མཚར་གཏམ་ཁག་གཅིག _ བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

Page 1

མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡། ཆམ་པ་བརྒྱབ་པ། དེ་སྔོན་བུ་ཞིག་ཆུའི་ནང་རྩེད་མོ་བརྩེས་ནས་ཡུན་རིང་སོང་རྗེས། ཁོའ ་ི ཨ་མ་ལགས་

ཀྱིས་བུ་ལ་ད་འགྲིག་སོང་་་ནོར་བུ་ཚུར་ཐོན་ཤོག ངས་ཁྱོད་རང་ཕྱིས་མཆོག གལ་ སྲིད་མ་ཕྱིས་པ་ཡིན་ན་ཆམ་པ་བརྒྱབ་ཀྱི་རེད། ཅེས་ལབ་ནས་བུ་དེ་ཡག་པོ་ཕྱིས་ནས་ ནང་ལ་ལོག

ཉིན་ཁ་ཤས་རྗེས་སུ་བུ་ལ་ཨ་མ་ལགས་ཀྱིས་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ།

ཅེས་དྲིས་པར། བུས་ཁོ་རང་གི་ཉ་དེ་ལག་ཏུ་ལེན་བཞིན་ཉ་འདི་ཆུའི་ནང་ཉིན་མ་ཉིན་ གང་བསྡད་ཡོད་པས། གལ་སྲིད་ཉ་དེ་མ་ཕྱིས་ན་ཆམ་པ་བརྒྱབ་ཀྱི་རེད། ངས་ཉ་འདི་

གཙང་མ་ཕྱིས་ཀྱི་ཡོད། ཅེས་ལན་བཏབ་པར་ཨ་མ་དེ་གང་བཤོད་འདི་བཤོད་མེད་ པར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢། དཔེ་ཤུས་པ།

ཉིན་ཞིག་ཨ་མས་བུ་ལ་སློབ་སྦྱོང་ཡག་པོ་སྦྱོངས་ཤོག་ཨ་་་འཕྲལ་མངོན་སླ་བཅོས་

མིན་པར་རྒན་ལགས་ཀྱིས་ནག་པང་སྟེང་གང་བྲིས་པ་ཐམས་ཅད་ཤུས་ཤོག་ཨ་་་ཞེས་ ཨ་མས་བུ་ལ་བསླབ་བྱ་ནན་པོ་བྱས་པ་རེད། བུས་ཀྱང་ལགས་སོ་ཨ་མ་ལགས་ཞེས་ ལབ་ནས་སློབ་གྲྭར་ཕྱིན།

དགོང་མོ་སློབ་གྲྭ་གྲོལ་ནས་ནང་ལ་ལོག་ཡོང་སྟེ། ཨ་མ་ལགས་ངས་རྒན་ལགས་

ཀྱིས་གང་བྲིས་པ་ཐམས་ཅད་བཤུས་ཡོད། ཅེས་ལབ་བཞིན་ཨ་མར་སློབ་གྲྭའི་དེབ་དེ་

བསྟན། འོན་ཀྱང་། ཨ་མས་བུའི་དེབ་ལ་བལྟ་བཞིན་བུ་རང་གི་ཤོག་བུ་ཚང་མ་སྟོང་པ་ རེད་འདུག་ག་་་ཞེས་དྲིས་པར། བུས་རྒན་ལགས་ཀྱིས་ནག་པང་སྟེང་བྲིས་ཚར་ནས་ བསུབ་སོང་བས་ངས་ཀྱང་ཡི་གེ་རྣམས་བསུབ་པ་ཡིན། ཞེས་ལན་བཏབ་པར་ཨ་མ་ མགོ་ཐོམ་པར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༣། ཨང་རྩིས་ཀྱི་ལན།

སློབ་ཕྲུག་ཚོ། དེ་རིང་ངས་འཐེན་རྩིས་ཀྱི་དྲི་བ་ཞིག་འདྲི་རྒྱུ་ཡོད། ཡག་པོ་བྱས་ནས་

ཉོན་ཨ། གལ་སྲིད་ལུག་ ༢༠ ནས་ངས་ལུག་ ༤ དེད་པ་ཡིན་ན་ག་ཚོད་ལྷག་གི་རེད་ དམ། ཞེས་རྒན་ལགས་ཀྱིས་སློབ་ཕྲུག་རྣམས་ལ་དྲིས་པར། ལ་ལས་ ༡༧ དང་། ལ་

ལས་ ༡༦ དང་། ལ་ལས་ ༡༥ ཅེས་ལན་བཏབ། འོན་ཀྱང་། སློབ་ཕྲུག་གཅིག་གིས་ ལན་ཀླད་སྐོར་རེད་ཅེས་ལབ།

དགེ་རྒན་གྱིས་ཁོ་ལ་ཁྱོད་རང་གི་ཤེས་ཀྱི་མེད་པས། གལ་སྲིད་ ༢༠ ནས་ ༤

འཐེན་པ་ཡིན་ན་ ༡༦ རེད། བྱས་ཙང་ཁྱེད་ཀྱིས་འཐེན་རྩིས་ཤེས་ཀྱི་མེད་པ་འདྲ་ཞེས་ གཤེ་གཤེ་བཏང། འོན་ཀྱང་། སློབ་ཕྲུག་དེས་མ་རེད་རྒན་ལགས། གལ་སྲིད་ལུག་ ༢༠ ནས་ ༤ དེད་ན་ལུག་གཞན་རྣམས་ཀྱང་རྗེས་འདེད་གཏོང་གིན་ཡོང་གི་རེད། བྱས་

ཙང་ལུག་ལྷས་སྟོང་པ་ཀླད་སྐོར་མིན་ནམ། ཞེས་ལན་བཏབ་པས་རྒན་ལགས་ངོ་ཚ་ ནས་གདོང་དམར་པོར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༤། རྨི་ལམ།

པ་ལགས་མདང་དགོང་ང་ལ་རྨི་ལམ་སྐྱིད་པོ་ཞིག་བཏང་བྱུང་བས་དེ་ཉན་འདོད་འདུག་

གམ། ཞེས་བུ་ཡིས་ཁོའ ་ི པ་ལགས་ལ་དྲིས་པ་རེ​ེད། པ་ལགས་ཀྱིས་ད་ལྟ་ང་ཚགས་ པར་ཀློག་དགོས་ཡོད་པས་ཨ་མ་ལགས་ལ་བཤད་པར་རྒྱུགས། ཅེས་ལན་བཏབ།

བུས་པ་ལགས་ཨ་མ་ལགས་ཁོང་གིས་ངའི་རྨི་ལམ་ག་འདྲ་བྱུང་ཡོད་པ་སྔ་ས་

ནས་ཧ་གོ་ཡི་ཡོད་པ་རེད། ཅེས་བུས་ནན་པོ་བྱས་ནས་ལབ་དུས། པ་ལགས་ཀྱིས་

ཁྱོད་ཀྱི་ཨ་མ་ལགས་ལ་བཤད་པ་ཡིན་ནམ། ཞེས་དྲིས་པར། བུས་མིན་་་མིན་་་ངས་ ཨ་མ་ལགས་ལ་བཤད་མེད། འོན་ཀྱང་། ཨ་མ་ལགས་ཁོང་ངའི་མདང་ངགོང་གི་རྨི་ ལམ་ནང་དུ་འདུག ཅེས་ལབ་དུས་པ་ལགས་གྲོད་ཁོག་ན་ན་བར་གད་མོ་ཤོར་བ་རེད་ དོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༥། འཇུར་རྩི་གཏོང་བ།

སྔོན་གཡོག་པོ་ཞིག་གིས་ཁོའ ་ི བདག་པོ་ལ་ག་རེ་གནང་གི་ཡོད་དམ། ཞེས་དྲིས་པར། བདག་པོས་ང་ད་ལྟ་ང་རང་གི་ལྷམ་ལ་འཇུར་རྩི་གཏོང་བཞིན་ཡོད། འཇུར་རྩི་འདིས་

