སྣ་ཚོགས། ཕྱོགས་བསྒྲིག་དེབ་ཆུང་། Collection Stories

Page 1

དཀར་ཆག

གཏོང་ཕོད་དང་ཧམ་སེམས། ������������������������������������������������� 2 བྱེའུ་ཆུང་གིས་སྡོང་རྒན་ལ་དྲིན་ལན་འཇལ་བ། ������������������������� 3 ཕུག་རོན་གྱི་ཕུགས་བསམ། �������������������������������������������������� 3

སྣ་ཚོགས།

ཕྱོ​ོགས་བསྒྲི​ིགས་དེ​ེ​ེབ་ཆུ​ུང།

ངང་ཕྲུག་གི་སེམས་གཅོང་། �������������������������������������������������� 4 རྩམ་པ། ����������������������������������������������������������������������������� 5 མཉམ་དུ་མཆི་མ་ཤ ོར་བ། ������������������������������������������������������ 5 བོང་བུ། ����������������������������������������������������������������������������� 6 ཁ་མིག་དང་རྣ་ཅོག �������������������������������������������������������������� 6

མི་གླེན་པ། ������������������������������������������������������������������������� 7 མི་གླེན་པ། ������������������������������������������������������������������������8 གླེན་པ་དང་སྤྱང་པོའ ི་སྒྲུང༌། ����������������������������������������������������9 གླང་ཆེན་གྱི་རང་ལུས་དོར་བ། �����������������������������������������������9

བོད་ཀྱི་ཟས་རིགས། ����������������������������������������������������������� 10

ང་ནི་རྩ་ཕྲན་འདི་ལ་དགའ། �������������������������������������������������� 11 ཤེས་ཡོན་སློབ་སྦྱོང་། ��������������������������������������������������������� 13

སྤྲེའུ་བྱང་ཆུབ་སེམས་དཔའི་སྒྲུང༌། ���������������������������������������� 14 ཁོར་ཡུག་སྲུང་སྐྱོབ། ���������������������������������������������������������� 14 རྡོའ ི་སེང་གེས་ཁ་གདངས་པ། ���������������������������������������������� 15 1

གངས་རི། ������������������������������������������������������������������������ 16

པོ་ཏ་ལ། �������������������������������������������������������������������������� 17


གཏོང་ཕོད་དང་ཧམ་སེམས།

གནའ་སྔ་མོ་སྔ་མོ་ཞིག་ན། སྦོམ་ཞིང་མཐོ་ལ་ལོ་འདབ་རྒྱས་པའི་སྡོང་རྒན་ཞིག་ཡོད།

ཉིན་ལྟར་བྱིས་པ་ཞིག་སྡོང་པོའ་ི བསིལ་གྲིབ་འོག་ཏུ་གཉིད་ཉལ་ཞིང་། སྡོང་རྩེར་

འཛེགས་ནས་ཤ ིང་ཏོག་བཏོགས་ནས་བཟའ་བས། ཁོང་གཉིས་ཕན་ཚུན་ཕར་དགའ་ ཚུར་དགའི་ངང་ནམ་རྒྱུན་དུ་རྩེད་མོ་ལ་རོལ།

ནམ་ཞིག་ན་བྱིས་པ་དེ་ནར་སོན་པས་སྔར་བཞིན་ཉིན་ལྟར་རྩེད་མོ་རྩེ་བར་མི་

ཡོང་། ཉིན་ཞིག་སླར་ཡང་སྡོང་འོག་ཏུ་འོང་ཞིང་། དེ་སྔོན་བཞིན་སྐྱིད་སྣང་མེད་པར་

སེམས་སྡུག་གི་ཉམས་ཞིག་བསྟན། སྡོང་རྒན་གྱིས་མཉམ་དུ་རྩེད་མོ་རྩེ་དགོས་ཞེས་

བཤད་ཀྱང་། བུ་ཆུང་གིས་དེ་མི་ཉན་པར་ད་ལྟ་ང་ལོ་ན་ཆུང་ཆུང་མིན་པས་ཁྱོད་དང་ མཉམ་དུ་རྩེད་མོ་མི་རྩེ། ང་ལ་རྩེད་ཆས་གཞན་དགོས་ཀྱང་དེ་ཉོ་བྱེད་ཀྱི་སྒོར་མོ་མེད་ ཅེས་བཤད། སྡོང་རྒན་གྱིས་ཚིག་འཇམ་པོའ ི་ངང་དངོས་གནས་ཕང་པོ་རེད། ང་ལའང་ སྒོར་མོ་མེད། ཡིན་ནས། ངའི་སྡོང་རྩེར་སྨིན་པའི་ཤ ིང་འབྲས་དག་བཏོག་ནས་བཙོང་

ན་ཁྱོད་ལ་སྒོར་མོ་རག་གི་རེད་ཅེས་བཤད། བུ་ཆུང་དགའ་ཐག་ཆོད་ནས་ཤ ིང་ཏོག་ ཡོད་ཚད་བཏོགས་སྟེ་དགའ་དགའ་སྤྲོ་སྤྲོའ ི་ངང་ལོག་ཕྱིན།

དེ འི་ རྗེ ས ་ཡང་བུ་ཆུང་ཡུན་རིང་ཞིག་མ་ཡོ ང་བས་སྡོ ང་རྒན་ཡིད ་རབ་ཏུ་

ཕམ། དེ་ལྟར་ཡུན་རིང་ཞིག་སོང་མཚམས། ཉིན་ཞིག་བུ་ཆུང་དེ་གཞི་ནས་སླེབས་

བྱུང་། སྡོང་རྒན་དགའ་ཐག་ཆོད་ནས་ཁོ་རྩེད་མོ་རྩེ་བར་སྐད་བཏང་ཡང་། བུ་ཆུང་ གིས་མིན་མིན་ང་ལ་རྩེད་མོ་རྩེ་བའི་དུས་ཚོད་མེད། ངས་ རང་ཉིད་ཀྱི་ཁྱིམ་ཚང་གི་ 2

དོན་དུ་ལས་ཀ་བྱེད་དགོས་ཡོད། ང་ཚོར་སྡོད་སའི་ཁང་པ་ཞིག་ཀྱང་དགོས་པས་ ཁྱོད་ཀྱིས་ང་ཚོར་རོགས་རམ་བྱ་ཐུབ་བམ་ཞེས་བཤད། སྡོང་པོས་ང་ལའང་ཁང་པ་ མེད། ཡིན་ནས། ཁྱོད་ཀྱིས་ངའི་ཡལ་ག་རྣམས་བྲིག དེ་དག་ཁྱེར་ནས་ཁང་པ་ཞིག་

བསྐྲུན་ཆོག་བཤད། བུ་ཆུང་གིས་ཀྱང་ཡལ་ག་རྣམས་བཅད་དེ་དགའ་དགའ་སྤྲོ་སྤྲོའ ི་ ངང་ཡལ་ག་དག་དབོར་ཕྱིན་ཏེ་ཁང་པ་བསྐྲུན། སྡོང་རྒན་གྱིས་བུ་ཆུང་དགའ་པོ་བྱུང་ བ་མཐོང་བས་ཁོའང་དགའ་ཚོར་ཆེན་པོ་སྐྱེས། དེ་ནས་བཟུང་ཡང་བུ་ཆུང་དེ་མ་ཡོང་

བས་སྡོང་རྒན་ཁོ་ཡང་བསྐྱར་སེམས་སྡུག་དང་ཁེར་རྐྱང་གི་མུན་ནག་ཏུ་ལུས།

ལོ་ཞིག་གི་དབྱར་ཁར། བུ་ཆུང་དེ་ཡང་སྡོང་རྒན་སར་ལོག་བྱུང་བས་སྡོང་

རྒན་དགའ་ཐག་ཆོད། བུ་ཆུང་ཤ ོག ང་དང་མཉམ་དུ་རྩེད་མོ་རྩེ་བར་ཤ ོག་ཅེས་བཤད།

བུ་ཆུང་གིས་ང་ཉིན་རེ་ལས་ཉིན་རེར་རྒས་འགྲོ་བས་ངའི་སེམས་པ་སྐྱིད་པོ་མི་འདུག ང་རང་གྲུ་གཟིངས་ལ་བསྡད་དེ་ཕྱི་རོལ་ལ་ལྷོད་ལྷོད་བྱེད་པར་བསྐྱོད་འདོད་ཡོད།

ཁྱོད་ཀྱིས་ང་ལ་གྲུ་གཟིངས་ཞིག་སྟེར་ཐུབ་བམ་ཞེས་བཤད། སྡོང་པོས་དེ་མུར་བཤད་ དོན། ཁྱོད་ངའི་སྡོང་པོ་འདི་གཅོད་ལ་དེས་གྲུ་གཟིངས་ཤ ིག་བཟོས་ཞེས་བཤད། བུ་ ཆུང་གིས་ཀྱང་དེ་ལྟར་བྱས་ཤ ིང་གྲུ་དེ་ཁ་ལོ་བརྒྱུར་ཏེ་ལོག་ཕྱིན། དེ་ནས་བཟུང་ཡང་ བུ་ཆུང་ཡུན་རིང་ཞིག་ལ་ཕྱིར་མ་ཡོང། སྡོང་རྒན་དགའ་པོ་བྱུང་ཡང་ངོ་མ་དེ་ལྟར་ག་ ལ་ཡིན།

ལོ་ཟླ་མང་པོ་ཞིག་འདས་སོང་། ནམ་ཞིག་བུ་ཆུང་ཡང་བསྐྱར་ལོག་བྱུང་། དེ་

དུས་སྡོང་རྒན་གྱིས་ཁོ་ལ་བཤད་དོན། “བུ་ཆུང་དགོངས་པ་མ་ཚོམས། ང་ལ་ཤ ིང་

ཏོག་མེད་པས་ད་ངས་རང་ལ་སྟེར་ཡ་གང་ཡང་མེད།”ཞེས་བཤད། བུ་ཆུང་གིས་


ཀྱང་ངའི་ཁ་ཡི་དུང་སོ་ལྷུང་ཚར་བས་ཤིང་ཏོག་ཟ་མི་ཐུབ་ཟེར། སྡོང་རྒན་གྱིས་ང་

ཚོས་འབྲས་བུ་ཐོགས་པའི་སྡོང་རྒན་ལ་རོགས་རམ་གྱི་རེ་བ་ཞུ། སྡོང་བོ་མང་པོ་ཞིག་

བཞུར་ཞོར་“ད་ནི་ང་ལ་རྒས་རུལ་ཏུ་གྱུར་བའི་སྡོང་པོའ་ི རྩ་བ་འདི་ལས་གཞན་སྟེར་

རྒན་གཅིག་གིས་ནི་བརྩེ་སེམས་ལྡན་པའི་སྒོ་ནས་བྱེའུ་རྣམས་ལ་རོགས་རམ་བྱེད།

ལ་ཡལ་ག་མེད་པས་ཁྱོད་ངའི་སྟེང་ལ་འཛེག་ཐབས་མེད། བུ་ཆུང་གིས་སྐྱོན་མེད་ང་

རྒས་ཤ ིང་ཁོག་པས་འཛེགས་མི་ཐུབ་ཞེས་བཤད། སྡོང་བོས་མིག་ཆུ་ཁྲུམ་ཁྲུམ་དུ་ ཆོག་པའི་དངོས་པོ་ཅི་ཡང་ལྷག་མེད་”ཅེས་བཤད། བུ་ཆུང་གིས་“ལོ་མང་པོ་འདི་

ལྟར་ཕྱིན་སོང་། ད་ལྟ་ང་ཡང་དཀའ་ལས་ཁག་བྱུང་བས་ད་ནི་ང་ལ་ཅི་གང་ཡང་མི་ དགོས། དགོས་ངེས་པ་ནི་ངལ་གསོ་སའི་གནས་གཞི་ཞིག་དགོས་”ཞེས་བཤད་པས་

སྡོང་པོས་“ལོས་ཆོག སྡོང་རྩ་ནི་ངལ་གསོ་སའི་གནས་མཚམས་ཤ ོས་ཡིན་པས་མར་

སྡོད་དང་ང་གཉིས་མཉམ་དུ་ངལ་གསོ་བྱ་”ཞེས་བཤད་པ་དང་། བུ་ཆུང་མར་བསྡད་ པས་སྡོང་རྒན་དགའ་དྲག་ནས་མིག་ཆུ་ཡང་དབང་མེད་དུ་ཤ ོར་རོ།།

བྱེའུ་ཆུང་གིས་སྡོང་རྒན་ལ་དྲིན་ལན་འཇལ་བ།

ནགས་ཚལ་དུ་སྡོང་བོ་རིགས་འདྲ་མིན་སྣ་ཚོགས་སྐྱེས་ཡོད། འདི་དག་ལས་མང་ཆེ་ བ་ཞིག་ལ་དཔྱིད་ཀར་མེ་ཏོག་བཞད། དེ་ནས་དབྱར་ཁ་དང་སྟོན་ཀར་འབྲས་བུ་སྨིན་ པ་རེད། བྱེའུ་མང་པོ་རྒྱུན་དུ་ནགས་ཚལ་དུ་ཡོང་ནས་མཚམས་ལན་རེར་སྐད་སྙན་

པོས་གླུ་ལེན་ཞིང་། མཚམས་ལན་རེར་རྩེད་འཇོར་རོལ། ཡང་མཚམས་ལན་རེར་ འབུ་འཛིན། ཁོ་ཚོ་རྒྱུན་དུ་ནགས་ཚལ་ནས་ཡུན་རིང་བོར་བསྡད་རྗེས་ཕྱིར་འཕུར་

འགྲོ། རྒྱང་རིང་གི་ས་ཆར་ཟླ་འགར་བསྡད་རྗེས་ཡང་བསྐྱར་ཕྱིར་འཕུར་ཡོང་བ་ རེད། སྐབས་ལ་ལར། བྱེའུ་འདི་དག་གིས་ནགས་ཚལ་དུ་བཟའ་ཆས་མ་རྙེད་ཚེ། ཁོ་ 3

གིས་རང་གི་འབྲས་བུར་སེར་སྣ་བྱས་ཏེ་བྱེའུ་དག་བཀྲེས་ལྟོགས་ཀྱིས་མནར་ནས་ལྟོ་

བ་ཁོག་ལ་འབྱར་ཡོད་ན་ཡང་ཁོ་ཚོའི་རེ་བ་དང་ལེན་མི་བྱེད་པ་རེད། དེ་ལས་སྡོང་ ཁོས་བྱེའུ་རྣམས་ལ”ཤོག གང་བཟང་ཅི་དགར་ཟོ་དང་། ཕོ་བ་རྒྱགས་ན་ད་

གཟོད་ཁྱོད་ཚོར་ལས་ཀ་བསྒྲུབ་པའི་སྟོབས་ཤུགས་ཡོད་ཀྱི་རེད”ཅེས་ཟེར། སྡོང་

རྒན་འདིས་བྱེའུ་དག་གི་རེ་བ་གང་ཡིན་ཡང་རྒྱུན་དུ་སྒེར་སེམས་གང་ཡང་མེད་པར་ རོགས་རམ་བྱེད་པ་རེད། སྡོང་རྒན་གྱིས་ཁོ་ཚོར་རོགས་རམ་བྱས་པ་ལ་བཀའ་དྲིན་

