་བོ ན ་གང་ནས་
བརྙེད་པ་རེད་ཅེ་ན།
འདས་པའི་ལོ་ངོ་བཞི་བཅུ་ཞེ་གྲངས་རིང་༸གོང་ས་ 200
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
༣
༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ས ་བོ ད ་མི འི ་ མ་འོང ས་ཤེ ས ་ཡོ ན ་ཐོ ག ་
བཀའ་སློ བ ་རི མ ་པ་སྩལ་གནང་བྱུང་བ་དེ ་ ཚོ འི ་ ནང་གི ་ ཕྱོ ག ས་བསྡུས་ དང་།
སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་དམ་ཆོས་
ནས་བྱུང་བའི་རིགས།
དེ་བཞིན་རྒྱ་གར་གྱི་སྔོན་བྱོན་མཁས་པ་མང་པོའི་
གསུང་ལ་གཞིར་བཞག་སྟེ། ༢༠༠༢ ཕྱི་ཟླ་ ༡ པོའི་ནང་རྒྱུན་རིང་ཉམས་མྱོང་ ལྡན་པའི་དགེ་རྒན་དང་སློབ་སྤྱི་བཅས་མི་གྲངས་ ༢༠༠ ཙམ་ལས་གྲུབ་པའི་
ཤེ ས ་རི ག ་ཚོ ག ས་ཆེ ན ་ཐེ ང ས་དྲུག་པའི ་ ཉི ན ་གསུམ་གྱི ་ བགྲོ ་ གླེ ང ་གི ་ གྲུབ་ དོན་ལས་བྱུང་བ་ཞིག་རེད། དེའི་ཐོག་ནས་བརྙེད་པའི་བསམ་བློའི་ས་བོན་
དངོ ས ་སུ་ཡི ག ་ཐོ ག ་ལ་འབེ བ ས་མཁན་ནི ་ སྐབས་དེ འི ་ ཤེ ས ་རི ག ་དྲུང་ཆེ ་ གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱི་གཙོ་སྐྱོང་འོག་བོད་ཁྱིམ་སློབ་གྲྭའི་ དགེ་རྒན་ཟུར་པ་ཌོག་ཊར་བུ་མོ་ཚེ་རིང་ལགས་དང་། ཡོན་འགན་འཛིན་ངག་དབང་རྡོ་རྗེ་ལགས།
བོད་ཁྱིམ་གྱི་ཤེས་
རིགས་ལམ་སློབ་གྲྭའི་དགེ་
རྒན་བློ་བཟང་རིན་ཆེན་ལགས། ཤེས་རིག་གི་ལས་བྱེད་ཆུང་ཚེ་རིང་ལགས་
བཅས་ལས་གྲུབ་པའི ་ ཟི ན ་བྲི ས ་ཚོ ག ས་ཆུང་གི ས ་ཟི ན ་བྲི ས ་དང་པོ ་ དང་ གཉིས་པ་བཟོས་པ་ཞིག་རེད། དང་།
དེའི་རྗེས་སུ་དིལླཱིར་ཚོགས་པའི་རྒྱ་གར་མཁས་པ་ཁག་གི་ཚོགས་འདུ་
དེཧ་རཱ་དཱུན་གྱི་སྲོང་བཙན་དཔེ་མཛོད་ཁང་དུ་ཚོགས་པའི་བོད་ཀྱི་
མཁས་པ་ཁག་གི་ཚོགས་འདུ།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་
མཆོག་དབུ་བཞུགས་ཐོག་དྷརྨ་ས་ལར་ཚོགས་པའི་ནུབ་ཕྱོགས་མཁས་པ་
ཁག་གི་ཚོགས་འདུ་བཅས་ཚོགས་འདུ་རིམ་པ་གསུམ་གྱི་ནང་ཞིབ་བསྡུར་ 201
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
གནང་བ་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཚང་མར་
ཟིན་བྲིས་དང་པོ་དང་གཉིས་པ་ཞེས་འགྲེམས་སྤེལ་ཞུས་པ་དང་།
དེའི་
སྐབས་སུ་དགོངས་འཆར་ཇི་བྱུང་ཕྱོགས་བསྡུས་བྱས་པ་ཟིན་བྲིས་ཚོགས་