ག་རེ་ཡིན་ཡང་འོད་རྒྱག་གི་རེད། ཅེས་ལན་བརྒྱབ་པ་རེད། ཉིན་ཁ་ཤས་རྗེས་བདག་ པོས་གཡོག་པོ་ལ་ངའི་སྟོད་ཐུང་འདི་བཙོག་པ་རེད་འདུག་གཙང་མ་འོད་རྒྱག་པ་ཞིག་ བཀྲུས་ཤོག་ཨ། ཞེས་བཀའ་བཏང། མི་དེས་ལགས་སོ་ཞེས་ལབ་ནས་སོང་།

ཆུ་ཚོད་ཁ་ཤས་རྗེས་བདག་པོས་ཁྱེད་ཀྱིས་ག་རེ་བྱེད་ཀྱི་ཡོད་དམ། ཁྱོད་ཀྱིས་

ངའི་སྟོད་ཐུང་དེ་སྔོན་ལས་བཙོག་པ་བཟོས་འདུག ཅེས་བཤད་པར། མི་དེས་ངས་

བདག་པོ་ཁྱེད་ཀྱི་བཀའ་ལྟར་འཇུར་རྩི་བཏང་ནས་སྟོད་ཐུང་གཙང་མ་འོད་འབར་བ་ ཞིག་བཟོ་བརྩིས་ཡོད། ཅེས་བཤད་པར་བདག་པོ་གང་ཤོད་འདི་ཤོད་མེད་པར་གྱུར་ རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༦། སྦྱར་རྩི་ཡི་སྐོར།

སྔོན་མི་ཞིག་རི་མོ་ཁང་ཞིག་ནང་གཙང་མ་བཟོ་བཞིན་ཡོད། ཁོས་གཟབ་གཟབ་མ་

བྱས་པར་གློ་བུར་དུ་རྫ་མ་ཞིག་ཆག་པ་རེད། དེའི་བདག་པོས་ཁོ་ལ་གཤེ་གཤེ་མི་

བཏང་བར་སྐྱོན་ཡོད་མ་རེད། ང་ལ་སྦྱར་རྩི་ཞིག་ཡོད་པ་འདིས་ཅ་ལག་གང་ཆག་ཀྱང་ སྦྱར་ཐུབ། ཅེས་བཤད་པ་རེད།

བདུན་ཕྲག་ཁ་ཤས་རྗེས་བདག་པོས་མི་དེ་ལ་མགྱོགས་པོ་སྨན་པ་སྐད་གཏོང་

རོགས། ངའི་ཕྲུ་གུ་མར་ལྷུང་ནས་ལག་པའི་རུས་པ་ཆག་འདུག ཅེས་བྲེལ་བྲེལ་འཚུབ་ འཚུབ་ངང་བཤད་པར། མི་དེས་ལམ་སེང་དེ་སྔོན་གྱི་སྦྱར་རྩི་དེ་འཁྱེར་ཡོང་ནས་ བདག་པོ་ལགས་སྦྱར་རྩི་འདིས་ག་རེ་ཆག་པ་ཡིན་ནའང་སྦྱར་ཐུབ་པས་འདི་བེད་ སྤྱོད་ཐོངས། ཞེས་བཤད་པར་བདག་པོ་ག་བྱེད་འདི་བྱེད་མེད་པར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༧། རང་འགུལ་གྱི་གོས་འཁྲུ་འཕྲུལ་འཁོར།

སྦྱིན་བདག་ཞིག་དང་། གཡོག་པོ་ཞིག་གིས་གོས་འཁྲུ་འཕྲུལ་འཁོར་གསར་པ་ཞིག་

ཉོ་བར་ཕྱིན། ཆུ་ཚོད་ཁ་ཤས་རྗེས་གོས་འཁྲུ་འཕྲུལ་འཁོར་དེ་ཉོས་ཚར་ནས་ནང་ལ་ སླེབས་པའི་སྐབས། སྦྱིན་བདག་གིས་འཕྲུལ་འཁོར་འདིས་རང་འགུལ་གྱིས་གོས་ རྣམས་ཁྱོད་ལ་བཀྲུ་ཡི་རེད། ཅེས་ཁོས་གཡོག་པོར་གསལ་བཤད་བྱས།

སང་ཉིན་ཞོགས་པར་སྦྱིན་བདག་གིས་ང་ནང་ལ་མ་ལོག་བར་གོས་འདི་རྣམས་

བཀྲུས་ཚར་བ་དགོས། ཞེས་བཀའ་བཏང་། དེའི་དགོང་མོ་སྦྱིན་བདག་ནང་ལ་ལོག་ དུས་གོས་རྣམས་ད་དུང་བཀྲུས་མེད་པ་མཐོང་བས། སྦྱིན་བདག་ན་རེས། ཁྱོད་ད་དུང་

གོས་རྣམ་བཀྲུས་མེད་པ་རྒྱུ་མཚན་གང་ཡིན་ནམ། ཞེས་དྲིས་པར། གཡོག་པོས་སྦྱིན་ བདག་ཁྱེད་རང་གིས་བཤད་པ་ལྟར་འཕྲུལ་འཁོར་དེས་ང་ལ་རང་འགུལ་གྱིས་གོས་ རྣམས་བཀྲུ་ཡི་རེད་ལབ་བྱུང་བས། ངས་དེ་ལྟར་རང་འགུལ་གྱིས་བཀྲུ་ཆེད་དུ་བསྒུག་

ནས་བསྡད་ཡོད། ཅེས་ལན་བཏབ་པར་སྦྱིན་བདག་ཁོ་ཅི་བཤོད་འདི་བཤོད་མེད་ པར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༨། ལག་རྟགས་དང་གོས་འཁྲུ་འཕྲུལ་འཁོར།

སྔོན་མི་ཞིག་གིས་ཁོའ ་ི སྦྱིན་བདག་ལ། སྦྱིན་བདག་ལགས་སྟོད་ཐུང་འདི་བཙོག་པ་ རེད་འདུག འདི་ག་པར་བཞག་དགོས་རེད་དམ། ཅེས་དྲིས་པར། སྦྱིན་བདག་གིས་ སྟོད་ཐུང་དེ་ཕ་གིར་གོས་འཁྲུ་འཕྲུལ་འཁོར་ནང་བླུགས། འཕྲུལ་འཁོར་དེས་ཅ་དངོས་ གང་ཡིན་ནའང་བཙོག་པ་ཡོད་པ་ཚང་མ་གཙང་མར་བཀྲུ་ཐུབ། ཅེས་ལན་བརྒྱབ།

ཉིན་ཁ་ཤས་རྗེས་སྦྱིན་བདག་གིས་མི་དེ་ལ། ཁྱོད་ཀྱིས་ངའི་རྔན་པའི་ཤོག་སྒམ་

འདི། ངའི་གྲོགས་མོར་ལག་རྟགས་སུ་སྤྲོད་རོགས། ཞེས་བཀོད་མངགས་བྱས། མི་ དེས་རྔན་པའི་སྒམ་དེ་ཁྱེར་ནས་གོམ་པ་འགའ་ཕྱིན་རྗེས་གཟབ་གཟབ་མ་བྱས་པར་

རྔན་པའི་སྒམ་འདམ་ནང་དུ་ལྷུང་ནས་བཙོག་པར་གྱུར། མི་དེས་མགྱོགས་མྱུར་ཕྱིར་

ནང་ལ་ཡོང་ནས་རྔན་པའི་ཤོག་སྒམ་དེ་གོས་འཁྲུ་འཕྲུལ་འཁོར་ནང་བླུགས། སྐར་མ་

འགའི་རྗེས་སྦྱིན་བདག་གིས། ཁྱོད་རང་ག་རེ་བྱས་སོང་ངམ། ཞེས་དྲིས་པར། མི་དེས་ རྔན་པའི་སྒམ་འདི་འདམ་གྱིས་བཙོག་པ་ཆག་སོང་བས། ངས་འདི་གོས་འཁྲུ་འཕྲུལ་

འཁོར་ནང་བླུག་ནས་གཙང་མ་བཟོ་ཡི་ཡོད། ཅེས་ལན་བརྒྱབ་པར་ སྦྱིན་བདག་ཁོ་ག་བྱེད་འདི་བྱེད་མེད་པར་གྱུར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༩། ལག་བརྡ་གཏོང་བ།