ཞུ་ཆེད། བྱེའུ་དག་གིས་རྒྱུན་དུ་ཆེས་སྙན་པའི་གླུ་དབྱངས་སྡོང་རྒན་ལ་འབུལ་བ་དང་། ཧུར་བརྩོན་གྱིས་སྡོང་རྒན་ལ་མཛེས་བཟོ་བྱེད་པར་མ་ཟད། ད་དུང་ཕྱི་ལ་ལྗོངས་རྒྱུར་ འགྲོ་སྐབས་སྡོང་རྒན་གྱི་ས་བོན་འཛམ་གླིང་གི་ས་ཁུལ་ཀུན་ཏུ་འཁྱེར་བ་རེད།

ལོ་མང་པོའ ི་རྗེས་སུ། སྡོང་རྒན་གྱི་ཁྱིམ་རྒྱུད་ཀྱིས་ས་ཕྱོགས་ཡོངས་ཁྱབ་ཅིང་།

དར་ཞིང་རྒྱས་པར་གྱུར་སྐབས། སྔོན་ཆད་བྱེའུ་དག་གི་རོགས་རམ་ལ་ཁ་ཡ་མ་བྱས་

པའི་སྡོང་བོ་དག་གིས་ད་གཟོད་གཞི་ནས་གཞན་ལ་ཕར་རོགས་རམ་བྱེད་སྐབས་རང་ ལའང་ཚུར་རོགས་རམ་བྱས་ཡོང་གི་ཡོད་པ་ཤ ེས་རྟོགས་བྱུང་བ་རེད།

ཕུག་རོན་གྱི་ཕུགས་བསམ།

ཕུག་རོན་ཆུང་ཆུང་གི་ཕུགས་བསམ་ནི། ནམ་ཞིག་ལ་ཕུག་རོན་ཁྲོད་ཀྱི་འཕུར་རྩལ་

ཨང་དང་པོར་འགྱུར་རྒྱུ་དེ་རེད། དེར་རྟེན། ཁོ་ཁྱིམ་ནས་ཕྱིར་ཐོན་མ་ཐག ཐེངས་དང་


པོར་སེམས་ལ་དྲན་པ་ནི་འཕུར་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་ཁོ་ན་རེད། ཕུག་རོན་གྱིས་

སྤང་ལྗོངས་སུ་ཡང་དང་ཡང་དུ་གཤོག་པ་བརྐྱངས་ནས་འཕུར། འོན་ཀྱང་། ཡང་དང་

ཡང་དུ་ཐང་ལ་ལྷུང་ཞིང་སར་འགྱེལ་བ་རེད། ངང་ཕྲུག་གིས་དེ་མཐོང་འཕྲལ་དབུགས་ རིང་འབྱིན་ཞོར་དུ་”མ་འཕུར། མ་འཕུར། ཁྱེད་ཀྱིས་འཕུར་སྟངས་དེ་ཇི་འདྲའི་སྡུག་

པ་ལ། ཁྱོད་ཀྱིས་མ་ཤ ེས་པ་རེད”ཅེས་བཤད། ཡིན་ཡང་། དེས་ཕུག་རོན་གྱི་སེམས་ ལ་གཡོ་འགུལ་ཅི་ཡང་མ་ཐེབས། ཁྱིམ་བྱ་ཆུང་ཆུང་གིས་དེ་མཐོང་འཕྲལ་ཁྲེལ་དགོད་

བྱེད་ཞོར་”མ་འཕུར། མ་འཕུར། ཁྱོད་འཕུར་བ་དེ་ཇི་འདྲའི་དམའ་བོ་ཡིན་པ་ཁྱོད་ ཀྱིས་མ་ཤེས་པ་རེད། དེ་ལས་ངས་འཕུར་ལྡིང་བྱས་པ་ཙམ་གྱིས་ཀྱང་ཁྱོད་ལས་

མཐོ”ཞེས་བཤད། ཕུག་རོན་ཆུང་ཆུང་གིས་མགོ་བོ་གཡུག་གཡུག་ཙམ་བྱས་ཏེ་མུ་

མཐུད་འཕུར་རྩལ་སྦྱངས། ཁྱི་ཕྲུག་གིས་དེ་མཐོང་བ་ན། ཟུར་ཟའི་ཚིག་གིས”ཁྱོད་

ཀྱིས་འཕུར་སྟངས་དེ་ལའང་འཕུར་བ་ཟེར་རམ། ཁྱོད་ཀྱིས་རང་ཉིད་འཕུར་བ་ཇི་ འདྲའི་དལ་བ་མ་ཤ ེས་པ་རེད། ངས་ལྷོད་ལྷོད་རྒྱུག་པ་ཙམ་གྱི་མགྱོགས་ཚད་ནི་ཁྱེད་

ལས་ཀྱང་མགྱོགས། ད་འཕུར་སྦྱོང་མ་བྱེད”ཅེས་ཟེར། ཕུག་རོན་ཆུང་ཆུང་གིས་དེ་གོ་ རྗེས་ངོ་གནོངས་ཏེ་འཛུམ་ཙམ་བྱས་རྗེས་སྔར་བཞིན་འཕུར་རྩལ་སྦྱངས།

དུས་ཡུན་རིང་བོ་ཞིག་འགོར་རྗེས། ཕུག་རོན་ཆུང་ཆུང་དེ་ཕུག་རོན་ཆེན་པོ་

ཞིག་ཏུ་གྱུར་ལ། རི་ཀླུང་ཐང་གསུམ་བརྒྱུད་ནས་འཕུར་ཞིང་། ཕུག་རོན་འཕུར་རྩལ་ འགྲན་སྡུར་གྱི་ཨང་དང་པོ་ཐོབ་སྐབས། ཁོས་རང་དབང་མེད་པར་ཡོད་ཚད་ངས་

གཞན་གྱི་ཁྲེལ་དགོད་དང་། ཟུར་ཟ་ལ་ཁ་ཡ་མ་བྱས་པས་བཟང་སོང་། ངས་དུས་ དང་རྣམ་པ་ཀུན་ཏུ་རང་གི་ཕུགས་བསམ་མ་དོར་བས་བཟང་སོང”ཞེས་སྤོབས་པ་ 4

དང་བཅས་ཏེ་བཤད་དོ། །

ངང་ཕྲུག་གི་སེམས་གཅོང་།

ཨ་མ་ངང་པ་དང་ཨ་ཕ་ངང་པ་གཉིས་ཀྱིས་ངང་ཕྲུག་ཁྱུ་ཞིག་ཁྲིད་ནས་གཙང་འགྲམ་

དུ་ཆུ་རྐྱལ་དང་ཉ་འཛིན་ཚུལ་སློབ་ཏུ་ཕྱིན། ཚང་མས་ཆུ་ནང་དུ་ཕན་ཚུན་བདའ་རེས་ བྱས་ཏེ་དགའ་སྤྲོས་ཁེངས་ཡོད། འོན་ཀྱང་། ངང་ཕྲུག་ཀྭ་ཀྭ་གཅིག་པོ་འཛུམ་དང་སྤྲོ་ བ་ཅི་ཡང་མེད་པར་ཆུ་འགྲམ་དུ་བསྡད་འདུག་ལ། ཆུ་ནང་དུའང་འཛུལ་མ་ཕོད།

ཨ་མ་ངང་པས་དེ་མཐོང་བ་ན་མྱུར་དུ་ཕར་བརྐྱལ་སོང་ནས“ཀྭ་ཀྭ ཆུ་རུ་འཛུལ་

ནས་ཆུ་རྐྱལ་མི་བྱེད་དོན་ཅི་ཡིན”ཞེས་དྲིས་པར། ཀྭ་ཀྭས་ངག་ཆ་མ་ཆད་ཀྱིས“ང་་་་་ ་ང་་་་་་”ཟེར་བཞིན་བསྡད། སྐབས་དེར། ཨ་ཕ་ངང་པ་ཡང་ཚུར་བརྐྱལ་ཡོང་ནས“ཀྭ་ ཀྭ ཅི་རེད། མགྱོགས་པོར་མར་ཤ ོག”ཟེར། ཀྭ་ཀྭས་འཚབ་འཚུབ་ངང་ནས“ང་་་་་་ང་་

་་་་། ངས་ཆུ་རྐྱལ་རྒྱག་ཤ ེས་ཀྱི་མ་རེད། ང་སྐྲག་གི་འདུག”ཟེར། ཨ་མ་ངང་པ་དགོད་ བཞིན་དུ“ཐེངས་གཅིག་ལ་མི་ཤ ེས་ན་ཡང་ཡང་སྦྱོངས”ཟེར།

ཡང་ཀྭ་ཀྭ་ཡིས་སེམས་ཁུར་དང་བཅས“ངས་ཉ་འཛིན་མ་ཐུབ་ན་ཚང་མས་ང་

ལ་འཕྱ་དགོད་བྱེད་ཀྱི་རེད།”ཟེར། ཨ་ཕ་ངང་པས“ཧི་ཧི། ཐེངས་དང་པོར་འཛིན་མ་ ཐུབ་ན་ཐེངས་གཉིས་པར་ཡང་བསྐྱར་ཟུངས། གཅེས་ཕྲུག བྱ་བ་གང་ཞིག་བསྒྲུབས་ ཀྱང་ཕམ་ཁ་འབྱུང་བར་སྐྲག་ནས་བྱ་བ་གང་ཡང་མ་བསྒྲུབས་ན་འཐོབ་བྱ་གཅིག་ཀྱང་ མེད”ཅེས་ཟེར།


རྩམ་པ།

རྩམ་པ་ནི་ནས་དང་། སྲན་མ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བྱེ་མ་བསྲེག་

པའི་ནང་བརྔོས་ཏེ་བཏགས་པའི་ཕྱེ་མ་ལ་ཟེར་ཞིང༌། རྩམ་པར་སྤྱིར་ན་ནས་རྩམ་དང༌། སྲན་རྩམ། གྲོ་རྩམ། འདྲེས་སྲན་རྩམ་པ་སོགས་ཡོད། ནས་རྩམ་ལའང་དམངས་རྩམ་ རྩིང་པོ་དང༌། བར་རྩམ། མཆོད་རྩམ། ཞིབ་རྩམ་བཅས་ཡོད།

ཞིབ་རྩམ་ནི་ཡོས་ལ་དྲུས་༼ཡོས་སྒྱེ་མོའ་ི ནང་བླུགས་ནས་རྡོག་བརྫིས་བཏང་

སྟེ་ཡོས་ལྤགས་བཤུ་བ་༽བརྒྱབ་སྟེ་ཆེས་ཞིབ་མོར་བཏགས་པའི་ནས་རྩམ་སྤུས་ ལེགས་དང༌། དེ་མིན་དང་དོད་དེ་ཙམ་མ་བྱས་པའི་རྩམ་པ་རྩིང་བ་སོགས་ཡོད།

དེ་བཞིན་དུ་སྲན་རྩམ་ལའང་སྲན་ཞིབ་ཅེས་སྲན་ལྤགས་ཕུད་ནས་ཆེས་ཞིབ་མོར་

བཏགས་པའི་སྲན་རྩམ་སྤུས་ལེགས་དང༌། སྲན་ལྤགས་མ་ཕུད་པའི་སྤྱིར་བཏང་གི་ སྲན་རྩམ་ཁག་གཉིས་ཙམ་ཡོད།

རྩམ་པའི་ཁྱད་ཆོས་ནི་བཙོ་བསྐོལ་སོགས་བྱེད་མི་དགོས་པར། གནས་དུས་

གང་དུའང་དེ་མུར་ཟ་སྤྱོད་ཆོག་པའི་ཧ་ཅང་སྟབས་བདེ་བའི་བཟའ་ཆས་ཤ ིག་ཡིན་ལ། མི་སོ་སོའ ི་འདོད་པ་ལྟར་བཏུང་བྱའི་རིགས་ཇ་ཆང་དང་། ཕྱུར་ཁུ་སོགས་སྤགས་ཁུ་

བྱས་ནས་གཡོས་ཏེ་ཚལ་རིགས་དང་མཉམ་དུ་ཟ་ཆོག་ལ། ཆ་རྐྱེན་མེད་ན་ཆུ་རྐྱང་ སྤགས་རྐྱང་དུ་བཟས་ཀྱང་ཆོག ད་དུང་རྩམ་པ་ནི་སྐམ་པོར་འགམས་ན་འགྲིག་ལ་

ཕྱུར་བ་དང་། ཀ་ར། མར་དང་། སྣུམ། ཐུད་སོགས་དང་བསྲེས་ནས་མར་ཟན་ཞེས་ པ་སོགས་བཟོས་ནས་བཟས་ཀྱང་ཆོག

5

ཡང་རྩམ་པ་བརྒྱབ་ནས་བསྐོལ་པའི་རྩམ་ཐུག་གམ་འཇམ་ཐུག་དང་། ཆང་

སྐོལ། དེ་བཞིན་ཕྱུར་རུལ་གྱི་ཐུག་པ་སོགས་མང་པོ་ཡོད། རྩམ་པར་ཇ་ཆང་གང་རུང་ ཞིག་བླུགས་ནས་སྐྱོ་མའམ་ཇ་འདུར་ཞེས་གར་བ་དང་སླ་བ་རང་འདོད་ལྟར་བྱས་ཏེ་ སྤྱོད་རྒྱུ་ཡང་ཡོད།

ད་དུང་སྤགས་ལ་ཆང་རྩི་བཏབ་ནས་བསྙལ་རྗེས་ནར་མོའམ་སྒོར་ལེབ་བཟོས་

ཏེ་བསྐམས་པ་ལ་ཟན་ཆང་ངམ་སྤགས་ཆང་ཞེས་མངར་སྐྱུར་ལྡན་པའི་ཁ་ཟས་ལྟོགས་ སྐོམ་གཉིས་ཀ་སེལ་བའི་ཞིམ་མངར་ཅན་གྱི་ཟས་ཤ ིག་ཀྱང་བཟོ་ཡི་ཡོད།

རྩམ་པའི་རྒྱུ་ནས་ནི་འབྲུ་རིགས་གཞན་དང་མི་འདྲ་བར་དམིགས་བསལ་གྱི་རོ་

བཅུད་ལྡན་པས། མིའི་གཟུགས་པོར་ཕན་པ་དང༌། ན་ཚ་བཅོས་ཐུབ་པའི་ནུས་པ་ལྡན་

པར་གསུངས། ནས་ནི་ཁྱད་འཕགས་རང་བཞིན་ཆེན་པོ་ལྡན་པའི་འབྲུ་རིགས་ཤ ིག་ ཡིན་པ་བོད་ཀྱི་གསོ་བ་རིག་པའི་ནང་སྔ་ས་ནས་གསུངས་ཡོད་པ་དང༌། དེང་དུས་ ཀྱི་ཚན་རིག་ཐོག་ནས་ཀྱང་ནས་ལ་སྙིང་ཁྲག་གི་ནད་བཅོས་པའི་ནུས་པ་ལྡན་པའི་