ཆུང་དང་བཀའ་ཤག་གིས་གཏན་ལ་ཕབ་པ་དེ། ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་
ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། ཚོགས་ཆུང་ཆ་བགོས་ཀྱི་བགྲོ་གླེང་། དེའི་རྗེས་དོན་ཚན་རེ་རེ་བཞིན་གཏན་
འབེབས་བྱེད་སྐབས་དོན་ཚན་མང་ཆེ་བ་ཆེས་མཐོའི་མང་མོས་ཐོག་ཕྱིན་
པ་དང་།
མཐའ་མའི་ཕྱོགས་བསྡོམས་ཀྱི་ཡིག་ཆ་དེ་སྤྱི་མོས་ཐོག་གཏན་
ལ་ཕབ་པ་ཞིག་རེད།
དེར་བརྟེན་ཤེས་ཡོན་སྲིད་བྱུས་འདི་བོད་མི་མང་སྤྱི་
འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་གནས་ཚད་མཉམ་
པའི་ཡིག་ཆ་ཞིག་ཡིན་སྟབས།
མ་འོངས་པར་འདི་ལ་བསྐྱར་བཅོས་དང་
འགྱུར་བ་གཏོང་དགོས་རིགས་གང་ཟག་བྱེ་བྲག་པ་དང་།
ལས་ཁུངས་བྱེ་
བྲག་པ་ཞིག་གི་དབང་ཚད་འོག་མེད་པར། སྤྱི་འཐུས་ལྷན་ཚོགས་རང་གིས་
བསྐྱར་ཞིབ་དང་བསྐྱར་བཅོས་གནང་དགོས་པའི་གནས་སྟངས་ཤིག་ཆགས་ ཡོད། དེ་འདྲ་ཡིན་དུས་ཤེས་ཡོན་སྲིད་བྱུས་འདི་བོད་མི་མང་སྤྱི་འཐུས་ལྷན་
ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་དང་། སྤྱི་ འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་འདི་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ ཡིག་ཆ་ཞིག་ཡིན་དགོངས་ཏེ།
བདག་པོའི་འདུ་ཤེས་བཟུང་ནས་འདི་ལ་
སྲུང་སྐྱོབ་དང་། རྒྱུན་གནས། བསྐྱར་བཅོས་དགོས་རིགས་དུས་ནས་དུས་སུ་ གཟིགས་ཐུབ་དགོས་པ་གལ་ཆེན་པོ་རེད། 202
སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
དེ་ནས་མཐོང་ཚུལ་ནི།
༣
ཐོག་མར་དཔེ་སྟོན་སློབ་གྲྭ་འདི་འཛུགས་
སྐབས་ཚང་མ་དོགས་པ་རྣམ་རྟོག་ངང་བསྡད་པ་རེད་ལ། དེའི་ནང་འཛུལ་ ཞུགས་བྱེད་མཁན་ཡང་ཉུང་ཤས་ལས་ཡོད་མ་རེད།
ད་ལྟ་འདིའི་ནང་མ་
ཚུད་པའི་སྡུག་བསྔལ་མ་གཏོགས་འཛུལ་མཁན་མེད་པའི་སྡུག་བསྔལ་མེད་ པ་དེ་ཡག་པོ་རེད་བསམ་གྱི་ཡོད།
དེ་བཞིན་འདས་པའི་ལོ་གཅིག་གི་ནང་
དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་རྣམས་གཞི་རིམ་གོང་མའི་འཛིན་
གྲྭ་བཅུ་པ་བཅུ་གཅིག་ནང་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་དགེ་ རྒན་དང་སྤྱི་ཚོགས་ནང་སེམས་ཁྲལ་ཆེ་ཤོས་ག་རེ་རེད་ཅེ་ན།
བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་སློབ་ཀྱི་མེད་པར་བརྟེན།
འཛིན་གྲྭ་ ཨིན་
སྐད་སོགས་རྗེས་ལུས་ཐེབས་ཀྱི་རེད་བསམ་པའི་དོགས་པ་ཞིག་ཡོད་རེད།