སྔོན་སྦྱིན་བདག་ཞིག་གིས་ཁོའ ་ི གཡོག་པོར་སྦག་སྦག་གཏོང་སྟངས་སློབ་བཞིན་རྒྱ་

ལམ་དུ་བསྐྱོད། སྦྱིན་བདག་གིས་ཁྱོད་ཀྱིས་གུག་ཆ་དང་། ལམ་འཕྲེད་གཅོད་གཏོང་

དུས་ལག་པ་གཅིག་བརྐྱངས་ནས་བརྡ་སྤྲོད་དགོས། ཞེས་ལབ་པར་གཡོག་པོས་ཀྱང་ དེ་ལྟར་བྱས། གང་མཚམས་ནས་ཁོ་གཉིས་གུག་ཆ་དང་། འཕྲེད་གཅོད་མི་དགོས་ སའི་རྒྱ་ལམ་ཁ་ཐུག་ཞིག་ལ་སླེབས།

གཡོག་པོས་ད་གིན་སྦྱིན་བདག་གིས་ལབ་པ་དེ་དྲན་བཞིན་ལག་གཉིས་གློད་

ཅིང་མདུན་ལ་བརྐྱངས་ཏེ་བཏང་བས་ཤིང་རྟ་འཁོར་ལོ་ཞིག་དང་གདོང་ཐུག་རྒྱབས། སྦྱིན་བདག་ཐལ་བ་ཚུབ་ཚུབ་ངང་ལངས་བཞིན་ཁྱོད་ཀྱིས་ལག་པ་གཉིས་ཀ་གློད་

ནས་ག་རེ་བྱེད་ཀྱི་ཡོད་དམ། ཞེས་གཤེ་གཤེ་དང་སྦྲགས་དྲིས་པར་གཡོག་པོ་དེས། ད་གིན་གུག་ཆ་དང་འཕྲེད་གཅོད་སྐབས་ལག་པ་གཅིག་བརྐྱང་དགོས་རེད་ལབ་བྱུང་

། ད་ལྟ་ང་གཉིས་ལམ་ཁ་ཐུག་ལ་འགྲོ་ཡི་ཡོད་སྟབས་ལག་པ་གཉིས་ཀ་གློད་ནས་ མདུན་ལ་བརྐྱངས་པ་ཡིན། ཞེས་ལན་བཏབ་པས་སྦྱིན་བདག་ཁོང་ ཁྲོའ ་ི ངང་ནང་ལ་ལོག་དགོས་བྱུང་ངོ་།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༠། རྐང་ལག་རྐྱོང་ས།

ཉིན་ཞིག་སྦྱིན་བདག་ཞིག་དང་ཁོའ ་ི གཡོག་པོ་གཅན་གཟན་ཁང་ནང་ལས་ཀ་བྱེད་ སྐབས། སྦྱིན་བདག་གིས་གཡོག་པོར། ད་ང་ཚོའི་གཅན་གཟན་ཁང་ནང་མི་མང་པོ་ ཡོང་གིན་འདུག ད་ལྟ་གཅན་གཟན་ཚང་མ་ཉལ་ནས་བསྡད་ཡོད། བྱས་ཙང་ཁྱོད་ཀྱིས་

གཅན་གཟན་དེ་ཚོ་ལ་ཁ་ལག་སྤྲོད་དང་། དེ་དང་མཉམ་དུ་སྟག་ཉལ་སའི་ལྕགས་ཁྲ་དེ་ ཆུང་ཆུང་ཡིན་ཙང་། ཁོ་ལ་རྐང་པ་རྐྱོང་ས་ཞིག་ཁྱོད་ཀྱིས་ཐབས་ཤེས་ཤིག་བཏོན་ དགོས། ཞེས་ལབ།

སྐར་མ་འགའ་ཤས་རྗེས་གཅན་གཟན་ཁང་ནང་གི་མི་རྣམས་ཀྱིས་སྟག་ལྕགས་

ཁྲ་ནས་འཐོན་འདུག ཞེས་སྐད་ཅོར་རྒྱག་གིན་ཚང་མ་བྲོས་ཕྱིན། སྦྱིན་བདག་དངངས་ འཚབ་ངང་རྒྱུག་ཡོང་ནས་གཡོག་པོ་བོས་ཏེ། སྟག་དེ་ཕྱི་ལ་གང་འདྲ་བྱས་ནས་ཐོན་

ཐུབ་པ་རེད་དམ། ཞེས་དྲིས་པར་གཡོག་པོས། སྦྱིན་བདག་ཁྱོད་རང་གིས་སྟག་རྐང་ ལག་རྐྱོང་ས་ཞིག་ཐབས་ཤེས་བྱ་དགོས་རེད་ལབ་བྱུང་། བྱས་ཙང་

ངས་སྟག་རྐང་ལག་བརྐྱོང་ཆེད་ལྕགས་ཁྲ་སྒོ་ཕྱེས་པ་ཡིན། ཞེས་ལན་ བཏབ་པས་སྦྱིན་བདག་ཅི་བྱ་འདི་བྱ་མེད་པར་ལུས་སོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༡། གྲངས་རྩིས་པ།

སྔོན་བུ་མཚེ་མ་གཉིས་ཡོད། གཅིག་གི་མིང་ལ་ར་མུ་དང་། གཞན་དེའི་མིང་ལ་ཤ་མུ་ ཟེར། ཉིན་ཞིག་མགྲོན་པོ་ཞིག་ཁོ་ཚོའི་ནང་ལ་ཕེབས་ནས་ཏན་ཤིང་བག་ལེབ་བཟའ་

དུས། བུ་གཉིས་ཀྱིས་མགྲོན་པོས་ཏན་ཤིང་བག་ལེབ་ག་ཚོད་བཟས་པ་ ༡ ༢ ༣་་་ ཅེས་གྲངས་རྩིས་པ་ཨ་མ་ལགས་ཀྱིས་མཐོང་ནས་ཁོ་གཉིས་ལ་མི་སུ་ཡིས་ག་རེ་ཟ་

ཡི་ཡོད་ནའང་ཁྱོད་གཉིས་ཀྱིས་ད་ལྟ་ནང་བཞིན་གྲངས་བརྩི་རྒྱུ་མེད། ཞེས་བཤད་

པར་བུ་གཉིས་ཀྱིས་ལགས་སོ་ཨ་མ་ལགས་ཞེས་སྨྲས་པ་རེད། ཉིན་ཤས་རྗེས་ར་མུ་ ཡིས་ཨ་མ་ལགས་ང་ལ་མངར་མོ་ཞིག་གནང་རོགས། ཞེས་ལབ་པ་དང་ཤ་མུ་ཡིས་

ཀྱང་ང་ལའང་གཅིག་གནང་དང་། ཞེས་བཤད། ཨ་མས་ར་མུ་རང་གིས་ ༥ དང་ཤ་ མུ་ཡིས་ ༦ བཟས་སོང་བས་སྤྲད་ཡ་མིན། ཞེས་བཤད་པར་བུ་གཉིས་ཀྱིས་མགྲིན་ གཅིག་ཏུ། ཨ་མ་ལགས་རང་གིས་ང་ཚོར་མི་སུ་ཡིས་ག་རེ་ཟ་ཡི་ཡོད་ནའང་གྲངས་

བརྩི་ཡ་ཡོད་མ་རེད། ཞེས་བཤད་པ་མ་ཡིན་ནམ། ཨ་མ་ཁྱེད་ཀྱིས་ང་ཚོས་མངར་

མོ་ག་ཚོད་བཟས་པ་གྲངས་ཀ་ག་རེ་བྱས་ནས་བརྩིས་པ་ཡིན། ཞེས་

བཤད་པར་ཨ་མ་ངོ་ཚ་ནས་ཁོ་གཉིས་ལ་མངར་མོ་རེ་རེ་སྤྲོད་དགོས་ བྱུང་ངོ་། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༢། རྐང་ཤུབས་གྱོན་པ།

