The Earth & Corona 2020 (T-Rangdol L-TCV)

Page 1

འཛམ་གླིང་དང་། ཏོག་དབྱིབས་ནད་ཡམས། ༢༠༢༠

རི་མོ་དང་སྒྲུང་རྩོམ་བསྟན་འཛིན་རང་གྲོལ། དྷ་ཤ ོད་བོད་ཁྱིམ་ཉིན་སློབ། འཛིན་གྲྭ ༦

1


ཧཱ་ལོ་་་ཏོག་དབྱིབས་ ནད་ཡམས།

ཧཱ་ལོ་་་འཛམ་གླིང་།

གནའ་སྔ་མོ་འཛམ་གླིང་ཞིག་དང་ཏོག་དབྱིབས་ནད་ཡམས་ཞིག་མཉམ་དུ་འཚོ་གནས་བྱེད་

ཀྱི་ཡོད། ཁོ་གཉིས་ནི་གྲོགས་པོ་ཡག་པོ་ཞིག་ཀྱང་ཡིན། ཉིན་ཞིག་ཁོ་གཉིས་ཕྱི་ལ་ཐོན་ དུས་ཁོ་གཉིས་ཀས་བྱ་དགའི་རྟགས་མ་ཆེན་པོ་ཞིག་མཐོང་བ་རེད། ཝའོ་་་ལྟོས་དང་་་

བྱ་དགའི་རྟགས་མ།

2


ངས་དང་པོ་མཐོང་བྱུང་་་

མ་རེད། ངས་དང་པོ་་་

སྐར་མ་ལྔ་ཙམ་རྗེས་ཁོ་གཉིས་བྱ་དགའི་རྟགས་མ་དེའི་ཐོག་ཁ་རྩོད་ཤ ོར་བ་རེད། འཛམ་ གླིང་གིས་ཟེར་ན་“ཁོ་རང་གིས་བྱ་དགའ་དེ་ཨང་དང་པོ་མཐོང་བྱུང་”ཞེས་ལབ། འོན་ཀྱང་། ཏོག་དབྱིབས་ནད་ཡམས་ཀྱིས་ཟེར་ན་“ཁོ་རང་གིས་བྱ་དགའི་རྟགས་མ་དེ་ཨང་དང་པོར་

མཐོང་བྱུང་”ཞེས་ཕར་བཤད་ཚུར་བཤད་ཀྱིས་ཁོ་གཉིས་ཀྱིས་ཁ་རྩོད་དེ་ཐག་གཅོད་མ་ ཐུབ། མཐའ་མ་དེར་འཛམ་གླིང་གིས་ཁོ་ཚོ་གཉིས་འཛིང་ནས་སུ་ལ་ཐོབ་ན་དེ་ལ་བྱ་དགའི་ རྟགས་མ་དེ་ཐོབ་རྒྱུའི་དམ་བཅའ་བཞག་པར་ཏོག་དབྱིབས་ནད་ཡམས་ཀྱིས་ཀྱང་མོས་ མཐུན་བྱས་པ་རེད།

ང་གཉིས་འཛིང་ན་་་

འགྲིག་གི་རེད་་་

3


ནམ་རྒྱུན་ཁོ་གཉིས་ཀ་འཛིང་ཡག་ལ་དགའ་བོ་མེད་ཀྱང་དེ་རིང་བྱ་དགའི་རྟགས་མ་དེའི་

ཆེད་ཡིན་ཅིག་མིན་ཅིག་གིས་འཛིང་དགོས་ཁེལ་བ་རེད། དེ་ནས་ཁོ་གཉིས་འཛིང་འགོ་ བཙུགས། འཛམ་གླིང་གིས་ཁུ་ཚུར་ལྕགས་ཐོ་འདྲ་བ་ཞིག་ཏོག་དབྱིབས་ནད་ཡམས་ལ་ གཞུས་པས་ཏོག་ནད་ཁོ་ས་ལ་”དིང་”ཞེས་སྒྲ་ཆེན་པོ་གྲགས་བཞིན་འགྱེལ་བ་རེད། ཁུ་ཚུར་ལྕགས་ཐོ་་་ འདི་ཟ་་་

“དིང་་་” ཨ་ར་ར་་་་

4


ང་ལ་རྒྱལ་ཁ་ཐོབ་སོང་་་ ངས་དགྲ་ཤ་ལེན་་་

བྱས་ཙང་། འཛམ་གླིང་ཨང་དང་པོ་ཐོབ་ནས་བྱ་དགའི་རྟགས་མ་དེ་ཁྱེར་ཏེ་ཨང་ཀི་དང་པོའ་ི རྐུབ་སྟེགས་སྟེང་འཛེགས་ནས་”ང་ལ་རྒྱལ་ཁ་ཐོབ་སོང་”ཞེས་སྤོབས་པ་དང་རྫིག་ཉམས་

