2jan2013

Page 1

དབུ་མའི་ལམ་ནི།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ ཁྲི མ ས་ཀྱི ་ སྒྲོ མ ་གཞི འི ་ ནང་ཁྲི མ ས་མཐུན་གྱི ་ ཐོ བ ་

ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་ གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་ མཚུངས་པ་ཞིག་དགོས།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས།

བོད་རྒྱལ་ལོ་ ༢༡༣9 རབ་བྱུང་རི་ཟླའི་ཆུ་འབྲུག་ལོ།

ལོ་ 52 ཨང༌། 1

བོད་ཟླ་ 11 ཚེས་ 20 རེས་གཟའ་ལྷག་པ།

2nd January 2013

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་པའི་ཚོགས་ཆེན་དུ་ ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།

༄༅། །གསར་འགྱུར་བརྒྱུད་ལམ་ཁག་ ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ནས་ ༧ བར་ཉིན་ གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་བི་ ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནའི་ནང་སྟོན་ པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ ཚལ་ནང་འཛམ་གླིང་ནང་པའི་ཆོས་ཚོགས་ ཀྱི་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་ བ་དེར་༸གོང་ས་མཆོག་ཆིབས་སྒྱུར་ བསྐྱང་གཏན་འཁེལ་འདུག ནང་པའི་ཆོས་ ཚོགས་དེར་ཐེ་ལན་ཌི་དང་། ཤྲི་རི་ལང་ཀ།

ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ ཚབ་ ༡༥༠༠ བརྒལ་བས་མཉམ་ཞུགས་ གནང་རྒྱུ་ཡིན་འདུག སྐྱེད་མོས་ཚལ་དེ་བཞིན་ཕྱི་ ལོ་ ༢༠༡༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གིས་སྟོན་པ་མྱ་ངན་ ལས་འདས་ཏེ་མི་ལོ་ ༢༥༥༠ སོང་བའི་དུས་ དྲན་ཁྱད་པར་ཅན་དང་སྟབས་བསྟུན་དབུ་ འབྱེད་མཛད་པ་ཞིག་ཡིན། ནང་པའི་ཚོགས་ ཆེན་དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་ རྟེན་གཞི་བྱས་པའི་རྡོར་གདན་ནང་པའི་མཆོད་

༄༅། །དཔལ་ལྡན་སྲིད་སྐྱོང་མཁས་དབང་ བློ་བཟང་སེང་གེ་མཆོག་གི་གཙོ་སྐྱོང་འོག་ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ བར་ཉིན་གཉིས་རིང་ བཞུགས་སྒར་དྷ་རམ་ས་ལར་བོ ད ་རྒྱ་ཞི ་ མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ ཐེངས་ཉེར་ལྔ་པ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་སྐབས་རང་ལུས་ མེར་བསྲེགས་ཀྱི་ཛ་དྲག་གནས་ཚུལ་གྱིས་ མཚོན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་ གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་ གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་ སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་ འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་ བསྡུར་གནང་ཡོད།

བོད་དང༌། རྒྱ་ནག དེ་བཞིན་ རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ ཏེ ་ འབྲེ ལ ་མོ ལ ་གྱི ་ བརྒྱུད་རི མ ་ལ་བསྐྱར་ ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་ གྱི་འདུན་ལམ་དང་གནས་སྟངས་གདོང་ལེན་ ཞུ་ཕྱོགས་གོ་བསྡུར་སྦྱང་བཤད་ཞིབ་ལྷུག་ བྱུང་ཡོད་ཅིང༌། ྋགོང་ས་མཆོག་གི་སྐུ་ཚབ་ བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་ འབྲེལ་མོལ་མུ་མཐུད་ཐབས་སུ་དོན་ཕན་ ལྡན་པའི་དགོངས་ཚུལ་གསུངས་ཡོད། བོད་མིའི་འགོ་འཁྲིད་ཀྱིས་ཆོད་ སེམས་བརྟན་པོའ ་ི སྒོ་ནས་འཚེ་བ་མེད་པ་ དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་ བྱེ ད ་རྒྱུ་དེ ་ ཉི ད ་ཐབས་ལམ་བཟང་ཤོ ས ་