ཉིན་ཞིག་སྨན་པས་མི་ཞིག་ལ་ཁྱོད་ཀྱིས་རྐང་ཤུབས་བཙོག་པ་དེ་ཉིན་མ་མང་པོ་

གྱོན་པས། ཁྱོད་ཀྱི་རྐང་པའི་སྟེང་རྨ་ཆེན་པོ་ཞིག་བཟོས་འདུག ཅེས་ལབ་དུས་མི་ དེའི་གྲོགས་པོས་སྨན་པ་ལགས་རྨ་ཆེན་པོ་འདི་དྲག་ཆེད་ཐབས་ལམ་ག་རེ་ཡོད་དམ།

ཞེས་དྲིས་པར་སྨན་པས་ལས་སླ་པོ་རེད། ཁྱོད་ཀྱིས་ཉིན་རྟག་པར་རྐང་ཤུབས་གསར་ པ་ཆ་རེ་གྱོན་དགོས་པ་རེད། ཅེས་གསལ་བཤད་བྱས་པར་མི་དེས་ལགས་སོ་ཞེས་ ལབ་ནས་ཕྱིན།

ཉིན་མ་ཁ་ཤས་རྗེས་མི་དེའི་གྲོགས་པོས་ཁོ་ལ། ཁྱོད་ང་ཚོ་དང་མཉམ་དུ་གློག་

བརྙན་ཁང་ལ་ལྟད་མོ་བལྟ་བར་འགྲོ་རྒྱུ་ཡིན་ནམ། ཞེས་ཁ་པར་ནང་དྲིས་པར་ཁོས་ང་ ཡོང་ཐུབ་ས་མ་རེད། རྨ་དེ་ཚ་ཡི་འདུག་ཅེས་ལབ་པར། གྲོགས་པོས་ཁྱོད་ཀྱིས་སྨན་ པས་ལམ་སྟོན་ལྟར་བྱས་པ་ཡིན་ནམ། ཞེས་དྲིས་པར་མི་དེས་ལགས་ཡིན། ངས་སྨན་

པས་ལབ་པ་ལྟར་བྱས་ཡིན། འོན་ཀྱང་། ད་ལྟ་ངའི་རྐང་ཤུབས་ཆ་ཚང་རྫོགས་པ་མ་

ཟད། ད་དུང་རྐང་ཤུབས་མང་པོ་ཞེ་དྲག་གྱོན་ཡོད་སྟབས་ལྷམ་ཡང་ གྱོན་ཐུབ་ཀྱི་མི་འདུག ཅེས་ལབ་དུས་ཁོའ ་ི གྲོགས་པོ་ཁ་པར་ནང་

བགད་མོའ ་ི འུར་སྒྲས་ཁེངས། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༣། སྨན་པ་དང་ནད་པ།

སྔོན་ནད་པ་ཞིག་སྨན་ཁང་ནང་ཕྱིན་ནས་སྨན་པར། སྨན་པ་ལགས་གྲོད་པ་ན་ཡག་འདི་

ན་ཚ་ཞིག་གི་སྐྱོན་རེད་དམ། ཞེས་བཀའ་འདྲི་ཞུ་དུས་སྨན་པས། ང་སྨན་པ་ཡིན་པས་ ཁྱོད་རང་ལས་ཡག་པ་ཤེས་ཀྱི་ཡོད། མར་ཉོལ་དང་ངས་བརྟག་དཔྱད་ཞིག་བྱས་ཆོག

ཅེས་བཤད་ནས་ཁོའ ་ི གྲོད་ཁོག་གི་གང་སར་ལག་པས་བསྣན་ཙམ་བསྣན་ཙམ་བྱས་ ནས་འདིར་ན་གི་འདུག་གམ འདིར་ན་གི་འདུག་གམ་ཞེས་དྲིས་པར་མི་དེས་ན་གི་མིན་ འདུག་ཅེས་ལབ།

སྨན་པས་དེ་ལྟར་ཐེངས་མང་དྲིས་ཀྱང་ནད་པས་ཀྱང་ན་གི་མིན་འདུག་ལབ་རྐྱང་

བྱས་པས། སྨན་པ་འུ་ཐུག་ནས་བྱས་ན་ག་པར་ན་གི་འདུག་གམ་ཞེས་དྲིས་པར། ནད་ པ་དེས་སྨན་པ་ཁྱེད་རང་སྨན་པ་ཡིན་པས་ང་ལས་ཡག་པ་ཤེས་ཀྱི་མེད་དམ། ཞེས་ ལན་བཏབ་དུས་སྨན་པ་ཁ་ཁུ་སིམ་མེར་ལྷགས་སོ།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༤། ཆ་མེད་ན་གཡུགས་ཡ་རེད།

ཉིན་ཞིག་མི་ཞིག་དང་ཁོའ ་ི སྦྱིན་བདག་མེ་འཁོར་འབབ་ཚུགས་ལ་འགྲོ་སྐབས་སྦྱིན་ བདག་གི་ལྷམ་ཡ་གཅིག་བརླག་ནས་བཙལ་ཀྱང་མ་རྙེད། སྦྱིན་བདག་གིས་ཡ་གཅིག་ མེད་ན་གཞན་དེ་ཡང་གཡུགས་ཡས་ལས་ལྷག་མེད། ཅེས་བཤད་དེ་སྦྱིན་བདག་གིས་ ལྷམ་གཞན་ཞིག་གྱོན་ནས་མེ་འཁོར་འབབ་ཚུགས་ལ་ཕྱིན།

ཉིན་ཤས་རྗེས་ཁོ་ཚོས་ཞོགས་ཟས་སྣུམ་སྲེག་བག་ལེབ་ཟ་སྐབས་སྦྱིན་བདག་

གིས་མི་དེ་ལ་འདིར་སྒོར་མོ་བཅུ་བྱས་པ་ཆ་གཅིག་ཡོད། ཁྲོམ་ལ་ཕྱིན་ནས་མངར་མོ་ ཞིག་ཉོས་ཤོག་ཨ། ཞེས་བཀའ་བཏང་པར་མི་དེས་ལགས་སོ་ཞེས་བཤོད་བཞིན་ཕྱིན།

ཁོ་ཕར་ཕྱིན་ནས་སྐར་མ་ཁ་ཤས་ལས་མ་འགོར་བར་ལག་པ་སྟོང་པར་ལོག་པ་སྦྱིན་ བདག་གིས་མཐོང་། ཁྱོད་ཀྱིས་ལག་པ་སྟོང་པར་ནང་ལ་ག་རེ་བྱས་ནས་ལོག་ཡོང་

ཡིན། ཞེས་དྲིས་པར་མི་དེས། ངས་མངར་མོ་ཉོ་ཐུབ་མ་བྱུང་། ངའི་ལག་ནས་སྒོར་མོ་ བཅུ་བྱས་པ་ཡ་གཅིག་གསང་སྤྱོད་ཆུ་ནང་ལྷུང་ནས་ལེན་ཐབས་མ་བྱུང་། ངས་གཞན་ དེ་ཡང་གསང་སྤྱོད་ཆུ་ནང་གཡུགས་པ་ཡིན། གང་ལགས་ཟེར་ན། སྦྱིན་བདག་

ཁྱོད་ཀྱིས་ཅ་ལག་ག་རེ་ཡིན་ཡང་ཡ་གཅིག་མེད་ན་གཡུགས་ལབ་

བྱུང་། ཞེས་ལན་བཏབ་དུས་སྦྱིན་བདག་ཁོ་གང་བཤོད་འདི་བཤོད་ མ་བྱུང་ངོ་། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༥། དབུར་ཏི་རྒྱག་པ།

ཉིན་ཞིག་སྦྱིན་བདག་ཞིག་གིས་གཡོག་པོ་ལ། ང་ད་ལྟ་ཚོགས་འདུ་ཞིག་ལ་འགྲོ་

དགོས་ཡོད། ངའི་གྱོན་གོས་རྣམས་ནོན་ཨ། ཞེས་ཁ་ངོ་འཁྲུད་བཞིན་ལབ། གཡོག་ པོས་ལགས་སོ་ཞེས་ལབ་ཏེ་ཕྱིན། སྐར་མ་གཉིས་ཀྱི་རྗེས་སྦྱིན་བདག་འཁྲུས་ཁང་

