ང་ནི་མི་ཡིན།

Page 1

ང་ཞི་མི་ཡིན།

བོད་མིའི་སྒྲིག་འཛུགས་ཤེ​ེས་རི​ི​ིག་ལས་ཁུ​ུངས་ཀྱིས་དཔར་འགྲེ​ེམས་ཞུ​ུས།

I'm cat 2.indd 1

11/9/16 12:07:34 PM


Š Rinchen & Eklavya/2010 Translated by Kalsang Dhondup Illustrated by Dorjee Namjor Edited & Designed by Sonam Sangpo Tibetan edition first Published by Department of Education, Central Tibetan Administration, Dharamsala in 2016 Printed by Tibetan Cultural & Religious Publication Centre, Delhi

This Children’s story book translation is made possible by the support of the American people through the United States Agency for International Development (USAID). The contents of this book are the sole responsibility of Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.

I'm cat 2.indd 2

11/9/16 12:07:34 PM


ང་ཞི་མི་ཡིན།

རྩོམ་པ་པོ། རིན་ཆེན།

བོད་སྒྱུར། སྐལ་བཟང་དོན་གྲུབ།

རྩོམ་སྒྲིག་དང་ཇུས་འགོད། བསོད་ནམས་བཟང་པོ།

བོད་མིའི་སྒྲིག་འཛུགས་ཤེ​ེས་རི​ི​ིག་ལས་ཁུ​ུངས་ཀྱིས་དཔར་འགྲེ​ེམས་ཞུ​ུས།

I'm cat 2.indd 1

11/9/16 12:07:34 PM


ཆུང་བདག་གིས་ཨ་མའི་འགྲམ་ལ་ཕྱིན་ནས། “ང་ཞི་མི་ཡིན།” ལབ།

ཨ་མས་མོ་ལ་བྱིལ་བྱིལ་བྱེད་བཞིན་ “ཁྱེད་རང་ཞི་མི་ མ་རེད། ཁྱེད་རང་ངའི་བུ་མོ་ཆུང་ཆུང་རེད།” ཟེར།

ཆུང་བདག་གིས་ “མིན། ང་ཞི་མི་ཡིན།” ཞེས་ལབ་

ནས། གཟུགས་པོ་ཞི་མི་ལྟར་ཕར་གཡུག་ཚུར་གཡུག་ བྱས།

2 I'm cat 2.indd 2

11/9/16 12:07:34 PM


3 I'm cat 2.indd 3

11/9/16 12:07:35 PM


4 I'm cat 2.indd 4

11/9/16 12:07:36 PM


ཨ་མས་ “ཆུང་བདག གདོང་བཀྲུ་བར་སོང་།” ཟེར།

ཆུང་བདག་གིས་ “ངས་གདོང་བཀྲུ་ཐུབ་ཀྱི་མེད།” ལབ། “ག་རེ་བྱས་ནས་བཀྲུ་ཐུབ་ཀྱི་མེད།” “ང་ཞི་མི་ཡིན།”

“བྱས་ན་ཞི་མི་ནང་བཞིན་ཁྱེད་རང་གི་གདོང་དང། གཟུགས་པོ་ལྕེ་ཡིས་གཙང་མར་ལྡོགས།”

ཆུང་བདག་གིས་མོ་རང་གི་ལག་པར་ལྕེ་ལྡག་བརྒྱབ་ པས། ཚྭ་དང་ཐལ་བའི་བྲོ་བ་ཁ།

“ཨག་་་ ངས་ཡོང་ས་མ་རེད།” ཅེས་བཤད།

“བྱས་ན་ཁྱེད་རང་ལ་ཞི་མིའི་ཁྱད་ཆོས་བཞི་ཆ་ གསུམ་ལས་ཚང་མི་འདུག” ཟེར།

ཆུང་བདག་གིས་ “ཧིན།” ཞེས་ལབ་ཏེ་ཕྱིན།

5 I'm cat 2.indd 5

11/9/16 12:07:36 PM


6 I'm cat 2.indd 6

11/9/16 12:07:36 PM


ཨ་མས་ “ཆུང་བདག ཕྲུ་གུ་དེ་ཨ་མ་ནོར་འཛོམས་སར་ སྐྱེལ་བར་རྒྱུགས་དང་།” ཟེར།

ཆུང་བདག་གིས་ “ང་འགྲོ་ཡི་མིན།” ལབ། “ག་རེ་བྱས་ནས་འགྲོ་ཡི་མིན།” “ང་ཞི་མི་ཡིན།”

“བྱས་ན་ཞི་མི་ནང་བཞིན་ཁའི་ནང་འཁྱེར་ནས་སོང།” ཆུང་བདག་གིས་ཕྲུ་གུ་མོ་རང་གི་ཁའི་ནང་འཁྱེར་

ཐབས་བྱས། ཡིན་ནའང་ཕྲུ་གུ་དེས་ངུ་བཞིན། ཆུང་ བདག་གི་གདོང་ལ་སྦར་ཤད་བརྒྱབ། “ཨ་ཚ་ཚ... ངས་ཡོང་ས་མ་རེད།” ཟེར།

ཨ་མས་ “བྱས་ན་ཁྱེད་རང་ལ་ཞི་མིའི་ཁྱད་ཆོས་ཕྱེད་ཀ་ ལས་ཚང་མི་འདུག” ཅེས་བཤད།

ཆུང་བདག་གིས་ “ཧིན།” ཞེས་ལབ་ཏེ་ཕྱིན།

7 I'm cat 2.indd 7

11/9/16 12:07:36 PM


ཨ་མས་ “ཆུང་བདག ད་ཕྱི་པོ་ཆགས་འདུག ལྕི་བ་ བསྒྲུག་པར་འགྲོ།” ཞེས་བཤད། “ང་ཡོང་གི་མིན།” “ག་རེ་བྱས་ནས...” “ང་ཞི་མི་ཡིན།”