རྟེན་འཛིན་སྐྱོང་ལྷན་ཚོགས་ (Bodh Gaya

Mahabodhi Temple Manage-

དང་བི་ཧཱར་མངའ་ སྡེའི་སྒྱུ་རྩལ་དང་རིག་གཞུང་ལས་ཁུངས་ཐུན་ མོང་གི་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཕྱི༌ཚེས་ ༤ ཉིན་མགོན་པོ་གང་ ཉིད་མཆོག་གིས་སྐྱེད་མོས་ཚལ་དེའི་ནང་ གནས་མཆོག་རྡོ་རྗེ་གདན་དང་ཤྲི་རི་ལང་ཀ་ ནས་གདན་ཞུས་གནང་བའི་བྱང་ཆུབ་ལྗོན་ ཤི ང ་གཉི ས ་བར་སྟོ ན ་པའི ་ སྐུ་བརྙན་ཞི ག ་ ཡོད་པ་དེ་རབ་གནས་དབུ་འབྱེད་མཛད་རྒྱུ་

ment Committee )

ཡིན་འདུག ཕྱོགས་མཚུངས་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ ༡༠ བར་ ཉིན་གྲངས་བཞིའི་རིང་གནས་མཆོག་ཝ་རཱ་ ཎཱ་སིར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་ གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྲས་ ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ གི ་ ཆོ ས ་འབྲེ ལ ་བཀའ་དྲི ན ་སྩལ་རྒྱུ་ཡི ན ་ འདུག་པ་བཅས།།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གི་ འགོ་འཁྲིད་གསར་པའི་གནས་སྟངས་སྐོར་བཀའ་བསྡུར་གནང་བ། ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྲིད་སྐྱོང་ མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ‘‘ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་ གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་ དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་ དོ ན ་ཕན་ལྡན་པའི ་ འབྲེ ལ ་མོ ལ ་ཞུ་རྒྱུའི ་ གྲ་ སྒྲིག་ཡོད།’’ ཅེས་གསུངས་ཡོད། བོད་མིའི་འགོ་འཁྲིད་ཀྱིས་བོད་ མི་ཚོས་རང་ལུས་མེར་བསྲེགས་ཀྱིས་ མཚོན་པའི་ཚབས་ཆེའི་ལས་འགུལ་རིགས་ མ་སྤེལ་རོགས་ཞེས་འབོད་སྐུལ་མུ་མཐུད་ ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་ ནང་གི་མིག་སྔའི་གནས་སྟངས་ལ་ཐུགས་ འཚབ་དང༌། འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་ པ་བཅས་ཀྱི་བསྒྲགས་གཏམ་སྤེལ་བར་

དགའ་བསུ་ཞུ་རྒྱུ་ཡིན། བོ ད ་ རྒྱ ་ ཞི ་ མོ ལ ་ ལ ས ་ དོ ན ་ ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་བྱ་རྒྱུ་ དང༌། འདི་ལོ་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་མི་ དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་ འདུའི་སྐབས་རྒྱ་ནག་གི་འགོ་འཁྲིད་གསར་ པ་ཚོས་ལས་འགན་ཆ་ཚང་བླངས་རྗེས་བོད་ རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་ འདུ་བསྐོང་ཚོགས་ཞུ་རྒྱུ་ཡིན། བཀའ་ཤག་ གིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ལ།། འབྲེལ་བ་བྱ་ཡུལ། ཐུབ་བསྟན་བསམ་འཕེལ་ལགས། + ༩༡ ༩༨༠༥༠༢༤༦༦༢

སྲིད་སྐྱོང་མཆོག་གིས་སུད་སིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་ ཞུས་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ མཆོག་གིས་སུད་སི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མ་ཡ་ ག་རབ་(Maya Graf)མཆོག་སུད་སིའི་གྲོས་ཚོགས་ཀྱི་ཚོགས་ གཙོར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པའི་ ནང་འཁོད་དོན། སྐུ་ཉིད་མཆོག་སུད་སིའི་གྲོས་ཚོགས་ཀྱི་ཚོགས་ གཙོར་བསྐོ་གཞག་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། གཞན་ཡང་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༡ ནང་སུད་སིར་ཕེབས་སྐབས་སུད་སིའི་གྲོང་ཁྱེར་ བྷན་དུ་མཇལ་འཕྲད་གནང་ཡོད་པ་བཅས།།