ནས་དོན་ཡོང་སྐབས། མི་དེས་སྦྱིན་བདག་གི་གྱོན་གོས་རྣམས་ལག་པས་མནན་

ནས་བསྡད་ཡོད་པ་མཐོང་བས་གཤེ་གཤེ་དང་སྦྲགས་ཁྱོད་ག་རེ་བྱེད་ཀྱི་ཡོད། ངས་ “ནོན་”ལབ་ན་དབུར་ཏི་རྒྱག་དགོས་ཞེས་ལབ་པ་རེད། གཡོག་པོ་དེས་ལགས་སོ་

་་ལགས་སོ་ཟེར་བཞིན་མགོ་འགུར་ནས་བསྡད་པ་རེད། སྦྱིན་བདག་ཚོགས་འདུ་ གྲོལ་ནས་ནང་ལ་ལོག་སྟེ། ཝ་ཡེ་ང་རྐང་པ་ན་ཡི་འདུག ངའི་རྐང་པ་ནོན་དང་། ཞེས་ བཤད་པར་གཡོག་པོ་དེས་ལགས་སོ་་་ལགས་སོ་ཟེར་བཞིན་མགྱོགས་མྱུར་དབུར་

ཏི་ཚ་བོ་བཟོས་ཏེ་སྦྱིན་བདག་གི་རྐང་པར་དབུར་ཏི་བརྒྱབ་པར་སྦྱིན་བདག་སྐད་

ངན་དང་སྦྲགས་འཕག་ཚག་ཤོར། ཁྱོད་སྨྱོ་སོང་ངམ་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་

པར། གཡོག་པོས་ངས་སྦྱིན་བདག་རང་གིས་“ནོན་”ལབ་ན་དབུར་

ཏི་བརྒྱག་དགོས་ཞེས་བཤད་བྱུང་བས་དེ་ལྟར་བྱས་པ་ཡིན་ལབ་པར་

སྦྱིན་བདག་གང་ཡང་བཤད་རྒྱུ་མེད་པར་ལུས་སོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༦། ལྷམ་གྱོན་ནོར།

སྔོན་ར་མུ་དང་ཤ་མུ་ཟེར་བའི་བུ་སྤུན་གཉིས་ཡོད། ཉིན་ཞིག་ར་མུ་ཡིས་“ཨ་མ་ལགས་

་་་ཨ་མ་ལགས་ངའི་ལྷམ་འདི་དམ་དྲག་ནས་རྐང་པ་ན་གི་འདུག་”ལབ། ཨ་མས་“བུ་

གླེན་པ་རང་གི་ལྷམ་ནོར་བ་གྱོན་འདུག་ག་་་”ཞེས་ལབ་པར་“ཤ་མུ་ཡིས་ནོར་མེད་ང་ རང་གི་ལྷམ་ང་རང་གིས་གྱོན་ཡོད། ར་མུ་ཁོ་རང་གི་ལྷམ་ཁོ་རང་གི་གྱོན་འདུག་”ལབ།

“ཨ་མས་ཟེར་ན་དེ་འདྲ་ཟེར་གྱི་མེད། ར་མུ་ཁོ་རང་གི་ལྷམ་གཡས་པ་གཡོན་པར་གྱོན་ འདུག གཡོན་པ་གཡས་པར་གྱོན་འདུག་ལབ་ཀྱི་ཡོད་”ཅེས་གསལ་བཤད་བྱས།

ཉིན་ཤས་རྗེས་པ་ལགས་དང་ཨ་མ་ལགས་གཉིས་ཀྱིས་བུ་གཉིས་ལ་ལྷམ་ཉོ་

བར་འཁྲིད། ཤ་མུ་ཡིས་“ང་ལ་ལྷམ་རྒྱ་མུག་ཆ་ཞིག་ཉོ་དགོས་ཡོད་”ལབ། ར་མུ་

ཡིས་“ང་ལ་རྐང་པ་གཡས་པར་ལྷམ་རྒྱ་མུག་གཅིག་དང་། རྐང་པ་གཡོན་པར་ལྷམ་ ནག་པོ་གཅིག་ཉོ་དགོས་”ལབ། ཨ་མས་“བུ་གླེན་པ་རང་ལྷམ་ཚོན་མདོག་མི་འདྲ་བ་

གཉིས་གང་འདྲ་གྱོན་གྱི་ཡིན་ནམ་”ཞེས་དྲིས། ར་མུ་ཡིས་“ང་ལྷམ་ནོར་བ་གྱོན་འདོད་

མི་འདུག་ལ་རྐང་པར་ཡང་སྡུག་པོ་མྱང་འདོད་མི་འདུག བྱས་ཙང་ངས་ལྷམ་ག་རེ་ རྐང་པར་གྱོན་དགོས་མིན་ཤེས་ཀྱི་རེད་”ཅེས་ལབ་པར་ཕ་མ་གཉིས་ དང་ཚོང་པ་གྲོད་པ་ན་ན་གད་མོ་ཤོར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༧། ཤིང་སྡོང་གི་ཁ་ལག་བཟོ་བ།

ཉིན་ཞིག་རྒན་ལགས་ཀྱིས་ཕྲུ་གུ་རྣམས་སྤྲོ་འཆམ་ལ་འཁྲིད་པ་རེད། རྒན་ལགས་ཀྱིས་ “རྩི་ཤིང་དེ་ཚོར་ཉི་འོད་དང་། ཆུ་ནི་དགོས་མཁོ་གཙོ་ཆེ་ཤོས་དེ་ཡིན་པ་རེད། རྩི་ཤིང་ དེ་ཚོས་ཉི་འོད་དང་། ཆུ་བེད་སྤྱོད་ཀྱིས་སོ་སོར་ཁ་ལག་བཟོ་ཡི་ཡོད་པ་རེད་”ཅེས་ འབྲེལ་བཤད་བརྒྱབ་པ་རེད།

ཉིན་གུང་ཁ་ལག་ཟ་དུས་གློ་བུར་དུ་བུ་ཞིག་གིས་ཁོ་རང་གི་ཁ་ལག་ཕྱེད་ཀ་ཤིང་

སྡོང་ཞིག་གི་འགྲམ་དུ་བཤོས་པ་རེད། བྱེད་སྟངས་དེ་རྒན་ལགས་ཀྱིས་མཐོང་ནས་བུ་ ལ་ཁ་ལག་ག་རེ་བྱས་ནས་བཤོ་མིན་སྐད་ཆ་དྲིས་པར། བུ་དེས་རྒན་ལགས་ལ་“ཤིང་ སྡོང་དེ་ཚོས་སོ་སོར་ཁ་ལག་བཟོ་བར་དུས་ཚོད་མང་པོ་འགོར་གྱི་ཡོད། བྱས་ཙང་

ཤིང་སྡོང་དེ་དག་སྐྱེས་ཚར་ཀྱང་དལ་པོ་རེད་འདུག གལ་སྲིད་ངའི་ཁ་ལག་ཤིང་སྡོང་

དེ་དག་ལ་སྤྲད་ན་ཁོ་ཚོ་ཁ་ལག་བཟོ་དགོས་མེད་པ་དང་། སྐྱེས་ཚར་ཡང་མགྱོགས་

པོ་ཡོང་གི་རེད་”ཅེས་ལབ་པར་རྒན་ལགས་དང་ཕྲུ་གུ་གཞན་རྣམས་ གད་མོས་ཁ་ཡང་ཟུམ་མི་ཐུབ་པར་གྱུར་ཏོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༨། ཚོད་དཔག་བྱས་པ།

ཉིན་ཞིག་མི་གཅིག་སྐམ་ཟས་ཚོང་ཁང་ནས་ལོག་ཡོང་སྐབས། ལམ་བར་དུ་བུ་

ཆུང་ཞིག་དང་ཕྲད། བུ་ཆུང་དེས་“བཀྲིས་བདེ་ལེགས་ཇོ་ལགས། དེ་རིང་ཁྱེད་རང་

གིས་ག་རེ་ཉོས་པ་ཡིན་ནམ།”ཞེས་དྲིས་པར་ཇོ་ལགས་དེས་“བུ་་་དེ་རིང་ངས་མར་ གཅིག་དང་། སྔོ་ཚལ། གྲོ་ཞིབ། ཅོག་ལེ་ཊི་བཅས་ཉོས་ཡོད།”ཞེས་ལབ་པར་བུ་ཆུང་ དེས་ལམ་སེང་“ཇོ་ལགས་་་་ཇོ་ལགས་་་གལ་སྲིད་ངས་ཅོག་ལེ་ཊི་ག་ཚོད་ཉོས་ཡོད་