བསྟན་པ་རེད། དེ་ལ་ཏོག་དབྱིབས་ནད་ཡམས་ཁོང་ཁྲོ་དང་ཚིག་པ་གཏིང་ནས་ཟ་སྟེ་འཛམ་ གླིང་ལ་དགྲ་ཤ་ལེན་རྒྱུའི་དམ་བཅའ་བཞག་པ་རེད།

5


ཡོང་ང་་་ཧ་ཧ་ཧ་་་ རྒྱལ་པོ་གནང་་་

ང་ཚོའི་རྒྱལ་པོ་གནང་་་

ཏོག་དབྱིབས་ནད་ཡམས་ཁོ་སེམས་སྐྱོ་བོའ་ངང་ལམ་ལ་འགྲོ ་དུས་ཏོག་དབྱིབས་ནད་འབུ་ ི

ཆུང་ཆུང་འགའ་ཤས་ཁོ་འགྲམ་དུ་ཡོང་སྟེ་ཚང་མས་མགྲིན་གཅིག་ཏུ་“ང་ཚོའི་རྒྱལ་པོ་ནད་

ཀྱིས་མནར་ནས་ཤི་སོང་བས་ཁྱེད་རང་ང་ཚོའི་རྒྱལ་པོ་བྱེད་རོགས་”ཞེས་ལབ་པར་ཏོག་ དབྱིབས་ནད་ཡམས་དགའ་ནས་“བྱེད་ཆོག་་་བྱེད་ཆོག་་་”ཅེས་ཁོ་ལ་གོ་སྐབས་ཤ ིག་རེག་ པས་ཁོ་རང་རྒྱལ་པོ་བྱས་ནས་འཚོ་བ་སྐྱིད་པོའ་ངང་བསྐྱལ་ནས་བསྡད་པ་རེ ད། ི ང་ཚོའི་རྒྱལ་པོ་སྐུ་ཁམས་བཟང་་་་

6


ཨ་ཙི་་་ངས་དགྲ་ཤ་ལེན་ རྒྱུ་རེད་་་ ལོ་འགའ་ཤས་རྗེས་ཏོག་དབྱིབས་ནད་འབུའི་རྒྱལ་པོ་ཁོས་དེ་སྔོན་འཛམ་གླིང་ལ་དགྲ་ཤ ་ ལེན་རྒྱུ་དམ་བཅའ་བཞག་ཡོད་པ་དེ་དྲན་གསོས་ནས་ཁོས་འཁོར་གཡོག་ནད་འབུ་སྟོང་

ཁྲག་མང་པོ་སྐད་བཏང་ནས་འཛམ་གླིང་མེད་པ་བཟོ་རྒྱུའི་གྲོས་བསྡུར་དང་ཐག་གཅོད་བྱས་ པ་རེད།

ནད་འབུ་མང་ཙམ་གྲ་སྒྲིག་བྱོས་་་ འཛམ་གླིང་་་་ བཀའ་བཞིན་ཞུ་་་

7


ཚང་མ་ནད་པ་བཟོས་་་

རེད་་་དེ་ག་རང་རེད་་་

ནད་འབུ་གཏོང་རྒྱུ་ནི་མཚོན་ཆ་ ལས་ནུས་པ་ཆེ་་་

ལམ་བར་དུ་ཏོག་དབྱིབས་རྒྱལ་པོའ་ི འཁོར་གཡོག་ནད་འབུ་ཕན་ཚུན་གྲོས་སྡུར་བྱས་ཏེ་ འཛམ་གླིང་ལ་ནད་འབུ་ཕྲ་མོ་མང་པོ་ག་ས་ག་ལ་གཏོར་རྒྱུ་བྱས་ཏེ་ཕྱིན་པ་རེད། ཁོ་ཚོ་

འཛམ་གླིང་གི་ཉེ་འགྲམ་དུ་བསླེབས་རྗེས་ཚང་མས་མཉམ་དུ་ནད་འབུ་ཕྲ་མོ་མང་པོ་གང་ སར་གཡུགས་པས་འཛམ་གླིང་ནད་པ་ཆགས་པ་རེད། ནད་འབུ་གཏོང་་་

མི་མང་པོ་ཡོད་སར་་་

ནད་འབུ་མང་ཙམ་་་་

ཧ་ཧ་་་ཧ་་་

8


ཧད་ཁྱིའུ་་་

ཧད་ཁྱིའུ་་་

ཧད་ཁྱིའུ་་་

ཧ་ཧ་་་་ཚང་མ་ན་འདུག

འཛམ་གླིང་ནད་པ་ཆགས་ཏེ་གང་སར་“ཧད་ཁྱིའུ་་་ ཧད་ཁྱིའུ་་་”ཞེས་ཧབ་ཆིའི་སྐད་སྒྲ་དང་

། སྨན་ཁང་ལ་ནད་པ་མང་པོས་བང་སྒྲིག ནད་དུག་ཁྱབ་ཚད་མགྱོགས་ནས་མགྱོགས་སུ་ ཕྱིན། སློབ་གྲྭ ལས་ཁུངས། བཟོ་གྲྭ དགོན་པ། གླིང་ཁ། རོལ་རྩེད་ཁང་སོགས་ཚང་མ་སྒོ་