འོན་ཀྱང་ད་ལྟ་དངོས་སུ་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག་ལ་སླེབས་ སྐབས་རྗེ ས ་ལུས་ཐེ བ ས་རྒྱུའི ་ ཚབ་ཏུ་སྔོ ན ་འགྲོ འི ་ འཛི ན ་གྲྭ་ནས་ཨི ན ་ཇི ་
བསླབས་ཏེ་ཡོང་མཁན་ཚོ་དང་ཁོང་ཚོ་བསྡུར་སྐབས་སྔོན་ལ་མ་གཏོགས།
རྗེས་སུ་ལུས་པ་བྱུང་མེད་པ་དངོས་མཐོང་ལག་ཟིན་བྱུང་འདུག
འདི་ནི་
གནས་ཚུལ་བཟང་པོ་ཞིག་རེད་བསམ་གྱི་འདུག ཕྱི་ནང་གི་མི་རིགས་མང་
པོ ས ་ང་ཚོ འི ་ ཤེ ས ་ཡོ ན ་སྲི ད ་བྱུས་འདི ་ མི ག ་དཔེ ་ བལྟ་ས་ཞི ག ་ཆགས་ཀྱི ་ འདུག་ཅེས་བསྔགས་བརྗོད་གནང་མཁན་མང་པོ་འདུག དེར་བརྟེན་སྔོན་མ་
ང་ཚོར་ཡོད་པའི་དོགས་པ་རྣམ་རྟོག་རྣམས་བསངས་ཐུབ་པ་ཞིག་བྱུང་ཡོད།
སྔོན་མ་དཔེ་སྟོན་སློབ་གྲྭ་ཐོག་མར་འཛུགས་སྐབས་འདི་ལ་ཚོད་ལྟ་སློབ་གྲྭ་
བརྗོད་དགོས་ཞེས་གསུང་མཁན་མང་པོ་བྱུང་ཡོད། སྐབས་དེར་ང་ཚོས་ཚོད་
ལྟ་བྱེད་དགོས་པ་གང་ཡང་ཡོད་མ་རེད། སྔོན་གྱི་མཁས་པ་གོང་མ་ཚོས་ཚོད་ 203
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།
ལྟ་གནང་གྲུབ་པ་ཞིག་ཡིན་པས། འདི་ནི་དཔེ་སྟོན་ཆེད་ཡིན་ཞེས་དཔེ་སྟོན་ སློབ་གྲྭ་འདི་བཙུགས་པ་རེད།
དེ་རིང་དཔེ་སྟོན་སློབ་གྲྭ་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་
སློ བ ་གྲྭ་འདི འི ་ ནང་མུ་མཐུད་ཕྱག་ལས་གནང་མཁན་གྱི ་ དགེ ་ རྒན་དང་། ལས་བྱེད། ཞིབ་ཚགས་པོས་སློབ་སྦྱོང་གནང་མཁན་གྱི་སློབ་ཕྲུག་ཚང་མར་
ངས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་ཡི་ཡོད། ལྷག་པར་དུ་༸གོང་ས་
༸སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་ཡོན་སྲིད་བྱུས་བཟོ་འགོད་སྐབས་
ཐོག་མཐའ་བར་གསུམ་དུ་ཐུགས་ཞིབ་ཀྱིས་བཀའ་སློབ་སྩལ་པ་དང་། དཔེ་
སྟོན་སློབ་གྲྭ་འདི་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་ གསོལ་རས་གནང་བ།
མཛད་འཆར་མང་པོ་ཕྱིར་བསྡུ་མཛད་པའི་སྐབས་
ཤིག་ཡིན་ནའང་སློབ་གྲྭ་འདིའི་ལོ་ངོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་ དེ་རིང་དངོས་སུ་༸ཞབས་སོར་འཁོད་པ་འདི་ནི་ཚང་མའི་བསོད་སྐལ་ཆེན་
པོ་ཞིག་ཡིན་པར་བརྟེན།
བཀའ་དྲིན་ཆེ་ཞེས་ཞུ་བ་དང་ཆབས་ཅིག་སློབ་
ཕྲུག་ཚོའི་མི་ཚེ་དོན་ལྡན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། །།
204