མེད་ཚོད་དཔག་བྱེད་ཐུབ་ན་ཁྱེད་ཀྱིས་ང་ལ་གཅིག་སྤྲད་ཡས་ཡིན་ནམ།”ཞེས་དྲིས་

པ་རེད། ཇོ་ལགས་དེའི་བསམ་པར་བུ་ཆུང་དེས་ང་ལ་མགོ་བསྐོར་བསླུ་འཁྲིད་བྱེད་ རྩིས་འདུག་པས་ངས་ཁོ་ལ་ཉམས་ཚོད་ཅིག་ལྟ་དགོས་དགོངས་ནས་“བུ་ཆུང་་་ཡིན་

དང་ཡིན། གལ་སྲིད་ཁྱོད་ཀྱིས་ང་ལ་ཡོད་པའི་ཅོག་ལེ་ཊིའི་གྲངས་ཚོད་དཔག་ཐུབ་ན་

ངས་ཁྱོད་ལ་ངའི་ཅོག་ལེ་ཊི་བཅུ་ཚང་མ་སྤྲད་ཆོག་”ཅེས་ཁོ་རང་གི་ཁ་ནས་ཅོག་ལེ་ ཊི་ཁ་གྲངས་ཤོར་མ་ཐག་བུ་ཆུང་དེས་“ཧ་ཧ་་་་ཧ་ཧ་་་་ཅོག་ལེ་ཊི་བཅུ་ ཉོས་འདུག་ག་་་་”ཞེས་གད་མོ་བགོད་བཞིན་བཤད་པས་ཇོ་ལགས་ག་

བཤོད་འདི་བཤོད་མེད་པར་ཅོག་ལེ་ཊི་བུ་ཆུང་ལ་སྤྲོད་དགོས་ཆགས་ སོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༡༩། དྲི་ཞིམ་ཆུ།

ཉིན་ཞིག་མི་ཞིག་གིས་ཁོའ ་ི སྦྱིན་བདག་ལ་ག་རེ་གནང་གི་ཡོད་དམ། ཞེས་དྲིས་པར་ སྦྱིན་བདག་གིས་ང་ད་ལྟ་ང་རང་གི་གྱོན་གོས་སྟེང་ལ་དྲི་ཞིམ་ཆུ་གཏོར་གྱི་ཡོད། དྲི་

ཞིམ་ཆུ་གཏོར་ན་ཅ་དངོས་ག་རེ་ཡིན་ནའང་ཚང་མ་གསོས་པར་བསྡད་ཀྱི་རེད། ཅེས་

ལབ་པ་རེད། སང་ཉིན་ཉིན་གུང་སྦྱིན་བདག་གིས་མི་དེར། ང་ད་ལྟ་ཉིན་གུང་ཁ་ལག་ཟ་ ལོང་མི་འདུག ང་ལ་ལས་ཀ་བྲེལ་བ་ཆེན་པོ་ཞིག་ཡོད་པས་ཁ་ལག་དེ་འཁྱག་སྒམ་ནང་

བླུགས་ནས་ཞོག་ཨ། ང་ནང་ལ་མ་བསླེབ་བར་དུ་འཁྱག་སྒམ་ནང་བཞག་ན་ཁ་ལག་དེ་ གསོས་པར་བསྡད་ཀྱི་རེད། ཅེས་ལབ་པར་མི་དེས་ལགས་སོ་ཞེས་ལན་བརྒྱབ། གང་

ཙམ་གྱི་རྗེས་ལ་སྦྱིན་བདག་ནང་ལ་སླེབས་མ་ཐག་ཁོས་མི་དེ་ལ་ད་ངའི་ཉིན་གུང་ཁ་ ལག་སྤྲོད་དང་། ཞེས་སྐད་བརྒྱབ་ནས་ཁ་ལག་ཟ་ཟའི་ཅོག་ཙེའི་ཉེ་འགྲམ་དུ་བསྡད་པ་ རེད། མི་དེས་ཉིན་གུང་ཁ་ལག་འཁྱེར་ཡོང་དུས་སྦྱིན་བདག་གིས་ཨོ་ཧོ་་་ ཨོ་ཧོ་་་་

འདི་ལ་དྲི་མ་ཁྱད་མཚར་ཞིག་ཁ་ཡི་འདུག དེ་ག་རེ་ཡིན་ནམ། ཞེས་མི་དེར་དྲིས་པར།

མི་དེས་སྦྱིན་བདག་ལགས་ང་ཚོའི་འཁྱག་སྒམ་དེ་འཕྲོ་བརླག་རེད་འདུག བྱས་ཙང་

དྲི་ཞིམ་ཆུ་གཏོར་ན་གསོས་པར་གནས་ཀྱི་རེད་ལབ་པ་བཞིན་ངས་དྲི་

ཞིམ་ཆུ་གཏོར་བ་ཡིན། ཞེས་ལབ་པར་སྦྱིན་བདག་ཁ་ཡང་ཟུམ་མ་ ཐུབ་པར་གད་མོ་ཤོར་རོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༠། འཁོར་ལོའ ་ི ཕུ་ཤོར་བ།

ཉིན་ཞིག་བུ་ཞིག་དང་ཁོའ ་ི ཨ་ཞང་མོ་ཊ་བཏང་ནས་འཆམ་འཆམ་ལ་འགྲོ་དུས་མདུན་

གྱི་འཁོར་ལོ་གཅིག་ཕུ་ཤོར་བ་རེད། ཨ་ཞང་གིས་འོ་ཡ་ད་ང་ཚོ་ལ་དཀའ་ངལ་ཞིག་ ཡོད་པ་འདྲ། འོ་རེད་འདུག་དཀའ་ངལ་དེ་ནི་མོ་ཊའི་མདུན་གྱི་འཁོར་ལོའ ་ི ཕུ་ཤོར་

འདུག བྱས་ཙང་ད་ང་ཚོས་རྡོ་སྣུམ་ས་ཚིགས་ཤིག་བཙལ་ནས་ཕུ་བརྒྱབ་དགོས་

འདུག ཅེས་ལབ་པ་རེད། གང་ཙམ་ཕྱིན་རྗེས་ཨ་ཞང་གིས་ཟ་ཁང་ཞིག་མཐོང་ནས་ང་ གྲོད་ཁོག་ལྟོགས་ཀྱི་འདུག་པས་ང་གཉིས་ཟ་ཁང་འདིར་གུང་ཟས་ཤིག་ཟ་ཆོག ཅེས་ ལབ་སྟེ་ཟ་ཁང་ནང་ཕྱིན་པ་རེད། ཁོ་གཉིས་གུང་ཟས་བཟའ་སྐབས་བུ་དེ་ཁྱུག་ཙམ་

ཕྱི་ལ་སོང་ནས་ལོག་ཡོང་སྐབས་ཨ་ཞང་གིས་ཁྱོད་རང་ག་པར་ཕྱིན་ཡིན་ནམ། ཞེས་ དྲིས་པར་བུ་དེས་ངས་མོ་ཊའི་འཁོར་ལོ་ཡི་དཀའ་ངལ་དེ་སེལ་ཆེད་དུ་ཕྱིན་ཡིན་ལབ་

པར་ཨ་ཞང་གིས་དངོས་གནས་རེད་བས་་་ཞེས་དྲིས་པར། བུ་དེས་ལགས་ཡིན་མདུན་ གྱི་འཁོར་ལོའ ་ི ཕུ་ཤོར་བ་ནང་བཞིན་འཁོར་ལོ་གཞན་ཚང་མ་ནས་ཕུ་ཏོག་ཙམ་རེ་

གློད་པ་ཡིན། བྱས་ཙང་ད་ང་ཚོས་མོ་ཊ་གཏང་ཡང་དཀའ་ངལ་མེད། འཁོར་ལོ་ཚང་མ་ལ་ཕུ་གཅིག་པ་ཆག་ཡོད། ཅེས་ལབ་པར་ཨ་ཞང་