“བྱས་ན་ཞི་མི་ནང་བཞིན་ཙི་ཙི་འཛིན་པར་སོང།”

ཆུང་བདག་གིས་ཙི་ཙི་འཛིན་ཐབས་བྱས་ཀྱང་གཏན་ ནས་འཛིན་མ་ཐུབ།

“ཙི་ཙི་དེ་ཚོ་སྤྱང་པོ་ཞེ་དྲགས་འདུག འཛིན་ཐུབ་ཀྱི་ མི་འདུག” ཟེར།

ཨ་མས་ “བྱས་ན་ཁྱེད་རང་ལ་ཞི་མིའི་ཁྱད་ཆོས་བཞི་ ཆ་གཅིག་ལས་ཚང་མི་འདུག” ཟེར།

8 I'm cat 2.indd 8

ཆུང་བདག་གིས་ “ཧིན།” ཞེས་ལབ་ཏེ་ཕྱིན།

11/9/16 12:07:36 PM


9 I'm cat 2.indd 9

11/9/16 12:07:36 PM


མི་རྣམས་ལས་ཀར་ཕྱིན་པས། ཆུང་བདག་ཉིན་གང་ ཕར་ཚུར་འཁྱམ་ནས་བསྡད།

མོས་ཨ་མ་ནོར་འཛོམས་ཀྱི་ཁྱིམ་ནས་བག་ལེབ་ཅིག་ འཁྱེར་ཐབས་བྱས།

ཨ་མ་ནོར་འཛོམས་ཀྱིས་ “ཕྱུའའའ ཞིམ་རྐུན། མར་

སོང་། སོ་སོའ་ི ཁ་ལག་འཚོལ་བར་སོང་།” ཞེས་སྐད་ བརྒྱབ།

ཆུང་བདག་གིས་ “ཧིན།” ཟེར་ནས། གྲོད་ཁོག་ལྟོགས་ པར་ལོག་ཕྱིན།

10 I'm cat 2.indd 10

11/9/16 12:07:36 PM


11 I'm cat 2.indd 11

11/9/16 12:07:37 PM


ཕྲུ་གུ་རྣམས་ཕྱིར་ལོག་ཏེ། “ཆུང་བདག རྩེད་མོ་རྩེ་ བར་ཤོག” ཅེ​ེས་སྐད་བཏང་བས།

ཆུང་བདག་གིས་ “ང་ཡོང་གི་མིན།” ལབ།

མོས་བསམ་བློ་ཞིག་བཏང་ནས། ‘ཞི་མིས་ཀྱང་རྩེད་མོ་ རྩེ་ཡི་རེད།’ སྙམ།

ཆུང་བདག་གིས་ “སྒུགས་དང། ང་ཡོང་གི་ཡོད།” ལབ་ཏེ། རྩེད་མོ་རྩེ་བར་རྒྱུགས་ཕྱིན།

12 I'm cat 2.indd 12

11/9/16 12:07:37 PM


13 I'm cat 2.indd 13

11/9/16 12:07:38 PM


ཕྱི་དྲོ་ཨ་མ་ནང་དུ་ལོག་ཡོང་སྐབས་ཆུང་བདག་གིས་ སྒུག་ནས་བསྡད་ཡོད།

ཨ་མས་བག་ལེབ་བཟོ་སྐབས། ཆུང་བདག་གིས་ “ང་ལ་བག་ལེབ་ཅིག་སྟེར་དང་།” ཟེར། “སྟེ​ེར་གྱི་མིན།”

“ག་རེ་བྱས་ནས།”

“ཁྱེད་རང་ཞི་མི་ཡིན་པས། ཞི་མི་ནང་བཞིན་ ཙིག་རོ་བཟའ་བར་སོང་།”

“ཨགགག ངས་བཟའ་ཐུབ་པ་མི་འདུག”

ལབ་ནས། སྐྱུག་བྲོ་བའི་རྣམ་འགྱུར་ཞིག་བསྟན།

ཨ་མས་ “བྱས་ན་ཁྱེད་རང་ག་རེ་ཡིན་ནམ།” ཞེས་དྲིས། ཆུང་བདག་གིས་ “ང་ཞི་མིའི་ཁྱད་ཆོས་གཅིག་ཀྱང་

14 I'm cat 2.indd 14

མེད་པ་དེ་ཡིན།” ཟེར།

11/9/16 12:07:39 PM


15 I'm cat 2.indd 15

11/9/16 12:07:40 PM


16 I'm cat 2.indd 16

11/9/16 12:07:40 PM


“ང་ཞི་མི་མིན། ང་ཁྱེད་རང་གི་བུ་མོ་ཆུང་བདག་ ཡིན།” ཞེས་ལབ་ནས། ཨ་མར་འཐམས། ཨ་མས་མོ་ལ་བག་ལེབ་ཅིག་སྟེར་བས། མོས་དེ་ཁམ་བཞིའི་ནང་བཟས།

ཨ་མས་ “ད་དངོས་གནས་ཞི་མི་འདྲ་པོ་འདུག” ཟེར།

17 I'm cat 2.indd 17

11/9/16 12:07:40 PM


I'm cat 2.indd 18

11/9/16 12:07:40 PM


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.