ར་འཕྲོད་བྱུང་ཡོད་ལ། རྩམ་པར་གཅིན་པ་མངར་སྐྱུར་གྱི་ནད་སྔོན་འགོག་བྱེད་ཐུབ་ པའི་ནུས་པ་ལྡན་པར་ཡང་གསུངས་སོ། །

མཉམ་དུ་མཆི་མ་ཤོར་བ།

མཚར་གཏམ་དང་པོ།

ཕུན་ཚོགས་གླིང་ཞེས་བྱ་བའི་ལུང་པ་ཞིག་ན་སྤོ་བོ་བསོད་ནམས་ཟེར་བ་ཞིག་ཡོད། ཁོང་གི་བུ་ཕ་ཡུལ་དང་ཁ་བྲལ་ཏེ་ཡུལ་གཞན་ཞིག་ཏུ་ལས་དོན་བསྒྲུབ་པར་ཕྱིན།


ཉིན་ཞིག་བུས་རང་གི་ཕར་ཡི་གེ་ཞིག་བཏང་བ་དེ་ཕ་བསོད་ནམས་ཀྱི་ལག་ཏུ་

འདྲི་བྱེད་སྐབས། དམག་མི་དེས། སྤོ་བོ་ལགས་ཀྱིས་གསུངས་པ་དེ་དངོས་གནས་

གེ་ཤ ེས་མཁན་གཅིག་ཀྱང་མེད་སྟབས། མཐར་འུ་ཐུག་ཐབས་ཟད་ཀྱིས་འགྲུལ་ལམ་

འཕྲིན་ཡིག་ཅིག་ཀྱང་ཀློག་མི་ཤ ེས་པས་ངོ་གནོང་དང་འགྱོད་སེམས་ཀྱིས་ཡིད་རབ་

སོན། སྤོ་བོ་བསོད་ནམས་ཀྱིས་ཡི་གེ་ཀློག་མི་ཤ ེས་ལ། གྲོང་ཚོ་དེའི་ནང་ལའང་ཡི་ བཞི་མདོ་ཞིག་ཏུ་ཡི་གེ་ཤ ེས་མཁན་ཞིག་འཚོལ་བར་ཕྱིན།

དུས་ཡུན་གང་འཚམ་སོང་རྗེས། གཟུགས་སྟོབས་ཆེ་བའི་དམག་མི་ཞིག་ཡོང་

བ་མཐོང། སྤོ་བོ་བསོད་ནམས་ལམ་སང་དམག་མི་དེའི་མདུན་དུ་ཕྱིན་ནས་ཡི་གེ་དེ་

ཐེངས་གཅིག་ཀློག་རོགས། ཞེས་ཞུས། དམག་མི་དེས་ཡི་གེ་ལག་ཏུ་བླངས་ཏེ་མགོ་ ནས་མཇུག་བར་དུ་ཐེངས་གཅིག་བལྟས་རྗེས་མིག་ནས་མཆི་མ་ལྷུང་ལྷུང་དུ་བབས།

སྐབས་དེར་སྤོ་བོ་བསོད་ནམས་ཀྱི་བསམ་པར། ཡི་གེའི་ནང་བུ་ལ་སྟབས་མ་

ལེགས་པ་ཞིག་བྲིས་མེད་དམ་སྙམ་ནས། དངངས་འཚབ་ཆེན་པོས། དམག་དཔོན་ ལགས། ཡི་གེའི་ནང་གནས་ཚུལ་གང་བཀོད་འདུག་གམ། ཁྱེད་ཀྱིས་ང་ལ་སྦ་གསང་ མེད་པར་གསུང་རོགས་གནང་དང༌། ཞེས་ལབ་པར། དམག་མི་དེས་གཏམ་ལན་

གང་ཡང་མ་སློག་པར་ད་དུང་སྐད་ཤུགས་ཆེ་རུ་བཏང་སྟེ་ངུས། སྤོ་བོ་བསོད་ནམས་ ཀྱི་སེམས་ནང་དེ་བས་དངངས་སྐྲག་སྐྱེས་ཏེ་ཁོ་རང་ཡང་དམག་མིའི་གདོང་ལ་ལྟ་ བཞིན་མཉམ་དུ་མཆི་མ་ཤ ོར།

ཁོ་གཉིས་ངུ་བཞིན་སྤོ་བོ་བསོད་ནམས་ཀྱི་གྲོང་ཚོར་སླེབས། གྲོང་ཚོའི་མི་

རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་གཉིས་ངུ་སར་ཡོང༌། སྐབས་དེར་ཡུལ་མི་ ཚོས། ཁྱེད་གཉིས་ངུ་དོན་གང་ཡིན་ནམ། ཞེས་དྲིས་པར། སྤོ་བོ་བསོད་ནམས་ཀྱིས་

སྔར་གྱི་རྒྱུ་མཚན་རྣམས་ཞུས་པས། ཡུལ་མི་ཚོས་དམག་མི་དེར་གནས་ཚུལ་ཞིབ་ 6

རེད། འོན་ཀྱང་། ང་ནི་ཆུང་དུས་ནས་སློབ་སྦྱོང་ལ་སྦྱངས་བརྩོན་མ་བྱས་སྟབས། ད་ཆ་ ཏུ་སྐྱོ་བྱུང་བས་ངུས་པ་ཡིན། ཞེས་བཤད། ཁོ་གཉིས་ཀྱི་གཏམ་དེ་ཐོས་རྗེས་ཡུལ་མི་ ཚོ་ཚང་མ་གད་མོ་ཤ ོར་བཞིན་རང་གནས་སུ་ལོག་གོ །

བོང་བུ།

མཚར་གཏམ་གཉིས་པ།

ནམ་རྒྱུན་ཕ་མའི་ཁ་ལ་མི་ཉན་པའི་སློབ་ཕྲུག་ཅིག་གིས། འཛིན་གྲྭའི་ནང་སློབ་སྦྱོང་

མ་བྱས་པར་སྡོད་པ་མ་ཟད། ད་དུང་དགེ་རྒན་ལ། དགེ་ལགས། ཁྱེད་རང་འཛམ་གླིང་

ནང་དགའ་ཤོས་ཀྱི་སེམས་ཅན་དེ་གང་ཡིན་ནམ། ཞེས་དྲིས་པར། དགེ་རྒན་གྱིས། བོང་བུ་ཡིན་ཞེས་གསུངས། སློབ་ཕྲུག་དེ་ཡ་མཚན་སྐྱེས་ཏེ། འོ་ན་དེའི་རྒྱུ་མཚན་གང་

ཡིན་ནམ་ཞེས་ཞུས་པར། དགེ་རྒན་གྱིས། དེའི་རྒྱུ་མཚན་ནི། བོང་བུས་བདག་པོའ ི་ ཁ་ལ་ཉན་གྱི་ཡོད་པ་རེད། ཅེས་གསུངས།

ཁ་མིག་དང་རྣ་ཅོག

མཚར་གཏམ་གསུམ་པ།

ཕྲུ་གུ་གཉིས་ཀྱིས་སྤོ་བོ་ཞིག་ལ། སྤོ་བོ་ལགས། ང་ཚོ་ཚང་མར་རྣ་ཅོག་གཉིས་རེ་

དང་། མིག་གཉིས་རེ་ཡོད་ཀྱང༌། ཁ་གཅིག་ལས་མེད་པ་གང་ཡིན་ནམ། ཞེས་བཀའ་ འདྲི་ཞུས་པར། སྤོ་བོ་དེས། ངས་བལྟས་ན་ང་ཚོར་རྣ་ཅོག་གཉིས་རེ་ཡོད་པ་ནི་མི་


གཞན་གྱི་བསམ་འཆར་མང་ཙམ་ཉོན་ཟེར་བ་དང༌། མིག་གཉིས་རེ་ཡོད་པ་ནི་ཡ་

འཇེབས་ལྡན་པའི་གླིང་བུ་གཏོང་བཞིན་ཡོད་པ་མཐོང༌།

མེད་པའི་སྐད་ཆ་ཉུང་ཙམ་ཤ ོད་ཟེར་བའི་དོན་ཡིན་པ་འདྲ་འདུག ཅེས་གསུངས།

པར་ས་འདིར་ཁུར་ནས་སླེབས། འདི་ལྟར་སོང་ན་བརྡབ་ཆག་ཀྱང་འབྱུང་ཉེན་ཆེ། ཁོ་

རབས་ལ་མང་ཙམ་བལྟ་ཟེར་བ་ཡིན། འོན་ཀྱང་། ཁ་གཅིག་ལས་མེད་པ་ནི་སྙིང་པོ་

མི་གླེན་པ།

ཚན་པ་དང་པོ།

ཉིན་ཞིག་གི་ཞོགས་པར། མི་གླེན་པ་ཞིག་ལམ་དུ་འགྲོ་སྐབས་དགོན་པ་ཞིག་གི་གྱང་ རོའ་ི ཁྲོད་ནས་གསེར་ཀོང་ཆེན་པོ་ཞིག་རྙེད་པ་རེད། མི་གླེན་པ་ཡིས་གསེར་ཀོང་

སྒལ་པར་ཁུར་ནས་དཔག་ཚད་གཅིག་ཙམ་འགྲུལ་བཞུད་བྱས་པས་ལུས་པོ་ཡོངས་ རྔུལ་ཆུས་བརླན་པར་བྱས་པས། ལམ་ཟུར་ཞིག་ཏུ་དབུགས་ངལ་གསོས་ཏེ་བསྡད།

སྐབས་དེར་མདུན་ཕྱོགས་ནས་རྟ་བཟང་པོ་བཞོན་པའི་མི་ཞིག་ཡོང་བ་མཐོང་

སྟེ། མི་གླེན་པ་ཡིས་བསམ་པར། མི་ཡི་སྐྱིད་སྡུག་ཧེ་བག་ཆེ་བ་ལ་ཨང༌། ང་ནི་ཁུར་

པོས་བསྣན་ཏེ་བགྲོད་པའང་དཀའ། ཁོ་ནི་རྟ་བཟང་པོར་བཞོན་ནས་རླུང་ལྟར་བསྐྱོད་ ཀྱིན་འདུག་སྙམ་སྟེ། ཁོས་དེར་འདི་སྐད་སྨྲས། ཀྭ་ཡེ་ཕོ་གསར་ལགས། ཁྱེད་ཀྱི་རྟ་ དང་ངའི་གསེར་ཀོང་གཉིས་བརྗེའམ་ཞེས་དྲིས་པས། མི་དེ་དགའ་ཐག་ཆོད་ནས་ བརྗེས་སོ། །

མི་གླེན་པ་རྟ་དེར་བཞོན་ནས་ཡུད་ཙམ་སོང་བ་ན། རྟ་དེ་བགྲོད་ཤུགས་ཆེ་བས་

སྲབ་ཐག་ཇི་ལྟར་འཐེན་རུང་བཀག་མ་ཐུབ་པར་མདུན་དུ་འགྲོ་རྐྱང་བྱས་པས། ཁོས་ ལམ་མདུན་དུ་བྱིས་པ་རྫི་བོ་ཞིག་གིས་བོང་བུའི་སྟེང་ཁ་ཕྱིར་ལོག་ནས་བཞོན་ཏེ་སྙན་ 7

ཁོའ ི་བསམ་པར། ངའི་རྟ་འདི་ཁ་ལོ་བསྒྱུར་དཀའ་བས་གར་འགྲོ་འདི་འགྲོ་མེད་

ནི་བོང་བུའི་ཐོག་རང་དབང་དལ་སྐྱིད་ཀྱིས་འགྲོ་ཞོར་དུ་ད་དུང་གླིང་བུའང་གཏོང་ཁོམ་ འདུག་པས་སྐྱིད་པ་ལ་སྙམ། དེ་ནས་མི་གླེན་པ་ན་རེས། ཝ་ཡེ་རྫི་བོ་ཆུང་ཆུང༌། ཁྱོད་ ཀྱི་བོང་བུ་དང་གླིང་བུ་གཉིས་ངའི་རྟ་འདི་དང་བརྗེ་ཡི་ཡིན་ནམ་ཞེས་དྲིས། རྫི་བོ་ཆུང་ ཆུང་དགའ་ཐག་ཆོད་དེ་ལོས་བརྗེ། ཞེས་ཟེར་ནས། མི་གླེན་པའི་རྟ་མཆོག་དེ་རྫི་བོས་ ཁྲིད། མི་གླེན་པ་ཁོ་རང་བོང་བུར་བཞོན་ཏེ་གླིང་བུ་གཏོང་གིན་བསྐྱོད།

འོན་ཀྱང་། ཁོས་གླིང་བུ་གཏོང་སྟངས་མི་ཤ ེས་སྟབས། སྒྲ་སྙན་པོ་གཅིག་ཀྱང་

མ་ཐོན། ཕུ་བརྒྱབ་དྲགས་པས་གྲོད་པ་ཡང་ཤ ིན་ཏུ་ལྟོགས། བོང་བུར་སྒའང་མེད་པས་

རྐུབ་རུས་ལ་ན་ཟུག་བརྒྱབ། སྐབས་ཤ ིག་ལམ་ཟུར་ཞིག་ནས་རྩམ་དྲི་ཞིམ་པོ་ལྷང་ལྷང་ དུ་ཐུལ་བས། མི་གླེན་པ་དེར་སོང་ནས་བལྟས་པ་ན། སྤྲང་པོ་ཞིག་གིས་མར་སྤགས་

བཟའ་བ་མཐོང༌། གྲོད་པ་ལྟོགས་དྲགས་པས་གླེན་པ་མར་སྤགས་བཟའ་འདོད་ཆེན་པོ་

སྐྱེས་ཏེ། ཀྭ་ཡེ་གྲོགས་པོ། ཁྱོད་ལ་མར་སྤགས་གང་ནས་བྱུང་ངམ། ཞེས་དྲིས་པས། དེས་ངའི་ནོར་བུ་གཉིས་ལ་བརྟེན་ནས་བྱུང་། ཞེས་བཤད། མི་གླེན་པས་ནོར་བུ་གང་

དུ་ཡོད་བྱས་པས། སྤྲང་པོས་ནོར་བུ་འདི་གཉིས་ཡིན་ནོ། ཞེས་རྒྱུག་པ་ཞིག་དང་

ཐང་ཁུག་ཅིག་སྟོན་ཙམ་བྱས། མི་གླེན་པའི་བསམ་པར་འདི་ངའི་བོང་བུ་དང་གླིང་བུ་ གཉིས་ལ་བརྗེས་ཐུབ་ན་རང་ལ་ཅི་འདོད་ཀྱི་ཟས་འབྱུང་བར་འགྱུར་རོ་སྙམ་སྟེ། རྒྱུག་ པ་དང་ཐང་ཁུག་གཉིས་དང་བརྗེས་ཏེ་མཐའ་མར་མི་གླེན་པ་སྤྲང་པོར་གྱུར་ཏོ། །