ག་བཤོད་འདི་བཤོད་མ་བྱུང་ངོ་།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༡། སུ་སློབ་གྲྭར་སླེབས་ཡོད་མིན།

ཉིན་ཞིག་འཛིན་ཁང་ནང་རྒན་ལགས་ཀྱིས་བཀྲ་ཤིས། སྒྲོལ་མ། དོན་སྒྲུབ་་་་ཞེས་མིང་ གཞུང་ཀློག་པར་ཁོ་ཚོས་ཀྱང་ལགས་ཡོད་་་ ལགས་ཡོད། ཅེས་ལབ་པ་རེད། འོན་

ཀྱང་། དོན་གྲུབ་ནི་ནམ་རྒྱུན་ནས་བསྟན་ཤིག་ཚ་བའི་སློབ་མ་ཞིག་ཡིན་སྟབས། རྒན་ ལགས་ཀྱིས་དོན་གྲུབ་ཅེས་ཁོའ ་ི མིང་ནས་འབོད་སྐབས། དོན་གྲུབ་ཀྱིས་ཀྱང་ལགས་ ཡོད་ཅེས་ལབ་པ་དང་། ཁོས་ཡར་ལངས་ནས་རྒན་ལགས་ཁྱོད་ཀྱིས་ང་ཚོའི་མིང་རེ་ རེ་བཞིན་འབོད་དགོས་མ་རེད། ང་ལ་དེ་ལས་སྟབས་བདེ་བའི་ཐབས་ཤེས་ཤིག་ཡོད།

ཅེས་ལབ་པར། རྒན་ལགས་ཀྱིས་གསུངས་དང་། ཞེས་ལབ་པར། དོན་གྲུབ་ཀྱིས་ཁོ་ རང་གི་ལག་པ་བརྐྱངས་ཏེ་དེ་རིང་སློབ་གྲྭར་འབྱོར་མེད་པའི་སློབ་ཕྲུག་གི་ལག་པ་

རྐྱོངས་དང་་་་ཞེས་ལབ་ན་ཚང་མ་ཐག་ཆོད་འགྲོ་ཡི་རེད། ཅེས་ལབ་པར་རྒན་ལགས་ གད་མོས་མིག་ཤེལ་ཡང་སར་ལྷུང་ངོ་།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༢། ཆུ་ཚོད་ཀྱི་དྲིལ་བརྡ།

ཉིན་ཞིག་སྦྱིན་བདག་ཞིག་གིས་གཡོག་པོར་འདི་ལྟར་གཤེ་གཤེ་བཏང་། “ཁྱོད་ཀྱིས་

དེ་རིང་དུས་ཚོད་ཏག་ཏག་ལ་ང་ཡར་ལངས་མེད་ཙང་ལས་ཀར་རྗེས་ལུས་ཐེབས་ སོང་” ཞེས་ལབ་པར་“གཡོག་པོ་དེས་སྦྱིན་བདག་ལགས་ངས་ཆུ་ཚོད་ཀྱི་དྲིལ་བརྡ་

སྒྲིག་པ་ཡིན་” ཞེས་ལན་ཕུལ། སྦྱིན་བདག་གིས་ཆུ་ཚོད་ཀྱི་དྲིལ་བརྡ་དེ་ཐག་རིང་དུ་ ཡོད་པས་ངས་གོ་མ་བྱུང་། རྗེས་མ་ནས་ཁྱོད་ཀྱིས་ཆུ་ཚོད་ཀྱི་དྲིལ་བརྡ་དེ་ངའི་ཉལ་ སའི་འགྲམ་ལ་འཇོག་ཐབས་བྱོས་ཤིག་” ཅེས་ལབ་པ་རེད།

སང་ཞོགས་གཡོག་པོ་དེས་“དེ་རིང་སྦྱིན་བདག་རང་ཆུ་ཚོད་ཏག་ཏག་ལ་ཡར་

ལངས་སོང་” ཞེས་ལབ་པར་སྦྱིན་བདག་གིས་“དེ་རིང་ང་དུས་ཚོད་ཏག་ཏག་ལ་མ་ ལངས་ཐབས་མེད་རེད། མཚན་མོ་ང་གཉིད་ཡག་པོ་བྱས་ནས་ཁུག་ཐུབ་མ་བྱུང་། ངའི་ སྔས་མགོ་དེ་མཁྲེགས་པོ་ཞེ་དྲག་འདུག་” ཅེས་ལབ་པར་“གཡོག་པོ་དེས། གཅིག་

བྱས་ན་དེ་དྲིལ་བརྡ་ཅན་གྱི་ཆུ་ཚོད་དེ་རེད། ངས་སྦྱིན་བདག་རང་གིས་དེའི་དྲིལ་ བརྡ་ཡག་པོ་གོ་ཆེད་སྔས་མགོ་ནང་བཅུག་པ་ཡིན་” ཞེས་ལབ་པར་ སྦྱིན་བདག་རླུངས་ལངས་ཡང་ཅི་བཤོད་འདི་བཤོད་མ་བྱུང་ངོ་། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༣། ལམ་སྟོན་པ།

སྔོན་མི་ཞིག་གིས་སྤོ་སྤོ་ཞིག་ལ་“ཀཱང་ར་ལ་འགྲོ་ཆེད་སྤྱི་སྤྱོད་རླངས་འཁོར་ཨང་

གྲངས་ག་ཚོད་ལེན་དགོས་རེད།” ཞེས་དྲིས་པར་སྤོ་སྤོ་དེས་“སྤྱི་སྤྱོད་རླངས་འཁོར་ ཨང་གྲངས་ ༢༨ ལེན་དགོས། འབབ་ས་ ༦ པར་བབ་དགོས་” ཞེས་ལབ། མི་དེས་

“ཐུགས་རྗེ་ཆེ་་་གཅིག་བྱས་ན་ཁྱོད་རང་གིས་སྤྱི་སྤྱོད་རླངས་འཁོར་གྱི་འགྲོ་སྟངས་

ཚང་མ་ཤེས་ཀྱི་ཡོད་པ་འདྲ་” ཞེས་ལབ་པར་སྤོ་སྤོ་དེས་“ང་ས་ཆ་དེར་ལོ་ ༤༠ ཙམ་

བསྡད་པས་སྤྱི་སྤྱོད་རླངས་འཁོར་འགྲོ་སྟངས་ཚང་མ་ཤེས་ཀྱི་ཡོད།” ཞེས་ལབ་མ་

ཐག་སྤྱི་སྤྱོད་རླངས་འཁོར་ ༢༨ པ་བསླེབས་ནས་མི་དེ་སྤྱི་སྤྱོད་རླངས་འཁོར་ནང་ བསྡད་ནས་ཕྱིན་པ་རེད། སྐར་མ་ཉི་ཤུ་རྗེས་མི་དེ་སྤྱི་སྤྱོད་རླངས་འཁོར་ནས་བབས་ སྐབས་བུ་མོ་ཞིག་གིས་མི་དེ་ལ་“མེག་ལོ་ཌི་གྷན་ཅི་ལ་འགྲོ་བར་སྤྱི་སྤྱོད་རླངས་

འཁོར་ཨང་གྲངས་ག་ཚོད་ལེན་དགོས་སམ།” ཞེས་དྲིས་པར་མི་དེས་“སྤྱི་སྤྱོད་

རླངས་འཁོར་ཨང་གྲངས་ ༢༨ འབབ་ས་ ༦ པར་བབ་དགོས།” ཞེས་ལབ་པར་བུ་མོ་ དེས་“དེ་མེག་ལོ་ཌི་གྷན་ཅི་རེད་དམ།” ཞེས་དྲིས་པར་མི་དེས་“མ་རེད། འོན་ཀྱང་། དེ་

ནས་ཁ་ཚུར་སློག་དུས་ཁྱོད་ཀྱིས་སྤོ་སྤོ་ཞིག་རྐུབ་བཀྱག་སྟེང་བསྡད་ ཡོད་པ་མཐོང་གི་རེད། བྱས་ཙང་ཁྱོད་ཀྱིས་སྤོ་སྤོ་ཁོང་ལ་སྐད་ཆ་དྲིས་