བརྒྱབ་སྟེ་འགྲོ་འོང་བཀག རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཉམས་རྒུད་ཐེབས། མི་དམངས་ཀྱི་ འཚོ་བར་དཀའ་ངལ་སོགས་བསམ་ཡིད་ལས་འདས་པའི་གནས་ཚུལ་བྱུང་།

ཧ་ཧ་་་ལས་འགན་ བསྒྲུབས་སོང་་་

ཧད་ཁྱིའུ་་་ ད་ག་རེ་བྱས་པ་རེད་་་ 9


དཔེ་ཡག་པོ་་་

ལས་འགན་འ

གྲུབ་སོང་་་

ཀི་ཧི་ཧི་་་་ ཀི་ཧི་ཧི་་་་

ཏོག་དབྱིབས་ནད་ཡམས་ཀྱི་རྒྱལ་པོ་དགའ་ནས་ངོ་གདོང་འཛུམ་མདངས་ཤ ིག་ཤིག་ངང་ “དགྲ་ཤ ་ལེན་ཐུབ་སོང་”ཞེས་ང་རྒྱལ་ཆེན་པོས་འཁོར་གཡོག་ནད་འབུ་རྣམས་ལ་བསྟོད་

བསྔགས་བྱས། “ད་ལྟ་ང་ཚོ་ལ་སུ་གཅིག་གིས་ཀྱང་གནོད་པ་བྱེད་མི་ཐུབ་”ཞེས་སྐད་རྒྱབ་

པར་ནད་འབུ་ཆུང་ཆུང་ཚོས་ཀྱང་དེ་ལྟར་སྐད་ཅོར་མང་པོ་རྒྱབ་ཏེ་རྒྱལ་ཁ་ཆེན་པོ་ཞིག་ བླངས་པའི་རྣམ་འགྱུར་བསྟན།

10


ང་ཚོ་སུ་ལའང་ཞེད་དགོས་ མེད་་་ ཞེད་དགོས་མེད་་་

“འོན་ཀྱང་། གལ་སྲིད་འཛམ་གླིང་གིས་ཁ་རས་གྱོན་པ་དང་། ལུད་པ་གང་བྱུང་དུ་མི་གཡུག་ པ། ལག་པ་གང་བྱུང་མི་འཆང་བ། འདག་རྫས་རྒྱབ་ནས་ལག་པ་ཡང་ཡང་བཀྲུ་བ།རྒྱང་ཐག་

ངེས་ཅན་ཡོད་པ་སོགས་བྱས་ན་ང་ཚོས་འཛམ་གླིང་ལ་ནད་འབུ་ག་ཚོད་གཡུགས་ཀྱང་ཁོ་ ཚོ་ལ་གནོད་པ་ཕོག་གི་མ་རེད་”ཅེས་ཏོག་དབྱིབས་ནད་ཡམས་ཀྱི་རྒྱལ་པོས་ཅུང་བློ་ཕམ་ ངང་འཁོར་གཡོག་ནད་འབུ་རྣམས་ལ་བཤད། འོན་ཀྱང་། ཁོ་ཚོས་ནད་འགོག་བྱེད་ ཐབས་ཁ་ཤས་ཡོད་པ་བེད་སྤྱོད་བྱས་ན་་་

11


ལག་བྱུག་སྨན་་་

ཁ་རས་་་

ལག་འཁྲུ་འདག་རྫས་་

ལག་མི་འཆང་་་

བར་ཐག་་་ འཛམ་གླིང་གིས་ཀྱང་ཕྱོགས་གང་ཐད་ནས་སྔོན་འགོག་ཐབས་ཤ ེས་བྱེད་བཞིན་ཡོད་ལ། ཏོག་ནད་རྩ་མེད་བཟོ་ཐུབ་པའི་སྨན་ཞིག་གང་མགྱོགས་ཐོན་པར་བསྒུག་ཡོད།

འོན་ཀྱང་། ད་ལྟ་ད་དུང་ཏོག་དབྱིབས་ནད་ཡམས་ལས་རྒྱལ་ཁ་ཐོབ་མེད་པས་ཏོག་

དབྱིབས་ནད་ཡམས་ཀྱི་རྒྱལ་པོ་འཛུམ་ཤ ིག་ཤ ིག་ངང་གནས་སོ། །

རྫོགས་སོང་ངོ་། །

12


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.