མི་གླེན་པ།

ཚན་པ་གཉིས་པ།

དེ་ནས་མི་གླེན་པས་རྒྱུག་པ་དེ་དང་ཁུག་མ་དེ་གཉིས་ཁྱེར་ནས་སོང་བས་མི་ཚང་

ཕྱུག་པོ་ཞིག་གི་སྒོ་རྩར་སླེབས། མི་ཚང་དེས་ཉིན་དེར་གཉེན་སྟོན་གྱི་རྟེན་འབྲེལ་

བྱེད་བཞིན་ཡོད་ཅིང༌། མི་གླེན་པས་སྤྲང་པོས་བསླབ་པ་ལྟར་སྐད་ཤུགས་ཆེན་པོས། ང་ལས་སྡུག་པ་དང་སྐྱོ་བ་མི་འདུག ངན་པ་དགུ་འཛོམས་ཀྱི་ཉིན་དེ་རིང་ཟས་ཀྱི་སློང་

མོ་ཞིག་སྩོལ་དུ་གསོལ་ཞེས་ཟེར་བཞིན་བསྡད་པས། ཁྱིམ་བདག་དེ་རྣམ་རྟོག་ཤ ིན་ཏུ་

བཟས་ནས་ང་ཚོ་དེ་རིང་གནམ་ལ་སྐར་མ་བཟང་བ། ས་ལ་ཉི་མ་དྲོ་བ། བཟང་པོ་བཅུ་ འཛོམས་ཀྱི་ཉིན་འདིར་བཀྲ་ཤ ིས་གཉེན་སྟོན་བྱེད་པའི་སྐབས་སུ། སྤྲང་ཕྲུག་འདིས་

ཤིས་བརྗོད་མི་བྱེད་པར་ལྟས་ངན་དེ་ལྟར་ལབ་ལུགས་ལ་གཞིགས་ན་ཁོ་ནི་སྤྱིར་ བཏང་ཞིག་གཏན་ནས་མ་རེད། གཡོག་པོ་ཚོ། ཁོ་རྡུངས་ཤ ིག་ཅེས་བརྗོད།

དེ་འཕྲལ་གཡོག་པོ་ཕོ་མོ་མང་པོས་རྡོ་དང་། དབྱུག་པ་གཞུས་ནས་ཤི་མིན་

རོ་མིན་དུ་བཏང༌། དེ་རྗེས་གཡོག་རྒན་སེམས་བཟང་ཞིག་གིས་ཟས་ཕྲན་བུ་སྦྱིན་ཏེ།

ང་ལས་དགའ་བ་དང་། ང་ལས་སྐྱིད་པ་མི་འདུག བཟང་པོ་བཅུ་འཛོམས་ཀྱི་ཉིན་དེ་ རིང་ང་ལ་ཟས་ཀྱི་སློང་མོ་ཞིག་སྩོལ་དུ་གསོལ། ཞེས་ཟེར་ན། ཁྱོད་ལ་ཟས་སྐོམ་སྦྱིན་ མཁན་ཡོང་ངེས་རེད་ཅེས་བརྗོད། མི་གླེན་པས་ལགས་སོ། ལགས་སོ་ཟེར་ནས་རྒྱུག་ པ་དང་ཐང་ཁུག་ཁྱེར་ཏེ་སོང༌།

སོང་སོང་བས་ཕ་རྒན་ཚེ་ལས་འདས་པའི་ཞག་གསུམ་འདས་མཆོད་བྱེད་པའི་ 8

མི་ཚང་ཞིག་གི་སྒོ་རྩར་སླེབས། ཡང་ཁོས་སྐད་ཤུགས་ཆེན་པོས། ང་ལས་དགའ་བ་

དང་། ང་ལས་སྐྱིད་པ་མི་འདུག བཟང་པོ་བཅུ་འཛོམས་ཀྱི་ཉིན་དེ་རིང་ང་ལ་ཟས་ཀྱི་ སློང་མོ་ཞིག་སྩོལ་དུ་གསོལ་ཞེས་ལབ། མི་ཚང་བདག་པོས་ཐོས་མ་ཐག་ཁོང་ཁྲོ་རབ་ ཏུ་འབར་ནས། འདི་ནི་རང་རའི་ཐོག་གདུང་སེམས་སྤུ་ཙམ་མེད་པར་བརྙས་བཅོས་

རང་རེད། ང་ཚོ་མྱ་ངན་གྱིས་ནོན་པའི་སྐབས་སུ་ཁོ་ལ་བཟང་པོ་བཅུ་འཛོམས་ཀྱི་ དགའ་སྐྱིད་འཛོམས་ཡོད་ན་རྡུངས་ཤ ིག། ཅེས་བརྗོད་པས། འཁོར་གཡོག་གིས་རྡོ་ དང་དབྱུག་པས་ཚོད་མེད་གཞུས་པ་རེད།

ཡང་གཡོག་པོ་སེམས་བཟང་ཞིག་གིས་ཟས་ཕྲན་བུ་སྦྱིན་ཏེ། སླད་སྤྲང་ཕྲུག་

ཁྱོད་སློང་མོ་བྱེད་དུས་དེ་འདྲ་བརྗོད་མི་རུང༌། སུ་གྲོངས་རུང་བདེ་བ་ཅན་གྱི་ཞིང་

ཁམས་སུ་སྐྱེ་བར་ཤ ོག འདས་མཆོད་ཀྱི་དུས་འདིར་བདག་ལ་ཟས་ཀྱི་སློང་མོ་ཞིག་

སྩོལ་དུ་གསོལ། ཅེས་ཟེར་ན། ཁྱོད་ལ་ཟས་སྐོམ་སྦྱིན་མཁན་ཡོང་ངེས་རེད། ཅེས་ བརྗོད། མི་གླེན་པ་དེས་ལགས་སོ། ལགས་སོ། ཟེར་ནས་རྒྱུག་པ་དང་ཐང་ཁུག་ཁྱེར་ ཏེ་འགྲོ་བའི་ཚེ། འཕྲང་འགག་ཅིག་ཏུ་སྐྱེས་པ་གཉིས་འཛིང་རེས་བྱེད་པ་དང་འཕྲད།

མི་གླེན་པས་ཡང༌སུ་གྲོངས་རུང་དེ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་ཤ ོག འདས་ མཆོད་ཀྱི་དུས་སུ་བདག་ལ་ཟས་ཀྱི་སློང་མོ་ཞིག་སྩོལ་དུ་གསོལ་བྱས་པས།

སྐྱེས་པ་དེ་གཉིས་རབ་ཏུ་ཁྲོས་ནས་འཛིང་མཚམས་བཞག་སྟེ་མི་གླེན་པ་ལ་

བརྡུངས། དེ་རྗེས་སྐྱེས་པ་ཞིག་གིས་ཁོ་ལ་གྲོ་གཟན་དུམ་བུ་ཞིག་སྦྱིན་ནས། ཁྱོད་

ཀྱིས་སློང་སྟངས་སྡུག་ཅག་དེ་འདྲ་བྱེད་མི་རུང༌། རྗེས་སུ་འདི་འདྲ་མ་གནང་ཞེས་ཕན་ ཚུན་ཁ་ཕྲལ་རྗེས་གཞི་ནས་སློང་མོ་བྱས་ན་ཁྱོད་ལ་སྦྱིན་མཁན་ཡོང་ངེས་རེད། ཅེས་


བརྗོད། མི་གླེན་པས་ལགས་སོ། ལགས་སོ། ཞེས་ཟེར་བཞིན་ཡང་ཕྱིན་པས།

པར། གླེན་པས་བསམ་བློ་གང་ཡང་མ་བཏང་བར་འགྲིག་གི་རེད་ལབ།

གཉིས་འདོད་པའི་བརྩེ་དགར་རོལ་བཞིན་ཡོད། མི་གླེན་པས་དེ་གཉིས་མཐོང་བས་

དང༌། གླེན་པས་སྤྱང་པོའ ི་བུད་ཤ ིང་ཉུང་ངུ་དེ་ཁྱེར་ནས་ལོག་པ་རེད། ཁོ་གཉིས་ནང་དུ་

དབེན་པའི་ནགས་ཚལ་ཞིག་གི་ནང་དུ་སོང༌། དེར་གསར་འགྲོགས་གཞོན་ནུ་

ཁོང་གཉིས་ཁ་ཕྲལ་ཏེ། ཁྱེད་རང་གཉིས་འདི་འདྲ་མ་གནང༌། དེ་བས་བདག་ལ་ཟ་རྒྱུ་

ཏོག་ཙམ་སྦྱིན་རོགས་ཞེས་བརྗོད་པས། གཞོན་ནུ་གཉིས་ངོ་ཚ་ཞིང་རབ་ཏུ་ཁྲོས་ཏེ།

ཕོ་གསར་དེས་ཁོ་ལ་གཅར་རྡུང་ཡག་ཐག་ཆོད་ཅིག་བྱས་ཏེ་བཏང་བས། གླེན་པ་གླེན་ རྟགས་ཆོད་ནས་ཅི་བྱེད་འདི་བྱེད་མེད་པར་ལུས་སོ། །

གླེན་པ་དང་སྤྱང་པོའ ་ི སྒྲུང༌།

མནའ་སྔ་མོ་མི་གླེན་པ་ཞིག་དང་སྤྱང་པོ་ཞིག་ཡོད་པ་རེད། ཉིན་ཞིག་ཁོང་གཉིས་ ནགས་འཚལ་ཞིག་གི་ནང་བུད་ཤ ིང་བསྒྲུག་ཏུ་ཕྱིན་པ་རེད། གླེན་པ་དེས་ངལ་གསོ་

དང་། ལྷོད་ཡང་སྤུ་ཙམ་མེད་པའི་སྒོ་ནས་ཤ ིང་བསྒྲུགས་པ་དང༌། སྤྱང་པོ་དེས་བུད་

ཤིང་ཏོག་ཙམ་བསྒྲུགས་རྗེས་མཚམས་བཞག་ཏེ། དེ་རིང་ངས་གླེན་པ་འདིར་མགོ་ བསྐོར་ཞིག་གཏོང་དགོས་བསམས་ཏེ། ཨ་ར་ར་ངའི་མགོ་ན་སོང་ཟེར་ནས་ཤ ིང་སྡོང་ ཞིག་གི་འོག་ཏུ་ཉལ་ནས་བསྡད།

ཕྱི་དྲོ་ཙམ་ལ། གླེན་པས་བུད་ཤིང་མང་དུ་བསྒྲུགས་ཏེ་སྤྱང་པོ་ལ་ཕྱིར་ལོག་

འགྲོ། ཞེས་ཡར་སླངས་པ་ན། སྤྱང་པོས། གྲོགས་པོ། དེ་རིང་ང་ན་ཚའི་རྐྱེན་གྱིས་བུད་ ཤིང་མང་པོ་བསྒྲུགས་ཐུབ་མ་སོང་བས། ཁྱེད་ཀྱིས་བསྒྲུགས་པའི་བུད་ཤ ིང་དེ་ང་ལ་ གཡོར་དང༌། ནང་ལ་སླེབས་པ་དང་ངས་ཁྱེད་ལ་སྐྱིན་པ་གྱོང་མེད་པ་སྤྲད་ཆོག་ལབ་ 9

དེ་ནས་སྤྱང་པོས་ཧམ་པ་ཆེན་པོས་གླེན་པས་བསྒྲུགས་པའི་བུད་ཤ ིང་ཁུར་བ་

ལོག་པའི་ལམ་བར་དུ་ཆར་པ་ཤ ག་ཤ ག་ཏུ་བབས་པས། རྒྱབ་ཀྱི་བུད་ཤ ིང་ཆར་པས་

བརླན་པས་ལྗིད་གོག་ཇེ་ཆེ་ཇེ་ཆེར་གྱུར་པ་ན། སྤྱང་པོའ་ི རྡོག་ཁྲེས་ཆེ་བས་དཀའ་ ལས་ཁག་ཐག་ཆོད་དེ། སླར་ཡང་གླེན་པ་ལ་མགོ་བསྐོར་གཏོང་དགོས་བསམས་ཏེ། སྨྲས་པ། གྲོགས་པོ་ལགས། ངའི་རྡོག་ཁྲེས་འདི་ལྗིད་ཁོག་ཆེ་དྲགས་འདུག་པས། ངེད་ གཉིས་ཀྱིས་བརྗེས་པོ་ཞིག་བརྒྱབ་ནས་ཁུར་ན་མི་ལེགས་སམ་བྱས་པས། གླེན་པས་ འགྲིགས་ཟེར་ནས་བརྗེས་སོ། །

ཕྱིར་རང་ཁྱིམ་དུ་སླེབས་འཕྲལ་སྤྱང་པོས། ད་ང་རང་གི་བུད་ཤ ིང་ཚུར་འཁྱེར་

ཤོག་ཟེར་བ་ན། གླེན་པས། ད་ཅི་ཁྱེད་ཀྱིས། ནང་ལ་སླེབས་པ་ན་བུད་ཤ ིང་གི་སྐྱིན་

པ་སྤྲོད་རྒྱུ་ཡིན་ལབ་སོང་། ད་ང་ལ་སྐྱིན་པ་ཡང་མི་དགོས། ཞེས་ལབ་པ་ན། སྤྱང་ པོ་ཁོ་གླེན་པའི་སྐད་ཆ་ལ་ཧ་ལས་ཞིང་འདོད་མོས་གཏན་ནས་མེད་ཀྱང་བྱ་ཐབས་ཅི་ ཡང་མ་བྱུང་ངོ༌།

གླང་ཆེན་གྱི་རང་ལུས་དོར་བ།

སྔོན་རྫ་རི་དང༌། ནགས་ཚལ། སྤང་ལྗོངས། མཚོ་དང་རྫིང་བུས་བརྒྱན་པའི་དབེན་ པའི་གནས་ཡིད་དུ་འོང་བ་ཞིག་ན་གླང་པོ་ཆེ་ཞིག་གཅིག་པུར་འཚོ་བཞིན་ཡོད། དེ་ རེ་ཞིག་ནགས་ཚལ་གྱི་མཐའ་རུ་སོང་བས་མིའི་སྐད་ཐོས་པ་ན། ཅི་ཡིན་སྙམ་ནས་


མྱུར་དུ་ནགས་དེ་ལས་ཐོན་པའི་ཚེ། བཀྲེས་སྐོམ་དང་ངལ་དུབ་ཀྱིས་མནར་བའི་མི་

མཆོངས་ཏེ་རང་ལུས་ཡོངས་སུ་དོར། མིེ་རྣམས་ཀྱིས་གླང་པོ་ཆེས་ལམ་བསྟན་པ་

ཚོ་ཤ ི་རྒྱུ་ལས་མ་འདས་སོ་སྙམ་ནས་ཤ ིན་ཏུ་སྐྲག ཚུལ་དེ་གླང་པོ་ཆེས་མཐོང་ནས་

གུས་ཀྱིས་མིག་མཆི་མས་གང་ནས་དེ་ལྟ་བུའི་གླང་ཆེན་གྱི་ཤ་ཟ་ག་ལ་ཕོད་ཅེས་

མང་པོ་ཞིག་ནགས་ཚལ་གྱི་ཕྱོགས་སུ་ཡོང་བ་མཐོང༌།

མི་རྣམས་ཀྱིས་ཀྱང་གླང་པོ་ཆེ་མཐོང་ནས་ད་ནི་བྲོས་པའི་མཐུ་ནི་མེད། ང་རང་

སྙིང་རྗེ་སྐྱེས་ཏེ། ང་ལ་འཇིགས་དགོས་དོན་མེད། ཁྱེད་ཚོ་མ་འཇིགས་ཤ ིག ཅེས་ བཤད། མི་དེ་དག་རབ་ཏུ་དགའ་ནས་ཕྱག་འཚལ་ཏེ། ང་ཚོ་ཁྲིམས་དང་འགལ་ཏེ་