Vol. 52 Issue 1 Price Rs. 1

གནས་ཚུལ་སྙིང་བསྡུས།

སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ གཞོན་པར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ ཞབས་ཏ་རོ་ཨ་སོ་ Mr Taro Aso མཆོག་ ཉི་ཧོང་གི་སྲིད་བློན་གཞོན་པ་དང་དཔལ་འབྱོར་ བཀའ་བློན་གཅིག་ལྕོགས་སུ་བསྐོ་གཞག་གནང་ བར་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་ གི་ལས་ཡུན་རིང་བྱ་བ་ལམ་ལྷོང་ཡོང་བའི་བཀྲ་ ཤིས་སྨོན་འདུན་ཞུས་ཡོད། སྲིད་སྐྱོང་མཆོག་ཕྱི་ ལོ་ ༢༠༡༢ ཟླ་ ༧ ནང་ཉི་ཧོང་དུ་ཕེབས་སྐབས་ སྐུ་ཞབས་ཏ་རོ་མཆོག་དང་མཇལ་འཕྲད་གནང་ ཡོད་པ་བཅས།། གསལ་བསྒྲགས།

༄༅། །བཙན་བྱོལ་བོད་མིའི་ཆེས་མཐོའ ་ི ཁྲི མ ས་ཞི བ ་ཁང་གི ་ ཁྲི མ ས་ཞི བ ་ལྷན་ཚོ ག ས་ ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ ཁྲིམས་ཡིག་དང། ཁྲིམས་ལུགས་དབང་འཛིན་ གྱི་རྩ་འཛིན་ཁྲིམས་ཡིག་སོ་སོར་བསྐྱར་བཅོས་ གནང་བའི་ཁོངས། བཙན་བྱོལ་བོད་མིའི་ཁྲིམས་ རྩོ ད ་པ་ཞེ ས ་པ་བཙན་བྱོ ལ ་བོ ད ་མི འི ་ ཁྲི མ ས་ དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་(Tibetan Laws & Customs Counsellor) ཞེས་ བསྒྱུར་བཅོས་གཏན་འབེབས་གནང་ཟིན་པ་ཡིན་ ན། ཆེས་མཐོའ ་ི ཁྲིམས་ཞིབ་ཁང་དུ་ཁྲིམས་རྩོད་ པའི་མིང་གཞུང་དེབ་འགོད་ཞུས་ཟིན་པ་རྣམས་ ནས་བསྐྱར་བཅོ ས ་ཚི ག ་བརྗོ ད ་གཞི ར ་བཟུང་ རྩ་འཛི ན ་ལག་བསྟར་དགོ ས ་པའི ་ ཡོ ང ས་ཁྱབ་ གསལ་བསྒྲགས་སུ། ཆེས་མཐོའ ་ི ཁྲིམས་ཞིབ་ ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ལ།། ཆོས་རིག་བཀའ་བློན་མཆོག་གཞུང་འབྲེལ་ ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །རྡོ་རྗེ་གདན་དུ་ཡོད་པའི་རྡོར་གདན་ མཆོ ད ་རྟེ ན ་འཛི ན ་སྐྱོ ང ་ལྷན་ཚོ ག ས་(Bodh Gaya Temple Management Committee)ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་ སྤྱིའི་ནང་པའི་ཚོགས་ཆེན་ཞིག་བི་ཧར་གྱི་གྲོང་ ཁྱེར་པཊ་ནའི་ནང་ཚོགས་གཏན་འཁེལ་ཡོད་པ་ ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་ བློ ན ་པདྨ་ཆོ ས ་འབྱོ ར ་མཆོ ག ་ཚོ ག ས་ཆེ ན ་དེ འི ་ ནང་མཉམ་ཞུགས་ཆེ ད ་མགྲོ ན ་འབོ ད ་གནང་བ་ བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ནས་ ༨ བར་ གནས་མཆོག་རྡོར་གདན་དང། ཕྱི་ཚེས་ ༩ ནས་ ༡༡ བར་ཝར་ན་བོད་དགོན་བཤད་སྒྲུབ་འདོད་རྒུ་ འཁྱིལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གི་མཚན་ཐོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ ལམ་ཆེན་མོའ ་ི ཐེབས་རྩའི་མིང་ཐོག་མིང་བསྒྱུར་ གནང་རྒྱུའི་མཛད་སྒོ། དེ་བཞིན་ཕྱི་ཚེས་ ༡༢ ཉིན་ ཝར་ན་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་ གོ་ཝར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༣ ཉིན་ མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་བརྟན་བཞུགས་གོ་སྒྲིག་གནང་ རྗེས་ཕྱི་ཚེས་ ༡༥ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་ མཆོག་ལ་བརྟན་བཞུགས་འབུལ་བ་དང་འབྲེལ་ མཛད་སྒོར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༦ ནས་ ༡༨ བར་སེམས་དང་སྲོག་གི་བགྲོ་གླེང་ ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་གོ་ཝ་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ ཚེས་ ༢༡ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ ཡིན་འདུག་པ་བཅས།།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.