དང་ཁོས་སྤྱི་སྤྱོད་རླངས་འཁོར་གྱི་འགྲོ་སྟངས་ཚང་མ་ཤེས་ཀྱི་ཡོད་ རེད།” ཞེས་ལབ་མ་ཐག་བུ་མོ་དེ་ཁ་གདངས་ནས་ལྷག་སོ། །


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༤། ཨི་ཁུང་ཡོད་པའི་ཅ་ལག།

དགུན་ཁ་ཤར་བས་གནམ་གཤིས་ཀྱང་ཉིན་རེ་ལས་ཉིན་རེར་གྲང་དུ་འགྲོ་གི་ཡོད།

ཉིན་ཞིག་སྦྱིན་བདག་ཞིག་གིས་གཡོག་པོ་འཁྲིད་དེ་མལ་ཆས་ཉོ་བར་ཕྱིན། སྦྱིན་ བདག་དེས་ཚོང་ཁང་ནང་མལ་ཆས་དེ་ཕར་སློག་ཚུར་སློག་གིས་བརྟག་དཔྱད་ཞིབ་ པར་བྱེད་སྐབས་གཡོག་པོ་དེའི་བསམ་པར་ངའི་སྦྱིན་བདག་གིས་མལ་ཆས་གསར་ བ་དེར་གང་འཚོལ་གྱི་ཡོད་དམ་སྙམས་ཏེ་“སྦྱིན་བདག་ལགས་ཁྱེད་རང་ག་རེ་གནང་ གི་ཡོད་”ཅེས་དྲིས། སྦྱིན་བདག་གིས་“ཅ་ལག་གང་ཡིན་རུང་དེར་ཨི་ཁུང་དང་སྐྱོན་ ཡོད་མེད་ཞིབ་ཕྲ་བལྟས་ནས་ཉོ་དགོས་པ་རེད་”ཅེས་ལན་བརྒྱབ།

ཕྱི་ཉིན་ཞོགས་པ། སྦྱིན་བདག་གིས་གཡོག་པོ་དེ་སྒོར་མཐུད་(Doughnut)

ཉོ་རུ་བཏང་བ་རེད། སྐར་མ་ཁ་ཤས་རྗེས་གཡོག་པོ་ཁོ་ལག་པ་སྟོང་པར་སྦྱིན་བདག་

གི ་ དྲུང་དུ་ལོ ག ་སླེ བ ས། སྦྱི ན ་བདག་གི ས ་“སྒོ ར ་མཐུད་(Doughnut)ག་ པར་ཡོད་མིན་སྐད་ཆ་དྲིས།” གཡོག་པོ་དེས་“སྦྱིན་བདག་ཁྱེད་ཀྱིས་ཅ་ལག་གང་ ཡིན་རུང་དེར་ཨི་ཁུང་དང་སྐྱོན་ཡོད་མིན་ཞིབ་ཕྲ་བལྟས་ནས་ཉོ་དགོས་པ་རེད་

”གསུངས་པ་བཞིན་སྒོར་མཐུད་ལ་ཨི་ཁུང་འདུག བྱས་ཙང་ངས་

སྒོར་མཐུད་(Doughnut)དེ་ཉོས་མེད་”ཅེས་ལན་བརྒྱབ་པར་

སྦྱིན་བདག་གད་མོ་གྲོད་པ་ན་ན་བགད་རྒྱུ་བྱུང་བ་རེད་དོ།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༥། གྷུ་གྷལ་(Google)

སྔོན་སྦྱིན་བདག་ཞིག་གིས་གཡོག་པོར་འདི་ནི་“གྷུ་གྷལ་(Google)”ཞེས་པ་དེ་ ཡིན་པ་དང་། འདི་ནས་“གང་ཤེས་འདོད་ཡོད་པ་ཚང་མ་འཚོལ་ཆོག་གི་རེད་”ཅེས་

འགྲེལ་བཤད་བརྒྱབ་དུས་གཡོག་པོ་དེ་ཧང་སང་ཏེ་“འོ་ན་་་སྦྱིན་བདག་ལགས་ང་“ཏཱ་

ཅི་མ་ཧལ་”བལྟ་འདོད་འདུག་”ཞུས་པར་སྦྱིན་བདག་གིས་ཀྱང་ཁྲག་་་ ཁྲག་་་ ཁྲག་་

་ཅེས་“ཏཱ་ཅི་མ་ཧལ་”ཞེས་པའི་ཡི་གེ་(Taj Mahal) བྲིས་པ་དང་། “ལྟོས་དང་ འདིར་ཏཱ་ཅི་མ་ཧལ་གྱི་སྐོར་དང་། ད་དུང་པར་ཞིག་ཀྱང་བལྟ་རྒྱུ་འདུག་”ཅེས་ལབ་པ་ རེད།

སྦྱིན་བདག་གིས་“ད་ཁྱོད་རང་གང་འཚོལ་འདོད་འདུག་བེད་སྤྱོད་བྱོས་དང་

”ཞེས་ལབ། གཡོག་པོ་དེས་“ཁྲག་་་ཁྲག་་་ཁྲག་་་ཞེས་གྷུ་གྷལ་(Google)ནང་ལ་ཡི་

གེ་ཞིག་བྲིས། འོན་ཀྱང་གང་ཡང་བརྙེད་མེད་པས་སྦྱིན་བདག་གིས་ཁོ་ལ་ག་རེ་བཙལ་ མིན་སྐད་ཆ་དྲིས། གཡོག་པོ་དེས་“ངས་ང་རང་གི་ཨ་མས་ཉོས་པའི་སྟོད་ཐུང་དམར་ པོ་བོར་བརླག་སོང་བ་དེ་བཙལ་བ་ཡིན་”ཞེས་ལབ་པར་སྦྱིན་བདག་གད་མོས་སྦོལ་ ཁྲིའི་སྟེང་འབབ་རིལ་ཐེབས་སོང་ངོ་།


མཚར་གཏམ་ཁག་གཅིག

བསྟན་འཛིན་རང་གྲོལ་གྱིས་ Suppandi ལས་བོད་བསྒྱུར་བྱས།

༢༦། ང་ལ་གང་ཡང་མི་དགོས།

སྔོན་མི་ཞིག་ཟ་ཁང་ཆེན་པོ་ཞིག་གི་ནང་ལ་ཁ་ལག་བཟའ་བར་བསླེབས་པ་རེད། ཟ་ ཁང་དེའི་གཡོག་པོས་“མི་དེའི་དྲུང་དུ་བཅར་ནས་ག་རེ་དགོས་སམ་”ཞེས་དྲིས། མི་

དེས་“ང་ལ་མོག་མོག་སྡེར་མ་གང་གནང་རོགས་”ཞེས་ལབ་པ་རེད། མི་དེས་མོག་

མོག་བཟས་ཚར་རྗེས་ཟ་ཁང་གི་གཡོག་པོས་ཡང་བསྐྱར་“ད་ག་རེ་དགོས་སམ་”ཞེས་ སྐད་ཆ་དྲིས་པར་མི་དེས་“ད་ང་ལ་གང་ཡང་མི་དགོས་”ཞེས་ལན་བརྒྱབ་ནས་ཟ་ཁང་ ནས་འགྲོ་རྩིས་བྱེད་སྐབས་ཟ་ཁང་གི་གཡོག་པོས་“སྐུ་ཞབས་ལགས་ཁྱེད་ཀྱིས་ཁ་ ལག་བཟས་པའི་རིན་གོང་”ཞེས་ཤོག་ཆུང་ཞིག་ནང་ཨང་གྲངས་བྲིས་པ་ཞིག་སྤྲོད་

སྐབས། མི་དེས་རླུང་འཚུབ་འཚུབ་ངང་“ངས་ད་གིན་ང་ལ་གང་ཡང་མི་དགོས་ཞེས་

ལབ་ཡིན། ཁྱོད་ཀྱིས་ད་དུང་ཁ་ལག་བཟས་པའི་རིན་གོང་དེ་ང་ལ་ག་རེ་བྱས་ནས་ སྤྲད་ཀྱི་ཡོད་”ཅེས་ལབ་དུས་ཟ་ཁང་ནང་ཡོད་པའི་མི་གཞན་ཚང་མ་གད་མོ་ཤོར་བ་ རེད་དོ།



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.