ལྟར་སོང་སྟེ་མཚོ་དང༌། གླང་པོ་ཆེའི་རོ་མཐོང་བས་ལེགས་པར་བརྟགས་པས་གླང་ ཆེན་དེ་སེམས་ཀྱིས་མ་བཟོད་པར་རང་ལུས་དོར་བ་ཤ ེས་ཏེ། ཁོ་ཚོ་མྱ་ངན་དང་དད་ བཤད།

མི་བློ་གྲོས་ཆེ་བ་འགའ་ཞིག་གིས། གླང་པོ་ཆེའི་བསམ་པ་ལྟར་མ་བྱས་ན་དེའི་

རྒྱལ་པོས་བསྐྲད་པའི་མི་སྟོང་ཙམ་ཡོད། འགའ་ཞིག་བཀྲེས་སྐོམ་གྱིས་ཤ ི་ནས་ད་ལྟ་

སྲོག་དོན་མེད་དུ་དོར་བ་ཞིག་མ་རེད་དམ། ཞེས་བཤད་པ་དང་ཤ ་རྣམས་བླངས། རྒྱུ་

རྒྱལ་པོ་ཁྱོད་ཀྱིས་ང་ཚོ་གནས་འདི་ནས་ཐར་བའི་ཐབས་བསྟན་དུ་གསོལ། ཞེས་མྱ་

བས་མཐར་གནས་དེ་ལས་ཐར་ཐུབ་པ་བྱུང་ངོ༌། །

བདུན་བརྒྱ་ལྷག་ཡོད། ཅེས་མིག་མཆི་མས་གང་བཞིན་ཐལ་མོ་སྦྱར་ཏེ། གླང་པོའ་ི ངན་གྱི་སྨྲེ་སྔགས་བཏོན།

གཏམ་དེ་ཐོས་ནས་གླང་པོ་ཆེ་དེ་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ཏེ། སྐྱེ་

བོ་འདི་དག་བཀྲེས་སྐོམ་གྱིས་ལུས་སྐམ་ཞིང་ཉམ་ཆུང་བས་ནགས་ཚལ་འདི་ན་ཅི་

ཡང་མེད། ད་ནི་ངའི་ཤ ་འདི་ལམ་རྒྱགས་དང༌། རྒྱུ་མ་དག་ཆུ་སྣོད་དུ་བྱས་ནས་ཐར་ བར་བྱེད་པ་ལས་ཐབས་གཞན་མེད་དོ་སྙམ་ནས་སྣ་སྒྲེང་བཞིན་པར་འདི་ལྟར། རི་ འདིའི་འཁྲིས་སུ་མཚོ་ཆེན་ཞིག་ཡོད། དེ་དང་མི་རིང་བའི་སར་རི་སྟེང་ནས་ལྷུང་

བའི་གླང་ཆེན་གྱི་རོ་ཞིག་ཡོད། དེའི་ཤ ་ལམ་རྒྱགས་དང༌། རྒྱུ་མའི་ནང་དུ་ཆུ་བླུགས་ ཏེ་ས་ཕྱོགས་འདི་ནས་སོང་ཞིག །མྱ་ངན་ལས་ཐར་བར་འགྱུར་རོ། །ཞེས་ཟེར་ཞིང་ བསྟན།

དེ་ནས་གླང་པོ་ཆེ་དེས་རང་ཉིད་ལམ་གཞན་ཞིག་ནས་སོང་སྟེ་རིའི་སྟེང་ནས་

10

མ་ཆུ་སྣོད་བྱས་ཏེ་ཆུ་ཡང་བླངས། གླང་པོ་ཆེས་ཇི་ལྟར་བཤད་པ་ཇི་བཞིན་དུ་སོང་

བོད་ཀྱི་ཟས་རིགས།

བོད་ཀྱི་ཁ་ཟས་ལ་འབྲུ་རིགས་དང༌། འོ་མ་ལས་བཟོས་པའི་དཀར་ཟས་དང༌། ཤའི་ རིགས་ཏེ་དམར་ཟས་ཀྱི་རིགས་ཆེན་པོ་གཉིས་ཡོད།

དཀར་ཟས་ལ་རྩམ་པ་དང༌། ཐུད། ཚོད་མ། བག་ལེབ། ཐུག་པ། གྲོ་ནས་སྲན་

གསུམ་སོགས་དང༌། དམར་ཟས་ལ་ཤ ་ལས་གྲུབ་པའི་ཟས་རིགས་སྣ་ཚོགས་ཡོད།

ཟས་དཀར་དམར་འདྲེས་མ་ལ་དཀར་ཤ ་དང༌། ཚོད་མ། ཤ་མོག་མོག་སོགས་

མང་ཡང༌། གནའ་དུས་སུ་སྔོ་ཚོད་ཀྱི་རིགས་མང་པོ་མེད་པས། འབྲོག་ཕྱོགས་སུ་ཤ ་ རྩམ་དཀར་གསུམ་ཁོ་ནར་བསྟེན་པའང་ཡོད།

བཏུང་བྱའི་གཙོ་བོ་ཇ་ལ་བྱེད་ཅིང༌། ཇ་ལའང་ཇ་ཐང་དང༌། འོ་ཇ། ཇ་བསྲུབ་མ་


སོགས་རིགས་འགའ་ཡོད་དོ། །

གནའ་རབས་བོད་ཀྱི་ཁ་དཔེ་ལ། མགོ་ནག་རྩམ་གཟན། ཞེས་གྲགས་པ་ལྟར།

རྩམ་པ་ནི་བོད་ཀྱི་ཁ་ཟས་གཙོ་བོ་ཞིག་ཡིན་པས། བོད་མི་ཚོར་ཟས་རིགས་གཞན་

བཤའ་བའི་ཉིན་མོར་སྤྱིར་བཏང་དུ་ཉིན་ཤ ་མི་ཟ་ཞིང༌། དེ་ཡང་ཐོག་མར་ནང་ཁྲོལ་ཟ་ བ་དང༌། རྗེས་སུ་ཤ ་གཟུག་གི་ལྷུ་ལག་གཏོར་ཏེ་ཟའོ། །

ཇ་སྐོལ་ཚུལ་ནི། ཧ་ཡང་ངའམ་ཇ་དེམ་གྱི་ནང་དུ་ཆུ་བླུགས། དེའི་ཁར་ཇ་བག་

མེད་ཀྱང་ཆོག་མོད། རྩམ་པ་མེད་ན་གཏན་ནས་མི་རུང་ལ། རྩམ་པ་ལའང་ནས་རྩམ་

ཆུང་ངམ་ཇ་སྐམ་བཏབ་སྟེ་བསྐོལ་པ་ལ་ལན་ཚྭས་ཁ་བསྒྱུར་བའི་ཇ་ཐང་དང༌། དེ་ལ་

སྐྱོ་མ་བཟོ་སྟངས་ནི། ཐོག་མར་དཀར་ཡོལ་ནང་རྩམ་པ་ཉུང་ཙམ་བླུགས། དེ་

ཇ་ཐང་བླུགས་ཏེ་ཡང་ཡང་སྲུབ་པའམ་དཀྲོགས་པས་བོད་ཇའམ་ཇ་བསྲུས་མ་བཅས་

དང༌། གྲོ་རྩམ། སྲན་རྩམ་སོགས་ཡོད།

ནས་ཕྱུ་ར་དང༌། མར། ཀ་ར་འོས་འཚམས་རེ་བླུགས་ཤ ིང༌། ཇ་ཁུ་ཚ་ཞིང་དྭངས་པ་

མང་ཙམ་བླུགས་ཏེ་དཀྲུགས་དཀྲུགས་བྱས་ནས་ཟ་བ་ཡིན། སྐྱོ་མ་ནི་ཞོགས་ཇའི་ ཟས་གཙོ་བོ་ཞིག་ཡིན།

རྩམ་པས་སྤགས་བརྫི་སྟངས་ནི། དཀར་ཡོལ་ནང་དུ་ཇ་ཚ་པོ་ཉུང་ཙམ་བླུགས།

མར་དང་ཕྱུར་བ་འོས་འཚམས་ཤ ིག་བླུགས། དེའི་ཐོག་རྩམ་པ་བཏབ་སྟེ་བྱ་མོས་མཆུ་

ཏོ་བྱ་མོའ ི་མཆུ་ཏོ། གཡས་སྐོར་གཡས་སྐོར། འམ་རྫིག་འདམ་འམ་རྫིག་འདམ་ཞེས་ པ་ལྟར་བརྫིས་པ་ལ་སྤགས་བརྫིས་པ་ཟེར།

འབྲོག་རོང་ཁུལ་གྱི་འཚོ་བའི་ཆ་རྐྱེན་མི་འདྲ་བའི་དབང་གིས། རོང་ཁུལ་དུ་རྩམ་

སྐྱ་དང༌། དར་རྩམ་ཟ་བའང་ཡོད། རྩམ་པའི་རིགས་གང་ཡིན་ཡང་ལྟོ་དུས་གསུམ་ལ་ ཟ་བ་མང་།

ཤ་ཞིབ་མར་བཏགས་པ་ཕྱེ་ཐུམ་དུ་བཅུག་སྟེ། ཚོད་མ་དང༌། ཤ་མོག་མོག

ཤ་བག་ལེབ་སོགས་བཟོ་བ་ལས་གཞན་དུ་རུས་ཚིགས་གྲོལ་ཏེ་ལྷུ་ལག་ཇི་བཞིན་

བཙོས་ཏེ་གསོལ་བ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཤ་ཟ་ཚུལ་ཞིག་རེད། ནོར་ལུག་

11

འོ་མ་བསྣན་ཏེ་བསྐོལ་ན་འོ་ཇ། ཇ་མདོང་གི་ནང་དུ་མར་ཉུང་ཙམ་བླུགས་དེའི་སྟེང་ བཟོའ །ོ །

ཇ་ཕུད་ལྷ་དང་བསང་ལ་མཆོད་ཅིང༌། དེ་རྗེས་ལོ་ན་རྒན་གཞོན་གྱི་གོ་རིམ་ལྟར་

དྲངས་ཏེ་ཉིན་ཇ་ཉིན་དེར་ཐུངས་ཚར་བར་བྱེད་དོ། །ཇ་ལ་ངལ་དུབ་སེལ་བ་དང༌། ཟས་ འཇུ་བ། སྐོམ་སེལ་བ་བཅས་ཀྱི་ཕན་ནུས་ལྡན་པས་བོད་མི་ཀུན་ཧ་ཅང་དགའོ། །

ང་ནི་རྩ་ཕྲན་འདི་ལ་དགའ།

རྩྭ་ནི་རང་ག་བ་ཞིག་མིན་པས། ང་རང་རྩྭ་ལ་དགའ་ཞིང་རྩྭ་ལ་དུང༌། དཔྱིད་ཀྱི་དཔལ་ མོ་ནོར་འཛིན་གྱི་གཞི་རུ་སླེབས་ཐེངས་རེར། མཐའ་ཡས་པའི་རྩྭ་ཐང་དུ་ཆེས་སྔ་མོ་

ནས་མཛེས་སྡུག་ལྡན་པར་འགྱུར་བྱེད་ནི་གཡུ་མདོག་ལྡན་པའི་འཇམ་མཉེན་གྱི་རྩྭ་ ཡི་ཉག་མ་དག་ཡིན།

རྩྭ་ནི་རྩི་ཤ ིང་སྣ་ཚོགས་ལས་ཆེས་ཆུང་ངུའི་གྲས་ཡིན་པས་སྙན་པའི་གྲགས་

པ་ནི་དེ་ལྟར་མེད་པར་འདྲ་མོད། ཡིན་ནའང་གནའ་ནས་ད་ལྟའི་བར་དུ་སྙན་ངག་པ་ རྣམས་ཀྱིས་བསྟོད་བྱའི་གནས་སུ་གྱུར་ཅིང༌། སྙན་ངག་པ་ཚོས་དཔྱིད་དཔལ་དང་


སྤང་ཐང༌། མེ་ཏོག་དང་ལྗོན་ཤ ིང༌། རི་ལུང་དང་ཆུ་བོ། བདེ་སྐྱིད་ཀྱི་འཚོ་བ་སོགས་

མིང་ཡང་ཇི་ལྟར་ཐོགས། ཕྱུགས་རིགས་འཚོ་སྐྱོང་ཇི་ལྟར་བྱེད། འབྲོག་པ་རྣམས་ཀྱི་

ཕན་ཡོན་བཅས་མ་བརྗེད་པར་དེའི་གལ་ཆེའི་གོ་གནས་ཤ ེས་ཡོད་པ་རེད།

མི་རུང་ངོ༌། །

སྙན་མོ་གླུ་ཡི་ལམ་ནས་བསྟོད་སྐབས། རྩྭ་ཕྲན་འདི་དག་གི་བྱས་རྗེས་དང༌། ནུས་པ། རྩྭའི་ཉག་མ་འདི་དག་གིས་གོ་གནས་དང་རང་དོན་མི་གཉེར་བར་རང་ཚུགས་

འཚོ་བ་ཇི་ལྟར་འཁྱོལ། གང་ནས་བཤད་རུང་རྩྭ་འདི་དག་ཉིན་གཅིག་ལའང་མེད་དུ་

རྩྭ་ནི་ཉག་ཕྲན་ལྕུག་མའི་རྩྭ་འདི་དག་མིན་པར། བགྲང་བྱའི་ཡུལ་ལས་འདས་

སུ་ཉག་མ་རེ་རེ་བཞིན་སྐྱེས་པས་མཛེས་སྡུག་ལྡན་ལ་ཡངས་ཤ ིང་རྒྱ་ཆེ་བའི་རྩྭ་ཐང་

པའི་རྟ་འདོ་བའམ། ལུག་གཡང་དཀར། འབྲི་མཛོ་མོ་ལ་སོགས་ཡིན་ལ། དྲི་བསུང་

ཆུ་དང་དཔྱིད་རླུང་ཙམ་ཞིག་ཡོད་ན་གནས་དང་ཡུལ་གང་རུང་དུ་སྐྱེ་བར་ངེས་ཤ ིང་

ལྡན་པའི་སློག་པའམ་ཕྱིང་པ་སོགས་ཀྱང་ཡིན། རྩྭ་ཐང་ནི་མཐའ་དག་གི་བདེ་ཞིང་སྐྱིད་

འདི་གྲུབ། དེ་བཞིན་དུ་ཕ་ཡུལ་གྱི་ཞིང་ཁའི་མུ་ཁར་ཡང་སྐྱེས་ཤ ིང་རྒྱས། སྤྱིར་ན་ས་ རྒྱས་པར་འགྱུར།

ཡིད་གཞུངས་ཁོག་ཡངས་ཀྱི་རྩྭ་ཕྲན་འདི་དག་གིས་ཁེ་གྲགས་དོན་གཉེར་གྱི་

ཀུན་སློང་གཏན་དུ་སྤངས་ནས་མེ་ཏོག་དང་རྩི་ཤ ིང་སོགས་ཀྱི་འོག་ཏུ་ཁེངས་རློམ་དང་ བྲལ་ཞིང༌། ཤེས་མེད་ཚོར་མེད་དུ་སྐྱེས་ཤ ིང་རྒྱས་བཞིན་འདུག།

རྩྭ་འདི་དག་གི་རང་བཞིན་ནི་དཔའ་ངར་ལྡན་ལ་བློ་རྩ་བརྟན་པོ་ཞིག་ཡིན་པས།

བུ་ཡུག་དང་གྲང་ངར། སད་དང་ཐན་པ། དྲག་ཆར་དང་སེར་བ། མེ་ལྕེ་དྲག་པོ་དང་

དངོས་པོ་གང་གིས་ཀྱང་རྩ་མེད་དུ་གཏོང་མི་ཐུབ་སྟེ། རླབས་ཆེན་གྱི་སྙན་ངག་པ་ཞིག་

གིས། ས་གཞི་ཆེན་པོའ ི་རྩྭ་ཡི་ཉག་མའི་ཚོགས། །ལོ་རེར་དར་རྒུད་རེས་ཀྱིས་འབྱུང་ ན་ཡང༌། །མེ་ཡིས་རྩད་ནས་བསྲེགསཔར་ནུས་མ་ཡིན། །དཔྱིད་རླུང་ལྡང་ཚེ་སླར་ ཡང་འཕྱུར་བར་ངེས། །ཞེས་གསུངས་པ་ལྟར་ཡིན་པ་མ་ཟད། རྩྭ་ནི་འབྲོག་ཕྱོགས་

ཀྱི་མི་ཕྱུགས་ཀུན་གྱི་རྟེན་ས་ཡིན་པས། དེར་བརྟེན་ནས་འཚོ་བ་སྐྱེལ་བཞིན་མཆིས། གལ་སྲིད་རྩྭ་འདི་མེད་ན། རྩྭ་ཐང་གི་མཛེས་ཉམས་འདོན་རྒྱུ་ལྟ་ཅི། རྩྭ་ཐང་ཞེས་པའི་

12

འཐུལ་བའི་ཤ་ཚོན་པོའམ་ཞིམ་མངར་ལྡན་པའི་མར་ཕྱུར་སོགས་ཡིན་ལ། དྲོད་འཇམ་ པའི་འབྱུང་གནས་དངོས་ཡིན་ནོ། །

གཟིགས་དང༌། ང་ཚོའི་བཟའ་རྒྱུ་འབུད་རྒྱུ། གྱོན་ཆས་སྤྱོད་ཆས་སོགས་རྩྭ་འདི་

དག་ལས་བྱུང་བ་མང་བས་དེ་ལ་སྙིང་ཐག་པ་ནས་གཅེས་སྤྲས་བྱེད་མི་དགོས་སམ། རྩྭ་འདི་དག་ལ་བྱས་རྗེས་དང་ཕན་ནུས་ཚད་མེད་ཅིག་ཡོད་ནའང་རྩྭ་རང་ནི་གཞན་

གྱིས་བསྟོད་བསྔགས་བྱེད་པར་མི་དགའ་སྟེ། ཁེངས་སྐྱུང་གིས་ནམ་ཡིན་ཡང་དམའ་ ས་བཟུང་ནས་འདུག ངེད་ཀྱིས་མངོན་བརྗོད་དང༌། དཔེ་རྒྱན་གཟུགས་རྒྱན་སོགས་ ཚིག་རྒྱན་གྱི་རྣམ་གྲངས་ཅུང་ཙམ་ཞིག་ཤ ེས་མོད་ཀྱང༌། སྤྱོད་པར་མི་འདོད་དེ། རྩྭ་

ནི་སེམས་གཏིང་ནས་གོ་བ་ལོན་པའི་དངོས་རྫས་ཤ ིག་ཡིན་སྟབས། རྩྭ་ཞེས་པའི་སྒྲ་ དབྱངས་ཐོས་འཕྲལ་སྤྲོ་སེམས་རབ་ཏུ་བསྐྱེད་ཅིང༌། དགའ་བའི་ཤུགས་ཀྱིས་ཧ་ཅང་ མཛེས་པར་མཐོང་མོད་ཀྱི། མཛེས་པའི་ཆོས་ཀྱིས་དགའ་བ་འཕེལ་བ་ནི་མ་ཡིན་ནོ།

ཕྲན་གྱི་སེམས་གཏིང་ནས་རྩྭ་འདི་དག་ལ་དགའ་བའི་རྒྱུ་མཚན་ནི། རྩྭ་འདི་

ལ། སེམས་དཀྱེལ་ཆེ་ལ་ཡིད་གཞུངས་པ། སྙིང་རྗེ་ཆེ་ལ་དཔའ་ངར་ལྡན་ཞིང་ལས་


ལ་བརྩོན་པའི་འབྲོག་པ་ཚོར་ལྡན་པའི་དགེ་མཚན་དག་རྣམ་པར་ལྡན་པ་དང༌། བློ་

ཡིན་པས། སློབ་ཕྲུག་ཚོས་དགེ་རྒན་གྱིས་གང་ཁྲིད་པ་ཐམས་ཅད་འབད་བརྩོན་དང༌།

རྣམས་ཀྱི་བདེ་སྐྱིད་དོན་དུ་འབུལ་མཁན་རྣམས་ལ་ལྡན་པའི་དགེ་མཚན་དག་རྣམ་

ཏེ། གནའ་དེང་ཟུང་དུ་འབྲེལ་བའི་ཤ ེས་ཡོན་གཤོག་ཟུང་གཉིས་ལྡན་གྱི་ཤ ེས་ཡོན་

གཅི ག ་སེ མ ས་གཅི ག ་གི ས ་རང་གི ་ བློ ་ གྲོ ས ་དང་སྟོ བ ས་ཤུ གས་ཅི ་ ཡོ ད ་པ་དེ ་ མི ་ པར་ལྡན་ཞིང་གནས་པ་དེ་ཡིན། ཕྲན་ནི་ཕྲ་ཞིང་ཆུང་ངུའི་རྩྭ་ཡི་བབ་ཆགས་པའི་

མཛེས་སྡུག་དང༌། མངོན་མེད་ཀྱི་མཛེས་པ་ལ་སྙིང་ནས་དགའ་ཞེན་ཆེ་ཞིང༌། འདི་ ལྟ་བུའི་རྩྭ་ཉག་མ་ཞིག་བྱེད་པར་མོས་སོ། །

ཤེས་ཡོན་སློབ་སྦྱོང་།

ཤེས་ཡོན་སློབ་སྦྱོང་ནི་མིའི་བསམ་བློ་ཕྱུག་པོ་བཟོ་རྒྱུ་དེ་རེད། མི་ཟེར་བ་འདི་གལ་

ཆེན་པོ་རེད། མིས་བསམ་བློ་མང་པོ་གཏོང་ཐུབ། བསམ་བློ་མང་པོ་གཏོང་ཐུབ་པ་ དེས་ལས་ཀ་ལེགས་པ་མང་པོ་བསྒྲུབ་ཐུབ་ལ། སྡུག་པའང་མང་པོ་བསྒྲུབ་ཐུབ། སྲོག་ ཆགས་གཞན་དག་གི་འགྱུར་བ་དལ་པོར་འགྲོ་བ་དང༌། མིའི་འགྱུར་བ་མགྱོགས་པོར་ འགྲོ་བ་འདི་ཡང་བསམ་བློ་ཤུགས་ཆེ་ཆུང་ཡོད་པའི་དབང་གིས་རེད།

དེར་བརྟེན། ང་ཚོར་ལྟོ་ཆས་བཟའ་རྒྱུ་ཡོད་ཙམ་གྱིས་མི་འགྲིགས་པར་མིའི་

བསམ་བློ་ཕྱུག་པོ་བཟོ་དགོས། དེ་ལ་རྒན་པ་དང༌། གཞོན་པ་གཉིས་ཡོད།

གཞོན་པ་ཚོའི་བསམ་བློ་ཕྱུག་པོ་བཟོ་སྟངས་ནི། སློབ་གྲྭ་ཁག་མང་པོ་བཙུགས་

པ་འདི་རྣམས་ཡིན། བོད་ཕྲུག་ཚོར་དེང་དུས་ཀྱི་ཤ ེས་ཡོན་ཡོད་དགོས་ལ། བོད་པའི་

གོམས་གཤིས་བཟང་པོ་རྣམས་ཀྱང་མ་བརླག་པ་དགོས་པ་ལྟར་བོད་པའི་སློབ་གྲྭ་ ཁག་ལོགས་སུ་བཙུགས། ཆོས་དགེ་འདྲ་ཆེད་འཛུགས་བྱེད་དགོས་དོན་ཡང་དེ་ལྟར་

13

གནའ་བོའ ི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་དང་དེང་རབས་ཤ ེས་ཡོན་ལ་དོ་སྣང་བྱས་ ཅན་ཞིག་བྱེད་དགོས།

རྒན་པ་ཚོས་རྒྱུན་དུ་སློབ་གྲྭར་ཕྱིན། འཛིན་གྲྭ་ཚུགས་གྲོལ་བྱེད་དགོས་པ་མིན་

ཡང༌། རྒྱུན་དུ་སོ་སོས་དོ་སྣང་བྱས་ཏེ་ཡི་གེ་མ་ཤ ེས་མཁན་ཚོས་ཤ ེས་ཐབས་བྱས། གསར་ཤ ོག་འདྲ་ཀློག ཡང་གཞན་དག་ལ་ཀློག་བཅུག་སྟེ་སོ་སོས་ཉན་གང་ཐུབ་ཐུབ་

ཐབས་ཤ ེས་བྱེད་ཀྱི་ཡིན་ན། རིམ་པས་བསམ་བློའ་ི གནས་ཚད་མཐོ་རུ་ཕྱིན། ཤེས་

རྒྱ་མཐོང་རྒྱ་མཐོ་རུ་ཕྱིན་ཏེ་ཕན་ཚོད་ཅིག་ཕན་གྱི་རེད། ཆོས་དང་འཇིག་རྟེན་གང་

ཡིན་ཡང༌། ཡི་གེ་ཞིག་ཤ ེས་བསམ་བློ་ཕྲན་བུ་མང་དུ་ཕྱིན་པ་ཡིན་ན། དེའི་ཚོད་ཀྱིས་ རླབས་ཆེ་རུ་ཕྱིན་ནས་ཕན་ཐོགས་ཡོང་གི་རེད།

ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་མི་ཚེའི་ནང་གལ་ཆེ་ཤ ོས་ཤ ིག་རེད། འདི་ལ་

ཚང་མས་དོ་སྣང་བྱེད་དགོས། ལུང་ཁུག་གི་མི་ལྟ་བུ་གང་ཡང་མི་ཤ ེས་མཁན་ཞིག་

ཡིན་ཀྱང་དེ་མུར་གཡུགས་མ་བཞག་པར་འབད་བརྩོན་བྱེད་དགོས། ཅི་ཙམ་སོ་སོའ ི་

ཤེས་རབ་འཕེལ་བའི་ཚོད་ཀྱིས་འཕྲལ་དང་ཕུགས་ལ་ཕན་གྱི་རེད། དེའི་ཕྱིར་ཤ ེས་ ཡོ ན ་ནི ་ མི ས ་འཕྲོ ག ་མི ་ ཐུབ་པའི ་ བསམ་བློ འ་ི རྒྱུ་ནོ ར ་རི ན ་ཐང་བྲལ་བ་ཞི ག ་དང༌། བཟང་ངན་གྱི་གནས་ཚུལ་གང་ཡིན་ལ་ལྟ་བྱེད་ཡེ་ཤ ེས་ཀྱི་སྤྱན་ལྟ་བུ་ཡིན་པས་ཤ ེས་ ཡོན་ལ་དོ་སྣང་ཆེ་ཙམ་བྱེད་དགོས་སོ། །


སྤྲེའུ་བྱང་ཆུབ་སེམས་དཔའི་སྒྲུང༌།

སྔོན་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་ནགས་ཚལ་སྟུག་པོ་ཞིག་ན། བྱང་

ཆུབ་སེམས་དཔའི་སྤྲུལ་པ་སྤྲེའུ་ཀུན་བཟང་བྱ་བ་ཞིག་ཡོད། ཁོང་ནི་སེམས་ཅན་ ཐམས་ཅད་ལ་ཕན་པའི་ཐབས་འབའ་ཞིག་སྒྲུབ་མཁན་ཞིག་ཡིན།

ནགས་ཚལ་དེར་ཤ ིང་འབྲས་ཤ ིན་ཏུ་ཞིམ་པོ་ཞིག་ཡོད་ཅིང༌། སྤྲེའུ་རྣམས་ཀྱིས་

ཉིན་ལྟར་ཤ ིང་འབྲས་བཟས་ནས་འཚོ་བཞིན་ཡོད། ཉིན་གཅིག་སྤྲེའུ་རྣམས་ཀྱིས་ཤ ིང་

འབྲས་བཏོག་སྐབས། སྟབས་མ་ལེགས་པར་ཤིང་འབྲས་གཅིག་འབབ་ཆུའི་ནང་ ཟགས།

ཤིང་འབྲས་དེ་ཆུས་ཁྱེར་ནས་ཡུལ་གྱི་རྒྱལ་པོ་ཞིག་གི་ལག་ཏུ་སོན། རྒྱལ་པོས་

ཤིང་འབྲས་བཟས་པས་ཧ་ཅང་ཞིམ་པོ་བྱུང་ནས་འདོད་རྔམས་ཆེན་པོ་ལངས། རྒྱལ་ པོས་འཁོར་གཡོག་མང་པོ་ཁྲིད་ནས་ཆུ་བརྒྱུད་དེད་ནས་ཤ ིང་སྡོང་འཚོལ་དུ་ཕྱིན།

ནགས་ཚལ་དེར་སླེབས་ནས་སྤྲེའུ་རྣམས་ཀྱིས་ཤ ིང་རྩེར་འབྲས་བུ་ཟ་བཞིན་པ་

མཐོང་ནས་རྒྱལ་པོས་ཕྲག་དོག་གིས་སེམས་རབ་ཏུ་ཁྲོས་ཏེ། འཁོར་གཡོག་རྣམས་ བསྐུལ་ནས་ཤ ིང་སྡོང་གི་མཐའ་བསྐོར་ཏེ་མདའ་དང་། རྡོ། མཚོན་ཆ་རྣམས་སེར་བ་ འབབ་པ་ལྟར་འཕངས།

སྤྲེའུ་རྣམས་འཇིགས་ཤ ིང་ཅི་བྱ་གཏོལ་མེད་དུ་གྱུར་པ་མཐོང་བས། སྤྲེའུ་ཀུན་

བཟང་གིས་ཁོང་རྣམས་སྐྲག་ཅིང་སྡུག་བསྔལ་བ་སྙིང་ནས་མ་བཟོད་པར། སྤྲེའུ་རྣམས་ ཀྱི་སྲོག་སྐྱོབ་པའི་ཐབས་ཤ ེས་ཅི་ཡོད་དམ་བསམས་ནས་བློ་འཚབ་ཆེན་པོ་ལངས།

14

སྤྲེའུ་བྱང་ཆུབ་སེམས་དཔའ་དེས་སྦ་ཐག་རིང་པོ་ཞིག་བཙལ་ཏེ་རང་གི་རྐང་

པར་དམ་པོ ར ་བསྡམས་རྗེས། ཤིང་རྩེར་མཆོ ངས་ཏེ་ ཡལ་གར་འཇུས་ནས་རང་

ལུས་ཟམ་པར་བཙུགས་ཏེ་སྤྲེའུ་ཐམས་ཅད་ཤ ིང་རྩེ་ནས་རིའི་མགོར་བསྐྱལ་ཏེ་སྲོག་ བསྐྱབས་སོ། །

ཁོར་ཡུག་སྲུང་སྐྱོབ།

ཁོར་ཡུག་ཅེས་པ་ནི་ང་རང་ཚོ་འཚོ་སྡོད་བྱེད་སའི་ས་གཞི་དང༌། མཁའ་རླུང༌། རྩི་ ཤིང༌། ཆུ། ཉི་འོད། རི་རབ་ཁང་ཁྱིམ་སོགས་རང་བྱུང་ཁམས་ཀྱི་དངོས་པོ་ཡོད་ཚད་

ལ་ཟེར་ཞིང༌། དངོས་པོ་འདི་དག་ཚང་མ་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ ཡོད། ཁོར་ཡུག་གི་དངོས་པོ་ཚང་མའི་གནས་སྟངས་དོ་མཉམ་པ་ཞིག་བྱུང་ན། ཁོར་ ཡུག་དེའི་ནང་འཚོ་སྡོད་བྱེད་པའི་སྐྱེ་འགྲོ་རྣམས་ལའང་ཕན་བདེ་འབྱུང་ཞིང༌། ཁོར་

ཡུག་གི་དངོས་པོ་རྣམས་ལས་གཅིག་གི་གནས་སྟངས་དོ་མཉམ་མ་བྱུང་ན། དེས་ དངོས་པོ་གཞན་དག་གི་གནས་སྟངས་ལ་གནོད་ཚེ་ཐེབས་ཏེ། སྐྱེ་འགྲོའ་ི འཚོ་སྡོད་ ལ་ཤུགས་རྐྱེན་འབྱུང་ངེས་ཡིན། དེར་བརྟེན། ང་ཚོས་རང་ཉིད་འཚོ་སྡོད་བྱེད་སའི་ ཁོར་ཡུག་ལ་བདག་གཅེས་བྱ་རྒྱུ་གལ་འགངས་ཤ ིན་ཏུ་ཆེ་བ་ཡིན།

ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་ནི། རང་རང་གི་སྡོད་གནས་ཉེ་འཁོར་དང༌།

རང་བྱུང་ཁམས་ཀྱི་གནས་གཞི་གང་དུའང༌། ཤིང་འབྲས་ཀྱི་ཤུན་པ་དང༌། ཤོག་བུ།

འགྱིག་ཤ ོག ཤེལ་དམ། གོས་རྙིང༌། ཟས་ལྷག་འཐུང་ལྷག་སོགས་གང་བྱུང་གཡུག་མི་

རུང་བ་མ་ཟད། ཉེ་འཁོར་དུ་གང་བྱུང་བཙོག་གཅིན་གཏོང་བ་སོགས་གཏན་ནས་མི་


རུང༌། དེ་བཞིན་ཤ ིང་ནགས་ཚོད་མེད་གཅོད་འབྲེག་བྱེད་པ་དང༌། རི་དྭགས་སོགས་ སེམས་ཅན་གང་བྱུང་གསོད་པ། ས་གཏེར་གང་བྱུང་སྔོག་འདོན་བྱེད་པ་སོགས་ཁོར་ ཡུག་ལ་དོ་ཕོག་ཆེ་བས། ལས་གཞི་འདི་དག་ཚང་མ་དོ་སྣང་བྱས་ནས་སྤང་དགོས།

འོ་ན། ང་ཚོས་ཁོར་ཡུག་ལ་བདག་གཅེས་ཇི་ལྟར་བྱ་དགོས་སམ་ཞེ་ན། རང་

ཉིད་གནས་སའི་སྡོད་ཁང་དང༌། ལྷ་ཁང༌། སློབ་གྲྭ། སྨན་ཁང༌། བཟོ་གྲྭ ཟ་ཁང༌། འགྲུལ་ ཁང་སོགས་ཀྱི་ཉེ་འགྲམ་དུ་མེ་ཏོག་དང༌། ཤིང་སྣ་བཅས་འདེབས་འཛུགས་བྱ་དགོས་ པ་མ་ཟད། ཤིང་ནགས་གཅོད་འབྲེག་བྱས་པའི་རི་ཀླུང་རྣམས་ལ་ཤ ིང་ཚབ་གསར་

རི་མགོར་ཁོས་བུད་ཤ ིང་ཁུར་པོ་ཆེན་པོ་ཞིག་བཏུས་རྗེས། ལམ་བར་དུ་ངལ་

གསོ་སའི་རྡོའ་ི སེངྒེ་ཆེན་པོ་ཞིག་ཡོད་པ་དེའི་འགྲམ་དུ་ངལ་གསོ་བྱས་ནས་རྩམ་པ་

ཟོས་ཀྱི་ཡོད། ཁོས་རྩམ་པ་ཟ་དུས་རྩམ་པ་དང་མར་ཕྱུར་རྡོའ ི་སེངྒེའི་རྡོ་སྟེགས་ཐོག་

བཞག་སྟེ་ཨ་ཇོ་རྡོ་སེང་གེ་ལགས། མར་རྩམ་ཅུང་ཟད་བཞེས་རོགས་གནང་ཞེས་རྩམ་

པ་ཅུང་ཟད་རེ་རྡོའ་ི སེངྒེ་ལ་མཆོད་པ་འབུལ་གྱི་ཡོད། དེ་ལྟར་བྱས་ནས་ཉིན་མང་པོ་ སོང༌།

ཉིན་ཞིག་རྡོའ་ི སེངྒེས་གསུང་བྱོན་ཏེ། བུད་ཤ ིང་འཐུ་བའི་ཟླ་བོ་ལགས། ཁྱོད་

འཛུགས་བྱ་དགོས། ས་གཏེར་གང་བྱུང་བསྔོག་འདོན་དང༌། ཤིང་ནགས་གང་བྱུང་

ཀྱིས་ང་ལ་བསྙེན་བཀུར་བྱས་པས། ཁྱོད་ལ་ཡང་འོ་རྒྱལ་བྱུང་མ་སོང་ངམ་ཟེར་བར།

ཡོང་བ་ཡིན། གད་སྙིགས་གང་བྱུང་གཡུགས་པའི་རྐྱེན་གྱིས་མིག་ལམ་དུ་མི་མཛེས་

ཟེར་བར། རྡོའ་ི སེངྒེས། སེམས་ཁྲལ་མ་གནང༌། སང་ཉིན་སྔ་པོ་ཁུག་མ་ཞིག་ཁྱེར་

གཅོད་འབྲེག་བྱས་པ་སོགས་ཀྱིས་རྐྱེན་པས་ཡུལ་གྱི་ས་བཅུད་ཉམས་པ་དང༌། ཆར་ ཆུ་དུས་སུ་མི་འབབ་པ། ཡུལ་དུ་ཆུ་ལོག་འབྱུང་བ། རི་ཉིལ་བ། ས་བརྡིབ་པ་བཅས་ པ། ནད་རིགས་འཕེལ་བ་སོགས་སྐྱེ་འགྲོའ ི་འཕྲོད་བསྟེན་ལ་གནོད་ཚབས་ཤ ིན་ཏུ་ཆེ་ བ་ཡིན།

རྡོའ ་ི སེང་གེས་ཁ་གདངས་པ།

རི་བོ་ཞིག་གི་འགྲམ་ན་ཁྱིམ་ཚང་གཉིས་ཡོད། ཁྱིམ་གཅིག་ནི་དབུལ་པོ་དང༌། གཞན་

དེ་ཕྱུག་པོ་ཡིན། ཁྱིམ་བདག་དབུལ་པོ་དེ་ཉིན་ལྟར་རི་མགོར་སོང་ནས་བུད་ཤིང་

བཏུས་ཏེ་འཚོ་བ་བསྐྱལ། ཁོ་རི་མགོར་འགྲོ་སྐབས་ཉིན་གུང་གི་ཟས་སུ་རྩམ་པ་ཅུང་ ཟད་རེ་ཁྱེར་ཏེ་བུད་ཤ ིང་བཙོངས་ནས་འཚོ་བ་བསྐྱལ་གྱི་ཡོད།

15

ཁོས་རྡོའ ི་སེངྒེས་སྐད་ཆ་བཤད་པ་ཐོས་འཕྲལ་ཤ ིན་ཏུ་དགའ་ནས་སྨྲས་པ། ཨ་ཙི། ཨ་ ཙི། འོ་བརྒྱལ་མ་བྱུང། ངའི་ཁྱིམ་ཇི་འདྲའི་དབུལ་བ་ཁྱེད་ཀྱིས་མཁྱེན་པ་ལྟར་ལགས་

ཤོག་དང༌། ངས་ཁྱོད་ལ་ཕན་ཞིག་འདོགས་ཟེར་བར། ཁོས་ལེགས་སོ། ལེགས་སོ་ ཞུས་ཏེ་ཁྱིམ་དུ་ལོག

ཕྱི་ཉིན་སྔ་པོ་ཁོས་ཁུག་མ་ཞིག་ཁྱེར་ནས་སྔར་བཞིན་རི་མགོར་རྡོའ ི་སེངྒེ་ཡོད་

སར་ཕྱིན་པས། རྡོའ ི་སེངྒེ་ཁ་གདངས་ནས་ཁོ་ལ་གསེར་འདྲུ་བར་བཅུག་པ་དང༌། ཉི་ མ་མ་ཤར་སྔོན་ལག་པ་ངེས་པར་དུ་ཕྱིར་ལེན་དགོས་པ་མངགས་བྱ་བྱས། ཁོས་ ཀྱང་དེ་ལྟར་བྱེད་པར་ཁས་བླངས་ནས་གསེར་དྲུས་ཏེ། ཁྱོར་བ་གང་རེ་གང་རེ་དང༌།

གསེར་རྡོག་པོ་རེ་རེ་བཞིན་ཁུག་མར་བཅུག དུས་དེ་ནས་བཟུང་ཁོ་ཡུལ་དེའི་མི་ཚང་ ཕྱུག་ཤ ོས་སུ་གྱུར།


ཁོའ ི་ཁྱིམ་གྱི་གནས་ཚུལ་ཁྱེིམ་མཚེས་ཕྱུག་པོ་དེས་མཐོང་ནས་ཁོས་བསམ་བློ་

སྣ་ཚོགས་འདི་ལྟར་བཏང༌། དབུལ་པོ་འདི་ལ་སྔར་ཡིན་ན་བོང་རྒན་སྤུ་མེད་གཅིག་

ལས་མེད། ད་ལྟ་གློ་བུར་དུ་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་གྱུར་འདུག་པས། བརྐུས་པ་ ཡིན་ནམ་ཕྲོགས་པ་ཡིན། གང་ལྟར་ཡང་གསལ་པོ་ཞིག་འདྲི་དགོས་སྙམ་ནས་གུས་

གུས་ཞུམ་ཞུམ་ངང་དབུལ་པོའ ི་ཁྱིམ་ལ་སླེབས་ཏེ། ཁོས་ཁ་སྙན་ཚིག་འཇམ་མང་པོ་ ཞིག་བཤད་པའི་མཐར་ནོར་ཇི་ལྟར་འཐོབ་ཚུལ་དང༌། ཁྱིམ་ཇི་ལྟར་ཕྱུག་ཏུ་སོང་བ་ སོགས་དྲིས།

དབུལ་པོ་དེ་ནི་བསམ་པ་དྲང་པོ་ཞིག་ཡིན་པས། སྦ་གསང་མེད་པར་བྱུང་ཚུལ་

ཐམས་ཅད་དྲང་པོར་ཁྱིམ་མཚེས་ལ་བཤད། ཕྱུག་པོས་ཐོས་འཕྲལ་སྲེད་ཞེན་གྱི་ འགྲམ་ཆུ་ལྡང་ཞིང༌། འདོད་ཧམ་དྲག་པོས་བཟོད་གླགས་མེད་པར་གྱུར། རང་ཉིད་དེ་

འདྲའི་ནོར་བཟང་པོ་དང་ཅིའི་ཕྱིར་མ་འཕྲད་སྙམ་ནས་ཤུགས་རིང་འབྱིན་བཞིན། རྡོའ ི་

སེངྒེ་ཡོད་སའི་གནས་དང༌། བུད་ཤ ིང་ཇི་ལྟར་བཏུས་པ་སོགས་ཐག་ཆོད་པ་ཞིག་དྲིས་

ནས་ངེས་ངེས་ཏིག་ཏིག་བྱས་རྗེས་སླར་ཁྱིམ་དུ་ལོག ཁོ་ཁྱིམ་དུ་སླེབས་རྗེས་མཚན་ མོ་གཉིད་ཀྱང་མ་ཁུག་པར་བསམ་བློ་མང་པོ་བཏང་ནས་བུད་ཤ ིང་འཐུ་རུ་སོང་ནས་ རྡོའ ི་སེངྒེ་བཙལ་དགོས་སྙམ།

ཕྱི་ཉིན་སྔ་མོ་ཁོས་ཁུག་མ་ཤ ིན་ཏུ་ཆེན་པོ་ཞིག་ཁྱེར་ནས་རི་མགོར་རྡོའ་ི སེངྒེ་

ཡོད་སར་ཕྱིན་པས། རྡོའ ི་སེངྒེ་ཁ་གདངས་ནས་ཁོ་ལ་གསེར་འདྲུ་བར་བཅུག་པ་དང༌། ཉི་མ་མ་ཤ ར་སྔོན་ལག་པ་ངེས་པར་དུ་ཕྱིར་ལེན་དགོས་པ་བརྗེད་མི་རུང་བར་བཤད་

པ་ཁོས་ཀྱང་ཁས་བླངས། འོན་ཀྱང་ཁོ་འདོད་ཧམ་ཆེ་བས་ཉི་མ་མ་ཤ ར་གོང་ལག་པ་

16

ལེན་རྒྱུ་བརྗེད་དེ་ཁོའ ི་ལག་པ་རྡོ་སེང་གེའི་ཁ་ནང་དུ་ལྷག་ནས་ཞ་བོ་ཞིག་ཏུ་གྱུར་རོ།

གངས་རི།

འཛམ་གླིང་ཡང་རྩེར་གནས་པའི་བོད་ཁ་བ་ཅན་གྱི་གསེར་སྦྱངས་ཞུན་མ་ལྟ་བུའི་ས་ གཞིའི་སྟེང་དུ་གཡུ་ཡི་མཎྜལ་བཞུས་འདྲའི་མཚོ་དང་མཚེའུ་ཕྲ་ཚོམ་བཏབ་པ་ལྟར་

མཛེས་ཤ ིང༌། རབ་དཀར་ཟེགས་མ་མཁའ་ལ་འཕྱོ་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་

ཀླུང་མང་པོའ་ི རྩ་ལག་རྒྱས་པ། སྤང་རི་དང༌། རྫ་རི། ནགས་རི་སོགས་རང་བྱུང་གི་ བཀོད་པ་ཆེས་ཡིད་དུ་འོང་བས། འཇིག་རྟེན་གྱི་ལྷ་ཡུལ་ཞེས་ཀུན་གྱིས་བསྔགས་ ཤིང༌། གངས་ཀྱི་རྒྱལ་ཁབ་ཅེས་པའི་མཚན་སྙན་ཡང་ཐོགས་ཡོད།

ཕྱོགས་མཚམས་ཀུན་ཏུ་གངས་རིའི་རྭ་བས་བསྐོར་ཡོད་པས། སྔ་མོ་ཞིག་ནས་

བོད་ཀྱི་མིང་ལ་གངས་ཅན། གངས་ལྗོངས། གངས་རིའི་རྭ་བས་བསྐོར་བའི་ཞིང༌། ཁ་

བ་ཅན་སོགས་ཟེར་ཞིང༌། དེ་ན་གནས་པའི་བོད་མི་ལ་གངས་ཅན་པ། ཁ་བ་ཅན་པ་ ཞེས་ཡོངས་སུ་གྲགས།

གངས་རི་དེ་དག་ནི་ཡངས་ཤ ིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ཤ ེལ་གྱི་མཆོད་རྟེན་ཚར་

དུ་དངར་བ་ལྟར་ཡོད་ཅིང༌། དེ་དག་ལས་གྲགས་ཆེ་བ་ནི་གངས་དཀར་ཏེ་སེ་དང༌། ཇོ་

མོ་གླང་མ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། ཡར་ལྷ་ཤ མ་པོ། གནོད་སྦྱིན་གངས་ བཟང༌། མི་ཉག་གངས་དཀར། རོང་བཙན་ཁ་བ་དཀར་པོ། གངས་དཀར་ཕྱོགས་ལས་ རྣམ་རྒྱལ། རྨེ་རུ་གངས་དཀར་སོགས་སྙན་གྲགས་ཅན་གྱི་གངས་རི་མང་པོ་ཡོད་

ཅིང༌། ལྷག་པར་དུ་འཛམ་གླིང་གི་རི་བོ་མཐོ་ཤ ོས་ཇོ་མོ་གླང་མ་དང༌། ཕྱི་ནང་ཆོས་


ལུགས་དུ་མའི་ཐུན་མོང་གི་དད་རྟེན་དུ་གྱུར་པའི་གངས་རིན་པོ་ཆེའམ་གངས་ཏེ་སེ་

མདོར་ན། བོད་ཁ་བ་ཅན་གྱི་ཡུལ་དུ་འཚོ་ཞིང་གནས་པའི་མི་དང༌། སྲོག་

སོགས་ཀྱང་བོད་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད།

ཆགས། རྩི་ཤིང༌། ནགས་ཚལ། ཡུལ་ལྗོངས་སོགས་ཐམས་ཅད་གངས་རི་ལ་མ་

གླང་ཆེན་ཁ་འབབ། ལྷོ་ན་རྨ་བྱ་ཁ་འབབ། ནུབ་ན་རྟ་མཆོག་ཁ་འབབ། བྱང་ན་སེངྒེ་

བོད་ཀྱི་སྣོད་བཅུད་འཛུགས་སྐྲུན་གྱི་རྟེན་གཞི་ཡིན།

གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་སྟེ། ཤར་ན་

ཁ་འབབ་བཅས་དང༌། གཞན་ཡང༌། འཛམ་གླིང་གི་ཆུ་ཆེན་ཨང་གསུམ་པར་གྲགས་

པའི་འབྲི་ཆུ་དང༌། རྨ་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ་སོགས་ཆུ་བོ་ཆེ་ཕྲ་ཐམས་ཅད་ཀྱི་ འབྱུང་ཁུངས་ཀྱང་གངས་རི་ཡིན།

བོད་ཀྱི་ཡུལ་གྲུ་གང་སར་རི་བོ་ཆེ་འབྲིང་ཆུང་གསུམ་བགྲང་གིས་མི་ལང་བ་

ཡོད་པས། བོད་འདི་རིའི་རྒྱལ་ཁབ་ཅིག་ཡིན་ཞེས་ཀྱང་བརྗོད་ཆོག རི་བོ་དེ་དག་

ལས་ཕལ་ཆེ་བ་དབྱར་དུས་སྔོ་ལྗང་རྩི་ཤིང་གི་གཤམ་གོས་གཡོགས་པའི་སྤང་རི་ དང༌། རྫ་རི་ཡིན་ཞིང༌། དགུན་དུས་རབ་དཀར་ཁ་བས་བཀླུབས་པའི་གངས་རིར་གྱུར་

པ་སོགས་དུས་བཞིའི་འགྱུར་འགྲོས་ཀྱི་ཉམས་དང་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད། རི་བོ་ཁ་ཤ ས་ཀྱི་རྩེ་མོར་གངས་དང༌། སྐེད་དུ་རྫ་སྤང་འདྲེས་མ། འདབས་སུ་རྩི་ཤ ིང་ དང་། ནགས་ཚལ་གྱིས་ཁེབས་པ་སོགས་རྣམ་པ་སྣ་ཚོགས་ཡོད།

གངས་རི་དེ་དག་ལས་བྱུང་བའི་མཚོ་དང་མཚེའུ་རྣམས་གསེར་གྱི་ས་གཞིར་

གཡུ་ཡི་ཕྲ་ཚོམ་བཏབ་པ་བཞིན་ཡོད། དཔེར་ན། མ་ཕམ་གཡུ་མཚོ། གནམ་མཚོ་ ཕྱུག་མོ། ཡར་འབྲོག་གཡུ་མཚོ། མཚོ་སྐྱ་རིང་དང་སྔོ་རིང༌། ཁྲི་ཤ ོར་རྒྱལ་མོ། ལྷ་མོའ ི་ བླ་མཚོ་སོགས་མཚོ་དང་མཚེའུ་སྟོང་ཕྲག་བརྒལ་བ་ཡོད་པས། བོད་འདི་ཨེ་ཤ ི་ཡའི་ གླིང་ཆེན་གྱི་སྐམ་སའི་མཚོ་མང་ཤ ོས་ཀྱི་རྒྱལ་ཁབ་ཅིག་ཡིན།

17

བརྟེན་པ་གཅིག་ཀྱང་མེད་པས། གངས་རི་ནི་བོད་ཁ་བ་ཅན་གྱི་འབྱུང་ཁུངས་དང༌།

པོ་ཏ་ལ།

«པོ་ཏ་ལ་»ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཟུར་ཆག་པ་ཡིན་ལ། བོད་སྐད་དུ་རི་བོ་གྲུ་ འཛིན་ཞེས་ཟེར། བོད་གངས་ཅན་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ལྷ་སར་འགྱིང་ཉམས་

ལྡན་པའི་གླང་ཆེན་འཕྲེད་ཉལ་ལྟ་བུའི་རི་ཞིག་ཡོད། རི་དེ་བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་

རི་གཉན་བཙན་གྱི་བསྒྲུབ་གནས་ཤ ིག་ཡིན། དེའི་རྗེས་སུ་བོད་ཀྱི་བཙན་པོ་ཁྲི་ཐོག་ ༣༣ པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་པའི་ཐོག་རྒྱལ་སྲིད་ཀྱི་

ཁྲི་ལ་མངའ་གསོལ་ཞུས་སྐབས། བོད་ཀྱི་རྒྱལ་ས་ཡར་ཀླུང་དུ་ཡོད། དེ་ནས་ཡུན་རིང་ མ་འགོར་བར་དམར་པོ་རིར་རྒྱལ་ས་སྤོས། ཕྱི་ལོ་༦༤༡ ལོར་སྲོང་བཙན་སྒམ་པོས་

དམར་པོ་རིའི་སྟེང་དུ་ཕོ་བྲང་དཀར་པོ་ཞེས་པ་གསར་བཞེངས་མཛད། དེང་སང་གི་ པོ་ཏ་ལའི་ནང་གི་ཆོས་རྒྱལ་སྒྲུབ་ཕུག་ཅེས་པར་སྲོང་བཙན་གྱིས་སྒྲུབ་པ་མཛད་ནས་ བཞུགས་མྱོང་ཡོད། དེ་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་བཞི་བརྒྱ་ཙམ་སོང་ཡོད།

ཕྱིས་སུ་བལ་བཟའ་ཁྲི་བཙུན་གྱིས་དམར་པོ་རིར་ཆོས་རྒྱལ་སྲོང་བཙན་སྒམ་

པོས་བཞེངས་པའི་ཕོ་བྲང་དཀར་པོ་རྒྱ་བསྐྱེད་གནང་སྟེ། མཁར་དགུ་བརྒྱ་དགུ་བཅུ་

གོ་དགུ་དང༌། རྩེའི་རྒྱལ་པོའ ི་དབུ་མཁར་བརྩིས་པས་སྟོང་ཐམ་པ། མཐའ་སྐོར་ལྕགས་


རི་དང་བཅས་པ་གསར་བཞེངས་མཛད། རྗེས་སུ་དུས་དབང་གིས་རྐྱེན་པས་ཉམས་

ཡོམ་དང༌། དྲག་ཆར། རླུང་ཆེན་པོ་སོགས་རང་བྱུང་གི་གནོད་པས་མི་ཚུགས་པ་སྲ་

རྟེན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན། མོང་

ཡིད་དུ་འོང་བ། གསུམ་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌། སྒྱུ་རྩལ་གྱི་

ཆག་བྱུང་ཡོད། ཡིན་ནའང་འཕགས་པ་ལྷ་ཁང་དང༌། ཆོས་རྒྱལ་སྒྲུབ་ཕུག་གི་ནང་ བཟའ་ཁྲི་ལྕམ། སྲས་གུང་རི་གུང་བཙན། བློན་ཆེན་མགར་སྟོང་བཙན། ཐོན་མི་སམ་

བྷོ་ཌ་སོགས་ཀྱི་སྐུ་བརྙན་བཅས་ལ་ཉམས་ཆག་མེད་པར་རྩེ་ཕོ་བྲང་ཆེན་པོའ ི་ནང་དུ་

ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་ཡིན། གཉིས་པ། མཐོ་ཞིང་བརྗིད་ཉམས་ཆེ་ལ་ ཉམས་དང་ལྡན་པ་བཅས་ཡོད།

ཕོ་བྲང་ཆེན་པོ་པོ་ཏ་ལའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཁག་

ད་ལྟའང་མཇལ་རྒྱུ་ཡོད། སྐུ་བརྙན་འདི་རྣམས་བོད་ཀྱི་ལོ་རྒྱུས་ལྡན་པའི་རྩ་ཆེའི་ཤུལ་

དང༌། གཞན་ཡང་འཕགས་པ་ལོ་ཀེ་ཤྭ་ར་སོགས་བྱིན་རླབས་ཤ ིན་ཏུ་ཆེ་ཞིང་ལོ་རྒྱུས་

དབང་བཞེས་རྗེས། ཕྱི་ལོ་༡༦༤༥ ལོར་ད་ལྟའི་ཕོ་བྲང་དམར་པོའ ི་རྨང་གཞི་གསར་

ཁྲིམས་ཁང༌། ཁྱམས་ར་སོགས་མདོར་ན་ཆ་ལག་ཕུན་སུམ་ཚོགས་པའི་གྲོང་སྡེ་ཆེན་

དངོས་ཤ ་སྟག་ཆགས་ཡོད།

ཏཱ་ལའི ་ བླ་མ་སྐུ་ཕྲེ ང ་ལྔ་པས་བོ ད ་ཆོ ལ ་ཁ་གསུམ་གྱི ་ ཆབ་སྲི ད ་ཀྱི ་ འགན་

འཛུགས་གནང་བ་དང༌། དུས་དེ་ནས་བཟུང་ཕོ་བྲང་པོ་ཏ་ལ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་

རིམ་བྱོན་བཞུགས་སའི་ཕོ་བྲང་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ ལྟེ་གནས་ཤ ིག་ཏུ་གྱུར། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་རྗེས། སྡེ་སྲིད་ སངས་རྒྱས་རྒྱ་མཚོས་ཕྱི་ལོ་༡༦༩༠ ནས་བཟུང་ལོ་བཞིའི་རིང་སྔར་གྱི་ཕོ་བྲང་དཀར་ པོ་ལ་སླར་ཡང་ཞིག་གསོ་ཛད་པ་དང༌། དེའི་ཐོག་རྒྱ་ཆེ་བའི་ཕོ་བྲང་དམར་པོ་གསར་ དུ་འཛུགས་སྐྲུན་དང་རྒྱ་བསྐྱེད་གནང་བ་བཅས་ད་ལྟའི་ཕོ་བྲང་གི་བཟོ་བཀོད་ཤ ིན་ཏུ་ ལེགས་པ་འདི་བྱུང་བ་རེད།

ད་ལྟའི་ཕོ་བྲང་པོ་ཏ་ལར་ཐོག་བརྩེགས་བཅུ་གསུམ་ཡོད་པ་དང༌། མཐོ་ཚད་

ཕི་ཌི་༡༡༠ རྒྱ་ཁྱོན་ལ་ཕི་ཌི་གྲུ་བཞི་མ་ཆིག་འབུམ་སུམ་ཁྲི་༡༣༠༠༠༠ ལྷག་ཡོད། དེའི་ཕྱི་ནང་གི་འཛུགས་སྐྲུན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་པ་ནི། དང་པོ། ས་

18

ལྡན་པའི་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས་པའི་ལྷ་ཁང་དང༌། དེ་བཞིན་ གཟིམ་ཆུང༌། ཚོམས་ཆེན། ཡིག་ཚང༌། གྲྭ་ཤ ག་དཔེ་མཛོད། སློབ་གྲྭ མཛོད་ཁང༌། པོ་ལྟ་བུ་ཞིག་ཡོད།

ངོ་མཚར་གྱི་བཀོད་པས་ཡོངས་སུ་མཛེས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་འདི་

ཉིད་ཀྱི་བཟོ་བཀོད་དང༌། མཐོ་ཚད། ནང་གི་བརྐོས་རྒྱན། ལྡེབས་རིས་སོགས་གང་ གི་ཐད་ནས་ལས་ལ་བརྩོན་ཞིང༌། སྙིང་སྟོབས་ཆེ་བའི་བོད་མིའི་འགྲན་ཟླ་བྲལ་བའི་

བློ་གྲོས་ཀྱི་ཉིང་བཅུད་དང༌། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་གནའ་བོའ་ི འཛུགས་སྐྲུན་ཞིག་ཀྱང་ཡིན་ནོ། །


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.